Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
དཔལ་མགོན་ཏྲཀྴད་ཀླུ་བདུད་བཀའ་སྡོད་རྣམས་ཀྱི་གསོལ་ཀ་ཕྲིན་ལས་སྒྲུབ་བྱེད།
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousདཔལ་མགོན་ཏྲཀྴད་ཀླུ་བདུད་བཀའ་སྡོད་རྣམས་ཀྱི་གསོལ་ཀ་ཕྲིན་ལས་སྒྲུབ་བྱེད།next

དཔལ་མགོན་ཏྲཀྴད་ཀླུ་བདུད་བཀའ་སྡོད་རྣམས་ཀྱི་གསོལ་ཀ་ཕྲིན་ལས་སྒྲུབ་བྱེད།


KMC020_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་ཏྲཀྴད་ཀླུ་བདུད་བཀའ་སྡོད་རྣམས་ཀྱི་གསོལ་ཀ་ཕྲིན་ལས་སྒྲུབ་བྱེད་བཞུགས་སོ། །


KMC020_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། ཨ་ལས་དྲག་པོའི་ཐོད་སྣོད་སྟོང་གསུམ་གྱི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔ། བསྐང་རྫས་མཆོད་རྫས་རྟེན་རྫས་སྒྲུབ་རྫས་གཞན་ཡང་སྟག་གཟིག་མདའ་གཞུ་རལ་གྲི་མདུང་དར་རྟ་ནག་བྱ་ནག་ཁྱི་ནག་ལུག་ནག་གཡག་ནག་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན། དབང་པོ་རྣམ་ལྔ། །ཀོང་ཟོར་མདོས་ཟོར་དྲག་པོའི་མཆོད་རྫས་ཆེན་པོ་བདུད་མགོན་ཏྲཀྴད་ནག་པོ་ཡུམ་བཞི་བདུད་མགོན་བརྒྱད་རུ་འདྲེན་སྡེ་བདུན་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་གྱི་ཚོགས་དཔག་ཏུ་མེད་པ་རྣམས་དྲག་


KMC020_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གཟི་བྱིན་དགྱེས་པར་བསྐྱེད་པའི་མཆོད་སྤྲིན་ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ་ལྟར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབས་ནས། ཧཱུྃ་མ་ཧཱ་ཀཱ་ལ་འཇིགས་པའི་གཟུགས། །དཔལ་མགོན་དྲག་ཤུལ་རྫུ་འཕྲུལ་ཅན། །དམ་རྫས་མཆོད་གཏོར་སྨན་རཀ་བཞེས། །གཡར་དམ་མ་གཡེལ་དུས་ལ་བབ། །སྔོན་ཚེ་སློབ་དཔོན་བཀའ་བཞིན་དུ། །སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །བཞེད་པའི་དོན་རྣམས་མ་ལུས་སྒྲུབས། །བར་ཆད་བདུད་


KMC020_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཐལ་བར་རློག །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཧཱུྃ་ཧཱུྃ་ཧཱུྃ། ཆོས་དབྱིངས་གདོད་མའི་ཧེ་རུ་ཀ །མི་བཟད་དྲག་པོར་ཁྲོས་པའི་སྐུ། །མ་ཧཱ་ཀཱ་ལ་ཐོད་ཕྲེང་ཅན། །ཤན་པ་ལག་དམར་ཟ་བྱེད་ཆེ། །ག་ཡ་ངྷ་ར་བདུད་ཀྱི་མགོན། །ནག་པོ་བཀྲག་མེད་དུག་སྤུ་གྲི། །དུར་ཁྲོད་བདག་པོ་གནོད་སྦྱིན་གཙོ། །སྣ་ཚོགས་མཚན་དང་མ་ངེས་གཟུགས། །སྐད་ཅིག་གྲངས་མེད་འགྱེད་པ་ཡི། །དགྲ་བགེགས་རླག་བྱེད་གཤེད་མ་ཆ། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་


KMC020_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་བྷྱོ། ཡུམ་གཅིག་སྲིན་མོ་དུང་སྐྱོང་མ། །སི་ན་ར་མ་དཔལ་འབར་གདོང་། །མ་མོ་གཤིན་རྗེ་ཀླུ་བདུད་བཙན། །སྦྱོར་སྒྲོལ་གསང་བའི་ཡུམ་བཞིའི་ཚོགས། །ཕོ་ཉ་ལས་བྱེད་དྲག་པོ་རྣམས། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །


KMC020_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། བདུད་མགོན་ཏྲཀྴད་བཀའ་ཉན་པ། །རླུང་བདུད་དྲག་ཤུལ་འཇིགས་པའི་གཟུགས། །བྱེ་བ་གུང་རིང་བདུད་ཀྱི་རྒྱལ། །སྲིད་གསུམ་གཡོ་བྱེད་འཁོར་དང་བཅས། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་


KMC020_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི། ཕོ་ཉ་མེ་བདུད་དགྲ་བོའི་གཤེད། །བཛྲ་སཱ་ངྷུ་དྲེགས་པའི་རྒྱལ། །སུམ་བརྒྱ་དྲུག་ཅུའི་དམག་དཔུང་རྣམས། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་


KMC020_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། བདུད་ཀྱི་མགོན་པོའི་ལས་བྱེད་པའི། །དབུགས་ལེན་ཆུ་བདུད་དྲག་ཤུལ་ཅན། །ནག་པོ་མགོ་དགུ་ཀླུ་བདུད་རྒྱལ། །གདུག་པའི་ལག་འགྲོའི་དུག་རླངས་འཕྱོ། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་


KMC020_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། ནག་པོ་ཆེན་པོ་ཏྲཀ་ཤད་ཀྱི། །ལས་མཁན་ས་བདུད་མཐུ་བོ་ཆེ། །ཡ་མ་རཱ་ཛ་འཆི་བདག་རྒྱལ། །ཡུལ་མཁར་བཤིག་བྱེད་འཁོར་བཅས་རྣམས། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། ཏྲཀ་ཤད་ནག་


KMC020_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྲིན་ལས་བདག །བཙན་མགོན་ཉི་བདུད་འཇིགས་རུང་གཟུགས། །ཡམ་ཤུད་དམར་པོ་རྫུ་འཕྲུལ་ཅན། །མྱུར་མགྱོགས་སྲོག་འཕྲོག་འཁོར་དང་བཅས། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། དཔལ་མགོན་བདུད་རྒྱལ་བཀའ་སྡོད་ཆེ། །ཤེལ་གིང་


KMC020_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་སྲོག་གི་བདག །ཟླ་བདུད་ཏྲཀ་ཤད་མཐུ་བོ་ཆེ། །སྲོག་འཕྲོག་འཁོར་དང་བཅས་པ་རྣམས། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། མ་ཧཱ་ཀཱ་ལ་ཐོད་ཕྲེང་གི །བཀའ་སྡོད་ཁྱབ་འཇུག་རཱ་ཧུ་ལ། །སྲིན་པོའི་རྒྱལ་པོ་སྐར་བདུད་ཆེ། །


KMC020_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་གིང་གདོང་མོ་ལས་ལ་འགྱེད། །འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། ལས་ཀྱི་མགོན་པོའི་ཕོ་ཉ་ནི། །ཚེ་ལེན་འདྲེ་བདུད་མེ་ལྟར་འབར། །སྤྲུལ་བསྒྱུར་དུ་མས་དགྲ་སྲོག་གཅོད། །སྲིད་གསུམ་མ་མོ་ལྷ་འདྲེའི་ཚོགས། །འདིར་གཤེགས་མཆོད་སྤྲིན་དམ་


KMC020_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། འཇིག་རྟེན་མགོན་པོ་དྲག་རྩལ་ཅན། །བདུད་མགོན་ཏྲཀ་ཤད་ནག་པོ་ཡི། །དམག་དཔོན་འདོད་ཁམས་དབང་ཕྱུག་མ། །གཤིན་རྗེ་གཟའ་བདུད་བྱ་རོག་གདོང་། །ལེགས་ལྡན་ནག་པོ་ཀླུ་བདུད་རྒྱལ། །སྲོག་བདུད་ཤན་པ་ལག་དམར་


KMC020_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །འདིར་གཤེགསའདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། །རྟེན་རྫས་བསྐང་རྫས་སྒྲུབ་པའི་རྫས། །གསང་རྫས་སྨན་གཏོར་རཀྟའི་ཚོགས། །ཡང་གསང་སྦྱོར་སྒྲོལ་མཆོད་པ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ཚིམ་པར་བཞེས་ལ་བར་ཆད་སོལ། །ནད་གདོན་ཉེར་འཚེ་ཞི་བར་མཛོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཁམས་གསུམ་མ་ལུས་དབང་དུ་སྡུས། །སངས་རྒྱས་བསྟན་དང་བསྟན་འཛིན་ལ། །སྡང་བའི་དགྲ་བགེགས་ཚར་ཆོད་ཅིག །དམ་ཉམས་ལོག་ལྟ་ཐལ་བར་རློག །ཕ་རོལ་བྱད་མ་རང་གཤེད་ཕོབ། །དོན་སྙིང་ཕུང་ཁམས་ཟས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་དབྱིངས་སུ་སྒྲོལ། །ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། ༈ །བདེ་ཆེན་ཡེ་ཤེས་རྡོ་རྗེའི་གར་མཁན་པདྨ་འབྱུང་། །སྒྱུ་འཕྲུལ་རོལ་པ་དཔལ་ཆེན་བླ་མ་ཀརྨ་ཀའི། །གང་གི་ཕྲིན་ལས་དྲག་པོའི་ངོ་བོ་ནག་པོ་ཆེ། །སྟོབས་ལྡན་ཀུན་དང་བཛྲ་རཱ་ཛས་ལས་མཛོད་


KMC020_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཟུར་ཕུད་ལྔ་ལྡན་དྲི་ཟ་མཆོག་དང་འཇིགས་རུང་ཀླུ། །ལྷ་བརྒྱད་ལ་སོགས་ཇི་སྙེད་གཟུགས་སུ་སྟོན་པ་ཁྱོད། །རྡོ་རྗེ་སློབ་དཔོན་པདྨ་ཀ་ར་ཀརྨ་ཀའི། །དམ་ཚིག་གཉན་པོའི་ཆངས་དོན་གཡེལ་མེད་བསྒྲུབ་པར་མཛོད། །དམ་ལྡན་རྣལ་འབྱོར་བདག་གིས་ཁྱོད་མཆོད་ཁྱོད་བསྐུལ་ན། །རྒྱལ་བའི་བསྟན་དང་བསྟན་འཛིན་ཕྲིན་ལས་མཆོག་ཏུ་སྤེལ། གཙུག་ལག་ཁང་སྲུངས་འཇིག་རྟེན་བདེ་ཞིང་སྐྱིད་པ་དང་། །ཇི་ལྟར་བཅོལ་བའི་ཕྲིན་ལས་རྣམ་བཞི་མ་གཡེལ་སྒྲུབས། །ཁྱད་པར་རྒྱལ་བའི་བཞེད་པ་ཇི་བཞིན་བསྒྲུབ་པ་དང་། །བར་ཆད་དམ་སྲི་དགྲ་བགེགས་མི་དང་མི་མིན་ཀུན། །ཤིན་ཏུ་དྲག་པོས་ཚར་ཆོད་ཐལ་བ་རྡུལ་དུ་རློག །རྫུ་འཕྲུལ་ནུས་པའི་ཤུགས་བསྐྱེད་དོན་ཀུན་འགྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། ཀླུ་རྒྱལ་དུག་གདོང་མཐུ་བོ་ཆེ། །སྟོང་གསུམ་ཀུན་ལ་དབང་བསྒྱུར་བ། །ཟུར་ཕུད་ལྔ་ལྡན་དྲི་ཟའི་རྒྱལ། །དགེ་བསྙེན་སྨྱོ་ཁ་སྣ་ཚོགས་གཟུགས། །ཟུ་ར་ཟླ་གདོང་གཉན་མཁར་ནག །མཁའ་རི་


KMC020_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཀྴད་གཙུག་ཕུད་ཅན། །ཇི་སྙེད་དུ་མའི་སྒྱུ་འཕྲུལ་གར། །སྲོག་བདུད་བཛྲ་རཱ་ཛ་ཆེ། །གདུག་པ་ཅན་ལ་ཁྲོས་པའི་སྐུ། །བུང་བའི་མདོག་ཅན་གཉིས་འཐུང་བཅིབས། །མ་རུངས་འཇོམས་བྱེད་རྡོ་རྗེ་དང་། །དུག་ཅན་ལྟོ་འགྲོའི་ཞགས་པ་གཡས། །གདུག་པའི་ནད་རྐྱལ་གཡོན་གྱིས་འདེབས། །དར་ནག་གཡང་གཞི་སྐུ་ལ་གསོལ། །སྟག་དོང་གཟིག་ཤུབས་རལ་གྲིའི་བརྒྱན། །ཁ་ལ་ནག་པོ་དུག་གི་གདོང་། །མཐོང་རེག་བསམ་པའི་དུག་ཅན་སོགས། །གདུག་པའི་ཀླུ་བདུད་བརྒྱད་དང་བཅས། །བྲན་གཡོག་ཕོ་ཉ་བསམ་འདས་རྣམས། །འདིར་གཤེགས་འབར་བའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ཛ་གད་གསེར་སྐྱེམས་དཔའ་བོའི་རོ། །དམར་ཆེན་རཀྟའི་རྦ་ཀློང་འཁྲུགས། །མཐུན་རྫས་བ་ལིཾ་ལ་སོགས་པའི། །འདོད་ཡོན་མཁོ་དགུའི་སྤྲིན་དཔུང་གཏིབས། །མཆོད་དོ་འབུལ་ལོ་དགྱེས་པར་རོལ། །ཞི་རྒྱས་དབང་དང་དྲག་པོ་ཡི། །ཕྲིན་ལས་ལྷུན་གྱིས་འགྲུབ་པར་མཛོད། །


KMC020_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དང་བསྟན་འཛིན་སྲུང་མ་ལ། །ལོག་པའི་བསམ་སྦྱོར་འཆང་བ་སོགས། །ཉམས་པའི་དགྲ་བགེགས་མ་ལུས་ཀུན། །ལོ་ཟླ་ཞག་དུས་མ་འགྱང་བར། །སྐད་ཅིག་ཙམ་གྱིས་ཐལ་བར་ཟློག །འཆོར་མེད་ཕོ་ཉའི་ལྕགས་ཀྱུས་ཟུངས། །བྲོས་མེད་གདུག་པའི་ལག་འགྲོས་ཆིངས། །འདུ་བའི་ནད་རྣམས་ཁོང་ནས་སློངས། །ལས་མཁན་ཤན་པས་སྲོག་དབུགས་སྡུས། །བཅོལ་པའི་ཕྲིན་ལས་བསྒྲུབ་པར་མཛོད། །གཙུག་ལག་རྟེན་བཅས་ཀུན་ཏུ་སྲུངས། །ལུས་དང་གྲིབ་མ་འགྲོགས་བཞིན་དུ། །མི་འདའ་རྩེ་གཅིག་དོན་ཀུན་སྒྲུབས། །ཧཱུྃ་རབ་འབྱམས་མཁའ་དབྱིངས་གང་བ་ཡི། །མཐུན་རྫས་སྨན་རཀ་གསེར་སྐྱེམས་ཚོགས། །འདོད་ཡོན་མཁོ་དགུའི་སྤྲིན་སྤྲུལ་ཏེ། །སྔར་བཅོལ་བསྒྲུབས་པའི་གཏང་རག་དང་། །ད་བཅོལ་ཕྲིན་ལས་བསྒྲུབས་པའི་ཕྱིར། །རྡོ་རྗེ་རྒྱལ་པོ་འཁོར་དང་བཅས། །ལས་མཁན་མཐུ་ཆེན་མངའ་གསོལ་ལོ། །སྲོག་བདུད་ཆེན་པོ་མངའ་གསོལ་ལོ། །ནག་པོ་དུག་གདོང་མངའ་


KMC020_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ། །ཀླུ་བདུད་མགོ་དགུ་མངའ་གསོལ་ལོ། །ཕྲིན་ལས་བསྒྲུབ་ཕྱིར་མངའ་གསོལ་ལོ། གསོལ་ལོ་མཆོད་དོ་ལས་མཛོད་ཅིག །ཆོས་མིན་སྤྱོད་པ་སྲོག་དང་ཕྲོལ། །དམ་ཉམས་བསྟན་དགྲའི་སྙིང་ཁྲག་རྡུབས། །དམ་ལྡན་དྲི་མེད་སྲུང་སྐྱོབ་མཛོད། །འདོད་པའི་དོན་བསྒྲུབས་བཀྲ་ཤིས་སྩོལ། བཤགས་པ་ནི། ཧཱུྃ་བསྟན་སྲུང་ཆོས་སྐྱོང་ཆེན་པོ་འཁོར་བཅས་ལ། །རྣལ་འབྱོར་བདག་གི་ཉམས་ཆགས་བཤགས་པ་ནི། །སོ་སོར་མཆོད་པའི་དམ་རྫས་མ་ཚང་དང་། །བསྙེན་སྒྲུབ་གཡེལ་དང་གཏོར་མ་ལོ་ཟླར་འདས། །བསྒྲུབ་ལ་མ་བརྩོན་གཡེང་བས་ཁྱེར་བ་སོགས། །བསྟན་སྲུང་སྲོག་བདུད་ནག་པོར་བཟོད་པར་གསོལ། །ཕྱི་ནང་གསང་བའི་རྟེན་རྫས་མ་ཚང་དང་། །གཏོར་འབུལ་ལོ་ཟླ་རྗེས་སྔོན་ཆག་པ་སོགས། །ཉམས་ཆག་བཤགས་ལ་ཚངས་དབང་དངོས་གྲུབ་སྩོལ། །ཅེས་དཔལ་མགོན་ཏྲཀྴད་ཀླུ་བདུད་བཀའ་སྡོད་བཅས་ཀྱི་ཕྲིན་ལས་བཅོལ་ཕྲིན་ལས་སྒྲུབ་བྱེད་ཅེས་པ་འདི་ཡང་༧དམར་ནག་ཅོད་པན་འཆང་བས་ཆོས་སྐྱོང་རྣམས་ལ་འདོད་གསོལ་དུ་བགྱིས་པས་བསྟན་


KMC020_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བརླག་པར་གྱུར་ཅིག །མཆོད་པ་བྱིན་རླབས་དང་བཤགས་པ་གཉིས་མི་འགྱུར་རྡོ་རྗེའི་ཡང་སྲིད་ཀརྨ་རིག་སྔགས་གྲུབ་པའི་རྒྱ་མཚོས་བགྱིས་པའོ། །ན་མོ་མ་ཧཱ་ཀཱ་ལ་ཡ། བསངས་མཆོད་ཀྱི་ཞོར་དུ་ཏྲཀ་ཤད་མངའ་གསོལ་བྱ་བར་འདོད་ན་འདི་ལྟར་བྱའོ། །ཨཱོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས་སྟོང་པ་ཉིད་གྱུར། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཀ་པཱ་ལ་ཡངས་པའི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་ཞུ་བ་ལས་ཡེ་ཤེས་ཀྱི་བདུད་རྩི་དང་འདྲེས་པའི་གཙང་ཞིང་བསོད་པ་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནག་པོ་ཆེན་པོ་ཏྲཀ་ཤད་འཁོར་དང་བཅས་པ་སྤྱན་དྲངས། ཧཱུྃ༑ བསྐུལ་ལོ་འབོད་དོ་ཏྲཀ་ཤད་བདུད། །ནག་པོ་ཐོད་ཕྲེང་འཁོར་བཅས་རྣམས༔ མུན་པའི་ཀློང་ནས་འདིར་གཤེགས་ཤིག༔ དམ་ལ་མ་འདའ་ད་ཚུར་བྱོན༔ མ་ཧཱ་ཀཱ་ལ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ། །ནག་པོ་ཆེན་པོ་འཇིགས་བྱེད་ཁྲོ་བོའི་རྒྱལ། །དུས་མཐའི་མེ་ལྟར་


KMC020_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་གཟི་བརྗིད་ཅན། །འཇིག་རྟེན་མགོན་པོ་ཏྲཀ་ཤད་ནག་པོ་ཁྱོད། །སངས་རྒྱས་བསྟན་པ་སྲུང་ཕྱིར་མངའ་གསོལ་ལོ། །དམར་ཆེན་རཀ་ཏ་ཁྲག་གི་རྒྱ་མཚོ་དང་། །བདུད་རྩི་ཟག་མེད་རྨད་བྱུང་མཆོད་པའི་སྤྲིན། །ཉེར་སྤྱོད་ཚོགས་དང་འདོད་ཡོན་རྣམ་པ་ལྔ། །དཔག་ཡས་མཆོད་པའི་སྤྲིན་གྱིས་མངའ་གསོལ་ལོ། །བཟའ་བཅའ་ལྡག་གཞིབ་བཏུང་བ་སྣ་ཚོགས་ཀྱི། མཉེས་རྫས་གཏོར་མ་བདུད་རྩིའི་ལོངས་སྤྱོད་རྣམས། །གཟི་བྱིན་རབ་ཏུ་འཕྲོ་བའི་འོད་ཟེར་དང། །འཆི་མེད་བཅུད་ཀྱིས་རྣམ་པར་རྒྱས་པ་ཡིས། །ལོ་ཀ་ནཱ་ཐ་འཁོར་བཅས་མངའ་གསོལ་ལོ། །སྲིན་མོ་ཤང་ཁ་པཱ་ལ༴ སྦྱོར་སྒྲོལ་གསང་བའི་ཡུམ་མཆོག༴ འཇིགས་བྱེད་བདུད་པོ་བརྒྱད་པོ༴ བདུད་དམག་ས་ཡ་དྲུག་འབུམ༴ གཤིན་རྗེ་ས་ཡ་དྲུག་འབུམ༴ མ་མོ་ས་ཡ་དྲུག་འབུམ༴ བདུད་བྱ་ས་ཡ་དྲུག་འབུམ༴ ཁྱི་ནག་དོམ་བུ་དྲུག་འབུམ༴ ལས་མཁན་སྲོག་བདག་དྲུག་འབུམ༴ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་མངའ་གསོལ་ལོ། །ཁྱེད་རྣམས་ཐུགས་ཀྱི་


KMC020_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བྱིན་ཆེར་བསྐྱེད་ནས། །དགྱེས་པ་ཆེན་པོར་རབ་ཏུ་ཚིམ་པར་མཛོད། །ཞེས་བདུད་རྩི་ནམ་མཁར་ཕུལ། གསོལ་ལོ་མཆོད་དོ། གསོལ་ཞིང་མཆོད་པ་ལ་བརྟེན་ནས་སྒྲུབ་པ་པོ་བདག་ཅག་གིས་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །རྡོ་རྗེ་སློབ་དཔོན་གྱི་སྐུ་ཚེ་སྲིངས། སངས་རྒྱས་ཀྱི་བསྟན་པ་སྲུངས། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་དཔལ་ལྡན་ཀརྨ་པའི་བསྟན་པ་འདི་ཉིད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛད་དུ་གསོལ།། །།ཞེས་བདུད་རྒྱལ་ཏྲཀ་ཤད་ཀྱི་མངའ་གསོལ་འདི་བཞིན་དགོས་ཞེས་བསྟན་འཕེལ་གྱིས་བསྐུལ་པ་ལྟར་སི་ཏུའི་མིང་ཅན་དྷརྨ་ཀ་རས་རིག་འཛིན་དྲག་པོ་ནུས་ལྡན་གྱི་གཏེར་གཞུང་དང་གུང་བསྒྲིགས་ཏེ་སྒར་བསངས་དང་སྦྱར་ཆོག་པར་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་


KMC020_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་མགོན་ཏྲཀྴད་ཀླུ་བདུད་བཀའ་སྡོད་རྣམས་ཀྱི་གསོལ་ཀ་ཕྲིན་ལས་སྒྲུབ་བྱེད།next