Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
གཏེར་སྲུང་རྣལ་འབྱོར་རེ་ཏེ་ནག་པོ་བསྟན་དགྲ་སྡིག་བློན་བསྒྲལ་བའི་སྒྲུབ་ཐབས།
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགཏེར་སྲུང་རྣལ་འབྱོར་རེ་ཏེ་ནག་པོ་བསྟན་དགྲ་སྡིག་བློན་བསྒྲལ་བའི་སྒྲུབ་ཐབས།next

གཏེར་སྲུང་རྣལ་འབྱོར་རེ་ཏེ་ནག་པོ་བསྟན་དགྲ་སྡིག་བློན་བསྒྲལ་བའི་སྒྲུབ་ཐབས།


KMC020_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྲུང་རྣལ་འབྱོར་རེ་ཏེ་ནག་པོ་བསྟན་དགྲ་སྡིག་བློན་བསྒྲལ་བའི་སྒྲུབ་ཐབས་བཞུགས་སོ༔


KMC020_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དྷངྐངྒདྠ།ཐ)*ནརྦ།༔ དཔལ་ཆེ་མཆོག་དྲག་པོ་ལ་ཕྱག་འཚལ་ལོ༔ དེའི་གཏེར་སྲུང་རྣལ་འབྱོར་རེ་ཏེ་ནག་པོ་སྟེ༔ སྒྲུབ་པར་འདོད་པའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་ཕུང་ཤུལ་གྱི་ས་ལ༔ མཎྜལ་གྲུ་གསུམ་པ་གཅིག་ཏུ་སོལ་ཕྱེ་བྱུག་ནག་པོ་བྱས་ཏེ༔ དེའི་སྟེང་དུ་ཆོས་འབྱུང་གྲུ་གསུམ་པ་བྲིས༔ དབུས་སུ་གྲུ་གསུམ་ཧོམ་ཁུང་བྲུས༔ ནང་དུ་དགྲ་ལིང་བྲུབ༔ དེའི་ཁར་ལྕགས་སྣོད་དུ་འབྲུ་ནག་ཁྲག་ཆང་གིས་སྦྲུས་པའི་དཔལ་གཏོར་ཟུར་གསུམ་རྣོ་དཔལ་དང་ལྡན་པ་ལ་མེ་རི་ཟུར་གསུམ་གྱིས་བརྒྱན་ཏེ༔ གྲི་ཐོད་པདྨ་ལ་སོགས་མཛེས་པར་བརྒྱན༔ མཐའ་མར་ཟུར་གསུམ་བརྒྱད་ཀྱིས་བསྐོར༔ གཙོ་འཁོར་ཐམས་ཅད་ལ་རྩང་དམར་བཙུགས༔


KMC020_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་གྱི་སྐུ་བརྙན་རང་རང་གི་གཏོར་མ་ལ་བཙུགས་ཏེ༔ སྟེང་དུ་དར་ནག་གདུགས་ཕུབ་སྟེ༔ ནག་ཐིབས་སེ་བ་བྱ༔ བརྟེན་གཏོར་གཡས་སུ་གཏའ་མའི་གཏོར་མ་ལ༔ བདག་ལ་ཞལ་མྱུར་དུ་སྟོན་ཅིག༔ ཡི་གེ་དང་འདོད་གསོལ་བྲིས་ལ་འཇུག་གོ༔ གཡོན་དུ་ཐུན་གྱི་གཏོར་མ་ལ༔ དགྲ་བགེགས་འདི་ཞེས་བྱ་བ་གཟུག་ཅིག༔ ཞེས་བྱ་བའི་ཡིག་གེ་འཛུད༔ མདུན་དུ་རྒྱུན་གྱི་གཏོར་མ་ལིངྒ་དང་ཤ་དུམ་གསོ༔ རྒྱབ་ཏུ་གཏང་རག་གཏོར་མ་ལ་ཟས་སྣ་ཚོགས་སྤུངས་ཏེ་བཞག༔ མཚམས་བཞི་ཞི་རྒྱས་དབང་དྲག་གི་གཏོར་མ་འགོད༔ བར་མཚམས་ཐམས་ཅད་ཤ་ཆང་སྒོག་པ་དང་ཁྲག་སྣ༔ སྨན་སྣ་ཟས་མཆོད་རྫས་སྣ་ཚོགས་སྤུངས་ཏེ་བཞག༔ རང་ལྷོ་ནུབ་ཏུ་ཁ་ཕྱོགས་ཏེ་ཞཱ་གཡོགས་


KMC020_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གསུམ་ནག་པོ་བྱ༔ མདུན་དུ་རྡོར་དྲིལ་རྔ་བོ་ཆེ་རྐང་གླིང་སོགས་བཞག་སྟེ༔ ཡི་དམ་ཆོས་སྐྱོང་གི་ང་རྒྱལ་དང་ལྡན་པས༔ མདུན་དུ་བཀའ་སྲུང་སྒོམ་པ་ནི༔ བརྟེན་རྫས་ལ་བདུད་རྩི་འཐོར་ལ་འདི་ལྟ་སྟེ༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས༔ ཧཱུྃ༑ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞལ་གསུམ་མཐིང་ནག་དཀར་དམར་ཞལ༔ སྤྱན་དགུ་སྡང་མིག་ཞལ་མཚེ་གཙིགས༔ སྐྲ་མཛེས་ཐོད་སྐམ་དབུ་རྒྱན་དང་༔ གཡས་གསུམ་ཕྱག་གསུམ་རྡོ་རྗེ་འཛིན༔ གཡོན་གྱི་ཕྱག་གསུམ་ཐོད་ཁྲག་བསྣམས༔ ཐབས་དང་ཤེས་རབ་གཤོག་པ་རྡིང་༔ རུས་རྒྱན་མགོ་འཕྲེང་སྟག་ཤམ་ཀླུབས༔ ཞབས་བཞི་འདོར་སྟབས་བདུད་བཞི་མནན༔ ཀུན་བཟང་མ་དང་གཉིས་མེད་འཁྲིལ༔ པདྨ་ཉི་མའི་གདན་སྟེང་དུ༔ ཡེ་ཤེས་མེ་རི་འབར་ཀློང་གསལ༔ རང་ཉིད་ཧཱུྃ་ལས་འོད་འཕྲོས་པས༔ མདུན་གྱི་རྟེན་ལ་སིབ་སིབ་ཐིམ༔ བརྟེན་རྫས་བཀའ་སྡོད་དཀྱིལ་འཁོར་གསལ༔ དང་པོ་ལ་ནི་རྡོ་རྗེའི་བྲག༔ གཉིས་པ་པདྨ་ཉི་རོའི་སྟེང་༔


KMC020_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཡིག་མཐིང་ནག་ལས་བྱུང་བའི༔ རེ་ཏེ་ནག་པོ་མཐུ་བོ་ཆེ༔ ཞལ་གཅིག་ཁྲོས་རྔམས་ཕྱག་གཉིས་ཀྱིས༔ ཉ་བའི་གྲི་དང་ཐོད་ཁྲག་འཛིན༔ ཉ་ཤ་ཁྲག་ཆེན་གྱིས་བཀང་གསོལ༔ ཞག་ནས་ཁྲག་རྒྱུན་འཛག་པའོ༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ གསེར་སྐེད་བཅིངས་ཤིང་རིན་ཆེན་དང་༔ མགོ་ཕྲེང་སྦྲུལ་ནག་དོ་ཤལ་འཕྱང་༔ ཞབས་གཉིས་འདོར་སྟབས་ལོག་འདྲེན་མནན༔ ཡེ་ཤེས་མེ་རླུང་སྐུ་ལས་འཕྲོ༔ སྐྲ་མཚམས་ཐོད་ཕྲེང་སྟེང་དུ་ནི༔ རྒྱལ་བ་རིགས་ལྔའི་རིགས་བདག་གསལ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ འོག་མིན་ཡུལ་དང་མ་ལ་ཡ༔ རྡོ་རྗེ་གདན་དང་ཤམ་བྷ་ལ༔ བསིལ་བ་ཚལ་དང་དུར་ཁྲོད་བརྒྱད༔ རབ་འཇིགས་རང་རང་བཞུགས་ཡུལ་ནས༔ རེ་ཏེ་ནག་པོ་མཐུ་བོ་ཆེ༔ དབུགས་འཕྲོག་སྲོག་བདག་དབུག་ལེན་དང་༔ སྲོག་གཤེད་སྲོག་ལེན་ཚེ་བདུད་དང་༔ ཟ་བྱེད་ལ་སོགས་ནག་པོ་བརྒྱད༔ གནས་འདིར་སྤྱན་འདྲེན་


KMC020_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ༔ བྱ་ནག་བྱེ་བ་སྐུ་སྤྲུལ་ཏེ༔ ཁྱི་ནག་བྱེ་བ་གསུང་ལས་སྤྲུལ༔ མི་ནག་བྱེ་བ་ཐུགས་སྤྲུལ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དྲེགས་པ་དོན་གཉིས་ཀླུ་བདུད་བཙན༔ མ་སྲིང་ཆུང་མ་བུ་མོ་མཛའ༔ གྲོགས་དང་ཡང་གྲོགས་མཛའ་ཡང་མཛའ༔ འབྱུང་བ་བཞི་ཡི་ལྷ་མོར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བདུད་མོ་དམག་གི་གཙོ་མོ་བཞི༔ ལས་ཀྱི་ཕོ་ཉ་གཤིན་རྗེ་བཞི༔ དགྲ་བསོད་བདུད་ཀྱི་ཤན་པ་བཞི༔ ཟློག་བྱེད་སྤྲུལ་པའི་མགོན་པོ་བཞི༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རེ་ཏེ་ནག་པོའི་ལྷ་ཚོགས་རྣམས༔ ད་ལྟ་བདག་གིས་མི་འབོད་རྒྱུས༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཆོས་རྒྱལ་མུ་ཁྲི་བདག་ལ་ནི༔ ལྷ་ཡི་སྐལ་བར་གཏད་པ་ཁྱོད༔ དུས་ནི་ད་རེས་མ་བྱོན་ན༔ ཁྱོད་ཀྱིས་བདག་ནི་བསླུ་བར་གདའ༔ དེ་ཕྱིར་གནས་འདིར་མྱུར་དུ་བྱོན༔ ད་ལན་རྣོ་མྱུར་ཅི་འདུག་ལྟ༔ ད་ལྟ་ཉིད་དུ་


KMC020_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱོན་བྱོན༔ འདིར་བྱོན་རེ་ཏིའི་ལྷ་ཚོགས་རྣམས༔ བདག་ཅག་འཁོད་པའི་ཁྲི་ལ་བཞུགས༔ ཆོས་ཀྱི་ཆབ་སྲིད་རྒྱལ་པོའི་ཁྲི༔ སྡིག་བློན་ལག་ཏུ་མ་ཤོར་འཚལ༔ སྡིག་བློན་བསད་པའི་རོ་གདན་ལ༔ རེ་ཏེ་ནག་པོ་བཞུགས་ནས་ཀྱང་༔ རྒྱལ་བའི་བསྟན་པ་བསྲུང་དུ་གསོལ༔ ཅེས་སྤྱན་འདྲེན་བཞུགས་སུ་གསོལ་བ་དང་༔ མཆོད་པ་ནི༔ འོ་རྣལ་འབྱོར་རེ་ཏེ་ནག་པོ་ཁྱོད༔ མཉེས་པའི་མཆོད་པ་ང་ཡིས་འབུལ༔ ཁྱོད་ཉིད་དགྱེས་པའི་མཆོད་པ་ནི༔ གཙང་པོའི་ཆུ་ལས་རྩོལ་བས་སྒྲུབ༔ ཉ་ཤ་གསེར་གྱི་སྡེར་མ་གང་༔ སྡིག་བློན་རྣམས་དང་དབྱེར་མེད་པར༔ ཟོ་ཤིག་སྲོག་དང་ཕྲལ་བར་གྱིས༔ འབྲས་ཆང་དངུལ་གྱི་ཕོར་བ་གང་༔ སྡིག་བློན་ཁྲག་དང་དབྱེར་མེད་པར༔ རྔུབ་ཅིང་རྔུབ་ཅིང་ཚིམས་པར་གྱིས༔ ནས་ཀྱི་ཕྱེ་མར་ཟངས་སྡེར་གང་༔ སྡིག་བློན་འཁོར་ནོར་དབྱེར་མེད་པར༔ ཟོ་ཤིག་སྲོག་དང་ཕྲལ་བར་གྱིས༔ ང་ལ་འབྱོར་པ་ཅི་མཆིས་པ༔ ཁྱོད་ལ་དད་


KMC020_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པས་འབུལ་ལགས་ན༔ སློབ་དཔོན་པདྨའི་བཀའ་བཞིན་དུ༔ མུ་ཁྲི་ཐུགས་རྗེས་རྟག་ཏུ་གཟིགས༔ སྡིག་བློན་ཐལ་བ་རྡུལ་དུ་རློག༔ ངོ་ཆེ་ངོ་ཆུང་མི་མཛད་ཞུ༔ རེ་ཏེ་ཁྱོད་ལ་ཕོ་ཡོད་ན༔ སྡིག་བློན་ཐལ་བའི་རྡུལ་བཞིན་རློག༔ གཞན་ཡང་མཆོད་རྫས་ཁྱོད་ལ་ཡོད༔ བཻ་ཌཱུརྱ་ཡི་སྣོད་རྣམས་སུ༔ འདིར་བཤམས་མཆོད་ཡོན་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་དར་གུར་དང་༔ གཏོར་མ་འབྲུ་སྣ་རིན་ཆེན་ལྔ༔ འཕན་གདུགས་རྒྱལ་མཚན་ལྔ་ལྡི་དང་༔ བླ་བྲེ་ལ་སོགས་མཆོད་པའི་རྫས༔ རེ་ཏེ་ནག་པོ་ཁྱོད་ལ་འབུལ༔ སྡིག་བློན་ཐལ་བ་རྡུལ་དུ་རློག༔ རེ་ཏེ་ནག་པོ་མཆོད་པའི་རྫས༔ མདའ་དང་མདུང་དང་རལ་གྲི་དང་༔ གོ་ཆ་བཙན་པའི་རྫོང་ཆེན་དང་༔ དཔའ་ཆས་འོག་རྟ་བྲན་འཁོར་བཅས༔ ཆོས་རྒྱལ་བདག་དང་བཅས་པ་རྣམས༔ རེ་ཏེ་ནག་པོ་ཁྱོད་ལ་འབུལ༔ བདག་ཅག་བཀྲ་ཤིས་དོན་འགྲུབ་མཛོད༔ མགོན་པོ་ཆེན་པོ་མཉེས་གྱུར་


KMC020_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཅེས་མཆོད་པ་དང་༔ དེ་ནས་བསྐང་ཞིང་བསྟོད་པ་བྱ་བ་ནི༔ འོ་ན་ཁྱོད་ལ་དགྱེས་པའི་རྫས༔ གཡག་ནག་ཞོལ་ཅན་དང་༔ རྟ་ནག་བརྗིད་ལྡན་དང་༔ བྱ་ནག་གསེར་མིག་དང་༔ ལུག་ནག་གཡུ་རྭ་ཅན༔ ཙ་ར་རྔམ་ལྡན་འདི༔ ཁྱོད་ལ་འབུལ་ལོ་བཞེས༔ རེ་ཏེ་ནག་པོ་ལ༔ མཆོད་དོ་བསྔོའོ་ཐོབ༔ གྱུར་ཅིག་བསྟན་སྣུབ་སྒྲོལ༔ ཤ་ཆང་སྒོག་པ་བྲན༔ ཉ་ཤ་ཤ་ཡི་རིགས༔ ལ་ཕུག་སྒོག་བཙོང་འབྲུ༔ སྨན་རག་གཏོར་མའི་ཚོགས༔ རེ་ཏེ་ནག་པོ་ལ༔ མཆོད་དོ་བསྔོའོ་ཐོབ༔ གྱུར་ཅིག་བསྟན་སྣུབ་སྒྲོལ༔ བློན་པོ་སྡིག་ལྡན་དང་༔ གཙོ་བོ་གཡོ་ཅན་དང་༔ བྲན་གཡོག་ཁེངས་ལོག་དང་༔ བཙུན་མོ་ཁེངས་ལོག་རྣམས༔ རེ་ཏེ་ཁྱོད་ལ་འབུལ༔ ཐལ་བ་རྡུལ་དུ་རློག༔ འོག་རྟ་འདྲེ་ཅན་དང་༔ འདོད་ཡོན་དུག་ཅན་དང་༔ ཟས་ནོར་བྱད་གཏད་ཅན༔ བན་བོན་བྱད་མ་རྣམས༔ རེ་ཏེ་ནག་པོ་ལ༔ འབུལ་ལོ་ཞལ་དུ་ཐོབ༔ བསྟན་དགྲ་དམ་ཉམས་ཀྱི༔ དགྲ་ལིང་གཏོར་མ་འདི༔


KMC020_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཏེ་ནག་པོ་དང་༔ ནག་པོ་ཆེན་པོ་བརྒྱད༔ དཔལ་མགོན་བདུན་ཅུ་གཉིས༔ ཕྱོགས་སྐྱོང་མ་གཤིན་ཚོགས༔ སྤྲུལ་པ་ཡང་སྤྲུལ་གྱི༔ ཞལ་དུ་བསྟབ་པོ་ཟོ༔ བསྟན་དགྲ་ཐལ་བར་རློག༔ བསྟན་སྣུབ་བཞེས་སུ་གསོལ༔ རེ་ཏེ་ནག་པོ་ཁྱོད༔ འོག་མིན་ཞིང་ཁམས་སུ༔ རྣམ་པར་སྣང་མཛད་ཆེ༔ རི་རབ་ལྕོགས་བཞི་ན༔ རེ་ཏེ་ནག་པོ་མཚན༔ དུར་ཁྲོད་བརྒྱད་དུ་ནི༔ རྡོ་རྗེ་བེར་དམར་ཅན༔ ཨོ་རྒྱན་ཡུལ་དུ་ནི༔ མ་ནིང་ནག་པོ་ཞེས༔ རྒྱ་མཚོའི་གླིང་དུ་ནི༔ ཏྲཀྴད་ནག་པོ་མིང་༔ རྡོ་རྗེ་གདན་དུ་ནི༔ རྡོ་རྗེ་གུར་གྱི་མགོན༔ རྒྱལ་བ་ཀུན་འདུས་ཀྱི༔ ཆེ་མཆོག་ཧེ་རུ་ཀ༔ ཀྱཻ་རྡོ་རྗེ་ཁྱོད༔ ཡེ་ནས་སངས་རྒྱས་ཉིད༔ ཐབས་མཁས་འགྲོ་དོན་ཅན༔ གང་འདུལ་དགྲ་བགེགས་འདུལ༔ ཟས་སུ་བསྟན་དགྲ་རོལ༔ སྐོམ་དུ་སྙིང་ཁྲག་འཐུང་༔ ལས་སུ་དམ་ཆོས་སྤེལ༔ ཏིང་འཛིན་འཁྲུལ་མེད་སྒོམ༔ རྣལ་འབྱོར་ཀུན་གྱི་གཙོ༔ ཕྱག་བཞི་མགོན་པོ་ལ༔ གུས་པས་བསྟོད་པར་གྱི༔ ཅེས་བསྟོད་པ་


KMC020_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ བསྐུལ་པ་ནི་བརྟེན་གཏོར་ཐོགས་ཏེ༔ ཧཱུྃ༑ ཡ་ཡ་ཡ་ རི་རབ་འབར་བའི་རྩེ་མོ་རུ༔ རེ་ཏེ་ནག་པོ་ཁྱོད་བཞུགས་ཚེ༔ གཤིན་རྗེ་མ་ཧཱ་ཀཱ་ལ་ཞེས༔ རྒྱ་མཚོའི་གླིང་ན་ཁྱོད་བཞུགས་ཚེ༔ བདུད་མགོན་ཏྲཀྴད་སྲོག་གི་བདག༔ རི་རབ་ཟོམ་ལ་གནས་པའི་ཚེ༔ ཀླུ་བདུད་ནག་པོ་ཚེ་ཡི་བདག༔ དུར་ཁྲོད་བརྒྱད་ན་གནས་པའི་ཚེ༔ རུ་དྲ་ཐལ་པ་ནག་པོར་གྲགས༔ མ་ལ་ཡ་རུ་གནས་པའི་ཚེ༔ ལེགས་ལྡན་ནག་པོ་ལྷ་མིན་འདུལ༔ ལྕང་ལོ་ཅན་དུ་བཞུགས་པའི་ཚེ༔ གསང་བདག་ཕྱག་ན་རྡོ་རྗེ་ཞེས༔ ཟངས་མདོག་དཔལ་རིར་བཞུགས་པའི་ཚེ༔ པདྨ་སམྦྷ་གྲོ་བོ་ལོད༔ བོད་ཁམས་ཡུལ་འདིར་བཞུགས་པའི་ཚེ༔ ཀརྨ་ལས་ཀྱི་ཆོས་དབང་སྒྱུར༔ བལ་པོའི་ཡུལ་དུ་བཞུགས་པའི་ཚེ༔ རྒྱལ་པོ་སིདྷ་རཱ་ཛ་ཞེས༔ རྒྱ་ནག་ཡུལ་དུ་བཞུགས་པའི་ཚེ༔ རྒྱལ་པོ་གིང་ཧང་ཞེས་ཀྱང་བྱ༔ ཁྱོད་ཉིད་སྐུ་གཅིག་མིང་བརྒྱ་ཐོབ༔ མཚན་སྟོང་པོ་ལ་ལུས་གཅིག་པོ༔ གཟུགས་ཅན་གཟུགས་མེད་


KMC020_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་སྟོན༔ ཕྱག་གཉིས་པ་དང་ཕྱག་བཞི་པ༔ བྱ་རོག་མགོ་དང་སེང་གེའི་མགོ༔ སྟག་དྲེད་དོམ་དང་འཕར་བའི་མགོ༔ རྫུ་འཕྲུལ་སྣ་ཚོགས་སྟོན་ལ་བསྟོད༔ རྒྱ་གར་ཡུལ་དུ་བཞུགས་པའི་ཚེ༔ ཤཱཀྱ་ཐུབ་པ་ཞེས་སུ་གྲགས༔ ཁྲོས་པ་ཀྱཻ་རྡོ་རྗེ་ཞེས༔ སྤྲུལ་པ་རེ་ཏེ་ནག་པོར་གྲགས༔ ཡང་སྤྲུལ་དམ་ཡེ་མགོན་པོའི་ཚོགས༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བསྟོད་བསྐུལ་གཏོར་མ་ཕུལ་བའི་མཐུས༔ སྡང་དགྲ་བསྟན་སྣུབ་སྡིག་བློན་རྣམས༔ རེ་ཏེ་ནག་པོ་འཁོར་བཅས་ཀྱིས༔ བཞེས་ཞིག་རོལ་ཅིག་ཟོ་ཟོ་ཟོ༔ ལྗིབ་ལྗིབ་བོན་བློན་ཐལ་བར་རློག༔ ལོ་ཟླ་ཞག་ཏུ་མ་འགྱང་བར༔ སྐད་ཅིག་ཉིད་ལ་དབང་པོ་འཕྲོག༔ ང་ལྷ་སྲས་རྒྱལ་པོ་མཐུ་ཡོད་ན༔ ཁོ་བསྟན་སྣུབ་བོན་གྱི་བློན་པོ་ཚོ༔ ཐལ་བ་རྡུལ་བཞིན་མེད་དོ་སྐད༔ དེ་སྐད་ཐོས་ན་བདག་རྒྱལ་པོ་ནི་ཡིད་རེ་ཚིམ༔ དེ་ཕྱིར་རེ་ཏེ་ནག་པོ་ཁྱོད་ཤེས་མཛོད༔ ཨཱོཾ་མ་ཧཱ་ཀཱ་ལ་རེ་ཏེ་ནག་པོ་ཛཿ་ཧཱུྃ་བྃ་ཧོཿ ཨཱོཾ་མ་ཧཱ་ཀཱ་ལ་རེ་ཏེ་


KMC020_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཧཱུྃ་བྷྱོ༔ རུ་དྲ་སརྦ་མཱ་ར་ཡ་ཕཊ༔ རུ་དྲའི་ཙིཏྟ་ལ་རྦད་རྦད༔ རུ་དྲའི་རཀྟ་ལ་ལྗིབ་ལྗིབ༔ རུ་དྲའི་ཀཱ་ཝཱ་ཙིཏྟ་རཱུ་པ་མཱ་ར་ཡ་ཁཱ་ཧིཿ ཅེས་གཏོར་མ་དགྲ་ལ་འཕེན༔ གཙང་ནས་བོན་གཤེན་ཤ་ཝ་སོགས་དྲུག་ཅུ་བརླག༔ བོད་ནས་བློན་པོ་བོན་ལ་ཕྱོགས་པ་བརྒྱ་དང་ཉི་ཤུ་རྩ་ལྔ་བརླག༔ མདོ་ཁམས་ནས་མངའ་འོག་ཏུ་མ་ཚུད་པའི་རྒྱལ་ཕྲན་བདུན་སྡེ་ལྔ་བརྒྱ་བརླག༔ སྤུ་འབོར་ནས་ལྷ་སྲས་རྒྱལ་པོའི་སྲོག་ལ་བདོ་བའི་ཇག་པ་བརྒྱ་བརླག༔ ཚབ་ནས་བྱད་གཏད་མཁན་གྱི་བོན་གཤེན་ཉི་ཤུ་བརླག༔ ང་ལྷ་སྲས་རྒྱལ་པོ་རེ་ཏེ་ནག་པོ་དང་གཉིས་སུ་མེད་དོ༔ མཐུ་ཆེའོ༔ སྙིང་རྗེ་ཆེའོ༔ བདག་གིས་བསྒྲལ་བའི་དགྲ་བགེགས་རྣམས་སངས་རྒྱས་ཀྱི་ས་ལ་འགོད་ནུས་སོ༔ ཁ་ཙམ་ཚིག་ཙམ་མ་ཡིན་ནོ༔ དེ་ལྟར་བོན་གྱི་བསྟན་སྐྱོང་བོན་བློན་རྣམས་ཀྱི་ཐུགས་ལ་ཞོག༔ སྙིང་པོ་ནི༔ ཨཱོཾ་མ་ཧཱ་ཀཱ་ལ་རེ་ཏེ་ནག་པོ་ཛཿཧཱུྃ་བྃ་ཧོཿ ཅེས་སྤྱན་འདྲེན་དང་མྱུར་དུ་འགྲུབ་པའི་གནད་ཡོད༔ ངའི་ཁ་ལ་ཆོས་བློན་ཚོས་ཉེན་ན་འདི་བསྙེན་ཚད་སྐྱོལ་བར་གྱིས༔ མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་


KMC020_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


KMC020_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཆོས་དབྱིངས་སྐྱེ་མེད་དཀྱིལ་འཁོར་དུ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱིས༔ ཡེ་ཤེས་ལྔ་ཡི་སྤྲུལ་བསྒྱུར་འགྱེད༔ འཕོ་འགྱུར་མེད་པའི་བཀྲ་ཤིས་གང་༔ དེང་འདིར་འགྲོ་ལ་འཆར་གྱུར་ཅིག༔ ཧཱུྃ༑ མ་འགགས་རང་གསལ་ཀློང་ཡངས་ནས༔ རྒྱལ་བ་རབ་འབྱམས་ཆོས་སྒོ་གང་༔ སྐྱེ་མེད་ཆོས་སྒོའི་ཡི་གེ་ཤར༔ འཁོར་འདས་ཀུན་ཁྱབ་བཀྲ་ཤིས་གང་༔ དེང་འདིར་འགྲོ་ཀུན་ཁྱབ་གྱུར་ཅིག༔ ཧཱུྃ༑ རྙེད་དཀའི་དལ་འབྱོར་དོན་ལྡན་པ༔ དཔག་པར་དཀའ་བའི་ཕ་རོལ་ཕྱིན༔ གཞལ་དུ་མེད་པའི་ས་ལམ་བགྲོད༔ གཞོམ་གཞིག་བྲལ་བའི་བཀྲ་ཤིས་གང་༔ དེང་འདིར་འགྲོ་ཀུན་སྨིན་གྱུར་ཅིག༔ ཧཱུྃ༑ སྣང་སྲིད་དཀྱིལ་འཁོར་རབ་འབྱམས་གང་༔ བདེ་ལེགས་ལྷུན་གྲུབ་དཔལ་དང་ལྡན༔ འབད་མེད་ལྷུན་གྲུབ་ཡིད་བཞིན་ནོར༔ འདོད་དགུ་ཀུན་འབྱུང་བཀྲ་ཤིས་གང་༔ དེང་འདིར་རིགས་དྲུག་ཁྱབ་གྱུར་ཅིག༔ ཧཱུྃ༑ རང་རིག་རིག་པའི་ངོ་


KMC020_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད༔ མ་འགགས་འགག་མེད་ཅིང་ཡང་འཆར༔ སྟོང་གསལ་དྲན་རིག་མཁའ་ལྟར་དག༔ ཤར་གྲོལ་དུས་མཉམ་དབྱིངས་རིག་འདྲེས༔ བརྗོད་མེད་ཡེ་ཤེས་ཉི་ལྟར་ཤར༔ དེང་འདིར་འགྲོ་དྲུག་གསལ་གྱུར་ཅིག༔ འགྱུར་བ་མེད་པར་བརྟན་གྱུར་ཅིག༔ ཐབས་ཀྱི་བཀྲ་ཤིས་ཟླ་ལྟར་གསལ༔ ཤེས་རབ་བཀྲ་ཤིས་ཉི་ལྟར་ཤར༔ ལས་ཉོན་མུན་ཁྱབ་གསལ་གྱུར་ཅིག༔ ཆོས་དབྱིངས་བཀྲ་ཤིས་མཁའ་ལྟར་དག༔ འཆི་བ་མེད་པར་གནས་གྱུར་ཅིག༔ ཨཱོཾ་ཨཱཿཧཱུྃ་བཛྲ་མངྒ་ལཾ་ཏིཥྛ་ཏིཥྛ་བྷྲཱུཾ༔ ཨཱོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་ལྷ་ཚོགས་ཀྱི༔ སྐུ་ལས་འབྲུ་གསུམ་ཡི་གེ་འཕྲོས༔ རང་གི་གནས་གསུམ་མེར་གྱིས་གང༔ དབང་བཞི་ཐོབ་ཅིང་སྐུ་བཞི་ཡི༔ ས་བོན་རྒྱུད་ལ་བཞག་པར་གྱུར༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཧྲཱིཿཧཱུྃ་ཧ་རི་ནི་ས་སིདྡྷི་ཨཱཿཡུཿསིདྡྷི༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱོཾ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་དྷརྨ་དྷཱ་ཏུ་མ་ཧཱ་ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཨེ་


KMC020_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་ཨཱཿ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བཛྲ༔ ཝཱ་ཀ་བཛྲ་༔ ཙིཏྟ་བཛྲ༔ ཛྙཱ་ན་བཛྲ་༔ སརྦ་བཛྲ༔ ཀརྨ་སཱ་ག་ར་བཛྲ༔ ཨ་བྷི་ཥིཉྩ་ཏིཥྛ་ཏིཥྛ་ཏིཥྛ༔ ཨཱོཾ་ཤྲཱི་མ་ཧཱ་གུ་རུ་པདྨ་ཧེ་རུ་ཀ་ཀྲོ་ངྷ་ཛ་ཨཱོཾ་ཨཱཿཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ་བྷྲཱུཾ་བྷྲཱུཾ་བྷྲཱུཾ་རཀྵ་རཀྵ་རཀྵ་སྭཱ་ཧཱ༔ མངྒ་ལཾ་ཤྲཱི་ཛྭ་ལ་སཱུརྻ་ཙནྡྲ་ཙཀྲ་མཎྜལ་ཏིཥྛ༔ ཧཱུྃ་དུ་ཨ་བྷི་ཥིཉྩ༔ ཧཱུྃ་དུ་ཙཀྲ་ཀརྨ་ཙཀྲ༔ ཧཱུྃ་དུ་རཀྟ་བྷྲཱུཾ་སྭཱ་ཧཱ༔ ས་མ་ཡ་རཀྵ༔ ཧཱུྃ། སྐུ་གསུམ་བླ་མ་མཁའ་འགྲོའི་ཚོགས༔ རང་གི་ལུས་ངག་ཡིད་གསུམ་ལ༔ མཁའ་ལ་སྤྲིན་ལྟར་ཐིམ་པར་གྱུར༔ ཆུ་ལ་ཆུ་བཞག་ལྟ་བུར་གྱུར༔ ཨཱོཾ་ཨཱཿཧཱུྃ༔ རྟེན་དང་གཏོར་མའི་ལྷ་ཚོགས་རྣམས༔ སླར་ཡང་རང་ལ་ཐིམ་པར་གྱུར༔ ལུས་སྣང་ལྷ་སྐུ་མཐའ་ནས་ཡལ༔ སྐྱེ་མེད་ཡི་གེ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་འོད་ཞུ་ཐིག་ལེར་གྱུར༔ ཐིག་ལེ་ཁྱབ་གདལ་ཀློང་དུ་ཡལ༔ བརྗོད་མེད་ཡེ་ཤེས་གཉུག་མའི་སེམས༔ ཡེངས་མེད་རིག་རྩལ་མངོན་གྱུར་ཤོག༔ ༈ ཨོཾ་སྭ་སྟི༔ །སྔ་འགྱུར་གསང་སྔགས་བླ་མེད་རྒྱུད་སྒྲུབ་ཐབས། །རྒྱ་མཚོའི་


KMC020_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འཇིངས་ལས་ཟབ་(པས་)གཏེར་མའི་མཆོག །སྙིང་པོའི་ཡང་སྙིང་ཐུགས་གཏེར་ནོར་བུའི་རྒྱ། །མཁའ་འགྲོའི་དབང་ཕྱུག་ནུས་ལྡན་རྩལ་གྱིས་བཀྲོལ། །ཐབས་ཤེས་ཁ་སྦྱོར་ཚེ་ཡི་དཀྱིལ་འཁོར་དང་། །པདྨ་བཛྲ་ལས་རིམ་བརྒྱ་རྩ་པ། །རྩ་གསུམ་རྡོ་རྗེ་གྲོ་ལོད་ཕྲིན་ལས་ཀྱི། །བྱང་བུ་ཆ་ལག་བཅས་པའི་པར་ཡིག་འཕྲུལ། །རྣམ་དག་མོས་བློས་དཔལ་སྤུངས་ཆོས་གྲྭ་ཆེར། །བསྒྲུབས་པའི་དགེ་བས་བརྟན་དང་བསྟན་འཛིན་རྒྱས། །རིག་རྩལ་པདྨ་ཀུན་ཏུ་འཆང་གི་ཞལ། །མངོན་འགྱུར་འཁོར་བ་དོང་ནས་སྤྲུག་པར་ཤོག །ཤྲཱི་ཤྲཱི་ཤྲཱི། མངྒ་ལ་ཤྲཱི་ཛྭ་ལ་ཛམྦུ་དྭཱི་པཱ་ལངྒ་རེ་ཥུབྷ་བནྟུ། ཤུ་བྷཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགཏེར་སྲུང་རྣལ་འབྱོར་རེ་ཏེ་ནག་པོ་བསྟན་དགྲ་སྡིག་བློན་བསྒྲལ་བའི་སྒྲུབ་ཐབས།next