Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་ལས་བརྩམས་པ།
  
 
  
  
  
  
  


2 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousརིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་ལས་བརྩམས་པ།next

རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་ལས་བརྩམས་པ།


KMC020_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་ལས་བརྩམས་པ་བཞུགས་སོ༔


KMC020_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿཧོཿཧོཿ དགོངས་སུ་གསོལ་ལོ༔ གསན་དུ་གསོལ་ལོ༔ ལན་གསུམ་བྱས་ལ༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ རྡོ་རྗེ་གྲོ་ལོད་སྐུ་བཞེངས་ཤིག༔ དེང་འདིར་ད་ལྟ་རྗེས་འཇུག་རྣམས༔ འཇིགས་པ་བརྒྱད་དང་བཅུ་དྲུག་སྡང་༔ བདག་ཅག་ཡིད་མུག་སེམས་ཕམ་ནས༔ ཁྱོད་ལ་རེ་ལྟོས་བཅས་པའི་མཐུས༔ བསླུ་མེད་གཏོར་མ་འདི་འཕེན་པས༔ བསྟན་དགྲ་རྩད་ནས་ཆོད་པར་ཤོག༔ ཅེས་གཏོར་མ་འཕེན་ནོ༔ ཧཱུྃ༑ སྔོན་ཚེ་ཤཱཀྱ་ཐུབ་པ་དང་༔  གསངབདགཕྱགརྡོར next hit་པདྨ་འབྱུང་༔ དཔལ་གྱི་བསམ་ཡས་ཆེན་པོ་


KMC020_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རུ༔ དམ་ཚིག་སྨོན་ལམ་དབང་བསྡུས་ཏེ༔ ལྷན་ཅིག་འབྲེལ་པའི་གཏོར་མ་འདི༔ བོན་དང་ཉམས་པའི་སྙིང་ལ་རྒྱབ༔ ཕྱིན་ཆད་མི་ལྡང་ཕྲིན་ལས་མཛོད༔ ཅེས་གཏོར་མ་འཕེན༔ ཧཱུྃ༑ རྡོ་རྗེ་གྲོ་ལོད་དགོངས་སུ་གསོལ༔ ད་ལྟ་སྙིགས་དུས་བསྐལ་པ་ལ༔ བདག་ཅག་ཁྱོད་ཀྱི་རྗེས་འབྲང་ལ༔ འཇིགས་པ་བརྒྱད་ཀྱི་དགྲ་བྱུང་ན༔ དགྲ་འདི་སྒྲོལ་ཅིག་གྲོ་ལོད་རྩལ༔ ཕ་རོལ་བྱད་མ་ཟང་ཟིང་གི༔ བསྟན་དགྲ་མགོ་མཇུག་ལོག་པར་མཛོད༔ བདག་ཅག་དམ་ལྡན་སློབ་མ་སྟེ༔ ཁྱོད་ཀྱང་དམ་ལས་མི་འདའ་འཚལ༔


KMC020_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་དམ་ཚིག་མ་གཡེལ་བར༔ ཞལ་བཞེས་ལུང་བསྟན་དང་མཚུངས་པར༔ ཁྱོད་ལ་ཡོད་ན་ད་རེས་རན༔ དུས་ལས་མི་འདའ་དམ་ཚིག་ཅན༔ བསྟན་སྣུབ་ཐབ་བ་རྡུལ་དུ་རློག༔ ཅེས་གཏོར་མ་འཕེན༔ ཧཱུྃ༑ སྔོན་ཚེ་དུས་གསུམ་སངས་རྒྱས་དུས༔ དམ་ལོག་ལེགས་པའི་ཀརྨ་བྱུང་༔ རང་ལས་རང་སྨིན་རང་གིས་བསྒྲལ༔ ས་དེེ་རབ་གས་དམྱལ་བར་ལྷུང་༔ དེ་ལྟར་ད་ལྟའི་བསྟན་དགྲ་འདི༔ མྱུར་དུ་སྒྲོལ་ཅིག་གྲོ་ལོད་རྩལ༔ སེམས་འདི་བདག་འཛིན་མེད་པར་ཞོག༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོཿ ཕཊ་ཕཊ་ཕཊ༔ ངར་དང་ལྡན་པས་གཏོར་མ་འཕེན༔ ཧཱུྃ༑ གཏིང་ནས་ཟློག་ཅིག་ཀཱི་ལ་ཡ༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་དངོས༔ རྡོ་རྗེ་གྲོ་ལོད་སྲོག་ཕུར་འདིི༔ བསྟན་དགྲ་དམ་ཉམས་སྙིང་ལ་རྒྱོབ༔ ལོ་ཟླ་ཞག་དུས་མ་འགྱངས་པར༔ སྐད་ཅིག་དགྲ་གཤེད་འདི་དང་སྤྲོད༔ ཐལ་བར་རློག་ཅིག་དུས་ལ་བབ༔ ཕྱིན་ཆད་རྨིང་ནས་མ་ལྡང་ཞིག༔ ཀྱེ་རྡོ་རྗེ་གྲོ་ལོད་ཆེ༔ ལན་གསུམ༔ བདག་ནི་ཁྱོད་ལ་རེའོ༔ ཁྱོད་ཀྱི་བདེན་ཚིག་ཤོག་སེར༔ འདི་ལ་གང་དགོས་ངས་


KMC020_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས༔ ཁྱེད་ཀྱི་བཞེད་དོན་ངས་སྒྲུབ༔ འདི་ལ་བདེན་དོན་གང་མཆིས༔ འདི་ཡི་བཞེད་དོན་གང་དེས༔ བསྟན་དགྲ་ལོ་ཟླར་མ་འགྱངས༔ བསྟན་སྣུབ་རྨིང་ནས་སྐེམས་ཤིག༔ རྡོ་རྗེ་གྲོ་ལོད་དུས་ལ་བབ༔ ཐུགས་རྗེ་མ་གཡེལ་སྐྱབས་གནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཅེས་གཏོར་མ་འཕེན༔ དེ་ནས་རྟེན་གཏོར་ཐོགས་ལ༔ ཧཱུྃ༑ བཞེངས་ཤིག་དུས་གསུམ་སངས་རྒྱས་བཞེངས༔ བཞེངས་ཤིག་བླ་མ་ཡི་དམ་བཞེངས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཞེངས༔ བཀའ་བསྒོས་ལྷ་སྲིན་སྡེ་བརྒྱད་བཞེངས༔ དྭགས་བརྒྱུད་བསྟན་པའི་དོན་དུ་བཞེངས༔ བསྟན་སྣུབ་བཀའ་ཉམས་རྡུལ་དུ་རློག༔ བོན་དག་མུ་སྟེགས་ཐལ་བར་རློག༔ ཅེས་གཏོར་མ་འཕེན་ནོ༔ ཧོཿ དགོངས་སུ་གསོལ་ལོ༔ བདེན་དོན་གཉིས་ཀྱི་དབྱིངས་ནས་བཞེངས༔ ང་ཉིད་ཉེས་ན་ང་ཉིད་ཕམ༔ ཁྱོད་ཉིད་ཉེས་ན་ཁྱོད་ཉིད་ཕམ༔ དྭགས་བརྒྱུད་སྒྲུབ་བརྒྱུད་བསྟན་པ་ལ༔ གནོད་ཅིང་འཚེ་བའི་བསྟན་དགྲ་འདི༔ བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ དྭགས་བརྒྱུད་བསྟན་པ་དར་རྒྱས་


KMC020_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ༔ དྭགས་བརྒྱུད་བསྟན་སྣུབ་ཞལ་དུ་བཞེས༔ ལོ་ཟླ་ཞག་དུས་མ་འགྱངས་པར༔ ད་ལྟ་ཉིད་ནས་ཐལ་བར་རློག༔ ༈ ༔རྡོ་རྗེ་གྲོ་ལོད༔ ལན་བཅུ་གསུམ་བརྗོད༔ ཧོཿ དགོངས་སུ་གསོལ་ལོ༔ བདག་ཅག་རྗེས་སུ་འཇུག་པ་ཐམས་ཅད་ཐུགས་རྗེས་མི་གཟིགས་ན་ཡེ་ཤེས་ཀྱི་སྤྱན་ཅི་ལ་མཁོ༔ སྤྱན་གསུམ་གྱིས་དུག་གསུམ་གྱི་དགྲ་བགེགས་ཐལ་བར་རློག་ཅིག༔ དུག་ལྔའི་དགྲ་བགེགས་ཐལ་བར་བརླགས་པའི་རྟགས་སུ༔ ཁྱོད་ལ་ཀུན་རྟོག་ཡེ་ནས་མེད་པས༔ ངེད་ཅག་གི་ཉོན་མོངས་དུག་ལྔ་འདི་གཏིང་ནས་མེད་པར་མཛོད་ཅིག༔ ཐམས་ཅད་ཡེ་ནས་མ་མཆིས་པས་ཁྱེད་ལ་བདག་འཛིན་གྱི་ངོ་བོ་གར་ཡོད་དེ༔ བློ་འདས་བརྗོད་མེད་ཀྱི་གཏོར་མ་འདི༔ འཁོར་འདས་སྣང་སྲིད་ཀྱི་སྟེང་དུ་རྒྱོབ་ཅིག༔ ཐམས་ཅད་སངས་རྒྱས་ཀྱི་ས་རུ་ཕྱིན་ན་དགའ་མོད༔ ཅེས་གཏོར་མ་འཕེན༔ དུག་ལྔ་འཇོམས་པའི་ཕྱིར་མདའ་དར་གཡུག་སྟེ༔ ཀྱེ༑ ང་བདག་ཡེ་ནས་མ་གྲུབ་ན༔ ང་བདག་གྲུབ་པ་མི་གདའོ༔ བདེན་པར་སྨྲས་ན་བདེན་པར་དོད༔ གཉིས་


KMC020_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དགྲ་དཔུང་ངར་འཛིན་འདི༔ ཀློང་དུ་གྲོལ་ན་བདེ་བ་ཆེ༔ བདག་འཛིན་སྟེང་དུ་མདའ་འདི་འཕེན༔ མཉམ་ཉིད་ཀློང་ཡངས་ཆེན་པོར་གྱུར༔ ཐམས་ཅད་ཡེ་དག་སྤྲོས་བྲལ་གྱུར༔ ཐམས་ཅད་སྤྲོས་བྲལ་ཀློང་དུ་བཞུགས༔ མི་འགྱུར་རྡོ་རྗེའི་སྨྱོ་གཏམ་གྱིས༔ ཕྱི་རབས་གཏེར་སྟོན་ཞེན་ཆེ་བའི་སྟབས་སུ་སྨྲས་པས་རྗེས་འཇུག་རྣམས་ཀྱི་སྤྱན་ལམ་དུ་མ་འཕྲོད་ཀྱང་༔ རེ་ཞིག་དགོངས་པས་བརྟགས་ཏེ་ཚིག་འདི་མི་བཅོས་པར་ཞུ༔ དེ་ནས་གཏོར་གཞོང་སྦུབ་ལ་འགུགས་བཞུག་བྱས་ནས་བྲོས་མནན་པ་ནི༔ ཧཱུྃ། དངོས་སྣང་སེམས་སུ་མ་འདུས་ན༔ འཁྲུལ་སྣང་སེམས་སུ་འདུས་པ་མེད༔ བྲོ་ཡང་དངོས་སྣང་སྟེང་དུ་བརྡུང་༔ བདག་འཛིན་མེད་པར་ཤིགས་སེ་ཞོག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ དེའི་ཚེ་བྲོ་ལུ་གུ་རྒྱུད་དུ་བརྡུང་༔ བཀྲ་ཤིས་སྨོན་རྣམས་བྱའོ༔ ཞེས་ལྷ་ཐོག་དཔོན་ཀརྨ་ཚེ་བརྟན་གྱིས་ཟོར་འཕེན་དགོས་ཞེས་ཡང་ཡང་བསྐུལ་ནས་ཞུས་པས༔ ཟོར་འཕེན་པའི་ཐབས་གཏེར་སྟོན་ལ་གནང་དགོས་ཞེས་བླ་མ་བློ་གྲོས་བཟང་པོས་བཀའི་བསྐུལ་པ་ཤིན་ཏུ་བསྐུལ་བས༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་གང་ཤར་བཟོ་མེད་དུ་སྨྲས་པའོ༔ ས་མ་ཡ༔ ༔ཧོཿ དགོངས་སུ་གསོལ་ལོ༔ ལན་གསུམ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་


KMC020_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དཀྱིལ་འཁོར་འདིར༔ བསྟན་དགྲ་རུ་དྲ་གང་མཆིས་རྣམས༔ དྲེགས་བྱེད་ཁྲོ་བོ་འཁོར་བཅས་ཀྱིས༔ བསྟན་བཤིག་རྨིང་ནས་སྐེམ་པར་བྱས༔ ད་ནི་དགྲ་ཡི་གཡུལ་ངོ་ལས༔ རྒྱལ་ལོ་དཀོན་མཆོག་རྣམ་པར་རྒྱལ༔ སངས་རྒྱས་ཆོས་ཀྱི་ཆབ་སྲིད་ཀྱང་༔ ནམ་མཁས་གར་ཁྱབ་དེར་གནས་ཤིང་༔ འཕོ་འགྱུར་མེད་པར་བརྟན་གྱུར་ཅིག༔ འགྱུར་མེད་རྡོ་རྗེའི་བཀྲ་ཤིས་ཤོག༔ ཅེས་དབྱངས་དང་བཅས་ཏེ་ལན་གསུམ་བརྗོད་ལ་བསྒྲུབ་ཁང་དུ་ཕྱིན༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་རང་བཟོ་མངོན་སྤྱོད་ཀྱི་ལས་བརྩམས་པ།next