Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
 
གྲོ་ལོད་གསང་བའི་སྒྲུབ་པ།
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousགྲོ་ལོད་གསང་བའི་སྒྲུབ་པ།next

གྲོ་ལོད་གསང་བའི་སྒྲུབ་པ།


KMC020_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཚན་བརྒྱད་པ་རྡོ་རྗེ་གྲོ་ལོད་གསང་བའི་སྒྲུབ་པ་བཞུགས་སོ༔


KMC020_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

༼ཨེ༽ ན་མོ་པདྨ་བཛྲ་ཡེ༔ དུས་ངན་སུམ་ཅུ་ཁ་རལ་དུས༔ པད་འབྱུང་བཀའ་ལ་མི་རྩི་བའི༔ ལྷ་འདྲེ་དམ་ལོག་མི་རུ་བརྫུ༔ སློབ་མ་དམ་ལོག་འདྲེ་རུ་སྐྱེས༔ དངོས་སུ་གཙུག་ལག་དགེ་འདུན་ཤིག༔ དངོས་མེད་འགྲོ་དྲུག་སྲོག་ལ་རྒོལ༔ དེ་དུས་དམ་ལོག་ཉེར་ལྔ་འབྱུང་༔ བཤེས་གཉེན་དམ་ལོག་བདུན་ཕྲག་གཅིག༔ ཆེ་བཙུན་རྒྱལ་པོར་བརྫུས་པ་འོང་༔ བནྡེ་དམ་ལོག་བདུན་ཕྲག་གཅིག༔ ལྷ་དང་འདྲེ་རུ་བརྫུས་པ་འོང་༔ སྔགས་པ་དམ་ལོག་བདུན་ཕྲག་གཅིག༔ རྒྱལ་འགོང་གཟུགས་སུ་བརྫུས་པ་འོང༔ གཡུ་འབྲང་ཟངས་འབྲང་ལྟེ་ཕུར་མ༔ ཐེའུ་རང་བཙན་རྒོད་ཡམས་ཤུད་དང་༔ སྲོག་བདག་བྱ་ཐིལ་སེར་པོ་ལྔ༔ སྙིགས་དུས་བསྟན་བཤིག་ཉེར་ལྔ་ཡིན༔ དེ་ཕྱིར་


KMC020_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་ཤེས་པར་མཛོད༔ ལྷ་རུ་མ་བསྟེན་བར་ཆད་འོང་༔ གྲོགས་པོར་མ་བསྟེན་སྲོག་ལ་རྒོལ༔ བྲན་པོར་མ་བསྟེན་རང་ལ་ལྡོག༔ དེ་ཕྱིར་ཀུན་གྱིས་ཐུགས་ལ་ཞོག༔ དུས་ངན་སེམས་ཅན་བློ་ཆུང་རྣམས༔ ལྷ་དང་འདྲེ་གཉིས་མ་ནོར་ཅིག༔ ཆོས་དང་ཆོས་མིན་མ་ནོར་ཅིག༔ བཀའ་དང་བསྟན་བཅོས་མ་ནོར་ཅིག༔ དགེ་བ་སྡིག་པ་མ་ནོར་ཅིག༔ མིག་གིས་ལྟོས་ལ་སེམས་ཀྱིས་དཔྱོད༔ དེ་ཚེ་གསང་སྔགས་ཟབ་མོའི་ཆོས༔ ཐན་དུ་ལྟ་བའི་དུས་ཤིག་འཆར༔ དེ་ཚེ་སྒྲུབ་པའི་རིག་འཛིན་ནི༔ ཉིན་སྐར་ལས་ཀྱང་དཀོན་པ་འབྱུང་༔ དེ་ཚེ་གསང་སྔགས་ཟབ་མོ་ལ༔ བསྐུར་འདེབས་ཆོས་ལོག་ཟེར་བ་འོང་༔ ལྷ་མིན་ལྷ་རུ་བརྫུས་རྣམས་ཀྱིས༔ གཏེར་མིན་གཏེར་བརྫུ་ཟེར་བ་


KMC020_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འོང་༔ མི་མིན་མི་རུ་བརྫུས་རྣམས་ཀྱིས༔ གཏེར་མིན་གཏེར་འདྲ་ཟེར་བ་འོང་༔ གདོན་བགེགས་དམ་སྲིའི་དམག་དཔུང་གིས༔ ཡང་ཡང་ཐོ་འཚམས་བྱེད་པར་འོང་༔ དེ་ཉིད་འདུལ་ཕྱིར་ཡེ་གསང་སྦས༔ དེ་ཚེ་གསང་སྔགས་ཉམས་སུ་ལོངས༔ གསང་སྔགས་དེ་ཚེ་ནུས་སྟོབས་ཆེ༔ དེ་ཚེ་གསང་སྔགས་མཐུ་རྩལ་ཆེ༔ དེ་ཚེ་གསང་སྔགས་བྱིན་རླབས་ཆེ༔ སྒྲུབ་པར་ནུས་པའི་མི་ཡོད་ན༔ འཇའ་ལུས་འགྲུབ་པར་ཐེ་ཚོམ་མེད༔ དེ་ཚེ་སྒོམ་ཁང་ལུས་ལ་གྱིས༔ དཀྱིལ་འཁོར་ཀུན་གཞིའི་སེམས་ལ་ཞེངས༔ མཆོད་རྫས་བཟའ་བཅའ་ཚོགས་སུ་རོལ༔ ལྷ་ཡི་ཕོ་བྲང་སེམས་ལ་ཐོབ༔ སྤྲོས་བཅས་སྒྲུབ་པའི་ལོང་སྐབས་མེད༔ སྒྲུབ་ཀྱང་སྲོག་ལ་རྒོལ་བའི་རྒྱུ༔ གནས་ནི་ངེས་མེད་རི་སུལ་བསྟེན༔ སྔོན་ཚེ་སྨོན་ལམ་བཏབ་པའི་མཐུས༔ པད་འབྱུང་དེ་ཚེ་སྒྲུབ་ཐག་ཉེ༔ ཞི་བས་མི་ཐུལ་གདོན་བགེགས་རྣམས༔ ཐལ་བར་བརླག་ཕྱིར་གྲོ་ལོད་རྩལ༔ དམ་སྲི་དམ་ལོག་ལས་ངན་རྣམས༔ རྡུལ་དུ་བརླག་ཕྱིར་གྲོ་ལོད་རྩལ༔ སྡེ་བརྒྱད་ལོག་འདྲེན་རྒྱལ་འགོང་རྣམས༔ གདུག་རྩུབ་གཞོམ་ཕྱིར་གྲོ་ལོད་རྩལ༔ སྲིད་གསུམ་ཟིལ་གནོན་གནམ་ལྕགས་ཁྱུང་༔ ཁམས་གསུམ་དབང་སྡུད་གནམ་ལྕགས་སྡིག༔ རུ་དྲ་རླག་བྱེད་ཤན་པ་བདུད༔ དེ་སོགས་བསྐྱེད་རྫོགས་རིམ་པ་རྣམས༔ ངོ་བོ་པད་འབྱུང་དྲག་པོ་རྩལ༔ རྣམ་པ་གང་འདོད་བསྐྱེད་རིམ་བསྒོམ༔ དྲག་པོའི་


KMC020_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཆེད་བསྟན་པ་དང༔ དུས་ངན་གྱི་འདྲེ་གདོན་ངོས་བཟུང་བའི་ལེའུ་སྟེ་བཅུ་བདུན་པའོ༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ བརྡའ་ཡིག ༼ཨཻ༽ ༔མཎྜལ་དཀྱིལ་འཁོར་གོང་དུ་གསལ༔ གཏོར་མ་གནམ་ལྕགས་ཐོག་མདེའུ་ལྟར༔ མེ་རི་རྡོ་རྗེ་སྡིག་པ་ཕུར༔ དྲག་པོའི་རྒྱན་རྣམས་རྔམས་པར་བརྒྱན༔ དེ་ཕྱིར་སྡེ་བརྒྱད་གཏོར་མས་བསྐོར༔ བཟའ་བཅའ་སྣ་ཚོགས་རི་ལྟར་སྤུངས༔ ༼ཨོ༽ ༔བསྐྱེད་རྫོགས་ལྡན་པས་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ གདོས་བཅས་ལུས་སྣང་བོར་ནས་སུ༔ སྣང་སྲིད་སེམས་ཀྱིས་ཁྱབ་པའི་ངང་༔ ཞིང་བསྣོལ་པདྨ་ཉི་ཟླའི་ཁྲིར༔ དྲག་རྩལ་འབྱིང་རྔམ་རྒྱ་སྟག་སྟེང་༔ རིག་རྩལ་འཕྲོ་འདུའི་ཆོ་འཕྲུལ་ལས༔ སྲིད་གསུམ་ཟིལ་གནོན་ཡི་དམ་ལྷ༔ རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ སྨུག་ནག་པདྨ་རཱ་གའི་མདོག༔ སྟོང་གསུམ་སྟོང་ཆེན་གང་བར་གསལ༔ སྤྱན་གསུམ་ཉི་ཟླ་ལྟ་བུར་བརྗིད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཧཱུྃ་ཕེཾ་ཨཱ་རལླི་ཡི་སྒྲས༔ དཔའ་བོ་མཁའ་འགྲོ་དབང་དུ་སྡུད༔ སྨིན་མ་ཨག་ཚོམ་མེ་ལྟར་འབར༔ རལ་པ་དམར་


KMC020_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གྱེན་ཐུར་བསྐྱོད༔ དབུ་གཙུག་རིགས་བདག་སྣང་མཐས་བརྒྱན༔ སྐྲ་མཚམས་ཐོད་ཕྲེང་སྦྲུལ་དར་འཕྱངས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ཕྱར༔ རྩེ་མོར་ཡེ་ཤེས་ཁྱུང་ཆེན་འཕྱོ༔ སྟེང་གི་ལྷ་དགོན་ཟིལ་གནོན་རླག༔ ཕྱག་གཡོན་གནམ་ལྕགས་ཕུར་པ་འདྲིལ༔ རྒྱ་མདུད་སྟེང་དུ་གནམ་ལྕགས་སྡིག༔ དམ་སྲི་དམ་ལོག་གདོན་བགེགས་གཟིར༔ ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན༔ སྐུ་ལ་རུས་པའི་རྒྱན་དྲུག་དང་༔ ཞིང་ཆེན་གླང་ཀོ་སྟག་ཤམ་བཀླུབས༔ ན་བཟའ་ཆོས་གོས་རྣམ་གསུམ་དམར༔ ཐོད་པ་སྐམ་རློན་དོ་ཤལ་འཕྱངས༔ བ་སྤུའི་བུ་ག་ཐམས་ཅད་ནས༔ རྡོ་རྗེའི་ཐོག་སེར་སྐར་ལྟར་འཁྲུགས༔ མཚོན་ཆའི་བུ་ཡུག་ཁྲོ་ཚོགས་འཕྲོ༔ དཔའ་རྩལ་སྟོབས་ལྡན་གར་སྟབས་སུ༔ མེ་དུད་ཟེར་གསུམ་ཀློང་དུ་གསལ༔ ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་སྟེང༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་དམར༔ ལྟེ་བར་ཏིང་འཛིན་སེམས་དཔའ་ཧཱུྃ༔ དེ་ལས་འོད་ཟེར་


KMC020_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་འཕྲོས༔ བླ་མ་སྐུ་གསུམ་ལྷ་ཚོགས་རྣམས༔ དད་མོས་གདུང་ཤུགས་ལྕགས་ཀྱུ་ཡིས༔ ཆོས་དབྱིངས་ཁྱབ་གདལ་དཀྱིལ་འཁོར་ནས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར༔ ཨོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཙིཏྟ་བཛྲ་ས་མ་ཡ་ཛཿཛཿཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ ༼ཅ༽ ༔རྐང་གླིང་ཐོད་རྔ་རྔ་བོ་ཆེ༔ རོལ་མོའི་བྱེ་བྲག་སྣ་ཚོགས་སྒྲས༔ ཏིང་ངེ་འཛིན་གྱི་གཟི་བྱིན་སྐྱེད༔ སྨན་སྤོས་ངད་ལྡན་བདུག་བྱས་ནས༔ བསྐྱེད་རྫོགས་ལྡན་པས་འདི་སྐད་དོ༔ ༼ཀ༽ ༔ཧོ་ཧོ་ཧོ༔ དགོངས་སུ་གསོལ་ལོ་གསན་དུ་གསོལ༔ རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ ཆོས་དབྱིངས་སྐྱེ་མེད་ཀློང་ཡངས་ནས༔ ཐབས་ཀྱི་ཆོ་འཕྲུལ་འབར་བའི་སྐུ༔ སྐུ་གསུམ་ཡེ་རྫོགས་ཁྲོ་བོའི་རྒྱལ༔ རྡོ་རྗེ་ཐོད་ཕྲེང་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ དག་པ་ལོངས་སྐུའི་གཞལ་ཡས་ནས༔ སྐུ་ལྔ་ལྷུན་གྲུབ་དྲག་པོ་རྩལ༔ དུག་ལྔ་རྣམ་དག་ཧེ་རུ་ཀ༔ རྡོ་རྗེ་གྲོ་ལོད་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་


KMC020_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ༔ འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་རྣམས༔ དད་མོས་གདུང་བས་འབོད་ལགས་ན༔ ཐུགས་དམ་དབང་གིས་གནས་འདིར་བྱོན༔ བྱིན་གྱིས་བརླབ་ཕྱིར་འདིར་གཤེགས་ཤིག༔ ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལས༔ ཁྲོ་བོ་བྱེ་བ་ས་ཡ་ཤར༔ དུག་ལྔའི་གཏུམ་རྔམ་འབར་བཞིན་བྱོན༔ ཁམས་ལྔ་རྣམ་དག་ཆོ་འཕྲུལ་ལས༔ ཁྲོ་མོ་བྱེ་བ་ས་ཡ་ཤར༔ འབྱུང་ལྔའི་ཆོ་འཕྲུལ་འབར་བཞིན་བྱོན༔ རིག་རྩལ་འཕྲོ་འདུའི་ཆོ་འཕྲུལ་ལས༔ མེ་དུད་ཟེར་གསུམ་འཁྲུག་ཤིང་བྱོན༔ ཐུགས་རྗེ་ཁྲོས་པའི་གཏུམ་རྔམ་ལས༔ རྡོ་རྗེའི་ཐོག་སེར་འཁྲུགས་ཤིང་བྱོན༔ ཡོན་ཏན་སྤྲུལ་པ་ཁྲོ་རྒྱལ་ཁྱུང༔ སྡེ་བརྒྱད་ཟས་སུ་ཟ་བཞིན་བྱོན༔ ཕྲིན་ལས་སྤྲུལ་པ་གནམ་ལྕགས་སྡིག༔ དམ་སྲི་དམ་ལོག་ཟ་ཞིང་བྱོན༔ སྐུ་གསུམ་ངོ་བོ་རྡོ་རྗེ་ཕུར༔ དུག་གསུམ་དབྱིངས་སུ་བསྒྲལ་ཞིང་བྱོན༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་གུ་རུ་པདྨ་ཧེ་རུ་ཀ་ཀྲོ་དྷ་རཱ་ཛཿ


KMC020_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟ་བཛྲ་ས་མ་ཡ་ཛཿཛཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ ༼ཁ༽ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་པས༔ སྐྱེ་བ་འདི་ནས་སངས་རྒྱས་བར༔ ཁྱོད་དང་དབྱེར་མེད་བསྒྲུབ་པའི་ཕྱིར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ༼ཁ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཆགས་པའི་སྐྱོན་སྤངས་པདྨའི་གདན༔ ཐབས་ཤེས་ཟུང་འཇུག་ཉི་ཟླ་གསལ༔ བདག་མེད་རྟོགས་ཕྱིར་ཞིང་བསྣོལ་ཁྲིར༔ དམིགས་མེད་ངང་དུ་བཞུགས་སུ་གསོལ༔ ༼ང༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྲིད་གསུམ་གླིང་ཡུལ་མཎྜལ་ལ༔ རིགས་དྲུག་འཁོར་བའི་འཁོར་ལོས་བརྒྱན༔ སྙིང་རྗེ་ཆེན་པོས་བརྩེར་དགོངས་ལ༔ ཡེ་སྟོང་ངང་དུ་བཞེས་སུ་གསོལ༔ ༼ཅ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཁྱབ་གདལ་མཁའ་དབྱིངས་སྣོད་ཡངས་པར༔ སྲིད་གསུམ་འཇིག་རྟེན་བཀོད་པ་གསལ༔ འབྱུང་ལྔ་ཁམས་ལྔའི་རྫས་ཀྱིས་གཏམས༔ བདེན་མེད་སྒྱུ་མར་སྦྱངས་ནས་ཀྱང་༔ སྐྱེ་མེད་ངང་དུ་བཞེས་སུ་གསོལ༔ ༼ཆ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཕྱི་ནང་གསང་བའི་དམ་ཚིག་རྫས༔


KMC020_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རཀ་གཏོར་ཆེན་བདུད་རྩིའི་མཆོག༔ ཤ་ལྔ་བདུད་རྩི་ལྔ་ཡི་དངོས༔ ཡེ་ཤེས་བདུད་རྩིར་བཞེས་སུ་གསོལ༔ ༼ཇ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་བྱ་མཆོད་བྱེད་མ་མཆིས་ཀྱང་༔ སྐྱེ་མེད་ཆོས་སྐུ་ཆོ་འཕྲུལ་ལས༔ འགག་མེད་ལྷུན་གྲུབ་མཆོད་རྫས་ཤར༔ བརྗོད་མེད་པོ་འདི་ཨེ་མ་ཧོ༔ ༼ཉ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་པདྨ་ཧེ་རུ་ཀ༔ རྡོ་རྗེ་དྲག་པོ་ཐོད་ཕྲེང་རྩལ༔ རིགས་བདག་སྣང་མཐའ་ཡེ་ཤེས་ཁྱུང་༔ གནམ་ལྕགས་སྡིག་པ་རྡོ་རྗེ་ཕུར༔ སྤྲུལ་པ་ཁྲོ་བོ་ཁྲོ་མོའི་ཚོགས༔ ཐུགས་དམ་གཉན་པོ་སྐང་གྱུར་ཅིག༔ ཁམས་གསུམ་སྲིད་གསུམ་འཁོར་འདས་ཀུན༔ ཀུན་བཟང་ཡབ་ཡུམ་མཁའ་ཀློང་བསྐང་༔ བསྐངས་དང་བསྐང་བྱ་སྐོང་བྱེད་རྣམས༔ ཡུལ་དང་གཉེན་པོ་གཉིས་མ་གྲུབ༔ རྣལ་འབྱོར་རིག་རྩལ་འཕྲོ་འདུ་ལ༔ རང་རྒྱུད་དངོས་པོར་བཟུང་བར་བཤགས༔ གཉིས་མེད་རྟོགས་པས་ཐུགས་དམ་བསྐང་༔ ༼ཏ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ༔ བདག་ལ་གསན་ཅིང་དགོངས་


KMC020_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ༔ བདག་ཅག་འཁྲུལ་པའི་དབང་གྱུར་པས༔ ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་རྣམས༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཆོས་དབྱིངས་ཀློང་དུ་བཟོད་པར་གསོལ༔ སྐྱེ་བ་འདི་ནས་སངས་རྒྱས་བར༔ ལས་ངན་འཁོར་བ་སྤང་བ་དང་༔ ལུས་ངན་ངན་སོང་སྤང་བ་དང་༔ ཚེ་གཅིག་སངས་རྒྱས་འགྲུབ་པ་དང་༔ འཇའ་ལུས་ཆོས་སྐུའི་དངོས་གྲུབ་སྩོལ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ༼ཐ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཆེ་བའི་ཆེ་ཆོག་ཧེ་རུ་ཀ༔ ཕྱི་ལྟར་སྣང་བ་མཐའ་ཡས་སྐུ༔ ནང་ལྟར་ཐུགས་རྗེ་ཆེན་པོའི་གསུང་༔ གསང་ལྟར་པདྨ་འབྱུང་གནས་ཐུགས༔ སྐུ་གསུམ་ཡེ་རྫོགས་ཁྱོད་ལ་བསྟོད༔ ༼ད༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རིག་འཛིན་རྡོ་རྗེ་དྲག་པོ་རྩལ༔ ཕྱི་ལྟར་པདྨ་ཧེ་རུ་ཀ༔ ནང་ལྟར་དབང་ཆེན་རྟ་མཆོག་དཔལ༔ གསང་བ་རྡོ་རྗེ་གྲོ་ལོད་རྩལ༔ སྐུ་ལྔ་ལྷུན་གྲུབ་ཁྱོད་ལ་བསྟོད༔ ༼ན༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ དམར་ནག་མེ་ཕྲེང་ཁྲོ་རྒྱལ་ཁྱོད༔ སངས་རྒྱས་ཀུན་


KMC020_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བསྟན་པའི་གཙོ༔ དམ་ཆོས་ཀུན་འདུས་ཕ་རོལ་ཕྱིན༔ དགེ་འདུན་ཀུན་འདུས་གུ་རུ་རྗེ༔ དཀོན་མཆོག་ཀུན་འདུས་ཁྱོད་ལ་བསྟོད༔ ༼པ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཐུགས་སྤྲུལ་རྗེ་འབངས་ཉེར་ལྔའི་ཚོགས༔ ཕོ་ཉ་མ་མོ་མཁའ་འགྲོ་སོགས༔ སྤྲུལ་པ་བྱེ་བ་ས་ཡར་འགྱེད༔ རིགས་དྲུག་འཁོར་བ་དོང་ནས་སྤྲུག༔ ཏིང་འཛིན་ཟིལ་གྱིས་འབྱུང་པོ་རླག༔ མ་རུངས་ཚར་གཅོད་ཁྱོད་ལ་བསྟོད༔ ༼ཕ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཡོན་ཏན་སྤྲུལ་པ་ཁྲོ་རྒྱལ་ཁྱུང་༔ ཕྲིན་ལས་སྤྲུལ་པ་གནམ་ལྕགས་སྡིག༔ དམ་སྲི་འདུལ་བྱེད་རྡོ་རྗེ་ཕུར༔ བསྟན་པ་རྒྱས་མཛད་ཁྱོད་ལ་བསྟོད༔ བསྟན་དགྲ་འཇོམས་བྱེད་ཁྱོད་ལ་བསྟོད་༔ འདྲེ་གདོན་དལ་ཡམས་བཟློག་པ་དང་༔ དུས་མིན་འཆི་དང་འཇིགས་པ་བརྒྱད༔ མྱུར་དུ་ཞི་བའི་དངོས་གྲུབ་སྩོལ༔ ༼བ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཧོཿཧོཿཧོཿ དགོངས་སུ་གསོལ་ལོ་གསན་དུ་གསོལ༔ རིག་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ བཞེངས་ཤིག་


KMC020_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ནས་བཞེངས༔ གཤེགས་ཤིག་སྒྲུབ་པའི་གནས་འདིར་གཤེགས༔ མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད༔ སྔོན་གྱི་ཐུགས་དམ་དུས་ལ་བབ༔ དམ་ཚིག་གཉན་པོའི་སྨོན་ལམ་གྱིས༔ ཞི་བས་མི་ཐུལ་དགྲ་བགེགས་རྣམས༔ དྲག་པོས་འདུལ་བའི་དུས་ལ་བབ༔ གཟུགས་ཅན་གཟུགས་མེད་དམ་ལོག་རྣམས༔ རྡུལ་དུ་རླག་པའི་དུས་ལ་བབ༔ ལྟ་ལོག་ཆོས་མིན་བསྟན་བཤིག་རྣམས༔ སྲོག་དང་ཕྲལ་བའི་དུས་ལ་བབ༔ དམ་ཉམས་བསྟན་དགྲ་སྒོས་དགྲ་རྣམས༔ ཟས་སུ་ཟ་བའི་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཁྱོད་ཀྱི་དམ་ཚིག་གནད་ནས་བསྐུལ༔ ཐུགས་རྗེའི་ཕྲིན་ལས་གནད་ནས་བསྐུལ༔ ཡེ་ཤེས་ལྷ་ཡི་ང་རྒྱལ་འབར༔ ཐོག་ལྟར་མྱུར་བའི་ཁྲོ་རྒྱལ་ཁྱོད༔ དམ་སྲི་ཀུན་གྱི་གཤེད་མ་སྟེ༔ གཟུགས་ཅན་གཟུགས་མེད་རུ་དྲ་རྣམས༔ མིང་ཡང་མེད་པར་རྡུལ་དུ་རློག༔ $གཏོར་མ་འབུལ་མཆན། ༼མ༽ ༔ཧཱུྃ་ཧཱུྃ་


KMC020_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ རྡོ་རྗེ་དྲག་པོ་ཐོད་ཕྲེང་རྩལ༔ འཁོར་ཚོགས་ཁྲོ་རྒྱལ་བྱེ་བ་འབུམ༔ ལས་མཁན་མཁའ་འགྲོ་བྱེ་བ་འབུམ༔ ཕོ་ཉ་ཆོས་སྐྱོང་ཞིང་སྐྱོང་ཚོགས༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ མ་སྲིང་བརྟན་མ་བཅུ་གཉིས་དང་༔ ལྷ་དང་གཤིན་རྗེ་བདུད་དང་བཙན༔ གཟའ་དང་རྒྱལ་པོ་མ་མོའི་ཚོགས༔ ཀླུ་དང་ས་བདག་ཐེའུ་རང་ཚོགས༔ བཀའ་དང་དམ་ལ་ཉེར་བཞག་པའི༔ སྡེ་བརྒྱད་ཚོགས་རྣམས་མ་ལུས་ཀུན༔ བཀའ་ལ་འདུས་སོ་མྱུར་དུ་བྱོན༔ དམ་ལ་འདུས་སོ་ཕྲིན་ལས་སྒྲུབས༔ བཀའ་སྲུང་སྡེ་བརྒྱད་འབྱུང་པོའི་ཚོགས༔ སྔོན་ཚེ་ཁས་བླངས་དམ་བཅས་བཞིན༔ མྱུར་བར་འདུས་ཤིག་བསྟན་དགྲ་སྒྲོལ༔ རིངས་པར་རྒྱུག་ཅིག་དགྲ་སྲོག་ཆོད༔ གཉེར་དུ་གཏད་དོ་ས་མ་ཡ༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ བཀའ་ཡི་གཏོར་མ་འདི་ལོངས་ལ༔ དམ་ཆུ་བདུད་རྩིའི་གསེར་སྐྱེམས་བཞེས༔ ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབས༔ གལ་ཏེ་དམ་བཞིན་མ་


KMC020_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན༔ མགོ་བོ་ཚལ་པ་བརྒྱ་རུ་འགས༔ སྙིང་ནང་གནམ་ལྕགས་སྡིག་པ་ཁྲོས༔ ལུས་མྱགས་ཚལ་པར་འཐོར་བར་འགྱུར༔ དེ་བས་དམ་ཚིག་དྲན་གྱིས་ལ༔ བཅོལ་བའི་ལས་རྣམས་མྱུར་དུ་སྒྲུབས༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ལོ་ཀ་ན་ཐ་ཤཱ་ས་ན་རཀྵ་སཱ་ག་ར་ག་ཎ་ཧཱུྃ༔ ཨི་དམ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧ་ན་ཧ་ན་རཀྵ་རཀྵ་ཧཱུྃ༔ ༼ཙ༽ ༔གཏོར་མ་གསེར་སྐྱེམས་དགྲ་ཕྱོགས་འབུལ༔ མྱུར་དུ་བརླག་པར་ཐེ་ཚོམ་མེད༔ བདག་མདུན་བསྐྱེད་རིམས་གསལ་བ་གནད༔ འདི་ལ་རྟག་ཏུ་བརྩོན་གྱུར་ན༔ དམ་ཅན་རྒྱ་མཚོ་དངོས་སུ་འོང༔ ཁས་བླང་དམ་བཅའ་བྱེད་པར་འགྱུར༔ ས་མ་ཡ་ཐུགས་རྒྱ་བརྡའ་ཐིམ༔ ༼ཚ༽ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་རྣམས༔ ཁྲོ་གཏུམ་འབར་བའི་སྐུ་བཞེངས་ལ༔ དུག་གསུམ་འབར་བའི་མཚོན་ཆ་ཡིས༔ དམ་སྲི་མཐའ་དམག་ལྟས་ངན་ཟློག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་གཏུམ་རྔམ་མེ་ལྟར་འབར༔ རྡོ་རྗེ་འབར་བའི་ཐོག་སེར་


KMC020_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ བྱད་མ་དགྲ་བགེགས་བསྟན་བཤིག་སོད༔ གདུག་པའི་ལྷ་སྲུང་གཡུལ་ངོ་ཟློག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་འབར་བའི་ལྷ་ཚོགས་རྣམས༔ ཏིང་འཛིན་འབར་བའི་ནུས་རྩལ་གྱིས༔ ནད་གདོན་འཕྲལ་རྐྱེན་སྔོན་ལས་སོགས༔ མ་རུང་འབྱུང་པོའི་དལ་ཡམས་ཟློག༔ ཨཱོཾ་ཨཱཿཧཱུྃ་ཨ་རྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ༔ བྷྱོ་བྷྱོ་ཟློག་ཟློག༔ བྷྱོ་ཟློག་ཅིག༔ དགྲ་བགེགས་བྱེད་མ་དམ་སྲི་དམ་ལོག་མཐའ་ཡི་དམག་དཔུང་ནད་གདོན་བར་ཆད་དལ་ཡམས་ འཚེརརྩུབ next hit་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སྟམྦྷ་ཡ་ནན་ནན༔ མཱ་ར་ཡ་ཕཊ་ཕཊ༔ ཡཾ་རཾ་བཾ་ཁཾ་ལཾ་བྷྲཱུཾ་ཀྵཾ༔ འབྱུང་བ་ལྔ་ཡི་གནོད་པ་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ སརྦ་བིགྷྣཱན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ༼ཛ༽ སྐུ་གཟུགས་དར་ནག་ལན་དགུར་བརྡབ༔ དཀྱིལ་འཁོར་འབྱུང་བཞི་གོ་འཇུག་བཟློག་པར་དམིགས༔ རི་རབ་གནམ་ས་སྟེང་འོག་འགྱུར་བར་དམིགས༔ རྦད་བསྐུལ་ཟློག་པ་ལན་དགུར་བཀླག༔ དམར་ཆེན་གཏོར་ཟོར་ལན་


KMC020_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་འཕངས༔ དགྲ་བོའི་སེམས་ཉིད་མར་མེ་བསད་པར་དམིགས༔ འོད་དཔག་མེད་པའི་ཐུགས་ཀར་རྣམ་ཤེས་བདེ་བ་ཅན་དུ་འཕངས༔ སྲིད་གསུམ་རུ་དྲའི་ཡོ་ལངས་ཀྱང་༔ བཟློག་པར་འགྱུར་བ་གདོན་མི་ཟ༔ ཧེ་རུ་ཀ་ཡང་བརླག་པར་ནུས༔ བླ་མ་དྲག་པོའི་གསང་བའི་སྒྲུབ་ཐབས་ལེའུ་སྟེ་བཅོ་བརྒྱད་པའོ༔ ཙིཏྟ་བཛྲ་ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགྲོ་ལོད་གསང་བའི་སྒྲུབ་པ།next