Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྔགས་དོན་རབ་གསལ།
   
   
   
   
   


 
previousསྔགས་དོན་རབ་གསལ།next

སྔགས་དོན་རབ་གསལ།


KMC021_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རྩིག་སྔགས་དོན་རབ་གསལ་བཞུགས།


KMC021_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨཱ་ཀ་ར་ཤྲཱི་ཧེ་རུ་ཀཱ་ཡ། །གདུལ་དཀའ་མི་སྲུན་འདུལ་བའི་ཕྱིར། །བླ་མ་དྲག་པོའི་སྐུར་བཞེངས་པ། །རྡོ་རྗེ་གྲོ་ལོད་ཧེ་རུ་ཀཿ །དམར་ནག་མེ་ཕྲེང་ཅན་ལ་འདུད། བླ་མ་དྲག་པོའི་སྔགས་འབྲུ་འགྲེལ་མདོར་བསྡུས་པ་ལ། ཐོག་མར་ཨཱོཾ་ཨཱཿཧཱུྃ་གི་འབྲུ་གསུམ་ནི། གཞིའི་དུས་སུ་སྦྱང་གཞི་དུས་ལུས་ངག་ཡིད་གསུམ། ལམ་གྱི་དུས་སུ་སྦྱོང་བྱེད་རྩ་རླུང་ཐིག་ལེ་གསུམ། འབྲས་བུའི་དུས་སུ་སྦྱངས་འབྲས་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་དང་གསུམ། ཨ་རྩིག་ནེ་རྩིག་


KMC021_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྲག་པོ། ངེས་པར་དྲག་པོ་དང་། ཁྲོ་བ་ངེས་པར་ཁྲོ་བ་ལ་བཞེད་པ་མཁས་གྲུབ་སྔ་མ་ལ་བཞེད་ལ་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཡབ་སྲས་ཀྱིས། ཨ་ཙཾ་འབར་བ་ལའོ། །འབར་བ་ངེས་པར་འབར་བ་ལ་བསྒྱུར་བ་ནི་གུ་རུ་དྲག་པོ་དམར་ནག་མེ་ཡི་ཕྲེང་བ་ཅན་ཞེས་གསུངས་པ་ལྟར། སྐུ་ལས་དུག་ལྔ་བསྲེགས་པའི་མེ་དཔུང་འབར་བ་ཉིད་དོ། །ན་མོ་ཕྱག་འཚལ་ལོ་དང་བྷ་ག་ཝ་ཏེ་བཅོམ་ལྡན་འདས་ཧཱུྃ་གཉིས་ཐུགས་རྒྱུད་བསྐུལ་བ་ཕཊཿནི་ལས་ལ་སྦྱར་བའོ། ཨ་རྩིག་


KMC021_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཡོངས་དགེའི་གྲོ་ལོད་ལ་ཨར་ཅེས་ར་ཡོད་པ་དང་། ནེ་ཅེས་འགྲེང་བུ་དང་། གུར་དྲག་གཞན་ལ་ཨ་ཙིག་ཅེས་པ་ལས་ར་མེད་པ་དང་། ནི་ཙི་གཅེས་གི་གུ་ཡིན་པ་སོགས་ནང་གསེས་འདྲ་མིན་ནི་རང་རང་གི་གཏེར་གཞུང་དང་བླ་མའི་མན་ངག་ལས་ཤེས་པར་བྱ་བ་ལས་ཉ་དང་ཉུང་མ་བསྲེ་བར་མི་བྱའོ། །དེ་དག་སྔགས་འཁྲུལ་བ་ལྟ་བུ་འཕགས་ཡུལ་ལེགས་སྦྱར་གྱི་སྐད་དུ་གནས་པ། བོད་སྐད་ཐད་སོར་བསྒྱུར་བ། ཕྱག་འཚལ་ལོ་ཞེས་ཁྱད་པར་གྱི་གཞི་སྔོན་དུ་ལེན་དགོས་ཏེ། ཕྱག་འཚལ་ལོ། །གང་ན་བཅོམ་ལྡན་འདས། སྐུ་གསུམ་དབྱེར་མེད། འབར་བ་ངེས་པར་འབར་བ། དོན་དམར་ནག་མེ་ཕྲེང་ཅན་ལའོ། །དེ་ལྟར་ཕྱག་འཚལ་བ་དོན་དུ་གཉེར་བྱའི་འབྲས་བུ་དེ་གང་ཡིན་ཞེ་ན། ཕྱི་བཟུང་བའི་ཡུལ་ལ། ནང་འཛིན་བའི་སེམས་ཞེས་ཞེན་པ་ཞུགས་པའི་བདུད་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཐུགས་གཉིས་མེད་ཡེ་ཤེས་ཀྱི་རྡོ་རྗེ་


KMC021_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་ཟུང་འཇུག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཚར་ཆོད་ཅེས་པའོ། ཧཱུྃ་གི་དོན་ནི་བཤགས་རྒྱུད་བཛྲ་ཨ་གྲམ་ལས། །ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །གདུག་པ་སྔགས་ཀྱི་གསོད་བྱེད་ཅིང་། །སྲིད་པའི་ཞེན་པ་གཅོད་པར་བྱེད། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། ཞེས་གསུངས་པ་ལྟར། རང་རྒྱུད་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་ཐམས་ཅད་འཆོས་ཤིང་རྩད་ནས་འཇོམས་པར་བྱེད་པ་དང་། གནས་སྐབས་ཚེ་འདི་དང་། མཐར་ཐུགས་ལམ་བགྲོད་པ་ལ་བར་དུ་གཅོད་པའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་དྲག་པོ་སྔགས་ཀྱི་སྤུ་གྲིས་གཅོད་པར་བྱེད་པ་དང་། སྲིད་པའི་རྩ་བ་འཁོར་བར་འཆིང་བྱེད་ཀྱི་ཞགས་པ་ཆོས་དང་གང་ཟག་གི་བདག་འཛིན་རྩད་ནས་གཅོད་ཅིང་བརླག་པར་བྱེད་པའོ། ཕཊཿནི་རྒྱུད་སྔ་མ་དེ་ཉིད་ལས། །ཕཊཿནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་


KMC021_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཅེས་གསུངས་པ་ལྟར། དྲག་སྔགས་ཀུན་གྱི་མཐའ་ལ་གནས་པ། བྱང་ཆུབ་ལམ་གྱི་བར་ཆད་བདུད་སྡེ་དཔུང་ཚོགས་རྒྱབ་བརྟེན་དང་བཅས་པ་མིང་མེད་ཐལ་བའི་རྡུལ་ཕྲན་དུ་བརླག་པར་བྱེད་པའོ། །ཞེས་དྲག་སྔགས་ཨ་རྩིག་ནི་སྔགས་དོན་འབྲུ་འགྲེལ་ཁ་གསལ་ལ་གོ་བདེ་བ་ནི་འདི་ལྟར་དགོས་ཞེས་བླ་བྲོ་བསམ་འགྲུབ་ནོར་ལྡན་གྱི་ཕུར་བླ་གདན་ཟུར་ཨཀྵ་ར་བི་ཛ་ཡ་ས་སྔ་མོ་བསྐུལ་ངོར་དབུ་བྲིས་ཏེ་ལུས་པ་ལྕགས་གླང་ལོར་ནག་པ་ཟླ་བའི་ཚེས་བཅུར་གུ་རུ་པདྨ་འབྱུང་གནས་རབ་ཏུ་བྱུང་བའི་དུས་ཆེན་ལ། གཏེར་སློབ་མཁན་པོ་ཀརྨ་རཏྣས་བགྲང་བྱ་རེ་བདུན་ལོར་མཐོང་བྱེད་མི་གསལ་བས། སྦུར་ནག་ཚར་དུ་དངར་བ་ལྟར་འོག་མིན་ཀརྨའི་སྒྲུབ་ཁང་བྱམས་པ་ཆོས་གླིང་དབྱངས་ཅན་དགའ་བའི་ཚལ་དུ་བྲིས་པ་མ་ཧཱ་གུ་རུ་དྲག་པོའི་གསང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག །བི་ཛ་ཡནྟུ། སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་


KMC021_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousསྔགས་དོན་རབ་གསལ།next