Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

8 occurrences of འཚེར་རྩུབ་
[Clear Hits]


  
  
  
  
 
  
  
  
  
མ་མོའི་འཁྲུངས་སྐོང་བདུད་རྩིའི་བུམ་པ།
  
  
  
  
  
  
  
  
  
  
  
 
  
  
  


8 occurrences of འཚེར་རྩུབ་
[Clear Hits]

 
previousམ་མོའི་འཁྲུངས་སྐོང་བདུད་རྩིའི་བུམ་པ།next

མ་མོའི་འཁྲུངས་སྐོང་བདུད་རྩིའི་བུམ་པ།


KMC024_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་དགོངས་འདུས་རྟ་མཆོག་རོལ་པའི་བཀའ་སྲུང་གསང་བ་ཀུན་འདུས་ལས༔ མ་མོའི་འཁྲུགས་སྐོང་བདུད་རྩིའི་བུམ་པ་ཞེས་བྱ་བ་བཞུགས་སོ། །


KMC024_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཧེ་རུ་ཀ་ཐམས་ཅད་ཀྱི་བདག་པོ་ལ་ཕྱག་འཚལ་ལོ༔ ཡི་དམ་དགོངས་འདུས་རྟ་ཆོག་རོལ་པ་ལས༔ མ་མོའི་འཁྲུགས་སྐོང་བདུད་རྩིའི་བུམ་པ་བསྟན་པ་ནི༔ མ་འོངས་སེམས་ཅན་ཐམས་ཅད་ཉོན་མོངས་རག་པས་མི་དགེ་སྤྱོད་པའི་སྟབས་མ་མོ་འཁྲུགས་ཏེ༔ དུས་མ་འོངས་པའི་ཚེ་ལས་བྱ་བ་བཟང་ངན་ཐམས་ཅད་མ་མོ་ཁོ་ནས་བྱེད་དེ་མ་མོ་ཞེས་པ་ནི་འཇིག་རྟེན་སྲིད་པ་ཐམས་ཅད་ཀྱི་མ་ཡིན་པས༔ བུའི་བྱད་བཟང་ན་མ་དགའ༔ བུའི་བྱད་ངན་ན་མ་སྡུག༔ མ་སྡུག་པས་བུ་ལ་ཤུགས་ཀྱིས་གདུང་བ་ལྟར༔ སེམས་ཅན་ཐམས་ཅད་མི་དགེ་བ་སྟོབས་ཆེ་བས་མ་མོ་ཐམས་ཅད་འཁྲུགས་ནས་ནད་མུག་འཁྲུགས་བ་ཐམས་ཅད་འབྱུང་བས་དེ་


KMC024_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁྲུགས་སྐོང་བྱ་བ་ནི༔ བདུད་རྩི་ཨ་མྲྀ་ཏ་བཅུད་ལྡན་སྨན་སྣ་བཅས་ཀ་པཱ་ལ་གང་བཅས་བཤམས་ཤིང་སྨན་ཀྱང་གཏོར་ལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ མ་འོངས་རྩུབ་འགྱུར་རབ་ཏུ་འཁྲུགས༔ སྙིགས་མ་ལྔ་བརྒྱའི་དུས་བྱུང་ཚེ༔ བཀའ་བཞིན་མི་བྱེད་བཀའ་འཆལ་དཀྲུགས༔ གསང་སྔགས་མི་གསང་ནོར་ལ་འཚོང་༔ བོན་དུ་གྱེར་ཞིང་གྲོང་བསྙེན་བྱེད༔ མངོན་དུ་གྱེར་ཞིང་མངོན་སྤྱོད་བྱེད༔ དོན་མ་རྟོགས་ཤིང་ཟོ་ཆོ་བྱེད༔ ནང་འཐབ་བྱེད་ཅིང་འདུལ་ཁྲིམས་ཉམས། སློབ་དཔོན་ཕ་མའི་བཀའ་ཡང་བཅག༔ སྐྱེ་བོ་རང་ཁ་


KMC024_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྤྱོད་བྱེད༔ དེ་ཚེ་སྲིད་པའི་མ་མོ་འཁྲུགས༔ འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ གཞན་ཡང་མ་མོ་འཁྲུགས་པའི་རྒྱུ༔ མཆོད་པ་ལོ་ཟླར་འདས་པ་དང་༔ ཁས་བླངས་དགེ་བ་ཆགས་པ་དང་༔ ཡོ་བྱད་དམ་རྫས་མ་ཚང་དང་༔ བཟླས་བརྗོད་བར་ཆད་བྱས་པ་དང་༔ ཕུད་ཉམས་ལྷག་མའི་གཏོར་མ་དང་། ཐེ་ཚོམ་ཡིད་གཉིས་ཤོར་བ་ནི༔ སྲིད་པའི་མ་མོ་འཁྲུགས་པའི་རྒྱུ༔ འཁྲུགས་པའི་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ གཞན་ཡང་དམ་ཚིགས་ཉམས་པའི་རྒྱུ༔ སྐུ་ཡི་ཕྱག་རྒྱ་རིང་དུ་སྤངས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བརྙས༔ རྡོ་རྗེ་སྤུན་ལ་དམ་ཚིག་མེད༔ སྐུ་ཡི་དམ་ཚིགས་ཉམས་གྱུར་པ༔ ཡེ་ཤེས་སྐུ་ལྔའི་ཐུགས་དམ་བསྐང་༔ གཞན་ཡང་དམ་ཚིགས་ཉམས་པའི་རྒྱུ༔ གསུང་གི་ཕྱག་རྒྱ་རྒྱུན་བཅད་པས༔ གསུང་གི་དམ་ཚིགས་ཉམས་གྱུར་པ༔ རྣམ་གྲོལ་གསུང་གི་ཐུགས་དམ་བསྐང་༔


KMC024_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ན་ག་ནས་ཕྲིན་ལས་ཉམས༔ ཐུགས་ཀྱི་དམ་ཚིགས་ཉམས་པ་བསྐང་༔ ཉི་ཤུ་རྩ་བརྒྱད་གྲངས་ཆགས་པ༔ ཡན་ལག་དམ་ཚིགས་ཉམས་པ་བསྐང་༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ གཙོ་མོ་སྐུ་ཡི་དམ་ཉམས་ན༔ མཐོ་རིས་ཐར་པའི་ལམ་ཡང་ཆད༔ གསུང་གི་དམ་ཚིགས་ཉམས་པ་ན༔ བསྒྲུབས་ཀྱང་དངོས་གྲུབ་མི་ཐོབ་ཅིང་༔ སྡགས་བཟླས་ནུས་པ་མེད་པར་འགྱུར༔ ཐུགས་ཀྱི་དམ་ཙིག་ཉམས་པ་ན༔ མཁའ་འགྲོ་འཁྲུགས་ཤིང་མི་དགེ་འབྱུང་༔ ཚེ་འཕོས་རྡོ་རྗེའི་དམྱལ་བར་འགྲོ༔ དེ་དག་ཐམས་ཅད་མཐོལ་བཤགས་ནས༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ མ་མོའི་སྐུ་ཡི་དམ་ཚིགས་ཉམས་པ་ན༔ རྒྱལ་པོའི་ཆད་པ་སྦྲུལ་དུག་འབྱུང་༔ མེ་དང་ཆུ་རླུང་བར་ཆད་འབྱུང༔ ཉམས་པ་བཤགས་སོ་ཐུགས་དམ་བསྐང་༔ གསུང་གི་དམ་ཚིགས་ཉམས་པ་ན༔ བསྒྲུབ་ལ་གཡེལ་ཅིང་ནུས་མཐུ་ཆུང་༔ བསྒྲུབ་ཏུ་མི་སྟེར་བར་ཆད་འབྱུང་༔


KMC024_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་བཤགས་སོ་ཐུགས༴ ཐུགས་ཀྱི་དམ་ཚིགས་ཉམས་གྱུར་ན༔ ན་ཚ་སྡུག་བསྔལ་སྣ་ཚོགས་དར༔ ཉམས་ལེན་མི་འོང་བར་ཆད་རྒོད༔ ཉམས་པ་བཤགས་སོ༴ ཁོལ་མོ་སྐུ་ཡི་དམ་ཚིག་ཉམས་གྱུར་ན༔ འཁོར་ལ་རིམས་ནད་སྨྱོ་འབོག་འོང་༔ དགྲ་རྣམས་ཚེ་དང་ལོངས་སྤྱོད་རྒྱས༔ ཉམས་པ་བཤགས་སོ༴ གསུང་གི་དམ་ཚིག་ཉམས་པ་ན༔ བུ་དང་ཆུང་མ་འཆི་བར་འགྱུར༔ སྙིང་ཡང་མི་དགའ་ཡང་ཡེང་མང་༔ ནོར་དང་ལོངས་སྤྱོད་ཟད་པར་འགྱུར༔ ཉམས་པ་བཤགས་སོ༴ ཐུགས་ཀྱི་དམ་ཚིག་ཉམས་པ་ན༔ རང་གི་ཚེ་ལ་བར་ཆད་འོང་༔ ཚད་ནད་རྒྱུ་གཟེར་འབྲུམ་ཡམས་འབྱུང་༔ ཉམས་པ་བཤགས་སོ༴ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ མ་མོ་སྤྱི་ཡི་དམ་ཚིག་ཉམས་པ་ན༔ རྟག་པར་བསྒྲུབས་ཀྱང་འགྲུབ་དུས་མེད༔ ནང་དགྲ་ཁ་མཆུ་མི་འབྲལ་འཁྲུགས༔ དེ་ཡང་བསྐང་ལ་བཤགས་པར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ དམ་ཚིག་


KMC024_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུངས་པའི་ཡོན་ཏན་དུ༔ གཙོ་མོ་སྐུ་ཡི་དམ་ཚིག་མ་ཉམས་ན༔ བླ་མེད་བྱང་ཆུབ་གོ་འཕང་ཐོབ༔ གསུང་གི་དམ་ཚིག་མ་ཉམས་ན༔ རྡོ་རྗེའི་ངག་ལ་དབང་ཐོབ་འགྱུར༔ ཐུགས་ཀྱི་དམ་ཚིག་མ་ཉམས་ན༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ༔ མཁའ་འགྲོ་ཐམས་ཅད་མངོན་དུ་འོང་༔ མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ལྷ་མོ་སྐུ་ཡི་དམ་ཚིག་མ་ཉམས་ན༔ ལྷ་སྲིན་རྒྱལ་པོས་ཕྱག་བྱས་ནས༔ འདོད་པ་ཁམས་ཀྱི་རྒྱལ་སྲིད་ཐོབ༔ གསུང་གི་དམ་ཚིག་མ་ཉམས་ན༔ སྡགས་བཟླས་མཁའ་འགྲོ་དངོས་སུ་འོང་༔ བར་ཆད་མེད་པར་དངོས་གྲུབ་སྟེར༔ མིག་རྣོ་རྐང་མགྱོགས་དངོས་གྲུབ་ཐོབ༔ ཉམས་པ་བཤགས་སོ་ཐུགས་དམ་བསྐང་༔ ཐུགས་ཀྱི་དམ་ཚིག་མ་ཉམས་ན༔ བདུད་དང་དགྲ་ཡིས་མི་ཚུགས་ཤིང་༔ རྟག་ཏུ་རིམས་ནད་མི་འབྱུང་བདེ༔ དགྲ་བགེགས་མ་ལུས་རང་སར་ཡལ༔ ལྷ་དང་མི་ཡིས་བཀུར་


KMC024_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར༔ ཚེ་རིང་ནོར་དང་ལྡན་པར་འགྱུར༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ༔ ཁོལ་མོ་སྐུ་ཡི་དམ་ཚིག་མ་ཉམས་ན༔ འཁོར་ནི་བཀྲ་ཤིས་དར་ཞིང་རྒྱས་པ་དང་༔ དགྲ་དང་བགེགས་རྣམས་ཕུང་བར་བྱེད༔ གསུང་གི་དམ་ཚིག་མ་ཉམས་ན༔ བུ་དང་ཆུང་མ་དར་བ་དང་༔ ནོར་དང་ལོངས་སྤྱོད་རྒྱས་པར་འགྱུར༔ ཐུགས་ཀྱི་དམ་ཚིགས་མ་ཉམས་ན༔ ཚེ་རིང་གྲགས་པ་ཐོབ་པར་འགྱུར༔ ལུས་ལ་ནད་ཀྱིས་མི་ཐེབ་བོ༔ སེམས་ལ་སྡུག་བསྔལ་རྐྱེན་དང་བྲལ༔ མཐུ་རྩལ་མངའ་ཐང་ཐོབ་པར་འགྱུར༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ༔ མ་མོ་སྤྱི་ཡི་དམ་ཚིག་མ་ཉམས་ན༔ གཙོ་མོ་ཡུམ་ཆེན་མ་དྲུག་དང་༔ དཔལ་ལྡན་ལྷ་མོ་དཔོན་གཡོག་ཀུན༔ རྟག་ཏུ་བདག་དང་མི་འབྲལ་ཞིང་༔ ཅི་ལྟར་འདོད་པའི་དོན་རྣམས་འགྲུབ༔ གང་ལྟར་བཅོལ་བའི་ལས་ཀུན་འགྲུབ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ་བྷྱོཿ མ་མོ་འཁྲུགས་པའི་སྤྱོད་


KMC024_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི༔ ཡུག་ས་མ་ལ་སྤྱོད་པ་དང་༔ སྦྲུམ་མ་མི་དགའ་བཅུག་པ་དང་༔ ཕ་མེད་བུ་ཚ་སྤངས་པ་དང་༔ བོང་བུ་བཙོག་བརྡུངས་བྱས་པ་དང་༔ ཁྱི་སྤྱང་དག་ལ་དགྲ་བྱས་པ༔ རལ་གྲི་དམ་ལ་མ་དགའ་དང་༔ རྨ་བྱ་རིང་དུ་སྤངས་པ་དང་༔ ཁུ་བ་དཀར་དམར་མ་བསྟེན་སྤངས༔ མ་ལ་དད་པ་ལོག་པ་དང་༔ ནེའུ་ལེའི་རྐྱལ་པ་བཀྲལ་བ་དང་༔ ཤིང་ལོ་རླུང་ཁྱེར་མ་བཟུང་བ༔ རྡོ་སོལ་ཆུ་ལ་བསྐྱུར་བ་དང་༔ འཚུབས་མ་མཐོང་ནས་མ་མོས་པ༔ དགྱེས་མཆོད་མ་བྱས་རཀྟ་སྤངས༔ ཡོངས་སུ་མ་སྨིན་སེམས་ཅན་ལ༔ ལྷ་ཡི་ཁ་དོག་མཚན་ཉིད་བསྟན༔ སྙིང་པོ་མ་བཟླས་གྱེར་བ་དང་༔ ཕྱག་རྒྱ་གཞན་ལ་བསྟན་པ་དང་༔ རྟག་ཏུ་དམ་ཚིགས་བཤད་པ་དང་༔ མཚན་ལྟས་གཞན་ལ་བཤད་པ་དང་༔ དུས་ཀྱི་མཆོད་པ་ཆགས་པ་དང་༔ གྲངས་ཀྱི་བསྙེན་པ་མ་ཐེམས་པར༔ སངས་རྒྱས་སྐུ་གཟུགས་མ་བྲིས་ཤིང་༔ མ་མོ་ཆོས་སྐྱོང་སྐུ་མ་བྲིས༔ བྲམ་ཟེ་མཆོག་སྲིད་སྤངས་པ་


KMC024_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ དམ་ཚིག་ཕྱག་རྒྱ་མ་བསྟེན་དང་༔ བྱ་ནག་ལུག་ནག་གཡག་ནག་དང་༔ ཁྱི་ནག་ཕྱར་དར་མ་བསྟེན་དང་༔ མཆེད་དང་ལྕམ་དྲལ་ཞེ་བཅད་པ༔ མི་དགེ་ཆོས་སྤངས་ལས་བྱས་པས༔ མ་མོ་དཔོན་གཡོག་འཁྲུགས་པར་འགྱུར༔ འཁྲུགས་པའི་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ བྷྱོཿ གཞན་ཡང་མ་མོ་འཁྲུགས་པའི་རྒྱུ༔ མ་ཉེས་བགེགས་ཆེན་དམ་ལ་བཏགས་པ་དང་༔ ས་བདག་ཀླུ་གཉན་རྒྱུད་དཀྲུགས་དང་༔ དམ་བཅའ་ཉམས་ཤིང་སྤངས་པ་དང་༔ ལྷ་འདྲེ་ཀུན་ལ་དོ་བདོ་བས༔ འཇིག་རྟེན་མ་མོ་འཁྲུགས་པར་འགྱུར༔ འཁྲུགས་པའི་མ་མོ་བསྐང་ཞིང་བཤགས༔ གཞན་ཡང་མ་མོ་འཁྲུགས་པའི་རྒྱུ༔ བཀའ་དྲིན་ཅན་གྱི་སློབ་དཔོན་ལ༔ ལུས་ངག་ཡིད་ཀྱིད་ཞབས་ཏོག་མེད༔ སྒྱུ་མའི་ནོར་གྱིས་མ་མཉེས་པས༔ རིན་ཆེན་གདམས་ངག་ནོད་གྱུར་ཀྱང་༔ དངོས་གྲུབ་ཐོབ་པའི་རྒྱུ་ཡང་མེད༔ རང་ཉིད་ཤེས་རབ་ཆུང་བ་ཡིས༔ དོན་


KMC024_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལོག་པར་དཀྲུགས་གྱུར་ན༔ སྲིད་པའི་མ་མོ་འཁྲུགས་པར་འགྱུར༔ འཁྲུགས་པའི་མ་མོ་བསྐང་ཞིང་བཤགས༔ བྷྱོཿ གཞན་ཡང་མ་མོ་འཁྲུགས་པའི་རྐྱེན༔ མ་མོའི་རྟགས་མཚན་ཕུལ་བའི་ཚེ༔ མ་མོ་གནད་ལ་བོར་བ་དང་༔ མི་མཐུན་འཁོར་ལོའི་བཅས་བྱས་དང་༔ སྔགས་བཟློག་དཀྲུགས་བཅུན་གནད་འབེབས་བྱས༔ བསྙེམས་རྟོག་བྱེད་ཅིང་ལས་ཀྱི་གཟིར༔ སེམས་འཁྲུགས་ང་རོ་མི་སྙན་པས༔ དམ་དུ་བརྡར་ཅིང་གཡབ་མོ་བརྡབ༔ དེ་ཚེ་སྲིད་པའི་མ་མོ་འཁྲུགས༔ མ་མོ་འཁྲུགས་པས་འཇིག་རྟེན་ཏུ༔ མི་མཐུན་སྣ་ཚོགས་འབྱུང་བར་འགྱུར༔ འཁྲུགས་པའི་མ་མོ་བསྐང་ཞིང་བཤགས༔ བྷྱོཿ མ་མོ་ནང་འཐབས་མཚོན་གྱི་ཆར་པ་འབེབས༔ གཅན་གཟན་འཁྲུགས་ཤིང་འཐབས་པ་དང་༔ བྱ་ནག་ནང་འཐབས་ཐོག་དང་སེར་བ་འབེབས༔ མེ་ཡིས་ལུས་ཚིག་ཆུ་ཡིས་བྱིང་༔ བུད་མེད་སྨྲ་བ་མང་པོ་བྱེད༔ ངོ་འཛུམ་གནག་ཅིང་ཁ་དོག་ངན༔ ངུ་འབོད་བྱེད་


KMC024_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ཐལ་མོ་རྡེབ༔ གོས་ནག་མི་སྡུག་མཚན་མ་སྟོན༔ དགྲ་བྱུང་ཟེར་ཅིང་ཕུ་མདར་རྒྱུག༔ གཅིག་ལ་གཅིག་ཀྱང་བརྒོལ་བར་འགྱུར༔ བདག་གཞན་ཐམས་ཅད་ནང་འཐབས་བྱེད༔ འཁོར་ཀྱང་མི་མཐུན་ནང་དམེ་བྱེད༔ བདག་ཀྱང་མི་དགའ་སེམས་ཡིད་འཕྱོ༔ ཡིད་ལ་མི་འདོད་སྣ་ཚོགས་འབྱུང་༔ བཟའ་འཁྲུགས་བྱེད་ཅིང་ནང་འཐབས་བྱེད༔ སྐར་མདའ་ལྷུང་དང་ས་གཡོས་དང་༔ རི་ཉིལ་བྲག་རལ་རྡིབ་ཞོམ་འབྱུང་༔ ཁྲག་གི་ཆར་པ་དམར་པོ་དང་༔ ལྷོ་འུར་སེར་པོ་དམར་པོ་དང་༔ སྔོན་པོ་སྐྱ་འུར་འཁྲིགས་པ་དང་༔ ཁྲག་ཆར་ཐལ་ཆར་ཡང་ཡང་འབེབས༔ དུས་མིན་ཁ་ཆར་དྲག་པོ་འབེབས༔ ཐོག་དང་སེར་དྲག་རླུང་དམར་འཚུབས༔ འཚུབས་མ་དམར་ནག་རི་ལུང་ཁེངས༔ མི་ལ་སྲོག་ཆགས་སྣ་ཚོགས་ལྡང་༔ གཤིན་རྗེ་ཨ་ཝ་གླང་མགོ་ཡང་༔ ས་རིམ་དགུ་ཡི་འོག་ནས་ལྡངས༔ ནད་ཡམས་སྣ་ཚོགས་ཕྱུར་གྱི་བཏང་༔ མ་མོའི་ནད་རྐྱལ་ཁ་ཕྱེས་ནས༔ འགོ་


KMC024_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཡམས་རིམས་ནད་སྣ་ཚོགས་དང་༔ གདོན་དང་མི་མཐུན་མང་བར་བྱེད༔ འཁྲུགས་པའི་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ༈ གཞན་ཡང་མ་མོ་འཁྲུགས་པའི་རྟགས༔ ཚད་ནད་འབྲུམ་ནད་སྣ་ཚོགས་དང་༔ རིམས་ནད་སྣ་ཚོགས་འབྱུང་བར་བྱེད༔ གློ་བུར་ན་ཚ་སྣ་ཚོགས་དང་༔ ཕྱུགས་ནད་སྣ་ཚོགས་གོད་ཁ་འབྱུང་༔ དེ་ཡང་མ་མོ་འཁྲུགས་པའི་རྟགས༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ་བྷྱོཿ གཞན་ཡང་མ་མོ་འཁྲུགས་པའི་རྟགས༔ ཉམས་དང་རྨི་ལམ་ཐམས་ཅད་དུ༔ ཁྲོ་ཞིང་མི་སྡུག་སྣ་ཚོགས་སྟོན༔ རྒྱབ་ཀྱིས་ཕྱོགས་ཤིང་ཚུར་ལ་སྡང་༔ འཁང་ར་བྱེད་ཅིང་གྲིབ་མ་བརྡུངས༔ ཆེ་ཚུལ་རྐུབ་དང་བྷ་ག་སྟོན༔ དེ་ཡང་མ་མོ་འཁྲུགས་པའི༴ འཁྲུགས་པའི་མ་མོ་བསྐང་༴ གཞན་ཡང་མ་མོ་འཁྲུགས་པའི་ལྟས༔ རལ་གྲི་ཆག་ཅིང་བོང་བུ་འཐེང་༔ དུང་སྐད་འགག་ཤིང་རྨ་བྱ་ནོག༔ ཟླ་བ་བརྒལ་ཞིང་ཉི་མ་ཐལ༔


KMC024_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཡིས་ཚིག་དང་ཆུ་ཡིས་འཇིག༔ ཡུལ་གྲོང་གསལ་ཅིང་གཟི་འོད་འབར༔ དེ་ཡང་མ་མོ་འཁྲུགས་པའི་རྟགས༔ འཁྲུགས་པའི་མ་མོ་བསྐང་བར་བྱ༔ གཞན་ཡང་མ་མོ་འཁྲུགས་པའི་རྟགས༔ བྱ་ནག་མང་པོ་འདུས་གྱུར་ཀྱང་༔ གཏོར་མ་མི་ཟ་ཕར་ལ་འབྲོས༔ ཐིབ་ཐིབ་ནོན་དང་ཐལ་ཐལ་སྨྲ༔ རིང་རྒྱུག་བྱེད་ཅིང་འབོད་འབྲོས་བྱེད༔ བུད་མེད་མང་པོ་ངུ་བ་དང་༔ བཀྲ་མི་ཤིས་པའི་ཚིག་བརྗོད་དགྱེ༔ ལུས་ངན་མཚན་མ་ངོམ་པ་དང་༔ གོས་ཀྱིས་དོག་ངན་པ་དང་༔ འཚུབས་མ་འཐུར་དུ་འཁྱིལ་བ་དང་༔ རྐེད་དུ་ཆག་དང་རལ་པ་དང་༔ མཐུར་དུ་རྒྱུག་ཅིང་མུན་པ་ནག༔ དེ་ཡང་མ་མོ་འཁྲུགས་པའི༴ འཁྲུགས་པའི་མ་མོ་བསྐང་བར་བྱ༔ གཞན་ཡང་མ་མོ་འཁྲུགས་པའི་རྟགས༔ རྔུལ་ཞིང་ངོ་ནག་ཆོ་ངེ་འདེབས༔ མཚོན་ཕྱུང་དགྲར་རྒོལ་ངུ་ཞིང་གནོད༔ འཇིག་རྟེན་བུད་མེད་མང་པོས་ནི༔ ངུ་འབོད་ཐལ་མོ་རྡེབ་ཅིང་བྲོས༔ ངོ་ནག་བྱེད་ཅིང་རྒྱང་དེར་ཡིབ༔ མ་ལྟར་


KMC024_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བསྟེན་པའི་ཉམས་རྟགས་ཡིན༔ ཉམས་པ་བསྐང་ལ་མཐོལ་ལོ་བཤགས༔ ཁྲེལ་འཛིམ་མེད་ཅིང་ཉལ་མལ་སྤོ༔ ངོ་ནག་འཐབ་མོ་བྱེད་ཅིང་འོང་༔ སྲིང་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ ཉམས་པ་བསྐང་ལ་མཐོལ་ལོ་བཤགས༔ འཐབས་མོ་འཚང་འབྲུ་གསང་ཞིང་བྱེད༔ མི་གཏམ་ཕར་ལ་བྱོལ་ཞིང་འགྲོ༔ མཛའ་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ ཉམས་པ་བསྐང་ལ་མཐོལ་ལོ་བཤགས༔ མཁའ་འགྲོ་སྐོང་བས་མཉེས་གྱུར་ཅིག༔ མཆུ་འབུག་བྱེད་ཅིང་ལྐོག་ན་ལབ༔ ལྟོོ་འཁོང་བྱེད་ཅིང་ངོ་འཛུམ་ནག༔ འཐབས་མོས་བཏབ་བོ་ཞེས་ཀྱང་སྒྲོག༔ བྲན་ལྟར་བསྟེན་པའི་ཉམས་རྟགས་ཡིན༔ ཉམས་པ་བསྐང་ལ་མཐོལ་ལོ་བཤགས༔ བྷྱོཿ གཞན་ཡང་མ་མོ་འཁྲུགས་པའི་རྟགས༔ བོང་བུ་འཐེང་ཞིང་འཆོང་བ་དང་༔ བསད་དང་བཅད་དང་རྒོལ་བ་མཐོང་༔ རླུང་ནག་འཚུབས་མ་འཐུར་དུ་འཁྱིལ༔ ཚུར་ལ་མི་འོང་ཕར་ལ་འགྲོ༔ གཅན་གཟན་


KMC024_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་སྤྱང་མང་པོ་ནི༔ ཤ་ཟ་འདོད་ཕྱིར་ཕར་ལ་རྒྱུག༔ ཕུ་རུང་གཡུག་ཅིང་དོན་མེད་ཀྱི༔ ན་ཚ་འོང་ཟེར་ཕར་ལ་འགྲོ༔ བུད་མེད་སྨད་དང་བྷ་ག་ལ༔ ལག་པས་བཟུང་ཞིང་སྦྱོར་དགོས་ཟེར༔ ཕར་ཕར་འབྲོས་ཞིང་ཁྲོས་ཞིང་དགྱེ༔ དེ་ཡང་མ་མོ་འཁྲུགས་པའི་རྟགས༔ འཁྲུགས་པ་བསྐང་ཞིང་ཉམས་པ་བཤགས༔ བྷྱོོཿ གཞན་ཡང་མ་མོ་འཁྲུགས་པའི་རྟགས༔ བུད་མེད་འཆི་དང་ངུ་བ་དང་༔ བོང་བུ་ཤིའམ་ཆག་པ་དང་༔ རལ་གྲི་ཆག་གམ་ནེའུ་ལེ་འཆི༔ མེ་རླུང་ལྕགས་སྒྲོག་ཤིང་ཆ་ཆག༔ སྨྱོ་དང་ན་དང་ཤི་དང་རྒལ༔ ངུ་དང་མཁུན་དང་སྐྱུག་པ་དང་༔ བརྒྱལ་དང་འབོག་དང་གླལ་བ་དང་༔ སྣ་ཁྲག་ལུག་དང་རྨ་བཀྲ་བྱུང་༔ སྦྱངས་ཤིང་བརྐྱལ་དང་རྒྱུ་ལོང་སྦོས༔ སྙིང་ན་ཚད་པ་གློ་བུར་འབྱུང་༔ འཆི་བ་རྒོད་ཅིང་མི་བདེ་མང་༔ བྱིང་རྨུག་འཐིབས་ནད་བྱུང་བ་ན༔ ཐམས་ཅད་མ་མོ་འཁྲུགས་པའི་རྟགས༔ འཁྲུགས་པ་བསྐང་ལ་ཉམས་པ༴ དགྲ་གཟུགས་མདུན་དུ་བཞག་


KMC024_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས༔ མི་ཁྲག་རྟ་ཁྲག་ལ་སོགས་ཕྱར༔ ལྷ་གཉན་ལ་སོགས་དཔང་དུ་བཙུག༔ གནམ་ལ་འོ་དོད་བོས་ནས་ནི༔ ཉིན་མཚན་ལས་སྦྱར་དྲིལ་གྱུར་ཀྱང་༔ དམིགས་བྱ་མི་འཆི་ཡར་ལ་འཕེལ༔ ཡི་ཆད་དམ་བཅའ་ཞེ་ལོག་འབྱུང་༔ དེ་ཡང་མ་མོ་འཁྲགས་པའི་རྟགས༔ འཁྲུགས་པ་བསྐང་ལ་ཉམས་པ༴ གཞན་ཡང་བར་ཆད་ཞུགས་པའི་རྟགས༔ གྲོང་ལ་འཇིགས་ཤིང་ཁྱིམས་ནས་འགྲོ་སྙིང་འདོད༔ གཉིད་ཡལ་སྙིང་མི་དགའ་ཞིང་འགྲོ་བར་འདོད༔ གླལ་ཞིང་ངུ་འདོད་ཁྲོ་ཞིང་ཚིག་པ་ཟ༔ དེ་ཡང་མ་མོ་འཁྲུགས་པའི༴ འཁྲུགས་པ་བསྐང་ལ་ཉམས་པ༴ ཧཱུྃ། གཏོར་ཚོགས་དུས་ལས་གཡེལ་བའི་ཚེ༔ མོ་མཚན་དང་ནི་སྔོན་གྱི་དབང་རྟགས་སྟོན༔ དུད་པ་འཁྲིགས་ནས་བུད་མེད་གླལ་བ་མཐོང་༔ དེ་ཡང་མ་མོ་འཁྲུགས་པའི༴ འཁྲུགས་པ་བསྐང་ལ་ཉམས་པ༴ ཧཱུྃ། བུད་མེད་ངུ་བ་མཐོང་ན་ཉམས་མྱོང་ཉིད་ལ་གནོད༔ བུད་མེད་མང་པོ་ཁྲོམ་དུ་འདུས་


KMC024_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསེབ༔ མིག་ནི་བཙུགས་ན་ཏིང་འཛིན་གཡེལ་བའི་རྟགས༔ ཐལ་མོ་རྡེབ་ན་དམ་རྫས་མ་ཚང་རྟགས༔ ལྕེ་རྩེ་སྟོན་ན་སྙིང་པོ་མ་ཚང་རྟགས༔ སོ་སྒྲ་ཀྲིག་ན་འཐབས་མོ་འོང་བའི་རྟགས༔ ཁྲོས་པ་མཐོང་ན་བར་ཆད་འོང་བའི་རྟགས༔ གདོང་ལ་མཆི་རིས་བཀྲ་ན་བར་ཆད་འོང་བའི་རྟགས༔ དེ་ཡང་མ་མོ་འཁྲུགས་པའི༴ འཁྲུགས་པ་བསྐང་ལ་ཉམས་པ༴ མེ་ལེང་ཐོགས་ན་བསྐྱེད་རིམ་མ་གསལ་རྟགས༔ གླིང་བུ་འབུད་ན་གཏོར་མ་འདོད་པའི་རྟགས༔ ཕྲེང་བ་འདྲེན་ན་སྦྱིན་སྲེག་རན་པའི་རྟགས༔ སྙིང་སྦྲམ་ཐོགས་ན་རང་ལ་ཆགས་པའི་རྟགས༔ གཡབ་དར་ཐོགས་ན་གཞན་ལ་ཆགས་པའི་རྟགས༔ མེ་ལོང་ཐོགས་ན་ཆུང་མར་ཆགས་པའི་རྟགས༔ སྟངས་སྟབས་བྱེད་ན་སློབ་མར་ཆགས་པའི་རྟགས༔ དེ་ཚེ་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཤ་ཁྲག་རྨིས་ན་ནད་རིམས་འོང་བའི་རྟགས༔ ཚྭ་སྒོག་གཡེར་གསུམ་ཇ་དང་སྣོད་སྟོང་རྣམས༔


KMC024_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁ་ཁ་མཆུ་བྱུར་ལྟས་ངན་པའི་རྟགས༔ གོས་ལ་མེས་ཚིག་བྱི་བས་ཟོས་པ་ན༔ སློབ་མ་ཉམས་ཞིང་སྙན་གྲགས་ཡལ་བའི་རྟགས༔ དེ་ཚེ་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ་བྷྱོ༔ མ་མོ་མཁའ་འགྲོ་དབང་དུ་མ་འདུས་ན༔ མི་སྡུག་གཟུགས་སྟོན་འདྲེ་མོར་སྤྲུལ༔ གཅན་གཟན་དགྲ་ཞིང་མ་མོས་ཕྱག་རྒྱུགས་སོ༔ རིམས་ནད་མི་ཁ་དགྲ་དང་ཁ་མཆུ་འབྱུང་༔ ཕྱི་ནང་ཀུན་འཁྲུགས་མི་བདེ་སྣ་ཚོགས་འོང་༔ དེ་ཚེ་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ སྒྲུབ་པ་ལྟེམ་རྐྱང་རྟགས་སུ་རྒྱང་གླུ་ལེན༔ བར་ཆད་ཡོད་པའི་རྟགས་སུ་འབག་འབུག་ཟློ༔ ནད་ངོ་ཡོད་པའི་རྟགས་སུ་ཡོལ་བ་བྱེད༔ གྲིབ་གདོན་ཆགས་སྒོའི་རྟགས་སུ་སྦྲ་གུར་འབུབ༔ དེ་ཚེ་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ མ་མོ་བཞད་ན་དགྲ་བགེགས་སྒྲོལ་བའི་རྟགས༔ སྦྱོར་བ་བྱེད་ན་དངོས་གྲུབ་མྱུར་བའི་


KMC024_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས༔ བྲོ་གར་བྱེད་ན་བསམ་པ་འགྲུབ་པའི་རྟགས༔ འཛུམ་པར་བྱེད་ན་རང་ཉིད་ཚེ་རིང་རྟགས༔ ཤ་བ་ཞོན་ན་ནོར་རྣམས་འཕེལ་བའི་རྟགས༔ ལྕི་ཤིང་བསྡུས་ན་ཟང་ཟིང་ལོངས་སྤྱོད་རྟགས༔ ཐོད་པ་ཐོགས་ན་རྟོགས་པ་སྐྱེད་པའི་རྟགས༔ སྔགས་བཟླས་བྱུང་ན་ནུས་པ་འབྱུང་བའི་རྟགས༔ དེ་ཚེ་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ ཧཱུྃ། སྔགས་དང་ཏིང་འཛིན་ནུས་པ་སྐྱེད་ཙ་ན༔ རྡོ་རྗེ་རྩ་ཡི་དབུས་ཀྱི་ནམ་མཁའ་ལ༔ བྱང་ཆུབ་སེམས་ཀྱི་དགའ་བ་རང་སར་སྐྱེས༔ དེ་ནི་མཁའ་འགྲོ་རང་ལ་ཤར་བའི་རྟགས༔ བུད་མེད་དཀར་མོ་རལ་ཅན་བཞད་བྱུང་ན༔ གསང་བ་ཡེ་ཤེས་དངོས་གྲུབ་ཐོབ་པའི་རྟགས༔ ནག་མོ་རལ་པ་ཅན་དུ་བྱུང་བ་ན༔ འདོད་ཁམས་དབང་འདུས་མཆོག་ཐུན་དངོས་གྲུབ་རྟགས༔ དམར་མོ་རལ་ཅན་ཁམས་གསུམ་དབང་འདུས་ཤིང་༔ གསང་བ་ཡེ་ཤེས་དམར་མོ་གྲུབ་པའི་རྟགས༔ སེར་མོ་ཐོད་ཕྲེང་ཅན་དུ་བྱུང་བ་


KMC024_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པའི་རྟགས༔ མ་བྱུང་མ་མོས་མ་ལྟར་བརྩེ་བའི་རྟགས༔ དེ་ཚེ་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ རྫས་རྣམས་ལུད་དང་མུན་པ་ནག༔ མེ་ཏོག་ཆར་འབེབས་འབྲུག་སྒྲ་རླུང་དམར་དང་༔ བུད་མེད་གཟུགས་དང་འཇའ་ཚོན་སྟོན༔ ཉི་ཟླ་ཤར་དང་སྤྲིན་དཀར་ལྡིང་༔ དེ་ཚེ་མ་མོ་བསྐང་བར་བྱ༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ སྣོད་སྟོང་ཐོགས་པར་རྨིས་ན་དོན་མི་འགྲུབ༔ བྱི་རུ་དམར་པོ་ཞིང་རྨོས་མི་ཁ་འབར༔ དར་རས་རྣམ་ལྔ་གྱོན་ན་ནད་དུ་འོང་༔ མངོན་སུམ་བྱུང་དང་སྣང་བ་རྨི་ལམ་འབྱུང་༔ བར་ཆད་བཟློག་ནས་དངོས་གྲུབ་བླང་ཆེད་དུ༔ ཡང་ནས་ཡང་དུ་ཐུགས་དམ་བསྐང་བར་བྱ༔ ཧཱུྃ། ད་ནི་མ་མོ་བསྟེན་པའི་རྫས༔ དང་པོ་འབོད་པའི་རྫས་ལྔ་ནི༔ གཡབ་དར་ཧསྟ་མི་ཚིལ་དང་༔ ཅོག་ཞུན་བདུག་སྤོས་རྫས་ཀྱིས་ཐུགས་དམ་བསྐང་༔ མ་མོ་མཆོད་ཅིང་སྐོང་བའི་


KMC024_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྫས༔ ཐོད་པ་ལྟག་སྤྲོད་སྐུ་མཁར་དང་༔ བྱ་ནག་ཤེལ་ནག་ཤོན་དང་ནི༔ མཆོད་ལྔ་སྤྱན་གཟིགས་དུ་མས་བསྐང་༔ མ་མོ་སྐོོང་བའི་རྫས་མཆོག་ནི༔ ཀེའུ་རིའི་ཤ་དང་དེ་མོའི་ཤ༔ གྲི་ཤ་དབང་པོ་རྣམ་ལྔ་དང་༔ འཆི་ཁའི་མཚལ་ཏིག་མི་སྙིང་དང་༔ ཤ་ཁྲག་ཚོགས་ཀྱི་བདུད་རྩི་དང་༔ གུར་གུམ་མངལ་ཁྲག་ཨ་མྲྀ་ཏ༔ ཛ་གད་ཤེལ་དང་བྱང་ཆུབ་སེམས་༔ མ་མོ་རྣམས་ཀྱི་དམ་ཚིག་བསྐང་༔ མུ་མཐར་ཁྱབ་པའི་ཐུགས་དམ་བསྐང་༔ མ་ལྟར་འཁྲུགས་པ་བསྐང་བ་ནི༔ ན་ཆུང་མཚལ་དང་མི་དབང་ཤ༔ རཀྟ་བདུད་རྩི་ཤ་མེད་དང་༔ དབུགས་མེད་སྲོག་མེད་ཁྲག་མེད་དང་༔ རུས་མེད་རྣམས་ཀྱིས་ཐུགས་དམ་བསྐང་༔ བྷྱོཿ སྲིང་ལྟར་འཁྲུགས་པ་བསྐང་བ་ནི༔ ཁྭ་ཏའི་ཤ་དང་ཞེས་ཀྱི་ཤ༔ དཀར་མངར་ཟས་ཀྱི་རྣམ་པར་དང་༔ ཤིང་ཏོག་མེ་ཏོག་རྣམས་ཀྱིིས་བསྐང་༔ བྲན་ལྟར་འཁྲུགས་པ་བསྐང་བ་ནི༔ དྲེའུའི་ཤ་དང་སྤྱང་མོའི་ཤ༔ རྟ་ནག་ཤ་དང་རཀྟ་ཁྲག༔ དེ་དག་


KMC024_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱིས་ཐུགས་དམ་བསྐང་༔ མཛའ་ལྟར་འཁྲུགས་པ་བསྐང་བ་ནི༔ ངང་པ་དང་ནི་སོ་བྱ་དང་༔ བྱ་ནག་དང་ནི་ལུགས་ནག་དང་༔ ཨ་མྲྀ་ཏ་ཡིས་ཐུགས་དམ་བསྐང་༔ རྗེ་མོ་འཁྲུགས་པར་བསྐང་བ་ནི༔ རཀྟ་སྨན་དང་ཀླད་པ་དང་༔ དམ་བརྡར་འབོད་ཅིང་ཟིལ་གྱིས་གནོན༔ བདུད་རྩི་དྲངས་ཤིང་གསོལ་བ་བཏབ༔ གནད་དུ་དབབ་པས་ཐུགས་དམ་བསྐང་༔ ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི༔ དྲི་ཆུས་ཕྱག་རྒྱ་ཉམས་པ་བསྐང་༔ ཁ་ཊྭཱྃ་ཏྲི་ཤུལ་ལུས་བཟླས་བསྐང་༔ འབྲུ་ཟན་ངར་མིའི་རྒྱལ་པོ་དང་༔ བྱ་རིགས་སྣ་དགུའི་གཟུགས་ཀྱིས་བསྐང་༔ གོམ་པའི་སྟངས་སྟབས་གར་གྱིས་བསྐང་༔ བྷནྷ་རཀྟས་བཀང་བ་དང་༔ བདུད་རྩི་སྨན་དང་བཅས་པས་བསྐང་༔ སྦྱིན་སྲེག་ལས་བཞིས་ཐུགས་དམ་བསྐང་༔ ཤ་ཆེན་སྙིང་དང་དམ་རྫས་དང་༔ གླང་པོ་ཆེ་ཡི་སྣ་ཆུ་དང་༔ བྱ་རོག་ཤ་དང་དེ་མོའི་ཤ༔ དེ་མོའི་སྒོ་ང་ལ་སོགས་པའི༔ སྒོ་ངའི་ཚོགས་ཀྱི་ཐུགས་


KMC024_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་༔ བྷྱོཿ ཞིང་ཆེན་ཁོག་པ་དུར་ཁྲོད་དང་༔ ཤ་ཁྲག་རྣམ་པ་སྣ་ཚོགས་ཀྱིས༔ འཇིག་རྟེན་འདས་དང་མ་འདས་པའི༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་༔ རས་ཀྱིས་མི་མགོ་བཏུམས་པ་ལ༔ སྨན་མོ་རྣམས་ཀྱི་མིང་བྲིས་ནས༔ བོང་བུ་ཞོན་ནས་སྡགས་ཀྱིས་དགུག༔ འབྲུ་ཟན་ཤ་ཆེན་ཨ་མྲྀ་ཏ༔ ཤ་ཁྲག་སྙིང་དང་དང་མགོ་བཅས་ཀྱིས༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་༔ རིན་ཆེན་རྣམ་པ་སྣ་ཚོགས་དང་༔ སྣ་ཚོགས་སྦྱར་བའི་བདུག་སྤོས་དང་༔ ན་ཆུང་སྙིང་དང་རྫས་ཀྱིས་བསྐང་༔ བྷྱོཿ ཙིཏྟ་རྩ་སྦུག་མ་ཉམས་པ༔ བུམ་ནང་སྦུ་གུར་མ་ཉམས་ན༔ ན་ཆུང་བྱུང་བའི་མཚལ་དང་ནི༔ བྱང་སེམས་སྦྱར་བའི་སྲོག་འཁོར་གཞུག༔ བྷནྷ་མཚན་ལྡན་ནང་དུ་ནི༔ སྨན་དང་མཚལ་ཆེན་རཀྟས་བསྐང་༔ རིན་ཆེན་སྣ་ཚོགས་རྫས་བཅས་ཀྱིས༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་༔ བྷྱོཿ གླང་ཆེན་ཀླད་དང་མི་དབང་ཤ༔ ནེའུ་ལེ་དང་རྨ་བྱ་དང་༔ བུ་མོ་གཙང་


KMC024_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མར་སྦྱར་བ་ཡི༔ བྱང་ཆུབ་སེམས་ཀྱིས་ཐུགས་དམ་བསྐང་༔ བྱ་མོ་དམར་མོའི་སྙིང་དང་ནི༔ རྒྱལ་མཚན་གཡབ་དར་དམར་པོ་དང་༔ སྨན་དང་གཏོར་མས་ཐུགས་དམ་བསྐང་༔ ཤིང་འབྲས་མེ་ཏོག་སྣ་ཚོགས་དང་༔ འབྲུ་སྣ་སྨན་སྣ་དར་སྣ་དང་༔ རིན་ཆེན་སྣ་ཚོགས་ཤ་ཁྲག་དང་༔ རྗོ་སོལ་རཾ་ལོས་རྫས་ཀྱིས་ཐུགས་དམ་བསྐང་༔ ཧཱུྃ་བྷྱོཿ ཡང་ཅིང་ཐུགས་དམ་བསྐང་བ་ནི༔ སྲོག་མེད་མ་ནི་སྲོག་གི་ཐུགས་དམ་བསྐང་༔ དབུགས་མེད་མ་ནི་དབུགས་ཀྱིས་ཐུགས༴ ཤ་མེད་མ་ནི་ཤ་ཡིས་ཐུགས༴ ཁྲག་མེད་མ་ནི་ཁྲག་གིས་ཐུགས༴ རུས་མེད་མ་ནི་རུས་པས་ཐུགས༴ དྲོད་མེད་མ་ནི་དྲོད་ཀྱིས་ཐུགས་དམ་བསྐང་༔ ཧཱུྃ། གཞན་ཡང་ཐུགས་དམ་བསྐང་བ་ནི༔ བྱ་ནག་ལུག་ནག་གཡག་ནག་དང་༔ ལྕང་ཁྲའི་དབུགས་ཀྱིས་ཐུགས༴ མི་དབང་བྱ་ལུག་སྙིང་གི་ཐུགས༴ མི་རུས་ཀེང་རུས་དཀར་པོ་ནི༔ རྒྱུས་པས་འབྲེལ་བས་ཐུགས༴ པདྨའི་ཁྲག་སྣ་སྣ་ཚོགས་དང་༔ ན་


KMC024_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མངལ་ཁྲག་མྱུར་ཁྲག་དང་༔ མི་དབང་སྙིང་ཁྲག་དག་གི༴ བྷྱོཿ ཡང་ཅིག་ཐུགས་དམ་བསྐང་བ་ནི༔ བདག་གི་སྤྱི་བོའི་ཁྲག་དང་ནི༔ ཁྱི་དང་བྱ་ཡི་སྙིང་ཁྲག་དང་༔ ཁྲག་སྣ་མང་པོས་ཐུགས༴ སྙིང་སྣ་ཤ་སྣ་རུས་སྣ་དང་༔ ཤེལ་ནག་སྤྱི་དཀར་མོ་ཡི་རིགས༔ མིད་པ་རྐང་དང་རྐང་མར་བཅས༔ བ་དང་རྟ་དང་ཀུ་ཀུ་གླང་༔ གླད་པའི་རྩ་ཆེན་འུག་པའི་ཁྲག༔ སྲིན་ལག་ཁྲག་དང་གསང་བའི་ཁྲག༔ དེ་དག་ཀུན་གྱི་ཐུགས༴ བྷྱོཿ འབྲུ་སྣ་བྱ་ཁྱི་གཡག་ལུག་ར༔ ཤ་ཁྲག་གཏོར་མ་མང་པོ་ཡིས༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ བྷྱོོ་གདབ་པ་ནི་ཐལ་མོ་བརྡབ་ཅིང་གཡབ་དར་གཡབ་ལ་དུལ་མོས་བརྡབ༔ དེ་ལྟར་ཐུགས་དམ་བསྐང་གྱུར་ནས༔ རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་དང་༔ ལས་ཀྱི་ཀརྨ་གྲོགས་མཆེད་དང་༔ བདག་ཅག་འདིར་འདུས་ཐམས་ཅད་དང་༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ རྐྱེན་དང་བར་ཆད་བཟློག་ཏུ་གསོལ༔ འདུ་བ་རྣམ་བཞི་བཟློག་ཏུ་གསོལ༔ བད་ཀན་


KMC024_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སྨུག་དགྲ་ལ་ཟློག༔ འཁྲིས་པ་ཤ་ཡ་དགྲ་ལ་ཟློག༔ རླུང་གང་འཕྱོ་བ་དགྲ་ལ་ཟློག༔ རིགས་འགྲེའོ། ཁྲག་དང་འདུས་པ་དགྲ་ལ༴ སྨྱོ་འབོག་ཉེར་ལྔ་དགྲ་ལ༴ སྨྱོ་འབོག་བརྒྱལ་ནད་དགྲ་ལ༴ འགྱུར་བུ་འདར་བུ་དགྲ་ལ༴ མཛེ་རིགས་བཅོ་བརྒྱད་དགྲ་ལ༴ མཛེ་ནད་འབྲུམ་ནད་དགྲ་ལ༴ ལྷོག་པ་འབྲས་ཆེན་དགྲ་ལ༴ དྲེག་དང་གྲུམ་བུ་དགྲ་ལ༴ སྐེམ་དང་གཡེམ་པ་དགྲ་ལ༴ ཤུ་བ་རྒྱ་ཐོར་དགྲ་ལ༴ རླུང་སྐམ་འབྲས་ཆེན་དགྲ་ལ༴ ཕོལ་མིག་སྐེམ་ནད་དགྲ་ལ༴ ཚག་དང་རྐང་ནད་དགྲ་ལ༴ རིམས་ནད་རྣམ་ལྔ་དགྲ་ལ༴ ཀླད་གཟེར་བལ་ནད་དགྲ་ལ༴ རྒྱུ་གཟེར་བལ་ཚད་དགྲ་ལ༴ གློ་སྙིང་རིམས་གཟེར་དགྲ་ལ༴ མཚོན་གྲུག་སྣ་བདུན་དགྲ་ལ༴ མདའ་གྲིི་མདུང་གྲི་དགྲ་ལ༴ ཁ་ཊྭཱྃ་ཏྲི་ཤཱུལ་དགྲ་ལ༴ སྒྱོག་འགུལ་རྡོ་དབྱུག་དགྲ་ལ༴ མཚོན་འཁྲུགས་བསྐལ་པ་དགྲ་ལ༴ དུས་འཁྲུགས་མཐའ་དམག་དགྲ་ལ༴ རྒྱ་འདྲེ་འགོང་པོ་དགྲ་ལ༴ གློ་བུར་ཉི་ཁྲི་དགྲ་ལ༴


KMC024_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་འབྲོག་སུམ་བརྒྱ་དགྲ་ལ༴ དུས་མིན་འཆི་བ་དགྲ་ལ༴ ནད་རིགས་བཞི་བརྒྱ་དགྲ་ལ༴ གདོན་རིགས་སྟོང་ཕྲག་དགྲ་ལ༴ མི་མཐུན་རྐྱེན་ཚོགས་དགྲ་ལ་ཟློག༔ དེ་ནས་བྷྱོ་གདབ་པ་ནི༔ བྷྱོཿ ཆགས་ཆེ་ཉམས་ང་དགྲ་ལ་བྷྱོཿ འགྲེའོ། ལོ་སྐག་ཟླ་སྐག་དགྲ་ལ༴ ཟ་མའི་བདུན་ཟུར༴ རྦོད་གཏོང་རྦད་འདྲེ༴ འབྱུང་བའི་གཙུག་ལ་རྩུབ་པ་དགྲ་ལ༴ བརྟག་པའི་རྟེན་འབྲེལ་ངན་པ་དགྲ༴ རྨི་ལྟས་མཚན་མ་ངན་པ་དགྲ་ལ༴ ཡས་ཀྱི་བདུད་དུ་གཡོས་པ་དགྲ་ལ༴ མས་ཀྱི་སྲི་རུ་ལངས་པ་དགྲ་ལ༴ བར་གྱི་རྩུབ་འགྱུར་ངན་པ་དགྲ་ལ༴ ཕ་ཚན་ནང་གི་རྒྱབ་འདྲེ་དགྲ་ལ༴ དར་ཚན་ནང་གི་སྟོང་འདྲེ་དགྲ་ལ༴ མ་ཚན་ནང་གི་སྣ་འདྲེ༴ མ་བུའི་བྱུར་འདྲེེ༴ ཕ་བུའི་ལྟོགས་འདྲེ༴ ལྟག་པའི་བདུད་བབ༴ དཔྲལ་བའི་གཤེད་འཁོར༴ ཕོ་བདུད་དལ་ཁ༴ མོ་བདུད་ཡམས་ཁ༴ སྤྱི་བདུད་དལ་ཁ༴ སྔགས་པའི་སྔགས་ཟོར༴ བོན་པོའི་བྱད་ཟོར༴ ཕུར་པའི་དབལ་ཟོར་དགྲ་ལ༴ དྲང་སྲོང་དམོད་


KMC024_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་དགྲ་ལ༴ རང་གཤེད་རང་འཁོར་དགྲ་ལ༴ རླུང་གི་འཁོར་ལོ་དགྲ་ལ༴ སེལ་གྱི་ཕུང་ཤིག་དགྲ་ལ༴ ལྟས་ངན་ཆོ་འཕྲུལ་དགྲ་ལ༴ མི་མཐུན་ཕྱོགས་རྣམས་དགྲ་ལ༴ ལྟས་ངན་བརྒྱད་ཅུ༴ གཞན་གྱིི་བྱད་གཏད་དགྲ་ལ་བྷྱོཿ བཟློག་གོ་ཆགས་ཆེ་དགྲ་ལ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ གཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ སྔགས་ཟློག་མཁའ་འགྲོའི་དམོད་པ་ནི༔ ཨོཾ་ཧ་ཧ་མོ་ཧེ་ཧྲི་ཏ་ཡ༔ པ་རི་ཧ་རི་ཡ༔ ཁ་ལིང་ཏ་ཡ༔ མཱ་ར་ན་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ས་མ་ཡ་ཟློག་ཟློག༔ ཨལ་པྲ་མོ་ཧ་བྷྱོཿ ཨ་ཏི་པྲ་མོ་ཧ་བྷྱོ༔ ཨ་ཏི་པྲ་མོ་ཟློག༔ ཟོར་ཁ་ཟློག༔ བྱད་ཁ་ཟློག༔ དམོོད་མོ་ཟློག༔ རྦོད་གཏོང་ཟོག༔ རྦད་འདྲེ་ཟློག༔ ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་བྷྱོ་ཟློག༔ ཅེས། དེ་ནས་སྨན་ཕུད་ཕུལ༔ སྤུང་མདའ་གཡབ་ལ་ཆད་དོན་སྨོན་ལམ་བཏབ་པ་ནི༔ ཧོ༔ བདག་རྣམས་འབྱོར་འཁོར་བཅས་ཀྱི༔ ཚེ་ལ་བར་ཆད་མ་བྱེད་ཅིག༔ སྲོག་ལ་ཧུར་ཐུམ་མ་བྱེད་ཅིག༔ དབུས་ཀྱི་གཙོ་མོ་མ་གཡེལ་


KMC024_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཕྱི་ཡི་བརྟེན་མ་མ་གཡེལ་ཅིག༔ འཁོར་གྱི་མཁའ་འགྲོ་མ་འཁྲུགས་ཤིག༔ ནང་གི་རྗེ་མོ་མ་སྡུག་ཅིག༔ ཕྱི་ཡི་མ་ཡམས་མ་འཁུ་ཅིག༔ མ་མོ་ཆེན་མོ་འཁོར་བཅས་ཀྱིས༔ བདག་གིས་བསྟེན་པའི་མ་སྲིང་མཛོད༔ སྙིང་དུ་ཉེ་བའི་མཛའ་མོ་མཛོད༔ བསམ་པ་འགྲུབ་པའི་བྲན་མོ་མཛོད༔ བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད༔ གནོད་པར་བྱེད་པའི་དམ་སྲི་དང་༔ དམིགས་པར་བྱེད་པའི་དགྲ་བགེགས་རྣམས༔ ལོ་ཟླར་མ་བཞག་ཟ་མར་སྒྲོལ༔ ད་ལྟ་ཉིད་དུ་རྡུལ་དུ་རློག༔ བདག་ཅག་བསམ་པའི་དོན་ཀུན་སྒྲུབས༔ ཉམས་པ་ཅི་མཆིས་བསྐང་དུ་གསོལ༔ འགལ་འཁྲུལ་ཐམས་ཅད་བཟོད་པར་གསོལ༔ འཁྲུལ་པ་ཐམས་ཅད་བཤགས་པར་བགྱི༔ སྔོན་ཚེ་སློབ་དཔོན་ཆེན་པོ་ཡིས༔ མ་མོ་འཁྲུགས་མདོས་འདི་མཛད་པས༔ མངའ་བདག་ཆབ་འབངས་བདེ་བ་དང་༔ རྒྱལ་ཁམས་བདེ་ཞིང་ལོ་ལེགས་པ༔ ཡིད་ལ་བསམ་པ་ཐམས་ཅད་འགྲུབ༔ དེ་ཕྱིར་འཁྲུགས་སྐོང་འདི་ཉིད་ནི༔ གལ་ཆེ་དོན་ཆེ་གནད་ཟབ་བོ༔ དེ་ཕྱིར་མ་འོངས་ཐ་མའི་དུས༔ མ་མོ་མཁའ་འགྲོ་


KMC024_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་ཅི༔ རང་རང་ཆོ་གའི་གཞུང་ལ་སྦྱར༔ དེ་དང་དེ་ཡི་ཉམས་འཁྲུགས་བསལ༔ འཇིགས་བརྒྱད་ཞི་དང་འབྱོར་དྲུག་སྤེལ༔ དབང་སྡུད་དགྲ་བགེགས་བསྒྲལ་བའི་ལས༔ ཡུལ་འཛིན་དགྲ་ཟློག་ལེ་གུ་གསོ༔ བྱེས་བགྲོད་དོན་ཆེན་གར་བྱེད་ཀྱང་༔ འཁྲུགས་སྐོང་འདི་བྱས་མྱུར་དུ་འགྲུབ༔ དེ་ཕྱིར་འཇིག་རྟེན་འཇིག་རྟེན་འདས༔ ཆེ་ཧྲག་བྱ་བ་ཐམས་ཅད་དུ༔ འཁྲུགས་པའི་སྐོང་བ་བྱ་བ་མཆོག༔ ཁྱད་པར་ནད་ལ་བཅོས་པ་དང་༔ རིམས་ནད་མི་ཕྱུག་ཡམས་ནད་དང་༔ ལས་ཀུན་འདི་བྱས་འགྲུབ་པར་འགྱུར༔ དེ་ཕྱིར་བདག་འདྲ་པདྨ་ཡིས༔ སྲིད་པའི་མ་མོའི་རྫོང་ལུང་དང་༔ མཚོ་བཞི་རྡོ་རྗེ་མཁའ་འགྲོའི་རྒྱུད༔ མ་མོ་སྤྱོད་ཡི་རྒྱུད་ལུང་གི༔ སྙིང་པོ་གསང་བའི་བཅུད་དྲིལ་ནས༔ འདིར་བཤད་གཏེར་དུ་གདམས་པར་བྱ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ་༔ གུཧྱེ༔ ཙིཏྟ༔ མ་མ༔ གཏད་རྒྱ༔ ཨོཾ་སྭ་སྟི། སྟག་གཤམ་གཏེར་བྱོན་འཁྲུགས་སྐོང་འདི། །བྱང་འབྲོག་གཡག་མཐར་མཚོ་སྤྱི་ནས། །མི་ཕྱུགས་ནད་ཡམས་ཞི་ཆེད་དུ། །འོག་མིན་མཚུར་མཆོད་བླ་བྲང་དུ། །སྤར་དུ་བཞེངས་དགེས་མཁའ་མཉམ་འགྲོའི། །ཡམས་རིམ་འཚེ་བ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས། །སྣང་སྲིད་འཁོར་འདས་དབང་བསྡུས་ཤིང་། སྡུག་བསྔལ་དགྲ་དཔུང་བརླག་གྱུར་ཅིག །སརྦམངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་


KMC024_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousམ་མོའི་འཁྲུངས་སྐོང་བདུད་རྩིའི་བུམ་པ།next