Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

8 occurrences of འཚེར་རྩུབ་
[Clear Hits]


  
  
  
  
 
  
  
  
  
  
  
སངས་རྒྱས་གླིང་པའི་གཏེར་བྱོན་འཇམ་དཔལ་གཤིན་རྗེ་ཀིང་ཀང་དམར་ཆུང་གི་མན་ངག་ལས་ཕྱུངས་བའི་འགུགས་བྱང་ཉེར་ཁོ།
  
  
  
  
  
  
  
  
  
 
  
  
  


8 occurrences of འཚེར་རྩུབ་
[Clear Hits]

 
previousསངས་རྒྱས་གླིང་པའི་གཏེར་བྱོན་འཇམ་དཔལ་གཤིན་རྗེ་ཀིང་ཀང་དམར་ཆུང་གི་མན་ངག་ལས་ཕྱུངས་བའི་འགུགས་བྱང་ཉེར་ཁོ།next

སངས་རྒྱས་གླིང་པའི་གཏེར་བྱོན་འཇམ་དཔལ་གཤིན་རྗེ་ཀིང་ཀང་དམར་ཆུང་གི་མན་ངག་ལས་ཕྱུངས་བའི་འགུགས་བྱང་ཉེར་ཁོ།


KMC024_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་གླིང་པའི་གཏེར་བྱོན་འཇམ་དཔལ་གཤིན་རྗེ་ཀིང་ཀང་དམར་ཆུང་གི་མན་ངག་ལས་ཕྱུངས་བའི་འགུགས་བྱང་ཉེར་ཁོ་ནི། ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །སྔགས་འཆང་བདག་གི་སྔགས་དང་ཏིང་ངེེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད། ཁྱད་པར་བདག་ཅག་འཁོར་དང་བཅས་པ་ལ། །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས། ཁ་འཇམ་སྙིང་རྩུབ་ཞེ་ནས་སྨོད་པ་དང་། །དོ་བསྡོོ་ཕོད་བཙུག་བསམ་ངན་སྦྱོར་རྩུབ་བྱེད། །མཐུ་དང་ནུས་པ་བུ་ལོན་བཞིན་དུ་བསྙགས། །དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་། །བར་ཆད་བྱེད་པའི་བདུད་དང་དམ་སྲི་སོགས། །ཡིད་ལ་དམིགས་པའི་དགྲ་བགེགས་གང་ཡིན་གྱི། །རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས། །གནམ་ས་གླིང་བཞི་གླིང་


KMC024_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་རི་རབ་གསེང་། །ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས། །གང་དུ་གནས་ཀྱང་གཏོར་མ་འདི་ཉིད་ལ། ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བྃ། །མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོ། །ལྷ་དང་ཕྱེས་ཤིག་པྲ་ཝེ་ཤ་ཡ་ཕཊ། །ད་བྱེར་མེད་སྟིམས་ཤིག་ཨ་བེ་ཤ་ཡ་ཨཱ། ཞེས་དོ་གལ་དང་བསྟུན་པའི་ལན་མང་གི་མཐར། བདག་མདུན་ཐུགས་ལས་ཛཿཡིག་དམར་ནག་འཕྲོས། །སྒྲུབ་བྱའི་སྣ་འུག་གཤང་ལམ་གཉིས་ནས་ཞུགས། །སྙིང་གར་ཕྱིན་པའི་ཟངས་ལྕགས་འཁོར་ལོ་གཉིས། །གཡག་གཡོན་འཁོར་བའི་ཤ་ཁྲག་བླ་ཚེ་གཏུབས། །རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས། །ཚེ་བསོད་ནྲི་ཡིག་ལྗང་གུ་བདག་ལ་ཐིམ། །ཤ་ཁྲག་བདུད་རྩིར་གྱུར་པ་སྲུང་མས་གསོལ། སརྦ་དྷརྨ་པཱ་ལ་དགྲ་བགེགས་ཀྱི་མ་ཧཱ་མཾཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་


KMC024_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། ཞེས་བསྒྲལ་བརླབ་བསྟབ་དམིག་རྣམས་བྱའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousསངས་རྒྱས་གླིང་པའི་གཏེར་བྱོན་འཇམ་དཔལ་གཤིན་རྗེ་ཀིང་ཀང་དམར་ཆུང་གི་མན་ངག་ལས་ཕྱུངས་བའི་འགུགས་བྱང་ཉེར་ཁོ།next