Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
རྩ་གསུམ་ལྷ་ཚོགས་གཞི་བདག་རྣམས་ཀྱི་གསེར་སྐྱེམས་དང་ཀ་བསྟོད་ཀྱི་རིམ་པ།
   
   
   
   
   
   
   
   
   
   
   
   


 
previousརྩ་གསུམ་ལྷ་ཚོགས་གཞི་བདག་རྣམས་ཀྱི་གསེར་སྐྱེམས་དང་ཀ་བསྟོད་ཀྱི་རིམ་པ།next

རྩ་གསུམ་ལྷ་ཚོགས་གཞི་བདག་རྣམས་ཀྱི་གསེར་སྐྱེམས་དང་ཀ་བསྟོད་ཀྱི་རིམ་པ།


KMC024_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལྷ་ཚོགས་གཞི་བདག་རྣམས་ཀྱི་གསེར་སྐྱེམས་དང་། ཀ་བསྟོད་ཀྱི་རིམ་པ་བཅས་བཞུགས་སོ།།


KMC024_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀརྨ་ཀ་ཡེ་ན་མཿ འདིར་རྩ་གསུམ་ལྷ་ཚོགས་ཡུལ་ལྷ་བཞི་བདག་ལ་གསེར་སྐྱེམས་མཆོད་པར་བྱ་བར་འདོད་པས་གཙང་ཞིང་རྒྱ་ཆེ་བའི་མཆོད་རྗས་རྣམས་འདུ་བྱས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་ངྷརྨཿསྭ་བྷ་སྭ་ཝ་ཤུདྡྷོ྅་ཧཾ། ཨོཾ་ཨཱ་ཧཱུྃ། ལན་གསུམ་གྱིས་མཆོད་རྗས་བྱིན་བརླབས་ལ། ཀྱཻ། རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །དབྱེར་མེད་སྣང་སྲིད་ཟིལ་གནོན་ཀརྨ་ཀ །སྣ་ཚོགས་སྒྱུ་འཕྲུལ་བཀའ་བརྒྱུད་བླ་མ་ལ། ཡེ་ཤེས་བདུད་རྩིའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །འཁོར་


KMC024_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བདེ་མཆོག་འཇིག་རྟེན་དབང་ཕྱུག་དང་། །གུ་རུ་དྲག་པོ་རྡོ་རྗེ་གྲོ་བོ་ལོད། །ཕག་ཁྲོས་སེང་སོགས་ཡི་དམ་ལྷ་ཚོགས་ལ། །ཡེ་ཤེས་བདུད་རྩིའི་གསེར༴ །ལེགས་ལྡན་ནག་པོ་རྡོ་རྗེ་བེར་ནག་ཅན། །ཕྱག་གཞི་ཕྱག་དྲུག་གུར་མགོན་མ་ནིང་དང་། །རང་བྱུང་རྒྱལ་མོ་དུད་སོལ་ལྷ་མོ་ལ། །ཡེ་ཤེས༴ །རྒྱལ་ཆེན་རྣམས་སྲས་ཀླུ་རྒྱལ་སྔགས་ཀྱི་བདག །མགར་བ་དམར་ནག་སྲིན་མགོན་ཞིང་སྐྱོང་དང་། །ཏྲཀྴད་ཁྱབ་འཇུག་མཁར་ནག་དུག་གདོང་ལ། །ཡེ་ཤེས༴ །ཚེ་རིང་


KMC024_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ལྔ་རྡོ་རྗེ་གཡུ་སྒྲོན་མ། །ཆོས་ཀྱི་སྒྲོན་མ་ཨཱརྻ་རེ་མནྟ། །རྟ་བདག་གནོད་སྦྱིན་ཆེན་པོ་ཀུ་བེ་ར། །ཡེ་ཤེས༴ ལྷ་ཆེན་ཐང་ལྷ་རྨ་རྒྱལ་སྤོམ་ར་དང་། །སྐུ་རྒྱལ་ཤེན་ནེ་རྡོ་རྗེ་བྲག་བཙན་དང་། །རྡོ་རྗེ་རྫིང་བཙན་གྱང་ལྷ་བཙན་པོ་ལ། །ཡེ་ཤེས་བདུད་ཙིའི༴ རྒྱ་ལྷ་གང་བཟང་གངས་དཀར་ཤ་མེད་དང་། །ལག་སོར་ཕྱུག་མོ་ཁྱོར་བ་རྩེ་གསུམ་དང་། །ཁུང་ཁྱིམ་ཞལ་དཀར་གཡའ་མ་སྟག་ལག་དང་། །བཙན་རྒོད་ཆེན་པོ་ཇག་པ་མེ་ལེན་ལ། །ཡེ་ཤེས༴ སྤྲག་བཙན་དབྱི་རྒྱལ་དཔལ་ལྡན་ཤེས་རབ་དང་། །རྡོ་རྗེ་སྨན་དཔལ་གཙང་རྨེ་ནག་ཕྱི་སོགས། །སྐྱེས་ལྷ་ཡུལ་གཞིའི་གནས་བདག་ཚོགས་རྣམས་ལ། །ཡེ་ཤེས༴ རྒྱུད་སྲུང་མ་གཅིག་རྡོ་རྗེ་རབ་བརྟན་མ། །སྐུ་ལྷ་ཧ་བོ་གང་བཟང་སྲས་བློན་འཁོར། །ཤེལ་གིང་དཀར་པོ་ཙིའུ་དམར་པོ་ལ། །ཡེ་ཤེས༴ མ་གཟའ་དམ་ཅན་ལྷ་བཙན་ཐོག་རྒོད་ཆེ། །དགེ་བསྙེན་པདྨ་བཙུན་སྲས་བློན་འཁོར་བཅས། །བཀའ་སྡོད་སེངྒེ་


KMC024_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ཆུང་མཁོར་པོ་ཁ། །ཡེ་ཤེས༴ དགྲ་ལྷ་ཡེ་བརྫུ་མཆེད་གསུམ་རྫོང་ཆེན་བརྒྱད། །ངམ་རྒྱལ་ལྷ་བཙན་རྐྱང་སྨུག་སྤུན་བདུན་དང་། །ཞམ་མཚོ་ཕྱུག་མོ་ཨ་ཞེ་ལན་ཚེ་དཔལ། །དགེ་འཕེལ་ལྷ་རྩེ་རྒྱལ་མོ་རི་ཕྱུག་ལ། །ཡེ་ཤེས༴ གཞན་ཡང་ཡུལ་ཕྱོགས་འདིར་གནས་གཞི་བདག་དང་། །ལོ་ཟླ་ཞག་དུས་གཟའ་སྐར་སྤར་སྨེེའི་ལྷ། །ས་བདག་རྒྱལ་བློན་ཕྱོགས་སྐྱོང་སྡེ་བརྒྱད་ཚོགས། །གཉུག་མར་གནས་དང་གློ་བུར་ལྷག་རྣམས་ལ། །ཡེ་ཤེས་བདུད་ཙིའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །མཆོད་ཡུལ་ཚོགས་རྣམས་མཉེས་ཤིང་ཚིམས་གྱུར་ནས། །རྒྱལ་བསྟན་སྤྱི་དང་ཀརྨ་བཀའ་བརྒྱུད་ཀྱི། །བསྟན་པ་དར་ཞིང་བསྟན་འཛིན་ཞབས་པད་བརྟན། །འཇིག་རྟེན་ཁམས་ཀུན་བདེ་སྐྱིད་ཕུན་སུམ་ཚོགས། །ཀུན་ཀྱང་དཀར་པོའི་ཆོས་ལ་སྤྱོད་གྱུར་ཅིག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་ཀུན་ཞི་ཚེ་དཔལ་འབྱོར་པ་རྒྱས། །མི་མཐུན་


KMC024_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་རྐྱེན་ཕྱི་ནང་བར་ཆད་ཞི། །གཞིས་བྱེས་བྱ་བ་གང་དང་གང་བརྩམ་པ། །ལེགས་ཁ་རྒྱལ་ཁ་དང་བཅས་བདེ་བླག་ཏུ། །བསམ་དོན་མ་ལུས་མྱུར་དུ་འགྲུབ་པར་མཛོད། ཁྱད་པར་གདན་ས་ཆེན་པོ་འདི་ཉིད་ཀྱི། །ཆོས་སྲིད་མངའ་ཐང་གོང་ནས་གོང་འཕེལ་ཞིང་། །དགེ་འདུན་སྡེ་ཆེན་རབ་ཏུ་རྒྱས་པ་དང་། །འདུས་པ་མཐུན་ཞིང་ཐོས་བསམ་བསྒོམ་པ་འཕེལ། །ཚེ་རིང་ནད་མེད་འབྱོར་པ་རྒྱས་པར་མཛོད། །སྒྲུབ་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། །བརྟན་དང་བརྟན་འཛིན་སྐྱེས་བུ་ལ་འཚེ་ཞིང་། །ལོག་པར་བལྟ་ཞིང་བསམ་ངན་སྦྱོར་རྩུབ་ཀྱི། །གནོད་བྱེད་མི་དང་མི་མིན་གང་ཡིན་ཀྱང་། །སྲུང་མ་ལས་མཁན་ཕོ་ཉའི་ཚོགས་རྣམས་ཀྱིས། །སྲོག་ཆོད་སྙིང་ཕྱུངས་ལྟས་ངན་སྣ་ཚོགས་ཐོང་། །མིང་རུས་རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །མདོར་ན་ལེགས་པའི་ཕུན་ཚོགས་ཀུན་འཕེལ་ཞིང་། །མི་མཐུན་ཉེས་ཚོགས་རིང་བཅིལ་དུས་རྟག་ཏུ། །བཀྲ་ཤིས་


KMC024_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ལེགས་སྣང་བ་འབར་གྱུར་ཅིག །ཅེས་པ་འདིའང་རྗེ་དབོན་ཀརྨ་བསྟན་པ་རབ་རྒྱས་ནས་བསྐུལ་བའི་ངོར་༧ཀརྨ་པ་བཅུ་བཞི་པས་བྲིས་པ་སརྦ་མངྒ་ལཾ། ༈ བསྟན་སྲུང་དཔལ་ལྡན་ལྷ་མོ་འཁོར་བཅས་ལ་གསེར་སྐྱེམས་འབུལ་བར་སྤྲོ་ན། འབྲུ་སྣ་ཆང་ཕུད་གཙང་མ་སོགས་འདུ་བགྱིས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱ་ཧཱུྃ། ལན་གསུམ་གྱིས་བྱིན་རླབས། བྷྱོ། པདྨ་འབྱུང་གནས་ཞང་བཙུན་དར་མའི་མཚན། །ཁྱུང་པོ་སྟག་ཤམ་རྒྱལ་བ་ཡེ་ཤེས་དང་། །བླ་ཆེན་མགོན་པོ་སྟོང་དཔོན་ཤེས་རབ་མགོན། །དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པའི། །ཡུམ་རྐྱང་བརྒྱུད་པའི་རྩ་རྒྱུད་པའི་བླ་མ་ལ། གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་འབུལ་ལོ། །ཡི་དམ་ཁྲོ་བོའི་དབང་པོ་གཤིན་རྗེ་གཤེད། །དམར་ནག་འཇིགས་གསུམ་ཕྱག་རྒྱ་ཟིལ་གནོན་དང་། །བདེ་མཆོག་དགྱེས་རྡོར་རྟ་མགྲིན་དབང་གི་རྒྱལ། །རྡོ་རྗེ་ཕག་མོ་སེང་གདོང་ཁྲོས་ལ་མ་ནག །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །གསེར་སྐྱེམས༴ རྒྱལ་བའི་བསྟན་པ་རིན་ཆེན་སྲུང་མཛད་ཅིང་། །


KMC024_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལྡན་རྣལ་འབྱོར་བུ་གཅིག་མ་བཞིན་སྐྱོངས། །འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་ལ། །གསེར་སྐྱེམས༴ རང་བྱུང་རྒྱལ་མོ་དུད་སོལ་ལྷ་མོ་དང་། །རྩ་འཇིབས་དམར་མོ་དམག་ཟོར་རྒྱལ་མོ་སོགས། །ཞི་རྒྱས་དབང་དྲག་སྤྲུལ་པ་ཡང་སྤྲུལ་ལ། །གསེར་སྐྱེམས༴ ཆོས་འཁོར་སྐྱོང་བའི་སྲུང་མ་དཔལ་ལྷ་མོ། །ཚེ་རིང་མཆེད་ལྔ་ཨ་ཕྱི་ཆོས་ཀྱི་སྒྲོན། །རྡོ་རྗེ་གཡུ་སྒྲོན་སྨན་མོ་འབུམ་སྡེ་ལ། །གསེར་སྐྱེམས༴ ཆུ་སྲིན་གདོང་ཅན་ཁྲི་སྨན་མདོག་ལྡེམ་དང་། །མ་བདུན་སྲིང་བཞི་འབར་མ་དགུ་རྣམས་དང་། །དུས་བཞི་ལྷ་མོ་དམག་རྒྱལ་ཆེན་མོ་བཞིར། །གསེར་སྐྱེམས༴ དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་དང་། །ཨེ་ཀ་ཛ་ཏི་ཤ་ཟ་ཁ་མོ་ཆེ། །བཀའ་གཏེར་སྐྱོང་མཛད་མ་སྲིང་རྒྱ་མཚོ་ལ། །གསེར་སྐྱེམས༴ འདོད་པའི་ཁམས་རྣམས་ཀུན་ལ་དབང་བསྒྱུར་བ། །སྲིད་པ་མོ་རྒྱུད་མ་མོའི་ལྷ་ཚོགས་རྣམས། །ཤེས་རབ་རང་བཞིན་བསྟན་སྐྱོང་ཐམས་ཅད་ལ། །


KMC024_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་བདུད་ཙིའི་མཆོད་པ་འདི་འབུལ་ལོ། །དེ་ལྟར་བདུད་རྩི་སྨན་གྱི་མཆོད་པ་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་སྦྲིན་དཔག་མེད་པ། །ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་བཞིན་དུ། །འབུལ་འདི་དགྱེས་བཞེས་ཐུགས་དམ་གཉན་པོ་བསྐང་། །བདག་ཅག་དམ་ཚིག་ལྡན་པའི་རྣལ་འབྱོར་དང་། །བསྟན་པའི་སྦྱིན་བདག་ཆེ་ཕྲ་ཐམས་ཅད་ཀུན། །མི་མཐུན་ཉེར་འཚེའི་ཚོགས་རྣམས་ཞི་བ་དང་། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །འདུ་བ་རྣམ་བཞིའི་ནད་རྣམས་ཞི་བ་དང་། །འགོ་ཡམས་རིམས་ནད་དུས་འཁྲུག་མཐའ་དམག་བཟློག །བསྟན་འཛིན་ཞབས་བརྟན་ཕྲིན་ལས་རྒྱ་ཆེར་རྒྱས། །འཇིག་རྟེན་ཁམས་ཀུན་བདེ་བའི་ཕྲིན་ལས་མཛོད། །ཅེས་གསེར་སྐྱེམས་མཆོད་ལ། བྷྱོཿ སེམས་ཉིད་ཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ལས་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །


KMC024_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་གྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་དང་ནད་རྣམས་ཞི་བར་མཛོད། །མཐུན་པར་བསྟན་པའི་རྒྱས་པའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་གྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་རྒྱས་མཛད་ཁྱོད་ལ་ཕྱག༴ བདག་གི་ཚེ་དང་བསོད་ནམས་རྒྱས་པར་མཛོད། །མཐུན་པར་བསྟན་པའི་དབང་གི་དཔལ་ལྷ་མོ། །དབང་མཛད་དབང་གྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དབང་མཛད་ཁྱོད་ལ་ཕྱག༴ །བདག་གི་འཁོར་དང་ལོངས་སྦྱོད་


KMC024_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྡུས། །མཐུན་པར་བསྟན་པའི་དྲག་པོའི་དཔལ་ལྷ་མོ། །དྲག་མཛད་དྲག་གུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དྲག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་དང་ནད་རྣམས་དྲག་པོས་སོད། །ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ལ། །འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ནི། །ཕྲིན་ལས་རྣམས་བཞིས་འགྲོ་བ་འདྲེན་པའི་རྟགས། །ཉོན་མོང་བདུད་བཞིའི་དཔུང་རྣམས་བརླག་པར་མཛད། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་ནས། །ཁྱོད་ལྟར་གཞན་གྱི་དོན་ལ་བཙོན་གྱུར་ཅིག །འགྲོ་བ་སྒྲོལ་བའི་མཐུ་དང་ལྡན་པར་ཤོག །དེ་ཕྱིར་མཐུན་པའི་དམ་རྫས་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །ཅེས་བསྟོད། སངས་རྒྱས་བསྟན་སྲུང་སོགས་ཀྱིས་ཕྲིན་ལས་བཅོལ་ཞིང་འདོད་དོན་ཐམས་ཅད་སྨོན་ལམ་རྩེ་གཅིག་ཏུ་བྱའོ། །ཅེས་པ་མཚུར་ཕུའི་


KMC024_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཁང་སྒྲུབ་པོ་རྣམས་ཀྱིས་བསྐུལ་ངོར་༧ཀརྨ་པ་བཅུ་བཞི་པསོ།། ༈ འདིར་བསྟན་སྲུང་དགེ་བསྙེན་ཆེན་པོ་སྐྱེས་མཆོག་བཛྲ་ས་དྷཱུ་ལ་གསེར་སྐྱེམས་འབུལ་བར་འདོད་པས། སྣོད་གཙང་མར་མྱོས་བྱེད་བདུད་རྩི་སྙིང་ཁུའི་ཇའམ། གསེར་སྐྱེམས་ཕུད་དག་གཙང་ལ་འབྲུ་སྨན་རིན་ཆེན་གང་འབྱོར་བཏབ་ཏེ། རཾ་ཡཾ་ཁཾ་གྱིས་བསང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིཿས་སྦྱངས་རྟོགས་སྤེལ་ནས་འདི་སྐད་དོ། ཧཱུྃ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཡོངས་ཀྱི་གཙོ། །བྱིན་རླབས་དངོས་གྲུབ་རྒྱ་མཚོའི་འབྱུང་གནས་ཆེ། །དཔལ་ལྡན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །གསེར་སྐྱེམས་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འབུལ། །སྤྲོས་བྲལ་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །གང་འདུལ་ཞི་ཁྲོ་ཉམས་དགའི་རོལ་གར་ཅན། །བསམ་ཡས་ཡིད་དམ་རྒྱུད་སྡེའི་ལྷ་ཚོགས་ལ། །གསེར་སྐྱེམས༴ ཞིང་སྔགས་ལྷན་སྐྱེས་ལ་སོགས་མཁའ་འགྲོའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་དྲེགས་བྱེད་ཀྱི། །དམ་ཅན་ཆོས་སྐྱོང་སྲུང་མ་རྒྱ་མཚོ་ལ། །གསེར་སྐྱེམས༴ ཁྱད་པར་དབང་ཆེན་རྟ་མཆོག་ཧེ་རུ་


KMC024_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི། །ཐུགས་སྤྲུལ་བསྟན་སྲུང་དྲེགས་བྱེད་ཡོངས་ཀྱི་གཙོ། །འཛམ་གླིང་ཉི་མ་ནུབ་ལ་མངའ་མཛད་པའི། །གནམ་ས་ཕྱེད་ཀྱི་བདག་པོ་རྡོ་རྗེ་ལེགས། །སྐུ་གཅིག་མཚན་དང་རྣམ་འགྱུར་སྣ་ཚོགས་སྟོན། །མ་ངེས་སྤྲུལ་པ་སྣ་ཚོགས་ཅིར་ཡང་འགྱེད། །དབེན་གནས་ཆོས་འཁོར་ཡོངས་ཀྱི་སྲུང་མ་རུ། །སྔོན་ཚེ་དེ་བཞིན་གཤེགས་པས་བྱིན་རླབས་ཤིང་། །གསང་བདག་རྡོ་རྗེ་འཛིན་དང་པད་འབྱུང་གིས། །དབང་བསྐུར་དམ་བཞག་རྡོ་རྗེའི་ཐ་ཚིག་ཅན། །སྐྱེས་མཆོག་དམ་ཅན་རྡོ་རྗེ་ལེགས་པ་ལ། །གསེར་སྐྱེམས༴ དམ་ཅན་སྐྱེས་བུའི་ཐུགས་ཀྱི་དགྱེས་སྡེ་མོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ་མཆོག་དང་། །མཁའ་རེག་ཁྱུང་བཙུན་ལ་སོགས་བསྟན་སྐྱོང་ལ། །གསེར་སྐྱེམས༴ སྐུ་ཡི་མཆེད་ཟླ་ལྷ་བཙན་བདུད་ཀྱི་རིགས། །དགེ་བསྙེན་ཆེན་པོ་སུམ་བརྒྱ་དྲུག་བཅུ་དང་། །ཟ་བྱེད་མཆེ་བ་ཅན་དང་བཅས་རྣམས་ལ། །གསེར་སྐྱེམས༴ གཞན་ཡང་ལྷ་དང་གཤིན་


KMC024_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བདུད་དང་བཙན། །ཀླུ་དབང་གནོད་སྦྱིན་ས་ཡ་ཕྲག་བདུན་དང་། །འབུམ་ཕྲག་སུམ་བཅུ་ཙ་བཞི་འཁོར་ཚོགས་ལ། །གསེར་སྐྱེམས༴ སྐྱེས་བུ་འཁོར་བཅས་བདུད་རྩི་གསེར་སྐྱེམས་ཀྱི། །མཆོད་སྤྲིན་རྒྱ་མཚོས་མཉེས་ཤིང་ཚིམ་གྱུར་ནས། །རྒྱལ་བསྟན་སྤྱིི་དང་སྒྲུབ་བརྒྱུད་སྙིང་པོ་ཡི། །བསྟན་པ་རིན་ཆེན་ཕྱོགས་ཀྱི་ཐ་གྲུ་ཀུན། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ཡུན་དུ་བསྲིང་། །དེ་ཡི་བཞེད་དོན་ཇི་བཞིན་འགྲུབ་པ་དང་། །རྒྱལ་ཁམས་ཀུན་ཀྱང་བདེ་སྐྱིད་རྫོགས་ལྡན་གྱི། །དཔལ་ལ་ལོངས་སུ་སྤྱོད་པའི་ཕྲིན་ལས་མཛོད། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས། །མ་རུང་བདུད་དགྲའི་ཡུལ་ལས་རྣམ་རྒྱལ་ཞིང་། །ཚེ་དཔལ་ལོངས་སྤྱོོད་མངའ་ཐང་སྙན་གྲགས་སྤེེལ། །ཕྲིན་ལས་རྒྱ་མཚོ་ཡིད་བཞིན་འབྱོར་པར་མཛོད། །གཞི་ལ་རྟག་ཏུ་སྲུང་སྐྱོབ་མ་ཡེལ་བར། །ལེགས་སྤེལ་ཉེས་བསྲུབ་འདོད་དགུའི་ཡིད་བཞིན་སྒྲུབ། །བྱེས་སུ་འཇིགས་དང་ལམ་


KMC024_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཀུན་ལས་སྐྱོབས། གང་འདོད་དོན་གཉེན་ལྷུན་གྱིས་འགྲུབ་པར་མཛོད། །མདོར་ན་ཆོས་དང་སྲིད་ཀྱི་ཕུན་ཚོགས་དཔལ། །དབྱར་གྱི་མ་དྲོས་མཚོ་ལྟར་རབ་རྒྱས་ནས། །འཕྲལ་ཡུན་དགེ་མཚན་ཉི་འོད་སྟོང་འབར་བས། །ཕྱོགས་དུས་ཀུན་ཁྱབ་བཀྲ་ཤིས་དགེ་ལེགས་མཛོད། །ཅེས་པའང་དོན་གཉེར་ཅན་འགའི་སྔ་མོ་ནས་བསྐུལ་བ་དང་། ཉེ་འཆར་གཞལ་ཡས་མཚམས་པ་བླ་མ་རིན་པོ་ཆེས་གསུངས་བསྐུལ་ངོར་ཤཱཀྱའི་དགེ་སློང་ཀརྨ་སྒྲུབ་བརྒྱུད་ཆོས་ཀྱི་སེངྒེས་བྲིས་པ་དགེ་ལེགས་འཕེལ། ༈ ཞིང་སྐྱོངས་གསེར་སྐྱེམས་འབུལ་བ་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། འདོད་ཡོན་ཟག་པ་མེད་པའི་སྤྲིིན་འཕྲོ་བའི་བདུད་རྩིའི་རྒྱ་མཚོར་བསམ། ཀྱེ། རྩ་གསུམ་དཀོན་མཆོག་སྐྱབས་ཡུལ་རྒྱ་མཚོ་དང་། ཁྱད་པར་བསྟན་པ་སྲུང་བའི་ཆོས་སྐྱོང་ཆེ། །མ་ཧཱ་ཀཱ་ལ་མགོན་པོ་སེང་གེའི་གདོང་། །ཡབ་ཡུམ་ལས་མཁན་སྡེ་བརྒྱད་མཐུན་ཆེན་དང་། །ནག་པོ་སྟོང་ཤ་ཟ་སྲིན་མོ་འབུམ། །བདུད་དམག་སྟོང་སྡེའི་ཡངས་འཁོར་རུ་འདྲེན་སོགས། །སྣང་སྲིད་ཁྱབ་


KMC024_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་མགོན་ལྷ་ཚོགས་ལ། །འབྲུ་བཅུད་སྟོང་ལ་རིན་ཆེན་སྨན་དྲི་སྦྱར། །ཡེ་ཤེས་བདུད་རྩི་རྒྱ་མཚོར་སྤེལ་བ་ཡིས། །གཙང་མའི་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདིས། །གསོལ་ལོ་མཆོད་དོ་བདག་ཅག་ཡོན་མཆོད་རྣམས། །དུས་རྣམས་ཀུན་ཏུ་སྲུང་ཞིང་བསྐྱོབ་པ་དང་། ཁ་འཛིན་རྒྱབ་བརྟེན་སྟོང་གྲོགས་མེལ་ཚེ་མཛོད། །བསམ་པ་སྒྲུབ་ལ་རེ་བ་ཡིད་བཞིན་སྐོང་། །གང་བཅོལ་ཕྲིན་ལས་རྒྱ་མཚོ་བསྒྲུབ་ཏུ་གསོལ། །ཞེས་གསེར་སྐྱེམས་འབུལ་མཐར་སངས་རྒྱས་བསྟན་སྲུང་སོགས། རྒྱལ་དབང་བཅོ་ལྔ་པའི་གསུང་སོ།། ༈ བཀྲ་ཤིས་ཚེ་རིང་མཆེད་ལྔའི་གསེར་སྐྱེམས་འདོད་རྒུའི་ཆར་འབེབས་བཞུགས་སོ།། རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ཧྲཱིཿ དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་དང་། །ཞི་ཁྲོ་རབ་འབྱམས་རྒྱུད་དང་སྒྲུབ་སྡེའི་ལྷ། །དཔལ་མགོན་ལྕམ་དྲལ་རྒྱུད་གསུམ་སྲུང་མིའི་ཚོགས། །གསེར་སྐྱེམས་མཆོད་པ་འབུལ་ལོ་དངོས་སྒྲུབ་


KMC024_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །མི་འགྱུར་བདེ་ཆེན་ཆོས་དབྱིངས་བཟང་མོའི་ཀློང་། །མ་འགགས་རང་སྣང་དབྱིངས་ཕྱུག་དཔལ་ལྷ་མོ། །གསང་སྔགས་སྲུང་མ་བཀྲ་ཤིས་ཚེ་རིང་མ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། དབྱིངས་ཀྱི་མ་མོ་ཡེ་ཤེས་ཌཱཀིའི་གཙོ། །ཞིང་སྐྱོང་མཁའ་འགྲོའི་སྐུར་བསྟན་ལྷ་སྨན་རྒྱལ། །རྣལ་འབྱོར་བུ་བཞིན་སྐྱོང་བའི་དམ་ཚིག་ཅན། །གསོལ་ལོ་མཆོད་དོ་དངོས་གྲུབ་རྣམ་གཉིས་སྩོོལ། །མཐུ་རྩལ་ཐོག་མེད་ཉམས་པའི་སྙིང་འབྱིན་མ། །འདོད་རྒུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །སྟོང་གསུམ་མ་མོའི་གཙོ་མོ་ཚེ་རིང་མ། །གསོལ་ལོ་མཆོད་དོ་སངས་རྒྱས་བསྟན་པ་བསྲུང་། །ཚད་མེད་དབྱིངས་ལས་རིགས་བཞི་ལྷ་མོའི་ཚུལ། །མཐིང་གི་ཞལ་བཟལ་སྣང་གསལ་པྲ་ཡི་བདག །མི་གཡོ་བློ་བཟང་བཅུད་ལྡན་ཟས་ཀྱི་བདག །གསོལ་ལོ་མཆོད་དོ་རང་རང་དངོས་གྲུབ་སྩོལ། །ཅོད་པན་མགྲིན་བཟང་བང་མདོད་ནོར་གྱི་བདག །ཏལ་


KMC024_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འགྲོ་བབཟང་རྐང་བཞི་ཕྱུག་ཀྱི་བདག །བརྟན་མ་བཅུ་གཉིས་འབུམ་ཕྲག་འཁོར་དང་བཅས། །གསོལ་ལོ་མཆོད་དོ་རང་རང་དངོས་གྲུབ་སྩོལ། །ཤེས་རབ་ཕར་ཕྱིན་རྟགས་པའི་རྒྱལ་མོ་ལྔ། །རྣམ་འབྱུར་སྲུང་མའི་སྐུར་བཞེངས་ལྷ་མོ་ལྡ། །ཡེ་ཤེས་ལས་གྲུབ་སྣང་སྲིད་མ་མོར་བཅས། །གསོལ་ལོ་མཆོད་དོ་དམ་ལས་མ་འདའ་ཞིག །རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་སྙིང་པོའི་ཕུལ། །འཆི་མེད་ཡེ་ཤེས་བདུད་རྩིར་སྦར་བ་འདིས། །གསོལ་ལོ་མཆོད་ལོ་བསྟན་སྲུང་མཁའ་འགྲོའི་ཚོགས། །སྐུ་གསུང་ཐུགས་རྒྱུད་མཉེས་ཤིང་ཚིམ་གྱུར་ནས། །རྒྱལ་བའི་བསྟན་སྲུང་བསྟན་འཛིན་སྐུ་ཚེ་བསྲིངས། །དགེ་འདུན་སྡེ་རྒྱས་ཐོས་བསམ་སྒོམ་པ་འཕེལ། །མངའ་རིས་བདེ་ཞིང་ཆོས་རྒྱལ་དབུ་འཕང་མཐོ། །ཕས་རྒོལ་དགྲ་དང་ནད་མཚོན་མུ་གེ་མེད། །ལོ་ལེགས་འབྲུ་འཕེལ་སྐྱེ་དགུ་ཆོས་བཞིན་སྤྱོད། །བོད་ཁམས་མཐའ་དབུས་ཀླ་ཀློའི་འཚེ་བ་བཟློག །ཞི་རྒྱས་


KMC024_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་མངོན་སྤྱོད་རབ་འབྱམས་ལས། །གང་བཅོལ་ཐོག་པ་མེད་པ་མྱུར་དུ་སྒྲུབས། །ཅེས་པའང་ལྷ་གདན་རྩེ་མོར་བོད་འབང་སྤྱིི་ཡི་རྒུད་པ་སེལ་ཞིང་ཀླ་ཀློའི་འཚེ་བ་ཕྱིར་ཟློག་པ་དང་༧སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་པད་ཡུན་དུ་བརྟན་ཆེད་དུ་གཞུང་ས་མཆོག་ནས་བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྟེན་རྒྱུན་གསར་འཛུག་མཛད་སྐབས་ཉེར་མཁོའི་ཆ་རྐྱེན་དུ་༧ཀརྨ་པའི་སྐྱེས་རབས་འཛིན་པ་བཅོ་ལྔ་པའི་ལྷག་བསམ་དག་པས་བྲིས་པ་དགེ ། ༈ གྱང་རྗེའི་གསེར་བསྐྱེམས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་ཀརྨ་ཀ་ཡེ། འདིར་བསྟན་སྲུང་གྱང་རྗེ་བཙན་པོ་ལ་གསེར་སྐྱེམས་འབུལ་འདོད་ན། རིན་ཆེན་སྣོད་དུ་ཕུད་སྐྱེམས་གཙང་མ་ལ་འབྲུ་སྨན་རིན་ཆེན་གང་འབྱོར་བཏབ་སྟེ། ཨོཾ་ཨཱ་ཧཱུྃ། གིས་བྱིན་གྱིས་བརླབས་ལ་འདི་སྐད་དོ། ཧྲཱིཿ རང་བཞིན་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་ཁྲོ་གཏུམ་རྔམས་པའི་སྐུ། །བསྟན་སྲུང་ཆེན་པོ་གྱང་རྗེ་བཙན་པོ་ལ། །ཡེ་ཤེས་བདུད་རྩིའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །རྡོ་རྗེ་བྲག་བཙན་པད་ཉི་རོ་ཡི་གདན། །རྫུ་འཕྲུལ་ཤུགས་ལྡན་རྟ་


KMC024_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དམར་རྟིང་དཀར་ལ། །རོལ་པའི་སྟབས་ཀྱིས་འགྱིང་བའི་བཙན་རྒོད་ཆེར། །ཡེ་ཤེས་བདུད་རྩི༴ །སྐུ་མདོག་དམར་ནག་ཁྲག་མཚོ་འཁྲུགས་པའི་ཞལ། །མཆེ་གཙིགས་སྤྱན་གསུམ་སྡང་མིག་གློག་ལྟར་གཡོ། །དྲག་ཙལ་ཐོག་མེད་འཇིགས་རུང་བཙན་རྒྱལ་ཆེར། །ཡེ་ཤེས༴ །ཕྱག་གཡས་གནམ་ལྕགས་རལ་གྲི་མེ་འབར་བས། །དགྲ་སྲོག་ཡུད་ཀྱི་གཅོད་པའི་མཐུ་ཙལ་ཅན། །མྱུར་མགྱོགས་སྟོབས་ལྡན་དཔའ་བོ་དབང་པོ་ལ། །ཡེ་ཤེས༴ །གཡས་པས་དམ་ཉམས་སྙིང་གཟེར་བཙན་མདུང་དང་། །སྲིད་གསུམ་འགུགས་བྱེད་བཙན་ཞགས་དམར་པོ་ཡིས། །ལོག་འདྲེན་ཀུན་འཆིང་དྲག་པོའི་སྲོག་ལེན་ལ། །ཡེ་ཤེས༴ །ཁྲབ་རྨོག་འཁོར་གསུམ་དཔའ་ཆས་ཡོང་རྗོགས་པས། །ཉི་མ་འབུམ་གྱི་གཟི་ལྡན་དགྲ་བླའི་རྒྱལ། །སྟོབས་ལྡན་ཆེན་པོ་གྱང་ལྷ་བཙན་པོ་ལ། ཡེ་ཤེས༴ །གཞན་ཡང་ཉིད་ཀྱི་བཀའ་ཉན་སྲུང་སྡོད་པའི། །བཙུན་མོ་སྲས་བློན་སྤྲུལ་པ་ཡང་སྤྲུལ་དང་། །


KMC024_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་དམག་བྱེ་བ་འབུམ་སྡེའི་ཚོགས་བཅས་ལ། །ཡེ་ཤེས༴ །བཙན་རྒོད་འཁོར་བཅས་གསེར་སྐྱེམས་ཟག་མེད་ཀྱི། །བདུད་རྩིའི་རྒྱ་མཚོས་མཉེས་ཤིང་ཚིམས་གྱུར་ནས། །དུས་གསུམ་ཀུན་མཁྱེན་དཔལ་ལྡན་ཀརྨ་པའི། །རིང་ལུགས་དྲི་མེད་ས་ཆེན་ཀུན་ཏུ་སྤེལ། །བསྟན་འཛིན་ཡོངས་ཀྱི་སྐུ་ཚེ་བསྲིང་བ་དང་། །འཁོར་ལོ་གསུམ་གྱི་མཛད་ཕྲིན་རབ་འཕེལ་ཞིང་། །དགེ་འདུན་སྡེ་རྒྱས་བཤད་དང་སྒྲུབ་པའི་བསྟན། །དབྱར་མཚོ་ལྟ་བུར་རྒྱས་པའི་ཕྲིན་ལས་མཛོད། །ཉམས་པ་བདུན་ལྡན་ཞིང་བཅུ་ཚང་བ་ཡི། །བསྟན་དགྲ་དགོས་དགྲ་དམ་སྲི་འབྱུང་པོ་བཅས། །ལོ་ཟླ་མ་འགྱངས་སྐད་ཅིག་ཡུད་ཙན་ལ། །སྲོག་གཅོད་སྙིང་ཕྱུང་ཤ་ཕྲག་དྲོན་མོ་བཞེས། །བསྟན་སྣུབ་དགྲ་བགེགས་རྒྱབ་རྟེན་དཔུང་དང་བཅས། །མིང་གི་ལྷག་མ་ཙམ་ཡང་མེད་པར་མཛོད། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །ཚེ་བསྲིང་དཔལ་སྐྱེད་མངའ་ཐང་


KMC024_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་སྤེལ། །མི་མཐུན་ཕྱོགས་ལས་རྒྱལ་བའི་རུ་མཚོན་ཕྱོར། །སྙན་དང་གྲགས་པའི་བ་དན་སྲིད་རྩེར་སྒྲེང་། །གཞི་བྱེས་ལམ་གསུམ་བྱ་བ་གང་ཙམ་ཀུན། །འབད་མེད་ཡིད་བཞིན་ལྷུན་གྱིས་འགྲུབ་པ་དང་། །རྒྱལ་ཁམས་ཀུན་ཀྱང་དཀར་པོའི་ཆོས་ལ་སྤྱོད། །བདེ་སྐྱིད་རྗོགས་ལྡན་དཔལ་གྱི་འབྱོར་པ་སོགས། །གང་བཅོལ་འདོད་པའི་དོན་རྣམས་མ་ལུས་ཀུན། །མ་ཐོགས་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་ཀརྨ་ཡོན་ཏན་རབ་རྒྱས་ནས་རྟེན་བཅས་བསྐུལ་ངོར་༧ཤཱཀྱའི་བཙུན་པ་ཀརྨ་སྒྲུབ་བརྒྱུད་ཆོས་ཀྱི་སེངྒེས་གཟིམ་སྤྱིལ་བཀྲ་ཤིས་ཁང་གསར་དུ་༧སྲིད་ཞིའི་གཙུག་རྒྱན་དམ་པ་རྒྱལ་བའི་དབང་པོའི་སྤྱན་སྔར་བྲིས་པ་དགེ་ལེགས་འཕལེ།། ༈ །།མགོན་པོ་དང་ལྷ་མོ་དམ་ཅན་གསུམ་གྱི་ཀ་བསྟོད་ནི། ཧཱུྃ། ཀ་དག་འཛིན་པ་བྲལ་བའི་ཀློང་ཡངས་ནས། ཁ་དོག་རབ་བརྗིད་དབྱར་གྱི་ཆར་སྤྲིན་འདྲ། །གངས་རི་ལྟར་རྔམས་མཆེ་བ་ཟངས་ཡག་གཙིགས། །ངར་འཛིན་བསྟན་དགྲའི་དཔུང་ཚོགས་མ་ལུས་རོལ། །ཅ་རེ་གཟིགས་པའི་ཉི་ཟླའི་སྤྱན་


KMC024_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གཡོ། །ཆ་ལུགས་གཅིག་ཏུ་མ་ངེས་སྣ་ཚོགས་སྟོན། །ཇ་ཆང་ཁྲག་གི་གཏམས་པའི་ཐོད་པ་འཛིན། །ཉམས་པ་རྩད་གཅོད་གྲི་གུག་མཁའ་ལ་གདེངས། །ཏ་ཐཱ་ག་ཏའི་བསྟན་པ་བསྲུང་སླད་དུ། །ཐ་ཚིག་གཉེན་པོ་མ་གཡེལ་རྗེས་སུ་དགོངས། །དམ་ཚིག་ལྡན་པའི་རིག་འཛིན་བདག་ཅག་གིས། །ན་མར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །པ་སངས་ལྟར་དཀར་ཐོད་སྐམ་ལྔ་ཡིས་བརྒྱན། །ཕ་རོལ་ཕྱིན་དྲུག་རྫོགས་ཕྱིར་རུས་རྒྱན་སྤྲས། །བ་སྤུ་མཚོན་ཆ་ཁྲོ་ཆུང་སྐར་ལྟར་འཁྲུགས། །མ་ལུས་དབང་དུ་སྡུད་མཛད་ཁྱོད་ལ་འདུད། །ཙ་ར་མཁའ་ལྡིང་ཤེལ་ནག་སྤྱི་དཀར་དང་། །ཚ་བ་གསུམ་སོགས་སྦྱར་བའི་ལ་དུའི་རྫས། །ཛབ་བཟླས་བསྙེན་སྒྲུབ་ཏིང་འཛིན་མཆོད་བསྟོད་སོགས། །ཝལ་ལེར་དངོས་བཤམས་ཡིད་སྤྲུལ་མཆོད་རྫས་དང་། །ཞག་དང་ཁྲག་གི་མཆོད་ཡོན་མཚོ་ལྟར་བསྐྱིལ། །ཟ་བེར་གཡང་གཞི་རུ་མཚོན་སྤྲིན་ལྟར་གཏིབས། །འ་འུར་དུང་ཆེན་


KMC024_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གླིང་རོལ་མོའི་སྒྲ། །ཡ་མཚན་མཆོད་པའི་བྱེ་བྲག་དུ་མ་འབུལ། །རཱ་ཧུ་ལ་སོགས་འཁོར་ཚོགས་རྒྱ་མཚོས་བསྐོར། །ལས་ལ་ཐོགས་མེད་རྫུ་འཕྲུལ་ཤུགས་དང་ལྡན། །ཤ་ཟ་སྲིན་པོའི་ཚོགས་ཀྱང་འདར་བྱེད་པའི། །ས་བཅུའི་དཔལ་བོ་ཁྱོད་ལ་བདག་བསྟོད་དོ། །ཧ་ཧའི་གད་མོས་ས་གསུམ་གཡོ་བྱེད་ཅིང་། །ཨཱ་རལླི་ཞེས་བསྟན་དགྲའི་དཔུང་ཚོགས་རྣམས། །མ་ལུས་རོལ་མཛད་ནག་པོ་ཆེན་པོའི་སྐུ། །སངས་རྒྱས་བསྟན་པ་རྒྱས་པའི་ལས་མཛོད་ཅིག །ཅེས་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ཁམས་དྭང་བ་དང་བཅས་རྩེད་མོའི་ཞོར་དུ་རང་ལོ་བཅུ་གསུམ་པར་བྲིས་པའོ།། ༈ ཛཿབྷྱོཿ ཀ་ལ་དེ་ཝི་མཁའ་དབྱིངས་བདེ་ཀློང་ཡུམ། ཁ་དོག་མཛེས་སྡུག་སྣ་ཚོགས་གར་མཁན་མ། །གང་ཞིག་སྒྲུབ་མཆོད་སྐྱོང་བའི་མ་གཅིག་གཉེན། །ང་བདག་དགྲ་བོ་འདུལ་ཕྱིར་འདིར་གཤེགས་ནས། །ཅང་ཤེས་དྲེལ་རྟ་མི་རོ་བརྗིད་པའི་ཁྲིར། །ཆགས་མེད་འགྲོ་དོན་མཛད་ཕྱིར་དགྱེས་བཞུགས་ནས། །ཇག་ཀུན་བསྟན་


KMC024_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོར་འཚེ་བའི་ཀླ་ཀློ་སོགས། །ཉམས་པ་བདུན་ལྡན་སྙིང་ཁྲག་མཆོད་ཡོན་རོལ། །ཏ་ལེར་འཛུམ་པའི་ཞལ་བཟང་བདག་ལ་སྟོན། །ཐ་དད་མ་དམིགས་མཆོད་སྤྲིན་རྣམ་མང་ཡང་། །དད་མོས་གུས་པས་སྤྱན་གཟིགས་གཅལ་དུ་བཀྲམ། །ནད་མཚོན་མུ་གེའི་གཡུལ་ངོ་ཞི་བར་མཛོད། །པ་ར་མི་ཏ་བདེ་གཤེགས་དགྱེས་པའི་ཡུམ། །ཕ་རོལ་ཕྱིན་མ་ཉིད་ཀྱང་བསྟན་བསྲུང་ཕྱིར། །བ་མཆོད་བཞིན་དུ་འདོད་པའི་དཔལ་ཡོན་འཇོ། །མ་གཅིག་ལྷ་མོ་རྣམ་པར་འཕྲུལ་ལ་བསྟོད། །ཙཱ་རི་ཏྲ་སོགས་ཉེར་བཞི་སོ་གཉིས་ཀྱི། །ཚལ་དང་ཞིང་སྐྱོང་རྣམ་སྤྲུལ་བསམ་མི་ཁྱབ། །ཛ་ལང་དགྲ་བོའི་རོ་ཟན་ཤཱནྟི་མ། །ཝ་སྤྱང་དྲེད་སོགས་ཆོ་འཕྲུལ་དུ་མ་འགྱེད། །ཞང་ཞུང་བོན་གྱི་སྲིད་པའི་རྒྱལ་མོར་འབོད། །ཟབ་མོ་སྔགས་ཀྱི་བསྟན་སྲུང་རལ་གཅིག་མ། །འ་ཅག་སྒྲུབ་བརྒྱུད་སྐྱོང་བའི་རེ་མ་ཏི། །ཡ་མཚན་དུད་པའི་སོལ་བ་མར་ཡང་གྲགས། །རང་བཞིན་རྟག་པའི་རྒྱལ་མོ་


KMC024_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁ་ལེ། །ལམ་མཆོག་སྒྲུབ་པའི་གྲོགས་གཅིག་གཡུ་ཡི་སྒྲོན། །ཤ་ཟ་མཁའ་འགྲོ་ཀུན་གཙོ་ཚེ་རིང་མ། །ས་གསུམ་དབང་བའི་མཁའ་འགྲོ་ཁྱོད་འབོད་ན། །ཧ་ཅང་ཞི་བས་མི་ཐུལ་ལུས་མེད་དཔུང་། །ཧ་ལའི་ཡིད་ཅན་བསྟན་དགྲ་སྡེར་བཅས་པ། །ཨ་ལ་ལ་ཞེས་བཞད་པའི་གད་རྒྱང་གིས། །ཨ་དོན་སྐྱེ་མེད་ཀློང་དུ་སྐད་ཅིག་སྒྲོལ། །རྟག་ཏུ་ཁྱོད་མཆོད་ཁྱོད་བསྟེན་ཁྱོད་འབོད་ན། །དམ་ཚིག་གཉན་དགོངས་སྙིང་པོའི་བསྟན་པ་སྐྱོང་། །འཇིག་རྟེན་བདེ་ཞིང་སྲིད་ཞིའི་དཔལ་འབྱོར་རྒྱས། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཅེས་མཆོད་བསྟོད་ཕྲིན་ལས་བཅོལ་ལོ།། ༈ དམ་ཅན་རྡོ་རྗེ་ལེགས་པར་བསྟོད་ཅིང་ཕྲིན་ལས་བསྐུལ་བ་ནི། ཏྲི་བྷྱོཿ ཀང་ཀ་དུར་བྱ་འཁྲིགས་པའི་ཚལ། ཁང་བརྩེགས་ཕ་ཝང་ལོང་བུའི་མཁར། །ག་ནི་པ་ཏི་རྒྱུ་བའི་གནས། །ང་རྒྱལ་དྲེགས་པའི་ཚོགས་དབུས་ནས། །ཅ་ཅོ་འབོད་པའི་གདུང་དབྱངས་དང་། །ཆ་ལག་རོལ་མོས་སྤྱན་འདྲེན་ན། །ཇ་ཆང་ཕུད་ལ་


KMC024_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་རོལ་ཕྱིར། །ཉམས་པའི་གཤེད་མ་རྡོ་རྗེ་ལེགས། །ཏ་ལའི་འདབ་བཞིན་ཡངས་པའི་འཕྲུལ། །ཐབས་ཤེས་མཆེད་འཁོར་གྲངས་མེད་བཅས། །དམ་ཚིག་གནས་འདིར་གཤེགས་ནས་ཀྱང་། །ན་ཐའི་གཡར་དམ་རྗེས་དགོངས་ལ། །པགས་རིགས་དར་ཟབ་ཁྲི་འབོལ་རྩེགས། །ཕས་རྒོལ་སྙིང་ཁྲག་མཆོད་ཡོན་བསྒྲེང་། །བ་ར་གླང་རྟ་ཤ་སྣའི་ཟས། །མ་ལུས་མཆོད་པའི་རྫས་སུ་སྦྱར། །ཙ་རུའི་བཟའ་བཅའ་ར་སྐྱེས་ཁྱུ། །ཚ་གདུང་འཇིགས་སྐྱོབས་གོ་མཚོན་རིགས། །ཛ་གད་ཇ་རྒོད་འབྲུ་སྣའི་ཕུད། །ཝ་སྐྱེས་ཀླད་འགེམས་སེང་གེ་སོགས། །ཞྭ་ཐེབ་འོབ་ཞུ་བེར་ལྷབ་ལྷུབ། །ཟ་འོག་མནྜའི་རིན་ཆེན་རིགས། །འ་ཞའི་ཡུལ་གྱི་ཉེར་སྤྱད་སོགས། །ཡངས་པའི་ཁྱོན་ཀུན་བཀང་སྟེ་འབུལ། །ར་སྐྱེས་གདོང་ལྔ་དབང་པོའི་ཁྲི། །ལས་བྱེད་མགར་བ་དམར་ནག་མཚན། །ཤ་ལང་ཐོ་བ་རླུང་གཏེར་བསྣམས། །ས་ལ་གནས་ཁྱོད་བསྟོད་པར་བགྱི། །ཧ་ཧར་རྒོད་


KMC024_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དྲག་པོའི་གནས། །གང་དུ་བཞུགས་ཀྱང་ཁྱོད་འབོད་ན། །ཨ་ཏིའི་བསྟན་ལ་སྡང་བའི་དགྲ། །སྐད་ཅིག་བརླག་པའི་ཕྲིན་ལས་མཛོད། །དེ་སྐད་རྒྱལ་བའི་བཀའ་གནང་ནས། །གང་གི་བཀའ་འབངས་དྷརྨེནྡྲས། །ཆོས་སྐྱོང་ཟུང་ལ་ཕྲིན་བཅོལ་དུ། །ཀ་ལེའི་ཕྲེང་བར་སྤེལ་ཏེ་བྲིས། །དེ་ཡིས་རྒྱལ་དབང་ཀརྨ་པའི། །སྐུ་ཚེ་མཛད་ཕྲིན་ཕྱོགས་མཐར་ཁྱབ། །བསྟན་ལ་འཚེ་བའི་དགྲ་སྡེའི་དཔུང་། །མིང་མེད་ཞི་བའི་གྱུར་གྱུར་ཅིག ། སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་ཕང་བསྟོད། །དགེ་འདུན་སྡེ་རྒྱས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོའི་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །


KMC024_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། ཁྱོད་གསོལ་ཁྱོད་མཆོད་ཁྱོད་བསྟེན་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་བསྐྱོབ། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྗོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་


KMC024_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོཿ ༈ རླུང་ནོན་གསེར་སྐྱེམས་བཞུགས་སོ།། འགྱུར་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་། །སྣང་སྲིད་ཟིལ་གནོན་ཀརྨ་པཀྴི་ལ། །མཆོད་སྤྲིན་རྒྱ་མཚོའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །འབྱུང་བ་རླུང་གི་གནོད་པ་ཞི་བར་མཛོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དཔའ་བོ་དང་། །མཁའ་འགྲོ་ནོར་ལྷ་ཆོས་སྐྱོང་རྒྱ་མཚོ་ལ། །མཆོད་སྤྲིན་རྒྱ་མཚོའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །འབྱུང་བ་རླུང་གི་གནོད་པ་ཞི་བ༴ ཁྱད་པར་རྡོ་རྗེ་བེར་ནག་ལྕམ་དྲལ་དང་། འཁོར་ཚོགས་ལྷ་སྲིན་སྡེ་བརྒྱད་ཚོགས་བཅས་ལ། །མཆོད་སྤྲིན་རྒྱ་མཚོའི་གསེར་སྐྱེམས་ཕུད་ཀྱིས་


KMC024_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། འབྱུང་བ་རླུང་གི་གནོད་པ་ཞི་བ༴ །ཡུལ་ཕྱོགས་འདིར་གནས་གཞི་བདག་མཐུ་བོ་ཆེ། །གཉུག་མར་གནས་དང་གློ་བུར་ལྷག་རྣམས་ལ། །མཆོད་སྤྲིན་རྒྱ་མཚོའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །འབྱུང་བ་རླུང་གི་གནོད་པ་ཞི་བ༴ བརྟན་མ་བཅུ་གཉིས་ས་བདག་རྒྱལ་བློན་དང་། །རླུང་ལྷའི་རྒྱལ་པོ་འཁོར་དང་བཅས་རྣམས་ལ། །མཆོད་སྤྲིན་རྒྱ་མཚོའི་གསེར་སྐྱེམས་ཕུད་ཀྱིས་མཆོད། །འབྱུང་བ་རླུང་གི་གནོད་པ་ཞི་བ་དང་། བདག་ཅག་རྣམས་ཀྱི་ཡིད་ལ་གང་འདོད་པའི། །འདོད་དོན་རེ་བ་འགྲུབ་ལ་བགེགས་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་གོང་ནས་གོང་འཕེལ་མཛོད། །ཅེས་པའང་ཀརྨ་པ་བཅུ་བཞི་པས་བྲིས་པ་དགེའོ། ༈ སླར་སྨྲས་པ། གསེར་སྐྱེམས་ལེ་ཚན་ཀ་བསྟོད་དང་བཅས་པ། །རུམ་བཏེག་ཆོས་སྒར་རྡོ་རྗེ་རྒྱལ་མཚན་གྱིས། །ལྷག་བསམ་དག་པས་བསྐྲུན་དེས་དགེ་བ་ཡིས། །སྙིགས་མའི་དུས་རྒུད་མཐའ་དག་ཉེར་ཞི་ནས། །སྒྲུབ་བརྒྱུད་བསྟན་པ་དར་རྒྱས་ཡུན་དུ་བརླིང་། །འགྲོ་རྣམས་ཆོས་འབྱོར་དཔལ་གྱིས་འཚོ་བར་ཤོག །སརྦ་མངྒ་ལཾ།།


KMC024_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྩ་གསུམ་ལྷ་ཚོགས་གཞི་བདག་རྣམས་ཀྱི་གསེར་སྐྱེམས་དང་ཀ་བསྟོད་ཀྱི་རིམ་པ།next