Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

8 occurrences of འཚེར་རྩུབ་
[Clear Hits]


  
  
  
  
 
  
  
  
  
  
  
  
  
གཏོར་བསྔོས་མཚལ་འབྲིང་།
  
  
  
  
  
  
  
 
  
  
  


8 occurrences of འཚེར་རྩུབ་
[Clear Hits]

 
previousགཏོར་བསྔོས་མཚལ་འབྲིང་།next

གཏོར་བསྔོས་མཚལ་འབྲིང་།


KMC024_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་བཀའ་སྲུང་བཅས་ཀྱི་གཏོར་བསྔོས་བཞུགས་སོ། །


KMC024_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ན་གུ་རུ་དེ་ཝ་ཌཱ་ཀི་ནཱི་དྷརྨ་པཱ་ལ་ཡེ་ན་མཿ འདིར་ཕྱི་དྲོའི་ཆ་ལ་བྱ་བའི་གཏོར་བསྔོས་ཀྱི་རིམ་པ་ཞལ་རྒྱུན་ཇི་ལྟ་བར་བཀོད་པ་ལ། །མདུན་བསྐྱེད་ཀྱི་རྟེན་ཐང་སྐུ་སོགས་ཡོད་ན་གལ་ཆེ་ཞིང་། གཏོར་མའི་རྫས་གཙང་ཞིང་ཡིད་དུ་འོང་བ་ཅི་འབྱོར་བཤམས་ལ། བདག་མདུན་དུས་གཅིག་ལ་མ་མགོན་ཞལ་སྦྱོར་དུ་སྒོམ་དགོས་ཏེ། དེའང་བདག་བསྐྱེད་ལ་མགོན་པོར་ལྷ་མོས་འཁྱུད་པ་དང་། མདུན་བསྐྱེད་ལྷ་མོ་ལ་མགོན་པོ་ཕར་འཁྱུད་པའི་ཁྱད་ཙམ་ལ་གཉིས་ཀ་མངོན་རྟོགས་དང་མཐུན་པར་བསྐྱེད། བདག་མདུན་གཉིས་ཀ་ལ་དབུགས་ལེན་ཡབ་ཡུམ་བཅུ་དྲུག་གིས་བསྐོར་བ་གཙོ་ཆེ། འཁོར་གཞན་གསལ་ན་ལེགས་ཀྱང་དེ་ཙམ་མ་བྱུང་ནའང་མོས་པ་ཙམ་ཀྱིས་


KMC024_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག །ཐོག་མར་བླ་མ་བརྒྱུད་རིམ་ལ་གསོལ་བ་འདེབས་པ་ནི། བདེ་ཆེན་རྡོོ་རྗེའི་བདག་ཉིད་ཧེ་རུ་ཀ །དངོས་ཀྱི་གོ་འཕང་མཆོག་གྲུབ་ཨརྞ་པ། །དེ་ཡིས་རྗེས་བཟུང་མལ་ལོ་བློ་གྲོས་གྲགས། །དེ་སྲས་གཉལ་པ་སཱུརྻ་ཛྭཱ་ལ་དང་། །གཉལ་པ་ཇོ་སྲས་གྲུ་གུ་རས་ཆེན་པ། །རྒྱལ་བའི་སྲས་པོ་བསོད་ནམས་རྡོ་རྗེའི་ཞབས། །མཐུ་སྟོབས་དབང་ཕྱུག་གྲུབ་ཆེན་པཀྴི་སོགས། །ཡབ་རྐྱང་བརྒྱུད་པའི་བླ་མར་གསོལ་བ་འདེབས། །པདྨ་འབྱུང་གནས་ཞང་བཙུན་དང་མའི་མཚན། །ཁྱུང་པོ་སྟག་ཤམ་རྒྱལ་


KMC024_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡེ་ཤེས་དང་། །བླ་ཆེན་མགོན་པོ་སྟོང་དཔོན་ཤེས་རབ་མགོན། །མཚུར་ཕུ་པ་སོགས་ཡུམ་རྐྱང་བརྒྱུད་པར་འདུད། །སློབ་དཔོན་པདྨ་ནམ་མཁའི་ལྷ་གཟུངས་དང་། །སྔགས་འཆང་མི་རབས་བཅུ་གསུམ་སོགས་ཀྱི་མཐར། །གྲུབ་ཆེན་ཆོས་ཀྱི་བླ་མ་ལ་སོགས་པ། །ཞལ་སྦྱོར་བརྒྱུད་པའི་བླ་མ་རྣམས་ལ་འདུད། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་དུས་མཁྱེན་ཞབས། །རས་ཆེན་ཞབས་སོགས་ལྷོ་བྲག་མགོན་པོ་ཞེས། །རྫོགས་རིམ་རླུང་བསྲེའི་བརྒྱུད་པ་རྣམས་ལ་འདུད། །བཀའ་བབ་ཀུན་འདུས་ཆོས་ཀྱི་བླ་མ་ནས། །སེངྒེ་ལཀྵ་རང་བྱུང་རྒྱལ་བའི་ཞབས། །མགོན་པོ་རྒྱལ་མཚན་རོལ་པའི་རྡོ་རྗེ་དང་། །གྲགས་པ་སེངྒེ་དར་མ་རྒྱལ་མཚན་པ། །མཁའ་སྤྱོད་དབང་པོ་ཀུན་དགའ་བློ་གྲོས་དང་། །རིན་ཆེན་བཟང་པོ་ཆོས་ཀྱི་བཟང་པོ་དང་། །མཐོང་བ་དོན་ལྡན་བན་སྒར་འཇམ་དཔའ་བཟང་། །རང་བྱུང་མཚོ་སྐྱེས་འདན་མ་གྲུབ་ཆེན་དང་། །


KMC024_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རྡོ་རྗེ་དཀོན་མཆོག་ཡན་ལག་དང་། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང་། །ཀརྨ་ཆགས་མེད་དུལ་མོ་ཆོས་ཀྱི་རྗེ། །ཆོས་ཀྱི་དོན་གྲུབ་བསྟན་པའི་ཉིན་བྱེད་ཞབས། །བདུད་འདུལ་རྡོ་རྗེ་ཆོས་གྲུབ་རྒྱ་མཚོའི་སྡེའི། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་འཆང་། །བློ་གྲོས་མཐའ་ཡས་དོན་ཀུན་ལྷུན་གྱིས་གྲུབ། །མཁའ་ཁྱབ་རྡོ་རྗེ་པདྨ་དབང་མཆོག་དང་། །མཁྱེན་བརྩེ་འོད་ཟེར་རིག་པའི་རྡོ་རྗེ་སོགས། །མི་ཕྱེད་དད་པས་སྙིང་གི་ཏི་ལ་ཀར། །འབྲལ་མེད་བསྙེན་ནས་རྩེ་གཅིག་གསོལ་བ་འདེབས། །དེ་ཡི་མཐུ་ལས་བདེ་དབང་ཡེ་ཤེས་མགོན། །བདག་སྒྲུབ་ལ་བརྟེན་རླུང་བསྲེའི་མན་ངག་གིས། །མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པ་དང་། །སྐུ་མགོན་དཀར་པོས་ཚེ་ཡི་དངོས་གྲུབ་དང་། །ཡོན་ཏན་མགོན་པོས་ལོངས་སྤྱོད་འཕེལ་བ་དང་། །གསུང་མགོན་དམར་པོས་སྣང་སྲིད་དབང་དུ་སྡུད། །ཕྲིན་ལས་མགོན་པོས་དགྲ་བགེགས་ཚར་གཅོད་ཅིང་། །


KMC024_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མགོན་མཐིང་གས་མངོན་ཤེས་འགྲུབ་གྱུར་ཅིག །ཡབ་རྐྱང་ལས་མགོན་སྲས་མཆོག་ནག་པོ་ཡི། །སྒྲུབ་པ་མཐར་ཕྱིན་ཕྱི་སྒྲུབ་པར་བུ་དང་། །ནང་སྒྲུབ་ཛ་རྡུང་གསང་སྒྲུབ་རྣམ་གཉིས་ལ། །བརྟེན་ནས་བསྟན་པ་སྲུང་བའི་ནུས་ཐོབ་ཤོག །འཇིག་རྟེན་མགོན་པོ་དྲེགས་པ་ཡབ་ཡུམ་ལ། །བརྟེན་ནས་མ་མགོན་དྲག་པོའི་པར་ནག་དང་། །དྲེགས་པ་བདུན་ཅུ་རྩ་གཉིས་པར་བུར་བཅས། །གིང་བདུད་དམར་ནག་ཧེ་ལམ་འབར་མ་སོགས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་ཐོགས་མེད་དུ། །འགྲུབ་པས་མ་རུངས་བསྟན་དགྲ་གདུག་པ་ཅན། །རྒྱབ་རྟེན་གནོད་བྱེད་དམ་སྲི་དཔུང་དང་བཅས། །མིང་རུས་རྗེས་ཤུལ་མེད་པར་བརླག་གྱུར་ཅིག །མདོར་ན་ཡོངས་འཛིན་དཔལ་ལྡན་ཀརྨ་པ། །ཡི་དམ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཆོས་སྐྱོང་རྡོ་རྗེ་ནག་པོ་ལྕམ་དྲལ་བཅས། །དབྱེར་མེད་མཆོག་གི་གོ་འཕང་འགྲུབ་གྱུར་ཅིག །ཆོས་སྐུའི་བདག་ཉིད་མགོན་པོ་འོད་དཔག་


KMC024_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ལོངས་སྐུའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས། །ཡེ་ཤེས་སྐུ་བརྙེས་གུ་རུ་པདྨ་འབྱུང་། ངོ་བོ་གཅིག་བསྡུས་དཔལ་ལྡན་ཀརྨ་པ། གསོལ་བ་འདེབས་སོ་བྱིན་གྱི་བརླབས་ཏུ་གསོལ། །ཅེས་ཚ་ཀོ་བ་བླ་མ་བསྟན་རྒྱལ་གྱིས་བསྐུལ་ངོར། སི་ཏུ་ཆོས་ཀྱི་འབྱུང་གནས་ཕྲིན་ལས་ཀུན་ཁྱབ་ཡེ་ཤེས་དཔལ་བཟང་པོས་སྤེལ་བའོ།། ༈ ཨོཾ་དཾཥྚོཏྐཊ་བྷཻར་ཝཱ་ཡ་སཾ་སཾ་སཾ་རུ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སྭཱ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཁཾ་ལས་བྲག་སྟེང་དུར་ཁྲོད་བརྒྱད་ཀྱི་དབུས། བྷྲཱུྃ་ལས་གཞལ་ཡས་གྲུ་གསུམ་འབར་བའི་ནང་། །འཁོར་ལོ་བཞི་རིམ་ལྟེ་བར་པད་ཉི་ལ། །ཏི་ལས་རྫུ་འཕྲུལ་དྲེལ་རྟའི་གདན་གྱི་སྟེང་། །མ་ལས་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །ཁ་ཊྭཱཾ་ཕུར་པ་མེ་ལོང་སྦྲུལ་ཞགས་བསྣམས། །བཙན་སྟབས་འཁྱིལ་བའི་སྟབས་ཀྱིས་བཞུགས་པའི་པང་། །ཧཱུྃ་ལས་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་སྤྱན་གསུམ་ལྗགས་འདྲིལ་


KMC024_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་གཡས་པས་གྲི་གུག་དང་། །གཡོན་གྱི་ཐོད་ཁྲག་ཐོད་སྐམ་དབུ་རྒྱན་ཅན། །དུག་སྦྲུལ་རུས་པ་སྣ་ཚོགས་དར་གྱིས་བརྒྱན། །དར་ནག་འཇོལ་བེར་སྟག་གི་ཤམ་ཐབས་དང་། །མགོ་ཕྲེང་དོ་ཤལ་ཞབས་གཡས་བརྐྱང་བའི་གར། །གཡོན་པས་ཡུམ་ལ་འཁྲིལ་ཚུལ་འཇིགས་པའི་གཟུགས། །ཁམས་གསུམ་དབང་སྡུད་ཟིལ་གནོན་ཆེན་པོར་གྱུར། །འཁོར་ལོ་དང་པོར་འགུགས་བྱེད་སྙིང་ཁྲག་འཐུང་། །དབུགས་ལེན་སྲོག་བདག་དུར་ཁྲོད་འཇོམས་བྱེད་དང་། །ཁ་ལོ་སྒྱུར་བྱེད་གདུག་འདུལ་སྲེག་བྱེད་དེ། །རང་འདྲའི་ཡུམ་ཅན་གཙོ་བོ་ལྟ་བུའོ། །གཉིས་པར་དཔལ་འབར་འཆང་དང་རྣམ་ཐོས་སྲས། །དབང་ཕྱུག་འབར་བ་ལེགས་ལྡན་ཛམྦྷ་ལ། །ཤུགས་ལྡན་དམ་ཅན་གཙུག་ཏོར་ལྗང་ལྷ་མགོན། །བརྟན་མ་ཆ་ལུགས་གཞོན་པ་སྣ་ཚོགས་ཅན། །གསུམ་པར་དབང་ཕྱུག་སྲིན་པོ་བདུད་གཤིན་རྗེ། །དགའ་བོ་ཁྱབ་འཇུག་བགེགས་རྒྱལ་


KMC024_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲག་ཤད་དེ། །འཇིགས་པའི་གཟུགས་ཅན་རང་འདྲ་བརྒྱད་རེས་བསྐོར། །བཞི་པར་སྤྱང་ཞོན་མ་བདུན་སྲིང་མོ་བཞི། །ཕུར་བུ་མ་བདུན་ནང་གི་འབར་མ་བཞི། །ཟངས་རལ་མ་བདུན་ཕྱི་རིམ་འབར་མ་བཞི། །མཚོན་འཁོར་མ་བདུན་དུས་ཀྱི་ལྷ་མོ་བཞི། །མ་བདུན་སྲིང་བདུན་མཛའ་བདུན་བྲན་མོ་བདུན། །དེ་ཡི་ཕྱི་རོལ་མཆེ་གཙིགས་ལས་མཁན་མ། །མཆུ་འཇིབ་ཁ་འགལ་རིགས་མཐུན་འཁོར་གྱིས་བསྐོར། །ཀུན་གྱི་སྤྱི་བོར་ཨོཾ་ཡིག་དཀར་པོ་དང་། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུྃ་སྔོན་པོ། །མགོན་པོའི་ཐུགས་ཀར་ཟླ་བར་ཧཱུྃ་མཐིང་ནག །ལྷ་མོའི་ཐུགས་ཀར་ཉི་མར་བྷྱོ་སྔོན་པོ། །ས་བོན་རྣམས་ལས་འོད་འཕྲོས་བྱང་ཕྱོགས་ནས། །ཡེ་ཤེས་མགོན་པོ་སངས་རྒྱས་བྱང་ཆུབ་སེམས། །འཁོར་བཅས་མདུན་གྱི་ནམ་མཁར་གཤེགས་པར་གྱུར། །འདུན་པ་བརྟན་པས་སྤྱན་འདྲེན་གྱི་སྔགས་བརྗོད་ཅིང་ས་བོན་རྣམས་ཀྱི་འོད་ཟེར་གྱིས་རང་བཞིན་གྱི་གནས་དང་། རི་རབ་ཀྱི་རྩེ་མོ་ནས་མ་མགོན་


KMC024_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ཆར་བབ་པ་ལྟར་བྱོན་ནས་བདག་མདུན་བར་གྱི་ནམ་མཁར་བཞུགས་པར་བསམ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །ཐུགས་རྗེའི་ཐུགས་དམ་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། ཧཱུྃ། མགོན་པོའི་ཐུགས་དམ་བསྐང་བ་དང་། །གཞན་གྱི་གནོད་པ་བཟློག་པ་དང་། །བདག་གི་ལས་རྣམས་སྒྲུབ་ཕྱིར་དང་། །རྒྱལ་བའི་བསྟན་པ་བསྲུང་སླད་དུ། །མགོན་པོ་ནག་པོ་སྤྱན་འདྲེན་ན། །འདུ་འབྲལ་མེད་པའི་དབྱིངས་ཉིད་ནས། །ལྷ་ཆེན་དཔལ་འབར་སྤྱན་འདྲེན་གྱི། །ནག་པོ་ཆེན་པོ་གཤེགས་སུ་གསོལ། ཧཱུྃ། གཏུམ་ཆེན་དྲག་པོར་ཁྲོས་པ་སྲིན་པོའི་གཟུགས། །ནག་པོ་མི་བཟད་མ་ཧཱ་ཀཱ་ལ་ནི། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། བྷྱོ། བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་བསྲུང་ཕྱིར་སྐུ་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་


KMC024_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཡོངས་འདུའི་ཤིང་ལ་བརྟེན་བཅས་ཤིང་། །རྫུ་འཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། །དུར་ཁྲོད་ཉུལ་ཞིང་འཛམ་གླིང་བསྐོར། །མགྱོགས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཁྲག་འཐུང་མ་མོའི་དཀྱིལ་འཁོར་ནས། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་མ། །ཤ་ལ་དགའ་ཞིང་ཁྲག་ལ་རྔམས། །ཟ་བྱེད་ཆེན་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རལ་པ་ཅན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །སྤྲུལ་པའི་མ་མོས་སྟོང་ཁམས་ཁྱབ། །རྫུ་འཕྲུལ་ཆེན་མོ་གཤེགས་སུ་གསོལ། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །མི་སྡུག་གཟུགས་འཆང་སྲིན་མོའི་ཚུལ། །འཇིག་བྱེད་ཆེན་མོ་གཤེགས་སུ་གསོལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཆོས་སྐྱོང་སྲུང་མའི་ཚོགས། །དབང་པོ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་བདག་རླུང་གི་ལྷ། །


KMC024_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་དབང་ལྡན་ཚངས་པ་དང་། །ཉི་ཟླ་གཟའ་སྐར་ས་བདག་སོགས། །བིཥྞུ་མ་མོ་གཤིན་རྗེ་དང་། །སྲིན་པོ་རོ་ལངས་གསོད་བྱེད་ཚོགས། །ཀླུ་དང་བདུད་མོ་འབྱུང་པོ་རྣམས། །གཏུམ་དྲག་འཇིག་རྟེན་ཕོ་ཉའི་ཚོགས། །རང་རང་གནས་ནས་འདིར་དགོངས་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ། ཛཿཧཱུྃ་བྃ་ཧོཿ འདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཿཧཱུྃ་ཡ་ཛཿ ཨོཾ་མ་ཧཱ་ཀཱ་ལི། ཏྲག་རཀྵ་ཏིཾ་ལཾ་ས་མ་ཡ། ཛཿཧཱུྃ་བྃ་ཧོཿ ནག་མོ་ཏིཾ་ལཾ་མ་མ་དུན་བྷྱོ། ཛཿཧཱུྃ་བྃ་ཧོཿ ཀཱ་ལི་དུན་བྷྱོཿ ཨེ་ཨཱ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ མ་ཏི་མ་ཧཱ་ས་མ་ཡ། ཕེཾ་ཕེཾ་ཕེཾ། མ་མ་པ་ཤ་ར། ཤ་ཀཱ་ལ། ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཨ་ལ་ལ་ཧོཿ མ་མོ་ནག་མོ་ཏིཾ་ལཾ། མ་མོ་ནག་མོ་དུན་ཏིཾ་བྷྱོ། ཛཿཧཱུྃ་བྃ་ཧོཿ ནག་མོ་དུན་བྷྱོ། ཨོཾ་ཨཱཿཧཱུྃ། ས་མ་ཡ། ཨེཧྱེ་ཧི་ཛཿ ཨཱ་རལླི་ཧོཿ ཧྲིཾ་ཧྲིཾ། ཞེས་བརྗོད་པས་སྤྲིན་གྱི་ཕུང་པོ་ལྟ་བུར་མདུན་གྱི་ནམ་མཁར་བྱོན་པར་བསམ། ཨོཾ། ཁྲག་


KMC024_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ། སོགས་ཀྱིས་མཆོད་ལ། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། གདན་འབུལ་ཞིང་བཞུགས་སུ་གསོལ་བ་ནི། ཧཱུྃ། གཏུམ་པོ་འཇིགས་སུ་རུང་བ་སྲིན་པོའི་གཟུགས། །བྱང་ཆུབ་སེམས་དཔའ་དགྲ་བགེགས་འདུལ་མཛད་པ། །སྲིན་པོ་ནག་པོ་མི་ཕམ་ཁྲོ་གཉེར་ཅན། །དམ་ཚིག་དབང་གིས་གནས་འདིར་བཞུགས་སུ་གསོལ། །བྲག་རི་པདྨ་ཉི་མ་རོ་ཡི་གདན། །མདུང་དང་རལ་གྲི་གཤིབས་པའི་གཞལ་ཡས་སུ། །སྲིན་པོའི་གཟུགས་ཅན་ནག་པོ་ཆེན་པོ་ནི། །ཕྱག་འཚལ་མཆོད་ཕྱིར་གནས་འདིར་བཞུགས་སུ་གསོལ། །བྱང་ཤར་ཕོ་བྲང་མཛེས་པ་ན། །ཉི་ཟླ་པདྨའི་གདན་སྟེང་དུ། །བམ་ཆེན་ཞིང་མཆོག་བསྣོལ་བ་ལ། །ཅི་བདེ་བར་ནི་བཞུགས་སུ་གསོལ། །རཀྨོ་རཀྵ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། །ཨེ་ཧྱ་ཧི་ས་མ་ཡ་ཧཱུྃ། ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདིར་ནི། །


KMC024_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་འཁོར་བཅས་བཞུགས་སུ་གསོལ། །མཉམ་པའི་ཐལ་མོ། སྲིན་མཛུབ་ནང་དུ་བསྣོལ་བའི་རྩེ་མོ། མཐེབ་མཛུབ་སྦྱར་བའི་ནང་དུ་བཅུག་ཅིང་། སྲིན་མཛུབ་གཡབ་པ་ཐོད་རློན་གྱི་ཕྱག་རྒྱས། ཨོཾ་མ་ཧཱ་ཀཱ་ལི་ཏྲཀ་རཀྵ་ཐུན་བྷྱོ་ས་མ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ས་མ་ཡ་མ་ནུ་སྨ་ར་ཡ། ས་མ་ཡ་མ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟུ། དབང་བསྐུར་ཞིང་རྒྱས་གདབ་པ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་རྡོ་རྗེ་ལྕགས་ཀྱུའི་གཟུགས་ཅན་གྱི་འོད་ཟེར་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་། རིག་པའི་ལྷ་མོ་རྣམས་དང་། དཔའ་བོ་དང་། ཁྲོ་བོ་དང་། ཁྲོ་མོའི་ཚོགས་རྣམས་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱདྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱོགས་བཅུའི་དེ་བཞིན་གཤེགས་རྣམས་དང་། །ཁྲག་འཐུང་དཔལ་དང་ལྷ་མོ་རྣམས། །རྡོ་རྗེ་ཁྲོ་བོ་ཁྲོ་མོའི་ཚོགས། །ཇི་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས།


KMC024_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྐྲད་པ་དང་། མཆོད་པའི་སྤྲིན་སྤྲོ་བ་དང་། བཀྲ་ཤིས་བརྗོད་པ་དང་། དགོངས་པ་མཛད་པ་དང་། རིག་པའི་ལྷ་མོ་བརྒྱད་རྣམས་ཀྱིས་བུམ་པ་བདུད་རྩིའི་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། ཨོཾ་ཀཱ་ལ་ཤ་ཨ་བྷི་ཥེ་ཀ་ཏ་ཧཱུྃ། ཨོཾ་ཤུ་ནྱ་ཏཱ་ཏིཥྛ་ཏེ་སྭཱ་ཧཱ། ཞེས་གསུངས་བཞིན་པས་བདེ་བ་ཆེན་པོར་བུམ་པ། མགྲིན་པར་གསང་བ། སྙིང་གར་ཤེས་རབ་ཡེ་ཤེས། ལྟེ་བར་བཞི་པ་སྟེ། དེ་ལྟར་དབང་བསྐུར་བས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། མེ་ཏོག་གི་ཆར་འབབ་པ་དང་། གླ་རྩི་དང་དྲི་ཞིམ་པོ་ཡོངས་སུ་རྫོགས་པར་འཛིན་པ་དང་། སྲེད་མེད་ཀྱི་བུ་ལ་སོགས་པས་བྱིན་གྱིས་རློབས་པ་དང་། ལྷ་རྣམས་ཐམས་ཅད་ཀྱི་དམ་ཚིག་གིས་སྐྱོང་ཞིང་མི་གཏོང་བར་གྱུར་པའོ། །སླར་ཡང་དབང་གི་ལྷ་རྣམས་གཅིག་ཏུ་


KMC024_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས། དེ་བཞིན་གཤེགས་པ་མི་བསྐྱོད་པའི་རྣམ་པ་ཅན་གྱི་བླ་མས་དབུ་བརྒྱན་པར་གྱུར། དེ་ཡང་བདག་བསྐྱེད་ལ་ཀརྨ་པཀྴིས་དབུ་བརྒྱན། མདུན་བསྐྱེད་ལ་བླ་མ་མི་བསྐྱོད་པའི་རྣམ་པས་དབུ་བརྒྱན་པར་བསམ། རང་ཐ་མལ་པ་གྲངས་མེད་སྦྲོས་ནས་བདག་མདུན་ལ་ཕྱག་འཚལ་བར་དམིགས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུར་སྟོན་པ། །ཆོས་ཉིད་ངང་ལས་མ་གཡོས་བསྟན་སྲུང་ཚུལ། །རྡོ་རྗེ་གཏུམ་པོའི་ཐུགས་ལས་རབ་སྤྲུལ་པ། །ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་བའི་དོན་དུ་ཐུགས་རྗེའི་སྐུར་སྦྲུལ་ཞིང་། །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་འདུལ། །ནག་པོ་མི་བཟད་ཁྲོ་གཉེར་རལ་པ་ཅན། །སྲས་མཆོག་ནག་པོའི་ཚོགས་ལ་ཕྱག་འཚལ་ལོ། །གསང་སྔགས་རྣལ་འབྱོར་ཀུན་གྱི་བཀའ་སྲུང་མཛད། །སངས་རྒྱས་བསྟན་སྲུང་ཕས་ཀྱི་རྒོལ་བ་བཟློག །གཏུམ་པོ་བདུད་འདུལ་དྲེགས་པ་ཤ་ཟའི་གཟུགས། འཇིག་རྟེན་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །བྷྱོ། མཁའ་ལ་


KMC024_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏི། །ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་བསྟོད། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡེ་ན་མ། ཨོཾ་དཾ་ཥྚོཏྐ་ཊ་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨ་ལས་ཐོད་པར་ཧཱུྃ་ཡིག་ནག་པོ་ལས། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་སྣང་སྟོང་ལྷ་རྣམས་མཉེས་བྱེད་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། བཛྲ་པུཥྤེ། དྷཱུ་པེ། དཱི་པཾ། གནྡྷེ། ནི་ཝིདྱ། བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ། ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ། །ཚིལ་ཆེན་བསྲེག་དང་མར་ནག་ཆེན་པོའི་མེ། །ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་ཆེན་ལྔ། །དུར་ཁྲོད་སྒྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་


KMC024_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། སྐབས་གསུམ་གྲོང་གིས་མཚན་པའི་ལྷུན་པོ་དང་། །ལུས་ཅན་ཡོ་བྱད་རྫོགས་པའི་གླིང་རྣམས་དང་། །རིན་ཆེན་ས་འཛིན་རྣམས་དང་བདུད་རྩིའི་མཚོ། །དག་བྱེད་མུ་ཁྱུད་ཕྱོགས་རྣམས་བཀང་སྟེ་འབུལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། གཏོར་མའི་རྫས་བདུད་རྩིའི་ཆུས་བསང་ཞིང་། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭཱབྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། ཆང་ཟུང་ལ་ཡྃ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་བུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་


KMC024_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻཌཱུརྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། རང་གི་སྣ་བུ་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་གནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་


KMC024_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་། ཕེཾ་ཕེཾ་ཕེཾ། ཞེས་གཏོར་མགྲོན་སྤྱན་དྲངས། པད་སྐོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ཨོཾ་བཛྲ་ཨཱ་རལླི་ཧོཿཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ ལན་གསུམ། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁ་ཧི། ལན་གསུམ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་


KMC024_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི། མཁས་གྲུབ་ཨོ་རྒྱན་པ། སེམས་དཔའ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་ཆེན་པོ། འཛམ་གླིང་ཆོས་ཀྱི་གྲགས་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། སྤྲུལ་སྐུ་མཐོང་བ་དོན་ལྡན། ཀུན་མཁྱེན་འཇམ་དཔལ་བཟང་པོ། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། །མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ། མཚུངས་མེད་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། རྒྱལ་དབང་བྱུང་ཆུབ་རྡོ་རྗེ། སི་ཏུ་ཆོས་ཀྱི་འབྱུང་


KMC024_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གནས། རྗེ་བཙུན་བདུད་འདུལ་རྡོ་རྗེ། མི་ཕམ་ཆོས་གྲུབ་རྒྱ་མཚོ། པདྨ་ཉིན་བྱེད་དབང་པོ། ཐེག་པ་མཆོག་གི་རྡོ་རྗེ། རྒྱལ་སྲས་བློ་གྲོས་མཐའ་ཡས། ཀུན་བཟང་མཁའ་ཁྱབ་རྡོ་རྗེ། པདྨ་དབང་མཆོག་རྒྱལ་པོ། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། རང་བྱུང་རིག་པའི་རྡོ་རྗེ་ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སློབ་དཔོན་ཆེན་པོ་ཌོམྦྷི་པ། མལ་གྱོ་ལོ་ཙཱ་བ། གཉལ་བ་ཉི་མ་འབར། གཉལ་པ་གྱོ་སྲས། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། ཆོས་རྗེ་ཀརྨ་པ། བླ་མ་གཉན་རས། ཆོས་རྗེ་རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། ཆོས་རྗེ་རོལ་པའི་རྡོ་རྗེ། རྟོགས་ལྡན་གྲགས་པ་སེང་གེ །དར་མ་རྒྱལ་མཚན། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཀུན་དགའ་བློ་གྲོས། བླ་མ་རིན་པོ་ཆེ་རཏྣ་བྷ་དྲ། ཆོས་ཀྱི་བཟང་པོ། སྤྲུལ་པའི་སྐུ་དྷརྨ་ཤྲཱི་ཛྙཱ་ན་ལ་སོགས་པ་དྲིན་ཅན་རྩ་


KMC024_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ། པུ་རང་བ་ཞང་བཙུན་དར་མ་རིན་ཆེན། གཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་ཅན། སྐྱུ་ར་རྒྱལ་བའི་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། ཆོས་ཀྱི་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུྃ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་བདེ་མཆོག་ཡབ་ཡུམ་འཁོར་དང་བཅས་པའི་འོ། ཨོཾ་དེ་


KMC024_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་ཀྱེ་རྡོར་དང་། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མཿསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿ ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱི་རྒྱལ་བ་རྒྱ་མཚོ་དང་། ཨོཾ་ཨཱཿབཛྲ་དྷྲཾ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་གསང་འདུས་དང་། ཨོཾ་ཧཱུྃ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་གདན་བཞི་དང་། ཨོཾ་ཨཱཿཧཱུྃ་ཧོཿ ཤྲཱི་ཀཱ་ལ་ཙཀྲ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་དུས་འཁོར་དང་། ཨོཾ་ཧྲཱིཿཥྚཱི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་གཤེད་ དམར་དང་། ཨོཾ་ཧྲཱིཿཥྚཱི་ཝི་ཀྲྀ་ཏཱ་ནཾ་ན་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་དགྲ་ནག་འཇིགས་བྱེད་དང་། ཨོཾ་ཧྱ་གྲཱི་ཝ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་པཱ་ཎི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཀཱ་ལ་ཡཀྵ་ཡ་མཱནྟ་ཀྲྀཏྐ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་རྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ།


KMC024_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་འདུས་པའི་ལྷ་ཚོགས་དང་། །འཁོར་གྱི་དྲེགས་པ་ཕོ་མོའི་ཚོགས། །འཁོར་དང་གཡོག་ཏུ་བཅས་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །འདོད་དོན་མ་ལུས་སྒྲུབ་ཏུ་གསོལ། །ཨི་དཾ་བ་ལིཾ་ཏེ་ཛོ་བ་ལིཾ་བ་ལ་བ་ཏི་ས་མ་ཡེ་ཧཱུྃ། ཧཱུྃ། ཁོར་ཡུག་བཅས་པའི་བྷནྡྷ་ཆེན་པོ་རུ། །རྒྱུ་དྲུག་རྟོག་པའི་རང་བཞིན་རྣམ་པར་དག །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ཚིམ་གྱུར་ཅིག །ཨ་ལ་ལ་ཧོཿབཞེས་ཏེ་དགྱེས་པར་རོལ། །གྱིས་རྟ་མགྲིན་བདེར་འདུས་དང་། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཛྲ་ག་རུ་ཌ་ཧཱུྃ་ཕཊ། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། དུཥྚན་མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་ཕྱག་རྡོར་གཏུམ་པོ་དང་། ཡི་དམ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་སངས་རྒྱས་དང་བྱང་ཆུབ་


KMC024_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ཀྱིས་ཡི་དམ་སྤྱི་ལ་ཕུལ་ནས། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། འཁོར་གྱི་མཁའ་འགྲོ་མ་དང་ཕྱོགས་སྐྱོང་སོགས་ལ། བཛྲ་ཌཱ་ཀི་ནཱི། བུདྡྷ་ཌཱ་ཀི་ནཱི། རཏྣ་ཌཱ་ཀི་ནཱི། པདྨ་ཌཱ་ཀི་ནཱི། ཀརྨ་ཌཱ་ཀི་ནཱི། བི་ཤྭ་ཌཱ་ཀི་ནཱི། ལོ་ཀ་ཌཱ་ཀི་ནཱི། ས་མ་ཡ་སྟྭཾ། དྲྀ་ཤྱཧོཿ ཕེཾ་ཕེཾ་ཕེཾ། ཨོཾ་བཛྲ་ཨརྒྷཾ། པདྱཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས་བྷུ་ཏ་བྲེ་ཏ་བི་ཤཱ་ཙ་ཨུན་མཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲིཧྞནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནཏུ་ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ་ཛི་གྷྲ་ཐ་པི་བ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་རཱ་ཏ་ཡ་སཏྶུ་ཁཾ་བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཾ་ཧྲཱིཾ་ཧཾ་ཧཾ་ཧེ་ཧེ་ཧི་ཧི་ཕེཾ་ཕེཾ། ཞེས་པས་གཏོར་མ་ཕུལ་ཏེ། ཞིང་སྐྱོང་ཆེན་


KMC024_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། ཅེས་འདོད་དོན་གསོལ་ལོ། །དེ་ནས་གཏོར་མ་ལ་བདུད་རྩི་གཏོར་ཞིང་། ཨོཾ་དཾ་ཥྚོཏྐ་ཊས་བསང་། སྭཱ་


KMC024_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝས་སྦྱང། སྟོང་པར་གྱུར་པའི་ངང་ཉིད་ལས། །ཡྃ་ལས་རླུང་དང་དེ་ཡི་སྟེང་། །རཾ་ལས་མེ་འབར་ཕྱོགས་གསུམ་དུ། །ཀྃ་ལས་ཐོད་སྒྱེད་དེ་ཡི་སྟེང་། །ཨ་ལས་ཐོད་པའི་ནང་དུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་མུ། །ཤར་དུ་བི་དང་བྱང་དུ་མ། །ནུབ་ཏུ་ཤུ་དང་ལྷོ་རུ་ར། །དེ་རྣམས་ལས་སྐྱེས་བདུད་རྩི་ལྔ། །སླར་ཡང་དབུས་སུ་ན་ཡིག་དང་། །ཤར་ལྷོར་གོ་དང་ལྷོ་ནུབ་ཏུ། །ཀུ་དང་རླུང་དུ་ད་ཡིག་དང་། །བྱང་ཤར་ཧ་ལས་ཤ་ལྔ་སྟེ། །མིང་གི་ཡི་གེས་རྒྱས་བཏབ་པའོ། །སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། །རྡོ་རྗེ་གྲི་གུག་འབར་བ་ནི། །ལྟེ་བར་ཧཱུྃ་གིས་མཚན་པ་ལས། །འོད་འཕྲོས་འོག་གི་ཕྱོགས་སོང་བས། །རླུང་གིས་མེ་སྦར་ཐོད་པ་དྲོས། །རྫས་རྣམས་དམ་ཚིག་བདུད་རྩི་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །སླར་ཡང་སྟེང་དུ་འོད་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །ཐོད་པའི་ནང་དུ་ཞུགས་གྱུར་པ། །གྲི་གུག་གིས་དཀྲུགས་གཉིས་མེད་


KMC024_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ཨོཾ་ཨཱཿཧཱུྃ། གཏོར་མ་འབུལ་བ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ཀྱི་ལྗགས་རྡོ་རྗེའི་དབྱིབས་དང་། དཔལ་མགོན་པོ་འཁོར་བཅས་ཀྱི་ལྗགས་གྲི་གུག་གི་དབྱིབས་དང་། དཔལ་ལྷ་མོ་འཁོར་བཅས་ཀྱི་ལྗགས་ཁ་ཊྭཱྃ་གི་དབྱིབས་ཅན་འོད་ཀྱི་སྦུ་གུས་གཏོར་མ། བདུད་རྩི། ཁྲག་གི་མཆོད་ཡོན་རྣམས་གསོལ་བས་དགྱེས་པར་བསམ་ཞིང་། ཧཱུྃ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །འབྲས་ཆེན་ཁྲག་གི་ཨརྒྷཾ་དང་། །མེ་ཏོག་བདུག་པ་བྱུག་པ་དང་། །བདུད་རྩི་ལྔ་དང་ཤ་ལྔ་དང་། །ཁུར་བ་ཤིང་ཏོག་སྣ་ཚོགས་དང་། །བཅས་པའི་མཆོད་པའི་ཚོགས་རྣམས་ཀུན། །བདག་ཅག་དད་པས་འབུལ་ལགས་ན། །འཁོར་དང་བཅས་པས་བཞེས་སུ་གསོལ། ཧཱུྃ། བླ་མེད་མཆོད་པ་ཁྱད་པར་ཅན། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །རཀྟ་གི་ཝཾ་ག་པུར་དང་། །ཨ་མྲྀ་ཏ་དང་ཤ་ཆེན་སོགས། །དམ་རྫས་བསམ་གྱིས་མི་ཁྱབ་པའི། །མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། །མཁའ་དང་ཕྱོགས་མཚམས་ཀུན་བཀང་སྟེ། །


KMC024_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་སྐུ་ལ་མཆོད་པར་འབུལ། །མགོན་པོའི་གསུང་ལ༴ མགོན་པོའི་ཐུགས་ལ༴ ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བྱིན་གྱིས་བརླབས་པའི་བདུད་རྩི་བཟེད་ཞལ་དུ་སྦྲེང་ཞིང་། བྷྱོ། རིན་ཆེན་ཨིནྡྲ་ནཱི་ལའི་བུམ་པར་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །འཐུངས་པས་འཚེ་བའི་ལོངས་སྤྱོད་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་རཀྵ་ཛ་གད་ཁ་རཾ་ཁཱ་ཧི། བཟེད་ཞལ་གཅིག་ཏུ་ཁྲག་གི་མཆོད་ཡོན་སྦྲེང་ཞིང་། བྷྱོ། རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ། །སྣང་སྲིད་ཐམས་ཅད་རྦ་རླབས་ཁྱིལ་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་རྣམས་མཆོད་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི༴ ཨ་ལ་


KMC024_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧོ་བཞེས་ཏེ༴ ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་རཀྵ་རཀྟ་པི་པ་ཏོ་ཁཱ་ཧི། བྷྱོ། གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་འགལ་གྱི་ཐུན་གཉིས་ཐུན་སྡེབས་ཏེ། །དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ༴ ཨ་ལ་ལ་ཧོ་འདི༴ ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་སརྦ་བཛྲ་ཨཱ་ཙཱརྱ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་སརྦ་བིགྷྣཱན་སརྦ་ཤ་ཏྲཱུྃ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ་ཛཿཧཱུྃ་བྃ་ཧོཿ འདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨ་གཙྪ་ཡ། ཧཱུྃ་ཡ་ཛཿ ཧཱུྃ་ཡ་ཛཿ ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ། ཨེཥཱ་པཉྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏིཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་


KMC024_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཙ། དེ་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི། ཨོཾ་ཨེ་ཨཱ་རལླི་ཧོཿ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲ་ཀ་རཀྵ་ཁཱ་ཧི། ཏྲ་ཀ་རཀྵ་ཐུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས། དམ་རྫས་བདུད་རྩིའི་གཏོར་མ་བཞེས་སུ་གསོལ། །ཁཱ་ཧི། ཨོཾ་ཡ་མ་རཱ་ཛ། ག་ཏ་ཀྵོ་བྷ་ཡ། ཀྵོ་བྷ་ཡ། པ་ཏ་ལི་པ་ཏ་ལེ་ཁཱ་ཧི་ཁཱ་ཧི། གྲྀཧྞ་བ་ལིཾ། གྲ་ཧ་གྲ་ཧ། ཨོཾ་མཾ་ཙཾ་མ་ཧཱ་བྷཻ་ར་ཝཱ་ཡ་སྭཱ་ཧཱ། ཨོཾ་ཤྲཱི་ཀྵིཾ་གྲིཧྞ་བ་ལིཾ་ཧཱུྃ་ཕཊཱ། མདྱ་མཾ་ས་པུཥྤ་དྷུ་པ་རཀྟ། ཏ་ཏ་ལི་པ་ཏ་ལི་ཨཥྚ་ནཱ་ག་དེ་ཝ་ཡཀྵ་རཱཀྵ་ས་གྲྀཧྞ་གྲྀཧྞ། ཨི་མཾ་བ་ལིཾ་ཧཱ་ཧཱ་ཧཱ་ཧཱུྃ་ཁཱ་ཧཱུྃ་ཁཱ་ཧི་ཁཱ་ཧི་ཁ་ཁ་ཧཱུྃ་ཛཿ ཕེཾ་ཕེཾ། ཧེཾ་ཧེཾ་མ་ཧཱ་ཌ་ཏཱ་ར་ཧཱ་ས་གརྫ་གརྫ་ཀྲྀཥྞ་ཝརྞཱ་ཡ་ཧཱུྃ་སྭཱ་ཧཱ། ཨོཾ་ཏྲཀ་རཀྵ་མ་ཧི་དུན་བྷྱོ། མ་ཧཱ་ཡཀྵ། ཏཱིཀྵྞ་ཀཱ་ལི་དུན་བྷྱོ། ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི། མ་མོ་ནག་མོ་བེ་ཏ་ལི། ཀུ་ལུ་ཀུ་ལུ། ཧ་ཧ་ཧ། མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་མཉྩ་མེ་ཙི།


KMC024_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཨ་མྲྀ་ཏ། མ་ཧཱ་སུ་ར་ཏ། མ་ཧཱ་བ་ལིཾ་ཏ། མ་ཧཱ་ཀིཾ་ནི་རི་ཁ་རཾ་ཁཱ་ཧི། ཨོཾ་སརྦ་ཛྙཱ་ན་དྷརྨ་པཱ་ལ། ལོ་ཀ་དྷརྨ་པཱ་ལ། ཀཱ་ལ་བི་ཏཱ་ཨཱམྦོ་ཥོ་ཌ་ཤ །ད་ཤ་དིག་ལོ་ཀ་པཱ་ལ་ནཱ་ཐ་ད་ཤ །དྭཱ་ད་ཤ་སབྟ་ཤྲཱི་ནཱ་ཐ། ཏྲི་རུ་དྲ་ཨ་ཤྭ་ཀ །སཔྟ་མཱ་ཏཱ། ཙ་ཏུར་བྷཱ་གི་ནཱི། ནཱ་བ་ཛྭ་ལཱ། ཙ་ཏུ་ར་ཀཱ་ལ་དེ་ཝཱི། ཙ་ཏུ་ར་ཎཱི་ཀ་རཱ་ཛཱི། ཨཥྚ་བིཾ་ཤ་ཏི་ཨི་ཤ་རཱི། དྭཱ་ད་ཤ་ཏིཥྛ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི། ཨོཾ་བཛྲ་ཀ་ཝུ་ཝ། མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨི་དཾ་བ་ལིཾ༴ ཨོཾ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ཛཿ མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཨི་དཾ༴ ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཻ་ཤྲ་བ་ཎ་ཡ། ཨི་དཾ་བ་ལིཾ་གྲིཧྞན་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེཔྲ་ཡཙྪ་མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི། །སྐབས་འདིར་ཆོས་སྐྱོང་གཞན་གྱི་གཏོར་


KMC024_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བྱེད་པར་སྤྲོ་ན་བྱ་ཞིང་། དེ་ནས་མཁའ་འགྲོ་སྤྱི་གཏོར་འབུལ་བ་ནི། བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། སོ་སོར་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གིས་མེ་སྦར། མེས་ཐོད་པ་དྲོས་པས་རྫས་རྣམས་ཞུ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་


KMC024_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། ཞིང་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པ། ལྷན་ཅིག་སྐྱེས་པའི་ལྷ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚནྡྷོ་དང་ཉེ་བའི་ཚནྡྷོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྱོགས་སྐྱོང་བཅུ་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱ་གར་རྡོ་རྗེ་གདན། རྒྱ་ནག་རི་བོ་རྩེ་ལྔ། ནུབ་ཕྱོགས་ཨོ་རྒྱན། བྱང་ཤམ་བྷ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ལྷོ་ཕྱོགས་དཔལ་གྱི་རི་བོ། ཤྲཱི་ནཱ་ལནྡྲ། བི་ཀྲ་མ་ལ་ཤྲཱི་ལའི་གཙུག་ལག་ཁང་ལ་སོགས་པའི་


KMC024_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལྷོ་གྲོ་བོ་ལུང་། འབྲོག་ལ་ཕྱི་ཆུ་བར། ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ། ཤར་དྭགས་ལྷ་དཔལ་གྱི་སྒམ་པོ། སྟོད་ལུང་མཚུར་ཕུ། ཀཾ་པོ་གནས་ནང་། ཀརྨ་རི་གླིང་། ཤར་ཕྱོགས་སྤུངས་རི། ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། གངས་དཀར་གྱི་རྒྱལ་པོ་ཏི་སེ། མཚོ་མ་ཕམ། བལ་ཡུལ་འཕགས་པ་ཤིང་ཀུན། ཤིང་ཀི་རིའི་མཆོད་རྟེན། རོང་བཙན་ཁ་བ་དཀར་པོ། ཆོས་འཁོར་ལྷ་ས། དཔལ་གྱི་བསམ་ཡས་ལ་སོགས་པ་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་བྱིན་རླབས་ཅན་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བདག་ཅག་སྒྲུབ་པ་པོ་རྣམས་ཀྱི་མཐུན་རྐྱེན་སྒྲུབ། འགལ་རྐྱེན་སོལ། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་


KMC024_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འབབས་པ་དང་། ལོ་ཕྱུག་རྟག་ཏུ་ལེགས་པ་དང་། མི་ནད་དང་། ཕྱུགས་ནད་དང་། ཡམས་ནད་དང་། འཁྲུག་རྩོད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ། གཞི་བདག་དཀར་གཏོར་ནི། ཨོཾ་སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ། དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། བོད་ཀྱི་མགུལ་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། བོད་ཁམས་སྐྱོང་བའི་བརྟན་མ་


KMC024_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །སྒང་ལྔར་གནས་པའི་གཞིའི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་ས་བདག་སའི་ལྷ་མོ་བརྟན་མ། ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ་དེ་རིང་གི་ཉི་མ། གཟའ། རྒྱུ་སྐར། དུས་ཚོད། ཚེས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་། ཕྱིན་ཆད་གང་དུ་འགྲོ་བ། ད་ལྟ་གང་དུ་གནས་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕ་རི་གཡས། ཚུ་རི་གཡོན། འགྲོ་བ་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང་། བརྟེན་པ་མཁར་ལ་སོགས་པ་ས་ཕྱོགས། ཡུལ་ཕྱོགས། དབེན་གནས། སྒྲུབ་གནས་འདི་


KMC024_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་མཉེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་འགྲོ་ན་མ་བཟུང་། སྡོད་ན་མ་བསྐྲད། བསམ་པ་མ་ངན། སྦྱོར་བ་མ་རྩུབ། འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །ཨོཾ་ཨཱཿཧཱུྃ། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །དེ་ནས་བསྟོད་པ་བྱ་བ་ནི་རང་གི་ལུས་གྲངས་མེད་སྤྲུལ་ནས་ཕྱག་འཚལ་བར་མོས་ལ་དཀོན་མཆོག་གསུམ་དང་ཁྱད་པར་ཆོས་སྐྱོང་གི་ཡོན་ཏན་དྲན་བཞིན་པས། །ཨོཾ་ཨཱཿཧཱུྃ་ཧོཿ གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །


KMC024_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དང་པོར་མེ་ཏོག་ཕོག་པའི་ལྷ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོར་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བར་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པའི། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་


KMC024_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབ་ས་བཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། བྷྱོ། རླུང་ནག་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས། །ཕོ་བྲང་གཞལ་ཡས་ཐོད་པའི་སྐུ་མཁར་ནས། །མ་གཅིག་དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །གསང་བའི་ལྷ་མོ་བོང་ཞོན་དབང་ཕྱུག་མ། །ཞལ་ནི་ཟླ་ལྟར་བཞད་པས་མུན་པ་སེལ། །རྔམས་པའི་ཚུལ་གྱིས་ཐོད་ཁྲག་དམར་ལ་རོལ། །སྐྱེ་བ་རྣམ་བཞིའི་འགྲོ་བའི་དོན་སྟོན་མ། །ཁྱོད་ནི་ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་དྲག་མོ་ཀུན་


KMC024_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཙོ་མོ་སྟེ། །ཁྲོ་མོ་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་ཡིན། །ཉེ་བར་དམ་ཚིག་ལས་རྣམས་གྲུབ་པར་མཛོད། །རྡོ་རྗེ་ནག་མོ་མཆེ་བ་གཙིགས་པའི་ཞལ། །དུས་གསུམ་སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་པའི་ལྷ་མོ་ལ། །ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་ང་ལ་ཡོད། །མི་དབང་འབྲས་བུ་སྨིན་པའི་ཤ་ནི་སྐམ་ལེགས་དང་། །མཚལ་གྱི་ཤིང་ཏོག་སྐམ་པོ་བུ་ལ་ཡོད། །རྣམ་དག་བདུད་རྩི་གཏོར་མས་མཉེས་མཆོད་འབུལ། །མ་བུས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ནག་པོ་ཡབ་ཡུམ་བཅུ་དྲུག་དང་། །དཔལ་འབར་འཆང་དང་རྣམ་སྲས་སོགས། །དབང་ཕྱུག་ཆེ་སོགས་མ་བདུན་སོགས། །དྲེགས་བྱེད་ཀུན་ལ་བདག་བསྟོད་དོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པར་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་


KMC024_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །གསོལ་ཁ་འབུལ་བ་ནི། མཆོད་གཏོར་བ་ལིཾ་བཟང་དུ་བཤམས་པར་བདུད་རྩི་འཐོར་ཞིང་། དཾ་ཥྚོཏྐ་ཊས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་འདུད་རྩི་ལྔ་ཞུ་ཞིང་། ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་འདྲེས་པར་གྱུར་པའི་གཏོར་མ་རྣམས་དང་། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་སྒྲུབ་པའི་རྫས། མཆོད་པའི་རྫས། བསྐང་བའི་རྫས། བསྟེན་པའི་རྫས་ལ་སོགས་པ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ་གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿཧཱུྃ། ཨོཾ་མ་ཧཱ་མཾ་ས་ཨཱཿཧཱུྃ། རཀྟ། ཙིཏྟ། བ་སུ་ཏེ། མཉྩ་མེ་ཙི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལིཾ་ཏ། ཀིཾ་ནི་རི་ཏི། ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབ།


KMC024_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། བསྟན་སྲུང་མཐར་ཐུག་རྡོ་རྗེ་བེར་ཅན་དང་། །ཡུམ་ཆེན་དཔལ་ལྡན་ལྷ་མོ་རང་བྱུང་མ། །ནག་པོ་ཡབ་ཡུམ་ཕྱོགས་བཅུའི་མགོན་པོ་དང་། །དྲེགས་པ་དོན་གཉིས་བདུད་བཙན་ཀླུ་ཡི་མགོན། །རྣམ་སྲས་སྔགས་བདག་སྐྱེས་བུ་རྡོ་རྗེ་ལེགས། །སྲིན་མགོན་ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་། །མ་བདུན་སྲིང་བཞི་འབར་མ་དགུ་རྣམས་དང་། །དུས་བཞི་ལྷ་མོ་དམག་གི་རྒྱལ་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་དང་། །མཁར་ནག་རྡོར་རྒྱལ་བཀྲ་ཤིས་ཚེ་རིང་སོགས། །ལྷ་ཀླུ་གཞི་བདག་མཐུ་བོ་ཆེ་རྣམས་དང་། །ཕོ་ཉ་ལས་མཁན་བསམ་ཡས་གྲངས་འདས་ལ། །གཉེས་རྫས་དྲག་པོའི་གཏའ་གཏོར་ཆེན་པོ་དང་། །སྨན་དང་རཀྟ་གསེར་དངུལ་དར་ཟབ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་རྫས་འབུལ། །དགྱེས་པར་བཞེས་ལ་ཅི་བསམ་ཕྲིན་ལས་སྒྲུབས། །ཞེས་གཙོ་འཁོར་ཡོངས་རྫོགས་ཀྱི་གསོལ་བསྡུས་དབང་ཕྱུག་རྡོ་རྗེས་མཛད་པ་ལ། རྒྱལ་དབང་བཅུ་བཞི་


KMC024_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁོར་ལྔ་རྗེས་འབྲང་བཅས་ཁ་འགེངས་མཛད་པ་དང་། ཧཱུྃ། བདེ་ཆེན་ཆོས་དབྱིངས་ཀློང་ཡངས་ནས། །ཐུགས་རྗེའི་ཐབས་མཁས་སྤྲུལ་པའི་སྐུ། །གཏུམ་ཆེན་ཁྲོ་བོའི་སྐུར་བཞེངས་ནས། །རྒྱལ་བའི་བསྟན་པ་སྲུང་མཛད་པ། །དཔལ་ཆེན་མ་ཧཱ་ཀཱ་ལ་ཆེ། །ཡེ་ཤེས་མགོན་པོ་གནས་འདིར་བྱོན། །དཔལ་ལྡན་མགོན་པོ་གནས་འདིར་བྱོན། །སྲས་མཆོག་ནག་པོ་གནས་འདིར་བྱོན། །ལས་ཀྱི་མགོན་པོ་གནས་འདིར་བྱོན། །འཇིག་རྟེན་མགོན་པོ་གནས་འདིར་བྱོན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྤྲུལ་པའི་མགོན་པོ་སྡེ་ལྔ་སོགས། །ཕྱི་ནང་གསང་བ་ཡང་གསང་གི །སྤྲུལ་པ་རྒྱ་མཚོའི་ཚོགས་རྣམས་ཀུན། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་བཞེས། །གང་བཅོལ་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་རོལ་མོ་འབུལ། ཧཱུྃ། ནག་པོ་འགུགས་བྱེད་ཆེན་པོ་དང་། །ནག་པོ་སྙིང་ཁྲག་འཐུང་བྱེད་དང་། །ནག་པོ་


KMC024_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ལེན་ཆེན་པོ་དང་། །ནག་པོ་སྲོག་གི་བདག་པོ་དང་། །ནག་པོ་དུར་ཁྲོད་འཇོམས་བྱེད་དང་། །ནག་པོ་ཁ་ལོ་སྒྱུར་བྱེད་དང་། །ནག་པོ་གདུག་པ་འདུལ་བྱེད་དང་། །ནག་པོ་སྲེག་བྱེད་ཆེན་པོ་སོགས། །དབུགས་ལེན་བཅུ་དྲུག་གནས་འདིར་བྱོན། །དཔལ་རབ་འཆང་དང་དཔལ་འབར་ནག །དབང་ཕྱུག་འབར་བ་རྣམ་ཐོས་སྲས། །ཛམ་བྷ་ལ་དང་མཛེས་ལྡན་སྲས། །ཤ་བ་རི་དང་གཙུག་ཏོར་ལྗང་། །གཙུག་ཕུད་ཅན་དང་བརྟན་མ་སོགས། །ཕྱོགས་བཅུའི་མགོན་པོ་གནས་འདིར་བྱོན། །དབང་ཕྱུག་ལྗང་དང་སྲིན་པོ་ཆེ། །དུར་ཁྲོད་ནག་པོ་གཤིན་རྗེ་དང་། །ཀླུ་རྒྱལ་དགའ་བོ་ཁྱབ་མཇུག་དམར། །བི་ནཱ་ཡ་ཀ་ཏྲཀ་ཤད་སོགས། །དྲེགས་པ་དོན་གཉིས་གནས་འདིར་བྱོན། །བདུད་བཙན་ཀླུ་ཡི་མགོན་པོ་སྟེ། །དྲེགས་པ་རྐྱ་གསུམ་གནས་འདིར་བྱོན། །གཞན་ཡང་སྤྲུལ་པའི་ཕོ་ཉ་ནི། །བྱེ་བ་དུང་ཕྱུར་དུ་མའི་ཚོགས། །བྱ་ནག་ཁྱི་ནག་གཅན་གཟན་དང་། །མཁའ་


KMC024_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་ལ་སོགས་སྤྲུལ་པ་དང་། །ཡང་སྤྲུལ་ཕོ་ཉའི་ཚོགས་ཐམས་ཅད། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་བཞེས། །གང་བཅོལ་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་རོལ་མོ་འབུལ། ཧཱུྃ། ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྐྱོང་སྲུང་མ་རྒྱ་མཚོའི་ཚོགས། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །འདོད་ཡོན་རྣམ་ལྔའི་མཆོད་པ་འབུལ། །བ་ལིཾ་གཏོར་མའི་མཆོད་པ་འབུལ། །དམར་ཆེན་རཀྟའི་མཆོད་པ་འབུལ། །བདུད་རྩི་ཛ་གད་མཆོད་པ༴ ཞལ་ཟས་ཚོགས་ཀྱི་མཆོད་པ༴ དགྲ་བོའི་ཤ་ཁྲག་མཆོད་པ་འབུལ། །རབ་ཏུ་འགྱོད་པས་ཉེས་ཀུན་བཤགས། །ཐུགས་དང་འགལ་བ་བཟོད་པར་གསོལ། །ཁྱོད་ལ་བཅོལ་བའི་ཕྲིན་ལས་ནི། །རྡོ་རྗེ་སློབ་དཔོན་མཚན་ལྡན་དང་། །རྡོ་རྗེ་མཆེད་ལྕམ་དམ་ཚིག་ལྡན། །རྣལ་


KMC024_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བདག་ཅག་འཁོར་བཅས་དང་། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །འཁོར་དང་ལོངས་སྤྱོད་དབང་སྡུད་དང་། །བདུད་དཔུང་འཇོམས་ཤིང་དགྲ་བགེགས་འདུལ། །ནད་པ་སྲིའུ་གསོ་བ་དང་། །གཙུག་ལག་ཁང་སྲུང་ཆོས་འཁོར་སྐྱོང་། །ཕ་རོལ་དམག་དཔུང་བཟློག་པ་དང་། །བྱད་མ་རྨོད་གཏོང་བཟློག་པ་དང་། །ནད་རིམ་དལ་ཁ་བསྒྱུར་བ་དང་། །བན་དགྲ་ལོག་ལྟ་རང་གཤེད་འབེབས། །བྱོལ་པོ་ཆགས་ཆེན་བཟློག་ལ་སོགས། །གང་གསོལ་ཕྲིན་ལས་ཁྱོད་ཀྱིས་མཛོད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བླ་མའི་སྐུ་དགྲ་ཁྱོད་ཀྱིས་ཐུལ། །རྣལ་འབྱོར་སྒོས་དགྲ་ཁྱོད་ཀྱིས་སྒྲོལ། །རྗེས་འཇུག་བུ་སློབ་ཁྱོད་ཀྱིས་སྐྱོངས། །དཀོར་དང་རྟེན་མཆོད་ཁྱོད་ཀྱིས་སྲུངས། །ཕོ་ཉ་དོན་སྒྲུབ་བསུ་སྐྱེལ་གྱིས། །དད་མོས་ཡོན་བདག་ཁྱོད་ཀྱིས་སྐྱོང་། །མི་


KMC024_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་རྟ་ཕྱུགས་ཁྱོད་ཀྱིས་སྲུངས། །སྒྲུབ་པའི་བར་ཆད་ཁྱོད་ཀྱིས་སོལ། །གསང་སྔགས་བཟླས་རྒྱུན་ཁྱོད་ཀྱིས་ཟུངས། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། །ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །ཁྱད་པར་དཔལ་ལྡན་ཀརྨ་པའི། །བསྟན་ལ་གནོད་བྱེད་ཐམས་ཅད་ཀུན། །མིང་ཙམ་མེད་པར་རྡུལ་དུ་རློག །བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན། །མཛད་ཕྲིན་ནམ་མཁའི་མཐའ་དང་མཉམ། །ཀརྨ་ཀཾ་ཚང་བསྟན་པ་མཆོག །འཛམ་གླིང་ཀུན་ཏུ་ཁྱབ་པར་རྒྱས། །ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་རྒྱལ་མཆོག་བཅུ་བཞི་པས་མཛད་པའི་མགོན་པོ་ཕོ་རྒྱུད་དང་། སྣང་སྲིད་ཟིལ་གནོན་གྲུབ་ཆེན་པཀྴི་སོགས། །བཀའ་བརྒྱུད་བླ་མ་རྣམས་དང་ཡི་དམ་ལྷ། །འཁོར་ལོ་བདེ་མཆོག་རྡོ་རྗེ་རྣལ་འབྱོར་མ། །མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་ཅན། །དཔལ་


KMC024_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མ། །ཀུན་དགའ་གཞོན་ནུ་དམ་ཅན་རྡོ་རྗེ་ལེགས། །རྣམ་མང་ཐོས་སྲས་ཇོ་བོ་སྔགས་ཀྱི་བདག །སྲིན་མགོན་མཁར་ནག་ཨ་ཕྱི་ཚེ་རིང་མཆེད། །རྡོ་རྗེ་བྲག་བཙན་ཐང་ལྷ་སྤོམ་ར་སོགས། །བསྟན་བསྲུང་རྒྱ་མཚོའི་ཚོགས་རྣམས་མ་ལུས་པ། །རང་བཞིན་གནས་ནས་འདིར་བྱོན་དགྱེས་པར་བཞུགས། །ཕྱི་ནང་གསང་བའི་མཆོད་སྤྲིན་འདོད་ཡོན་དང་། །བདག་པོས་བཟུང་དང་མ་བཟུང་ལོངས་སྤྱོད་ཀྱི། །བྱེ་བྲག་རྣམ་མང་རྒྱ་ཆེན་བཀོད་པའི་རིགས། །འབུལ་བཞེས་བརྩེ་བས་དགོངས་ལ་བྱིན་གྱིས་རློབས། །དངོས་གྲུབ་གཉིས་སྩོལ་ཕྱི་ནང་གསང་བ་ཡི། །བར་ཆད་ཀུན་སོལ་མཐུན་རྐྱེན་བསམ་པ་སྒྲུབ། །བྱང་ཆུབ་ལམ་གྱི་མི་མཐུན་ཀུན་ཞི་ནས། །བླ་མེད་གོ་འཕང་ཐོབ་པར་མཛད་དུ་གསོལ། །ཞེས་པ་འདི་རྡོ་སྟོད་བླ་མ་ངེས་དོན་ནས་བསྐུལ་ཕྱིར་༧སི་ཏུ་པདྨ་ཉིན་བྱེད་དབང་པོས་སྤེལ་བ་དགེ །༈ ད་ནི་རྣལ་འབྱོར་པ་ཆགས་ཆེ་ཞིང་ཕྱི་ནང་གི་རྐྱེན་དུ་མ་ལྷོངས་ན་ཉམས་ཆགས་བསྐང་བའི་


KMC024_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། བསྐང་བ་རྒྱུན་པར་འདོད་ན། གཏོར་མ་ཕུན་སུམ་ཚོགས་པ་དང་། ཉེར་སྤྱོད་སྤྱན་གཟིགས་སྣ་ཚོགས་དང་བཅས་པ་བཤམས་ནས། བསངས་སྦྱངས་ཏེ། ཨ་ལས་ཀ་པཱ་ལའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སྟེ། ཨོཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་སྦྱངས་རྟོགས་སྦར་འོད་གསལ་བར་བྱས་ཏེ། དྲི་རོ་ཕུན་སུམ་ཚོགས་པའི་གཟི་བརྗིད་མཐའ་ཡས་པར་གྱུར། ཨོཾ་ཨཱ་ཀཱ་རོ་ཞེས་ལན་གསུམ་བརྗོད་ནས། འདི་སྐད་དུ། སྐད་ཅིག་གིས་བདག་སོགས་ཉོན་མོངས་པ་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། མ་ཤེས་པ་རྣམས་ཀྱིས་རྒྱུད་མ་རུངས་པ་གདུལ་དཀའ་བ་རྣམས་ཀྱིས་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་གང་མཆིས་པ་བཤགས་ནས་སྒྲིབ་པར་མི་འགྱུར་བའི་ཕྱིར། བཅོམ་ལྡན་ཐུགས་རྗེ་ཅན་དཔལ་ནག་པོ་ཆེན་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་བརྗོད་ནས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །


KMC024_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ཅུང་ཟད་བདག་གིས་བསགས་པ་ཀུན། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། ཞེས་དང་། དེ་ནས། བཛྲ་ཨརྒྷཾ་ནས། ཤབྡའི་བར་བརྗོད་ནས། འདོད་པའི་གཟུགས་སྒྲ་རྣམ་དག་རྡོ་རྗེའི་ཡུལ། །ཁམས་ཀྱི་དྲི་རོ་རྣམ་དག་ཞི་བའི་དབྱིངས། །ས་ཡི་རེག་བྱ་ཆོས་ཁམས་རྣམ་དག་པའི། །བདུད་རྩི་འོད་ཟེར་འབར་བའི་མཆོད་པ་བཞེས། །བདག་རྒྱུད་ཉེས་པ་གང་མཆིས་མཐོལ་ལོ་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་པ་སླར་ཡང་ལེན། །སྔོན་ཆད་ནོངས་པའི་ལས་ལ་འགྱོད་པར་མཆིས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དགོས་གྲུབ་སྩོལ། །བསྐང་ངོ་བཀའ་བརྒྱུད་བླ་མ་ཡི་དམ་དང་། །དཔའ་པོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་བསྐང་ལས་ཉམས་ཆགས་སོར་ཆུད་མཛོད། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་པར་མཛོད། །ནག་པོ་ཆེན་པོ་ཡུམ་གཅིག་རལ་གཅིག་མ། །ལེགས་ལྡན་ནག་པོ་ཡུམ་གཅིག་རྩ་འཇིབ་དམར། །སྤྲུལ་པ་ལས་མགོན་


KMC024_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བྱ་རོག་གདོང་། །སེང་གེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་པ། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་བཅས་དང་། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱིས། །ཐུགས་རྗེ་ཆེན་པོས་དགོངས་ཤིག་བཅོམ་ལྡན་གྱི། །བཀའ་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆགས་ཉམས་སྐོངས། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། ཞེས་སོ། །ཨོཾ་ཨཱཿཧཱུྃ། བྷན་དྷ་རིན་ཆེན་འབར་བའི་སྣོད་ཡངས་པར། །མཐུན་རྫས་སྨན་རཀ་གཏོར་མའི་བྱེ་བྲག་དང་། །བསྟེན་དང་སྒྲུབ་དང་མཆོད་པའི་ཉེར་སྤྱོད་ཀུན། །མཁའ་དབྱིངས་གང་བ་དགྱེས་བསྐྱེད་རང་བཞིན་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཔཱུ་ཛ་བཛྲ་སྥ་ར་ཎ་ཁཾ། བྷྱོཿ ཆོས་


KMC024_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་བདེ་ཆེན་ཡངས་པའི་ཀློང་། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །སྤྲུལ་པའི་རང་བྱུང་དཔལ་ལྷ་མོ། །སྲིད་པའི་རྒྱལ་མོ་གནས་འདིར་བྱོན། །མཁའ་དབྱིངས་བདེ་ཀློང་འཁྱིལ་བ་ཡི། །རྟག་པའི་རྒྱལ་མོ་མུ་ཁ་ལེ། །སྣང་སྲིད་ཀུན་ཏུ་འཕྲུལ་བྱེད་པའི། །མ་མོ་ཆེན་མོ་གནས་འདིར་བྱོན། །རེ་མ་ཛུ་དང་རེ་མ་ཛཿ རེ་མ་ཏི་ཡང་གནས་འདིར་བྱོན། །ལྷ་མོ་དུང་སྐྱོང་གནས་འདིར་བྱོན། །རེ་ཏི་ཡུམ་གཅིག་གནས༴ རིན་ཆེན་སྐེད་བཅིངས་གནས་འདིར༴ ཀློག་ལྟར་འགྱུ་མ་གནས༴ གཤིན་རྗེའི་ལྕམ་མོ་གནས༴ ཀླུ་མོ་ཆེན་མོ་གནས༴ འདོད་ཁམས་དབང་ཕྱུག་གནས་འདིར༴ རང་བྱུང་ཀུན་ཁྱབ་གནས༴ གྲུབ་པའི་དགྲ་ལྷ་གནས༴ མ་མོ་འཁོར་བཅས་གནས་འདིར་བྱོན། །དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །མཉེས་པའི་མཆོད་ཚོགས་བཞེས་སུ་གསོལ། བྷྱོ། དཀྱིལ་འཁོར་ཀུན་གྱི་དབང་མོ་ཆེ། །རང་བྱུང་རྒྱལ་མོ་གནས་འདིར་བྱོན། །རྡོ་རྗེའི་སྐུ་གསུང་


KMC024_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྣམས་ཀྱི། །དཔལ་ལྡན་ལྷ་མོ་གནས༴ ཀླུ་མོ་ཆུ་སྲིན་གདོང་ཅན་དང་། །ཁྲི་སྨན་མདོག་ལྡེམ་གནས་འདིར་བྱོན། །འགུགས་བྱེད་གསོད་བྱེད་སྒྲོལ་བྱེད་དང་། །སྲུང་བྱེད་མ་བདུན་གནས་འདིར་བྱོན། །དཀར་སྔོ་དམར་སེར་འདྲེན་བྱེད་མ། །གསང་བ་སྲིང་བཞི་གནས༴ གསལ་འཛིན་འབར་མ་ཀློང་དགུ་མ། །ཡུམ་ཆེན་འབར་མ་གནས༴ སྲིད་པ་དུས་བཞི་ལ་འཆར་བའི། །ལྷ་མོ་ཆེན་མོ་གནས༴ ཕྱོགས་རྣམས་ཀུན་ཏུ་འདྲེན་པ་ཡི། །དམག་གི་རྒྱལ་མོ་གནས༴ མ་སྲིང་ཆུང་མ་བྲན་མོ་ཡི། །དབང་ཕྱུག་མ་རྣམས་གནས༴ བདུད་མོ་གནོད་སྦྱིན་སྨན་མོ་ཡི། །བརྟན་མའི་ཚོགས་རྣམས་གནས༴ སྲིད་གསུམ་ཀུན་ལ་གནས་པ་ཡི། །མ་མོའི་ཚོགས་རྣམས་གནས་འདིར་བྱོན། །དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །མཉེས་པའི་མཆོད་ཚོགས་བཞེས་སུ་གསོལ། བྷྱོ། །དཔལ་ལྡན་ལྷ་མོ་འཁོར་དང་བཅས། །རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། །


KMC024_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་གནས་འདིར་གཤེགས་ནས་ཀྱང་། །དགྱེས་པའི་གདན་ལ་བཞུགས་སུ་གསོལ། །རབ་ཏུ་དྭངས་བས་ཕྱག་བགྱིའོ། །མཉེས་བྱེད་བསྟེན་པའི་དམ་རྫས་མཆོག །གཡབ་དར་གསུར་དུད་འབོད་པའི་རྫས། །ལུག་དྲེལ་བྱ་ནག་མདའ་དར་དང་། །གསང་བའི་སྐུ་འབག་བྷནྡྷ་དང་། །རྐང་འཐུང་འདབ་མ་རླུང་བསྐྱོད་དང་། །མི་དབང་ཤ་དང་མཚལ་གྱི་འབྲས། །ཕྱི་ནང་གསང་བའི་རྟེན་རྫས་དང་། །རྨ་བྱ་སེང་གེའི་རྒྱལ་མཚན་དང་། །གཡང་གཞིར་རེ་ལྡེ་ཤ་ཁྲག་སོགས། །སྨན་སྣ་ཆང་ཕུད་ཨ་མྲྀ་ཏ། །བ་ལིཾ་རྒྱན་པའི་གཏོར་མ་སོགས། །མཆོད་པའི་རྫས་གྱུར་ཐམས་ཅད་དང་། །བདུད་རྩི་དམ་ཚིག་བསྲེ་བའི་རྫས། །བདུག་སྤོས་དྲི་ལྡན་བསྐུལ་བའི་རྫས། །ན་ཆུང་དྲི་མེད་གསུང་དབྱངས་སོགས། །བརྟེན་པའི་རྫས་དང་མཆོད་པ་ཡི། །བྱེ་བྲག་མ་ཚང་མེད་པ་འདི། །མཁའ་དབྱིངས་ཀུན་ཏུ་གང་སྤྲུལ་ཏེ། །དཔལ་ལྡན་ལྷ་མོ་འཁོར་བཅས་མཆོད། །ཉེས་


KMC024_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་རྣམས་ཀུན་ཏུ་བཤགས། །འཁྲུལ་ཞིང་འགལ་བ་མ་ལུས་བསྐང་། །ཚངས་ཤིང་བཟོད་པར་མཛད་དུ་གསོལ། །དམ་ཚིག་མི་འདའ་རྗེས་དགོངས་མཛོད། །ཕྲིན་ལས་དམ་པ་བཅོལ་བ་ནི། །རྒྱལ་བའི་བསྟན་པ་གཉན་པོ་སྲུངས། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་སྤེལ། །བར་ཆད་གཡུལ་ངོ་ཐལ་བར་རློག །གཙུག་ལག་དགེ་འདུན་ཆོས་འཁོར་སྐྱོངས། །སྒྲུབ་པའི་རྣལ་འབྱོར་དམ་ཚིག་ལྡན། །འཁོར་སློབ་རྒྱུ་སྦྱོར་ལ་སོགས་པའི། །ནད་གདོན་ཉེར་འཚེ་ཞི་བ་དང་། །དཔལ་འབྱོར་རྒྱས་ཤིང་མཐུན་རྐྱེན་སྡུད། །དགྲ་བགེགས་དམ་སྲི་སྒྲོལ་བ་སོགས། །འདོད་པའི་ཕྲིན་ལས་གང་ཡིན་པ། །མ་ལུས་ཡིད་བཞིན་བསྒྲུབ་ཏུ་གསོལ། །མ་མོ་འཁོར་བཅས་བསྐང་བའི་མཐུས། །ཕྱི་ནང་འགལ་རྐྱེན་བཟློག་པ་དང་། །འདོད་རྒུ་ཆར་བཞིན་འབེབས་པ་ཡི། །བཀྲ་ཤིས་འཛམ་གླིང་ཁྱབ་པར་ཤོག །ཞེས་ཞྭ་དམར་བརྒྱད་པས་བསྩལ་བའི་ལྷ་མོ་མོ་རྒྱུད་དང་། ཧཱུྃ།


KMC024_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་ཁྱོད་ཀྱི་ཐུགས་དང་ཅི་འགལ་བ། །མ་རིག་དབང་གིས་ཉེས་པ་བྱུང་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སྐྱེས་བུ་ཁྱོད་ལ་ཕྲག་དོག་མ་མཆིས་ཀྱང་། །ཁྱོད་ཀྱི་འཁོར་དུ་གཏོགས་པའི་འཇིག་རྟེན་པ། །གདུག་པའི་ཚོགས་ནི་དེ་དག་ཐམས་ཅད་ལ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བདག་གིས་རབ་ཏུ་བཤགས་པའི་བསོད་ནམས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བ་དང་། །བསམ་པ་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། དཔལ་ཆེན་འཁོར་བཅས་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་ཡེ་ཤེས་ཆེན་པོའི་སྤྱན་དང་ལྡན། །བདག་ནི་མ་རིག་དབང་གྱུར་ལུས་ངག་སེམས། །ནོངས་པའི་ཚོགས་ནི་ཅི་མཆིས་བཟོད་པར་གསོལ། །རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས་པ་དང་། །དམ་རྫས་མ་


KMC024_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་བསྙེན་བསྒྲུབ་གཡེལ་བ་སོགས། །ཡབ་ཡུམ་འཁོར་བཅས་ཐུགས་དང་འགལ་བ་རྣམས། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །བསྐང་རྫས་མཆོད་གཏོར་རྣམས་ལ་བདུད་རྩི་བྲན་ཏེ། དཾཥྚོཏྐ་ཊས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་མགོ་བོའི་སྣོད་སོགས་ནས། ཀིཾ་ནི་རི་ཏི་ཨོཾ་ཨཱཿཧཱུྃ། །ཞེས་པའི་བར་གོང་བཞིན་བརྗོད་པས་བྱིན་གྱིས་བརླབས་ཏེ། ཧཱུྃ། བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་། །དཔའ་བོ་རྒྱ་མཚོའི་ཐུགས་དམ་བསྐང་། །དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐང་། །ཡེ་ཤེས་མགོན་པོའི༴ ལས་ཀྱི་མགོན་པོའི༴ འཇིག་རྟེན་མགོན་པོའི༴ སྲས་མཆོག་ནག་པོའི༴ དཔལ་ལྡན་ལྷ་མོའི༴ དབུགས་ལེན་ཡབ་ཡུམ༴ ཕྱོགས་བཅུ་མགོན་པོའི༴ དྲེགས་པ་དོན་གཉིས༴ དྲེགས་པ་རྣམ་གསུམ༴ མ་མོ་བདུན་གྱི༴ སྲིང་མོ་བཞི་ཡི༴ འབར་མ་དགུ་ཡི༴ དུས་བཞི་ལྷ་མོའི༴ དམག་གི་


KMC024_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོའི༴ དབང་ཕྱུག་ཉེར་བརྒྱད༴ བརྟན་མ་བཅུ་གཉིས༴ སྤྲུལ་དང་ཡང་སྤྲུལ༴ དམ་ཅན་རྒྱ་མཚོའི༴ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དཀྱིལ་འཁོར་གཉེན་པོ་དྲལ་ལ་རེ། །ཉེས་བྱེད་སྡེབས་སུ་ཤོར་ལ་རེ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ནད་ཡམས་མ་བཏང་ཞིག །ཕྱུགས་ལ་གོད་ཡམས་མ་བཏང་ཞིག །ནོར་ལ་གྱ་གྲམ་མ་བཏང་ཞིག །ཞིང་ལ་རྩ་སད་མ་བཏང་ཞིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར། །མི་མཐུན་བར་ཆད་རྐྱེན་རྣམས་ཟློག །འཁོར་རྣམས་སྲུང་ལ་རྐྱེན་རྣམས་ཟློག །སྡང་བའི་དགྲ་ལ་རྟགས་བྱུང་ཞིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །འདོད་པའི་


KMC024_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ་བ་དང་། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཁྲོ་བོའི་དྲག་ཤུལ་བཟློག་ཏུ་གསོལ། །ཧེ་རུ་ཀ་ཡི་གཟི་བརྗིད་ཟློག །ཕུར་པའི་བྱད་ཀ་བཟློག་ཏུ་གསོལ། །སྟོབས་པོ་ཆེ་ཡི་ཟིལ་གནོན་ཟློག །ལྷ་རྣམས་ཀུན་གྱི་རྩུབ་རིམས་ཟློག །ལྷ་མིན་རྣམས་ཀྱི་དུག་གཟེར་ཟློག །གཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག །གཤིན་རྗེ་ཕོ་མོའི་འཁྲུལ་འཁོར་ཟློག །བདུད་དམག་རྣམས་ཀྱི་ཁྲམ་ཁ་ཟློག །མ་མོ་རྣམས་ཀྱི་ཐུན་ཟོར་ཟློག །ཀླུ་ཆེན་རྣམས་ཀྱི་འཆིང་བ་ཟློག །གནོད་སྦྱིན་རྣམས་ཀྱི་གཟེར་ནད་ཟློག །བཙན་གྱི་རྒྱུ་སྲང་བཟློག་ཏུ་གསོལ། །རྒྱལ་པོའི་དབྱིངས་སྐྱོ་ཐམས་ཅད་ཟློག །མཁའ་འགྲོའི་ཁྲག་ནད་བཟློག་ཏུ་གསོལ། །འབྱུང་པོ་ཡི་དྭགས་རིམས་ནད་ཟློག །ཐེའུ་རང་འགོང་པོ་ལ་སོགས་པ། །དམ་སྲི་ལོག་འདྲེན་བགེགས་ཚོགས་ཀྱི། །ཕུགས་ཀྱི་སྲིས་རྐུན་ཐམས་ཅད་ཟློག །བལ་མོའི་དུག་


KMC024_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་བཟློག་ཏུ་གསོལ། །སྔོན་གྱི་སྒྲུབ་བརྒྱུད་གསེར་རིའི་ཕྲེང་ཚོགས་ཀྱིས། །ཇི་ལྟར་བཀའ་བསྒོས་ཐ་ཚིག་མ་གཡེལ་བར། །ཡེ་ཤེས་མགོན་པོའི་ལྷ་ཚོགས་འཁོར་བཅས་རྣམས། །ཕྱི་ནང་གསང་བའི་མཆོད་གཏོར་འདི་བཞེས་ལ། །དྭགས་བརྒྱུད་བསྟན་དགྲའི་ཆོ་འཕྲུལ་ཞི་བར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། དེ་བཞིན་དུ། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལིཾ་ཏ། མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། །ཞེས་པས་ཐུགས་དམ་བསྐང་ཞིང་ཕྲིན་ལས་བཅོལ་ལ། མན་ངག་གི་ཡིག་བརྒྱ་གཟུངས་དང་བཅས་པས་ཉམས་ཆགས་བཤགས། སླར་ཡང་མཆོད་གཏོར་ཁ་གསོས་པར། ཨོཾ་ཨཱཿཧཱུྃ། བྷནྡྷ་རིན་ཆེན་འབར་བའི་སོགས་ཀྱིས་སྔར་ལྟར་བྱིན་གྱིས་བརླབས་ནས། ཆགས་མེད་ཞབས་ཀྱིས་མཛད་པའི་ལྷ་མོའི་བསྐང་བ་ནི། བྷྱོ། བྱང་ཤར་ཆོས་དབྱིངས་ཕོ་བྲང་དམ་པ་འདིར། །རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་དུད་སོལ་མ། །ཡམས་ནད་ཞི་མཛད་བཀྲ་ཤིས་ཤ་ཝ་རི། །བདུད་རྩི་སྨན་གྱི་རྒྱལ་མོའི་ཐུགས་


KMC024_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །མགོན་པོའི་ལྕམ་གཅིག་དཔལ་ལྡན་རང་བྱུང་མ། །སྲིད་པའི་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ས་བརྒྱད་སེམས་མ་ཆེན་མོའི་ཐུགས་དམ་བསྐང་། །གསང་སྔགས་སྲུང་མ་སྔགས་སྲུང་རལ་གཅིག་མ། །དཔག་བསམ་ཤིང་གི་བདག་མོ་འོད་ཟེར་ཅན། །ཨོ་རྒྱན་གནས་ཀྱི་གཙོ་མོ་ཕག་ཞལ་ཅན། །དཀྱིལ་འཁོར་ཀུན་གྱི་གཙོ་མོའི་ཐུགས་དམ་བསྐང་། །མི་མངོན་དབྱིངས་ན་ངོ་བོ་གཅིག་ཉིད་དེ། །ངོ་བོ་གཅིག་ལས་སྤྲུལ་པ་སྟོང་ཕྲག་འགྱེད། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ་ཕྲག་རེ། །ཁམས་གསུམ་ཀུན་ཁྱབ་ལྷ་མོའི་ཐུགས་དམ་བསྐང་། །ངོ་བོ་གཅིག་ལ་རྣམ་པ་དཔོན་གཡོག་ཚུལ། །བདུད་ཀྱི་བུ་མོ་ནག་མོ་རེ་མ་ཏི། །སྤྲུལ་པ་རེ་ཏི་མཆེད་བཞི་གཡོག་འཁོར་འབུམ། །མ་གཅིག་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ནམ་མཁའ་ལྡིང་། །མིའམ་ཅི་དང་གྲུལ་བུམ་


KMC024_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེ་མི། །ཀུན་གྱིས་བསྟོད་ཅིང་ཕྱག་བྱས་མངའ་གསོལ་བ། །སྲིད་གསུམ་འགྲན་བྲལ་ལྷ་མོའི་ཐུགས་དམ་བསྐང་། །དབྱིངས་ཀྱི་ཁྲོ་རྒྱལ་རྣམ་པར་སྣང་མཛད་དེ། །འགྲོ་བའི་དོན་དུ་ས་བརྒྱད་སེམས་མར་སྤྲུལ། །འཇིགས་པའི་སྐུར་སྟོན་གདུག་པ་ཀུན་འདུལ་མ། །རབ་འཇིགས་ཁྲག་འཐུང་རྒྱལ་མོའི་ཐུགས་དམ་བསྐང་། །མིང་བརྒྱ་མཚན་སྟོང་རྣམ་འཕྲུལ་བསམ་མི་ཁྱབ། །རྫུ་འཕྲུལ་དཔག་མེད་མཐུ་རྩལ་ཐོགས་པ་མེད། །དམ་ཚིག་རྗེས་གཅོད་རྣལ་འབྱོར་དྲོད་ཚད་ཉུལ། །དམ་ལྡན་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །དཀར་སེར་དམར་ལྗང་ཞི་དང་ཞི་མ་ཁྲོ། །སྣ་ཚོགས་སྐུ་དང་དེ་བཞིན་སྣ་ཚོགས་སྔགས། །སྣ་ཚོགས་ཕྲིན་ལས་དངོས་གྲུབ་ཀུན་འབྱུང་བའི། །ཡིད་བཞིན་ནོར་མཆོག་ལྷ་མོའི་ཐུགས་དམ་བསྐང་། །ཕྱི་ཡི་གནས་ཡུལ་ནང་གི་རྩ་རླུང་ཁམས། །གསང་བ་རང་གི་སེམས་དང་དབྱེར་མེད་ཅིང་། །འཁོར་འདས་ཀུན་ལ་ཁྱབ་ཅིང་དབང་


KMC024_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བའི། །ཀུན་ཁྱབ་ཀུན་བཟང་ལྷ་མོའི་ཐུགས་དམ་བསྐང་། །འདོད་པའི་ཁམས་ན་འདོད་ཆགས་ལས་གྱུར་པའི། །སྣང་སྲིད་མ་མོ་མཁའ་འགྲོ་ཅི་མཆིས་པ། །ཐམས་ཅད་ཁྱོད་ཀྱི་འཁོར་གཡོག་ཕོ་ཉ་སྟེ། །མོ་རྒྱུད་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཉམས་ཆག་འགལ་འཁྲུལ་རྟོག་སྒྲིབ་ཅི་མཆིས་པ། །ལྷ་མོ་དཔོན་གཡོག་འཁོར་དང་བཅས་ལ་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ནས་ཀྱང་། །ཡམས་ནད་རིམས་ནད་ཞི་བའི་ཕྲིན་ལས་མཛོད། །ཅེས་དང་། མ་མོའི་འཁྲུགས་སྐོང་ནི། བྷྱོ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་དུ་གྱེར་བའི་ཚེ། །ཕ་ཟེར་བུ་ཡིས་མི་ཉན་དུས། །དུས་ངན་ཉེ་བ་འཐབ་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུགས་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །བུད་མེད་སྣ་ཚོགས་སྟོང་ཁམས་གང་། །


KMC024_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནད་ཕྱུགས་ནད་སྣ་ཚོགས་གཏོང་། །མཁའ་ལ་ནད་སྤྲིན་སྣ་ཚོགས་འཁྲིགས། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱི་བསྐལ་པས་འཇིག་བྱེད་མ། །གློ་བུར་མི་ལ་ལྷོག་རྒོད་འབེབས། །ཐོག་སེར་འབེབས་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱོད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩི་གཏོར་མ་དང་། །བསྟེན་རྫས་སྐོང་རྫས་སྒྲུབ་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མ་ཡ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་སྒྱུར། །ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །


KMC024_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ངན་མཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །བཟློག་བསྒྱུར་ཆེན་པོའི་དུས་ལ་བབས། །དུས་ལ་བབས་པོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པས། །མི་ཤེས་སྒྲིབ་པ་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་ལས་འགལ་བ་རྣམས། །སྤྲུལ་པ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །མན་ངག་གི་ཡིག་བརྒྱ་དང་། ལག་གཡས་མཛུབ་མོ་སྲིན་ལག་གཉིས་མཐིལ་དུ་བཀུག མཐེ་བོང་གུང་མོ་མཐེའུ་ཆུང་གསུམ་བསྒྲེང་བ་ཕྱར་བ་ཏྲི་ཤུ་ལའི་ཕྱག་རྒྱས། ཧཱུྃ་ཕཊ་མ་ཧཱ་དེ་ཝཱི་ཀཱ་ལི་དུཥྚན་ཏ་ཀ་ཧ་ན་ད་ཧ་རུ་ལུ་བྷིནྡྷ་པ་ཙ་བ་ར་ན་ཧཱུྃ་ཕཊ། །ཅེས་མཚན་ངན་བཟློག་གོ །ལག་གཉིས་སོར་མོ་བཅུ་བསྡུས་ནས་ཁོག་པ་ཟླུམ་པོ་བདུད་རྩི་བུམ་པའི་ཕྱག་རྒྱས། ཨོཾ་བཛྲ་དྷཱ་ཀི་ནཱི་དེ་ཝཱི་མ་ཧཱ་ཀཱ་ལཱི་རེ་མ་ཏེ། །ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ས་མཱ་ཡ་ཕ་ལ་ཨ་ཝེ་ཤ་ཡ་ཨཱཿ བྷྱོ། དུས་ངན་


KMC024_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མའི་མཐར་ཐུག་ལ། །བནྡེ་བླ་མའི་དམ་ཚིག་ཉམས། །སྐྱེ་བོ་ཁྲེལ་དང་ངོ་ཚ་བོར། །དེ་ཚེ་མ་མོ་ཐུགས་ཁྲོས་ནས། །ནད་མུག་འཁྲུགས་གསུམ་སྤྲིན་ལྟར་གཡོ། །དེ་དག་ཁྱོད་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་དམ་རྫས་གཏོར་བདུད་རྩི། །བརྟེན་བསྐང་སྒྲུབ་པ་གསུམ་གྱི་རྫས། །མོ་འཁྲུགས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་བསྐང་བའི་མཐུས། །བདག་སོགས་མཁའ་མཉམ་འགྲོ་ཚོགས་ཀྱིས། །ནད་གདོན་བར་ཆད་བཟློག་ཏུ་གསོལ། །མི་མཐུན་ཕྱོགས་ཀུན་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདག་གཞན་མི་ཤེས་ལེ་ལོ་ཡིས། །ས་ལམ་བགྲོད་ལ་འགལ་བ་རྣམས། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །ཅེས་ཀརྨ་པ་བཅུ་བཞི་པས་སོ། རྗེ་མི་ལའི་སྒྲུབ་བརྒྱུད་པའི་བསྟན་སྲུང་ལྷ་སྨན་མཆེད་ལྔའི་གསོལ་བསྐང་ཉུང་བསྡུས་ནི། ཧྲཱིཿ ཆོས་དབྱིངས་རང་བྱུང་ཀུན་ཏུ་བཟང་། །བདེ་ཆེན་དབྱིངས་ཕྱུག་རྡོ་རྗེའི་


KMC024_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ། །སྤྲུལ་སྐུ་བསྟན་སྲུང་མཁའ་འགྲོ་ལྔ། །གཙོ་མོ་བཀྲ་ཤིས་ཚེ་རིང་མ། །མཆེད་བཞི་རིགས་འཁོར་སྤྲུལ་པ་འབུམ། །སྣང་སྲིད་མ་མོའི་དཀྱིལ་འཁོར་རྣམས། །གདུང་བའི་སེམས་ཀྱིས་འབོད་ལགས་ན། །ཐུགས་དམ་དབང་གིས་གཤེགས་ནས་ཀྱང་། །དགྱེས་ཤིང་མཉེས་པའི་མདངས་ཕྱུངས་ཤིག །ཁྱེད་མཆོད་ཕྱི་ནང་གསང་བའི་རྫས། །འབོད་རྟེན་སྐོང་སྒྲུབ་མཆོད་པའི་སྤྲིན། །རྨད་བྱུང་རྡོ་རྗེའི་ལོངས་སྤྱོད་མཆོག །མཁའ་མཉམ་རྒྱས་པར་བཀང་བ་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆགས་འགལ་འཁྲུལ་བཤགས། །མཆོག་ཐུན་དངོས་གྲུབ་ཆེན་པོ་སྩོལ། །ཀཾ་ཚང་བསྟན་པ་གཉན་པོ་སྲུངས། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་སྤེལ། །མི་མཐུན་དུས་ཀྱི་རྒུད་པ་དང་། །མཐའ་དམག་ནད་ཡམས་རྩུབ་འགྱུར་སོགས། །མ་མོ་འཁྲུགས་པའི་ཆོ་འཕྲུལ་ཟློག །བདག་འཁོར་ཡོན་བདག་བུ་བཞིན་སྐྱོངས། །བདེ་སྐྱིད་


KMC024_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡོན་གོང་དུ་སྤེལ། །རྣལ་འབྱོར་གསང་བའི་གྲོགས་མཛོད་ལ། །མཐུ་རྩལ་རྫུ་འཕྲུལ་ནུས་པ་སྤོར། །གཟུགས་ཅན་གཟུགས་མེད་དབང་དུ་བསྡུས། །ཕྱི་ནང་གསང་བའི་དགྲ་གསུམ་སོད། །རྩ་རླུང་ཐིག་ལེའི་མདུད་པ་ཁྲོལ། །བདེ་ཆེན་ཡེ་ཤེས་མངོན་གྱུར་ནས། །དོན་གཉིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་བསྐང་བའི་རིམ་པ་རྣམས་བྱའོ། །ཡབ་ཡུམ་གྱི་ཐུགས་དམ་བསྐུལ་བ་ནི། ཧཱུྃ། བདག་ནི་དམ་ཅན་སྒྲུབ་པ་པོ། །ཁྱོད་ནི་ཆོས་སྐྱོང་དམ་ཚིག་ཅན། །བསྟན་པའི་བཀའ་སྲུང་རྫུ་འཕྲུལ་ཅན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་མཛོད་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་ས་མ་ཡ་སིདྡྷི་ཏིཥྛ་ལྷན་ཧཱུྃ་ཕཊ་སྭཱ་ཧཱ། བྷྱོ། དུས་གསུམ་ཀུན་ཏུ་མ་སྒྲིབ་ཡེ་ཤེས་ཅན། །མ་སྲིང་ཆུང་མ་བུ་མོ་བྲན་མོའི་ཚོགས། །ཡེ་ཤེས་མངོན་ཤེས་མངའ་བའི་ཐུགས་བརྩེ་མ། །མཐུ་རྩལ་རྨད་བྱུང་མངའ་བའི་བྱིན་རླབས་ཅན། །སྔོན་གྱི་ཞལ་བཞེས་ཉིད་ཀྱི་དམ་བཅས་ལྟར། །


KMC024_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་སྲུང་ཕྱིར་རྟག་ཏུ་གྲོགས་མཛོད་ཅིག །ཨོཾ་མ་མ་ཏྲཀ་རཀྵ་རུ་ལུ་རུ་ལུ་བྷྱོ་ཛཿཧཱུྃ། །དེ་ནས་བསྙེན་པ་ནི། རང་གི་མགོན་པོའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ། ཅེས་པས་གཡས་དང་། ལྷ་མོའི་ཐུགས་ཀར་ཉི་སྟེང་བྷྱོ་ལ། ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ ཞེས་པས་གཡོན་དུ་འཁོར་བ་དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་ནས། སངས་རྒྱས་བྱང་སེམས་རྣམས་མཆོད། དེ་ཐམས་ཅད་མ་མགོན་བཅོ་བརྒྱད་དུ་གྱུར། འཁོར་དང་བཅས་པ་སྤྱན་དྲངས་ནས་བདག་མདུན་གཉིས་ཀ་ལ་སིབ་སིབ་ཐིམས་པར་བསམ་བསྙེན་པ་ཅི་ལྕོག་བྱེད། དེ་ནས་ཐུན་གཏོར་འབུལ་བར་སྤྲོ་ན། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་ལྕགས་ཀྱུ་ཐོགས་པ་གྲངས་མེད་པ་སྤྲོས་ནས་དགྲ་བོ་རྣམས་བཀུག་སྟེ་གཏོར་མར་བསྟིམ་པས་དགྲ་བགེགས་དངོས་སུ་གྱུར་པར་བསམ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། སངས་རྒྱས་ཀུན་དངོས་བླ་མ་མཆོག །བརྒྱུད་པར་བཅས་པ་ཐམས་ཅད་དང་། །ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །རྣམ་གྲོལ་མཆོག་སྦྱིན་ཆོས་ཀྱི་མཆོག །དེར་གནས་རྒྱལ་བའི་སྲས་རྣམས་དང་། །ཡི་དམ་ལྷ་དང་མཁའ་འགྲོའི་ཚོགས། །ཁྱད་པར་དཔལ་


KMC024_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ནག་པོ་ཆེ། །འཁོར་དང་བཅས་པའི་བཀའ་བདེན་ཅིང་། །བདེན་པ་ཆེན་པོའི་མཐུ་རྩལ་གྱིས། །གནོད་པར་བྱེད་པའི་དགྲ་བགེགས་ཀྱི། །བླ་སྲོག་རྣམ་ཤེས་གར་གནས་ཀྱང་། །རང་དབང་མེད་པར་འདིར་ཁུག་ཅིག །བཛྲེ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོཿ ཀཱ་ལ་རཱུ་པ་ནི་ཀུ་རུ་ཨཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། ཐེང་མ་ཐེང་མ་ཧྲི། སྟི་ག་ཡེ། ཨུ་ནི་ཨུ་ནི་ལར་ཛ་ཛ། མདུན་བསྐྱེད་མགོན་པོའི་ཕྱག་གི་གྲི་གུག་ལས་ཧཱུྃ་དང་ལྷ་མོའི་ཁ་ཊྭཱྃ་ལས་ཛཿའཕྲོས་ནས་སྣ་བུག་དང་གཤང་ལམ་དུ་ཞུགས་ནས་སྙིང་གར་ཕྱིན་པས་ཟངས་ལྕགས་ཀྱི་འཁོར་ལོ་གཉིས་སུ་གྱུར་ནས་གཡས་གཡོན་དུ་དྲག་ཏུ་འཁོར་བས་ཤ་རུས་དུམ་བུར་བཏུབ་པར་བསམ་ལ། ཨོཾ་ཏྲག་རཀྵ་དུན་ཏིཾ་མ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ་ཨེཥཱ་པཤྩི་མ་ཀཱ་ལོ་ཡཾ། དུཾ་དུཾ་རཀྵ་ཚལ་པ་ཧ་ལ་དུཥྚ་ཤ་ཏྲཱུཾ་ཏ་ཐཱ་རུ་ཏྲི་པི་ཏ། དྷ་མི་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱི། ཡ་ཏི་པྲ་ཏིཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་མ་མ་དུཥྚཾ་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཁ་ཁ་ཁཱ་ཧི་ཁཱ་ཧི།


KMC024_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་ཨེ་ཨཱ་རལླི་ཧོཿ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲཀ་རཀྵ་ཁཱ་ཧི། ཏྲཀ་རཀྵ་དུན་བྷྱོ་ཁཱ་ཧི། ཏྲཀ་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་ནག་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། བཞེས་སུ་གསོལ་ཁཱ་ཧི་མ་མ་སྙིང་ཁྲག་ཚལ་པ་དུན་ཏིཾ་ཧ་ལ་དུཾ་བྷྱོ། གནོད་བྱེད་དགྲ་བགེགས་བྱད་མའི་ཤ་ཁྲག་ལ་ཁ་རཾ་ཁཱ་ཧི། གཏོར་མ་བདུད་རྩིའི་རང་བཞིན་དུ་གྱུར་པ་གསོལ་བར་བསམ་ལ། དེ་ནས་དྲག་ཏུ་རྦད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། གང་ཞིག་བླ་མ་ལ་སྨོད་ཆོས་ལ་སྡང་། །འགྲོ་ལ་རྣམ་འཚེ་སྒྲུབ་པ་པོ་ལ་གནོད། །ངན་འགྲོར་ཉེར་གཞོལ་དེ་དག་རྣམས་ཀྱི་སྲོག །ཟངས་གྲི་འབར་བས་ཡུད་ཀྱིས་གཅོད་པར་མཛོད། །གང་དུ་རྡོ་རྗེའི་སེར་ཆེན་དབབ་པའམ། །བསྐལ་མེ་འབར་དང་དྲག་པོའི་རླུང་ཤུགས་སོགས། །འཇིགས་ཆེན་


KMC024_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྲག་དུ་མའི་ཆོ་འཕྲུལ་དང་། །ལྟས་ངན་མཚན་མ་བྱེ་བ་དབབ་པར་མཛོད། །ཤིན་ཏུ་མི་བཟད་ནད་གདོན་འབུམ་ཕྲག་གིས། །དགྲ་བོ་བུ་དང་ཆུང་མ་འབངས་བཅས་ཀུན། །སྐད་ཅིག་ཉིན་ལ་བསད་དེ་བསྐལ་སྟོང་དུ། །མནན་གཟེར་བསྐྲད་དང་རེངས་པའི་ཕྲིན་ལས་མཛོད། །མི་བསྲུན་ཤ་ཟའི་ཕོ་ཉ་དུང་ཕྱུར་ཡང་། །ཁྲོས་པའི་མིག་བགྲད་ཁྲོ་གཉེར་མཆེ་བ་གཙིགས། །རྣོ་བའི་མཚོན་ཐོགས་རྔམ་པའི་ང་རོ་འབྱིན། །རིངས་པར་རྒྱུག་བྱེད་ཁྱོད་ཀྱི་དུས་ལ་བབ། །ནམ་མཁའ་གང་བ་འདབ་བཟང་དབང་པོའི་ཚོགས། །གདོང་ལྔ་ལ་སོགས་གཅན་གཟན་མ་རུངས་པ། །བྱེ་བ་དུང་ཕྱུར་ཁྲི་ཕྲག་དུ་མ་རྣམས། །ཉམས་པ་འདི་ཡི་ཤ་རུས་ཁྲག་ལ་རོལ། བྷྱོ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་མགོན་སྐྱོབ་པ་རྣམས་ཀྱི་བཀའ་བཞིན་དུ། །ཕྲིན་ལས་ཚུལ་བཞིན་སྒྲུབ་པའི་བཀའ་ཉན་མ། །རྫུ་འཕྲུལ་སྟོབས་དང་ལྡན་ཞིང་མ་ཐོགས་པར། །ཕྲིན་


KMC024_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྣ་ཚོགས་སྒྲུབ་པའི་ལས་མཛོད་ཅིག །དཔེར་ན་རྔོན་པས་རི་དྭགས་བཤོར་བ་བཞིན། །བསོད་པ་དོན་དུ་གཉེར་བའི་ལས་མཛད་མས། །བསད་པ་དོན་དུ་གཉེར་བའི་ལས་མཛོད་ཅིག །ཨོཾ་ཨེ་ཨཱ་རལླི་ཧོཿ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲག་རཀྵ་དུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་ནག་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། བཞེས་སུ་གསོལ་ཁཱ་ཧི། ཅེས་བརྗོད་ནས་ཐུན་གཏོར་ཟོར་དུ་བྱེད་པའམ་རང་བཞིན་འབུལ་བ་སྐབས་དང་བསྟུན། བཟློག་པ་བྱ་ན་ལོ་ཏྲི་པ་ལའམ། ཡང་ན། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོཿ མ་ནི་མཱ་ར་ནི་བྷྱོཿ མ་ར་དུན་བྷྱོཿ རཀྨོ་རཀྴན། ཏིང་ཡ་རཀྵ་བྷྱོཿ དགྲ་བགེགས་བྱད་མ་མཱ་ར་ཡ། ཡ་མ་རཱ་ཛ་ཀི་ལ་ཡ་བྷྱོཿ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི༴ བླ་མ་རྡོ་རྗེ་འཛིན་པའི༴ ཡི་དམ་ལྷ་ཚོགས་རྣམས་ཀྱི༴ མཁའ་འགྲོ་ཆོས་སྐྱོང་


KMC024_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི༴ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་མ་ནིང་ནག་པོའི༴ ཁྱད་པར་དུ་འཇམ་དཔལ་ཚེ་བདག་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི༴ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི༴ སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། ཕ་རོལ་གྱི་རྨིས་ལྟས། རྦོད་གཏོང་རྦད་འདྲེ། བྱད་ཁ་ཟོར་ཁ་ཕུར་ཁ་གཏད་ཁ། ཁྱད་པར་དུ་བཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཟློག་མཁན་བྱད་མ་ཁོ་རང་གི་སྟེང་དུ་ཟློག་ཅིག །རང་གཤེད་རང་ལ་ཕོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཤིག །རང་ཁྲག་རང་གིས་འཐུངས་ཤིག །ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག །


KMC024_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག །མཱ་ར་ཡ་ཟློག་ཟློག །བྷྱོ་བྷྱོ། ཞེས་ཐལ་མོ་བརྡབ། འཇམ་དཔལ་བདེན་པའི་དམོད་པ་ཡིས། སོགས་ནས། བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། དེ་ནས་དངོས་གྲུབ་བླང་བ་ནི། མདུན་བསྐྱེད་ཀྱི་གཙོ་བོའི་ན་བཟའི་སྩལ་རྣམས་ནས་རིན་པོ་ཆེ་སྣ་ཚོགས་པའི་ཆར་དང་། གཞན་ཡང་གནས་གསུམ་ནས་ཅི་འདོད་པའི་དངོས་གྲུབ་སྐུ་གཟུགས། སྙིང་པོ། ཕྱག་མཚན་གྱི་རྣམ་པ་སོགས་འཕྲོས་ནས་རང་ཉིད་ལ་ཐིམ་པར་དམིགས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་རླབས་པར་མཛོད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །རི་རབ་མཆོག་གི་སྟེང་ཤེད་ནས། །འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །འདིར་གཤེགས་བདག་


KMC024_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ལ༴ བྱིན་གྱིས་རླབས་པར༴ མཐོང་བ་ཙམ་གྱིས་བདུད་ཀྱི་དཔུང་། །ཀུན་ནས་སྐྲག་པར་བྱེད་པ་ཡི། །མ་ཧཱ་ཀཱ་ལ་ཁྱོད་ཀྱི་ཞལ། །བདག་ལ་དེ་རིང་བསྟན་དུ་གསོལ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །སྐད་ཅིག་ཡུད་ཀྱིས་འགྲུབ་བྱེད་པ། །སྔགས་ཀྱི་དངོས་གྲུབ་ཆེན་པོ་དེའང་། །བདག་ལ་དེ་རིང་སྩལ་དུ་གསོལ། །བྱམས་པའི་ཐུགས་ཀྱིས་བདག་ལ་དགོངས། །བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། །ལུང་བསྟན་རྗེས་སུ་གནང་བ་ཡི། །བཀའ་སྩལ་བདག་ལ་གནང་དུ་གསོལ། །མདུན་བསྐྱེད་ལྷ་མོའི་གནས་གསུམ་གྱི་འོད་ཟེར་གསུམ་གྱི་ཚོགས་སྤྲོས་པའི་རྩེ་མོ་ནས་རེ་མ་ཏི་མཆེད་གསུམ་གྱི་ཚོགས་སྤྲོས་ནས་སྲིད་པ་གསུམ་གྱི་བཅུད་ཐམས་ཅད་བསྡུས་ནས་རང་ལ་བསྟིམས་པར་བསམ་ལ། བྷྱོ། མ་གཅིག་སྨིན་མཚམས་མཛོད་སྤུ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །སྐུ་ཡི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །མ་གཅིག་ལྗགས་


KMC024_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་པོ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །གསུང་གི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །མ་གཅིག་ཐུགས་ཀྱི་དཔལ་བེའུ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །ཐུགས་ཀྱི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་ས་མ་ཡ་ཧཱུྃ་ཨཱཿཧཱུྃ། ཨོཾ་ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ། །ཚིལ་ཆེན་བསྲེག་དང་མར་ནག་ཆེན་པོའི་མེ། །ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་ཆེན་ལྔ། །དུར་ཁྲོད་སྒྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་ནས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བར་གྱིས་མཆོད་ཅིང་། ཧཱུྃ། ཌཱ་ཀི་བྱེ་བ་འབུམ་གྱིས་རབ་བཏུད་


KMC024_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །བཅོམ་ལྡན་རྡོ་རྗེ་བདེ་མས་ཡང་དག་འཁྱུད། །བདེ་ཆེན་ལྷུན་འགྲུབ་མི་ཕྱེད་གོ་འཕང་བརྙེས། །རྒྱལ་བ་ཀུན་ཡབ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། ཅེས་དང་། ཨོཾ་ས་མ་ཡ། ཨཱཿས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏ་ལི་ཧཱུྃ་ཛཿ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་དང་། ཚེ་རབས་ཀུན་ནས་རྒྱལ་བས་དབང་བསྐུར་ཅིང་། ཚེ་རབས་ཀུན་ཏུ་བསྟན་པ་སྲུང་མཛད་པའི། །མགོན་པོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་ཨཱ་ཀྲི་ནི། ན་མོ་ཡོ་ཏྲི་ནི། ན་མོ་ཏ་ཀྲི་ནི། ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི། ཀི་ཏི་ཙི་ཏི། ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཕན་ཆད་དུ། །རྒྱལ་བའི་བསྟན་པ་སྲུང་བར་དམ་བཅས་པ། །ད་ལྟ་དེང་འདིར་བསྟན་པ་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་


KMC024_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བར་ཤོག །བདག་ནི་མངོན་པར་བྱང་ཆུབ་སྟེ། །རང་རིག་ཡེ་ཤེས་མངོན་གྱུར་ནས། །སངས་རྒྱས་བསྟན་པ་སྲུང་སླད་དུ། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཨོཾ། དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སིདྡྷི་ཛཿཡ་ཨ་ལ་ལ་ཧོ། །ཅེས་བརྗོད་ཅིང་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་


KMC024_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགཏོར་བསྔོས་མཚལ་འབྲིང་།next