Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

8 occurrences of འཚེར་རྩུབ་
[Clear Hits]


  
  
  
  
 
  
  
  
  
  
  
  
  
  
བསྟན་སྲུང་འཁོར་ལྔ་རྗེས་འབྲང་དང་བཅས་པའི་གཏོར་འབུལ་ཕྱོགས་གཅིག་ཏུ་བཀོད་པ།
  
  
  
  
  
  
 
  
  
  


8 occurrences of འཚེར་རྩུབ་
[Clear Hits]

 
previousབསྟན་སྲུང་འཁོར་ལྔ་རྗེས་འབྲང་དང་བཅས་པའི་གཏོར་འབུལ་ཕྱོགས་གཅིག་ཏུ་བཀོད་པ།next

བསྟན་སྲུང་འཁོར་ལྔ་རྗེས་འབྲང་དང་བཅས་པའི་གཏོར་འབུལ་ཕྱོགས་གཅིག་ཏུ་བཀོད་པ།


KMC024_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོ་ལྕམ་བྲལ་རྗེས་འབྲང་དང་བཅས་པ་ལ་བསྐུལ་བའི་མྱུར་མགྱོགས་གློག་གི་ཕྲེང་བ་ཞེས་བྱ་བ་བཞུགས། ཧཱུྃཿཛཿ ཡེ་ཤེས་མགོན་པོ་ལྕམ་དྲལ་འཁོར་ཚོགས་རྣམས། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ལ། །གཟུགས་ཅན་མི་དང་གཟུགས་མེད་དམ་སྲི་ཡིས། །གནོད་ཅིང་འཚེ་བར་བྱེད་པའི་བདུད་དཔུང་དང་། །གདུག་པའི་སེམས་འཆང་ད་དགྲ་ཕོད་བཙུག་རྣམས། །མ་རུང་གཏུམ་པོ་ཆེན་པོའི་ཞལ་དུ་སྟོབས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་བཞིན། །དམ་བཅའ་མ་གཡེལ་བསྲུང་སྐྱོབས་ཕྲིན་ལས་མཛོད། །བློ་གྲོས་བྱེ་བའི་སྟོབས་ལས་རབ་འབར་ཞིང་། །དཀར་ཕྱོགས་བསྟན་སྲུང་གང་དུ་ཕྱོགས་བཅུར་དག །ཐུགས་བསྐྱེད་དམ་བཙན་ཡལ་མེད་མདོར་རམ་ཀྱེ། །སྒྲུབ་བསྟན་འདི་ཉིད་སྲུང་ཞིང་སྐྱོབས་མཛོད་ལ། །འདའ་མེད་བྲོ་བོར་ཐ་ཚིག་རྗེས་དྲན་མཛོད། །ཅེས་ཀརྨ་པ་བཅུ་དྲུག་པས་ཤར་མར་བྲིས་པའོ།། །།འདིར་གནས་ལྷ་མོ་རིན་ཆེན་གསེར་མདོག་ཅན། །ཕྱག་


KMC024_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ལྕགས་ཀྱུ་གཡོན་གྱིས་ནོར་གཞོང་འཛིན། །སྔོན་གྱི་དམ་ཚིག་གཉན་པོ་དགོངས་ནས་སུ། །ད་སྐབས་ཕྲིན་ལས་སྒྲུབ་པའི་དུས་ལ་བབས། །རིན་ཆེན་ནོར་ཆར་འབེབས་པའི་དུས་ལ་བབས། །ཁམས་གསུམ་དབང་དུ་སྡུས་པའི་དུས་ལ་བབས། །གང་བསམ་དོན་རྣམས་བསྒྲུབ་པའི་དུས་ལ་བབས། །བདག་གིས་ཅི་བཅོལ་ཕྲིན་ལས་བསྒྲུབ་པར་མཛོད། །ཅེས་ཀརྨ་པ་བཅུ་དྲུག་པས་སོ།། ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །འཁོར་དུ་ནག་པོ་སྟོང་གིས་སྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །སངས་རྒྱས་བསྟན་པའི་རྒྱལ་མཚན་དེ། །ཉི་མ་གུང་ལ་ཤར་བ་བཞིན། །དགེ་འདུན་དབུ་འཕང་དགུང་ལ་བསྟོད། །སྡང་བའི་དགྲ་བོ་ལས་ངན་རྣམས། །རྗེས་ཤུལ་རྩམ་ཡང་མེར་པར་མཛོད། །དྲག་པོའི་འཕྲིན་ལས་མྱུར་དུ་སྒྲུབས། །ཧཱུྃ་བྷྱོཿ བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་མ་མགོན་ལྕམ་དྲལ་རྣམས། །གནས་འདིར་སྤྱན་


KMC024_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གཤེགས་སུ་གསོལ། །སངས་རྒྱས་བསྟན་པ་དར་བ་དང་། །མཆོག་ཐུན་ལས་རྣམས་འགྲུབ་པར་མཛོད། །ཅེས་པའང་འོག་མིན་མཚུར་ཕུའི་གདན་སར་༧རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེས་གསུང་པའོ། །བསྟན་སྲུང་འཁོར་ལྔ་རྗེས་འབྲང་དང་བཅས་པའི་གཏོར་འབུལ་ཕྱོགས་གཅིག་ཏུ་བཀོད་པ་བཞུགས། ཧཱུྃ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་། །སྒོ་གསུམ་ལོངས་སྤྱོད་བཅས་པ་ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་། །ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ། །གསང་བའི་མཆོད་པ་བདེ་སྟོང་ཙཀྲ་དང་། །དེ་ཁོ་ནའི་ཐུགས་དམ་གཅིག་བསྡོམ་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འདི། །དགྱེས་པ་ཆེན་པོར་བཞེས་ལ་བྱིན་གྱིས་རློབས། །དབང་བཞི་རྫོགས་ནས་ཕྲིན་ལས་རྣམ་བཞི་སྒྲུབས། །


KMC024_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་སེམས་ཅན་བདེ་ལ་འགོད་ནུས་པའི། །མཆོག་དང་ཐུན་མོང་དངོས་གྲུབ་ད་ལྟ་སྩོལ། །སྟན་ཐོག་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་འགྲོ་མགོན་རས་ཆེན་པས་སྦྱར་བའོ།། ༈ ཨོཾ་བེ་ཏ་ལི་བེ་ཏ་ལི་ཚེ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། བོང་བུ་གྭ་པ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། ཨོཾ་ཧཱུྃ་ཤྲཱི་ཡེ། དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་བསྒྲུབ་པར་མཛོད། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཁྱོད་


KMC024_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གྲོགས་མཛོད་ཅིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་མར་པའི་སྙན་བརྒྱུད་ཤོག་དྲིལ་ལོ། ༈ །རྣམ་སྲས་གཏོར་འབུལ་ནི། རང་གི་མདུན་དུ་སྟེགས་ཀྱི་ཐོག་ཏུ་སྣོད་གང་ཡང་རུང་བའི་ནང་དུ། དཀར་གསུམ་མངར་གསུམ་ལ་སོགས་པ་འབྱོར་ཚད་བླུགས་ནས་མདུན་དུ་བཞག ། ཨོཾ་ཨཱཿཧཱུྃ། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་བསྒོམ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བས། ཨོཾ་ཨཱ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བཻ་ཤྲ་བ་ཎཱ་ཡ། ཨི་དཾ་བ་ལིང་གྲྀཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། ཨོཾ་ཨཥྚ་ནཱ་ག་ཤ་དྷུ་ཏ་སཱ་ཧཱ་སྲ་ཀོ་ཊི་ཡཀྵ་རཀྵ་ས་སྭཱ་ཧཱ། ཨི་དཾ་བ་ལིང་གྷྲྀ་ཧྞནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། ཞེས་པས་ཀླུ་བརྒྱད་


KMC024_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གནོད་སྦྱིན་དང་། སྲིན་པོ་བྱེ་བའི་ཚོགས་ལ་འབུལ་ལོ། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །བུ་སྡུག་བཞིན་དུ་རྟག་ཏུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་བསམ་པ་མ་ལུས་པ། །མྱུར་དུ་གྲུབ་པར་མཛད་དུ་གསོལ། །ཞེས་ཡིག་བརྒྱ་བརྗོད་དོ། ༈ །སྔགས་བདག་གཏོར་འབུལ་ནི། མཆོད་གཏོར་རྣམས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ།


KMC024_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ལྷ་དང་མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་གང་བ། ཨོཾ་ཨ་མྲྀ་ཏེ་ཧཱུྃ། ལན་གསུམ་གྱིས། དམ་ཚིག་གི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྒོམ། ཨོཾ་ཨཱཿཧཱུྃ། ལན་གསུམ། ཡེ་ཤེས་ཀྱི་བདུད་རྩི་ཆར་བཞིན་དུ་བབ་ཅིང་དམ་ཚིག་གི་བདུད་རྩི་དང་འདྲེས་པས་ཟག་པ་མེད་པའི་བདེ་བ་བསྐྱེད་པར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷ་རྫས་དགེ་བའི་མཆོད་གཏོར་འདི། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །དག་གསལ་དྲི་ཞིམ་ལེགས་ལྡན་པའི། །དྲི་ཆབ་བདུག་སྤོས་མེ་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་གི་ལས་རྣམས་གྲུབ་པར་མཛོད། །ཡིད་འོང་ལེགས་སྦྱར་རོ་ལྡན་པའི། །སྦྲང་རྩི་དང་ནི་ཤིང་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་ཅག་འཁོར་བཅས་བཀྲ་ཤིས་


KMC024_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཕུན་ཚོགས་དབྱིབས་ལེགས་ཡིད་འོང་དང་། །ཡིད་འཛིན་སྒྲ་སྙན་རོལ་མོ་དང་། །དྲི་ཞིམ་ཡིད་འོང་ཕུན་སུམ་ཚོགས། །འབྲས་ཆན་ལ་སོགས་ཞལ་ཟས་དང་། །འཇམ་མཉེན་མཛེས་པའི་ན་བཟའ་སོགས། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བདག་གི་བསམ་པ་འགྲུབ་པ་དང་། །སངས་རྒྱས་བསྟན་པ་དར་བར་མཛོད། །ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀླུ་རྣམས་ཀྱི་ལྗགས་འོད་ཟེར་གྱི་ཚུལ་དུ་གཏོར་མ་ལ་ཟུགས་ནས་གསོལ་བས་མཉེས་ཤིང་དགྱེས་པར་བསམས་ལ། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་ནམ། ཉེར་གཅིག་བརྗོད། བཀའ་བསྒོ་བ་དང་ཕྲིན་ལས་བཅོལ་བ་ནི། སྔགས་ཀྱི་བདག་པོ་འཇིག་རྟེན་མཐུ་ཆེན། སྲིད་གསུམ་ཚར་གཅོད། འགྲོ་དྲུག་དབང་སྡུད། ཁམས་གསུམ་བདག་པོ། གསོད་བྱེད་ཆེན་པོ། སྦྲུལ་མགོ་བདུན་པ། ཟུར་ཕུད་ལྔ་པ། ཁྱེའུ་ཆུང་གཞོན་ནུ། གཞོན་ནུ་མཛེས་པ། གཞོན་ནུ་གཏུམ་པོ། ནག་པོ་ཆེན་པོ།


KMC024_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་པོ་ཆེན་པོ། ཀླུ་རྒྱལ་སོག་མ་མེད། ལས་མཁན་ཆེན་པོ། བྲན་པོ་ཆེན་པོ། གཡོག་པོ་ཆེན་པོ། ཁོལ་པོ་ཆེན་པོ། ཁྱོད་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ། བདག་གི་བྲན་པོའི་ཚུལ་གྱིས་ཤིག །བདག་གི་གཡོག་པོའི་ཚུལ་གྱིས་ཤིག །བདག་གི་ལས་མཁན་གྱི་ཚུལ་གྱིས་ཤིག །སྔགས་ཀྱི་བདག་པོ་ཁྱོད་ཀྱིས་བདག་གིས་བསྒོ་བ་བཞིན་གྱིས་ཤིག །ནཱ་ག་རཱ་ཛ་དགའ་བ་དང་དགྱེས་པར་གྱུར་ཅིག ༈ །དམ་ཅན་གཏོར་འབུལ་ནི། གཏོར་མ་བསང་སྦྱངས་ལ། སྟོང་པའི་ངང་ལས། ཡྃ་ལས་རླུང་གི་དཀྱིལ་འཁོར། རྃ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས་མེ་སྦར། ཐོད་པ་དྲོས། རྫས་རྣམས་


KMC024_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། འབུལ་བ་ནི། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །ར་ཡི་རྣམ་ལྔ་ཚལ་གྱི་དུད་པ་འདི། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པར་འབུལ། །ཁམས་གསུམ་སྟོང་གསུམ་འབྱུང་བཞི་ལས་གྲུབ་པའི། །ནོར་གྱི་མཆོག་གྱུར་རིན་ཆེན་རྣམ་པ་བདུན། །དམ་རྫས་བ་ལིང་ལ་སོགས་ཐམས་ཅད་ཀྱང་། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བགེགས་དང་། །བླ་མ་ལ་སྡང་གསང་སྔགས་སྨོད་པ་སོགས། །སྒྲུབ་པ་པོ་ལ་སྡང་བའི་དགྲ་བོ་ཡི། །དམ་ཉམས་དགྲ་བོའི་ཤ་ཁྲག་མཆོད་པར་འབུལ། །


KMC024_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། །ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་དང་། །སྒྲུབ་པ་པོ་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་སཱ་དྷཱུ་ས་མ་ཡ་ཝཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿ ཛཿཧཱུྃ་བྃ་ཧོཿ ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་སོགས་བརྗོད། དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ་ལོ། ༈ །སྲིན་མགོན་གཏོར་འབུལ་ནི། གཏོར་མ་ཆེ་ཆུང་གསུམ། ཨ་ཀཱ་རོ་སོགས། ཨོཾ་ཨཱཿཧཱུྃ། བདུད་རྩིའི་རྒྱ་མཚོར་གྱུར། གཅིག་ཡབ་ལ། གཅིག་ཡུམ་ལ། གཅིག་འཁོར་ལ་འབུལ་ཏེ། ཨོཾ། དཔལ་ཆེན་འཁོར་ལོ་བསྡོམ་པའི་དཀྱིལ་


KMC024_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདིར། །ལེགས་པར་བརྒྱན་ཅིང་བཤམས་པའི་མཆོད་གཏོར་རྣམས། །མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ། །དབང་པོ་ལྔ་ཡི་ཚིམ་བྱེད་བདུད་རྩིའི་གཏེར། །རྒྱ་ཆེན་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཟག་མེད་བདེ་བ་བསྐྱེད་པའི་མཆོད་སྤྲིན་དུ། །ཏིང་འཛིན་ཕྱག་རྒྱ་སྔགས་ཀྱི་བྱིན་བརླབས་ནས། །རྣལ་འབྱོར་གུས་པའི་ཡིད་ཀྱིས་འབུལ་ལགས་ན། །ཐོད་ཕྲེང་ཡབ་ཡུམ་འཁོར་བཅས་སྤྱན་ལམ་དུ། །ཅི་འདོད་མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་པ། །ཆོས་ཉིད་རྣམ་དག་ལྷག་བསམ་བདེན་པའི་མཐུས། །རྒྱུན་དུ་ཐོགས་པ་མེད་པར་འབྱུང་གྱུར་ཅིག །བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀྨོ་ས་མ་ཡ་ཧཱུྃ་ཛཿཛཿ ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་ཉེར་གཅིག་གིས་འབུལ་ལོ། ༈ །ཞིང་སྐྱོང་གཏོར་འབུལ་ནི། བསངས་སྦྱངས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གདུག་པ་ཅན་མཐའ་དག་བསྒྲལ་བ་ལས་བྱུང་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་ཕུང་


KMC024_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པོ། གཞན་ཡང་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པ་གཙང་ཞིང་བསོད་པ་དང་ཡིད་དུ་འོང་བས་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱུྃ་ཕཊ་ཏྲི་ཧྲིང་ཛཿཌཱ་ཀི་ནི་སི་ན་ར་མ་ཧཱུྃ་ཕཊ་ཏྲི་ཧྲིང་ཛཿཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་ནམ་ཉེར་གཅིག་སོགས་ཀྱིས་ཕུལ་བས་འཁོར་བཅས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བས་ཚིམ་པར་བལྟས་ལ། དཔལ་ལྡན་ཞིང་སྐྱོང་དབང་པོ་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། ཡུམ་ཆེན་སི་ན་ར་མ། མྱུར་མགྱོགས་ལས་བྱེད་ཕོ་མོ། སྟོབས་ལྡན་ཕོ་ཉ་སྡེ་བརྒྱད། སྲོག་འཕྲོག་བདུད་དམག་སྟོང་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཚིམ་ཞིང་དགྱེས་པར་བཞེས་ལ། བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པ་དང་། བླ་མ་དམ་པ་འཚོ་ཞིང་བཞེས་པ་རྣམས་ཡུན་རིང་དུ་ཞབས་བརྟན་པ་དང་།


KMC024_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་སློབ་འབངས་འཁོར་དང་བཅས་པ་ཆོས་སྒྲུབ་པའི་ཕྱི་ནང་གི་འགལ་རྐྱེན་མི་དང་མི་མ་ཡིན་གྱིས་འཚེ་བ་ལས་བསྲུང་བ་དང་བསྐྱབ་པ་དང་སྦ་བ་དང་། ནད་དང་གདོན་རྣམས་ལས་ཐར་བར་མཛད་དུ་གསོལ། རྦོད་གཏོང་ངན་པ་ཐམས་ཅད་ཕྱིར་བཟློག་པ་དང་། གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་དབང་དུ་སྡུད་པ་དང་། ཚར་གཅོད་པའི་ཕྲིན་ལས་ཐོགས་པ་མེད་པ་ཡིད་བཞིན་དུ་བསྒྲུབ་ཏུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། བྷྱོ། བདུད་ཀྱི་དམག་དཔོན་ཡབ་ཡུམ་འཁོར་བཅས་ལ། །བསྟན་ལ་སྡང་བའི་དགྲ་དང་བགེགས་རྣམས་ཀྱི། །དམར་ཆེན་ཁྲག་གི་རྒྱ་མཚོའི་ཡོན་ཆབ་དང་། །ཤ་ཁྲག་ཚིལ་བུ་རྐང་དང་ནང་ཁྲོལ་དང་། །དོན་སྙིང་ལྔ་དང་དབང་པོ་རྣམ་པ་ལྔ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །ཚིལ་ཆེན་དུད་པ་ཞུན་


KMC024_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མར་མེ་དང་། །རྩ་བརྒྱད་སྟོང་སྦྱར་པཉྩ་ཨ་མྲྀ་ཏ། །ཞལ་ཟས་འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང་། །དཀར་གསུམ་མངར་གསུམ་འབྲུ་སྨན་རྩི་བཅུད་དང་། །ཆང་དང་ཤིང་ཏོག་དར་ཚོན་སྣ་ཚོགས་དང་། །ཐོད་པའི་རྔ་ཆུང་རྐང་གླིང་རོལ་མོའི་སྒྲ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་བྱས་ནས། །འབུལ་གྱི་དམ་ཚིག་དབང་གིས་བཞེས་སུ་གསོལ། །དམ་རྫས་བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ། །བདག་གི་ལས་རྣམས་ཐམས་ཅད་བསྒྲུབ་ཏུ་གསོལ། །རྦོད་གཏོང་ཕུར་ཁ་བཟློག་པའི་ཕྲིན་ལས་མཛོད། །ཡིད་ལ་བརྣག་པའི་དགྲ་བོ་ད་སྒྲོལ་ཅིག །ཅེས་ཕྲིན་ལས་བཅོལ་ལོ། ༈ །མཁར་ནག་གཏོར་འབུལ་ནི། གཙང་སྦྲ་དང་ལྡན་པས་དཀར་གསུམ་མངར་གསུམ་སོགས་ཇི་ལྟར་འབྱོར་བའི་ཀླུ་སྨན་རིན་པོ་ཆེ་བཏབ་པ་བཤམས་ཏེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། །ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ཡིག་ལས། །རིན་ཆེན་སྣོད་དུ་གནས་པའི་གཏོར་མ་ནི། །དཀར་


KMC024_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨ་མྲྀ་ཏེ་ཨཱཿཧཱུྃ། ལན་གསུམ། ཨོཾ་ནཱ་ག་རཱ་ཛ་བཛྲ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨི་དཾ་བ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ། ཀླུ་བཙན་རྣམས་ཀྱི་དེད་དཔོན་ཆེ། །ཀླུ་རྗེ་ཐོད་དཀར་ཆེན་པོའི་སྲས། །ཀླུ་མཚོ་མེར་པའི་ནང་ཤེད་ན། །ཀླུ་རྒྱལ་ཆེན་པོ་ཁྱོད་ལ་བསྟོད། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །ཕྱག་ན་ནོར་བུ་རིན་ཆེན་བསྣམས། །སྟོབས་ལྡན་གླང་ཆེན་སྟེང་ན་གནས། །འཇིགས་བྱེད་ཆེན་པོ་ཁྱོད་ལ་བསྟོད། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །མཐུ་དང་བྱིན་རླབས་ནུས་པ་དང་། །བདག་གི་ལྷག་པའི་བསམ་པ་ཡིས། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ། །འདོད་ཡོན་ལྔ་དང་ལྡན་པ་འདི། །དངོས་འབྱོར་ཡིད་ཀྱིས་ཕུལ་བ་ཡིས། །དགེ་བསྙེན་ཆེན་པོ་འཁོར་བཅས་རྣམས། །རབ་ཏུ་ཚིམ་ཞིང་དགྱེས་གྱུར་ཅིག །ཅེས་གཏོར་མ་གཙང་སར་སྐྱེལ་ལ་འདོད་དོན་གསོལ་བར་བྱའོ། ༈ །ཨ་ཕྱིའི་


KMC024_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་འབུལ་ནི། ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །ནམ་མཁའ་གང་བའི་མཆོད་གཏོར་འདི། །བདག་གི་དད་པས་འབུལ་ལགས་ན། །ཡུམ་གཅིག་ཁྱོད་ཉིད་དགྱེས་པར་རོལ། །ཆོས་དང་ཡེ་ཤེས་དམ་ཚིག་ལྷ། །དབང་གི་ལྷ་མོ་སྤྲུལ་པའི་སྐུ། །ཤ་ཟ་ལས་ཀྱི་མཁའ་འགྲོ་སྟེ། །ཕྲིན་ལས་སྣ་ཚོགས་དེ་ལ་འདུད། །ཚེ་རིང་མི་གཡོ་བློ་བཟང་མ། །མཐིང་གི་ཞལ་བཟང་མ་ལ་སོགས། །ལས་ཀྱི་བདག་ཉིད་ཌཱ་ཀིའི་འཁོར། །དུ་མར་བཅས་ལ་བདག་བསྟོད་དོ། །བདག་གི་མཆོད་པ་འདི་བཞེས་ལ། །བཀའ་བརྒྱུད་ཡོངས་ཀྱི་བསྟན་པ་སྲུངས། །རྡོ་རྗེ་སློབ་དཔོན་སྐུ་ཚེ་སྲིངས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཆོས་རྗེ་ཁུ་དབོན་བཀའ་ཉན་ཞིང་། །སྐྱུ་རའི་གདུང་དང་མི་འབྲལ་བར། །བསྟན་པ་བསྲུང་བར་ཁས་བླངས་བཞིན། །འཇིག་རྟེན་མགོན་པོས་གསུངས་བཞིན་མཛོད། ཨོཾ་གྷཱ་མུ་ཨ་ཛི་ཏེ་དྷརྨཱ་དཱི་པི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་


KMC024_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། ༈ །ཚེ་རིང་མའི་གཏོར་འབུལ་ནི། བྷྱོ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བལ་བོད་གཉིས་ཀྱི་སོ་མཚམས་ན། །གངས་དཀར་ཤེལ་གྱི་ཅོད་པཎ་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་མ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གཡུ་ཡི་སྐ་རགས་ཅན། །སྨན་ལྗོངས་བྲག་གི་ར་བ་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་ན། །དར་དཀར་གུར་ཡི་ནང་ཤེད་ན། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །དྲག་པོའི་གདུང་བས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཨཉྫི་དྷ་རིའི་རིགས་ཀྱི་ཌཱ་ཀི་ནཱི། །ཀུན་གྱི་གཙོ་མོ་བཀྲ་ཤིས་ཚེ་རིང་མ། །དེ་ཡི་མཆེད་ཟླ་ཟ་བྱེད་ཆེན་མོ་བཞི། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཨཉྫི་དྷ་རི་


KMC024_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ཧཱུྃ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཁྱོད་ཀྱི་ཆོ་དང་འབྲང་སྨོས་པ། །ཡབ་ནི་ལྷོ་ལྷ་དེ་བོ་ཡིན། །ཡུམ་ནི་འབྲང་ཡུལ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཁྱོད་ནི་གཙང་རིགས་ལྷ་ཡི་སྲས། །མཚར་སྡུག་འོད་དུ་ཀྱི་ལི་ལི། །ཞལ་བཟང་ཟླ་བ་ཉ་བ་འདྲ། །ལྷ་མོ་རྣམས་ཀྱང་ཟིལ་གྱིས་གནོན། །མགྲིན་པ་གཅིག་ལ་གླུ་སྒྲ་སྟོང་། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་ཉག་མ་རེ་རེ་ལ། །གསེར་གཡུའི་ལན་ཚར་སྟོང་སྟོང་ལྡན། །ན་བཟའ་དར་དཀར་གོ་ཟུ་གསོལ། །རིན་ཆེན་དུ་མས་སྐུ་ལུས་བརྒྱན། །ཉིན་གསུམ་གངས་དཀར་སྟོད་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །རབ་ཏུ་འཇིགས་པའི་དུར་ཁྲོད་དུ། །མཁའ་འགྲོ་རྣམས་དང་ཚོགས་འཁོར་རོལ། །བཀའ་ཉན་


KMC024_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཕོ་ཉ་སོགས། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་བྱོན་བདག་གི་ཕྲིན་ལས་མཛོད། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་རྩི་ཕུད་དང་། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །སྤོས་དྲི་ཕུན་སུམ་ཚོགས་པ་དང་། །སྒྲོན་མེ་དྲི་མཆོག་བཤོས་གཙང་དང་། །སྒྲ་སྙན་གསང་བའི་རྔེའུ་ཆུང་རྣམས། །ཐུགས་བརྩེར་དགོངས་ཤིང་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །སྔོན་ཚེ་དབེན་གནས་ཡོངས་རྫོང་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ལ། །རང་རྟགས་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བགྱིད་པར་རྩིས་ལ་ཕབ། །ཆོས་བརྒྱུད་སྤེལ་བར་གཡར་དམ་བཅས། །དེ་རིང་སྨན་བཙུན་རྒྱལ་མོ་ལ། མིང་པོས་གསོལ་བ་འདེབས་པ་ནི། །སྲིད་སྲུང་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་དང་། །རྨ་གཡང་ཟས་ཀྱི་དངོས་གྲུབ་དང་། །བང་མཛོད་ནོར་གྱི་དངོས་གྲུབ་དང་། །རྐང་བཞི་ཕྱུགས་ཀྱི་དངོས་


KMC024_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དང་། །གཞན་ཡང་ཕྱི་ནང་གསང་བ་ཡི། །དགོས་གྲུབ་མ་ལུས་བདག་ལ་སྩོལ། །ཁྱོད་ལ་གསོལ་བ་འདེབས་པ་ནི། །རྣལ་འབྱོར་ཚེ་སྲིངས་གཟི་མདངས་སྐྱེད། །ནང་གི་རླུང་སེམས་དབང་དུ་སྡུས། །ཟག་བཅས་ལུས་ཀྱི་བདེ་བ་སྐྱེད། །ཕྱི་ཡི་སྣང་བ་དབང་དུ་སྡུས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །བཀྲ་ཤིས་དཔལ་སྐྱེད་འཁོར་སྐྱོངས་ལ། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །བསམ་དོན་ཡིད་བཞིན་འགྲུབ་པ་སོགས། །བཅོལ་བའི་ལས་ཀྱི་འབྲས་བུ་དེ། །མཆིས་པར་མཛོད་ཅིག་ཐུགས་དམ་ཅན། །ཨོཾ་ཨཉྫི་ངྷ་རི་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསེར་སྐྱེམས་ཕུད་ཀྱིས་མཆོད་པར་འདོད་ན། འབྲུ་སྨན་རིན་པོ་ཆེ་ཟས་སྣ་ཚོགས་ཆང་ཕུད་བཟང་པོ་དང་སྦྱར་བས་མཆོད་ཅིང་འདི་སྐད་དོ།། ཨོཾ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སྐུ་མདོག་དཀར་མོ་གཞོན་ཚུལ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་འཛིན། །བུམ་


KMC024_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟེང་ན་དཔལ་བེའུ་དང་། །གཡུང་དྲུང་རིན་ཆེན་འཁྱིལ་བས་བརྒྱན། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །རིན་ཆེན་དུ་མས་མཛེས་པར་བརྒྱན། །བཀྲ་ཤིས་ཚེ་ཡི་གཙོ་མ་སྟེ། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །གངས་དཀར་སྟོད་ན་བཞུགས་པ་མོ། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །སྲིད་སྲུང་རིགས་བརྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མཐིང་གི་ཞལ་བཟང་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །སྐུ་མདོག་སྡོ་སངས་འཚེར་བག་ཅན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས། །གཡོན་པས་ལྷ་ཡི་བ་དན་ཕྱར། །སྐུ་ལ་དར་དཀར་ན་བཟའ་གསོལ། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །སྣང་གསལ་བདེན་མཐོང་པྲ་ཡི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་


KMC024_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད། །ལྷ་མོ་མི་གཡོ་བློ་བཟང་མ། །གསང་མཚན་རྡོ་རྗེ་བཞད་པ་མོ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཆིབས་སུ་ཆ་སྟག་ཁྲ་བོ་ཆིབས། །ཕྱག་གཡས་རིན་ཆེན་སྡེར་བཟང་ནང་། །ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས། །གཡོན་ན་ནེའུ་ལེའི་རྐྱལ་པ་འཛིན། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །མཆོད་གཏོར༴ རྨ་གཡང་རོ་མཆོག་ཟས་ཀྱི་དངོས་གྲུབ་སྩོལ། །མཆོད་དོ༴ ལྷ་མོ་ཅོད་པཎ་མགྲིན་བཟང་མ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །སྐུ་མདོག་དམར་གསལ་མདངས་དང་ལྡན། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས། །སྣང་སྲིད་ཐམས་ཅད་དབང་སྡུས་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །མཆོད་གཏོར༴ བང་མཛོད་འབྲུ་ནོར་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ༴ ལྷ་མོ་གཏད་དཀར་འགྲོ་བཟང་མ། །གསང་མཚན་རྡོ་རྗེ་གར་མཁན་མ། །སྐུ་


KMC024_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔོ་ལྗང་མདངས་དང་ལྡན། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །ཕྱག་གཡས་རྩ་མཆོག་དཱུརྦ་དང་། །གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས། །ཕྲིན་ལས་ཐོགས་པ་མེད་པ་ཡི། །མཐུ་དང་ནུས་པ་འདིར་སྟོན་ཅིག །མཆོད་གཏོར༴ རྐང་བཞི་རྟ་ཕྱུག་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། གསོལ་ལོ་མཆོད་དོ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། མཁའ་འགྲོ་ལྔ་འཁོར་རྒྱ་མཚོ་དང་བཅས་པ། མཁའ་འགྲོ་མ་སེང་གེའི་གདོང་ཅན་དང་། ཏ་མཱ་ལ་རི་ཁྲོད་མ་དང་། གཏུམ་མོ་དང་། སྔོ་སངས་མ་དང་། བཱི་ན་མོ་བཛྲ་དང་། སློབ་དཔོན་པདྨ་འབྱུང་གནས་དང་། དཔལ་བཞད་པ་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། བསྟན་འཛིན་གྱི་བུ་སློབ་སྐྱོངས། རྣལ་འབྱོར་པ་བདག་


KMC024_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ལོག་འདྲེན་གདུག་པ་ཅན་རྣམས་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཐམས་ཅད་ཐལ་བའི་རྡུལ་བཞིན་དུ་བརླག་པ་དང་། བདག་ཅག་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་ཆོས་ལྡན་གྱི་བྱ་བ་མཐར་ཕྱིན་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པའི་ཕྲིན་ལས་མཛོད་ཅིག ༈ །བྲག་བཙན་གྱི་གསོལ་མཆོད་བསྡུས་པ་ནི། ཧཱུྃ་ཡ་བྷྱོ། བདག་ཉིད་དཔལ་ཆེན་སྤྱན་སྔ་རུ། །སྔོན་གྱི་དམ་ཚིག་དབང་གིས་ནི། །བཙན་རྒོད་རི་བཀྲའི་གནས་མཆོག་ནས། །རྡོ་རྗེ་དབང་དྲག་འབར་བ་རྩལ། །སྤྲུལ་འཁོར་བཅས་པ་གནས་འདིར་གཤེགས། །ཕྱི་ནང་མཆོད་ཚོགས་བསང་གསུར་དུད། །བཤུག་གླུ་རྔ་རོལ་ལ་སོགས་དང་། །ཁྱད་པར་སྡང་དགྲའི་ཤ་ཁྲག་རུས། །རྐང་ཀླད་ངོ་བོའི་གཏོར་མ་འདི། །འབུལ་ལོ་དགྱེས་བཞེས་རོལ་ཅིག་རོལ། །བདག་ཅག་


KMC024_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལྡན་སྒྲུབ་པ་པོའི། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན། །ཐོགས་པ་མེད་པར་འགྲུབ་པར་མཛོད། །སྐྱ་རྒྱལ་འབྲོང་བུ་གཉེན་པོ་སོགས། །འགོ་བའི་ལྷ་སྲུང་རྣམས་ལ་ཡང་། །མཆོད་ཚོགས་རྒྱ་མཚོས་ལེགས་མཆོད་དོ། །བསྟོད་དོ་བརྔན་ནོ་མངའ་གསོལ་ལོ། །ཀཾ་ཚང་བསྟན་དང་བསྟན་འཛིན་སྤེལ། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། ཡ་མ་རཱ་ཛ་ཙ་མུནྟི་ཁྲག་རྒལ་མུན་ཙེ་ས་མ་ཡ་ཛཿཛཿ ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཀྟ་པི་པ་ཏོ་སརྦ་ཤཱ་ཏྲུྃ་མཱ་ར་ཡ་ཙིཏྟ་ཁཱ་ཧི། ༈ །དམ་ཅན་འབར་བ་རྩལ་གྱི་རྒྱུན་ཁྱེར་བཞུགས། ཨོཾ་ཨཱ་ཀ་རོས་བྱིན་གྱིས་བརླབས། ཨོཾ། དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་བཅས་པ་འདིར་གཤེགས་གཏོར་མ་བཞེས། །བདག་གི་བསམ་པ་ཐམས་ཅད་བསྒྲུབ་པ་དང་། །བསྟན་པ་འཕེལ་ཞིང་


KMC024_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དགུ་རྒྱ་ཆེར་ལྡན། །གདུག་འདྲེའི་ནད་དང་གནོད་པ་ཞི་བ་དང་། །ཐམས་ཅད་བདེ་དགར་སྤྱོད་པའི་བཀྲ་ཤིས་སྩོལ། །ཨོཾ་ཨཱཿམ་ནུ་ཥེ་གནྡྷརྦྷ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། བཛྲ་འབར་བ་རྩལ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱཾ་ཤབྡ་པྲ་ཏིཙྪ་ཨཱཿཧཱུྃ། ཞེས་གཏོར་མ་བསྔོའོ། ཧཱུྃ། ཡང་ཅིག་བཞེངས་ཤིག་ནག་པོ་ཏི་པ་རཱ་ཙ་ཁྱོད། །བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ། །གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་དང་། །ལྕགས་སྡིག་མགོ་དགུའི་ཚུལ་དུ་འདིར་བྱོན་ལ། །གནོད་བྱེད་རྒྱལ་འགོང་སྨྱོ་འདྲེ་རྡུལ་དུ་རློག །དམ་བཅས་དམ་ལས་མ་འདའ་ས་མ་ཡ། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་


KMC024_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་རྩལ་བིགྷྣཱན་རཱ་ཛ་མཱ་ར་ཡ་ཕཊ། ཞེས་པ་རྣམས་ཀྱིས་འབུལ་བར་བྱའོ།། ༈ གཞན་ཡང་རྟ་ལྷར། ཨོཾ་ཨཱརྱ་རེ་མཱནྟ་ས་པ་རི་ཝཱ་ར་ཨི་དཾ༴ གཟའ་ལ། ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱ་ཧཱ། ཨི་དཾ༴ སྤོམ་རར། ཨོཾ་ཨཱཿབཛྲ་ཀུ་ལེ་མིལ་མན་ས་པ་རི་ཝཱ་ར་ཨི་དཾ༴ གེ་སར་ལ། ཨོཾ་མ་ཎི་ཨ་རིན་དྷ་མ་དཱི་པེ་ས་པ་རི་ཝཱ་ར་ཨི་དཾ༴ སྤྲག་བཙན་ལ། ཨོཾ་ཙནྟ་པྲ་མ་ནི་དྷ་ར་དྷ་ར་ས་པ་རི་ཝཱ་ར་ཨི་དཾ༴ དབྱི་རྒྱལ་ལ། ཨོཾ་བ་སུ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ༴ དཔལ་ལྡན་ཤེས་རབ་ལ། ཨོཾ་ཤྲཱི་མན་པྲཛྙཱ་ས་པ་རི་ཝཱ་ར་ཨི་དཾ༴ རྡོ་རྗེ་སྨན་དཔལ་ལ། ཨོཾ་བཛྲ་ཧིསྟ་ཤཱི་ལ་ས་པ་རི་ཝཱ་ར་ཨི་དཾ༴ གནོད་སྦྱིན་གང་བཟང་ལ། ཨོཾ་ཡཀྵ་པུརྞ་བྷ་དྲ་ས་པ་རི་ཝཱ་ར་ཨི་དཾ༴ སྐུ་རྒྱལ་ལ། ཕྱ་རྒྱལ་མི་ཏྲི་ས་པ་རི་ཝཱ་ར་ཨི་དཾ༴ གྱང་རྗེ་ལ། ཨོཾ་ཤཱུ་ལ་ཏྲི་ཛཿ ས་པ་རི་ཝཱ་ར་ཨི་དཾ༴ རྫིང་བཙན་ལ། ཏྲི་ཤཾ་བྷ་ནི་བཛྲ་སཱ་དྷཱུ་ས་མ་ཡ་བྷེ་ཏྲི་ཛཿཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མགྲོན་ཐབས་ཀྱི་ལྷ་དང་བཅས་པ་སོ་སོར་འབུལ་ལོ། །དགེའོ། །མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་


KMC024_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབསྟན་སྲུང་འཁོར་ལྔ་རྗེས་འབྲང་དང་བཅས་པའི་གཏོར་འབུལ་ཕྱོགས་གཅིག་ཏུ་བཀོད་པ།next