Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
མགོན་པོའི་ཚོགས་བསྡུས།
   
   
   
   
   
   
   
   
   


 
previousམགོན་པོའི་ཚོགས་བསྡུས།next

མགོན་པོའི་ཚོགས་བསྡུས།


KMC024_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿབིགྷྣན་སོགས། སྭཱ་བྷཱ་སོགས། སྟོང་པའི་ངང་ལས་ཨ་ལས་ཐོད། །ཡངས་ཤིང་རྒྱ་ཆེར་ཚོགས་མཆོད་རྫས། །ཤ་ལྔ་བདུད་རྩི་རྣམ་པ་ལྔ། །རླུང་མེས་བཞུ་བསྐུལ་འབྲུ་གསུམ་གྱི། །ཡེ་ཤེས་བདུད་རྩི་ཆེན་པོར་སྤེལ། །ཨོཾ་ཨཱཿཧཱུྃ། ཧཱུྃ་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་རྒྱ་མཚོ་དང་། །ཁྱད་པར་དཔལ་ལྡན་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་སྤྲུལ་པ་དང་། །ཕོ་ཉ་ཡང་སྤྲུལ་འཁོར་བཅས་ཀྱི། །རྡོ་རྗེའི་དམ་ཚིག་བླ་ན་མེད། །ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ། །ཐུགས་དམ་གཉེན་བསྐང་ཉམས་ཆགས་བཤགས། །ཆགས་ཆེ་ཉམས་ང་བཟློག་ཏུ་གསོལ། །འཁོར་སྲུང་རྐྱེན་བཟློག་བསམ་དོན་སྒྲུབ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། ཨོཾ་ས་མ་ཡ་སོགས་མན་ངག་ཡིག་བརྒྱ་བཟླ། ལྷག་མ་ནི། ཐོད་པའི་སྣོད་སོགས། བསྐང་གསོའི་གཞུང་བཞིན་བཏང་བས་གྲུབ་བོ། ཅེས་པ་འདིའང་བླ་མ་སྟོབས་བཅུའི་ངོར་ཀརྨ་པས་སོ། །རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་མཆོད་འོད་ཕུང་འབར་བ་འདི༔


KMC024_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འོད་སྐྱེས་མཆོག་རྣམས་ལ་འབུལ༔ ཉམས་ཆགས་འགལ་འཁྲུལ་ཐམས་ཅད་བཤགས༔ གཉིས་འཛིན་འཁྲུལ་སྣང་རུ་ཏྲ་འདི༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousམགོན་པོའི་ཚོགས་བསྡུས།next