Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
   
ནག་པོ་ལྕམ་དྲལ་གྱི་ཕྲིན་ལས་ཀྱི་ཆོ་ག་བདུད་ལས་རྣམ་རྒྱལ་གྱི་སྒྲ་དབྱངས།
   
   
   
   
   
   
   


 
previousནག་པོ་ལྕམ་དྲལ་གྱི་ཕྲིན་ལས་ཀྱི་ཆོ་ག་བདུད་ལས་རྣམ་རྒྱལ་གྱི་སྒྲ་དབྱངས།next

ནག་པོ་ལྕམ་དྲལ་གྱི་ཕྲིན་ལས་ཀྱི་ཆོ་ག་བདུད་ལས་རྣམ་རྒྱལ་གྱི་སྒྲ་དབྱངས།


KMC024_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ལྕམ་དྲལ་གྱི་ཕྲིན་ལས་ཀྱི་ཆོ་ག་བདུད་ལས་རྣམ་རྒྱལ་གྱི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །


KMC024_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་གཟི་བྱིན་ཆིས་ཆེར་འབར་བའི་མཐུས། །ནག་པོའི་རྩ་ལག་རྨེག་མེད་བཅོམ་པའི་སྟོབ། །རྡོ་རྗེ་ཁྲོ་བོ་ཆེན་པོ་གང་གྱུར་པ། །བླ་མ་མགོན་པོས་རྟག་ཏུ་སྐྱོང་གྱུར་ཅིག །རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་ཚོགས། །གཅིག་བསྡུས་གཞན་གྱི་མི་ཐུབ་དྲག་ཤུལ་ཆེ། །བདུད་དགྲའི་གཤེད་གྱུར་བསྟན་སྲུང་ཡོངས་ཀྱི་གཙོ། །རྡོ་རྗེ་ནག་པོ་ཆེ་ཞབས་དང་བས་འདུད། །བདུད་འདུལ་སྲིད་གསུམ་མ་མོ་ཡོང་ཀྱི་རྗེ། །རྟག་པའི་རྒྱལ་མོ་ལས་ཀྱི་སྐུར་བཞེངས་པ། །འདོད་ཁམས་དབང་ཕྱུག་རང་བྱུང་རྒྱལ་མོ་ལ། །ཕྱག་འཚལ་དངོས་གྲུབ་དམ་པའི་བཀའ་དྲིན་མཛོད། །བདུད་དགྲ་འཇོམས་ཤིང་བསྟན་པ་སྤེལ་བ་དང་། །སྒྲུབ་པོའི་འདོད་དགུ་ཡིད་བཞིན་འགྲུབ་སླད་དུ། །མ་ཧཱ་ཀཱ་ལ་ལྕམ་དྲལ་འཁོར་


KMC024_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །མཆོད་ཅིང་ཐུགས་དམ་བསྐུལ་བའི་ཕྲིན་ལས་རིམ། །རྡོ་རྗེ་ནག་པོ་ཆེ་དངོས་བླ་མ་ཡིས། །ཡང་ཡང་རྗེས་སུ་གནང་བ་རྩལ་བའི་ཕྱིར། །རྒྱུད་དང་མན་ངག་ཀུན་ལས་ཉེར་བཏུས་ནས། །ཧ་ཅང་རྒྱས་མིན་འཇུག་བདེར་བརྩོམ་པར་བྱ། །དེ་ལ་འདིར་ནག་པོ་ཆེན་པོ་ལམ་དྲལ་འཁོར་དང་བཅས་པ་མཆོད་ཅིང་ཐུགས་དམ་བསྐང་བ་དང་། བསྐུལ་ཞིང་ལས་བསྒྲུབ་པར་འདོད་པ་དག་གིས་གནས་དབེན་པར་ཆོས་སྐྱོང་གི་བརྟེན་བཤམས་པའི་མདུན་དུ། བླ་མ་ཡིད་དམ་མཁའ་འགྲོ་ཆོས་སྐྱོང་སྤྱིའི་གཏོར་མ་དང་། བྱེ་དྲག་ཏུ་མ་མགོན་འཁོར་བཅས་ཀྱི་རྒྱུན་གཏོར་དང་། བདུད་རྩི་སྨན་རཀ །མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་སོགས་ཕྱག་ལེན་མཐོང་རྒྱུན་བཞིན་བཤམས། བདག་ཉིད་


KMC024_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་བཏང་ནས། མདུན་བསྐྱེད་ཀྱི་དམིགས་བརྟེན། ཨོཾ་དཾ་ཥྚོ་ཏྐ་ཊ་བྷཻ་ར་ཝཱ་ཡ་སཾ་སཾ་སཾ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས། རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་ཧཱུྃ་ལས་རྡོ་རྗེའི་བྲག་སྟེང་མཐིང་ནག་གྲུ་གསུམ་འབར་བ་སྟོང་གསུམ་དང་མཉམ་པ་ལ་ཨིནྡྲ་ནི་ལའི་སྡོང་པོ་དང་། རལ་གྲིའི་ལོ་མ་དང་། འཁོར་ལོའི་མེ་ཏོག་དང་། གྲི་གུག་གི་འབྲས་བུས་རྣམ་པར་བརྒྱན་པའི་ལྗོན་ཤིང་དུ་མ་དང་ནམ་མཁར་བལྟ་བའི་རྩེ་མོ་ཅན་གྱི་མདའི་རྩྭ་དང་རྣོ་བ་དང་ལྡན་པའི་དགྲ་སྟྭའི་ལོ་མ་དང་ཁྲག་གི་ཆུ་རྒྱུན་དང་། གནོད་པ་དང་ལྡན་པའི་གཅན་གཟན་གྱི་ཚོགས་མང་པོ་བག་ཡངས་སུ་རྒྱུ་བའི་བརྒྱན་པ། དེའི་སྟེང་དུ་ཡེ་ཤེས་ཀྱི་མེ་རླུང་དམར་ནག་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས་སུ་རབ་ཏུ་གདེངས་པའི་རྩེ་མོ་ཅན་གྱི་རྡོ་རྗེའི་ཕྲེང་བའི་ནང་རྡོ་རྗེས་མཚན་པའི་མདུང་དང་། རལ་


KMC024_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་དང་། ཤག་ཏི་དང་། དགྲ་སྟ་དང་། མདའ་དང་། རྩེ་གཅིག་དང་། ཕུར་བུ་དང་། གྲི་གུག་དང་། འཁོར་ལོ་ལ་སོགས་པའི་མཚོན་ཆ་དུ་མས་རབ་ཏུ་གཏམས་པའི་དབུས་སྣ་ཚོགས་པདྨའི་ལྟེ་བར་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་སུ་བྷྲཱུྃ་ནག་པོ་ལས་གནམ་ལྕགས་འབར་བའི་གཞལ་ཡས་ཁང་གྲུ་གསུམ་མཐིང་ནག་ཡང་ཤིང་རྒྱ་ཆེ་བ་ཟུར་གསུམ་རྣོ་ལ་འཁྱུག་པས་སྦྲུལ་ནག་ཐུར་དུ་རྒྱུག་པ་ལྟ་བུ། ཀླུ་བརྒྱད་ཀྱི་ཀ་གདན། ལྷ་བརྒྱད་ཀྱི་ཀ་བ། གཟའ་བརྒྱད་ཀྱི་གདུང་མ། སྒྱུ་སྐར་དང་རུས་པའི་གྲལ་གྲབ་ཤ་ཁྲག་གི་ཐོག་ལེབ་བྱས་པ་ཐོད་སྐམ་གྱི་ཕྲེང་བས་ཁ་བད་ལས་ནང་ཁྲོལ་དང་མགོ་བོ་སྤེལ་བའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། ཕྱི་རོལ་གྱི་ཕྱེད་མན་ཕྱེད་དུ་མཚོན་ཆ་རྣོན་པོ་དུ་མ་གཟིངས་པ། ལོགས་གསུམ་དུ་སྒོ་དང་ལྡན་ཞིང་རྟ་བབས་དང་བཅས་པ་ཞིང་ཆེན་གྱི་བླ་བྲེ་དང་། རོ་སྐྲའི་རྔ་ཡབ། མི་ལྤགས་ཀྱི་རྒྱ་མཚན། རྒྱུ་རློན་གྱི་ལྡ་ལྡེ། ཙེཏྟའི་


KMC024_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད་ཏོ་དང་། མགོ་བོའི་ཏོག་ལ་སོགས་པས་བརྒྱན་ཅིང་། སྤྲུལ་པའི་འདབ་ཆགས་དང་གཅན་གཟན་རྣམས་དང་། ལས་བྱེད་ཁྲོ་བོའི་ཚོགས་དུ་མ་དགྲ་བོའི་ཤ་ཁྲག་ཟ་བཞིན་དུ་ཕྱི་ནང་ཁྱབ་པར་ཉུལ་ཞིང་རྒྱུ་བར་བྱེད་པ། ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གཞལ་ཡས་ཁང་གི་དབུས་སུ་ཧཱུྃ་ལས་གནམ་ལྕགས་ཀྱི་འཁོར་ལོ་རྩིབ་བརྒྱད་པ། དེའི་ལྟེ་བར་གྲུ་གསུམ་མཐིང་ནག་ཟུར་གསུམ་སྒོ་གསུམ་ལ་བསྟེན་པ། དེའི་དབུས་རང་གི་ཐུགས་ཀ་ནས་མ་དང་ཧཱུྃ་གི་ཡི་གེ་འཕྲོས་ཏེ་ནམ་མཁར་བཞུགས་པ་ལས་སྤྲོས་པའི་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ལ་ཏི་ནག་པོ་འོད་དུ་ཞུ་བ་ལས། རྫུ་འཕྲུལ་གྱི་དྲེའུ་རྟ་སྔོ་ནག་རྫུ་འཕྲུལ་གྱི་རྐང་པ། རླུང་གི་གཤོགས་པ། མྱུར་མགྱོགས་ཀྱི་རྩལ་དང་ལྡན་པ་སྟེ་རྐང་པ་གསུམ་པ། དེའི་རྒྱབ་ཏུ་སྟག་དང་ཞིང་ཆེན་སྤགས་པའི་གདན་གྱི་སྟེང་


KMC024_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསེ་སྒ་དམར་པོ་བསྟད་པ་ལ་སྦྲུལ་ནག་གི་གོང་སྨེད་དང་། མཆོང་གི་གློ་ནན་འཁྱུག་པ། དངུལ་གྱི་ཡོབ་ཆེན་དང་ཞིང་ཆུང་གི་སྨད་བྱིལ་བྱས་པ། གཡུ་མཐུར་སྔོན་པོ་དང་། གསེར་སྲབ་སེར་པོ་ལ་བྱེ་རུ་དམར་པོའི་ཆུན་འཕྱང་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ཕོག་གུ་དང་ཁ་སྲབ་བྱས་པ། སྙིང་དང་མི་མགོའི་དོམ་དོམ་དྲིལ་བུ་གཡེར་ཁའི་དྲ་བས་བརྒྱན་པ། ཕྱི་ཤ་ལ་ལྕགས་ཀྱི་དྲ་བ་དང་། སྦྲུལ་གྱིས་ཁ་ཆིངས་བྱས་པའི་ནད་ཀྱི་རྐྱལ་པ་བཏགས་པ། སྔ་ཤ་ལ་ཚོན་གྱི་གྲུ་གུ་བཅིངས་པ། དེའི་སྒ་གོང་དུ་ནམ་མཁར་གནས་པའི་ཡི་གེ་གཉིས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་གདུག་པ་ཅན་ཚར་བཅད། དྲེགས་བྱེད་ཕོ་མོ་རྣམས་ཀྱི་ནུས་པ་བསྡུས་ནས་ཐིམ་པ་ལས་གྲི་གུག་འབར་བ་ཧཱུྃ་གིས་མཚན་པ་དང་། ཁ་ཊྭཱྃ་ག་མས་མཚན་པར་གྱུར། མ་མོ་ནག་མོ་ཏིཾ་ལཾ། མ་མ་དུན་ཏིཾ་མ་བྷྱོ། ཞེས་པས་ཁ་ཊྭཱྃ་ག་འོད་དུ་ཞུ་བ་ལས་དཔལ་ལྡན་ལྷ་མོ་སྐུ་


KMC024_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་མཐིང་ནག་ཏུ་འདུག་པ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་བ་བཞི་གཙིགས་པ་དབུ་སྐྲ་ཁམ་ནག་གྱེན་དུ་བཅིངས་ཤིང་ཐུར་དུ་གྲོལ་བ་ལ་ཐོད་སྐམ་ལྔའི་ཕྲེང་བས་བཅིངས་པ། སྤྱི་གཙུག་ཏུ་ཟླ་བ་ཕྱེད་པ་དང་། རྨ་བྱའི་མདོངས་ཀྱི་མཛེས་པ། དར་གྱི་ཅོད་པན་དང་སྦྲུལ་ནག་གི་ཆུན་འཕྱང་དང་རིན་པོ་ཆེ་སྣ་ཚོགས་འཕྲོ་བའི་ཕྲེང་བས་བརྒྱན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསོལ་ཞིང་། ཐོད་རློན་གྱི་དོ་ཤལ་ཅན། ཞབས་གཉིས་བཙན་སྟབས་འཁྱིལ་བའི་ཚུལ་གྱི་བཞུགས་པ། གཡས་རྡོ་རྗེ་གྲི་གུག་དང་གཡོན་ཁྲག་གིས་གང་བའི་ཐོད་པ་འཛིན་ཅིང་ཐུགས་ཀར་བསྣོལ་བས་དཔལ་ནག་པོ་ཆེན་པོ་ལ་འཁྱུད་པ་སྟེ། ཡང་ན། ཕྱག་བཞི་གཡས་གྱི་དང་པོ་ན་ཁ་ཊྭཱྃ་ག་རྩེ་གསུམ་བསྣམས་པ། གཡོན་གྱི་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱི་ཞིང་བལྟ་བ། གཡས་ཀྱི་འོག་མ་ན་གནམ་ལྕགས་ཀྱི་ཕུར་པ་དྲིལ་ཞིང་འདེབས་པ། གཡོན་གྱི་འོག་མ་ན་སྦྲུལ་ནག་ཞགས་པ་སྡོག་


KMC024_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འཕེན་པ། གཡོན་གྱི་གོང་མའི་ཕྱག་གིས་དཔལ་ནག་པོ་ཆེན་པོ་ལ་འཁྱུད་པ་སྟེ། དེ་ཡང་ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ། ཞེས་པས་གྲི་གུག་འོད་དུ་ཞུ་བ་ལས་རྡོ་རྗེ་ནག་པོ་ཆེན་པོ་སྐུ་མདོག་དུ་ཁ་མུན་ཆེན་གྱི་མདོག་ལྟ་བུ་རབ་ཏུ་ཁྲོས་པའི་ཞལ་མཆེ་བ་བཞི་གཙིགས་ཤིང་ལྗགས་འགྱུ་བ། སྡང་མིག་རྣམ་པར་གཡོ་བའི་སྤྱན་གསུམ་འཁྱིལ་ཞིང་ཕྱོགས་བཅུར་ལྟ་བ། གློག་ལྟར་ཁམ་པའི་སྨིན་མ་དང་སྨ་ར་འབར་བ། མེ་སྟག་འཕྲོ་བ་གྱེན་དུ་ལངས་པའི་དབུ་སྐྲ་དམར་སེར་སྦྲུལ་དང་དར་གྱིས་བཅིངས་ཤིང་ནོར་བུ་རིན་པོ་ཆེ་དུ་མའི་རྩེ་བྲན་ཅན་གྱི་ཐོད་པ་མེ་རབ་ཏུ་འབར་བའི་ཐོད་དང་ལྡན་པའི་རུས་པ་དང་དུག་སྦྲུལ་གདུག་པས་དབུ་དང་སྐུ་དང་ཡན་ལག་བརྒྱན་ཅིང་། སྟག་གི་པགས་པའི་ཤམ་ཐབས་དང་དར་ནག་གི་འཇོལ་བེར་དགུ་བརྩེགས་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་གདུག་པ་ཅན་རྣམས་ཀྱི་མགོ་བོའི་ཕྲེང་བ་ཁྲག་དང་བཅས་པའི་དོ་ཤལ་བྱས་ཤིང་།


KMC024_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གིས་གོས་ཤིང་མེ་འབར་བའི་གྲི་གུག་ཕྱག་གཡས་དག་གིས་གདེངས་པའི་འོད་ཀྱིས་འཇིག་རྟེན་གསལ་བ། ཡུམ་གྱི་ཞལ་དུ་སྟོབས་བཞིན་པའི་ཁྲག་ཅན་གྱི་ཐོད་པ་གཡོན་དུ་འཛིན་ཅིང་ཞབས་གཡས་བརྐྱང་བའི་གར་དང་། གཡོན་པས་ཡུམ་ལ་འཁྲིལ་བའི་ཚུལ་ཅན་མ་ལུས་པའི་བགེགས་དང་དགྲའི་ཚོགས་ཟ་བར་མཛད་ཅིང་ཆེར་རབ་ཏུ་འབར་བའི་མེའི་དབུས་ན་རྔམ་པའི་གད་མོས་མ་བྷྱོ་ཧཱུྃ་གི་སྒྲ་ཆེན་པོ་ཁམས་གསུམ་ཁྱབ་པར་སྒྲོགས་པས་སྲིད་གསུམ་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པ་འཇིགས་པ་མཐའ་དག་འཇིགས་པར་བྱེད་པ། འཁོར་ལོ་འབར་བའི་རྩིབས་བརྒྱད་ལ། ཤར་ལ་སོགས་པའི་ཕྱོགས་དང་མེ་ལ་སོགས་པའི་མཚམས་རྣམས་སུ་རིམ་བཞིན་དྲེའུ་རྟ་སྔོ་ནག་ལ་གནས་པའི་ཧཱུྃ་བརྒྱད་དང་མ་བརྒྱད་ལས་བྱུང་བའི་ནག་པོ་ཆེན་པོ་བརྒྱད་ཡབ་ཡུམ་སྟེ། ནག་པོ་འགུགས་བྱེད་ཆེན་པོ་དང་། སྲིན་མོ་ཟ་བྱེད་གདོང་དམར་མ། ནག་པོ་སྙིང་


KMC024_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་བྱེད་དང་། མ་མོ་གཏུམ་དྲག་རྔམ་པ་མ། ནག་པོ་དབུགས་ལེན་ཆེན་པོ་དང་། བདུད་མོ་ནག་མོ་ཁ་འབར་མ། ནག་པོ་སྲོག་གི་བདག་པོ་དང་། མོན་མོ་ནག་མོ་ལག་དམར་མ། ནག་པོ་དུར་ཁྲོད་འཇོམས་བྱེད་དང་། སྒྲོལ་གིང་ནག་མོ་མཐུ་མོ་ཆེ། ནག་པོ་ཁ་ལོ་སྒྱུར་བྱེད་དང་། ལྷ་མོ་ཆེན་མོ་ཙ་རྩི་ཀཱ། ནག་པོ་གདུག་པ་འདུལ་བྱེད་དང་། བང་རིམ་གསུམ་གྱི་མ་མོ་ཆེ། ནག་པོ་སྲེག་བྱེད་ཆེན་པོ་དང་། རྡོ་རྗེ་བདུད་སྲིན་མ་མོ་སྟེ། བརྒྱད་ཀྱང་ཐབས་ཤེས་མཚུངས་པར་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་འཁྲིལ་བའི་ཚུལ་ཅན། ཁ་དོག་དང་རྒྱན་ཆ་ལུགས་གཙོ་བོ་ཡབ་ཡུམ་ལྟ་བུའོ། །དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བའི་མགོན་པོ་བཅུ་དང་། དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས། སྤྱང་ཞོན་མ་བདུན། ཕུར་བུ་མ་བདུན། ཟང་རལ་མ་བདུན། མཚོན་འཁོར་མ་བདུན། སྲིང་མོ་བཞི། འབར་མ་བརྒྱད། དུས་བཞིའི་ལྷ་མོ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད།


KMC024_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

དམག་གི་རྒྱལ་མོ་ཆེན་མོ་བཞི་སོགས་སྤྲུལ་པ་དང་། ཡང་སྤྲུལ་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་ཞིང་། དྲག་པོའི་ང་རོ་སྣ་ཚོགས་སྒྲོགས་པ། བསྟན་པ་འཇིག་པའི་དགྲ་བགེགས་རྣམས་ཀྱི་སྲོག་ལ་རྔམ་ཞིང་། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་པས་སྟོང་གསུམ་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཁྱད་པར་དུ་ལྷ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོ་སྔོན་པོ། མགོན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག །ས་བོན་དེ་དག་ལས་འོད་ཟེར་སྨུག་ནག་བྱང་ཕྱོགས་དང་། བྱང་ཤར་དུ་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་གཤེགས་པར་གྱུར། དེ་ནས་རོལ་ཆེན་གྱིས་བྱིན་ཕབ་པ་རྔ་འགྲིག་དབྱངས་དང་བཅས། ཧཱུྃ། དད་པ་དང་ནི་དམ་ཚིག་


KMC024_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །ཐུགས་རྗེ་ཐུགས་དམ་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཧཱུྃ། མགོན་པོའི་ཐུགས་དམ་བསྐང་བ་དང་། །གཞན་གྱི་གནོད་པ་བཟློག་པ་དང་། །བདག་གི་ལས་རྣམས་བསྒྲུབ་ཕྱིར་དང་། །རྒྱལ་བའི་བསྟན་པ་བསྲུང་སླད་དུ། །མགོན་པོ་ནག་པོ་སྤྱན་འདྲེན་ན། །འདུ་འབྲལ་མེད་པའི་དབྱིངས་ཉིད་ནས། །ལྷ་ཆེན་དཔལ་འབར་སྤྱན་འདྲེན་གྱི། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ། གཏུམ་ཆེན་དྲག་པོར་ཁྲོས་པ་སྲིན་པོའི་གཟུགས། །ནག་པོ་མི་བཟད་མ་ཧཱ་ཀཱ་ལ་ནི། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སྔོན་གྱི་ཐུགས་དམ་དམ་པའི་ཆོ་འཕྲུལ་ལས། །ཁྱོད་ཀྱི་འཕྲིན་ལས་གང་དུའང་མི་འཇུག་མེད། །ལྷག་པར་དད་དང་དམ་ཚིག་ལྡན་པ་སྟེ། །རྒྱལ་བའི་དབང་ཕྱུག་དེང་འདིར་དུས་ལ་བབ། །འཇིགས་རུང་


KMC024_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཆེན་དུ་མ་རྣམས་འཁྲུག་པ། །བསྐལ་མེ་བྱེ་བ་སྟོང་འབར་དུར་ཁྲོད་ནས། །ས་ཆེན་རི་བཅས་གཡོ་བའི་རྫུ་འཕྲུལ་གྱིས། །ཕྱོགས་འདིར་ཕྱོགས་རྣམས་ཀུན་ནས་རབ་གཤེགས་ཤིང་། །དཔལ་ལྡན་ཁྲག་འཐུང་མངའ་བདག་གཤེགས་སུ་གསོལ། །མཁའ་འགྲོ་ཀུན་གྱི་དབང་ཕྱུག༴ ལྷ་ཆེན་བྱེ་བའི་གཙོ་བོ༴ དངོས་གྲུབ་མཐའ་དག་རབ་སྦྱིན༴ བཞད་པའི་ང་རོ་འབྲུག་སྒྲ་སྟོང་ལྡིར་ཞིང་། །རྔམ་པའི་སྟང་སྟབས་སྲིད་པ་གསུམ་གཡོ་བ། །འཇིག་རྟེན་འདས་དང་མ་འདས་འཁོར་གྱི་ཚོགས། །བྱེ་བ་རྒྱ་མཚོས་རབ་བསྐོར་གཤེགས་སུ་གསོལ། །བྷྱོ། བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས། །ནག་མོ་རལ་པ་འབེབས་པ་སྲིན་མོའི་ཚོགས། །ས་གསུམ་འདུལ་བ་ཟ་བྱེད་ཆེན་མོ་སྟེ། །རྡོ་རྗེ་དྲ་བ་མ་དང་གློག་འགྱུ་མ། །སྲིན་མོའི་ཚོགས་རྣམས་གདུང་ཞིང་འབོད་པའི་ཚེ། །རུ་ལུ་རུ་ལུའི་སྒྲ་སྐད་དྲག་པོ་དང་། །རཀྨོ་ཀྲོ་དྷ་ཀྵ་ཡིས་བོས་པའི་ཚེ། །སྒྲོལ་བྱེད་ཆེན་མོ་ཁྱོད་


KMC024_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུས་ལ་བབ། །ཡུན་གྱིས་དཔལ་དང་མགོན་དུ་ཁྱོད་བསྟེན་ན། །བཏང་སྙོམས་ཡལ་བར་མ་འདོར་གཡར་དམ་ཅན། །མ་གཡེལ་མ་གཡེལ་དམ་ཅན་སྲུང་མའི་ཚོགས། །དངོས་གྲུབ་མཐའ་དག་རྫོགས་པར་སྩལ་དུ་གསོལ། །བྷྱོ། ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་བབ་ཀྱི་ད་ཚུར་བྱོན། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་གསང་བའི་བྷ་ག་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་ཞབས་བརྡབས་གཡས་གཡོན་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །བདུད་སྒྲ་ལྷ་འདྲེ་ཀུན་འདུལ་མ། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །བྷྱོ། བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་བསྲུང་ཕྱིར་སྐུ་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཡོངས་འདུའི་


KMC024_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལ་བརྟེན་བཅས་ཤིང་། །རྫུ་འཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། །དུར་ཁྲོད་ཉུལ་ཞིང་འཛམ་གླིང་བསྐོར། །མགྱོགས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཁྲག་འཐུང་མ་མོའི་དཀྱིལ་འཁོར་ནས། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་མ། །ཤ་ལ་དགའ་ཞིང་ཁྲག་ལ་རྔམས། །ཟ་བྱེད་ཆེན་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རལ་པ་ཅན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །སྤྲུལ་པའི་མ་མོས་སྟོང་ཁམས་ཁྱབ། །རྫུ་འཕྲུལ་ཆེན་མོ་གཤེགས་སུ་གསོལ། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །མི་སྡུག་གཟུགས་འཆང་སྲིན་མོའི་ཚུལ། །འཇིག་བྱེད་ཆེན་མོ༴ །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཆོས་སྐྱོང་སྲུང་མའི་ཚོགས། །དབང་པོ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་བདག་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ཚངས་པ་དང་། །ཉི་ཟླ་གཟའ་སྐར་ས་བདག་སོགས། །བིཥྞུ་མ་མོ་གཤིན་རྗེ་


KMC024_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྲིན་པོ་རོ་ལངས་གསོད་བྱེད་ཚོགས། །ཀླུ་དང་བདུད་མོ་འབྱུང་པོ་རྣམས། །གཏུམ་དྲག་འཇིག་རྟེན་ཕོ་ཉའི་ཚོགས། །རང་རང་གནས་ནས་འདིར་དགོངས་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། ཨོཾ་མ་ཧཱ་ཀཱ་ལི། ཏྲག་རཀྵ་ཏིཾ་ལཾ། ས་མ་ཡ་ཛ༔ཧཱུྃ་བཾ་ཧོཿ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ། ཛཿཧཱུྃ་བཾ་ཧོཿ འདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཿཧཱུྃ་ཡ་ཛཿ། ཞེས་བརྒྱ་རྩ་བརྒྱད་དམ། ཉེར་གཅིག་བཟླས་པས་མ་མགོན་འཁོར་དང་བཅས་པ་རང་རང་གི་གནས་ནས་སྤྲིན་ཕུང་གཏིབ་པ་བཞིན་དུ་བྱོན་ཏེ་བསྐྱེད་པའི་ལྷ་ཚོགས་རྣམས་ལ་ཐིམ་པར་བསམ། ཧཱུྃ། གཏུམ་པོ་འཇིགས་སུ་རུང་བ་སྲིན་པོའི་གཟུགས། །བྱང་ཆུབ་སེམས་དཔའ་དགྲ་བགེགས་འདུལ་མཛད་པ། །སྲིན་པོ་ནག་པོ་མི་ཕམ་ཁྲོ་གཉེར་ཅན། །དམ་ཚིག་དབང་གིས་གནས་འདིར་བཞུགས་སུ་གསོལ། །བྲག་རི་པདྨ་ཉི་མ་རོ་ཡི་གདན། །མདུང་དང་རལ་གྲི་གཤིབས་པའི་གཞལ་ཡས་སུ། །སྲིན་པོའི་གཟུགས་ཅན་ནག་པོ་


KMC024_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནི། །ཕྱག་འཚལ་མཆོད་ཕྱིར་གནས་འདིར་བཞུགས་སུ་གསོལ། །བྷྱོ། ཐོད་རུས་དམར་པོ་གཏམས་པའི་དཀྱིལ་འཁོར་དུ། །ལྷ་སྲིན་དགུ་བརྒྱ་བསྣོལ་བའི་བམ་བརྩེགས་ལ། །རྡོ་རྗེ་རལ་གཅིག་སྲིད་པ་གསུམ་གྱི་ཡུམ། །བརྗིད་ཅིང་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། །བྱང་ཤར་ཕོ་བྲང་མཛེས་པ་ན། །ཉི་ཟླ་པདྨའི་གདན་སྟེང་དུ། །བམ་ཆེན་ཞིང་མཆོག་བསྣོལ་བ་ལ། །ཅི་བདེ་བར་ནི་བཞུགས་སུ་གསོལ། །རཀྨོ་རཀྵ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། །ཞེས་པས་བཞུགས་སུ་གསོལ། དེ་ནས་དམ་ལ་བཞག་པ་ནི། །ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདིར་ནི། །དྲག་པོ་འཁོར་བཅས་བཞུགས་སུ་གསོལ། །མཉམ་པའི་ཐལ་མོ་ལས་སྲིན་མཛུབ་ནང་དུ་བསྣོལ་བའི་རྩེ་མོལ་ཐེབ་མཛུབ་སྦྱར་བའི་ནང་དུ་བཅུག་ཅིང་སྲིན་མཛུབ་གཡབ་པ་ཐོད་རློན་གྱི་ཕྱག་རྒྱས། ཨོཾ་མ་ཧཱ་ཀཱ་ལི་ཏྲཀ་རཀྵ་ཐུན་བྷྱོ་ས་མ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ས་མ་ཡ་མ་ནུ་


KMC024_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྨ་ར་ཡ། ས་མ་ཡ་མཱ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟུ། ཞེས་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་ལ་ཕོག་པས་དམ་ཚིག་དྲན་ཏེ་བསྒོ་བའི་ལས་མཛད་པར་བསྒོམ། དབང་བསྐུར་བ་སྔོན་གྱི་གཞུང་རྙིང་པ་རྣམས་སུ་མི་བྱུང་ཡང་རྒྱུད་ཀྱི་དགོངས་པ་བཞིན་རྗེ་དོན་ལྡན་ཞབས་ཀྱིས་ཁ་འགེངས་མཛད་པ་ལྟར་བརྗོད་ན། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་བཛྲ་ས་མཱ་ཛཿ། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨ་བྷི་ཥེ་ཉྩནྟུ་མཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པས་ལྷ་མོ་ལ་སོགས་པ་རྣམས་ཀྱིས། ཨོཾ་ཨཱ་བྷི་ན་ཡ་ན་སྟྭ་ནཾ་ཨོཾ་ཤུ་ནྱ་ཏཱ་ཨ་ངྷི་ཥྛི་ཏེ་སྭཱ་ཧཱ། ཞེས་གསུང་ཤིང་བདུད་རྩི་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་སྐྱོད་པའི་རྣམས་པ་ཅན་གྱི་བླ་མས་དབུ་བརྒྱན་པར་གྱུར། ཅེས་བསྒོམ། འདིར་མགོན་པོ་མངོན་འབྱུང་རྭ་འགྱུར་དུ་མཆོད་ཡོན་དང་ཞབས་བསིལ་གཉིས་ཀ་སྦྱིན་པར་བསྒྱུར་ཀྱང་རྒྱ་དཔེར་མཆོད་ཡོན་གྱི་སྣོད་སྦྱིན་པ་ཡོད་པས་དེ་བཞིན་དུ་བཀོད་ཅིང་། དབང་གི་སྔགས་ཀྱང་རྒྱུད་ཉིད་ལས་ཇི་ལྟར་འབྱུང་བ་བཞིན་བྲིས་


KMC024_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། དེ་ནས་ཕྱག་གིས་བསྐུར་བ་ནི། ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་ལུས་འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇོམས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཀེང་རུས་བརྩེགས་པའི་སྐུ་མཁར་ནས། །འཇིགས་བྱེད་བསྐལ་པའི་མེ་ལྟར་འབར། །ཞབས་གཉིས་བརྐྱང་བསྐུམ་དབུས་གནས་པ། །ལེགས་ལྡན་ནག་པོའི་སྐུ་ལ་བསྟོད། །ནག་པོ་ལྷ་ཡི་དམག་དཔོན་མཐུ་བོ་ཆེ། །ཤིན་ཏུ་མི་བཟད་གཏུམ་ཆེན་རྔམ་པའི་སྐུ། །བྱམས་པའི་ཐུགས་མངའ་མཐིང་ནག་བརྗིད་པའི་ཞལ། །སྲིད་གསུམ་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །རྣོ་དབལ་ཟུར་གསུམ་མཆེ་བ་ཟངས་ཡག་གཙིགས། །ཧོཾ་ཁུང་ཞལ་ནས་ལྗགས་དམར་གློག་ལྟར་འཁྱུག །འཇིགས་པའི་ཨག་ཚོམ་སྡང་བའི་མེ་སྟག་འཕྲོ། །དྲག་པོའི་གསུང་ཆེན་ཤངས་ནས་ཧཱུྃ་སྒྲ་འབྱིན། །སྤྱན་གསུམ་སྡང་མིག་ཉི་ཟླ་ལྟར་གཟིགས་


KMC024_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །སྨིན་མ་ནག་པོ་དཔྲལ་བའི་ཁྲོ་གཉེར་ཅན། །ཟླ་བ་བཞིན་ཞལ་དྲག་པོའི་ཞལ་རྒྱས་པ། །བསྐལ་པའི་མེ་འབར་ཐོད་པ་ལྔས་བརྒྱན་ཅིང་། ཁམ་ནག་རལ་པ་ཟུར་གསུམ་འཁྱིལ་བ་ལ། །ཀླུ་དབང་ཁྲོས་པའི་སྦྲུལ་ནག་འབར་བས་བཅིངས། །ཕྱག་གཡས་ཙན་དན་བེང་ཆེན་བསྣམས་ཏེ་གསོར། །གཡོན་པས་ཐོད་མཆོག་པར་བུ་དཀུ་ལ་བརྟེན། །སྐུ་ལ་དར་ནག་འཇོལ་བེར་དགུ་བརྩེགས་གསོལ། །ནོར་བུས་མི་བཙངས་ཡིད་འོང་གསེར་སྐེད་བཅིངས། །མཁའ་འགྲོ་ཀུན་གྱི་གཙོ་བོ་མཛད་པའི་ཚེ། །གཡས་པས་ཟངས་གྲིས་དགྲ་བོའི་སྲོག་རྩ་གཅོད། །གཡོན་པས་བནྡྷར་ཉམས་པའི་སྙིང་ཁྲག་འཐུང་། །དུར་ཁྲོད་ཀུན་ཏུ་རྒྱུ་བའི་ཚེ་ན་ཡང་། །འཇིགས་བྱེད་ཆེན་པོ་དྲག་པོའི་ཆ་ལུགས་ཅན། །སྲིད་གསུམ་མ་མོས་གུས་པའི་ཚུལ་གྱིས་བསྟོད། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་པར་སྟོན། །གཉིས་མེད་ཐུགས་ནི་དོན་དམ་དབྱིངས་ན་གསལ། །འགག་


KMC024_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསུང་ནི་དྲག་པོའི་འབྲུག་ལྟར་སྒྲོག །སྐུ་གསུང་ཐུགས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཁའ་འགྲོ་སྔོན་པོའི་མདོག་དུ་སྣང་། །སྐུ་མདོག་སྔོ་ནག་དབྱར་གྱི་ཆར་སྤྲིན་འདྲ། །དུག་གསུམ་མུན་ཁམས་མ་ལུས་འཇོམས་མཛད་པའི། །མ་ཧཱ་ཀཱ་ལ་ཁྱོད་ཉིད་དགྱེས་པར་རོལ། །ཁྲོས་པའི་ཞབས་བརྡབས་རི་རབ་གླིང་བཞི་གཡོ། །འཇིགས་པའི་གད་མོས་སྟོང་གསུམ་སྐྲག་མཛད་དེ། །ཆོས་རྒྱལ་བཀའ་ཡི་བསྟན་པ་རྒྱས་མཛད་པ། །གཏེར་བདག་ནག་པོའི་སྐུ་ལ༴ ཞེས་སམ་བསྡུ་ན། ཧཱུྃ། ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུར་སྟོན་པ། །ཆོས་ཉིད་ངང་ལས་མ་གཡོས་བསྟན་སྲུང་ཚུལ། །རྡོ་རྗེ་གཏུམ་པོའི་ཐུགས་ལས་རབ་སྤྲུལ་པ། །ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་བའི་དོན་དུ་ཐུགས་རྗེའི་སྐུར་སྤྲུལ་ཞིང་། །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་འདུལ། །ནག་པོ་མི་བཟད་ཁྲོ་གཉེར་རལ་པ་ཅན། །སྲས་མཆོག་ནག་པོའི་ཚོགས་ལ༴ །


KMC024_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་རྣལ་འབྱོར་ཀུན་གྱི་བཀའ་སྲུང་མཛད། །སངས་རྒྱས་བསྟན་སྲུང་ཕས་ཀྱི་རྒོལ་བ་ཟློག །གཏུམ་པོ་བདུད་འདུལ་དྲེགས་པ་ཤ་ཟའི་གཟུགས། །འཇིག་རྟེན་མགོན་པོའི་ཚོགས་ལ༴ །བྷྱོ། བསྐལ་པ་མང་པོར་རང་རྒྱུད་ཆེར་སྦྱངས་ནས། །སྙིང་རྗེའི་དབང་གིས་ཕན་པའི་སྐུར་སྟོན་ཅིང་། །བདེ་གཤེགས་རྒྱལ་བའི་བསྟན་པ་རྒྱས་མཛད་པ། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་འདྲ་སྟེ། །རྒྱལ་བ་རྣམས་དང་ཆོས་ཀྱི་དབྱིངས་ན་རོལ། །སངས་རྒྱས་ཐེག་པ་ཐམས་ཅད་འདུས་པའི་གཟུགས། །རྣམ་པར་སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །རང་བཞིན་སྐུ་མཆོག་རྐྱེན་གྱིས་མ་བསྐྱེད་ཀྱང་། །མཚན་དང་དཔེ་བྱད་སྔགས་ལས་སྐུ་གྱུར་པ། །ཉི་ཟླའི་དཀྱིལ་འཁོར་ཐབས་དང་ཤེས་རབ་ཅན། །གསང་སྔགས་རིགས་སྔགས་གཟུངས་སྔགས་ལ་ཕྱག་འཚལ། །བསྐལ་པ་མང་པོར་མཐོང་བའི་ལམ་བརྙེས་


KMC024_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བླུན་པོ་རྣམས་ལ་སྟོན་ཕྱིར་གཟུངས་སྔགས་སྟོན། །ཡི་གེ་ཉི་ཤུ་རྩ་གཅིག་བྱིན་བརླབས་ནས། །སྲིན་མོའི་དཀྱིལ་འཁོར་སྐྱོང་མཛད་ཕྱག་འཚལ་ལོ། །བྷ་གའི་དཀྱིལ་འཁོར་འབྲུ་བརྒྱད་གསང་སྔགས་ལས། །སྦྱོར་བ་མང་པོའི་དངོས་གྲུབ་སྟེར་མཛད་ཅིང་། །གསང་སྔགས་བཅོ་ལྔའི་ཡོན་ཏན་སྤོར་མཛད་མ། །སྦྱིན་སྲེག་སྐྱོང་མཛད་མ་ལ༴ །དྲག་པོ་འདུལ་ཕྱིར་རོ་ལངས་སྐྱོང་མཛད་དེ། །ཡི་གེ་བཅུ་གསུམ་དངོས་གྲུབ་འབེབས་མཛད་མ། །གཅིག་པུར་གྲུབ་པ་རྟགས་ཀྱི་རལ་གཅིག་མ། །གསང་སྔགས་བཅུ་གཅིག་སྟོན་ལ༴ །ཡི་གེ་བཅོ་ལྔ་སྟོབས་ཀྱིས་སྲིན་མོས་འདུལ། །གསང་སྔགས་བཅུ་གཉིས་དགུ་ཚིགས་རྐང་གིས་གནོན། །སུམ་ཅུ་ཆོས་ཀྱི་འཁོར་ལོ་མདོས་པར་མཛད། །ཡི་གེ་བཅོ་བརྒྱད་མཚན་མས་འདུལ་ཕྱག་འཚལ། །སུམ་ཅུ་རྩ་གཉིས་སྤུ་གྲིའི་སྔགས་སྟོན་མ། །ཡི་གེ་བཅུ་གཅིག་བཀྲ་ཤིས་ཤ་བ་རི། །ཆོམ་རྐུན་ཟློག་མཛད་བཅུ་བཞི་མཱ་རི་ཙྱེ། །སྐུལ་


KMC024_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་གསང་སྔགས་ཉི་ཤུ་ལ་ཕྱག་འཚལ། །ཡི་གེ་བཅུ་གཉིས་མཚན་མ་ཐུགས་ལས་སྐྱེས། །ཡི་གེ་བཞི་བཅུ་གཞོན་ནུའི་ལྕེ་སྤོར་མ། །ཡི་གེ་རྩ་བཞི་ཡི་གེ་སྟོན་མཛད་ལྷ། །གསང་སྔགས་རྩ་བཞི་མ་ལ༴ །ཡི་གེ་རྩ་དགུ་ཟས་ཀྱི་རྟགས་སྟོན་མ། །ཡི་གེ་བཅོ་བརྒྱད་དགྲ་བཞི་གསོད་མཛད་མཐུ། །ཕྱག་རྒྱ་བརྒྱད་ཀྱི་དཀྱིལ་འཁོར་སྐྱོང་མཛད་མ། །ཡི་གེ་དྲུག་པ་འབྱུང་བ་ཁྱོད་ཕྱག་འཚལ། །ཐམས་ཅད་རྟགས་སུ་ཆེ་བས་ཆོ་འཕྲུལ་སྟོན། །མི་དབང་ཡི་གེ་རྩ་གཅིག་ཉིད་ཀྱིས་འདུལ། །སྦྱིན་སྲེག་རྣམ་གསུམ་ཡི་གེ་ལྔར་སྟོན་མ། །ཚོགས་ཀྱི་མཆོད་པ་མཛད་ལ༴ །བདེ་གཤེགས་སྐུ་ལྔ་བརྙེས་པ་ཁྱོད་ལགས་ཏེ། །ཡི་གེ་བཞི་བཅུ་སྲིད་པ་དུས་བཞིའི་ལྷ། །གསང་སྔགས་བརྒྱད་ཀྱིས་སེམས་ཅན་གསོད་པའི་བདུད། །གསང་སྔགས་ཡིག་དགུའི་ཕོ་ཉ་ཁྱོད་ཕྱག་འཚལ། །ཨེ་ཝཾ་མཱ་ཡཱ་ལས་བཞི་སྲིད་པར་སྟོན། །དམ་ཚིག་གཉིས་སྲུང་ཁྱོད་ལ༴ །འཇིག་རྟེན་འདི་


KMC024_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལས་ལས་གྲུབ་པ་རྣམས། །ཁྱོད་ཀྱི་རང་བཞིན་རྟོགས་པར་རབ་ཏུ་དཀའ། །དཀར་པོའི་ཕྱོགས་འཛིན་ལྷ་དམག་རྒྱས་མཛད་པས། །ཁྱོད་ལ་ལྷ་རྣམས་ཕྱག་བགྱིད་རྟག་ཏུ་སྐྱོང་། །ཞེས་སམ། བྷྱོ། མཁའ་ལ་དབང་སྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏི། །ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་བསྟོད། །ཅེས་བྱའོ། དེ་ནས་ཉེར་སྤྱོད་དང་སྨན་རཀ་རྣམས། ཨོཾ་དཾ་ཥྚོཏྐ་ཊ་ཀྱིས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལའི་སྣོད་རྣམས་སུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། ཁྲག་ཞག་འདྲེས་པའི་དྲི་ཆབ། ཤ་ཆེན་གྱི་ཞལ་ཟས། རྐང་གླིང་གི་རོལ་མོ་ལ་སོགས་པ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་འཇིག་རྟེན་གྱི་ཁམས་རྒྱས་པར་འགེངས་པ་དང་།


KMC024_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་། ར་ལས་རྒྱུ་དྲུག་བསྒྲལ་བའི་ཆགས་མེད་རཀྟའི་རྒྱ་མཚོ་ལ་སོགས་པ་མཆོད་པའི་ཚོགས་བསམ་གྱི་མི་ཁྱབ་པ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཿཧཱུྃ། དེ་བཞིན་དུ། པུཥྤཾ༴ ངྷུ་པཾ༴ ཨཱ་ལོ་ཀཾ༴ གྷནྡྷཾ༴ ནཻ་བི་དྱཾ༴ ཤབྡ༴ ཞེས་སྦྱར་རོ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲིཿཋ། ཨོཾ་ཨཱ་ཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མནྜལ་ཧཱུྃ་ཧྲིཿཋ། ཞེས་བྱིན་གྱིས་བརླབས་འབུལ་ཚིག་ནི། ཧཱུྃ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །འབྲས་ཆེན་ཁྲག་གི་ཨརྒྷཾ་དང་། །མེ་ཏོག་བདུག་པ་བྱུག་པ་དང་། །བདུད་རྩི་ལྔ་དང་ཤ་ལྔ་དང་། །ཁུར་བ་ཤིང་རྟོག་སྣ་ཚོགས་དང་། །བཅས་པའི་མཆོད་པའི་ཚོགས་རྣམས་ཀུན། །བདག་ཅག་དད་པས་འབུལ་ལགས་ན། །འཁོར་དང་བཅས་པས་བཞེས་སུ་གསོལ། ཨོཾ་ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ། །ཚིལ་ཆེན་བསྲེགས་དང་མར་ནག་ཆེན་པོའི་མེ། །ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་


KMC024_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལྔ། །དུར་ཁྲོད་སྒྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲི་བཛྲ་མ་ཧཱ་ཀཱ་ལ་དེ་བཱི་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། པུཥྤཾ་སོགས་སྦྱར། བྷྱོ། རིན་ཆེན་ཨཱནྡྲ་ནཱི་ལའི་བུམ་པར་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །འཐུངས་བས་འཚོ་བའི་ལོངས་སྤྱོད་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་རཀྵ་ཛ་གད་ཁ་རཾ་ཁཱ་ཧི། བཟེད་ཞལ་གཅིག་ཏུ་ཁྲག་གི་མཆོད་ཡོན་བསྒྲེང་ཞིང་། བྷྱོ། རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ། །སྣང་སྲིད་ཐམས་ཅད་རྦ་རླབས་ཁྱི་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་རྣམས་མཆོད་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི༴ ཨ་ལ་ཧོ་


KMC024_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ཏེ༴ ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་རཀྵ་རཀྟ་པི་པ་ཏོ་ཁཱ་ཧི། དེ་ནས་གཏོར་མ་འབུལ་བ་ནི། བླ་མ་ཡི་དམ་གྱི་གཏོར་འབུལ་རྒྱས་བསྡུས་ཅི་རིགས་སྔོན་དུ་སོང་ནས། མ་མགོན་གྱི་རྒྱུན་གཏོར། ཨོཾ་དཾ་ཥྚོཏྐ་ཊ་སོགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས། ཡཾ་རཾ་ཀཾ་ཨ་རྣམས་ལས་བྱུང་བ། རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཀ་པཱ་ལ་ཡངས་པའི་ནང་དུ། གོ་ཀུ་ད་ཧ་ན། བི་མུ་མ་ར་ཤུ་རྣམས་ལས་ཤ་ལྔ་བདུད་རྩི་ལྔ། ཨོཾ་ཨཱཿཧཱུྃ། རླུང་གི་མེ་སྦར་ཞིང་སྣོད་དྲོས་པས། ཞུ་བའི་སྟེང་དུ་ཧཱུྃ་ཨཱཿཨོཾ། ཨ་ཀཱ་རོ་སོགས་བརྗོད་པས། ཡི་གེ་གསུམ་རྣམས་རིམ་གྱིས་གཏོར་མ་ལ་ཐིམ་པས་ཉེས་སྐྱོན་སྦྱངས། བདུད་རྩིར་ཞུ་བདུད་རྩི་ཆེན་པོར་གྱུར། ཨོཾ་ཨཿཧཱུྃ། ཞེས་ལན་གསུམ་མམ་བདུན་བརྗོད་པས་བྱིན་གྱིས་བརླབས། འབུལ་ཚིག་ནི། ཧཱུྃ། བླ་མེད་མཆོད་པ་ཁྱད་པར་ཅན། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །རཀྟ་གི་ཝཾ་ག་བུར་དང་། །ཨ་མྲྀ་ཏ་དང་ཤ་ཆེན་སོགས། །དམ་རྫས་བསམ་གྱི་མི་ཁྱབ་པའི། །


KMC024_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། །མཁའ་དང་ཕྱོགས་མཚམས་ཀུན་བཀང་སྟེ། །མགོན་པོའི་སྐུ་ལ་མཆོད་པ་འབུལ། །མགོན་པོའི་གསུང་ལ༴ །མགོན་པོའི་ཐུགས་ལ༴ །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། བྷྱོ། གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་འགལ་གྱི་ཐུན་གཉིས་ཐུན་སྡེབ་ཏེ། །དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ༴ །བསྐང་ནི༴ །ཨ་ལ་ལ་ཧོ༴ །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། ཨོཾ་སརྦ་བཛྲ་ཨཱ་ཙཱ་རྱ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་སརྦ་བིགྷྣཱན་སརྦ་ཤ་ཏྲཱུྃ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ་ཛཿཧཱུྃ་བཾ་ཧོཿ འདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཿཧཱུྃ་ཡ་ཛཿ ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ། ཨ་ཥཱ་པཉྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་


KMC024_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཎཱཾ། ཡ་ཏི་པྲ་ཏིཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། །མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་པཱུ་ཛ་ཁཱ་ཧི། ཨོཾ་ཨེ་ཨཱ་རལླི་ཧོཿ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲཀ་རཀྵ་ཁཱ་ཧི། ཏྲཀ་རཀྵ་ཐུན་བྷྱོ་ཁཱ་ཧི། ཏྲཀ་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས། །དམ་རྫས་བདུད་རྩིའི་གཏོར་མ་བཞེས་སུ་གསོལ། །ཁཱ་ཧི། ཨོཾ་ཡ་མ་རཱ་ཛ། ག་ཏ་ཀྵོ་བྷ་ཡ། ཀྵོ་བྷ་ཡ། པ་ཏ་ལི་པ་ཏ་ལེ་ཁཱ་ཧི་ཁཱ་ཧི། གྲྀཧྞ་བ་ལིཾ། གྲ་ཧ་གྲ་ཧ། ཨོཾ་མཾ་ཙཾ་མ་ཧཱ་བྷཻ་ར་ཝཱ་ཡ་སྭཱ་ཧཱ། ཨོཾ་ཤྲཱི་ཀྵིཾ་གྲྀཧྞ་བ་ལིཾ་ཧཱུྃ་ཕཊ། མདྱ་མཾ་ས་པུཥྤ་དྷྲུ་པ་རཀྟ། ཏ་ཏ་ལི་པ་ཏ་ལི་ཨཱཥྚ་ནཱ་ག་དེ་ཝ་ཡཀྵ་རཱཀྵ་ས་གྲྀཧྞ་གྲྀཧྞ། ཨི་མཾ་བ་ལིཾ་ཧཱ་ཧཱ་ཧཱ་ཧཱུྃ་ཁཱ་ཧཱུྃ་ཁཱ་ཧི་ཁཱ་ཧི་ཁ་ཁ་ཧཱུྃ་ཛཿ ཕེཾ་ཕེཾཿ ཧེཾ་ཧེཾ་མ་ཧཱ་ཌ་ཏཱ་ར་ཧཱ་ས་གརྫ་གརྫ་ཀྲྀཥྞ་ཝ་རྞཱ་ཡ་ཧཱུྃ་སྭཱ་ཧཱ། ཨོཾ་ཏྲཀ་རཀྴ་མ་ཧི་དུན་བྷྱོ། མ་ཧཱ་ཡཀྵ། ཏིཀྵྞ་ཀཱ་ལ་དུན་བྷྱོ། ཨི་དཾ་བ་ལིཾ་


KMC024_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཛ་ཁཱ་ཧི། མ་མོ་ནག་མོ་བེ་ཏ་ལི། ཀུ་ལུ་ཀུ་ལུ། ཧ་ཧ་ཧ། མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་མཉྩ་མེ་ཙི། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཨ་མྲྀ་ཏ། མ་ཧཱ་སུ་ར་ཏ། མ་ཧཱ་བ་ལིཾ་ཏ། མ་ཧཱ་ཀིཾ་ནི་རི་ཁཱ་རཾ་ཁཱ་ཧི། ཞེས་སམ། ཨོཾ་ཏྲག་རཀྵ་དུན་ཏིཾ་མ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ་ཨེ་ཥཱ་པཉྩི་མ་ཀཱ་ལོ་ཡཾ། དུཾ་དུཾ་རཀྵ་ཚལ་པ་ཧ་ལ་དུཥྚཾ་ཤ་ཏྲཱུཾ་ཏ་ཐཱ་རུ་ཏྲི་པི་ཏ། དྷ་མི་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏཱི་ཛྙ། སྨ་ར་སི་ཏ་དཱ། ཨི་དཾ་མ་མ་དུཥྚཾ་ཤ་ཏྲཱུཾ་དེ་ཝ་བྷ་སི་དྷ་ན་མི་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་གིས་ཕུལ། དེའི་ཚེ་མ་མགོན་འཁོར་བཅས་ཀྱིས་ལྗགས་གྲི་གུག་དང་ཁ་ཊྭཱཾ་གའི་དབྱིབས་ཅན་གྱི་འོད་ཟེར་གཏོར་མ་ལ་ཟུགས་པས་དྲངས་ཤིང་གསོལ་བས་བསམ། །དེ་ནས་འཁོར་ལྔ་སོགས་བཀའ་སྲུང་གཞན་གྱི་གཏོར་འབུལ་བྱེད་པར་སྤྲོ་ནའང་རྒྱས་བསྡུས་སྐབས་ཐོབ་དང་བསྟུན་ནས་བྱ་


KMC024_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། མཁའ་འགྲོ་སྤྱིའི་གཏོར་མ་དང་གཞི་བདག་གཏོར་མ་རྣམས་ཀྱང་བྱའོ། །དེ་ནས་བསྟོད་པ་བྱ་བ་ནི། ཨོཾ་ཨཱཿཧཱུྃ་ཧོཿ གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། ༈ །ཧྲཱིཿ ཐུགས་རྗེ་ཆེན་པོ་འཇིག་རྟེན་


KMC024_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སྐུ། །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོག །ཤངས་ནས་ཡེ་ཤེས་རླུང་གིས་ཉོན་མོངས་འཐོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །གཡས་པས་བགྲངས་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་སྙོམས་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། ༈ །ཧྲཱིཿ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ །སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད། །ཕྱག་གཉིས་གདུག་པའི་མཚོན་ཆས་དགྲ་བགེགས་སྒྲོལ། །རྟ་མགྲིན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་


KMC024_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། ༈ ཅེས་སོགས་དང་ཡི་དམ་གང་ཡིན་གྱི་བསྟོད་པ་བྱ། མགོན་པོ་ལ། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་སྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་དུར་ཁྲོད་ནག་པོའི་རྒྱུད་ལས་གསུངས་པ་དང་། ཧཱུྃ་སྐྱེས་འབར་བ་ནག་པོ་ཆེ། །གདུག་པ་མ་ལུས་ཚར་གཅོད་པའི། །མདོག་ནག་གཟུགས་ཐུང་གཟི་བརྗེད་ཆེ། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཞལ་ནས་


KMC024_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཛག་མཐུ་བོ་ཆེ། །གསུས་ཁྱིམ་ཆེ་ལ་ཐུར་དུ་འཕྱང་། །མགོ་བོ་ཕྲེང་བའི་དོ་ཤལ་ཅན། །གྲུ་གསུམ་འབར་བའི་དབུས་གནས་ཤིང་། །དབང་ཕྱུག་སྲས་པོ་དྲག་ཤུལ་ཆེ། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །ལྷ་ཡི་དམག་དཔོན་བྱེད་པའི་ཚེ། །རྩག་གསུམ་གནས་ཀྱི་བདག་པོ་སྟེ། །དར་ནག་འཇོལ་བེར་སྐུ་ལ་གསོལ། །ཕྱག་ན་ཙནྡན་བེང་ཆེན་བསྣམས། །གསེར་སྐེད་རིན་ཆེན་སྐུ་ལ་བཅིངས། །ཞབས་གཉིས་བརྐྱང་བསྐུམ་ཚུལ་གནས་ཏེ། །གཡོན་པ་ཐོད་མཆོག་དཀུ་ལ་བརྟེན། །དབུ་སྐྲ་ཁམ་ནག་ཐོར་ཚུགས་འཁྱིལ། །འཇིགས་བྱེད་ལྷ་ཡི་གཙོ་བོ་སྟེ། །བདུད་འདུལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ནག་པོ་སྲོག་རྒྱུད་ནས་གསུངས་པ་དང་། ཧཱུྃ། ལས་རྣམས་རྫོགས་བྱེད་ནག་པོ་ཆེན་པོའི་སྐུ། །མཐིང་ནག་མེ་ཡི་འོབས་ཀྱིས་ཀུན་ནས་བསྐོར། །སྐུ་ལ་བེར་ནག་གསོལ་བས་སྟོང་གསུམ་འདུལ། །ནག་པོ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ། །གྲི་གུག་འབར་བ་གཡས་ན་


KMC024_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ་ནི། །སྲོག་རྩ་དམར་པོ་གཅོད་ཅིང་དོན་སྙིང་འབྱིན། །ཐོད་ཁྲག་དམར་པོ་གཡོན་ན་བསྣམས་པ་ནི། །ལས་ངན་ཆོས་འཁོར་འཇིག་པའི་སྙིང་ཁྲག་འཐུང་། །བསྟན་པ་རྒྱས་མཛད་ཁྱོད་ལ༴ །ཤངས་ནས་རླུང་བྱུང་འཇིག་རྟེན་རླུང་ནག་འཚུབ། །ཞལ་ནས་ཁྲག་འཛག་འཇིག་རྟེན་ནད་ཀྱིས་འགེངས། །སྤྱན་རྩ་དམར་པོ་བཟློག་པས་སྟོང་གསུམ་བསྲེགས། །འཇིགས་བྱེད་ཆེན་པོ་ཁྱོད་ལ༴ །ཁྲོས་པས་ལྷ་མིན་གཡུལ་ཟློག་མཐུ་བོ་ཆེ། །འཇིག་རྟེན་ལྷ་སྲིན་ཚོགས་རྣམས་དབང་བསྡུས་ནས། །བསྟན་པ་གཉན་པོ་བསྲུང་བའི་བྱ་ར་མཛད། །ཚོགས་ཀྱི་བདག་པོ་ཁྱོད་ལ༴ །བདུད་དང་མུ་སྟེག་ཕས་ཀྱི་རྒོལ་བ་ལ། །མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྟན་པ་ཡིས། །ལོག་པར་ལྟ་བ་ཐམས་ཅད་ཟད་མཛད་པ། །རྒོལ་བ་ཚར་གཅོད་ཁྱོད་ལ༴ །སྨོན་ལམ་སྟོབས་ཀྱིས་རྡོ་རྗེའི་གཟེབ་ནང་དུ། །མ་ཡི་འཁོར་ལོ་བསྟན་པ་གཉན་སྲུང་བ། །དམ་རྫས་


KMC024_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད། །ཅེས་པས་ཀྱང་བསྟོད། ལྷ་མོ་ལ། བྷྱོ། རླུང་ནག་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས། །ཕོ་བྲང་གཞལ་ཡས་ཐོད་པའི་སྐུ་མཁར་ནས། །མ་གཅིག་དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །གསང་བའི་ལྷ་མོ་བོང་ཞོན་དབང་ཕྱུག་མ། །ཞལ་ནི་ཟླ་ལྟར་བཞད་པས་མུན་པ་སེལ། །རྔམ་པའི་ཚུལ་གྱིས་ཐོད་ཁྲག་དམར་ལ་རོལ། །སྐྱེ་བ་རྣམ་བཞིའི་འགྲོ་བའི་དོན་སྟོན་མ། །ཁྱོད་ནི་ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་དྲག་མོ་ཀུན་གྱི་གཙོ་མོ་སྟེ། །ཁྲོ་མོ་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་ཡིན། །ཉེ་བར་དམ་ཚིག་ལས་རྣམས་གྲུབ་པར་མཛོད། །རྡོ་རྗེ་ནག་མོ་མཆེ་བ་གཙིགས་པའི་ཞལ། །དུས་གསུམ་སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་པའི་ལྷ་མོ་ལ། །ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་ང་ལ་ཡོད། །མི་དབང་འབྲས་བུ་སྨིན་


KMC024_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤ་ནི་བསྐམ་ལེགས་དང་། །མཚལ་གྱི་ཤིང་ཏོག་སྐམ་པོ་བུ་ལ་ཡོད། །རྣམ་དག་བདུད་རྩིའི་གཏོར་མས་མཉེས་མཆོད་འབུལ། །མ་བུས་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཅེས་དང་། བྷྱོ། སེམས་ཉིད་ཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབས་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་གྱུར་ཞུ་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་ནད་གདོན་བགེགས་རྣམས་ཞི་གྱུར་ཅིག །མཐུན་པར་བསྟན་པ་རྒྱས་པའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་གྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་


KMC024_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད། །ཀུན་ཏུ་རྒྱས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །བདག་གི་བསོད་ནམས་ཡེ་ཤེས་སྤེལ་གྱུར་ཅིག །མཐུན་པར་བསྟན་པ་དབང་གི་དཔལ་ལྷ་མོ། །དབང་མཛད་དབང་གྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་དབང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དབང་དུ་སེམས་ཅན་ཐམས་ཅད་བསྡུས། །མཐུན་པར་བསྟན་པ་དྲག་པོའི་དཔལ་ལྷ་མོ། །དྲག་མཛད་དྲག་གྱུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱི་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་བརྗེད། །ཀུན་ཏུ་དྲག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་རྣམས་དྲག་པོའི་ལས་ཀྱིས་སོད། །ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ལ། །འདིར་ལྟར་སྣང་འཛིན་ཅིར་ཡང་སྣང་བ་ནི། །ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཛད་པ་ལགས། །བདག་ཀྱང་ཕྲིན་ལས་


KMC024_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞི་ལྷུན་གྲུབ་ནས། །ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་པར་ཤོག །ཅེས་པས་བསྟོད། འཁོར་ལ། ནག་པོ་ཡབ་ཡུམ་བཅུ་དྲུག་དང་། །དཔལ་འབར་འཆང་དང་རྣམ་ཐོས་སྲས། །དབང་ཕྱུག་ཆེ་སོགས་མ་བདུན་སོགས། །དྲེགས་བྱེད་ཀུན་ལ་བདག་བསྟོད་དོ། །ཧཱུྃ། མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོ་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་བཞི་དང་སྲས་བཞི་དང་། །ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤོག །འདོད་དགུ་ཡིད་བཞིན་སྒྲུབ་པ་དང་། །གཞན་དོན་ལྷུན་གྱིས་གྲུབ་མཛད་གསོལ། ༈ །ཀླུ་ཡི་རྒྱལ་པོ་སོག་མ་མེད། །གསེར་གྱི་མདོག་ཅན་གཞོན་ནུའི་གཟུགས། །སངས་རྒྱས་


KMC024_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་འཕྲིན་ལས་མཛད། །སྔགས་བདག་སྐུ་ལ་ཕྱག་འཚལ་བསྟོད། །ཀླུ་ཡི་རྒྱལ་པོ་སོག་མ་མེད། །བསྐལ་བཟང་བྱང་ཆུབ་སེམས་དཔའ་སྟེ། །གཞོན་ནུ་གཏུམ་པོ་སྦྲུལ་མགོ་ཅན། །འཕྲིན་ལས་ཀུན་འགྲུབ་ཕྱག༴ ཀླུ་ཡི་རྒྱལ་པོ་སོག་མ་མེད། །རི་རབ་ལྷོ་ཕྱོགས་མ་དྲོས་ན། །གཞོན་ནུ་གཏུམ་པོ་མདངས་དང་ལྡན། །སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། ཧཱུྃ། དམ་ཅན་མགར་བའི་མཚན་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་དམར་སེར་འཁྱིལ། །གཡས་ཀྱི་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་མགར་གྱི་སྦུད་པ་བསྣམས། །ར་ལ་ཆིབས་ཤིང་སྐུ་ལ་བེར་ནག་གསོལ། །སྤྱན་རྩ་དམར་ཞིང་ལྗགས་ནི་གློག་ལྟར་འཁྱུག །དམ་ཉམས་དགྲ་བོ་ཁྱུར་མིད་བགྱིད་མཛད་པ། །ཞལ་ནས་རྐན་སྒྲ་དྲག་པོར་བརྡབས་པ་ཡིས། །ལོག་པར་ལྟ་བའི་བགེགས་རྣམས་འདར་དུ་འཇུག །སྲིད་གསུམ་གདུག་པའི་ཚོགས་རྣམས་མ་ལུས་ཀུན། །ཟིལ་གྱིས་


KMC024_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་ཅིང་དབང་དུ་སྡུད་མཛད་པ། །དམ་ཅན་མགར་བའི་ཚོགས་ལ་ཕྱག་འཚལ་བསྟོད། ༈ །བྷྱོ། ལྷོ་ནུབ་ལང་ཀ་པུ་རིའི་དུར་ཁྲོད་ནས། །རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་ལྷ་ཆེ། །བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན། །ནག་པོ་ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །སྲིད་གསུམ་ཟིལ་གནོན་ཉམས་པ་བརྩད་ནས་གཅོད། །རྣམ་བཞིའི་འཕྲིན་ལས་ཅི་བཅོལ་ཐོགས་པ་མེད། །ཐོད་ཕྲེང་རྩལ་གྱིས་དབང་བསྐུར་དམ་ཚིག་ཅན། །རཱཀྵ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །དྲག་ཤུལ་རྔམ་བརྗིད་ཤིན་ཏུ་འཇིགས་པའི་གཟུགས། །སྤྲུལ་པ་སྣ་ཚོགས་སྟོང་གསུམ་ཁྱབ་པར་འབྱེད། །སྐྱེ་འགྲོའི་སྲོག་དབུགས་དྲོད་ལ་དབང་བྱེད་པའི། །ཤ་ཟ་ནག་པོ་ཁྱོད་ལ་བདག་བསྟོད་དོ། །སྔོན་ཚེ་སྲོང་བཙན་པདྨས་བཀའ་བསྒོས་དང་། །དཔལ་ཆེན་ཀརྨ་པཀྴིའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་ཐུགས་དམ་དྲན་མཛོད་ལ། །བདག་ལ་སྡང་བའི་དགྲ་བོ་ད་


KMC024_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ་ཅིག ༈ །བྷྱོ། ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ། །ཉེ་བའི་འཐུང་གཅོད་དཔལ་གྱི་ཙ་རི་ཏྲ། །རབ་འཇིགས་དུར་ཁྲོད་ཆེན་པོར་རྟག་ཏུ་རོལ། །ག་ཡ་དྷ་ར་ཁྱོད་ལ་བདག་བསྟོད་དོ། །རྒྱལ་བས་དབང་བསྐུར་ཀུན་དགའ་གཞོན་ནུ་སྟེ། །ཞིང་སྐྱོང་ཆེན་པོ་ཨ་མྲ་གཙིགས་པའི་ཞལ། །ཤ་ཟ་ཁྲག་འཐུང་ཟ་བྱེད་སེང་གེའི་གདོང་། །སྲོག་བདུད་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །བདུད་ཀྱི་དམག་དཔོན་སྲིན་པོ་ཁྲོས་པའི་གཟུགས། །མཐུ་རྩལ་དྲག་ཤུལ་མྱུར་མགྱོགས་སྟོབས་དང་ལྡན། །བསྟན་པ་བསྲུང་དང་རྣལ་འབྱོར་སྐྱོང་ལ་བརྩོན། །ནག་པོ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །ཡུམ་ཆེན་བདུད་མོ་བམ་རོ་ཕོ་མོ་སོགས། །ཚར་གཅོད་ཕན་འདོགས་ལས་བྱེད་དྲག་པོའི་འཁོར། །བཀའ་ཉན་བྱེ་བ་སྟོང་ཕྲག་འབུམ་དང་བཅས། །བསྟན་སྐྱོང་འཁོར་དང་བཅས་ལ་བདག་བསྟོད་དོ། །སྣང་སྲིད་ཟིལ་གནོན་ཀརྨ་པཀྴིའི་དྲུང་། །ཕྲིན་ལས་བསྒྲུབ་པར་ཁས་བླངས་


KMC024_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅས་བཞིན། །མ་འོངས་སངས་རྒྱས་བསྟན་ལ་འཚང་རྒྱ་བའི། །དགེ་བསྙེན་རྡོ་རྗེ་རྒྱལ་ལ་བདག་བསྟོད་དོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཞེས་དང་། སྲུང་མ་གཞན་རྣམས་ཀྱི་བསྟོད་པའང་སྤྲོ་ན་བྱ། བསྐང་བ་བྱེད་པར་འདོད་ན། བསྐང་བའི་གཏོར་མ་ཟུར་གསུམ་པ་ལ་ཤ་ཁྲག །སྙིང་སྣ། སྤོས་སྣ། འབྲུ་སྣ། བཟའ་བཏུང་སྣ་ཚོགས་དང་། རི་དྭགས། མཁའ་ལྡིང་། གཅན་གཟན་སོགས་སྐྱེ་འགྲོ་སྣ་ཚོགས་ཀྱི་གཟུགས་བརྙན་གྱིས་བསྐོར་བ་བཤམས་ལ། སྤོས་བསྲེག་ཅིང་བདུད་རྩི་གཏོར་ཏེ། དཾ་ཥྚོཏྐ་ཊས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་། ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་འདྲེས་པར་གྱུར་པའི་གཏོར་མ་རྣམས་དང་། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་སྒྲུབ་པའི་རྫས་མཆོད་པའི་རྫས་བསྐང་བའི་རྫས་བསྟེན་པའི་རྫས་ལ་


KMC024_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ་ནས། ཤབྡ་ཨཱཿཧཱུྃ། ཨོཾ་མ་ཧཱ་མཾ་ས། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལིཾ་ཏ། ཀིཾ་ན་རི། ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབ། ཧཱུྃ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེ་ཆེན་པོས་སྐུ་སྤྲུལ་པ། སོགས་ནས། བལ་མོའི་དུག་མཚོན་བཟློག་ཏུ་གསོལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་སོགས་ནས་ཀིཾ་ནི་རི་ཁ་རཾ་ཁཱ་ཧི། བསྡུས་པ་བྱེད་ན། ཧཱུྃ། བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། སོགས་ནས། ཕྲིན་ལས་རྣམས་བཞི་བསྒྲུབ་ཏུ་གསོལ། ཞེས་སོགས་གོང་བཞིན་བརྗོད། དེ་ནས་ཐུགས་དམ་བསྐུལ་ཞིང་ལས་ཀྱི་གཉེར་གཏད་པ་ནི། ཧཱུྃ། བདག་ནི་དམ་ཅན་སྒྲུབ་པ་པོ། །ཁྱོད་ནི་ཆོས་སྐྱོང་དམ་ཚིག་ཅན། །བསྟན་པའི་བཀའ་སྲུང་རྫུ་འཕྲུལ་ཅན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། ཧཱུྃ། སྤྱན་གསུམ་དུས་གསུམ་


KMC024_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། རུ་ལུ་རུ་ལུ་བྷྱོ་ཛཿཧཱུྃ། དེ་ནས་སྐབས་དང་སྦྱར་བའི་བཟླས་པའི་མན་ངག་གནད་དང་ལྡན་པས། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྤྱིའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལི་ཏྲཀ་རཀྵ། མ་ཧཱ་ཀཱ་ཀཱ་ལ་ཡ། ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ ཞལ་སྦྱོར་གྱི་སྐུའི་སྙིང་པོའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ གསུང་གི་སྙིང་པོ་སྟེ་ཉེ་སྙིང་ངོ་། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཡཀྵ་གུ་ཎ་ཧྲི་ད་ཧཱུྃ་ཕཊ་ཛཿསྭཱ་ཧཱ། ཐུགས་ཀྱི་སྙིང་པོའི། ཨོཾ་ཏྲག་རཀྵ་དུཾན་ཏིཾ་མ་བྷྱོ། ཨོཾ་མ་ཧཱ་ཀཱ་ལཱ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཾ་ཨེ་ཥཱ་པཉྩི་མ་ཀཱ་ལོ་ཡཾ། དུཾ་དུཾ་རཀྵ་ཚལ་པ་ཧ་ལ་དུཥྚཾ་ཤ་ཏྲཱུཾ་ཏ་ཐཱ་རུ་ཏྲི་པི་ཏ། དྷ་མི་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙཱ། །སྨ་ར་སི་ཏཱ་དཱ། །ཨི་དཾ་མ་མ་དུཥྚཾ་ཤ་ཏྲཱུྃ་དེ་ཝ་བྷ་སི། དྷ་ན་མི། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། མ་མགོན་སྤྱི་དྲིལ་གྱི་སྔགས་རིང་སྟེ་དེ་རྣམས་ཞལ་སྦྱོར་གྱི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་སྭཱ་ཧཱ། ལྔ་བཅུ་པ་ནས་གསུངས་པའི་ཕྱག་


KMC024_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པའི་སྔགས་སོ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ། དངོས་གྲུབ་འབྱུང་བ་ནས་གསུངས་པའི་སྔགས་སོ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་དེ་བ་རཀྵ་ཛཿཧཱུྃ་བཾ་ཧོཿ འདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཿ ཧཱུྃ་ཡ་ཛཿ སྤྱན་འདྲེན་གྱི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤོག་ཧེར་ནི་ཤོག །ཧེར་མ་དུམ་རིལ་ཤོག །འདིར་ཤོག་འདིར་ཤོག །འདིར་དུམ་འདིར་དུམ། གནོད་བྱེད་དགྲ་བོའི་ཙིཏྟ་བཾ་ཙིཏྟ་རྦད། སྐུའི་སྙིང་པོ་སྟེ་བསྙེན་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡཾ། ཨི་དཱཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུ་ཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན་མཱ་ར་ཡ་ཧཱུྃ་ཕཊ། གསུང་གི་སྙིང་པོ་སྟེ་བསྙེན་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་བ་རཀྵ་དགྲ་བོའི་ཙིཏྟ་ལ། ཧུ་ར་ཧུ་ར། བེ་ར་བེ་ར། དུ་ན་དུ་ན། ཏྲི་ལིཾ་ཤཾ་ཀ་རུ། ཏྲི་ཏ་ཏྲག་རཀྵ་རྦད། ཨོཾ་སྟཱཾ་བནྡྷ་སྟཱཾ་


KMC024_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བནྡྷ་ཧཱུྃ་ཧཱུྃ་ཕཊ། ཐུགས་ཀྱི་སྙིང་པོ་སྟེ་གཅུན་སྔགས་སོ། །ཨོཾ་མ་མ་ཏྲག་རཀྵ། མ་ཧི་དུན་བྷྱོཿ མ་ཧཱ་ཡཀྵ། མ་ཧཱ་ཏཱིཀྵྞ། ནག་མོ་དུན་ཏིཾ་མ་བྷྱོཿ སྙིང་པོ་ཉེར་བཞི་མའོ། །ཨོཾ་ཏྲག་རཀྵ། མ་ཧི་དུན་བྷྱོ། མ་ཧཱ་ཡཀྵ། ཏཱིཀྵྞ་ཀཱ་ལི་དུན་བྷྱོ། ཡང་སྙིང་བཅུ་བདུན་མའོ། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿཛཿ སྐུ་གསུང་ཐུགས་ཀྱི་མ་མོའི་སྙིང་པོའོ། །མ་མ་སྙིང་ཁྲག་ཚལ་པ་དུན་ཏིཾ་ཧ་ལ་དུན་བྷྱོ། ལས་ཀྱི་གཉེར་གཏད་པའོ། །ཨོཾ་ཨེ་ཨཱ་རལླི་ཧོཿ ཤྲི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། །ཏྲག་རཀྵ་ཐུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། རྦད་སྔགས་ཏེ་ལས་སྔགས་དང་འདི་དག་ཇི་ལྟར་རིག་པ་བཟླ་བར་བྱའོ། །དེ་ནས་ཐུན་གཏོར་འབུལ་བ་ནི། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་སོགས་ནས། བཛྲ་གྷཎྚེ་ཧོཿ ཞེས་ཏིང་ངེ་འཛིན་གྱི་གནད་དང་ལྡན་པས་ལན་གསུམ་སོགས་ཀྱིས་ཐུན་གཏོར་ལ་དམིགས་བྱ་བཀུག་ནས་སྤྱི་དྲིལ་དང་མ་མགོན་གྱི་རྦད་སྔགས་ལ་ཁཱ་ཧི་བཏགས་པ་ལན་ཁ་ཡར་བརྗོད་པས་བསྒྲལ་བ་དང་། བསྟབ་པ་སོགས་ཀྱི་དམིགས་པ་སྐབས་དང་བསྟུན་ནས་མན་ངག་བཞིན་དུ་བྱེད། དེ་ནས་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི།


KMC024_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ལ། ཧཱུྃ། བསྐལ་བ་མེ་ལྟར་འབར་བའི་དུར་ཁྲོད་ནས། སོགས་ནས། བསྟན་པ་སྲུང་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་། ཡུམ་ལ། བྷྱོ། གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །སོགས་ནས། བདག་གིས་ལས་རྣམས་ཐམས་ཅད་གྲུབ་པར་མཛོད། །ཅེས་དང་། དབུགས་ལེན་ཡབ་ཡུམ་བཅུ་དྲུག་ལ། ཧཱུྃ། ཤར་ཕྱོགས་དབུགས་ལེན་ཡབ་ཡུམ་ནི། སོགས་ནས། ལས་སུ་གསོད་པའི་ལས་གྱིས་ཤིག །ཅེས་དང་། གཙོ་འཁོར་ཐམས་ཅད་ལ་ཐུན་མོང་དུ། ཧཱུྃ། གསོན་ཅིག་མ་ཧཱ་ཀཱ་ལ་ཆེ། །སོགས་ནས། བསྒྲལ་དང་སྒྲོལ་བྱེད་དབྱིངས་སུ་ཞི། །ཞེས་དང་། ནན་གྱིས་རྦད་པ་ནི། ཧཱུྃ། གང་ཞིག་བླ་མ་ལ་སྨོད་ཆོས་ལ་སྡང་། །སོགས་ནས། གསོད་པ་དོན་དུ་གཉེར་བའི་ལས་མཛོད་ཅིག །ཅེས་བརྗོད་ནས་ཐུན་གཏོར་ཟོར་དུ་བྱེད་པའམ་རང་བཞིན་འབུལ་བ་སྐབས་དང་བསྟུན། དེ་ནས་དངོས་གྲུབ་བླང་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། སོགས་ནས། སིདྡྷི་ས་མ་ཡ་ཧཱུྃ་ཨཱ་ཧཱུྃ། ཞེས་བརྗོད། སླར་ཡང་། ཨོཾ། ཁྲག་གི་རྒྱ་མཚོ༴ ཞེས་པ་ནས། ཤ


KMC024_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

བྡའི་བར་གྱིས་མཆོད། ཧཱུྃ། ཌཱ་ཀི་བྱེ་བ་འབུམ་གྱིས༴ ཞེས་པས་བསྟོད། དེ་ནས་ལྷག་ཆད་ལ་སོགས་པ་དང་། དམ་ཚིག་ཉེས་ལྟུང་བཤག་ཅིང་བཟོད་པར་གསོལ་བ་ནི། ཧཱུྃ། དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། སོགས་ནས། ཐུགས་རྗེ་ཆེན་པོས་ཚངས་པ་སྩལ་དུ་གསོལ། ཞེས་དང་ཡི་གེ་བརྒྱ་པ་བརྗོད། སྨོན་ལམ་གདབ་པ་ནི། མ་འོང་པ་ན་ལུང་བསྟན་པ། སོགས་བརྗོད། མདུན་གྱི་ཡེ་ཤེས་པ་རྣམས་རྟེན་ཡོད་ན་རྟེན་ལ་བཞུགས་སུ་གསོལ་ཞིང་དམ་ཚིག་པ་རང་གི་སྙིང་གར་བསྡུ། རྟེན་མེད་ན་ཡེ་ཤེས་པ་བཤེགས་སུ་གསོལ་བའམ་དམ་ཡེ་ཆབ་ཅིག་ཏུ་རང་ལ་བསྡུའོ། མཆོད་སྦྱིན་གནས་འདིར་གང་ལྷག་པའི། སོགས་ནས། སརྦ་བྷཱུ་ཏ་གཙྪ། ཞེས་བརྗོད་པས་འཇིག་རྟེན་པ་རྣམས་རང་གནས་སུ་བཏང་། དེ་ནས་བཀྲ་ཤིས་བརྗོད་པ་ནི། ཨོཾ། སྔོན་ཚེ་བཅོམ་ལྡན་ཐུབ་པའི་བསྟན་པ་ལ། སོགས་ནས། མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོ། ཞེས་བརྗོད་ཅིང་རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དབབ་པར་བྱའོ། དེ་ལྟར་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་བཅས་སྒྲུབ་ཅིང་མཆོད་པའི་ཆོ་ག་བདུད་ལས་རྣམས་པར་རྒྱལ་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་


KMC024_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཚོགས་འདུལ་བའི་རྡོ་རྗེའི་གསུང་གིས་རྗེས་སུ་གནང་བར་མཛད་པ་དང་། ཞྭ་དམར་ཅོད་པན་འཛིན་པའི་མཆོག་གི་སྤྲུལ་པའི་སྐུའི་ཞལ་སྔ་ནས་ཀྱང་མགོན་པོའི་སྒྲུབ་ཐབས་ཞིག་དགོས་ཞེས་དོན་གྱིས་བསྐུལ་བ་མཛད་པ་དང་། རྗེ་བཙུན་རིག་པ་འཛིན་པ་ཆེན་པོ་དང་། རྗེ་དཔའ་བོ་ནས་ཀྱང་ཡང་ཡང་ཆེ་ཐང་དུ་བཀས་བསྐུལ་བ་མཛད་པ་དང་དུ་བླང་ཏེ། ༧ སི་ཏུ་པ་བསྟན་པའི་ཉིན་བྱེད་ཀྱིས་རབ་བྱུང་བཅུ་གསུམ་པའི་དཔྱིད་ཟླ་ཐ་ཆུང་གི་ནག་པོའི་བཅུ་བཞི་མགོན་པོ་ལས་ལ་རྒྱུ་བའི་དུས་སུ་འོག་མིན་མཚུར་ཕུའི་གདན་ས་ཆེན་པོར་སྦྱར་བ་བཀྲིས་དཔལ་འབར་མི་མཐུན་ཕྱོགས་ལས་རྣམ་རྒྱལ་གདུག་པ་ཚར་གཅོད་མི་ནུབ་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག། །།སུ་ཛ་ཡནྟུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousནག་པོ་ལྕམ་དྲལ་གྱི་ཕྲིན་ལས་ཀྱི་ཆོ་ག་བདུད་ལས་རྣམ་རྒྱལ་གྱི་སྒྲ་དབྱངས།next