Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་གསང་བ་སྙིང་པོ་ཞི་བའི་དཀྱིལ་འཁོར་ཆོ་ག་རྣམ་དག་གསེར་ཕྲེང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།
   


 
previousདཔལ་གསང་བ་སྙིང་པོ་ཞི་བའི་དཀྱིལ་འཁོར་ཆོ་ག་རྣམ་དག་གསེར་ཕྲེང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།next

དཔལ་གསང་བ་སྙིང་པོ་ཞི་བའི་དཀྱིལ་འཁོར་ཆོ་ག་རྣམ་དག་གསེར་ཕྲེང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།

མ ཎྜ ལ བི དྷཱི བཱི ཤུ དྡྷ རཱ ཿ མཱ ལེ ཤྲཱི གུ ཧྱ ག རྦྷ ཤཱ ནྟ སྱ བི ཛ ཧ ར།
དཔལ་གསང་བ་སྙིང་པོ་ཞི་བའི་དཀྱིལ་འཁོར་ཆོ་ག་རྣམ་དག་གསེར་ཕྲེང་བཞུགས་སོ། །
དཔལ་གསང་བ་སྙིང་པོ་ཞི་བའི་དཀྱིལ་འཁོར་ཆོ་ག་རྣམ་དག་གསེར་ཕྲེང་ཞེས་བྱ་བ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གཟུང་འཛིན་དགྲ་བཅོམ་སྣང་བ་སྟོང་པ་ཟུང་འཇུག་ཆེན་པོའི་རྒྱལ་སྲིད་སྐྱོང་། །དཔལ་ལྡན་བདེ་སྟོང་ཉིན་བྱེད་ཟེར་གྱིས་གོ་འཕང་པད་དཀར་རབ་ཏུ་བཞད། །དྲི་མེད་མཁའ་ལྟར་དྭངས་པའི་ལུས་ཅན་ཤེས་རབ་སྙིང་རྗེའི་མཚར་སྡུག་མངའ། །རྨད་བྱུང་བླ་མ་གསང་བའི་བདག་པོ་སྙིང་དབུས་ཆུ་སྐྱེས་མཆོག་ཏུ་རོལ། །ཟབ་ཡངས་མདོ་སྒྱུ་སེམས་ཀྱི་བང་མཛོད་ལ། །དབང་སྒྱུར་གྲུབ་པའི་དབང་ཕྱུག་ཀུན་གྱི་རྗེ། །མ་ནོར་རྒྱལ་བའི་ལམ་བཟང་མཚོན་པའི་མིག །སྦྱིན་མཛད་ཀཿཐོག་པ་དེར་བདག་ཕྱག་འཚལ། གསང་ཆེན་བླ་མེད་རྒྱ་མཚོ་ཆེན་པ་ལས། །སྒྱུ་འཕྲུལ་སྙིང་པོ་དགོས་འབྱུང་ནོར་བུའི་དབྱིག །བརྟེན་པ་ཙམ་གྱིས་མཆོག་ཐུན་ཆར་འབེབས་པ། །དཀྱིལ་འཁོར་ཆེན་པོའི་ཆོ་ག་རྣམ་པར་དབྱེ། །དེའང་བཅོམ་ལྡན་སྒྱུ་འཕྲུལ་དྲྭ་བའི་ལམ་མཐའ་དག་རིམ་པ་དབང་གིས་བགྲོད་ཅིང་། དེ་ནི་དཀྱིལ་འཁོར་གྱི་ཆོ་ག་ལ་ལྟོས་པས། །དེའི་ཐོག་མར་ཤེས་པར་བྱ་བ་བསྡུས་པའི་དོན་ལ། །སློབ་དཔོན་དམ་པ་རིན་པོ་ཆེས། །གནས་པ་གཞི་ཡི་དཀྱིལ་འཁོར་དང་། །རྟོགས་པ་མངོན་གྱུར་དེ་བཞིན་ཉིད། །འབྲེལ་པ་ཐུགས་རྗེའི་དཀྱིལ་འཁོར་དང་། །མཛད་པས་འདུལ་བའི་དཀྱིལ་འཁོར་གསུམ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་དང་། །རགས་པ་རྟགས་ཀྱིས་ལྷག་པའོ། །སྣང་ཚུལ་གཉིས་ནི་གཟུགས་བརྙན་ཏེ། །མཚན་མར་བྱས་པ་རྟགས་ཀྱི་ལྷག །རང་བྱུང་བྱང་སེམས་ངོ་ཤེས་དང་། །རྩ་སོགས་མཚན་མའི་ལུས་ཀྱིས་ལྷག །ཚོགས་པས་སྒྲུབ་པའི་དཀྱིལ་འཁོར་དང་། །མཛད་པ་མཐར་ཕྱིན་ལྷུན་གྲུབ་བོ། །ཞེས་དང་། དེའང་། མདོར་སྡུས་གཞི་ལམ་འབྲས་བུ་གསུམ། །རང་བཞིན་གནས་པའི་དཀྱིལ་འཁོར་དང་། །དབྱིངས་ཀྱི་གཟུགས་བརྙན་དཀྱིལ་འཁོར་ནི། །མ་བཅོས་སྣང་བས་བཞུ་རུ་བསྡུས། །སོགས་གསུངས་པ་ལྟར་བསྡུ་ན་གསུམ། །ཤེས་པར་བྱ་བ་གཞིའི་དཀྱིལ་འཁོར། །ཤེས་བྱེད་ལམ། ཤེས་པ་མཐར་ཕྱིན་པ་འབྲས་བུའོ། །དང་པོ་ལ་ནང་གསེས་སུ། འཁོར་འདས་ཐམས་ཅད་སྣང་དུས་ཉིད་ནས་ངོ་བོ་དབྱེར་མེད། རྣམ་པ་འགགས་མེད། མཚན་ཉིད་མ་འདྲེས་པར་མཉམ་པ་ཉིད་དུ་རྫོགས་པས། སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་དཀྱིལ་དང་། བརྟག་པ་གཉིས་ཆོས་འཁོར་དུ་གནས་པ་རང་བཞིན་གཞི་ཡི་དཀྱིལ་འཁོར་དང་། སེམས་ཕུང་ཁམས་སྐྱེ་མཆེད་བགས་ཆག་ཀྱིས་བགོས་པ་གློ་བུར་དྲི་མས་མ་རྟོགས་འཁྲུལ་དུས་ཀྱང་། དོན་ཆོས་དབྱིངས་ལས་མ་གཡོས་པ་མ་རྟོགས་དབྱིངས་གཟུགས་བརྙན་གྱི་དཀྱིལ་འཁོར་ཏེ། གཞི་ལ་རང་བཞིན་ཡེ་གནས་དང་། གློ་བུར་བ་གཉིས་སོ། །གཉིས་པ་ལ་ཕྱི་ནང་གསང་བ་གཉིས་གཉིས་ཏེ། དོན་དམ་ཆོས་ཉིད་གཞི་ལ་བཞུགས་པ། རིག་པ་དགག་བསྒྲུབ་ལས་འདས་པའི་རྩལ་གྱིས་རང་རྙེད་དེ་གོམས་པས་ཡེ་ཤེས་ལྔ་རྫོགས་པ་ཆེན་པོ་ཀུན་བཟང་ཁྱབ་བདལ་གྱི་དོན་མངོན་དུ་བྱེད་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། དབྱིངས་ལས་རགས་སྣང་རྟགས་ཀྱི་ཕྱག་རྒྱར་བཞེངས་པ་ཀུན་རྫོབ་ཆོས་ཅན་ཞི་ཁྲོའི་དཀྱིལ་འཁོར་བསྒོམས་པས་རིག་པ་ལྟར་སྨིན་པ་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ་དེ་གཉིས་གསང་བ་དང་། རྟོག་ཚོགས་ཞེ་གཉིས་བསྡུ་ན་ཕུང་པོ་ལྔར་འདུས་ཤིང་། དེའང་རྣམ་ཤེས་ཕུང་པོ་ལ་འདུས་པས། ཚོགས་དགུ་ཡེ་ཤེས་ཆེན་པོར་བླ་མའི་མན་ངག་གིས་ངོ་སྤྲད་པ་ལྟར་མཐོང་བ་དང་། ལྷ་རྟོག་དབྱེར་མེད་དུ་ཤེས་པས་མ་དག་པ་ཉིད་དག་པ་དང་མཉམ་པའི་དོན་གོ་བ་མངོན་དུ་གྱུར་པ་ལྟ་གདེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། འཁོར་ལོ་དྲུག་སྲོག་ཤིང་གསུམ་རྩ་མདུད་ཡི་གེའི་ཚོགས་བཅས་ལྡན་པའི་རྡོ་རྗེའི་ལུས་ལ་རྩ་ལུང་ཁམས་ཡེ་ཤེས་བཞི་ངོ་བོ་ཉིད་ཀྱིས་གྲུབ་པ་གནད་དུ་བསྣུན་པས་བདེ་ཆེན་འདྲེན་པ་ལྷག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་དེ་ཉིད་ནང་གི་དཀྱིལ་འཁོར་དང་། དེ་ལྟར་སྣང་བ་ཐམས་ཅད་རྡོ་རྗེ་གསུམ་དུ་གནས་པ་དེ་མཚོན་བྱེད་བརྡ་བྲིས་འབུར་སོགས་བཅོས་མ་ཕྱི་རྡུལ་དུ་ཆུ་ཚོན་སོགས་ཀྱི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། ཆོ་ག་ལྔ་དང་། ཡོ་བྱད་ལྔ། སྔགས་ཀྱི་ཡན་ལག་ལྔ་སོགས་ཚངས་བས། བྲིས་པ་གཟུགས་བརྙན་དང་། སྒོམ་པ་ཏིང་ངེ་འཛིན་དང་། གནས་པ་ལུས་དཀྱིལ་དང་། འདུས་པ་རྡོ་རྗེ་ཚོམ་བུའི་དཀྱིལ་འཁོར་ཐམས་ཅད་ཕྱི་ནང་སྤྲད་དེ། མཆོག་གི་ཚོགས་བསྒྲུབ་པ་ཚོགས་ཀྱི་དཀྱིལ་འཁོར་ཏེ། དེ་ནི་དེ་ཁོ་ནའམ་ཐུན་མོང་གི་དཀྱིལ་འཁོར་ཏེ་ལམ་བགྲོད་པ་ཕྱི་དཀྱིལ་ལས་དང་པོ་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བས་ནང་དཀྱིལ་དང་དེ་ཁོ་ན་ཉིད་དཀྱིལ་སྦྱོར་ལམ་པའི་དང་། གསང་དཀྱིལ་མཐོང་ལམ་ཡན་ཆད་ཀྱི་སྤྱོད་ཡུལ་ཡིན་པས་དེ་ལྟར་ལམ་ལ་དྲུག་དང་། གསུམ་པ་མཐར་ཕྱིན་འབྲས་དུས་སུ། གཞི་གནས་ལུགས་མ་མཐོང་བ་འཁོར་བ། ཕྱོགས་རེར་མཐོང་བ་ལམ་པ། གསང་སྔགས་སྦྱང་བའི་སྟོབས་ཀྱི་མཐོང་གོམས་མངོན་དུ་གྱུར་པ་རང་དོན་དུ་སྤངས་རྟོགས་མཐར་ཕྱིན་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། དབྱིངས་ཡེ་གཉིས་སུ་མེད་པའི་མཁྱེན་པས་ཡུལ་བྲལ་སེམས་ཅན་གྱི་ཁམས་ལ་རྟག་པ་རྒྱུན་དུ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་གཟིགས་པ་ཐུགས་རྗེའི་དཀྱིལ་འཁོར་དང་། དེ་མཚོན་བྱེད་ཕྱིར་གསལ་བཞིན་ལག་གི་རྣམ་པ་ཅན་གྱི་ལྷ་སྐུར་སྟོན་པ་ནི། རྟོགས་པ་ཡེ་ཤེས་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། དག་མ་དག་གི་གདུལ་བྱ་ལ་ལུགས་འབྱུང་ལྡོག་ཞི་ཁྲོ་རབ་འབྱམས་སྐུ་གསུམ་དང་། ཐེག་རིམ་དགུའི་གསུང་དང་། མཁྱེན་གཉིས་ཡེ་ཤེས་ཀྱི་ཐུགས་ཏེ་འདུལ་བ་གསུམ་གྱིས་གཞན་དོན་མཛད་པ། འདུལ་བའི་དཀྱིལ་འཁོར་ཏེ། འབྲས་བུ་ལ་བཞི་དང་བཅུ་གཉིས་སུ་གནས་པ་གསུམ་དུ་འདུས་སོ། །དེའང་། རང་བཞིན་དང་། ཀུན་རྫོབ་གཉིས་སུ་བསྡུ་བ་དང་། བདུན་དུ་དབྱེ་བ་དང་། དེའང་དུས་བཞི་མཉམ་པ་ཉིད་ལ་མ་འདྲེས་ཡོངས་སུ་རྫོགས་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཅིག་པུ་སྟེ། དབྱེ་བསྡུ་མང་དུ་སྣང་བའང་། རྒྱུད་དོན་མཐའ་དག་དཀྱིལ་འཁོར་དུ་གནས་པས་དཀྱིལ་འཁོར་རྒྱ་ཆེ་བ་ཡིན་ཅིང་། འདིར་དེ་དག་ལས་ལྷག་པ་གཟུགས་དཀྱིལ་ལམ་ཕྱི་དཀྱིལ་དྲང་དོན་ནི། ཚོགས་སྒྲུབ་དང་ནང་ལུས། གསང་བ་བྷ་ག། ཡང་གསལ་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་མཐའ་དག་གི་གཞི་དང་མཚོན་བྱེད། འབྲས་དཀྱིལ་གྱི་རྒྱུ་ཡིན་པས། རིམ་པ་དབང་གི་ལམ་གྱིས་བགྲོད་པ་ལ། ལོ་ཏོག་འདོད་པས་ས་བོན་ལྟར་མེད་ཀ་མེད་དུ་འོང་བའི་ཕྱིར་དེ་ཆད་པ་ལ། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚངས་ཐིག་དང་། །ཚོན་དང་འབྲི་དང་རྣམ་པ་དང་། །རབ་གནས་སྦྱིན་བསྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་དོན་བཅུར་གསུང་བའི་དང་པོ་ལའང་། ལས་ཀྱི་ཉེར་བསྡོགས་བྱ་བ། ལས་ཀྱི་གཞི་བཟུང་བ། ལས་དངོས་སོ། །དང་པོ་དཀྱིལ་འཁོར་གྱི་སློབ་དཔོན་སློབ་མའི་མཚན་ཉིད། དེས་ཇི་ལྟར་བྱ་བའོ། །དང་པོ། བཤད་རྒྱུད་རོལ་པ་ལས། ཐོག་མར་རྡོ་རྗེ་སློབ་དཔོན་བཟང་། །སྐུ་གསུང་ཐུགས་ཀྱི་གསང་བའི་བདག །སངས་རྒྱས་ཐེག་པ་ཀུན་ལྡན་པས། །སྙིང་རྗེ་ཆེར་ལྡན་འགྲོ་དྲུག་བཟུང་། །མངོན་པར་སྒྲོལ་བའི་ལམ་ཀུན་གྱིས། །རྒྱ་བ་ཆེན་པོ་གཞན་དོན་སྤྱད། །ཐབས་ཀྱི་ཐེག་པ་ཀུན་ལྡན་ཞིང་། །ཤེས་རབ་ཆེན་པོའི་བདག་ཉིད་ཅན། །བློ་གྲོས་དྲི་མ་མེད་པ་ཡིས། །མྱ་ངན་འདས་ལམ་མངོན་པར་སྦྱོར། །གསང་བའི་རྒྱུད་རྣམས་ཚུལ་ཤེས་ཤིང་། །དེ་དག་དོན་རྣམས་བསྒྲུབ་ནས་སྤྱོད། །དཀྱིལ་འཁོར་ཆེན་པོའི་ལམ་ལ་མཁས། །དེ་དག་སྔགས་པའི་གདམས་ངག་དང་། །དེ་ཉིད་རྡོ་རྗེ་སློབ་དཔོན་མཆོག །རབ་ཏུ་བཟུང་བར་འདོད་པ་ཡི། །ཞེས་སོགས་གསུངས་པའི་དོན་ལམ་རིམ་ལྟར། གསང་ཆེན་བླ་ན་མེད་པའི་ལྟ་སྒོམ་སྤྱོད་པའི་མཛོད་གསུམ་ལྡན་པ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་གི་ཆུ་བོ་བཞི་རྫོགས་པ། སྙིང་རྗེས་སློབ་མ་མི་གཏོང་བའི་གཉེར་དང་ལྡན་པ། རྒྱུད་སྡེ་ལ་མཁས་ཤིང་དོན་ཁྲོལ་བ། ཕྲིན་ལས་ཀྱི་ཆོག་འགྲིག་ལ་མཁས་པ། བླ་མ་བརྒྱུད་པའི་མན་ངག་ཉམས་མྱོང་གི་དྲོད་འཆང་བ་སྟེ་མཚན་ཉིད་བརྒྱད་ལྡན་གྱི་སློབ་དཔོན་དེས། སྟོན་པ་སློབ་དཔོན་མཆོད་ཅིང་། དབང་ཐོབ་བརྩོན་འགྲུས་དང་དམ་ཚིག་གིས་ལྟ་བ་རྟོག་པའི་ཤེས་རབ་དང་། དེ་བཞིན་ཉིད་སོགས་ཏིང་ངེ་འཛིན་གསལ་བ། རྩ་བ་ཡན་ལག་གི་དམ་ཚིག་མ་ཉམས་པ། སྔགས་དང་ཕྱག་རྒྱ་ཤེས་ཤིང་། ཡོ་བྱད་དང་ལྡན་པ་སྟེ་གསང་སྔགས་ཀྱི་སྔགས་ཆངས་བའི་མཚན་ཉིད་བརྒྱད་ལྡན་གྱི་སློབ་མ་བརྟགས་ནས། སྣོད་དང་ལྡན་པ་རིན་པོ་ཆེ་ལྟ་བའི་གང་ཟག་ལ་བརྩེ་བས་རྗེས་སུ་འཛིན་པ་བྱ་ཞིང་། སློབ་མ་དེས་ཀྱང་དགེ་སློང་རྡོ་རྗེ་འཛིན་པའི་བླ་མ་གོང་གི་མཚན་ཉིད་དང་ལྡན་པ་བརྟེན་པར་བྱ་བ་མཆོག་ཏུ་གསུངས་སོ། །གཉིས་པ་མོས་སློབ་ཙམ་དུ་སློབ་མ་ལ་དབང་བསྐུར་བ་དང་། ཚོགས་སྒྲུབ་ཀྱིས་ལམ་ངེས་རྫོགས་ཀྱི་ཚུལ་གཉིས་ཀྱི་ཕྱི་མ་ལོགས་སུ་ཤེས་པར་བྱ་ཞིང་། འདིར་སྔ་མའི་དབང་དུ་ནི་དང་པོར་སློབ་དཔོན་གྱིས་བསྙེན་སོགས་དག་པར་བྱ་བར་གསུངས་པས། ཕྱི་ནང་གསང་གསུམ་གྱི་བཟླས་པ་རབ་རྟགས་མ་བྱུང་གི་བར་དང་། འབྲིང་ཟླ་བ་དྲུག་ལ་སོགས་པ་དུས་དང་། ཐ་མ་འབྲུ་འབུམ་མམ། ཇི་སྐད་དུ། དཀྱིལ་འཁོར་གཙོ་བོའི་བཟླས་པ་འབུམ། དེ་ལས་གཞན་པ་ཁྲི་རུ་བཟླ། ཞེས་གསུངས་པ་ལྟར་སྔོན་དུ་འགྲོ་བ་གཞིར་བྱས་ནས་ཁྱད་པར་བསྙེན་པ་ཁ་གསོ་བ་ལ་འཇུག་པའོ། །གསུམ་པ་ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་གཞི་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་པ་གཉིས་ཀ་ལྡན། །ཡིད་འོང་ས་བཙལ་རྒྱས་པར་བྱ། །ཞེས་པའི་ས་ཆོག་ལ་ལས་རིམ་ལས། གཞི་དང་རང་མཚན་སློང་དབང་དང་། །སྦྱངས་བྱིན་བསྲུང་དང་བཟུང་བ་ནི། །དང་པོའི་ཉིང་ལ་གཉིད་དུ་བཤད། །ཅེས་པས་དོན་བརྒྱད་ཀྱི། དང་པོ་ལ། གནམ་ས་བར་སྣང་བརྟག་པ་གསུམ་གསུངས་པས་གནམ་འཁོར་ལོ་རྩིབས་བརྒྱད་འདྲ་བ། ས་པདྨ་འདབ་བརྒྱད་འདྲ་བ། ལོགས་བཀྲ་ཤིས་རྟགས་བརྒྱད་ཚངས་པ། བར་སྣང་འོ་ཁའི་ཆུ་ལྟར་དྭངས་བ། ཤར་གཞོལ། ལྷོ་འཇམ། ནུབ་མཐོ། བྱང་འདུད་པ། ཤར་ལྷོར་སློབ་དཔོན་ཚེ་ལ་གནོད་པའི་བྲག་རི་རྡོ་ཟང་ངེ་བ་གཤིན་རྗེ་གདུག་པའི་མདུང་རྩེ་དང་། ལྷོ་ནུབ་མཚམས་བྱེ་མ་ཤལ་ལེ་བ་སྲིན་མོ་ངུས་པའི་མཆི་རྗེས་འཁོར་མི་དགེ་བར་འབྱུང་བ་དང་། ནུབ་བྱང་ན་གྲོག་པོའི་ཡུལ་རིས་གནོད་སྦྱིན་གྱི་སྦར་རྗེས་ལྟ་བུ་ནོར་ལ་གནོད་པ་དང་། བྱང་ཤར་མདུད་དྲུང་ཤུལ་ལྟ་བུ་ནི་མར་མོའི་སྤར་རྗེས་ཏེ་སློབ་མ་ལ་གནོད་པའི་ས་དགྲ་དེ་རྣམས་དང་བྲལ་བ། ཤར་སྟག་སྐྱ་བོ་ཛ་ལམ་དང་། ལྷོར་གཡུ་འབྲུག་སྟེ་ཆུ་རྒྱུན། ནུབ་ན་བྱ་དམར་པོ་སྟེ་བྲག་མཐོ་བ། བྱང་ན་རུས་སྦལ་ནག་པོ་སྟེ་ཤིང་སྐམ་མཆུ་མིག་ཡོད་པ། འོག་གཞི་ལྷུན་སྡུག་བརྗིད་ཆགས། སྙོམས་ཤིང་འཇམ་ལ་སྣུམ་པ། ཆུ་བོ་དབང་ཕྱོགས་ནས་འབབ་པ། རླུང་ཉུང་། བྱ་སྐད་སྙན་པ་སོགས་ཏེ། དེའང་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོ་ཁའི་ཆུ་ལྟར་དང་། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཤར་ལྷོར་གཞོལ་ཞིང་འཇམ་པ་ལ། །ཐོ་སྒྲོ་གྲོག་ཐོ་ཆུ་སྣ་ཚོགས། །དཀྱིལ་འཁོར་དབང་སྒྲ་མཚམས་རྟགས་བྱ། །ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ལྡན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཙམ་གྱིས་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟགས། །ལོ་རྒྱས་ཤིས་པའང་མཆོག་ཏུ་གསུངས། །ཞེས་དང་། བཤད་རྒྱུད་རོལ་པ་ལས། ས་གཞི་ཕྱོགས་མཚམས་སྟེང་འོག་དག །བརྡལ་ཞིང་སྤུངས་དང་བསྐོར་བ་དང་། །རབ་ཏུ་བརྩེགས་པའི་ལྗོངས་དང་བཅས། །གཡས་སུ་འཁྱིལ་ཞིང་བགྱེད་པ་ཡི། །པདྨ་བརྩེགས་དང་འཁོར་ལོའི་དབྱིབས། །བར་ཆད་གནོད་བྱེད་མི་གནས་པའི། །སྔོན་བྱུང་གྲུབ་པའི་བཀྲ་ཤིས་མཆོག །ཡང་དག་རྟོག་སྟེ་ཤིས་པའི་གར། །ཞེས་བརྟག་པར་བྱ་བ་དང་། སྤྱིར་ནི་རྒྱུད་དེ་ལས། གྲོང་ཁྱེར་ཡུལ་འཁོར་བཟང་པོ་དང་། །སྐྱེད་ཚལ་བ་གླང་སླས་དང་དང་། །རི་བོ་ནགས་ཚལ་སྤང་གཤོང་ཉིད། །རྒྱ་མཚོའི་ངོས་དང་ལུང་པའི་ཕུག །སྦྱོར་བའི་བཀོད་པའི་གནས་རྣམས་སུ། །དཀྱིལ་འཁོར་བཟང་པོ་བརྩམས་པའི་ཕྱིར། །ཕུན་སུམ་ཚོགས་པའི་གནས་འཇུག་བྱ། །གསུངས་པས་བཀྲ་ཤིས་པ་དང་ལྡན་པ་བཙལ་བར་བྱའོ། །གཉིས་པས་རང་གི་མཚན་ཉིད་ལ། དེ་ལས། ཐང་ཀ་སོག་ལེ་ལྟ་བུ་དང་། །རྨ་དང་ཕོ་བའི་མཚན་ཉིད་དང་། །ཚྭ་རྐོ་ཟུག་སྔོ་རུས་སྦལ་དང་། །རམ་པ་ཐལ་བ་ཤིང་སོལ་དང་། །གྱོ་མོག་རུས་པ་གསོང་ལ་སོགས། །ནྱ་གྲོ་དྷ་དང་པཱ་ལ་ཤ །ཨུ་དུམྺ་ར་ཨ་ཤྭཏྠ། །ཨརྫུ་ན་ལ་སོགས་པའི་ཚུལ། །འདོད་པ་མ་ཡི་སྤྱད་སྤོང་བྱ། །བཀྲ་ཤིས་གཙང་མ་མེ་ཏོག་ཤིང་། །གཞན་དང་ཁ་དོག་ལྡན་པ་དང་། །རྩིབ་མ་རྒྱུས་པ་རབ་ཉུང་ཞིང་། །ལྷག་པར་གྱུར་པ་མཆོག་ཏུ་བཤད། །ཅེས་པའི་སྤང་བླང་མ་ནོར་བ་བྱ་སྟེ། མཐོ་དམན་ཅན་དང་། རྩུབ་པོ་དང་། རྩི་ཤིང་མི་སྐྱེ་བ་དང་། ཚ་སྒོ་ཅན་དང་། ཧ་ཅང་གཤེར་བ་དང་། བརྐོས་པ་ནི། གསེག་ཐལ་ཤིང་དང་། གྱོ་དུམ། རུས་པ་སྲོག་ཆགས་མེད་པ། གྱོང་བ་གས་གྲུམ་མ་སོང་བའི་གཞི་ལེགས་པར་བཀྲ་ཤིས་པའི་རྩ་དང་མེ་ཏོག་ཡོད་པ། ཁ་དོག་བཟང་ཞིང་སྣུམ་བག་ཆེ་བ། བརྐོས་པའི་ཁུང་བུས་དེས་བཀང་བ་ནི་ལྷག་པར་འགྱུར་བའོ། ༈ །གསུམ་པས་བསླང་བ་ལ་སྣང་བ་ལ་བསླང་བ་དང་མི་སྣང་བ་ལས་སོ། །དང་པ་ོརང་ལ་དབང་བ་བཙལ་མི་དགོས་ཤིང་། གཞན་རྒྱལ་པོའམ་བློན་པོའམ། དགེ་འདུན་སྡེ་བོ་ཆེའི་མངའ་རིས་ཡིན་ན། དང་པོ་ཚིག་དང་། རྟེན་དང་། རིན་མཇལ་བ་གང་རུང་གིས་བདག་དབང་བར་ཆད་མེད་པར་བྱའོ། །གཉིས་པ་ལས་ལྷ་ལས་སློང་བ་དང་། ཞིང་སྐྱོང་ལས་སློང་བ་དང་། བདེ་བར་གཤེགས་པ་ལ་སློང་བའོ། །དང་པོ། ས་ལྷའི་མཎྜལ་བ་བྱུང་བྱུགས། །བཟང་པོའི་དྲིས་བརླན་ག་བུར་དང་། །ཙནྡན་ཐིག་ལེར་ཚོམ་བུ་བཀོད། །སྟེང་དུ་མཉྫའི་ལ་གནས་པ། །ས་བདག་གཙོ་འཁོར་དཀར་ཟླུམ་ནི། །པད་འདབ་བཞི་པ་མཛེས་པར་བཀོད། །ཤར་དུ་ཞབས་བསིལ་མཆོད་ཡོན་སྣོད། །ཤར་ལྷོར་མཚམས་འཛིན་ལྷོ་ནུབ་སྤོས། །ནུབ་ཏུ་མར་མེ་ནུབ་བྱང་དྲི། །བྱང་དུ་ཞལ་ཟས་བྱང་ཤར་ནི། །མེ་ཏོག་དག་གི་ཕུང་པོའོ། །རིན་ཆེན་གསེར་སྐྱེམས་ཟུང་བཤམས་ནས། །འདུས་པ་ཡོད་ན་གསོལ་གདབ་དང་། །བདག་གི་རྣལ་འབྱོར་བཟླས་པ་དང་། །འོད་གསལ་ངང་དུ་བསྡུས་ནས་སླར། །ཧཱུྃ། བཛྲ་དྷྲིཀ྄ །རང་ཉིད་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར། ལས་རིམ་ལས་མི་འཆི་ཐ་བར་སྦྱོར་བསྐྱེད་པར་གསུངས་ཀྱང་། སློབ་དཔོན་པདྨའི་མན་ངག་ལ་རྡོར་སེམས་ཀྱིས་མཛད་གསུངས། རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། ཟག་པ་མེད་པའི་འདོད་ཡོན་གྱི་མཆོད་སྤྲིན་ནམ་མཁའ་གང་བར་གྱུར། ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པད་ཟླ་ལ་ལཱཾ་སེར་པོ་ལས་བྱུང་བའི་ས་ཡི་ལྷ་མོ་གསེར་མདོག་ཅན་ཞི་འཛུམ་ཞལ་གཅིག་ཕྱག་གཉིས། དར་དང་རིན་པོ་ཆེས་བརྒྱན་ཅིང་། གཡས་གསེར་གྱི་བུམ་པ་རིན་པོ་ཆེས་གང་བ་དང་། གཡོན་མཆོག་སྦྱིན་གྱི་རྒྱས་དཔང་པོར་ཁས་ལེན་པའི་ཕྱག་རྒྱ་ཅན། ལྷ་མོ་སངས་རྒྱས་སྤྱན་མའི་རང་བཞིན་ཕག་གི་ཁྲི་ལ་རོལ་ཅིང་འཇམ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བར་གྱུར། ༀ་མ་ཧཱ་ཤཱུ་ནྱཱ་ཏ་སོགས་རྣམ་སྣང་བདག་པོའི་རིགས་ལྔའི་དབུ་བརྒྱན་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སོགས་ལྔས་བྱིན་རླབས། ཧཱུྃ་གི་འོད་ཀྱིས་བསྐུལ་བས་ས་འོག་ནས་ས་ཡི་ལྷ་མོ་འཁོར་བཅས་སྤྱན་དྲངས། བཛྲ་ས་མ་ཡ་ཧཱུྃ་ཛ༔ ཞེས་སྙན་བསྣན་ལ། དོན་དམ་གསེར་གྱི་ས་ལ་མངའ་མཛད་པའི། །རིན་ཆེན་མཛེས་པའི་ཕོ་བྲང་ཡིད་འོང་གདལ། །ཉི་ཟླ་སྐར་མ་དག་གིས་རབ་བརྒྱན་ཏེ། །ཡིད་དུ་འོང་བའི་ཕོ་བྲང་དབུས་ན་བཞུགས། །མེ་ཏོག་དབུས་ཀྱི་ས་ལ་མངའ་མཛད་དེ། །དབུས་ཀྱི་ས་བདག་ལྷ་མོ་སངས་རྒྱས་སྤྱན། །སྐུ་མདོག་གཙོ་མ་རིན་ཆེན་གསེར་གྱི་མདོག །ཕྱག་གཡས་རིན་ཆེན་གསེར་གྱི་བུམ་པ་བསྣམས། །ཕྱག་གཡོན་མཆོད་སྦྱིན་ཕྱག་རྒྱ་སྟོན་མཛད་པའི། །དབུས་ཀྱི་ལྷ་མོ་འཁོར་དང་བཅས་པ་རྣམས། །བདུད་རྩི་མཆོད་སྦྱིན་མགྲོན་དུ་སྤྱན་འདྲེན་ན། །བྱམས་ཐུགས་བརྩེ་ཕྱིར་གནས་འདིར་གཤེགས་སུ་གསོལ། །ༀ་ཨེ་ཧྱ་ཧི་བ་སུདྷ་རཱི་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་སྟྭཾ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ༀ་པྲི་ཐི་ཝི་དེ་ཝཱི་ས་པ་རི་ཝཱ་རེ་བྷྱཿ ཨརྒཾ། པཱ་དྱཾ་ནས། བཛྲ་པུཥྤེ་པྲ་ཏིཙྪ་སྭཱ་ཧཱ། ནས་ཤབྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། སྔགས་གོང་གི་མཐར། ༀ་ཨཱ་ཀ་རོ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་འབུལ། ལྷ་མོ་ཆེན་མོ་ས་འཛིན་འཇིག་རྟེན་སྐྱོང་། །གསེར་མདོག་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་འོད་ལྡན་ཕག་གི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །རྒྱལ་བ་རྣམས་ཀྱི་སྤྱན་སྔར་དམ་བཅས་ནས། །རྒྱལ་བའི་བསྟན་བསྲུང་རྒྱལ་བ་བྱང་ཆུབ་ཀྱི། །ཤིང་གི་དྲུང་བཞུགས་བདུད་སྡེ་ལས་རྒྱལ་བའི། །དབང་པོར་མཛད་པའི་ལྷ་མོ་ཁྱེད་ལ་བསྟོད། །ཧཱུྃ། མ་ལུས་ས་འདིར་དབང་བྱེད་པའི། །བདག་པོ་ཁྱེད་ཀྱིས་དཔང་མཛོད་ཅིག །མ་ལུས་མཆོད་དང་གཏོར་མའི་རྫས། །བདག་གིས་ཕུལ་བ་འདི་བཞེས་ལ། །སྔོན་གྱི་བདེ་གཤེགས་བཀའ་བཞིན་དུ། །ད་ལྟ་བྱིན་རླབས་ལྷག་པའི་གནས། །དུས་གསུམ་ཀུན་ཏུ་བསྟེན་པ་ཡི། །ས་གཞི་བཟང་པོ་ཤེས་པ་དང་། །དངོས་གྲུབ་ཐམས་ཅད་ཉེ་བར་མཛོད། །ལྷ་མོ་ཁྱོད་ནི་བློ་དང་ལྡན། །གསེར་མདོག་བུམ་པའི་མཚན་མས་མཛེས། །འོག་གི་བགེགས་ཚོགས་མངའ་མཛད་ཅིང་། །གནས་རྣམས་བསྐྱོད་པའི་བློ་ལྡན་ཡང་། །དུས་ཚོད་འདི་ནས་དཔང་པོར་མཛོད། །ༀ་པྲ་ཏི་བྷྱཿསྭཱ་ཧཱ། བརྒྱ་རྩ་བཟླས། འདོད་པའི་ལས་རྩོལ་བ་ལ་དགྱེས་པའི་མདངས་ཕྱུང་སྟེ་འཁོད་པར་གྱུར། གཉིས་པ་ནི། སྒྲུབ་ཐབས་ལས་འབྱུང་བའི་དཀར་གཏོར་བསང་སྦྱང་ནས། མཉམ་ཉིད་ངང་དུ་བསྔོ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདིར། །བདག་ཞུགས་ཁྱེད་ཀྱིས་སྩལ་དུ་གསོལ། །ཅེས་དང་གསེར་སྐྱེམས་ཀྱང་ཕུལ་ལ། ཡ་ཏི་གཙྪ་ས་རང་གནས་སུ་བཏང་སྟེ་མཆོད་གཏོར་གཤེགས། ལག་གཡས་མཆོག་སྦྱིན་གྱི་རྒྱ་བསྟན་ཏེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་ཡི་ཕྱོགས་འདིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བཞེངས་པ་ལ་དབང་པོར་མཛད་དུ་གསོལ། ལག་ཁུ་ཚུར་གྱེན་བསྟན་མཐེའུ་ཆུང་སྤྲེལ། མཛུབ་མོ་རྩེ་སྤྲད་འདེགས་རྒྱས། བིགཱ་ཀྲ་མ་ཡཾ། ལྷ་མོ་ནམ་མཁའ་ལ་བཞུགས་པར་གྱུར། དེ་ནས་སློབ་དཔོན་གྱིས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བདེ་བར་གཤེགས་པ་ནམ་མཁའ་གང་བར་སྤྱན་དྲངས། ༀ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཧཱུྃ་ཧཱུཾ་ཧཱུཾ་ཧཱུཾ། བདེ་བར་གཤེགས་པ་ཐམས་ཅད་བདག་གི་ལུས་ལ་ཐིམ་སྟེ་ལུས་འོད་ཀྱི་གོར་བུར་གྱུར། ཧཱུྃ་བཛྲ་དྷྲིཀ྄ །སྐད་ཅིག་གིས་སྟོང་པའི་ངང་ལས། རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཞེ་སྡང་རྡོ་རྗེ་སྐུ་མདོག་སྔོ་ནག་གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པ་སོགས་ནས། བདག་ཉིད་ཅན་དུ་གྱུར། ཞེས་པའི་བར་སྒྲུབ་ཐབས་ནས་འབྱུང་བ་ལྟར་བརྗོད། དེ་ཡི་སྤྱན་ཉི་ཟླ་དང་། ཐུགས་ཀར་ཧཱུྃ། རྐང་མཐིལ་ལ་རྡོ་རྗེའི་རང་བཞིན་གྱི་འབར་བའི་ཧཱུྃ་རེས་མཚན་པར་གྱུར། ཧཱུྃ། སྟོབས་ཆེན་ལྷ་དང་ཀླུར་བཅས་པ། །གནོད་སྦྱིན་སྲིན་པོ་བགེགས་ཀྱི་ཚོགས། །ཤ་ཟ་འབྱུང་པོ་མཁའ་འགྲོའི་གདོན། །ལྷ་སྲིན་ལྟོ་འཕྱེ་ནམ་མཁའ་ལྡིང་། །དྲི་ཟ་གྲུ་བུམ་གསང་བ་པོ། །མ་ལུས་བགེགས་ཀྱི་ཚོགས་བཅས་རྣམས། །རྡོ་རྗེ་འཆོལ་བའི་མཚོན་ཆ་ཡིས། །བཤིག་ཅིང་དཔྲལ་གཏུབ་བརླག་བྱེད་པས། །གནས་འདིར་ཕྱོགས་སུ་གནས་མ་བྱེད། །ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྗེ་བཙུན་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དོན་དམ་རྣམ་པར་དག་པའི༴ ཀུན་རྫོབ་བསླུ་བ་མེད་པའི༴ བདེན་པ་ཆེན་པོའི་ནུས་མཐུས། ས་ཡི་ཕྱོགས་འདིར། སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་ཆེན་པོ་ཐོབ་པའི་ཆེད་དུ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་གསང་བ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་གྱི་གང་སུ་དག །ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། མཁའ་འགྲོ་དང་། འབྱུང་པོ་དང་། གྲིབ་གནོན་དང་། རྒན་ཕོ་མོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིགས་སྔགས་གྲུབ་པ། གཡོགས་དང་འཁོར་དུ་བཅས་པ་ཐམས་ཅད། རྡོ་རྗེ་འཛིན་པའི་བཀའ་བཞིན་གཞན་དུ་དེངས་ཤིག །བཀའ་ལས་འདའ་བར་བྱེད་པ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེ་སྡང་རྡོ་རྗེའི་ཕྱག་ན་བསྣམས་པའི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིའི་སྤྲུལ་པའི་སྤྲིན་གྱིས་མགོ་བོ་ཚལ་པ་བརྒྱར་འགེམ་པར་འགྱུར་ཏེ། ཡུངས་དཀར་ཧཱུྃ་དང་ཁྲོ་བོ་དང་། རྡོ་རྗེ་བསམ་སྟེ་དོར། གུ་གུལ་དང་། རོལ་མོའི་ཚོམ་རྔམ་བྱ། དྲིལ་བུ་དྲག་ཏུ་འཁྲོལ་ཞིང་ཧཱུྃ་གི་གླུ་དང་། རྡོ་རྗེ་སྙམས་པས་གསོར་བའི་འགྱིང་བག་དང་བཅས་དཀྱིལ་འཁོར་གྱི་མཐའ་ནས་རྡོ་རྗེའི་འགྲོས་ཀྱིས་གཡས་བསྐོར་དུ་བགེགས་གསལ། ཧཱུཾ་ཧཱུཾ་ཧཱུཾ། ༀ་ཛྭ་ལ་བཛྲ་ཧཱུཾ་སོགས་ནས། བགེགས་རྣམས་བརྒྱལ་ཞིང་གཏོར། བར་སྒྲུབ་ཐབས་བཞིན་བརྗོད། ཁྲོ་བོ་ཐམས་ཅད་སླར་འདུས་ནས་སྲུང་བའི་གུར་ཁང་སྣ་ཚོགས་རྡོ་རྗེ་རབ་ཏུ་འབར་བས་ཕྱོགས་ཀུན་གཏམ་པར་གྱུར། རང་གནས་སུ་འདུས་ཏེ། ལག་པ་གཡས་པའི་མཐེའུ་ཆུང་མནན་པ་ཏྲི་ཤུ་ལའི་རྒྱས། ཇི་ལྟར་ཆེ་མཆོག་རྡོ་རྗེ་ཡིས། །དཔུང་བཞི་བདུད་ཀྱི་སྡེ་བདུལ་ནས། །རྒྱལ་སྲིད་ཆོས་ཀྱིས་དཔང་བཙུགས་པས། །དེ་བཞིན་དུ་ནི་བདག་གིས་ཀྱང་། །ངེས་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ས་ཡ་དངོས་གྲུབ་སྩལ་དུ་གསོལ། །ༀ་རཏྣ་པཱ་ཤཾ་སིདྡྷི་ཀུ་རུ་ས་མ་ཡ་སྟཾ། བར་འདིར་ཧཱུྃ་བཞི་བརྗོད། ལྷ་མོ་རང་བཞིན་གཉིས་མེད་ཕྱིར། །འཛུམ་པའི་མདངས་ཀྱིས་འོད་ཁྱབ་པའི། །ཐམས་ཅད་རིན་ཆེན་ངོ་བོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་དུ། །བརྟན་བྱས་དངོས་གྲུབ་མཆོག་ཏུ་གྱུར། །རིག་པ་འཛིན་པ་ཁྱེད་དཀྱིལ་འཁོར་ལས་ཅི་བདེ་བར་བྱོས་ཤིག །ཅེས་གནང་བ་སྩལ་ནས། ལྷ་མོ་ས་ལ་ཐིམ། རོལ་མོ་དང་བཅས་མཆོད་པ་གཤེགས། གསུམ་པ། དབུས་དེར་སྔར་བཞིན་མཆོད་པ་དང་། གཏོར་མ་རྒྱན་ལྡན་ལེགས་པར་བཤམས། ས་སློང་འདི་དབུས་ལུགས་པ་གོང་དུ་མཛད་ཀྱང་། བཤད་རྒྱུད་དང་ཁམས་ལུགས་པའི་མན་ངག་གི་ལུགས་ལ་ལ་འདིར་མཛད་གསུངས། ནམ་མཁའ་གང་བའི་བདེ་བར་གཤེགས་པ་དང་། མདུན་གྱིས་གཞིར་དཀྱིལ་འཁོར་གྱི་འཁོར་ལོར་རྟེན་དང་བརྟེན་པར་བཅས་པ་གསལ་བར་གྱུར། ཐོས་བསམ་མཆོད་ཡོན་སོགས་དང་། ༀ་ན་མ་སརྦ་སོགས་ཨརྒཾ་ནས་ཤཔྟའི་བར་དང་། ཀུན་བཟང་། མཆོད་ཡོན། ཞབས་བསིལ། སྒེགས་མོ་བརྒྱད། མཐར། ཞལ་ཟས་དང་། རོལ་མོ་བཅས་སྒྲུབ་ཐབས་ནས་འབྱུང་བས་མཆོད། ༀ་ཨཱཿཧཱུྃ་སརྦ་བནྫ་ས་ནང་མཆོད་ཕུལ། མཉམ་ཉིད་མི་གཡོས་བསྟོད། རྡོ་རྗེ་གསོར་དྲིལ་བུ་འཁྲོལ་བ་དང་བཅས། གཏོར་མའི་རྩེར་སྤོས་ཕུལ་ལ། ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་གྱུར། །ཕྱོགས་རྣམས་ཀུན་བཞུགས་སངས་རྒྱས་དང་། སྲས་དང་དཀྱིལ་འཁོར་དགོངས་སུ་གསོལ། །འདིར་ནི་དཀྱིལ་འཁོར་བྲི་འཚལ་བས། ། དངོས་གྲུབ་དམ་པའི་དཀྱིལ་འཁོར་གཞི། །ས་འདི་བདག་ལ་སྩལ་དུ་གསོལ། །ཐུགས་རྗེ་ཉི་མས་ཁྱད་མཛད་པའི། །རྒྱལ་བ་རྣམས་ནི་མངོན་བཞུགས་ཏེ། །མ་ལུས་འགྲོ་རྣམས་ཐམས་ཅད་དང་། །ཁྱད་པར་བདག་གིས་སློབ་མ་ལ། །བྱིན་རླབས་ལྷག་པར་གནས་པའི་ཕྱིར། །གནས་འདི་བརྩེ་བར་འདོད་པ་ལགས། །ཐམས་ཅད་མཁྱེན་པ་ལྷ་ཡི་མཆོག །ཡང་དག་བསྟོད་ཅིང་འདུད་པའི་གནས། །དཀྱིལ་འཁོར་བཟང་པོའི་གནས་རྫོགས་པར། །བྱིན་རླབས་དབང་བསྐུར་ཀུན་སྩོལ་ཅིག །ཡང་དག་རྫོགས་པའི་བྱང་ཆུབ་ཏུ། །བདག་ཅག་བསམ་པ་བརྟན་བསྐྱེད་པས། །ཕྱོགས་རྣམས་ཀུན་ནས་དགོངས་མཛད་དེ། །ལམ་མཆོག་དཔལ་ལྡན་བླ་ན་མེད། །དུས་གསུམ་ཀུན་ཏུ་བསྔགས་པ་ཡི། །བྱ་བ་ཆེན་པོ་ཡོངས་རྫོགས་མཛོད། །ལན་གསུམ་གྱིས་གསོལ་བ་བཏབ་པས། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀ་དང་། དཀྱིལ་འཁོར་གྱི་ཐུགས་ཀ་ནས་འོད་ཀྱིས་ས་ལ་ཕོག་པས་ས་དེ་བཀྲ་ཤིས་པར་བསམ་ལ། ༀ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །སོགས་ཤོ་ལོ་ཀ་གསུམ་དང་རྟེན་སྙིང་བརྗོད། མེ་ཏོག་གི་ཆར་བསྙིལ། རྡོ་རྗེ་འདེགས་རྒྱས། ཧཱུྃ་བེ་གཱ་ཀྲ་མ་ཡཾ། དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་ལ་གཤེགས་པར་གྱུར། མཆོད་པ་རྣམས་བསྡུའོ། །བཞི་པ་དབང་དུ་བྱ་བ་ནི། ཟངས་སམ་ཙནྡན་སོགས་དམར་པོའི་ཤིང་ཕུར་བུ་རྩེ་ཟླ་གམ་བྱས་པ་གདན་བཅས་མདུན་དུ་བཀོད་དེ། བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་དབང་མཆོག་ཁྲོ་བོ་པདྨ་རཱ་གའི་མདོག་དང་འདྲ་བ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་པདྨ་དང་ཞགས་པ། འོག་མ་གཉིས་ཕུར་བུ་སྒྲིལ་བ། སྨད་ཕུར་བུ་ཟླ་གམ་འབར་བར་གྱུར། བཛྲ་ས་མ་ཛཿས་བསྟིམ། ཛ་ཧཱུཾ་བཾ་ཧོ། དབྱེར་མེད་དུ་བྱས། ཀཱ་ཡ་བཛྲ་སོགས་སྐུ་གསུང་ཐུགས་བྱིན་རླབས། ༀ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝ་ཤཾ་ས་མ་ཡེ་ཧཱུཾ། ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་དཀྱིལ་འཁོར་གྱི་དབུས་སུ་བཏབས་པ། ཕུར་བུ་ལས་བྱུང་བའི་འོད་ཀྱིས་དཀྱིལ་འཁོར་གྱིས་ཐམས་ཅད་བདག་གི་དབང་དུ་གྱུར། ལྔ་པ་ལ། ལས་རིམ་དུ། སྦྱང་བ་ལས་མེ་སྔགས་ཕྱག་རྒྱ། ཏིང་ངེ་འཛིན་གྱིས་དག་པར་གྱུར། ཞེས་པས་བཞི་ཡིས་དང་པོ་ལས་དང་། བྱ་བ་བས་སྦྱངས་པ་ནི། དྲང་སྲོང་གནས་དང་བ་གླང་ལྷས། །ཕུག་དང་རི་ཡི་རྩེ་མོ་དང་། །ས་གཞི་གང་ན་འཐས་པ་དང་། །ཁང་སྟོང་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་། །མཚོ་འགྲམ་མ་གཏོགས་གཞན་དག་ཏུ། །འཇིག་རྟེན་ས་ལ་དབང་བྱེད་པ། །ས་བདག་ལྟོ་འཕྱེ་བརྟག་པར་བྱ། །མ་ནོར་མཚམས་སུ་ཟུར་བསྟན་པའི། །གྲུ་བཞིར་བཅད་ལ་ཕྱོགས་བཞི་གང་། །ཆ་བཅུ་རེ་དབྱེ་ཆ་ཆེན་ཡིན། །རེ་རེ་ཆ་ཕྲན་དགུ་རེར་དབྱེ། །ཕྱོགས་རེར་དགུ་བཅུ་དགུ་བཅུར་འགྱུར། །ཁྱིམ་ཟླ་གསུམ་རེའི་ཞག་དང་མཉམ། །མཐའ་བསྐོར་རེའུ་མིག་བསྡོམས་པ་ནི། །ཁྱིམ་ཞག་གསུམ་བརྒྱ་དྲུག་ཅུར་མཚུངས། །ཁྲུམ་ཉ་སྟོན་རར་བརྩིས་པ་ཡིས། །བུ་མོའི་ཁྱིམ་ཟླ་ནས་བརྩམས་ཏེ། །སྟོན་གསུམ་མགོ་ཤར་དགུ་གསུམ་ལྷོ། །དཔྱིད་གསུམ་ནུབ་ལ་དབྱར་གསུམ་བྱང་། །གཞོག་གཡོན་འོག་བཅུག་གཡས་བསྐོར་གྱིས། །ཞག་རེར་རེའུ་མིག་རེ་རེ་འཕོ། །ལྟོ་བའི་ཐད་ནས་བརྐོ་བར་བཤད། །དེ་ཕྱིར་བརྐོ་ས་གློ་བུར་དུ། །བརྟག་པའི་ཐབས་ནི་ཚངས་ཟུར་བཏབ། །དེ་སྟེང་མགོ་བོ་གང་གནས་པའི། །ཟླ་ཞག་བཙལ་ལ་དེའི་ཐད་དྲང་། །ཕྱོགས་གཞན་ཐིག་བཏབ་ཚངས་ཐིག་སྟེ། །དེ་དཀྱིལ་གྱིས་ནི་གདེངས་ཀའི་བར། །ཆ་མཉམ་ལྔ་རུ་བགོ་བྱས་ལ། །དེ་ཡི་ཆ་གཅིག་གིས་ཚད་པས། །གདེངས་ཀའི་རྩེ་ནས་མར་གསུམ་དང་། །ཚངས་ཐིག་མདུན་དུ་ཕྱེད་དང་གཉིས། །དོར་བའི་ཡས་མར་ཆ་གཅིག་དང་། །ཕྲད་ལ་ཆོ་ཕྱེད་གནས་པ་དེ། །ལྟོ་བའི་ཐད་ཡིན་བརྐོ་བའི་སའོ། ༈ །ཁྱིམ་གྱི་ཟླ་ཞག་ཚོལ་ལུགས་ཀྱང་། །གང་བརྩིའི་ཉི་སྐར་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །ཐོབ་པ་ལུག་ཁྱིམ་ནས་བརྩམས་ཏེ། །ཁྱིམ་ཟླ་འདས་པའི་གྲངས་ཡིན་ལ། །ལྷག་མ་མཁའ་མེས་བསྒྱུར་བ་ལ། །ཆུ་སྲང་མིག་གིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཕོག་བརྩི་བཞིན་པའི། །ཞག་འདི་དང་བཅས་ད་ལྟར་བའི། །ཁྱིམ་གྱི་འདས་ཞག་རྟོགས་པར་འགྱུར། །ལུག་གླང་འཁྲིག་ཀར་སེང་བུ་མོ། །སྲང་སྡིག་གཞུ་ཆུ་བུམ་ཉ་རྣམས། །དཔྱིད་འབྲིང་ནག་ཟླ་ནས་བཟུང་སྟེ། །ལྟོ་འབྱོར་ཁྱིམ་ཟླ་བཅུ་གཉིས་མིང་། ༈ །དེ་ལ་ལྟོ་འཕྱེ་རོ་སྟོང་མི། །གདེངས་ཀ་དང་ལྡན་རོ་སྨད་སྦྲུལ། །ལག་གཡོན་རྣ་བ་གཡོན་ལ་བཀབ། །གཡས་པ་རིན་ཆེན་ཐོགས་ནས་སུ། །དཀུར་བསྟན་རོ་སྨད་ལྟོ་ཕྱེའི་གཟུགས། །དེ་ཡང་ངོ་བོ་མཐའ་ཡས་དཀར། །མཇུག་རྩེར་རིགས་ལྡན་སྔོན་པོ་དང་། །གསང་བར་སྟོབས་རྒྱུ་དུ་བའི་མདོག །ལྟེ་བར་དུང་སྐྱོང་དཀར་པོ་དང་། །དཔུང་པ་པད་ཆེན་གསེར་གྱི་མདོག །ནོར་རྒྱས་སྙིང་གར་ལྗང་ཁུ་དང་། །འཇོག་པོ་དམར་པོ་མགྲིན་པ་ལ། །རྣ་བར་པདྨ་དཀར་པོ་མཛེས། །སྤྱི་རུ་མཐའ་ཡས་སྔོན་པོ་གནས། །བགེགས་མཐར་བྱེད་པ་མིག་ཏུ་བསྒོམ། །ས་མཁན་སྔགས་པ་རང་ཉིད་ཀྱང་། །བགེགས་མཐར་བྱེད་དང་ཏོག་ཙེ་ནི། །གསེར་རྡོར་རྩེ་ལྔ་ལག་གཡས་སྟེང་། །གཡོན་འོག་གིས་བཟུང་ཤར་ལྟས་ནས། །དབུས་ཤར་ལྷོ་ནུབ་བྱང་རྣམས་ནས། །ཁམ་ལྔ་བརྐོས་པ་དངོས་གྲུབ་ས། །སྣོད་བཙལ་ས་གཞན་བསྲེ་བྱས་ལ། །རྣམ་འཇོམས་གཟུང་ཆུ་བསིལ་གཏོར་ཆུས། །ས་ཀུན་ཁྱབ་པར་བཞི་སྡེ་ཡི། །དགེ་འདུན་གྱིས་གཏོར་ཏེ་བཞི་འཕེལ། །བརྐོས་པའི་མཚན་ལ་བརྟག་པ་ལ་སས་བརྟག་པ་ནི། ཁྲུ་གང་ངམ་པུས་ནུབ་ཙམ་བརྐོས་པས་ས་ཡི་རོ་ལྔ་བསལ་ཏེ། སེམས་ཅན་གྱི་རོ་རུས་པ། རྡོའི་རོ་མཁར་གོང་། ཤིང་གི་རོ་སོལ་བ། རྫས་ཀྱི་རོ་གྱོ་མོ། འབྲུ་ཡི་ཕུལ་མ་རྣམས་བསལ། སའི་ཕུད་ཀྱིས་བདེ་བར་གཤེགས་པ་མཆོད། ས་དེ་ཉིད་ཀྱིས་བཀང་བས་མཐོ་ན་བཟང་། མཉམ་ན་འབྲིང་། དམའ་ན་ངན་པའོ། །ཆུས་བརྟག་པ་ནི། དོང་དེ་ཁྲུ་གང་ཙམ་བྲུས་པ་འཐས་པར་བཅག་ལ་ཆུས་བཀང་སྟེ། ཡི་གེ་བརྒྱ་པ་བཟླ་བཞིན་ཤར་ཕྱོགས་སུ་གོམས་པ་དྲང་པོ་ལྔ་བཅུ་རྩ་བཞིར་ཕྱིན། ཚུར་འོང་། ཆུ་འགྲམ་དུ་ཕྱིན་ཙ་ན་གང་ན་རབ། ཕྱེད་འབྲིང་། སྐམ་འཐས་ངན། གཡས་སུ་འཁྱིལ་པ་བཟང་། ལྡོག་ན་ངན་པས་སྦྱང་བ་དགོས་སོ། །དེར་བུམ་པའི་ནང་དུ་རྟེན་སྙིང་དང་། སྲོག་ཤིང་ལ་ཏྲཾ་ཡིག་དང་འབྲུ་གསུམ་བྲིས་པ་འོག་ནས་འབྱུང་བའི་རྫས་སུམ་ཅུ་དང་། འབྲུ་སྣ་ཚོགས་པས་གང་བ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཟླ་བའི་སྟེང་དུ་ཏྲཾ་ལས་བུམ་པ་རིན་པོ་ཆེའི་མཆོད་སྡོང་དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ་པར་འབྱུང་བའི་གཏེར་ཆེན་པོར་གྱུར། དེ་ཉིད་ནང་དུ་སྦས་ནས་བཀྲ་ཤིས་པ་གྲུབ་པའི་གནས་ཆེན་གྱིས་སྣ་བཟང་པོ་ལ་སྤོས་ཆུས་བཏབ་པ་འཐས་པ་བཅགས་པའི་སྟེགས་བུ་དཔངས་སུ་ཁྲུ་གང་དང་། རྒྱར་ཁྲུ་གང་སོགས་ཅི་འདོད་བརྩིགས་པའི་ངོས་དང་། རྫས་སུམ་ཅུ། དྲི་བཟང་། བ་བྱུང་ལྔ་དང་བཅས་པའི་གོམ་ཡེ་སྟེ་སྐྱང་ནུལ་གྱིས་ཁྱབ་པར་བྱུགས་ཤིང་མཉམ་པར་བྱའོ། །དེ་ལ་བ་བྱུང་ལྔ་ནི། དམར་ཐལ་བ་ཡི་མགྲིན་པ་ན། །དག་བྱེད་རྫས་ཡོད་ནུས་པ་དེས། །གཙང་བའི་ལས་ཀུན་མཆོག་ཏུ་གསུངས། །ས་གཙང་རྩ་ཟོས་བ་མཆོག་གི། །གཅི་བ་ས་ལ་མ་ལྷུང་དང་། །གཅིན་ཉིད་ས་ལ་མ་ལྷུང་བ། །མར་དང་འོ་མ་ཞོ་ལྔའོ། །དང་པོར་མར་ནི་ཅི་ཙམ་པ། །སྲང་དུ་བྱས་པའི་ལྕི་བ་གཅིན། །ཉི་ཤུའི་འགྱུར་རེ་འོ་ཞོ་གཉིས། །མར་གྱི་སུམ་འགྱུར་ལྡན་བྱས་ལ། །དང་པོ་ལྕི་བ་ཆུ་གཉིས་བསྲེ། །ཚགས་བཙགས་དེ་ལ་འོ་ཞོ་མར། །བསྲེས་ཏེ་གཙང་མའི་སྣོད་དུ་བཀོལ། །ཁ་ཡི་ཆུ་དང་འོག་གི་ཚིགས། །དོར་ཏེ་བར་གྱིས་ལྡེ་གུ་དེས། །མཎྜལ་བྱུགས་པའི་རྫས་སུ་བཤད། །ཉི་མ་བདུན་དུ་ལག་སྣུམ་བྱུག །དེ་ནི་མི་བརྟན་པར་ཡང་བཤད། །ཟུར་ནི་ལེགས་བྱུགས་མཉམ་པོ་ཡི། །མཎྜལ་དག་ལ་པགྫ་ར། །མར་གྱི་ལྡེ་གུས་བཀུས་པ་ན། །མེ་ལོང་དང་ནི་ཆུ་ཤེལ་བཞིན། །འདི་ལ་དགོས་པ་རྣམ་ལྔ་ཡོད། །གདོན་བགེགས་ཐུབ་ཅིང་འདུ་ནད་སེལ། །དྲི་ཞིམ་འགྲོ་བ་དབང་དུ་སྡུད། །ཤིན་ཏུ་གཙང་མའི་ཡོན་ཏན་ལྔ། །གཉིས་པ་མེས་སྦྱང་བ་ནི། །མཚན་མ་ངན་པ་ཐམས་ཅད་ཞི་བའི་སྦྱིན་བསྲེག་གིས་སྦྱང་སྟེ། །ལམ་རིམ་ལས། ཀུན་ནས་མཚན་མ་ངན་གྱུར་ན། །གཞན་དུ་བགྲོད་དམ་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་སྔགས་དང་ཕྱག་རྒྱས་སྦྱང་བ་ནི། མཚན་མ་འབྲིང་ལ། རང་གི་ཕྱག་གཡས་མཐིལ་སོར་མོ་ལྔ་ཡི་སྟེང་ཉི་མའི་དཀྱིལ་འཁོར་ལྔ་ལ་ཧཱུྃ་མཐིང་ག་རེ་རེ་ཡོངས་སུ་གྱུར་པ་རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན་པར་གྱུར། ༀ་བཛྲ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཆོས་ཉིད་དག་པའི་རྒྱས་ལན་གསུམ་བསྣུན། གཙོ་སྔགས་ལན་བདུན་བཟླ། རྡོ་རྗེ་ཧཱུཾ་གི་འོད་ཀྱིས་ས་ཡི་ཉེས་སྐྱོན་ཐམས་ཅད་དག་པ་ཡེ་ཤེས་རང་སྣང་གི་གཞིར་གྱུར། བཞི་པ་ཏིང་ངེ་འཛིན་གྱིས་སྦྱང་བ་ལ། མཚན་མེད་ཀྱིས་སྦྱང་བ་དང་། མཚན་བཅས་སྦྱང་བ་གཉིས་ཀྱི། དང་པོ། ཐམས་ཅད་རང་སེམས་རྣམ་པའི་ཕྱིར། །མཚན་ཉིད་མེད་པའི་ཕྱག་རྒྱ་ནི། །ནམ་མཁའ་ལྟ་བུར་རང་བཞིན་ནས། །འཁྲུལ་སྣང་ས་དང་ས་འཛིན་པ། །འཁྲུལ་བཅོས་ཆོས་ཅན་ལ་གནས་ཕྱིར། །དག་པར་བལྟས་ན་མཚན་ཉིད་མེད། །རང་རིག་སྟོང་པའི་ཡེ་ཤེས་ལ། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །སྤྱོད་ཡུལ་ཡོངས་སུ་དག་པར་བྱ། །ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་ཉིད་དུ་བསྒོམ་པའི་བློས་ས་སྦྱང་བའི་ཕུལ་དུ་གྱུར་པའོ། །གཉིས་པ་སྣོད་གཞལ་ཡས་ཁང་གིས་སྦྱང་བ། རང་རིག་ཡེ་ཤེས་ཀྱི་རྡོ་རྗེ་སྔོན་པོ་མཐིང་ནག་ཧཱུྃ་ཡིག་འབར་བས་མཚན་པར་གྱུར། དེ་ལས་ཨཻ་ཡཾ་བཾ་ལཾ་སུཾ་རཾ་རྣམས་ཆད། ནས་སྒྲུབ་ཐབས་སུ། ཧཱུཾ་བྷྲཱུཾ། དེ་ཡི་སྟེང་དུ་བྷྲཱུཾ་ཁ་དོག་སྣ་ཚོགས་པ་གསལ། འོད་ཟེར་སྤྲོ་བསྡུས་ཐ་མལ་པའི་སོགས་ནས། ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པར་སྤྲོ་བའི་རྒྱན་དང་བཀོད་པ་བསམ་གྱིས་མི་ཁྱབ་པར་གསལ་བར་གྱུར། གསལ་བཏབ་པ། རང་བཞིན་རྣམ་པར་དག་པའི་དབྱིངས། །སྟོང་པ་ཉིད་ཀྱི་ཏིང་འཛིན་ལས། །ཧཱུྃ་གྱུར་ནམ་མཁའ་ཨེ་གཟུགས་ཅན། །ཐམས་ཅད་ཀུན་གྱི་གཞིར་གནས་པའོ། །དྲན་སྤྱོད་རླུང་ནི་ཡཾ་སྔོན་པོ། །ས་བོན་ཆུ་སྟེ་བཾ་དཀར་བཤད། །མ་ལུས་གཞི་སྟེ་གསེར་མདོག་ལ། །སྐད་ཅིག་སྒྲ་མེད་དམར་སེར་རཾ། །མ་ངེས་ཀུན་གཞི་སྣ་ཚོགས་བྷྲཱུཾ། །འབྱུང་བ་རིམ་བརྩེགས་རྟེན་དང་བཅས། །རྡོ་རྗེ་རྒྱ་གྲམ་ས་གཞི་དག །སྔགས་དང་ཕྱག་རྒྱས་བརྟན་པར་གྱུར། །བྷྲཱུཾ་ལས་རིན་ཆེན་ཁང་བཟང་ནི། །གདན་གྱི་དཀྱིལ་འཁོར་ཆ་རྫོགས་པའོ། །དྲུག་པ་བྱིན་གྱིས་བརླབ་པར་བྱ་བ་ནི། དཀྱིལ་འཁོར་གྱི་འཁོར་ལོས་བཟུང་བའང་སྟེ། རྡོ་རྗེ་སློབ་དཔོན་འཁོར་ལོས་བསྒྱུར་བའི་ཆ་ལུགས། རྒྱས་པའི་གོས་བཅས་དཀྱིལ་འཁོར་མཐའ་བསྐོར་གྱིས་ཤར་ནས་ཞུགས་ཏེ་དབུས་སུ་བཞུགས། ཞལ་ཤར་བསྟན་མདུན་སྟེགས་ལ་རྣམ་བདུན་ཕྲེང་ཚར་དང་། ནང་མཆོད་བཀོད། ཕྱོགས་བཞིར་སྟེགས་བུ་བཞི་ལ་མཆོད་པ་ལན་བཞིར་བཀོད། དེའང་སློབ་དཔོན་མཆོད་པ་ནི། གཡས་ནས་མགོ་བརྩམས་མཆོད་ཡོན་དང་། ཞབས་བསིལ་བདུག་སྤོས་མེ་ཏོག་སྒྲོན། དྲི་དང་ཞལ་ཟས་སྨན་གཏོར་རཀ །དེ་ལྟར་བསྐོར་ཕྱོགས་མ་འཁྲུལ་པ། འོག་ནས་འབྱུང་བའི་རྫས་ཀྱིས་བརྒྱན། སློབ་དཔོན་གྱིས། རང་རིག་རྡོ་རྗེ་ཧཱུྃ་མཚན་པ་ལས་འོད་འཕྲོས་འཕགས་པ་མཆོད། གསང་བ་གསུམ་གྱི་བྱིན་བསྡུས། སེམས་ཅན་གྱི་སྒྲིབ་པ་སྦྱངས། རྡོ་རྗེ་གསུམ་ལ་བཀོད། ཚུར་འདུས་སེང་ཁྲི་རིན་པོ་ཆེ་པདྨ་ཉི་ཟླའི་གདན་གྱི་ལྟེ་བ་ལ་ཡོངས་སུ་གྱུར་པས། ཧཱུཾ་བཛྲ་དྷྲཱིཀ །མཱུྃ་དྷཱ་ཏྭཱི་ཤྭ་རི། རང་ཉིད་བཅོམ་ལྡན་འདས་སྒྱུ་འཕྲུལ་དྲྭ་བ་ནས་སྒྲུབ་ཐབས་སུ། འཁྲིག་པའོ། །ཞེས་པའི་བར་གསལ་བཏབ་ཅིང་བརྗོད། ཡབ་ཀྱི་གསང་བའི་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་། ཡུམ་གྱི་གསང་བའི་པད་མ་འདབ་བཞི་ལ་མཱུཾ་གྱིས་མཚན་ཅིང་། བུ་ག་ཕཊ་ཀྱིས་བཀག་པ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་རཱ་གོ྅་ཧཾ། ཨ་ནུ་རཱ་ག་ཡ་མྱེ། སྦྱོར་བའི་བརྡའ་བཞིས་ཕན་ཚུན་བསྣོལ་མར་བསྐུལ་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་སྙོམས་པར་ཞུགས་པས་བྱང་ཆུབ་སེམས་ལྔའི་སྤྲིན་གྱི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་བཀུག་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀོད། བདག་ཅག་དཀྱིལ་འཁོར་དུ་སྦྱོར་ཅིག །ཅེས་གསོལ་བ་བཏབ་པ་གསན་ནས་མཁའ་གསང་དུ་བཅུག་སྟེ་ཕྱིར་བཏོན། དེ་ཐམས་ཅད་ཀྱིས་ཡབ་ཀྱི་བྱིན་གྱིས་རླབས་ཀྱིས་རང་གི་ལུས་ལྷར་ཤིས་པས་དཀྱིལ་འཁོར་གྱི་ཕྱི་རོལ་གནས་ཏེ་ཆེད་དུ་བརྗོད་པ། ཨེ་མ་ཧོ། རྡོ་རྗེ་ཕུང་པའི་ཡན་ལག་ཀུན། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མཱ་ཀི །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །བཙལ་ཀྱང་རྒྱལ་བས་མ་རྙེས་སོ། །ཡང་ཡུམ་གྱིས་བྱིན་གྱིས་རླབས་ཀྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་ནས་ཆེད་དུ་བརྗོད་པ། ཨེ་མ་ཧོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ཉིད་དག་པའི་ཞིང་། །སྙིགས་མ་ལྔ་ཉིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་མཉེས་སོ། །དེ་ཐམས་ཅད་སངས་རྒྱས་ཉིད་དུ་གྱུར་ནས་སོ་སོའི་ཞིང་དུ་འཁོད། སླར་ཡང་གདོད་ནས་གྲུབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག །ཐུགས་སྲོག་གི་ཡི་གེ་བཞི་བཅུ་གཉིས་སུ་གྱུར། མཁའ་གསང་ནས་ཕྱིར་ཐོན་སྐུ་རྫོགས་པར་གདན་ལ་འཁོད་པར་གྱུར་པ་ནི། ཨཱོཾ་ཛི་ན་ཛིཀ྄ །ལཾ་དེ་ཥ་ར་ཏི། སྭཱ་རཏྣ་དྷྲིཀ྄ །མཱྃ་མོ་ཧ་ར་ཏི། ༀ་ཨཱ་རོ་ལིཀ྄ །པྱཱྃ་རཱ་ག་ཏི། ཧཱ་པྲ་ཛྙཱ་དྷྲིཀ྄ །ཏྃ་བཛྲ་ར་ཏི། ཀྵཱིཾ་ཧི་རཱ་ཛ་ཡ། ཧཱུྃ་ལ་སྱེ་ས་མ་ཡ་སྟྭཾ། ཏྲཱྃ་ཨ་གརྦྷ་ཡ། ཏྲཱྃ་མ་ལྱེ་ས་མ་ཡ་ཧོ། ཧྲཱིཾ་ཧ་ཧཱུཾ་པདྨ་བ་ད་མ། ཧྲཱི་གཱིརྟཱི་རཱ་གོ྅་ཧཾ། ཛྲིཾ་ཀུ་རུ་པ་ཎ་ཧྲཱི། ཨ་ནིརྟི་རཱ་ག་ཡཱ་མི། མཻཾ་དྷ་ར་ཎི་སྭཱ་ཧཱ། ཛཿདྷཱུ པྤེ་པྲ་ཝེ་ཤ་ཡ། ཐླྷིཾ་ནི་སྶ་རཾ་པ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ། ཧཱུཾ་སྥ་ར་ཛ་ཡ་སྭཱ་ཧ། བཱཾ་དཱི་པ་སུ་གཱི་ནི། མཱུྃ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཧོཿགནྡྷེ་ཙིཏྟ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མ་ཉ་ཨ། ༀ་མུ་ནི་ཀྲིཾ་སྭཱ་ཧཱ། ༀ་མུ་ནི་ཧཱུཾ་ཏྲཱུཾ་སྭཱ་ཧཱ། ༀ་མུ་ནི་སྲུཾ་སྭཱ་ཧཱ། ༀ་མུ་ནི་པྲཾ་སྭཱ་ཧཱ། ༀ་མུ་ནི་ཀྵཾ་སྭཱ་ཧཱ། ༀ་མུ་ནི་ཡེ་སྭཱ་ཧཱ། ཧཱུྃ་ཡ་མཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་བཛྲ་དྷ་རོ། མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལི་ནི་ཧཱུྃ་ཕཊ། ཧཱུྃ་པྲ་ཛྙཱནྟ་ཀྲྀཏ་ཕཊ། ༀ་མ་ཧཱ་རཏྣ་དྷ་རོ། མ་ཧཱ་ཀྲོ་དྷེ་ཤྭ་རི་ཛྭ་ལཱི་ནི་ཧཱུཾ་ཕཊ། ཧཱུྃ་པདྨནྟ་ཀྲྀ་ཏྲ་ཕཊ། ༀ་མ་ཧཱ་པདྨ་དྷ་རོ། མ་ཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལཱི་ནཱི་ཧཱུཾ་ཕཊ། ཧཱུཾ་བིགྷྣཱ་ཀྲྀ་ཏྲ་ཕཊ། ༀ་མ་ཧཱ་ཀརྨ་དྷ་རོ། ༀ་མ་ཧཱ་ཀྲོ་དྷི་ཤྭ་རཱི་ཛྭ་ལཱི་ནི་ཧཱུྃ་ཕཊ། ཅེས་བརྗོད་པས་ཞི་བ་བཞི་བཅུ་རྩ་གཉིས་ཐུགས་སྲོག་དང་། དབུ་རྒྱན་དང་། བྱིན་རླབས་ཀྱིས་ལྷ་དང་བཅས་པ་གསལ་བར་གྱུར། འཁོར་ལ་རྒྱལ་པོ་རྒྱལ་མོ་དང་། །གཡས་ནས་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་མྱོང་བྱེད་སྣོམ་བྱེད་རྣམས། །བཙུན་མོ་ཡི་ནི་ཚོགས་དང་བཅས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །འཇིག་རྟེན་དྲུག་གི་ཕྱོགས་བཅུར་ནི། །འདུས་པ་བཞི་ཡིས་འགྲོ་དོན་མཛད། །ༀ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྣམ་དག་རྫོགས་པའི་དཀྱིལ་འཁོར་ཉིད། །མི་ཤིག་དྲི་མ་ཀུན་དང་བྲལ། །ཐུགས་རྗེ་འོད་ཟེར་ཉི་དཀྱིལ་བཞིན། །ས་གནས་ལམ་ཀུན་རྫོགས་མཛད་པ། །རབ་ཏུ་སྦྱངས་བའི་སྟོབས་རྫོགས་ཤིང་། །ཐ་སྙད་མིག་གཉིས་ཡུལ་དང་བྲལ། །བྱང་ཆུབ་སེམས་མཆོག་སྒྲིབ་པ་མེད། །འགྲོ་གནས་ཐུགས་རྗེའི་རྒྱུན་བཅས་པས། །རང་གི་ཡེ་ཤེས་འདུས་མ་བྱས། །ཐེག་པ་མཆོག་ལྡན་སྔགས་ཀྱི་རྒྱན། །ཕྱག་རྒྱའི་དཀྱིལ་འཁོར་གསང་མཛད་ཅིང་། །རང་བཞིན་ཕྱག་རྒྱའི་གནས་སུ་འཇུག །ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་དབང་བསྐུར། ཀ་ཡ་སོགས་བྱིན་རླབས། ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་དུས་གསུམ་རྒྱལ་བ་སྲས་བཅས་མདུན་མཁར་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿ ས་བསྙན་བརྣན། ༀ་ཧྱེ་ཧི། ཞེས་སྤྱན་དྲང་། ཛ་ཧཱུྃ་བཾ་ཧོཿ ཞེས་བསྟིམ། ༀ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཀུན་བཟང་། ༀ་ན་མ་སརྦ་ཏ་ཐཱ་ག་ཏེ་དེ་ཝ་སྱ་མཎྜ་ལས་བཱ་རི་ཝ་ར་བཛྲ་ཨརྒཾ་པྲ་ཏིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན། ༀ་ཨ་ཧ་ར་ཨ་ཧ་ར་སོགས་ཞབས་བསིལ། ༀ་ཤྲཱི་བཛྲ་རཱ་ག་དྷཱུ་ཥྤེ་དྷུ། སོགས་བཞི་བསྣོལ། ༀ་བཛྲ་ནཻ་ཝི་དྱ་ཨཱཿཧཱུྃ། ཞེས་ཞལ་ཟས་དང་། ༀ་བཛྲ་གཎྜེ་དྷུརྨ་ར་ཎི་ཏ། སོགས་རོལ་མོར་བཅས། ༀ་བཛྲ་ལཱ་སྱེ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཱཾ། ༀ་བཛྲ་གིརྟི་ཧྲཱིཿ ༀ་བཛྲ་ནིརྟི་ཨཿ དེ་དག་ཕྱི་མཆོད་དང་། ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རཾ་ཡཾ་ཁཾ་ཧཱུཾ་སྥ་ར་ཎ་ཕཊ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཁ་རཾ་ཁ་ཧི། ༀ་མ་ཧཱ་བ་ལིནྟ་ཁ་ཧི། དེ་དག་ནི་ན ང་གི་མཆོད་པ་དང་། ༀ་སྭ་བྷཱ་ཝ་ཤཱུདྷ་སརྦ་དྷཱརྨ་སྭ་བྷཱ་ཝ་ཤཱུདྡྷོ་ཧཾ། ཞེས་དེ་ཁོ་ན་ཉིད་དྲན་པ་གསང་བའི་མཆོད་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ཡེ་ཤེས་རྒྱ་མཚོ་རབ་ཏུ་ཟབ། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །རྡོ་རྗེ་ཡིད་ལའང་ཕྱག་འཚལ་ལོ། །ཞེས་བསྟོད་དེ་ཏིང་ངེ་འཛིན་དེ་ཉིད་ཀྱི་ང་རྒྱལ་བཟུང་སྟེ་གནས་པར་བྱའོ། ༈ །དེ་ནས་ཕྱོགས་བཞིར་གནས་པའི་སློབ་མ་བཞིས་ཐུན་མོང་དུ་སྒྲུབས་ཐབས་ནས་འབྱུང་བའི་མཆོད་པ་བྱིན་རླབས་སྔགས་དང་རོལ་མོར་བཅས་པའི་མཐར། ཀུན་བཟང་ཆུ་གཉིས། བཞི་བསྣོལ། ཞལ་ཟས་རོལ་མོ། ལྷ་མོ་བཞི། སྦྱོར་སྒྲོལ། སྨན་གཏོར། དེ་ཁོ་ནར་བཅས་པའི་མཆོད་པ་དང་། དྲིལ་སྟབ་བཅས། ཨེ་མ་ཧོ། ལུས་ངག་ཡིད་གསུམ་ནམ་མཁའ་ལྟར། །རང་བཞིན་འོད་གསལ་དྭངས་པ་ལས། །སྒྱུ་འཕྲུལ་དྲྭ་བའི་སློབ་དཔོན་བཞིན། །དེ་དང་བརྟག་པར་བདག་ཕྱག་འཚལ། ༈ །ཤར་ཕྱོགས་པ་ཐུན་མོང་དུ། ལཱྃ་དཱེ་ཥ་ར་ཏི། རང་ཉིད་སངས་རྒྱས་སྤྱན་མ་དཀར་མོ་འཁོར་ལོའི་དྲིལ་བུ་འཛིན་པར་གྱུར། གཡོན་རང་རྟགས་དྲིལ་བུ་ལས། གཡས་ཐམས་ཅད་ཐུགས་ཀར་ཐལ་མོ་བཀོད་པ་ཅན་དུ་བསྐྱེད་གསུངས། མཆན། སྙན་པ་རྣན། སྤྱན་དྲངས། བསྟིམ། ༀ་མ་ཧཱ་ཨ་དཱཪྴས་བདག་པོར་བྱས་པའི་རིགས་ལྔས་དབུ་བརྒྱན། ཀཱ་ཡ་ཝཱཀ྄་སོགས་གནས་ལྔ་བྱིན་རླབས་ཟིན་ནས་མཎྜལ། མ་ཚང་བ་མེད་པ་འདི་ཉིད་དཀྱིལ་འཁོར་ཆེན་པོར་བྱིན་གྱིས་རླབས་པ་ཞུ་བའི་དོན་དུ་འབུལ་བར་བགྱིའོ། །ཞེས་སྤྱར། དྲིལ་སྟབས་བཅས། ཞི་བའི་ཡེ་ཤེས་རང་སྣང་བའི། །རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། །སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །ལྷོ་ནས། མཱྃ་མོ་ཧ་ར་ཏི། རང་ཉིད་མཱ་མཱ་ཀཱི་སེར་མོ་རིན་པོ་ཆེའི་དྲིལ་བུ་འཛིན་པར་གྱུར། བརྣན། དྲངས། བསྟིམ། དབང་། བརླབ། མཎྜལ་བཅས། ཡོན་ཏན་རིན་ཆེན་འབྱུང་བའི་གཙོ། །མ་ལུས་ཀུན་གྱི་རེ་སྐོང་བ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། ནུབ་ནས། པྱཱྃ་རཱ་ག་ར་ཏི། རང་ཉིད་གོས་དཀར་མོ་དམར་མོ་པདྨ་དྲིལ་བུ་འཛིན་པའི་སྐུར་གྱུར། གཞན་གོང་བཞིན། རང་བཞིན་དག་པས་གོས་པ་མེད། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །སངས་རྒྱས་ཀུན་གྱི་གསུང་གི་མཆོག །དཀྱིལ་འཁོར་ཆེན་པོ་གསུང་དུ་གསོལ། །བྱང་ནས། ཏཱྃ་བཛྲ་ར་ཏི། རང་ཉིད་དམ་ཚིག་སྒྲོལ་མ་ལྗང་གུ་རལ་གྲི་དྲིལ་བུ་འཛིན་པའི་སྐུར་གྱུར། གོང་བཞིན། བསམ་པ་ཐམས་ཅད་ཡོངས་རྫོགས་པས། །ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། །ཐམས་ཅད་ཀྱིས་ཐུན་མོང་དུ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །ཞེས་གསོལ་གདབ་བོ། །བཞི་མེད་ན་གཅིག་གིས་དེ་དག་ཏུ་སོང་ནས་བྱ་བར་གསུངས། སློབ་དཔོན་གྱིས་རྡོར་དྲིལ་འཛིན་ཅིང་འཛུམ་པའི་མདངས་ཀྱིས་བལྟ་བ་བཅས། ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཆེ་གེ་མོ་སོགས་དོན་གྱི་ཕྱིར། །དཀྱིལ་འཁོར་ཆེན་པོ་བདག་བགྱིད་པས། །བདག་ཅག་རྗེས་སུ་བཟུང་བའི་སླད། །ས་འདི་ཤིས་པར་བྱིན་རླབས་པས། །བདེ་བར་གཤེགས་པས་མཛད་དུ་གསོལ། །ནམ་མཁའ་གང་བའི་བདེ་བར་གཤེགས་པ་ཐམས་ཅད་རང་ལ་ཐིམ་པར་གྱུར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། འགྲོ་བ་ལ་སྙིང་རྗེ་བས། སླར་ཡང་རང་ཉིད་ཞེ་སྡང་རྡོ་རྗེའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་གི་ཡི་གེར་གྱུར། །རྡོ་རྗེ་འཛིན་པ་ཉི་མ་དང་། །ཆོས་དང་རྟ་མཆོག་སྣང་མཛད་དང་། །བདག་ཉིད་ཆེན་པོ་ང་ཉིད་ཡིན། །ཐམས་ཅད་བཀའ་ལས་དེང་མ་འདའ། །ཐུགས་ཀ་ནས་ཁྲོ་བོའི་སྤྲུལ་པའི་སྤྲིན་ཕུང་མཐའ་ཡས་པར་སྤྲོ་བའི་རྐང་མཐིལ་གཉིས་སུ་འབར་བའི་རྡོ་རྗེས་མཚན་པས། དཀྱིལ་འཁོར་གྱི་ས་གཞི་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བརྟན། ཞེས་རྡོ་རྗེའི་འགྲོས་ཀྱིས་བཅིང་། བདུན་པ་སྲུང་བའི་ཕྱིར། རང་གི་མིག་གཡས་ཀྱི་མེས་བགེགས་དང་ལོག་འདྲེན་ཐམས་ཅད་སྲེག །ཧཱུྃ་ཧཱུྃ་ཧཱུྃ། ༀ་ཛྭ་ལ་བཛྲ་ཧཱུྃ་སོགས་སྒྲུབ་ཐབས་ནས། རཱ་ཛ་ཛཿ ཞེས་བགེགས་བརྒྱལ་བར་སླར་བསླང་། སླར་ཡང་དེ་ཡི་དབུས་སུ་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བརྒྱད་ལ་སོགས་དང་། རྩ་རྩེ་སྟེང་འོག་ཏུ་ཕྱོགས་ཤིང་རྣོ་བའི་དབལ་དང་ལྡན་པ། སྦུབ་སྟོང་རབ་ཏུ་ཡངས་ཤིང་། ལྟེ་བ་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས་སུ་བདག་ཉིད་ཞེ་སྡང་རྡོ་རྗེའི་ཐུགས་ཀའི་ཧཱུཾ་ཡིག་ལས་མ་བཅུ་འཕྲོས། རྩིབས་ནང་རྣམས་སུ་ཉི་གདན་བཅུར་གྱུར། ཡང་རང་གི་ཐུགས་ལས་ཁྲོ་བོ་ཌཱཀྐི་རཱ་ཛ་སྔོ་སྐྱ་ལྕགས་ཀྱུ་དང་ཐོ་བ་ཐོགས་པ་སྤྲོས། ཕྱོགས་བཅུའི་བགེགས་རྣམས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་ལ་བསྟིམ། དེ་དག་རྣམས་ལྕགས་ཀྱུས་སྙིང་ནས་དྲངས་ཏེ་བཀུག་པས་མྱོས་ཤིང་དྲན་པ་ཉམས་ནས་ཉི་གདན་རྣམས་ཀྱི་སྟེང་དུ་འགྱེལ་ཐབས་སུ་འཁོད་པར་གྱུར། ཧཱུྃ་བཞི་པའི་སྔགས་བརྗོད། ༀ་ཨིནྟྲ་ཡ། ཨགྣེ་ཡེ། ཡ་མ་ཡ། ནི་རི་དྱ། ཝ་རུ་ཎ་ཡ། ཝ་ཡེ་ཝེ། ཀུ་བེ་རཱ་ཡ། ཨི་ཤཱ་ན་ཡ། སུརྻ་ཙནྟ། སུ་རི་ཏཱ། ཨི་ར་པ་ཏ་ཡེ། ཛཿཧཱུཾ་བཾ་ཧོཿ ཡངས་སྦྱོར་མཚམས་ནས་ཁྲོ་བོ་བཅུ་ཕྱུང་སྟེ། མདུན་གྱི་ཕུར་བུ་རྣམས་ལ་ཐིམ་སྟེ་སྟོང་པ་ཉིད་དུ་ཞུགས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ཁྲོ་རྒྱལ་བཅུ་པོ་ཕྱོགས་རྣམས་ཕྱོགས་མདོག །མཚམས་རྣམས་འདྲེས་མ། སྟེང་འོག་གཉིས་མཐིང་ཀ་ཀུན་ཀྱང་ཞལ་གཅིག །ཕྱག་གཉིས་ཐོ་བ་དང་ཕུར་བུ་འཛིན་པ། སྨད་ཕུར་བུ་འབར་བའི་རྣམས་པ་ཅན་དུ་གྱུར། སྟེང་ཕུར་ཤར་སྟོད་དུ་བཀོད་པས། ༀ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཤར་ཕུར་ཤར་སྨད་དུ་བཏབ། ༀ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ། ལྷོ་ཕུར་ལྷོ་བཏབ། ༀ་བཛྲ་ཀྲོདྷ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ནུབ་ཕུར་ནུབ་སྨད་བཏབ། ༀ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བྱང་ཕུར་བྱང་དུ་བཏབ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུཾ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཕྱོགས་གཡས་བསྐོར་རོ། །བྱང་ཤར་གྱི་ཕུར་པ་དེར་བཏབ། ༀ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། བྷན་དྷ་བྷན་དྷ་ཧཱུཾ་ཕཊ། ནུབ་བྱང་ཕུར་པ་དེར་བཏབ། ༀ་བཛྲ་ཀྲོ་དྷ་ཨ་པཱ་ར་ཛི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ལྷོ་ནུབ་ཕུར་པ་དེར་བཏབ། ༀ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཤར་ལྷོའི་ཕུར་བ་དེར་བཏབ། ༀ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། མཚམས་གཡོན་བསྐོར་རོ། །འོག་ཕུར་ནུབ་སྟོད་དུ་བཀོད། ༀ་བཛྲ་ཀྲོ་དྷ་མཱ་ཧཱ་བ་ལ་ཧཱུཾ་སྥོ་ཊ་ཧཱུཾ་ཕཊ༔ དེ་དག་སོ་སོའི་སྔགས་མཐར། ༀ་གྷ་གྷ་གྷ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཾ་ཀཱ་ཝཱཀ྄་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཞེས་སྦྱར་ཞིང་སྟང་སྟབས་བྱ། སྟེང་དུ་ཧཱུཾ་མཛད། ཤར་དུ་རྣམ་རྒྱལ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་པ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། ནུབ་བྱང་དུ་འདོད་པའི་རྒྱལ་པོ། ལྷོ་ནུབ་ཏུ་མི་གཡོ་བ། ཤར་ལྷོར་དབྱུག་པ་སྔོན་པོ། འོག་ཏུ་བགེགས་འཇོམས་སྟོབས་པོ་ཆེ་རྣམས་ཌཱཀྐི་རཱ་ཛས་བགེགས་རྣམས་ལ་བཏབ་པས་ལུས་ཐལ་གྱིས་ཕུག་སྟེ་གཡོ་འགུལ་མེད་ཅིང་གནས་པར་གྱུར། སླར་ཡང་ཞེ་སྡང་རྡོ་རྗེའི་རྔམས་པའི་གར་གྱི་ཐུགས་ཀྱི་ཧཱུཾ་གི་འོད་ཟེར་མཐའ་ཡས་པས་དཀྱིལ་ཁོར་གྱིས་བརྟན་ཅིང་དག་པར་བགེགས་ཀྱིས་མི་ཚུགས་པར་གྱུར། ཧཱུཾ་གིས་གླུ་ལེན་ཅིང་ཕཊ་ཀྱིས་སྒྲ་དྲག་པོས་རྡོ་རྗེ་གསོར་ཞིང་བསྡིགས་ནས་པད་དཀོར་དང་བསྒྲགས་གཡས་བརྐྱང་དང་སྡིགས་མཛུབ་གཡས་སུ་བསྒྱུར་ཞིང་རྡོ་རྗེ་ཐུགས་ཀ་དང་དྲིལ་བུ་དཀུར་བརྟེན་པའི་རྡོ་རྗེ་གཡས་བསྐོར་གྱིས་འགྲོས་ཀྱིས་ས་ལན་གསུམ་འཐས་པར་གཅག་པ་རྡོ་རྗེ་སེམས་དཔའི་དགྱེས་གར་རོ། །ཡུམ་གྱི་ཆགས་པའི་གར་གྱིས་ཐུགས་ཀྱི་མཱུྃ་ཡིག་གི་འོད་ཟེར་མཐའ་ཡས་པས་བགེགས་དང་། དེས་བར་དུ་གཅོད་པ་ལ་སོགས་པའི་འཁོར་གསུམ་སྟོང་ཉིད་དུ་སྦྱངས་པར་གྱུར། མཱུྃ་གྱི་གླུ་དང་ཧཱི་ཞེས་དྲིལ་བུ་དྲག་ཏུ་འཁྲོལ་བས་གར་བསྐོར་དང་གཡོན་བརྐྱང་གི་སྡིགས་མཛུབ་གཡོན་བསྒྱུར་མཐར་ཐུགས་ཀར་འཁྱུད་རྒྱ་བྱ་བ། རྡོ་རྗེ་གཡོན་འགྲོས་ཀྱིས་ས་ལན་གསུམ་དུ་བཅག་པ། དབྱིངས་ཕྱུག་ཡུམ་གྱིས་བདེ་གར་རོ། །སྤྲོ་ན་ཞི་བའི་ཚོགས་གར་ཆེན་མོ་བྱའོ། །དེ་ནས། ཧཱུྃ། ང་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར། །སོགས་ནས། པ་ཏ་ལ་པཉྩ་ཧཱུྃ་ཕཊ། བར་སྒྲུབ་ཐབས་ལྟར་བརྗོད། མཐར་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ལ། དེའང་སྟོང་ཉིད་དུ་གནས་པས་འཁོར་གསུམ་རྣམ་པར་མི་རྟོག་པའི་དེ་ཁོ་ན་ཉིད་དུ་ཤེས་པས། རྣམ་པར་རྟོགས་པ་བགེགས་ཡིན་ཏེ། །སོགས་ནས། མིང་ཡང་མེད། ཅེས་བརྗོད་པར་བྱའོ། །བརྒྱད་པས་བཟུང་ན་ཕྱག་ལེན་གྱི་དབང་གིས་འོག་ཏུ་འབྱུང་ངོ་། །ས་ཆོག་དེ་དག་ཀྱང་དཀྱིལ་འཁོར་གྱི་ཁང་པ་གསར་པ་དང་། མ་དུལ་བའི་ས་ཕྱོགས་སུ་ས་ཆོག་གསར་དུ་བྱ་དགོས་པ་སོགས་ཀྱི་དབང་ལས། རྡུལ་ཚོན་གྱི་སྒྲུབ་མཆོད་དཀྱུས་ཙམ་དཀྱིལ་འཁོར་ཁང་པ་རྙིང་པ་ལས་བརྟག་པ། སྣང་བ་ལས་སློང་བ། བརྐོ་བ། གཏེར་སྦ་བ་སོགས་དོར་ཞིང་། རས་བྲིས་ཀྱི་ས་ཆོག་ཞག་ཆོད་ལ་ནི་མི་སྣང་བ་ལས་སློང་བ་དང་། དབང་དུ་བྱ་བ། སྔགས་རྒྱ་ཏིང་ངེ་འཛིན་གྱིས་སྦྱང་བ། བྱིན་གྱིས་རླབས་པ་ཙམ་དང་། སྟ་གོན་དང་སྦྲེལ་བའི་དབང་དུ་ན། ས་སློང་། དབང་སྦྱང་། དམིགས་པ་ཙམ་དང་། བྱིན་རླབས་ཙམ་མོ། །དེ་དག་ཀྱང་རྒྱས་བསྡུས་འབྱིན་འཇུག་མ་འཁྲུལ་པར་བྱའོ། །དེ་ཡན་ཆད་ནུབ་དང་པོར་བྱ་བ་ས་ཆོག་གི་རིམ་པའོ། ༈ །འདི་མན་ཆད་སྟ་གོན་གྱི་ཁོངས་སུ་ས་བཅད་ལྔ་གསུངས་པའི་གཉིས་པ་མཉམ་པར་བྱ་བའང་། དེ་ཡི་གཞི་དཀྱིལ་འཁོར་གྱི་ཚད་བསྟན་པ་དང་། དེ་ལ་ཇི་ལྟར་བྱ་བའོ། །དང་པོ་ལའང་། དྲང་དོན་ཕྱི་དཀྱིལ་ལྷག་པ་གཟུགས་བརྙན་གྱི་ཚད་དང་། ངེས་དོན་ནང་དཀྱིལ་ལྷག་པ་ཏིང་འཛིན་ནམ་མཆོག་དཀྱིལ་གྱི་ཚད་བསྟན་པའོ། །དང་པོ་ཆུང་བ་ལ་རྩ་བརྒྱུད་ལས། དེ་ལ་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་བྱ། །ཞེས་ལོག་རེ་ལ་ཁྲུ་གང་རེས་ཁྲུ་བཞི་པ་དང་། ལུས་གང་རེས་ལུས་བཞི་པ་གཉིས་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་བསྡུས་པ་ལྷ་བཅོ་བརྒྱད་པའི་བྲི་གཞི་དང་། ཡང་ན་ལུས་ནི་བཅུ་གཉིས་སམ། ཡང་ན་ཁྲུ་ནི་བཅུ་དྲུག་པ། ཞེས་པས་ངོས་རེ་ལ་འདོམ་གསུམ་གསུམ་བཅུ་གཉིས་པའམ། ངོས་རེ་ལ་ཁྲུ་གསུམ་གསུམ་བསྡུས་པའོ། །ངོས་རེ་ལ་ཁྲུ་བཞི་བཞི་པའམ། འདོམ་བཞི་བཞི་པ་སྟེ་བཅུ་དྲུག་པ་རྒྱས་བསྡུས་བཞི་ནི་ལྷ་བཞི་བཅུ་ཞེ་གཉིས་པའི་འབྲི་གཞིའོ། །ཉི་ཤུའམ་ཉི་ཤུ་རྩ་ལྔར་བྱ། ཞེས་པས་ཁྲུ་ཉི་ཤུ་ནི་ངོས་རེ་ལ་འདོམ་ལྔ་པ། ཉི་ཤུ་རྩ་ལྔ་ནི་ངོས་རེ་ལ་འདོམ་དྲུག་དང་ཁྲུ་གང་རེ་ཡོད་པ། དེ་གཉིས་སྒྱུ་འཕྲུལ་རྒྱས་པའི་བྲི་གཞི་སྟེ། དེ་དག་ཀྱང་ཚད་ནི་རྐྱེན་གྱིས་མ་ངེས་ཏེ། ཞེས་གསུངས་པས་གནས་ཁང་གི་ཡང་དོགས་དང་། སློབ་མའི་འདུ་བྱེད་ཆ་རྐྱེན་འབྱོར་པ་ཆེ་ཆུང་དང་། རྡོ་རྗེ་སློབ་དཔོན་ཕྱག་གཟོ་བ་མི་གཟོ་བ་ལ་ལྟོས་ནས་གསུངས་སོ། །གཉིས་པ་ནི་རྣལ་འབྱོར་པ་ཏིང་འཛིན་རྩལ་ཆུང་ན། གཞུ་འདོམ་ལྔ་བརྒྱ་སྟེ་རྒྱང་གྲགས་ཀྱི་ཚད་དང་། འབྲིང་ནི་དཔག་ཚད་ཀྱི་བར་དུ་ལྷས་གང་བར་བསྒོམ་པ་ནི་ཆོས་མཆོག་མན་དང་། དེ་ནས་སངས་རྒྱས་སྟོང་དང་། མཐོང་ལམ་པ་ཡན་གྱིས་ཉི་ཁྲི་བཞི་སྟོང་དང་། མཐར་ལམ་པའི་སློབ་དཔོན་གྱིས་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ནམ་མཁའ་ཁྱབ་པར་མཐའ་ཀླས་པ་སྲིད་དུ་བསྒོམ་པ་སྟེ། སློབ་དཔོན་དགོངས་པ་ཟབ་མི་ཟབ་དང་། སློབ་བུ་ལས་ཚབ་ཆེ་ཆུང་གི་དབྱེ་བས་ཕྱེ་ཞིང་སློབ་དཔོན་འཕགས་པས། དྲོད་ཐོབ་པའི་སློབ་མ་ལ་བསྐུར་བའི་དཀྱིལ་འཁོར་དུ་ཚད་རྒྱ་ཆེ་བ་ནི། སློབ་དཔོན་པདྨ་ཇོ་མོ་མཁར་ཆེན་བཟའ་ལ་རྡོ་རྗེ་ཕུར་པའི་དབང་བསྐུར་བ་དང་། སློབ་དཔོན་སངས་རྒྱས་གསང་བས་ཏི་སེར་མཚོ་མ་ཕམ་ལ་ཐིག་དོར་ནས་དཀྱིལ་འཁོར་རྒྱང་གྲགས་སུ་སྤྲུལ་ཏེ་སྒྱུ་འཕྲུལ་དུ་དབང་བསྐུར་བའི་ལོ་རྒྱུས་ལྟ་བུའོ། །དེ་ཡང་ལས་རིམ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པས། །བཞི་བཅུ་རྩ་གཉིས་གསུམ་འཕྲོ་ཞིང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་སོགས། །རྡོ་རྗེའི་ཐིག་ཚད་དོར་ཙམ་གྱིས། །རྒྱང་གྲངས་ལ་སོགས་མཚན་མ་ཡི། །དཀྱིལ་འཁོར་ཕྱག་རྒྱར་གསལ་ལྡན་པ། །ཏིང་འཛིན་ལྷག་པའི་གཟུགས་བརྙན་ཡིན། །ཞེས་གསུངས་སོ། །གཉིས་པ་ཇི་ལྟར་བྱ་བ་ནི། རྫས་དང་ཡོ་བྱད་ལ་གནམ་རྒྱན། བར་ལོགས་ཡོལ་བ་སོགས་ཆ་རྐྱེན་རྣམས་འདི་ནས་བསོགས། ཞག་གིས་བར་ཆོད་པ་ལ་བདག་གི་རྣལ་འབྱོར་བསྡུ་ལྡང་བཅས་ཟིན་ནས་གོ་མ་ཡེས་ཆགས་ཆགས་གདབ་པའི་སྔོན་དུ་རྡོར་དྲིལ་བྱིན་རླབས་བྱ་བར་གསུངས་པས། རྡོར་དྲིལ་མདུན་དུ་བཞག་སྟེ། བསང་ཆུས་འཐོར། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བ་ལ་ཀུན་ཏུ་བཟང་པོ། ཡར་རྭ་ལྔ་རྒྱལ་བ་རིགས་ལྔ། མར་གྱི་རཱ་ལྔ་རིགས་ཀྱི་ཡུམ་ལྔ། ཡས་མས་ཀྱི་པད་འདབ་སེམས་དཔའ་ཡབ་ཡུམ་བཅུ་དྲུག །དྲིལ་བུའི་ལྟེ་བ་དང་། པདྨའི་འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་རིགས་ཀྱི་ཡུམ་ལྔ། མཚམས་བཞིར་གསང་བའི་ཡུམ་བཞི། ཞལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ། རྩེ་མོའི་རྡོ་རྗེ་རིགས་ལྔ་ཡབ་ལྔའི་སྐུར་གྱུར། རྡོ་རྗེའི་རིགས་བདག་པོར་བྱས་པའི་ཤཱུ་ཱུནྱ་ཏཱ་ས་དབང་བསྐུར། གནས་ལྔ་བརློབ། བརྣན། དྭངས། བསྟིམ། བརྟན། ལས་ཀྱི་རྡོ་རྗེས་མཆོད་པའི་རྭ་བར་མཆོད་པ་བཀོད་པ་བཏེགས་ནས་ཕྱི་ནང་གིས་མཆོད། ཧཱུཾ་ཨཱ་ཞེས་བརྗོད་པས་ལྷ་རྣམས་འོད་དུ་ཞུ། རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔ་ཡི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་ངེས་ཤེས་བསྐྱེད། ལན་གསུམ་གསོར་ནས། ཐུགས་ཀར་རྡོ་རྗེ་བཟུང་བ་སྐུ་ཡི་དམ་ཚིག་ལ་དྲན་པ་བཞག་པས། ༀ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་གཙོ། །ༀ་བཛྲ་གཎྜེ། དྲིལ་བུ་འཁྲོལ་བ་གསུང་གི་དམ་ཚིག་གི། སྲིད་པ་ངོ་བོ་ཉིད་ཀྱི་བདག །རང་བཞིན་དུ་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་རྣམས། །དམ་པའི་སྲིད་པ་ཐོབ་པར་ཤོག །ཐུགས་ཀར་འཁྱུད་རྒྱ་བྱ་བ་ཐུགས་ཀྱི་དམ་ཚིག་གིས། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཐབས་དང་ཤེས་རབ་གཉིས་མེད་པ། །འཁོར་དང་མྱ་ངན་འདས་པ་ཡིས། །ཆོས་ལ་དེ་བཞིན་དབང་སྒྱུར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭཱ་བྷཱ་ཝཱཏྨ་ཀོ྅་ཧཾ། སྟེགས་བུ་ལ་ཐོད་པའི་ནང་དུ་རྫས་སུམ་ཅུ་པའི་གོ་མ་ཡོ་བྱ་སྟེ། ཕུང་ལྔ་དག་ཅིང་སྐུ་ལྔ་ཐོབ་པའི་ཕྱིར། འབྲས། མོན་སྲནསྡེེའུ་གྲོ་ནས། ཏིལ་དཀར་ཏེ་འབྲུ་ལྔ། དབང་པོ་ལྔ་དག་ཅིང་ཕྲིན་ལས་ལྔ་ཐོབ་པའི་ཕྱིར། ཙནྡ་དཀར་དམར་གཉིས། གུར་གུམ། གླ་རྩི། ཛ་ཏི་སྟེ་སྤོས་ལྔ། ཡུལ་ལྔ་དག་ཅིང་ཡོན་ཏན་ལྔ་ཐོབ་པའི་ཕྱིར། བྱེ་རུ། མུ་ཏིག །གསེར། དངུལ། ནོར་བུ་གསུངས་པས་དེའི་རྒྱུ་རིང་བསྲེལ་ལམ་ཡང་ན་ཨིནྜ་ནཱི་ལ་ལྟ་བུའི་རིན་པོ་ཆེ་དངོས་ཏེ་ལྔ། གཞན་སེལ་རྣམ་ཤེས་ལྔ་དག་ཅིང་། དོན་གཉེར་ཡེ་ཤེས་ལྔ་ཐོབ་པར་བྱ་བའི་ཡིར་ཆུའི་སྙིང་པོ་ལན་ཚྭ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཤིང་ཏོག་གི་སྙིང་པོ་བུ་རམ། རྩི་ཐོག་སྙིང་པོ་མར། འབྲུའི་སྙིང་པོ་ཨ་འབྲས་ཏེ་ལྔ། འདོད་ཡོན་ལྔ་དག་ཅིང་གསུང་ལྔ་ཐོབ་པར་བྱ་བའི་ཕྱིར། བྱ་ཀྲྀ་ཏེ་སྟ་ག་ཚེ་ར། སེང་ཀྲི་སྟེ་སེང་ཚོར། ཏ་པ་དེ་ཝ་སྟེ་ཆུ་དག་གྷྲི་ཏ་རི་དབང་ལག །ཀནྡ་ཀ་རི་སྟེ་སླེ་ཏྲེས་རྣམས་སམ། སྟག་ཚེར། སེང་ཚེར། པ་ར་སྟེ་ཤཱུ་དག །ཀནྟ་ཀ་རི་སྟེ་ཤུ་ཟུར། ཨ་པཱ་ར་ཛི་ཏ་སྟེ་སྙིང་ཞོ་ཤ་རྣམས་དང་། ཁམས་ལྔ་དག་པས་རིགས་ལྔ་ཐོབ་པར་བྱ་བའི་ཕྱིར། བྱང་སེམས་དཀར་དམར། དྲི་ཆུ་དྲི་ཆེན། ཤ་ཆེན་དང་བདུད་རྩི་ལྔ་དེ་དག་ཀྱང་སུམ་ཅུ་རབ་བསྙམས་བསྐམ་པར་བྱ། ཞེས་པ་ལྟར་སྦྱར་བའི་འདེ་གུས་འཐུག་སྲབ་གླང་ཀོ་ཙམ་དུ་བྱུགས་པར་བྱ་བ་གསུངས་པ་རྒྱ་གར་བས་དེ་ལྟར་མཛད་པའི་རྐྱང་ནུལ་གྱི་དོད་དེ་ངས་བོད་ཀྱི་ལག་ལེན་ལ་འཐོར་ཞིང་འདེབ་པ་ཙམ་མཛད་པས། དེ་ཡང་དང་པོར་རབ་གནས་བྱ་བ་ནི། བསངས་སྦྱངས། སྟོང་པའི་ངང་ལས་དམ་རྫས་ཀྱི་སྟེང་དུ། ཧཱུྃ་ཨཱོྂ་སྭཱྃ་ཨཱྃ་ཧཱ་ལས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དེ་བཞིན་གཤེགས་པ་ལྔ་རེ་ཡང་རིགས་ལྔའི་རང་བཞིན་དུ་འཆར་བར་གྱུར། ཤུ་ནྱཱ་ཏ་ས་བདག་པོར་བྱས་པའི་བསྐུར། རློབ། བརྣན། དྲངས། བསྟིམ། བརྟན། མཆོད་འབྲུ་ལྔ་བརྒྱ་རྩ་བཟླ། ཧཱུྃ་ཞེས་བརྗོད་པས་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་འཁྱིལ་པར་གྱུར། དེས་དཀྱིལ་འཁོར་གྱི་གཞིར་ཆག་ཆག་འདེབས་ཏེ། ༀ་ཨཱཿཧཱུཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ། ཅེས་གཡོན་བསྐོར་དུ་བྱའོ། ༈ །གསུམ་པ་ཚངས་ཐིག་ལའང་། ཡན་ལག་ཅན་ཐིག་གི་བྱ་བ་དང་། ཡན་ལག་དངོས་ལྷ་དང་བུམ་པ་སློབ་མ་ལྷག་པར་གནས་པའོ། །དང་པོ་ལ། རྒྱུ་གྲོགས་ཚད་གྲངས་རབ་གནས་དང་། གདབ་ཐབས་སྤྱོད་ལམ་བདུན་དུ་བཤད། དང་པོ་ལ་རྒྱུད་ལས། ཕུར་བུ་སྲད་བུ་ཚོན་ཕྱེ་དང་། ཞེས་པས། ཐིག་གི་དོན་མི་འགྱུར་བར་ཕྱེད་པ་ལ་བཤད་ཕྱིར་དེ་ཡི་རྒྱུ་འགྱིང་ཕུར་བསྐོར་ཕུར་གཉིས་དང་། སྲད་བུ་ཞེས་པས་ཡེ་ཐིག་གི་རྒྱུ་མེ་ཏོག་པད་མའི་རྩ་བ་ལས་བྱས་པའི་རྒྱུས་པའི་སྐུད་པ། དམ་ཚིག་གི་ཐིག་སྐུད་རས་བལ་དཀྲིས་པ་ལས་བྱས་པ་སྟེ། སྔ་མ་ལ་དཀར་སེར་དམར་ལྗང་མཐིང་སྟེ་ཁ་དོག་ལྔ་དང་། ཕྱི་མ་ལ་དཀར་དམར་མཐིང་གསུམ་དཔའ་བོའི་རིན་གྱིས་ཉོས་པའོ། །གཉིས་པ་ནི། རྒྱལ་རིགས་ཀྱི་བུ་མོ་ལོ་བཅུ་དྲུག་མ་ཡུམ་དུ་བྱིན་རླབས་པའམ། སློབ་མ་ལས་ཀྱི་རྡོ་རྗེ་ཡུམ་ཀུན་ཏུ་བཟང་མོར་མོས་པ་ལ། གསུམ་པ། རིང་ཐུང་འཛིན་པ་དེ་ཉིད་མ་གཏོགས་པ་དཀྱིལ་འཁོར་གྱི་ཉིས་འགྱུར་དང་། སྦོམས་སུ་སྒོ་ཡི་ཉི་ཤུའི་ཆའོ། །བཞི་པ་གོང་དུ་སོང་། ལྔ་པ་བསང་ཆུས་འཐོར། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཉི་ཟླའི་གདན་ལྔའི་སྟེང་དུ། རང་གི་ཐུགས་ཀ་ནས་ཧཱུཾ་ༀ་སྭཱ་ཨྃ་ཧཱ་རྣམས་འཕོས། ཡེ་ཤེས་ཀྱི་ཐིག་སྐུད་ལ་ཐིམ། དཔའ་བོ་འབྲུ་ལྔར་གྱུར། སླར་ཡང་ཉི་ཟླའི་གདན་གསུམ་གྱི་སྟེང་དུ་ཐུགས་ཀ་ནས་ༀ་ཨཱཿཧཱུྃ་འཕྲོས། དམ་ཚིག་གི་ཐིག་སྐུད་ལ་ཐིམ་ཡི་གེ་གསུམ་དུ་གྱུར། འོག་མིན་ནས་ས་བོན་གྱི་ཚོགས་བཀུག །སླར་ཡང་ཐུགས་ཀའི་འོད་ཀྱིས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་མདུན་མཁར་ༀ་བཛྲ་ས་མཱ་ཛཿ ཕྱི་ནང་གསང་བས་མཆོད། ཐིག་གི་སྲད་བུ་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། འབར་བའི་ལྟ་སྟངས་ནི་རྫིམ་བསྐྱོད་བཞིན་པར། རང་གི་མིག་གཉིས་ཛཿཡིག་ལས་སྐྱེས་པའི་ཉི་ཟླར་གྱུར། ༀ་དིཔྟ་དྲྀཥྛ་ཨངྐུ་ཤ་ཛཿ ནམ་མཁའི་དེ་བཞིན་གཤེགས་པ་ཐམས་ཅད་སྦྱོར་བར་མཛད་པར་གྱུར། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཡེ་ཤེས་ལྔའི་སྔགས་བརྗོད་དེ་རྣམས་ཀྱི་སྦྱོར་མཚམས་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་ཁ་དོག་ལྔ་འབར་བ། ཡི་གེ་འབྲུ་ལྔ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་བཅུར་གྱུར། སླར་ཡང་འོད་ཀྱིས་དེ་འདྲ་བ་སྤྱན་དྲངས། ༀ་བཛྲ་ས་མཱ་ཛ། བསྟན། དྲངས། བསྟིམ། ཕྱི་ནང་གསང་བས་མཆོད། གླུ་དྲུག་གིས་བསྟོད། ཡབ་ཡུམ་སྦྲེལ་བའི་སྔགས་ལན་བདུན་བདུན་གྱིས་བསྙེན། དེ་དག་ཞུ་བ་ལས། ཡེ་ཤེས་ལྔ་ཡི་འོད་ཀྱི་སྲད་བུར་གྱུར། སློབ་དཔོན་ཡབ་ཏུ་གསལ་བས་དཀྱིལ་འཁོར་གྱི་ཤར་དུ་ཞལ་གཟིགས། སློབ་མ་ཡུམ་དུ་གསལ་བས་ནུབ་བལྟས་སུ་བཞུགས། སློབ་དཔོན་ལ་སློབ་མས་ཐིག་སྐུད་ཕུལ། སློབ་དཔོན་གྱིས་རེ་རེ་ནས་ཡབ་ཀྱི་འབྲུ་ལྔ་བརྗོད་བཞིན་གཡས་སོར་གྱིས་སློབ་མ་ལ་གཏོད་པ། སློབ་མས་རེ་རེ་ནས་གཡོན་སོར་ལ་ཡར་བསྒྲིལ་ཏེ། ཧཱུྃ། མཐིང་ཀ། གུང་མོ། ཨཱོཾ། དཀར་པོ། མཛུབ་མོ། སྭཱ། སེར་པོ། སྲིན་ལག །ཨཱཾ། དམར་པོ། མཐེ་བོང་། ཧཱ། ལྗང་གུ། མཐེའུ་ཆུང་ལའོ། །ཡང་ཡུམ་གྱི་འབྲུ་ལྔ་བརྗོད་གྱིན་མར་འཁལ་སྟེ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ཡབ་ཡུམ་གཉིས་ཀའི་འབྲུ་བཅུ་བརྗོད་བཞིན་ཐམས་ཅད་གཅིག་ཏུ་འཁལ་ཏེ་གསེར་རམ་དངུལ་སྣོད་དུ་བཞག་གོ། །ཀཱ་ཡ་བཛྲ་སོགས་རྡོ་རྗེ་གསུམ་སྔགས་བརྗོད་པས། ནམ་མཁའི་དེ་བཞིན་གཤེགས་པ་རྣམས་ཀྱི་གནས་གསུམ་ནས་རྡོ་རྗེ་གསུམ་གྱི་རང་བཞིན་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། དམ་ཚིག་གི་ཐིག་སྐུད་སོ་སོ་ལ་ཐིམ། དེ་ཉིད་སྐུ་གསུང་ཐུགས་རྡོ་རྗེར་གྱུར། བསྣན། དྲངས། བསྟིམ། བརྟན། མཆོད། བདེ་གཤེགས་སྐུ་གསུང་ཐུགས་རྡོ་རྗེ་མི་ཤིགས་རྒྱལ་བའི་རྡོ་རྗེ་གསུམ། སྔགས་དང་ཕྱག་རྒྱར་ལྡན་པ་ཡི། རྡོ་རྗེ་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀཱ་ཡ་བཛྲ་སོགས་བསྙེན། ལྷ་དེ་དག་ཞུ་བ་ལས། སྐུ་གསུང་ཐུགས་ཀྱི་སྲད་བུར་གྱུར། སྔར་བཞིན་གནས་པས་འབྲུ་གསུམ་སློབ་མ་ལ་གཏད་དེ། ཨཱོཾ་དཀར་པོ། མཛུབ་མོ། ཨཱཿདམར་པོ། མཐེ་བོང་། ཧཱུྃ་མཐིང་ཀ །གུང་མོ་ལ་ཡར་འཁེལ། ཡང་ལན་གཅིག་གིས་མར་འཁེལ། ཡང་ལན་གཅིག་གིས་ཐམས་ཅད་འཁལ་བས་སྣོད་དུ་བཞག་གོ། །དྲུག་པ་ནི་སྐུད་པ་ཆད་ན་སློབ་དཔོན་འཆི། ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལས་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་ལྡན་སྒྲིམས་ཏེ་བྱ། །ཞེས་བཤད་པ་བཞིན་ཤེས་པས་ཡེ་ཐིག་གིས་གནས་ཐིག་འདེབས་པ་དང་། ལས་ཐིག་གིས་ས་ཐིག་འདེབ་པའོ། །དང་པོ་ནི། སློབ་དཔོན་ནུབ་ནས་ཤར་གཟིགས་དང་། སློབ་མ་ཞལ་ཤར་ནས་ནུབ་གཟིགས་ཀྱིས་ལྷ་ཡབ་ཡུམ་གྱི་ང་རྒྱལ་བྱ། ཛཿཛཿཛཿ ཞེས་ཡེ་ཤེས་ཐིག་སྐུད་སྨིན་མཚམས་སུ་བཟུང་ནས། ༀ། ཕྱོགས་བཅུ་མ་ལུས་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་མ་ལུས་ཀུན། །ཐིག་གི་སྒྲ་འདིས་བསྐུལ་ནས་ཀྱང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ༀ་བཛྲ་ས་མ་ཡ་མུ་ཏྲ་གྴ་མ་ཧཱུཾ་ཞེས་སམ་ༀ་བཛྲ་སཱུ་ཏྲས་མ་མ་ཏི་ཀྲ་མ་ཧཱུྃ་ཕཊ། ཅེས་སེ་གོལ་ནམ་མཁའ་ལ་གཏོགས་པ་བཅས་ཤར་ནུབ་ཚངས་ཐིག་དང་། སློབ་དཔོན་ལྷོར་གནས་ཏེ་བྱང་དུ་བལྟ་བས་སློབ་མས་རྒྱབ་འགྲོས་བྱ་བ་བཅས་ཚངས་ཐིག་གཉིས་པ་དང་། མེར་གནས་ཏེ་རླུང་དུ་བལྟ་བས་ཟུར་ཐིག་དང་པོ་དང་། བདེན་བྲལ་ནས་དབང་ལྡན་དུ་བལྟའ་བས་ཟུར་ཐིག་གཉིས་པ་དང་། མེར་གནས་ཏེ་བྱང་དུ་བལྟའ་བས་རྒྱབ་འགྲོས་བཅས་ཤར་གྱི་རྩ་ཐིག་དང་། རླུང་ནས་ལྷོར་བལྟའ་བས་རྒྱབ་འགྲོས་བཅས་ནུབ་ཀྱི་རྩ་ཐིག་དང་། སླར་ཡང་རླུང་ནས་ཤར་དུ་བལྟའ་བ་རྒྱབ་འགྲོས་བཅས་པས་བྱང་གི་རྩ་ཐིག་དང་། མེ་ནས་ནུབ་ཏུ་བལྟའ་བ་རྒྱབ་འགྲོས་བཅས་པས་ལྷོ་ཡི་རྩ་ཐིག་སྟེ་ཐིག་ཆེན་བརྒྱད་པོ་ནམ་མཁའ་གདབ་བོ་དེ་ཡི་ཚེ། ཐིག་སྐུད་ཀྱི་སྒྲས་འཇིག་རྟེན་ཁམས་ཀྱི་བདེ་བར་གཤེགས་པ་ཐམས་ཅད་ལ། ཁྱེད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ཡིན་ནོ་ཞེས་བསྐུལ་བས་ནམ་མཁས་ཁྱབ་ཚད་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ལྷུན་གྱིས་གྲུབ་པས་གང་བར་གྱུར། ཐིག་སྣོད་དུ་བཞག་གོ། །ཕྱོགས་མཚམས་འདི་དག་ཀྱང་ཕྱོགས་དཀྱིལ་འཁོར་དང་བསྟུན་ཏེ། རྣལ་འབྱོར་པའི་ཕྱོགས་དང་། འཇིག་རྟེན་པའི་ཕྱོགས་མ་ནོར་བ་དགོས་སོ། །གཉིས་པ་ནི། དམ་ཚིག་གི་ཐིག་དྲི་ཞིམ་པོའི་སྤོས་ཆལ་གྱིས་བྱུག་པས་ས་ལ་ཐིག་ཆེན་བརྒྱད་བཏབ་ནས། འགྱིང་ཕུར་ལྟེ་བར་བཙུག་ས་ལ་ཟླུམ་བསྐོར་སྐོར་བ་ནས་ཐིག་གི་ལས་ནི། ༀ་སྭཱ་སྟི། བླ་མ་རྡོ་རྗེ་སེམས་ལ་འདུད། །སྒྱུ་འཕྲུལ་ཞི་བ་འབྲིང་པོ་ཡི། །ཐིག་གི་རིམ་པ་བཤད་པར་བྱ། །སྟེགས་བུ་ཇི་ལྟར་མཚམས་པ་ཡི། །དབུས་མཐོ་མཐའ་གཞོལ་འཇོམས་ཞིང་སྙོམས། །ཤར་ལྷོ་ཤིན་ཏུ་གཞོལ་མི་བྱ། །ཚེ་དང་ནོར་ལ་གནོད་པ་ཡིན། །དེས་ན་ཀུན་ནས་གྲུ་བཞིར་བྱ། །སློབ་དཔོན་སློབ་མ་ནུབ་ཤར་དུ། །སྔར་བཞིན་གནས་ནས་སྟེགས་དེ་ལ། །དང་པོ་ཤར་ནུབ་ཚངས་ཐིག་གདབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དབུས་ནས་ཤར་ནུབ་ཚད་མཉམ་པའི། །མཚན་མ་བྱས་པ་བརྐྱང་བ་ཡི། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་གདབ། །དེ་བཞིན་ལྷོ་བྱང་ཚངས་ཐིག་ལའང་། །ཤར་ནུབ་ལྟ་བུའི་མཚན་མ་བྱ། །ཕྱོགས་བཞིར་མཚན་མའི་སྟེང་བཟུང་བས། །ཟུར་བཞིར་བྱ་རྗེས་མཚན་མ་བྱ། །དེ་སྟེང་ཟུར་ཐིག་གཉིས་པོ་གདབ། ༈ །ཀུན་ནས་གྲུ་བཞིར་གྱུར་དེ་ལ། །ཇི་ལྟར་ཤོང་བའི་ཟླུམ་བསྐོར་བྱ། །དེ་ནི་མེ་རིའི་ཕྱི་ཡིན་ནོ། །ལྟེ་བ་ནས་བཟུང་དེ་ཡི་བར། །ཟུར་ཐིག་སྟེང་ནས་ཨངྐུ་བཅས། །ཆ་ནི་བཅུ་དྲུག་དག་ཏུ་བགོ། །དེ་ཡི་བཅོ་ལྔ་མེ་རིའི་ནང་། །དེ་ཡི་ཆ་ཕྲན་གཅིག་དང་གཉིས། །སླར་ཡང་ཆ་ཕྲན་གཅིག་བཅས་པ། །རྡོ་རྭ་པདྨས་རྩིབས་རྟེན་བྲི། །བཅུ་གསུམ་ངོས་ན་མདའ་ཡབ་ཀྱི། །ལོགས་ཐིག་བཞི་པོས་གྲུ་བཞིར་བཅད། །མདའ་ཐིག་ནས་ནི་ལྟེ་བའི་བར། །ཆ་བཞིར་བགེགས་ལ་གསུམ་པོ་ནི། །ནང་གི་ལྷ་གནས་ཉིད་ཡིན་ནོ། །བཞི་པ་རྩ་ཐིག་ཉིད་ཤེས་བྱ། །མདའ་ཐིག་དང་ནི་རྩ་ཐིག་བར། །ཕྱེད་བགོས་ཆ་ཆེན་གཉིས་འབྱུང་ངོ་། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཆ་ཆེན་ཕྱི་མ་ཕྱེད་དུ་བགོ། །ཕྱི་མ་དེ་ཡང་ཕྱེད་དུ་བཅད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། ༈ །སྒོ་ཐིག་ཕྱིར་དུ་རྩ་ཐིག་ནས། །རྟ་བབ་ཕྱི་ཐིག་བར་དུ་ནི། །ཚངས་ཐིག་གཡས་གཡོན་ཆ་ཆེན་ནི། །གཉིས་གཉིས་ནང་མ་ཕྱེད་གདབ་ཅིང་། །ཕྱི་མ་ཕྱེད་གདབ་ཕྱི་མ་ནི། །ཆ་བཞིར་དགོས་པས་སྒོ་འཁྱུད་དང་། །སྒོ་འགྲམ་སྒོ་ལོག་མུན་པ་དང་། །ཀ་བ་ཀ་བའི་རྒྱན་རྣམས་འབྱུང་། །ཀ་བརྒྱན་མཐའ་རུ་ཆ་ཕྲན་བསྣན། ༈ །མདའ་ཡབ་ཕྱི་རོལ་རྟ་བབ་ལ། །སྣམ་བུ་བརྒྱད་མ་ཆ་ཆེན་གསུམ། །ནང་མ་གཉིས་པོ་བཞི་བཞིར་བགོ། །རྟ་བབ་སྣམ་བུ་བརྒྱད་ཡིན་ནོ། ། ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པདྨ་ཆོས་འཁོར་གདུགས་ཀྱི་ས། །རྟ་རྐང་ཀ་རྒྱན་མཐའ་དང་མཉམ། །ཆུ་སྐྱེས་དང་ནི་སྒྲོམ་བུ་གཉིས། །དེ་ལས་ཆ་ཕྲན་གཅིག་གི་རིང་། །ཟར་ཚགས་དེ་ལས་གཉིས་ཀྱི་ཐུང་། །སྣ་འཕྱོང་དེ་ལས་གཅིག་གི་རིང་། །ཆུན་འཕྱང་དེ་ལས་གཉིས་ཀྱིས་ཐུང་། །ཤར་བུ་དེ་ལས་གཅིག་གི་རིང་། །དེ་ལས་ཁྱུང་མགོ་གཅིག་ཕྱར་རོ། །པདྨ་འཁོར་ལོ་གདུགས་གསུམ་པོ། །རྒྱ་ཚད་ཆ་ཕྲན་གཉིས་རེ་སྟེ། །པདྨའི་གཡས་གཡོན་ཆ་ཕྲན་ཕྱེད། །དོར་སར་རི་དྭགས་རེ་རེ་བྲི། ༈ །བསིལ་ཁང་འཁྱོག་དགུ་བྱ་བའི་ཕྱིར། །སྣམ་བུ་དང་པོ་ཕྱེད་དང་བཞི། །གཉིས་པ་གསུམ་པ་དྲུག་དྲུག་གོ། །བཞི་པ་ལ་ནི་བཞི་ཉིད་དོ། །སྣམ་བུ་ལྔ་པ་ཆ་ཕྲན་གསུམ། །དྲུག་པ་དེ་ནི་ཚངས་རྩེར་སླེབ། །དེ་རྣམས་ཕྱི་རུ་ཕྱེད་རེ་བཅད། ༈ །གླང་རྒྱབ་མིག་གསུམ་བྱ་འདོད་ན། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱི་དབུས་མ་བསྐོར། །མུན་པ་པ་ཏིའི་ཕྱི་ཐིག་དང་། །ཚངས་ཐིག་འཇོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཉིས་ཀྱི་གཡས་གཡོན་བསྐོར། །དེ་རྣམས་ཕྱི་རུ་ཆ་རེ་བསྐོར། ༈ །འོག་བཞིའི་འཁོར་ལོ་བསྐོར་ཚུལ་ནི། །མདའ་ཐིག་ཟུར་ནས་ཆ་ཆེན་ཕྱེད། །དོར་བའི་ཟླུམ་བསྐོར་ནང་དུའང་། །ཆ་ཕྲན་བསྐོར་བ་རྩིབས་རྟེན་ཡིན། །རྩ་ཐིག་དང་ནི་སྒོ་ཁྱུད་ཐིག །འཛོམས་པ་ནས་བཟུང་རྩིབས་རྟེན་ལ། །རྩེ་རེག་གཡས་ནས་གཡོན་པ་བསྐོར། །གཡོན་ནས་གཡས་པ་བསྐོར་བར་བྱ། །འདི་ནི་རྡོར་སེམས་སྒྱུ་དྲྭའི་ལུགས། ༈ །ནང་གི་ལྟེ་བའི་ལྷ་གནས་ལ། །ཁྱམས་ཀྱི་ལྷ་སྣམ་ཆ་ཆེན་གཅིག །གློ་འབུར་ལ་ནི་ཆ་ཕྲན་ནོ། །དེ་ནང་གྲུ་ཆད་ཡང་པོ་འབྱུང་། །ཟུར་ཐིག་སྟེང་གི་ཨངྐུ་ལས། །ལྔ་སྟེང་རྡོ་རྗེའི་གདུང་ཟླུམ་བསྐོར། །གསུམ་སྟེང་ལྟེ་བའི་མུ་ཁྱུད་དེ། །གཉིས་ཀར་ཆ་ཕྲན་ནང་ཟླུམ་བསྐོར། །དེ་བར་ཐིག་རྩེ་འཛོམ་པ་ཡིས། །འཁོར་ལོ་རྩིབས་བཞིའི་རི་མོ་དབྱེ། །སྒོ་དང་རྟ་བབ་ལ་སོགས་པའི། །རི་མོ་རྣམ་པར་དབྱེ་བ་ཡིས། །དཔལ་ལྡན་སྒྱུ་འཕྲུལ་དཀྱིལ་འཁོར་འགྲུབ། །མཁས་པས་མ་ནོར་ཞིབ་མོའི་མིག །མཐོང་བ་བརྒྱུད་པ་གོམས་པ་གཅེས། །དགེ་འདིས་ལུས་ཅན་མཐའ་ཀླས་པ། །སྟུག་པོ་བཀོད་པ་ཉིད་འགྲུབ་ཤོག །དེ་ཡི་ཚེའང་ཐིག་སྐུད་མི་འགོང་བར་གལ་ཆེ་ཞིང་། འགོང་དགོས་པ་བྱུང་ཚེ་ཧྲཱིཿཞེས་སྒྲ་རིང་པོ་དང་། འདེགས་པའི་རྒྱས་ནམ་མཁར་བཏེགས་པའི་འོག་ཏུ་འཛུལ་བར་མོས་ཏེ། རབ་གནས་ལྡན་པའི་ཐིག་འགོང་ན། བདེ་གཤེགས་བསྐུར་བ་བཏབ་དང་མཚུངས། །ཧྲཱིཿསྒྲའི་ཕྱག་རྒྱས་འཛུལ་བར་བྱ། ཞེས་གསུངས་སོ། །སློབ་དཔོན་རྡོར་དྲིལ་ཐོགས་ཤིང་པད་ཀོར་དང་བཅས་ཏེ་ལྷ་ཡི་ང་རྒྱལ་གྱིས་གཡས་རྡོ་རྗེ་ཐུགས་ཀ་དང་གཡོན་དྲིལ་བུ་དཀུར་བརྟེན་པས་ཧྲཱིཿཧྲཱིཿཞེས་བརྗོད་ལ་སྒོ་རྣམས་བྱེ་བར་བསམ་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་སུ་གྱུར་པ་ཐམས་ཅད་དབྱེའོ། །ཞེས་དྲི་བཟང་གི་ཆུས་སྒོ་ཁང་ཀྱི་རྩ་ཐིག་ཕྱིས་ལ། སླར་ཡང་ཐིག་སྐུད་ལ་མཆོད་ནས། བཛྲ་མུཿ ཞེས་ཐིག་སྐུད་ཀྱི་ཡེ་ཤེས་པ་ནམ་མཁར་གཤེགས། གཉིས་པ་ལ་གསུམ་ལྷ་དང་། བུམ་པའི་སྟ་གོན། སློབ་མ་ལྷག་གནས་སོ། །དང་པོ། གོང་གིས་བཟུང་བའང་འདི་ཉིད་དེ་དྲི་བཟང་གི་ཆུས་གཙོ་བོའི་གནས་སུ་གྲུ་བཞི། འཁོར་གནས་སུ་ཟླུམ་པོ་བྱས་ཏེ་འབྲས་སམ་ནས་མར་ལས་བཅོས་པའི་ཚོམ་བུ་བཀོད་དེ། ཧཱུྃ་བཛྲ་དྷྲཱིཀ྄ །མཱུྃ་དྷྭ་ཏྭེ་ཤྭ་རི། པཱྃ་པདྨ་མཎྜལ། ཨ་ཙནྜ་མཎྜལ། མ་སུརྻ་མཎྜལ་ཧཱུྃ། ཀ་ཡ་ཝཀ྄་ཙིཏྟ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། འཁོར་སྔགས་ཚང་མ་ལའང་ཀཱ་ཡ་སོགས་ཀྱི་སྔགས་དེ་བཏགས་པས་བཀོད། ལྷ་གྲངས་དང་མཉམ་པའམ་ཕྱོགས་བཞིར་མཆོད་པ་ཆ་བཞི། རྩ་མཆོད་དང་ལྔའམ། རྩ་མཆོད་ལྟར་མཆོད་པ་ཆ་ལྔ་ལྔར་འགོད། དེ་དག་ཀྱང་གནས་སོ་སོ་ནས་མ་འཁྲུལ་པར་བྱ་ཞིང་མཐར་གོང་གི་གསལ་གདབ་པའི་ཚིག །ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། སོགས་ནས། བཙལ་ཀྱང་རྒྱལ་བས་མི་མཉེས་སོ། །ཞེས་དང་། ཨེ་མ་ཧོ། ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། །སོགས་ནས། བཙལ་ཀྱང་རྒྱལ་བས་མི་མཉེས་སོ། །ཞེས་དང་། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །སོགས་ནས། འདུལ་བ་བཞི་ཡིས་འགྲོ་དོན་མཛད། །ཅེས་བརྗོད་དེ་རང་གི་རྡོ་རྗེའི་ལུས་དང་། དེའི་རྩ་ཐིག་རླུང་གསུམ་གྱི་ཆོ་འཕྲུལ་དུ་ཤར་བའི་ཕྱི་ནང་སྣོད་བཅུད་འཁོར་འདས་དག་མ་དག་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་རྩལ། ཆོས་ཉིད་དོན་གྱི་ལྷར་གནས་པའི་བྱིན་རླབས་ཆོས་ཅན་ལྷ་ཡི་དཀྱིལ་འཁོར་དུ་ཡེ་གདོད་མ་ནས་གནས་པའི་ལྷ་དོན་དྲན་པས་ངེས་ཤེས་བསྐྱེད། སླར་ཡང་ནམ་མཁར་བཏེགས་པའི་ལྷ་རྣམས་དེ་ལ་ཐིམ། ཛ་ཧཱུྃ་བཾ་ཧོ། ཕྱི་ནང་གི་མཆོད་པ་དང་། གླུ་དྲུག་གིས་བསྟོད་ནས། མཆོད་པ་རྙིང་པ་དག་བརྗེ། གཉིས་པ་ནི། ཤོམ ས་དང་། རབ་གནས་སོ། །དང་པོ་བཤད་རྒྱུད་རོལ་པ་ལས། རིན་ཆེན་སྣ་ཚོགས་རྒྱུ་ལས་བྱུང་། །ཁ་དོག་དབྱིབས་དང་རྒྱན་ལྡན་པའི། །དཀྱིལ་འཁོར་ཕོ་བྲང་བཟང་པ་ཉིད། །འབྲུ་ལྔ་སྤོས་ལྔ་སྙིང་པོ་ལྔ། །རིན་ཆེན་སྣ་ལྔ་སྨན་ལྔ་དག །ཉེ་བར་སྦྱར་བས་སྔགས་ཀྱི་མཆོད། །ཁ་རྒྱན་འགུལ་ཆིངས་བཟུངས་ཐག་བཅས། །ལྔའམ་བཅུ་གཉིས་ཉི་ཤུ་གཅིག །རིགས་ཀྱི་མཚན་མ་གྲངས་བཞིན་བྱ། །ཞེས་གསུངས་པས་གསེར་དངུལ་ཟངས་གསུམ་གང་རུང་ལས་གྲུབ་པའི་བུམ་པ་མི་གནག་ཅིང་། གསུས་པ་ཆེ་བ་ལྷུང་བཟེད་ཀྱི་དབྱིབས་ལྟ་བུ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ཞབས་ཞུམ་པ་ཚད་དང་མཚན་ཉིད་རྫོགས་པ་ལྷ་ཡི་གྲངས་དང་མཉམ་པ་སྟེ་ཡབ་ཡུམ་དབྱེར་མེད་དམ་རེ་རེར་བཅས་པས། ཉེར་ལྔའམ། ཉེར་གཅིག །བཅུ་གཉིས། དེ་དག་ཀྱང་བསྡུས་ན། རྡོ་རྗེ། དེ་བཞིན་གཤེགས་པ་རིན་པོ་ཆེ། པདྨ། ལས་ཏེ་རིགས་ལྔའི་བུམ་པ་ལྔ། དབུས་སུ་བུམ་གདན་དང་དྲུག །ལས་ཐམས་ཅད་པའི་བུམ་པ་སྟེ་བདུན་ནམ། བུམ་གདན་ཕྲི་བའི་བུམ་པ་དྲུག་ཤིན་ཏུ་མ་འཛོམ་ན་རྣམ་པར་རྒྱལ་བ་དང་ལས་བུམ་གཉིས་ཏེ་གང་ཡང་གཙང་ཞིང་དག་པར་བྱས་ལ། སུམྦྷ་ནིས་ཡུངས་དཀར་བྲབ་སྟེ་བགེགས་བསྐྲད། ཧཱུྃ་གི་གླུ་ལེན་པ་བཅས་གུ་གུལ་གྱིས་བདུག་སྟེ་སྐྱོན་མེད་པར་བྱ། བསངས་ཆུའི་སྔགས་བཟླ་ཞིང་དྲི་བཟང་དང་བསང་ཆུ་སྦྱར་བས་བྱུགས། ཀུན་བཟང་ཡབ་ཡུམ་གྱི་སྔགས་བཟླ་བཞིན་དུ་ཆུ་གཙང་སྲོག་ཆགས་མེད་པས་སུམ་གཉིས་པར། བཀང་བའི་ནང་དུ་རྫས་སུམ་ཅུ་སོ་སོར་རམ་ཅིག་ཆར་དུ་འདེབས་ཏེ་རིགས་ལྔ་ཡབ་ཡུམ་གྱི་སྔགས་བརྗོད། ཕྱོགས་མདོག་ནི་ན་བཟའ་དང་མགུལ་ཆིངས་སེམས་དཔའ་ཡབ་ཡུམ་སྔགས་ཀྱིས་དཀྲི། ཡལ་ག་ལོ་མ་འབྲས་བུར་བཅས་པའི་ཤིང་གིས་སམ། གཙང་མའི་རྩྭ་ཀུ་ཤས་ཁ་རྒྱན་སྒོ་བ་ཡབ་ཡུམ་སྔགས་ཀྱིས་འཛུགས། རྡོ་རྗེ་རྩེ་དགུ་ལ་མེ་ཏོག་གི་ཕྲེང་བ་སྐུད་པ་ཁ་དོག་ལྔ་ལྡན་གྱིས་བསྒྲིལ་བའི་གཟུངས་པ་ཐག་ཐུབ་དྲུག་གི་སྔགས་ཀྱིས་བཞག །ཡི་གེ་བརྒྱ་པའི་སྔགས་བཟླ་ཞིང་མཚན་མ་འདོགས་ཏེ། ལྷ་གྲངས་དང་མཉམ་པའི་བུམ་པ་ལ་ནི་སྒྲུབ་ཐབས་ཀྱི་ཐུགས་ཕྱག་མཚན་བསྐྱེད་པ་ནས་འབྱུང་བའི་ཕྱག་མཚན་སོ་སོ་མ་ནོར་བར་འདོགས། དཀྱིལ་འཁོར་གྱི་ཚོམ་བུའི་ལྷ་གསན་ལྟར་བཀོད། ཉེར་གཅིག་པ་ལ་ལས་བུམ་མ་གཏོགས་པའི་ཕྱོགས་བཞིར་བཞི་པ་ཞི། དབུས་སུ་བཞི་སྟེ་རང་མཚན་དང་། བཅུ་གཉིས་པ་ལས་བུམ་ཟུར་དུ་ཕྱི་བའི་ཕྱོགས་རེར་གཉིས་གཉིས་དང་། ལྔ་པ་ལ་ཤར་དུ་འཁོར་ལོ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རྒྱ་གྲམ་མ་མ་རལ་གྲི། དབུས་སུ་རྡོ་རྗེ་རྣམས་དང་། བུམ་པ་གཅིག་ཡིན་ན་དེ་ཐམས་ཅད་ཀྱི་མཚན་མ། ལས་ཐམས་ཅད་ཀྱི་བུམ་པར་སྣ་ཚོགས་རྡོ་རྗེ་རྣམས་བཀོད་ལ་དེ་དག་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་ཀུ་ཤའི་གདན་ལ་གནས་མ་འཆོལ་བར་བཞག །མཆོད་པ་ལྷ་གྲངས་མཉམ་པའམ། ཤར་དུ་ཆུ་བརྒྱད་ལྷོ་ཡི་ཆར། །མེ་ཏོག་བཞི་དང་ལྷོ་ནུབ་ཏུ། །སྤོས་བཞི་ནུབ་ཏུ་མར་མེ་བཞི། །ནུབ་བྱང་ངོས་སུ་དྲི་ཆབ་བཞི། །བྱང་དུ་ཞལ་ཟས་རྣམ་པ་བཞི། །བྱང་ཤར་མཚམས་འཛིན་མེ་ཏོག་བཞི། །དེ་དག་ཤར་དུ་གཏོར་མ་དང་། །སློབ་དཔོན་མདུན་དུ་སྨན་རྣམས་བཀོད། །མདུན་དུ་ཐོད་པའི་ནང་དག་ཏུ། །སྔར་གྱི་ཆག་ཆག་བཏབ་པའི་ལྷག །དྲི་བཟང་སུམ་ཅུའི་རྫས་ལྡན་བླུགས། །དེ་ནི་འོད་ཞུ་འབུལ་བའི་ཆབ། །སྒྲུབ་ཐབས་ནས་འབྱུང་བའི་མཆོད་པ་བྱིན་རླབས་བྱ། གཉིས་པ་ནི་བུམ་པ་རྒྱས་འབྲིང་ལ་རིམ་གྱིས་བསྐྱེད་པ་དང་། བུམ་པ་བསྡུས་པ་ལ་ཅིག་ཆར་དུ་བསྐྱེད་པའོ། །དང་པོ་ནི། འོག་ཏུ་འབྱུང་བའི་བུམ་པ་བསྐྱེད་པ་ཟིན་ནས། དེ་འདྲའི་བུམ་པ་ཉེར་ལྔ་པའི། །དང་པོའི་ནང་དུ་པད་ཟླ་ཉི་མ་རིན་པོ་ཆེ་སེང་གེས་བཏེགས་པའི་ཁྲིལ། ཧཱུྃ་བཛྲ་དྷྲཱིཀ྄ །མཱུྃ་དྷཱ་ཏེ་ཤྭ་རི། བཅོམ་ལྡན་འདས་དཔལ་ཐུགས་སྒྱུ་འཕྲུལ་དྲྭ་བ་སོགས་ནས། སྐྱིལ་ཀྲུང་གིས་འཁྲིལ་བའོ། །བུམ་པ་གཉིས་པའི་ནང་ནས་ལྔ་པའི་བར་དུ། གླང་རྟ་རྨ་བྱ་མཁའ་ལྡིང་གིས་བཏེགས་པའི་ཁྲི་པད་ཉི་ཟླ་བ་ལྔ་བརྩེགས་ཀྱི་ཤར་བུམ་དུ། ༀ་ཛི་ན་ཛིཀ྄ །ལྃ་དྭཻ་ཥ་ར་ཏི། གཟུགས་ཕུང་དང་གཏི་མུག་ནས་འཛིན་པ། སྭཱ་རཏྣ་དྷྲཱིཀ྄ །མྃ་མོ་ཧ་ར་ཏི། ལྷོ་བུམ་དུ། ཚོར་ཕུང་དང་། སོགས་རཱ་ག་ར་ཏི། ནུབ་བུམ་དུ། འདུ་ཤེས་ཀྱི། སོགས། བཛྲ་ར་ཏི། བྱང་བུམ་དུ། འདུ་བྱེད་ཀྱི་ཕུང་པོ་དང་སོགས་ནས། ཡབ་ལ་གཟིགས་པའོ། །བུམ་པ་དྲུག་པ་ནས་བཅུ་གསུམ་པའི་བར་གྱི་ནང་དུ་ཁྲི་ཆུང་པད་ཉི་ཟླ་བ་བཞི་བརྩེགས་རེ་ལ། ཕྱོགས་བཞིར་ནང་སེམས་བཞི་ནི་ནས། དོན་ཡོད་གྲུབ་པའི་ཐུགས་དང་སྐུ་ལས་སྐྱེས་པ། མཚམས་བཞིར་ཕྱི་སེམས་བཞི་ནི་ནས། མངོན་པར་བྱང་ཆུབ་པའི་སྐུའོ། །བུམ་པ་བཅུ་བཞི་པ་དང་། བཅོ་ལྔ་པ་ཤར་ནུབ་ཏུ་གནས་པའི་ནང་པད་ཉི་ཟླ་བ་སུམ་བརྩེགས་ཀྱི་གདན་ལ། རྟོག་ཚོགས་རྒྱལ་བའི་དཀྱིལ་འཁོར་དུ་ཤར་བས་སོགས། ནུབ་ཏུ་གཟིགས་པ། ཆོས་འདུས་བྱས་དང་། སོགས་ནས། ཆོས་ཀྱི་སྐུའོ། །བུམ་པ་བཅུ་དྲུག་པ་ནས་ཉེར་གཅིག་པའི་བར་གྱི་ནང་དུ་པད་རྐྱང་རེ་ལ་ཐུབ་དྲུག་ནི། ༀ་མུ་ནི་ཀྲིཾ་སྭཱ་ཧཱ། སོགས་ནས། སྤྲུལ་པའི་སྐུའོ། །བུམ་པ་ཉེར་གཉིས་ནས་ཉེར་ལྔ་པའི་བར་གྱི་ནང་དུ་ཉི་རྐྱང་རེ་ལ་སྒོ་བ་བཞི་ནི། ཧཱུྃ་ཡ་མཱནྟ་ཀྲྀཊ་ཕཊ། སོགས་ནས། ཤར་སྒོ་སོགས་ལ། ཤར་བུམ་ཐ་མར། ཞེས་སོགས་བསྒྱུར་བས། རོལ་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། དེ་ཐམས་ཅད་རྡོ་རྗེའི་སྐུའོ། །ལས་ཐམས་ཅད་པའི་བུམ་པར། ཞེས་སྒྲེལ། ཉེར་གཅིག་པ་དང་བཅུ་གཉིས་པ་ནི། ལྔ་པ་དང་ཕལ་ཆེར་མཚུངས་ཏེ་ལག་ལེན་མཛད་པ་ཉུང་བས་མ་བཀོད་དེ། འབྲིང་པོ་ལྔ་པའི་ལུགས་ལ་རྟེན་བུམ་པ་བསྐྱེད་པ་དང་། བསྟེན་པ་ལྷ་བསྐྱེད་པའོ། །དང་པོ་ནི། ༀ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ། ཅེས་བསངས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ཞབས་ཞུམ་པ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་ཆིངས་དང་། དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་སྙིང་པོ་ཐམས་ཅད་ཀྱིས་ཡོངས་སུ་གདབ། ༀ་ཏ་པྟེ་ཏ་པྟེ་མ་ཧཱ་ཏ་སྟེ་སྭཱ་ཧཱ། ལ་ཡི་ཆུ་བོ་གངྒཱ་དལ་གྱིས་འབབ་པས་ཡོངས་སུ་གང་བར་གྱུར། གཉིས་པ་ནི། དེ་འདྲའི་བུམ་པ་ལྔ་ཡི་དབུས་མའི་ནང་དུ་སེང་ཁྲི་པད་ཉི་ཟླ་བ་ལྔ་བརྩེགས་དང་། པད་ཉི་ཟླ་བ་སུམ་བརྩེགས་གཉིས་དང་། པད་རྐྱང་དྲུག་ལ་རིམ་པ་བཞིན། ཧཱུྃ་བཛྲ་དྷྲཱིཀ྄ །མཱུྃ་དྷཱ་ཏི་ཤཱ་རི། ཀུན་བཟང་ཡབ་ཡུམ་དང་། ཐུབ་དྲུག་གི་སྔགས་བརྗོད་ལ། དབུས་སུ་མི་བསྐྱོད་རྡོ་རྗེ་མཐིང་། །དབུ་གསུམ་མཐིང་དཀར་དམར་བའི་ཞལ། །ཕྱག་དྲུག་གཡས་གསུམ་རྡོ་རྗེ་དང་། །འཁོར་ལོ་རིན་ཆེན་འབར་བ་བསྣམས། །དྲིལ་བུ་པདྨ་རལ་གྲི་གཡོན། རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་སྦྱོར། །དེ་ཡི་ནུབ་དང་ཤར་དག་ཏུ། །ཀུན་བཟང་མཐིང་ཀ་རྡོ་རྗེ་འཛིན། །བཟང་མོ་དཀར་མོ་ཆོས་འབྱུང་ཕྱག །ཤར་ལྷོ་བྱང་ལྷོ་ནུབ་བྱང་དང་། །ལྷོ་ནུབ་བྱང་ཤར་ཕྱོགས་རྣམས་སུ། །བརྒྱ་ཕྱིན་དཀར་པོ་པི་ཝང་འཛིན། །ཤཱཀ་ཐུབ་སེར་པོ་སྤར་བསྲེག་བསྣམས། །དམ་བརྟེན་དམར་པོ་གླེགས་བམ་འཛིན། །ཁ་འབར་ལྗང་གུ་ཞལ་ཟས་བསྣམས། །ཐག་བཟང་སྔོན་པོ་གོ་ཆ་འཛིན། །ཆོས་རྒྱལ་ནག་པོ་མེ་ཆུ་བསྣམས། །དེ་རྣམས་མི་བསྐྱོད་ཅོད་པན་ཅན། །ཤར་བུམ་དུ་གླང་པོ་ཆེའི་ཁྲི་པད་ཉི་ཟླ་བ་ལྔ་བརྩེགས་དང་། ཁྲི་ཆུང་པད་ཉི་ཟླ་བ་སུམ་བརྩེགས་གཉིས། ཉི་རྐྱང་བཅས་པའི་གདན་ལ། ༀ་ཛི་ན་ཛིཀ྄ །ལྃ་དྭཻ་ཥ་རཱི་ཏི། ས་སྙིང་ཡབ་ཡུམ་དང་བྱམས་པའི་སྔགས་ཡབ་ཡུམ། གཤིན་རྗེ་གཤེད་ཡབ་ཡུམ་བཅས་པའི་སྔགས་བརྗོད། དེ་དབུས་རྣམ་པར་སྣང་མཛད་དཀར། །དབུ་གསུམ་དཀར་མཐིང་དམར་བའི་ཞལ། །ཕྱག་དྲུག་གཡས་གསུམ་འཁོར་ལོ་དང་། །རྡོ་རྗེ་རིན་ཆེན་འབར་བ་བསྣམས། །དྲིལ་བུ་པདྨ་རལ་གྲི་གཡོན། །སངས་རྒྱས་སྤྱན་དང་གཉིས་མེད་འཁྲིལ། །ས་སྙིང་དཀར་མོ་ལ་སེ་ཡུམ། །མྱུ་གུ་དྲིལ་འཛིན་རྡོ་རྗེ་བསྣམས། །བྱམས་པ་དཀར་མོ་དྷཱུ་པེ་ཡུམ། །ཀླུ་ཤིང་དྲིལ་འཛིན་བདུག་སྤོས་བསྣམས། །གཤིན་རྗེ་མཐིང་ནག་འཛིན་གྱེད་ཡུམ། །ཐོད་དབྱུག་དུག་ཁྲག་ལྕགས་ཀྱུ་བསྣམས། །དེ་རྣམས་རྣམ་སྣང་ཅོད་པན་ཅན། ༈ །ལྷོ་བུམ་དུ་རྟ་མཆོག་ཁྲི་པད་ཉི་ཟླ་བ་ལྔ་བརྩེགས་དང་། ཁྲི་ཆུང་པད་ཉི་ཟླ་བ་སུམ་བརྩེགས་གཉིས། ཉི་རྐྱང་བཅས་པའི་གདན་ལ། སྭཱ་རཏྣ་དྷྲིཀ྄ །མཱྃ་མོ་ཧ་ར་ཏི། ནམ་སྙིང་ཡབ་ཡུམ། སྒྲིབ་སེལ་ཡབ་ཡུམ། སྟོབས་པོ་ཆེ་ཡབ་ཡུམ་རྣམས་སྔགས་བརྗོད། དེ་དབུས་རིན་ཆེན་འབྱུང་ལྡན་སེར། །དབུ་གསུམ་སེར་དཀར་དམར་བའི་ཞལ། །ཕྱག་དྲུག་གཡས་གསུམ་རིན་ཆེན་དང་། །རྡོ་རྗེ་རྩེ་ལྔ་འཁོར་ལོ་བསྣམས། །དྲིལ་བུ་པདྨ་རལ་གྲི་གཡོན། །མཱ་མཱ་ཀི་དང་གཉིས་མེད་འཁྲིལ། །ནམ་སྙིང་སེར་པོ་མཱ་ལྱཻ་ཡུམ། །རལ་གྲི་དྲིལ་འཛིན་ཕྲེང་བ་བསྣམས། །སྒྲིབ་སེལ་སེར་པོ་པུཥྤེ་ཡུམ། །འཁོར་ལོ་དྲིལ་འཛིན་མེ་ཏོག་བསྣམས། །སྟོབས་ཆེན་སེར་ནག་འདྲེན་བྱེད་ཡུམ། །རྡོར་དབྱུག་ཐོད་ཁྲད་ཞགས་པ་འཛིན། །དེ་རྣམས་རིན་འབྱུང་ཅོད་པཎ་ཅན། ༈ །ནུབ་བུམ་དུ་རྨ་བྱའི་ཁྲི་པད་ཉི་ཟླ་བ་ལྔ་བརྩེགས་དང་། ཁྲི་ཆུང་པད་ཉི་ཟླ་བ་སུམ་བརྩེགས་དང་ཉི་རྐྱང་བཅས་པའི་གདན་ལ། ཨཱོཾ་ཨ་རོ་ལིཀ྄ །པྃ་ར་ག་ར་ཏི། ཀུན་བཟང་ཡབ་ཡུམ་སྤྱན་གཟིགས་ཡབ་ཡུམ་རྟ་མགྲིན་ཡབ་ཡུམ་བཅས་པའི་སྔགས་བརྗོད། དེ་དབུས་སྣང་བ་མཐའ་ཡས་དམར། །དབུ་གསུམ་དམར་དཀར་མཐིང་ནག་ཞལ། །ཕྱག་དྲུག་གཡས་གསུམ་པདྨ་དང་། །རྡོ་རྗེ་རྩེ་ལྔ་འཁོར་ལོ་འཛིན། །དྲིལ་བུ་རིན་ཆེན་རལ་གྲི་གཡོན། །གོས་དཀར་མོ་དང་གཉིས་མེད་འཁྲིལ། །ཀུན་བཟང་དམར་མོ་དཱི་པཱྃ་ཡུམ། །སྙེ་མ་དྲིལ་འཛིན་མར་མེ་བསྣམས། །སྤྱན་གཟིགས་དམར་མོ་གིརྟི་ཡུམ། །པདྨ་དྲིལ་འཛིན་པི་ཝཾ་བསྣམས། །རྟ་མགྲིན་དམར་ནག་འཆིང་བྱེད་ཡུམ། །བེ་ཅོན་དུང་ཁྲག་ལྕགས་སྒྲོག་བསྣམས། །དེ་རྣམས་སྣང་མཐའི་ཅོད་པཎ་ཅན། ༈ །བྱང་བུམ་དུ་ནམ་མཁའ་ལྡིང་གི་ཁྲི་པད་ཉི་ཟླ་བ་ལྔ་བརྩེགས་དང་། ཁྲི་ཆུང་པད་ཉི་ཟླ་བ་སུམ་བརྩེགས་དང་། ཉི་རྐྱང་བཅས་པའི་གདན་ལ། ཧཱ་པྲ་ཛྙཱ་དྷྲིཀ྄ །ཏཱྃ་བཛྲ་ར་ཏི། ཕྱག་རྡོར་ཡབ་ཡུམ། འཇལ་དཔལ་ཡབ་ཡུམ། བདུད་རྩི་འཁྱིལ་པ་ཡབ་ཡུམ་རྣམས་ཀྱི་སྔགས་བརྗོད་ལ། དེ་དབུས་དོན་ཡོད་གྲུབ་པ་ལྗང་། །དབུ་གསུམ་ལྗང་དཀར་དམར་བའི་ཞལ། །ཕྱག་དྲུག་གཡས་གསུམ་རལ་གྲི་དང་། །རྡོ་རྗེ་རྩེ་ལྔ་འཁོར་ལོ་འཛིན། །དྲིལ་བུ་རིན་ཆེན་པདྨ་གཡོན། །དམ་ཚིག་སྒྲོལ་མ་གཉིས་མེད་འཁྲིལ། །ཕྱག་རྡོར་ལྗང་ཀུ་ནིརྟི་ཡུམ། །རྡོ་རྗེ་དྲིལ་འཛིན་ཞལ་ཟས་བསྣམས། །འཇམ་དཔལ་ལྗང་ཀུ་གནྡྷེ་ཡུམ། །ཨུཏྤལ་དྲི་འཛིན་དྲི་ཆབ་བསྣམས། །བདུད་རྩི་ལྗང་ནག་བརླག་བྱེད་ཡུམ། །རྒྱ་གྲམ་ཐོད་ཁྲག་དྲིལ་བུ་འཛིན། །དེ་རྣམས་དོན་གྲུབ་ཅོད་པཎ་ཅན། ༈ །ལས་ཐམས་ཅད་པའི་བུམ་པ་སྣ་ཚོགས་རྡོ་རྗེས་མཚན་པའི་ནང་དུ་ཉི་གདན་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། ཧཱུྃ་བིགྷྣཱནྲ་ཏ་ཀྲྀཏྲ་ཕཊ། ཁྲོ་བོ་མི་འཆི་ཐབ་སྦྱོར་ལྗང་ནག་ལ། རྒྱ་གྲམ་དྲིལ་བུ་འཛིན་ཅིང་ཁྲོ་ཆས་རྫོགས། །དབུ་སྐྲ་དམར་སེར་རབ་འབར་གྱད་འདོར་སྟབས། །ཉི་མའི་གདན་ལ་འགྱིང་ཞིང་རོལ་པའོ། །རྣམ་བུམ་རྣམས་ལ་ལྔ་ཚན་ལྔས་བསྐུར། ལས་བུམ་ལས་རིགས་བདག་པོར་བྱས་པའི་རིགས་ལྔས་དབང་བསྐུར། གནས་ལྔ་བྱིན་གྱིས་བརླབ་བོ། །སྙན་བསྣན། དྲངས། བསྟིམ། བརྟན། ཕྱི་ནང་གསང་གསུམ་གྱིས་མཆོད། ཞི་བའི་གླུ་དྲུག་གིས་བསྟོད། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་སླད། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བསྙེན་པ་འོག་ནས་འབྱུང་བས་འབུལ། གཉིས་པ་བསྡུས་པ་ནི། བསྐྱེད་ཆོག་གོང་ལྟར་ལ། ཡོངས་སུ་གང་བར་གྱུར། དེ་དབུས་སེང་གླང་རྟ་རྨ་བྱ། །མཁའ་ལྡིང་ཁྲི་པད་ཉི་ཟླ་ལྔ། །རིན་ཆེན་ཁྲི་པད་ཉི་ཟླ་བརྒྱད། །པད་ཉི་ཟླ་བ་སུམ་བརྩེགས་གཉིས། །པད་རྐྱང་དྲུག་དང་ཉི་རྐྱང་བཞི། །རང་རང་ལྷ་ཡི་གདན་གྱི་སྟེང་། །ཧཱུྃ་ཨཱོཾ་སྭཱ་ཨཱྃ་ཧཱ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། ཀྴིཾ་དྲྃ་ཧྲཱིཾ་ཛིཾ། མེཾ་ཐླྷིཾ་ཧཱུྃ་མཱུྃ། ཛཿཧཱུྃ་བྃ་ཧོ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཛཿཧཱུྃ་བྃ་ཧོཿ ༀ་ཨ། ཀྵིཾ་ཏྲུཾ་སྲུཾ་པྲཾ་ཀྵཾ་ཡེ། སྥ་ར་ཎ་ཕཊ྄། སཾ་ཧ་ར་ཎ་ཧཱུཾ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་སོ་སོའི་ཕྱག་མཚན་ས་བོན་གྱིས་མཚན་པར་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཧཱུྃ་བཛྲ་དྷྲིཀ྄ །མཱུྃ་དྷཱ་ཏྭེ་ཤྭ་རི། སོགས་ཞི་བ་བཞི་བཅུ་ཞེ་གཉིས་ཀྱི་སྔགས་བརྗོད་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ་བཞི་བཅུ་རྩ་གཉིས་རྒྱལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། འཁོར་ལ་རྒྱལ་པོ་རྒྱལ་མོ་དང་། སོགས་ནས། འདུལ་བ་ཞི་ཡིས་འགྲོ་དོན་མཛད། གོང་གིས། ལས་ཐམས་ཅད་པའི་བུམ་པ་ནས་འགྱིང་ཞིང་རོལ་པའོ། །བསྐུར། རློབ། བརྟན། དྲངས། བསྟིམ། མཆོད། བསྟོད། བདག་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་གཙོ་བོའི་ཐུགས་དམ་རྒྱུད་བསྐུལ། དེའི་འོད་ཟེར་འཁོར་རྣམས་ལ་ཕོག་པས། ཡབ་ཡུམ་ཐམས་ཅད་ཀྱི་ཐབས་ཤེས་བདེ་ཆེན་བྱང་ཆུབ་སེམས་ཀྱི་འོད་ཀྱིས་ཀུན་ལ་ཁྱབ། དེ་དག་གི་བྱིན་རླབས་ཀྱང་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་འདུས། དེ་དག་གི་སྐུ་ལས་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩིར་བབ་པས་བུམ་པ་གང་བར་གྱུར། པད་བསྐོར་དང་གར་བསྐོར་བསྒྲགས་གཟུངས་ཐག་སློབ་དཔོན་གྱི་ཐུགས་ཀར་འཛིན། གཙོ་བོ་ཡབ་ཡུམ་ལྔ། ཀུན་བཟང་ཡབ་ཡུམ་བཅས་བརྒྱ་རྩ་རེ། འཁོར་ལ་མར་ཕྱེད་རེས་ཉུང་བར་བྱ་སྟེ་ལྔ་བཅུ་རེ་བཟླ། མཐར་གཙོ་སྔགས་ལན་བདུན་བཟླས་ནས་ཐོད་ཆུ་བུམ་ནང་དུ་ཕུལ་ནས། འཇོག་དུས་སུ། ལྷ་ཐམས་ཅད་ཀྱང་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། སློབ་དཔོན་གྱིས་པད་བསྐོར་བཅས་མེ་ཏོག་དཀར་པོ་བུམ་པའི་ནང་དུ་འབུལ། ལས་རྡོར་གྱིས་བདུག་སྤོས་བདུག་སྟེ། སློབ་དཔོན་གྱི་ལོགས་སུ་སྟེགས་ལ་གྲལ་ཐབས་སུ་བཀོད་པར་གསུངས་སོ། །ཡང་བུམ་པ་ལྔ་པ་ལའང་འདི་ལྟར་བྱས་ན་འཐུས་པ་ནི། མན་ངག་གསུང་སྒྲོས་ལས། ཐམས་ཅད་རང་རིག་ཡེ་ཤེས་ཕྱིར། གཙོ་བོ་འཕོ་ཡང་མི་དགོས་སོ། །ཞེས་ཀྱང་ཡིག་རྙིང་ལས་གསུངས་སོ། །འདིར་ཨོ་རྒྱན་གཏེར་བདག་གླིང་པས། དབང་དང་རབ་གནས་དང་། བདག་འཇུག་ཙམ། བསྒྲུབ་པ་དངོས་གྲུབ་ཀྱི་དབང་ལེན་རྣམས་ལ་བུམ་པ་ངེས་པར་དགོས་མེད། སྒྲུབ་མཆོད་ཙམ་ལ་ངེས་པར་མི་དགོས་ཀྱང་འགྲུབ་ན་ལེགས་སོ། །གསུངས། མཆོད་རྫས་རྙིང་པ་རྣམས་དོར། ཆོམ་བུ་ལ། སླར་ཡང་མཆོད་པ་བཤམས་ཏེ། དཀྱིལ་འཁོར་ཡོལ་བས་བཅད། སློབ་མ་སྟ་གོན་གྱི་ཆས་རྣམས་སྟེགས་ལ་འདུ་བྱའོ། །གསུམ་པ་སློབ་མ་ལྷག་པར་གནས་པ་སྟ་གོན་གྱི་ཆོ་ག་ལ། གསང་བ་སྤྱི་རྒྱུད་ལས་གསུངས་པ་ལྟར་སྣོད་དང་ལྡན་པའི་སློབ་མ་འདུ་བྱས་ལ། དབང་གི་ཆོ་ག་ལས་འབྱུང་བ་ལྟར་རྗེས་འཛིན་བྱའོ། །སློབ་མ་སྟ་གོན་ཟིན་ཕྲལ། ལྷ་ལྟ་གོན་གྱི་འཇུག་བསྡུ་བའི་ཕྱིར། སྒྲུབ་ཐབས་ནས་བྱུང་བའི་མཆོད་པ་བྱིན་རླབས་ཕྱི་ནང་གསང་བ་སྔགས་ཙམ་གྱི་མཆོད། གླུ་དྲུག་གིས་བསྟོད་ལ། སློབ་དཔོན་གཙོ་བོ་གཉིས་པའི་ཚུལ་གྱིས་ཤར་སྒོར་བཞེང་སྟེ། གཡས་སྤོས། གཡོན་དྲིལ་བུ་ཐོགས་ལ། གྲོགས་དང་བཅས་པས་སྟ་གོན་གྱི་དཀྱིལ་འཁོར་བཏེགས་པའི་གསོལ་བཏབ་དབྱངས་དང་ལྡན་པ་འདི་སྐད་དོ། །མགོན་པོ་ཀུན་མཁྱེན་བདག་ཉིད་ཅན། །གཅིག་དང་དུ་མ་སྤྲོས་བྲལ་ཅིང་། །མ་ལུས་བདག་ཉིད་དགོངས་སུ་གསོལ། །ཁྱེད་རྣམས་མོས་ཤིང་མཆོད་པ་དང་། །ཁམས་གསུམ་ཡོངས་སུ་གཟུང་བྱ་ཞིང་། །རང་བཞིན་མཉམ་པར་བྱ་བའི་ཕྱིར། །ཆེ་གེ་མོ་བདག་དཀྱིལ་འཁོར་གྱི། །ལས་རྣམས་ཡོངས་སུ་རྫོགས་པར་བགྱི། །ཐུགས་རྗེས་ངེས་པར་དགོངས་ནས་ཀྱང་། །དཀྱིལ་འཁོར་བྱིན་གྱིས་རླབས་ནས་ནི། །ས་གཞི་ཡོངས་སུ་བཟུངས་བར་མཛོད། །ༀ་བཛྲ་ས་མ་ཡ་སྟཾ། ཞེས་ལན་གསུམ་གྱིས་མཐར། བེ་གཱ་ཀྲ་མ་ཡཾ། ཞེས་འདེགས་པའི་རྒྱ་བཅས། སྟ་གོན་གྱི་ལྷ་ནམ་མཁར་གཤེགས་པར་གྱུར། ཚོམ་བུ་རྣམས་བསྡུའོ། །བཞི་པ་ཚོན་གྱི་བྱ་བ་དང་། ལྔ་པ་བྲི་བ་ལ་ཐུན་མོང་དུ། དགོས་ཆེད་རྒྱུ་གྲངས་རབ་གནས་དང་། དབྱེ་ལུགས་ཉེས་པོ་སྤོང་བ་དྲུག །དང་པོ་ནི། མ་མཐོང་རྨོངས་ལ་བསྟན་ཕྱིར་ཚོན། །ཞེས་གསུངས་པས། གཞི་སེམས་ཉིད་ཡེ་ནས་ཡེ་ཤེས་ལྔ་དང་། འབྲས་བུ་རང་བཞིན་ལྷུན་གྲུབ་འོག་མིན་ན་བཞུགས་པ་མཐར་ཕྱིན་སྐུ་དང་ཡེ་ཤེས་མ་མཐོང་རྨོངས་པའི་གདུལ་བྱ་ལ་བསྟན་པའི་ཕྱིར་རོ། །གཉིས་པ། རབ་ནི་ལས་རིམ་ལས། ཨིནྟྲ་ནཱི་ལ་ཟླ་འོད་དང་། །པུ་ཤ་རཱ་ག་བྱུ་རུ་བཟང་། །མ་རྒ་ཏ་ལས་བྱས་པ་དབྱེ། །ཞེས་པ་ལྟར་རིན་ཆེན་ལྔའི་ཕྱེ་མ་དང་། འབྲིང་སྨན་ཁ་དོག་བསྒྱུར་བའམ། འབྲས་སཱ་ལུའམ་ནས་སོགས་འབྲུ་ཚོན་སྣ་ལྔས་ཁ་དོག་བསྒྱུར་བ་སྟེ། མེ་ལོང་ལས། འབྲས་དང་སཱ་ལུ་ལ་སོགས་པ། ཁ་དོག་བསྒྱུར་བ་དེ་བཞིན་ནོ། །གསུངས། ཐ་མ་བཀྲ་ཤིས་པའི་ཡུལ་ཕྱོགས་ནས་བྱུང་བས་ཚོན་ཁ་དོག་སྣ་ལྔ་པའམ། ཅོང་ཞི་དང་། རྡོ་དཀར་ཕྱེ་མར་བྱས་པ་ཁ་དོག་ལྔ་པ་སོགས་སོ། །གསུམ་པ་སྒྱུ་འཕྲུལ་ཞི་བ་རྒྱས་པ་ལ། ཚོན་སྣ་ཉི་ཤུ་རྩ་ལྔ་སྟེ། མཐིང་དཀར་སེར་དམར་ལྗང་བའི་ཁ་དོག་ལྔ་རེ་རེ་ལའང་། མཐིང་ནག །མཐིང་སྐྱ། མཐིང་སེར། མཐིང་དམར། མཐིང་ལྗང་སོགས་ཕྱེ་ཞིང་། འདིར་ཞི་བ་འབྲིང་པོའི་ལུགས་ཀྱི་རྡུལ་ཚོན་ཁ་དོག་ལྔ་པ་སྟེ། དེ་ལ་ཇི་ལྟར་བྱ་བ། རྡོ་ཕྱེ་བཏག་བརྡུང་ཆུར་བསིངས་བཏུལ། །དར་གྱི་ཚགས་མས་བཙག་པར་བྱ། །དམར་རྩི་འབྲི་མོག་ཡང་ན་སྐག །འོ་ཤང་གིས་བརླན་བྱུགས་པ་དེ། །ཉི་འོད་ལ་བསྲེགས་མ་སྐམ་ཙམ། །ས་བསྲེས་རང་མདོག་མ་ལོན་པར། །ལེགས་པར་མཉེས་པས་དམར་ལེགས་འབྱུང་། །དེ་བླ ན་མ་བྲལ་ཁ་ཁུག་བྱེད། །རྡོ་ཞོ་དང་སྦྱར་བྱ་རྡོ་མེར། །བསྲེགས་པ་གྲང་དུས་བརྡུང་ཕྱེ་འཕུལ། །མཐིང་གི་མདང་འོད་ཟིལ་གྱིས་གནོན། །རམ་བཏུལ་དེ་དང་ས་སྦྱར་ནས། །མཉེ་ན་ལྕགས་ཁ་འབྱུང་བར་འགྱུར། །བ་མོས་མ་རེག་སྟོན་དུས་ཀྱི། །སྤང་རྒྱན་མཉེད་བཏུབ་བྱས་པ་ཡི། །རྩེ་མོའི་ཆ་རྣམས་ཞིབ་མོར་བརྡུང་། །དེ་དང་ས་བསྲེས་སླར་བརྡུངས་ནས། །ཉི་མའི་འོད་དུ་མཉེ་ཞིང་བསྲེགས། །ལག་གཉིས་ལན་གསུམ་བསྐྱུར་བ་ན། །ཁ་དོག་སྔོན་པོ་ཕྱི་བཞིན་ལེགས། །དེ་ལ་རྡོ་ཞོ་བཏུལ་པོ་ནི། །ཞིབ་བཏགས་ཅུང་ཟད་བཏབ་བྱས་ནས། །བཏུད་ཅིང་མཉེ་ནས་ཉི་འོད་ལ། །བསྲེག་པས་ཁ་དོག་ལྗང་ཀུ་འབྱུང་། །གྲོ་ལྗང་གཞོན་ནུ་ཧཱ་ལའི་འདབ། །སྲན་མ་ཞོན་ནུ་སོགས་བརྡུང་ནས། །ས་བསྲེས་མཉེ་ཞིང་ཉི་མར་སྐམ། །འདིས་ཀྱང་ཁ་དོག་ལྗང་ལེགས་འོང་། །ཡུང་བ་ཞིབ་བཏགས་ཞོ་སྦྱར་ནས། །ས་དཀར་བསྲེས་པས་གྲིབ་སྐམ་བྱ། །གཙོ་མ་གསེར་གྱི་ཁ་དོག་འཛིན། །ཡང་ནི་རྡོ་ཞོའམ་བུལ་ཏོག་དང་། །སྦྱར་བས་ངུར་སྨྲིག་བཟང་པོ་འབྱུང་། །གྲོ་ཕྱེ་སྣུམ་སྦྱར་མེར་བསྲེགས་ན། །མིག་སྨན་མདོག་དང་རྣམ་པར་མཚུངས། །བཞི་པ་ནི། སྟེགས་བུ་ལ། དབུས་སུ་མཚོན་མཐིང་། ཧཱུྃ་ཤར་དུ་དཀར་པོ་ལ། ཨཱོཾ་ལྷོར་སེར་པོ་ལ། སྭཱ་ནུབ་དམར་པོ་ལ། ཨཱྃ་བྱང་དུ་ལྗང་གུ་ལ། ཧཱ་ཡང་དབུས་སུ། མཱུྃ་ཤར་དུ། ལཱྃ་ལྷོར། མཱྃ་ནུབ་ཏུ། པཱྃ་བྱང་དུ། ཏཱྃ་རྣམས་བྲི། མཐར་ཕྱི་ནང་གི་མཆོད་པས་བསྐོར། མདུན་སྟེགས་ལ་སྨན་གཏོར་བཀོད། བསངས་སྦྱངས། སྟོང་པའི་ངང་ལས་ཉི་ཟླའི་གདན་ལྔའི་སྟེང་དུ། སོགས་ནས། ཐིགས་སྐུད་ཅེས་པའི་ཚབ་ཏུ་རྡུལ་ཚོན་ལ་ཐིམ་དཔའ་བོ་འབྲུ་ལྔར་གྱུར། སླར་ཡང་ཉི་ཟླའི་གདན་ལྔའི་སྟེང་རང་གི་ཐུགས་ཀ་ནས། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ། རྣམ་འཕྲོས། རྡུལ་ཚོན་ལ་ཐིམ། དཔའ་མོ་འབྲུ་ལྔར་གྱུར། འོག་མིན་ནས་ས་བོན་གྱི་ཚོགས་བཀྲག །སོགས་གོང་ཐིག་ཆོག་ནས། ༀ་བཛྲ་ས་མཱ་ཡ་ཛཿ ཚོན་ལ་བྱིན་གྱིས་བརླབ་ཏུ་གསོལ། འབར་བའི་ལྟ་སྟངས་ཀྱི་རྫི་མ་བསྐྱོད་བཞིན་པར། རང་གི་མིག་གཉིས་སོགས་ནས། ༀ་བཛྲ་ས་མཱ་ཛཿ བརྣན། དྲངས། བསྟིམ། ཕྱི་ནང་གསང་བས་མཆོད། གླུ་དྲུག་གིས་བསྟོད། ཡབ་ཡུམ་སྦྲེལ་བའི་སྔགས་བདུན་བདུན་བདུན་བསྙེན། དེའི་མཐར། ༀ་ཨཱཿསརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་ཟླ། ཧཱུཾ་ཞེས་པས། ལྷ་རྣམས་འོད་དུ་ཞུ་བས་རིན་པོ་ཆེའི་རྡུལ་ཕྲ་རབ་ཀྱི་རྡུལ་ཚོན་འབར་བར་གྱུར། བདེན་པ་དྲི་མ་མེད་གང་གི། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། །སེམས་ཅན་ལ་བརྩེའི་བདེན་པ་དེས། །ཕྲ་མོའི་རྡུལ་ཚོན་འབར་གྱུར་ཅིག །ཅེས་ལན་གསུམ་གྱིས། གཡོན་བསྐོར་གྱིས་རྡོ་རྗེས་རྡུལ་ཚོན་དབྱི་བར་བྱའོ། །དབང་ཕྱུག་རྒྱས་པའི་ཆས་སུ་ཞུགས་ཏེ། དཀྱིལ་འཁོར་གྱི་ལྟེ་ཁུང་དུ་ཚོན་སྣ་ལྔ་རིགས་བསྡེབ་པ། མཐིང་། ལྗང་། དམར། དཀར། སེར་བའི་རིམ་པོ་ལྔ་འབྱུང་བ་རིམ་བརྩེགས་སུ་སྒོམ་ལ། མཱུྃ་ཏཱྃ་པཱྃ་ལཱྃ་མཱྃ། སླར་ཡང་གཡས་པའི་ཐེབ་སྲིན་གྱི་ཚོན་རྩི་ལྔ་ཅུང་ཟད་བླངས་པ་གཡོན་མཐིལ་དུ་བཞག་ལ། ཚོན་བྱིན་རླབས་ཀྱི་སྔགས་བཟླས་ལ། དོན་ཡེ་ཤེས་ལྔ་མཚོན་པའི་རྟགས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རི་རབ་ཏུ་གྱུར། ཆོས་རྣམས་བདག་སེམས་རྟོག་བྱས་ནས། །བྱང་ཆུབ་སེམས་ཉིད་དག་པའི་ཕྱིར། །ཤིན་ཏུ་དཀར་བའི་མདོག་ཏུ་བསྟན། །དེ་རྟོགས་བྱ་ཕྱིར་དག་པའི་མདོག །ཆོས་རྣམས་སེམས་སུ་མངོན་ཆགས་པ། །པདྨ་རཱ་ག་ཞེས་བརྗོད་དེ། །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་ཕྱིར་ན་དམར་པོའོ། །ཡོན་ཏན་གཏེར་ལྡན་ཟད་མི་ཤེས། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །དབྱིངས་ཉིད་མི་ཟད་གཏེར་ཡིན་པས། །ཁ་དོག་གསེར་གྱི་མདོག་ཏུ་བསྟན། །འཁྲུལ་སྣང་ཕྱིན་ཅི་ལོག་རྣམས་ལ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །དབྱིངས་བསྡུད་ལས་རྣམས་རྫོགས་མཛད་པས། །ཀུན་ཏུ་ལས་ཀུན་ལྗང་གུའི་མདོག །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །ཅིས་ཀྱང་མི་ཚུགས་བཅོས་སུ་མེད། །ཁ་དོག་ནག་པོའི་དངོས་དང་བཞིན། །དེ་ཉིད་མཚོན་ཕྱིར་མཐིང་གར་བསྟན། །ཞེས་ཚོན་གྱིས་དག་དྲན་བྱའོ། །སླར་དཀྱིལ་འཁོར་གྱི་དབང་ལྡན་ནས་བརྩམས་ཏེ། བརྩིག་པ་ཕྱི་ནས་ལྗང་དམར་སེར་དཀར་མཐིང་ཆ་ཕྲན་ལྔ་ཡི་ཚད་དུ་སྙམས་པ་སྒོ་ཚད་གཅིག་གི་ཚད་ཙམ་དུ་བྲིས་ཏེ་ཀཱ་པཱ་ལས་བཀབ་ནས་བཞག །འདི་ནི་དབང་ལྡན་ནས་བགེགས་མི་འཇུག་པ་དང་། དངོས་གྲུབ་ཀྱི་འབྲས་བུ་ཐོབ་པ་ལ་བར་ཆད་ཡོད་མེད་བརྟགས་པ་སྟེ། དེ་ཡན་ཆོད་ནུབ་གཉིས་པའོ། །ནང་པར་རྩིག་པ་སྤྲེལ་རན་པ་ནམ་ཁ་ཕྱེ་ལ་པྲ་བརྟག་སྟེ། ཀུ་ཀུ་རཱ་ཛས། རེ་ཁ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་བསྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆི་འམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནང་འབྱུང་ཞིང་། །ཕྱོགས་འཕྲུལ་རྨོངས་པའི་ལས་སུ་འགྱུར། །ཞེས་གསུངས་པ་ལྟར་ཤེས་པར་བྱ་ཞིང་། སྐྱོན་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཏིང་འཛིན་གྱིས་སེལ་བ་ཡིན་ནོ། །ལྔ་པ་ནང་པར་སློབ་དཔོན་སློབ་མ་དང་བཅས་པས་བདག་གི་རྣལ་འབྱོར་བསྡུས་པ་བསྡུ་ལྡང་བཅས་གྲུབ་ཕྲལ་སློབ་དཔོན་གྱི་ཕྱག་བྱིན་གྱིས་བརླབ་སྟེ་ལག་སོར་རིགས་ལྔ་ཡབ་ཡུམ་བཅུར་པར་བསམ། སློབ་མས་ཀྱང་ལག་པ་བྱིན་རླབས་ནས་ཚོན་གྱི་བྲི་ཚུལ། དབུས་ཀྱི་ལྟེ་བ་མཐིང་ཀ་ལ། །དེ་ཡི་མུ་ཁྱུད་སྣ་ལྔའི་ཕྲེང་། །མཐིང་སྐྱ་དཀར་སེར་དམར་ལྗང་ངོ་། །རྩིབས་མཆན་གྲུ་ཆད་གློ་བུར་དང་། །བར་ཁྱམས་སྒོ་དང་ཀ་བར་བཅས། །ཕྱོགས་མདོག་རྩིབས་བརྟེན་མུ་ཁྱུད་ནི། །རྡོ་རྗེ་སྔོན་པོའི་ཕྲེང་བ་ལ། །ཕྱོགས་རེར་གཉིས་གཉིས་ཀ་བ་བརྒྱད། །འཁོར་ལོ་རིན་ཆེན་པདྨ་དང་། །རལ་གྲི་རྣམས་ཀྱི་མཚན་མ་བྲི། །རྩིག་པ་རིམ་པ་ལྔ་སྦྲག་སྟེ། །འདོད་སྣམ་དམར་བའི་གཞི་དག་གི། །སྒོ་དང་སྒོ་ཁྱུད་གྲྭ་བཞི་མཚམས། །ཟླ་ཕྱེད་ལ་གནས་རིན་པོ་ཆེ། །དམར་པོ་ལ་ནི་རྡོ་རྗེས་མཚན། །ཕྱོགས་རེར་མེ་ལོང་དཀར་པོ་དང་། །པི་ཝཾ་སྔོན་པོ་སྤོས་ཁང་སེར། །ཞལ་ཟས་དམར་པོ་སྣོད་སེར་བ། །རེག་བྱ་ལྗང་གུ་ལྷབ་ལྷུབ་འཕུར། །ཆ་རེས་མཛེས་པར་བརྒྱན་པར་བྱ། །ཕ་གུ་སེར་པོ་དྲྭ་བའི་གཞི། །ནག་པོ་ལ་གནས་དྲྭ་བ་སེར། །དྲྭ་ཕྱེད་དྲིལ་བུ་ཟླ་བ་དང་། །རྔ་ཡབ་རླུང་གིས་བསྐྱོད་པས་བརྒྱན། །དྲྭ་ཕྱེད་མགོ་དེ་སེར་མགོ་བྱ། །མཛེས་གདུང་རིན་ཆེན་ཕྲ་ཚོམ་ཅན། །མནན་པའི་ཀ་ཐུང་ཉེར་བརྒྱད་པ། །གཞི་སྔོ་དག་ལ་ཤར་བུ་དཀར། །མདའ་ཡབ་དཀར་པོ་མཆོད་རྟེན་རིས། །པདྨའི་གདན་ལ་ཟུར་བཞི་རུ། །གདུགས་དང་རྒྱལ་མཚན་བ་དན་དང་། །རྡོ་རྗེའི་འཕན་བཅས་ཕྱོགས་རེ་རུ། །བརྒྱད་བརྒྱད་སྣ་ཚོགས་མདོག་ཏུ་བྱ། །རྒྱལ་མཚན་བ་དན་གནས་པའི་གཞི། །བུམ་པ་དག་ནས་སེར་པོ་བྱ། །འཁྱོག་དགུའི་གླང་རྒྱབ་མུན་པར་བཅས། །ནག་པོ་བྱ་ཞིང་གླང་རྒྱབ་གཞུང་། །སེང་མགོ་དྲྭ་བ་དཀར་པོས་བརྒྱན། ༈ །རྟ་བབས་དག་ལ་སྣམ་བུ་བརྒྱད། །རྟ་རྐང་སྔོ་སྐྱར་རྡོ་རྗེ་ཡི། །འགྲེང་བུ་སྔོ་ཞིང་ཆུ་སྐྱེས་དམར། །སྒྲོམ་ནི་མཛེས་ཚོན་ཟར་ཚགས་དཀར། །གཞི་ནག་སྣ་འཕྱོང་ཕྲ་ཅན་སེར། །སྒྲིལ་འཕྱང་གཞི་ནག་དྲྭ་བ་སེར། །ཤར་བུ་དཀར་པོ་སྔོན་པོའི་གཞི། །རྒྱ་ཕུབ་ཁྱུང་མགོ་མཐིང་ཀ་ལ། །མདའ་ཡབ་རིས་ཏེ་པདྨ་དམར། །འཁོར་ལོ་སེར་པོ་རི་དྭགས་ནི། །སེར་སྐྱ་སྟེང་གི་གདུངས་དཀར་པོ། །འོག་གཞིའི་འཁོར་ལོ་ཕྱོགས་ཀྱི་མདོག །གཞི་ཡི་ཕྱི་ཁྱམས་ལྗང་གུ་ལ། །སྣ་ཚོགས་པ་ཏྲ་རིས་སུ་བྱ། །རྩིབས་རྟེན་སེར་པོའི་ཕྱི་རོལ་དུ། །མེ་ཏོག་འདབ་མ་སྣ་ཚོགས་བྱ། །རྡོ་རྭ་གཞི་མཐིང་རྡོ་རྗེ་སེར། །མེ་རི་སྣ་ཚོགས་མདོག་ཅན་གྱི། །པ་ཏྲའི་སེར་ཁོང་ནག་པོས་ལེན། །དཀར་པོའི་རི་མོས་བཅད་པར་བྱ། །སྒོ་ཡི་ཕྱི་རོལ་གཡས་གཡོན་དུ། །བཞི་བཞི་ཕྱོགས་རེར་བརྒྱད་རེ་བཅས། །ཏཱ་ལ་ལོ་འདབ་ཐུར་འཕྱང་བ། །སོ་གཉིས་ཚང་བར་བྱ་དགོས་གསུངས། །དེ་ཕར་ལ་འདབ་གྱིན་བསྟན་ཅིང་། །མེ་ཏོག་འབྲས་བུ་མངོན་བརྒྱན་པའི། །དཔག་བསམ་ཤིང་ནི་དེ་ཡི་གྲངས། །ཏཱ་ལ་ལྗང་སེར་དཔག་བསམ་སྔོ། །རྩ་བ་དམར་སྐྱ་མུ་ཏིག་དང་། །གསེར་གྱི་དྲྭ་བ་དྲིལ་བུས་སྦྲེལ། །རྩ་བར རིན་ཆེན་ཕུང་པོ་དང་། །ཁྲུས་རྫིང་དེ་ཡི་གྲངས་སམ་བཞི། །ཕྱོགས་རེར་བྲི་བར་བྱ་བར་གསུངས། །དྲུག་པ་ཉེས་སྤང་ནི། རེ་ཁ་དམའ་བས་མི་འགྲུབ་ཅིང་། །ཡོན་པོས་གདུང་བ་བསྐྱེད་པར་བྱེད། །ཆད་ན་ཐིག་དང་མཚུངས་པ་སྟེ། །ཕྱོགས་འཁྲུལ་བས་ནི་གཉིས་ཀ་ཉམས། །ཚོན་རྩི་སྲབ་ན་དབུལ་པོར་འགྱུར། །འཐུག་ལ་མ་སྙོམས་མཛེ་འབྱུང་ཞིང་། །ཚོན་ཐལ་ཤོར་ན་ནད་རིམ་འབྱུང་། །དེ་ཕྱིར་སྐྱོན་རྣམས་སྤོང་སྟེ་བྱ། །དྲུག་པ་རྣམ་པ་འགོད་པ་ནི། རྒྱུད་ལས། ས་ལ་སོགས་ལ་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པར་ཐོབ་གྱུར་ན། །དག་པའི་ཡེ་ཤེས་ཀྱིས་སྦྱངས་པས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཞེས་གསུངས་པས་རིན་པོ་ཆེའམ་ས་སོགས་ལས་བྱས་པའི་སྐུ་རྟེན་དང་། རི་མོར་བྲིས་པའི་ཙཀ་ལི་སོགས་ལྷ་གནས་སུ་མ་འཆོལ་བར་དགོད། མེད་ན་ཚོན་གྱིས་དལ་བྱས་པར་རབ་སྐུ་ཡོངས་རྫོགས། དལ་འབྲིང་པོར་འབྲིང་ཕྱག་མཚན། དལ་བསྡུས་བར་ཐ་མ་ཡིག་འབྲུ། ཡང་ཐ་ལྷ་རང་མདོག་དང་མཚུངས་པའི་ཐིག་ལེའི་ཚོན་སྤུངས་བྱ་བའམ། གཙོ་བོ་གཟུགས། རིགས་ལྔ་ཕྱག་མཚན། ཕལ་པ་ལ་ཡིག་འབྲུ་བཀོད་པ་ཡང་ཡོད་དེ་འདིར་སློབ་དཔོན་པདྨའི་ལུགས་ཀྱིས། རིགས་ལྔ་ལ་སྐུ་གསུང་ཐུགས་གསུམ་འགོད་སེམས་དཔའ་རྣམས་ལ་ཐུགས་དང་གསུང་དགོད། ཐུབ་པ་ཁྲོ་བོ་ལ་གསུང་ངམ་ཐུགས་སམ་རེ་རེ་དགོད་གསུངས་པས་དེ་ཡི་དབང་དུ་ན། ༈ དབུས་སུ་སེང་ཁྲི་པད་ཉི་ཟླ། །མི་བསྐྱོད་མཐིང་དཀར་དམར་བའི་ཞལ། །ཕྱག་དྲུག་དང་གཉིས་རྡོ་རྗེ་དང་། །དྲིལ་བུ་ཐུགས་ཀར་བསྣོལ་གཡས་ལྷག །འཁོར་ལོ་རིན་ཆེན་གཡོན་ལྷག་ན། །པདྨ་རལ་གྲི་འཛིན་པང་ན། །དབྱིངས་ཕྱུག་མཐིང་ཀ་དྲིལ་བསྣམས་འཁྱུད། །ཧཱུྃ་མཱུྃ་ཡི་གེས་རབ་ཏུ་མཚན། །དེས་མཚོན་ཏེ་སྒྲུབ་ཐབས་སུ་ཤེས་པར་བྱའོ། །ཚོན་ལྷག་ལ་ཕྱི་ནང་གསང་བས་མཆོད། གླུ་དྲུག་གིས་བསྟོད། བཛྲ་མུཿ ས་ཡེ་ཤེས་པ་རྣམས་ནམ་མཁའི་ལྷ་ཡི་ཐུགས་ཀར་གཤེགས། དེ་ཉིད་དབེན་པར་བསྐྱལ་ལོ། །བདུན་པ་དཀྱིལ་འཁོར་རབ་གནས་ལ། དཀྱིལ་འཁོར་བརྒྱན་པ་དང་། རབ་གནས་དངོས་སོ། །དང་པོ་ནི་སློབ་དཔོན་གྱིས་རྣམ་རྒྱལ་བུམ་པ། མཆོད་གཡོགས་པས་ལས་བུམ། སྒྲུབ་གྲོགས་གཞན་གྱི་བུམ་པ་མང་པོ་ཡོད་ན་ཐོགས་ཏེ་དཀྱིལ་འཁོར་ཤར་སྒོ་ནས་རྟེན་སྙིང་དང་། ཆེ་བའི་ཆེ་མཆོག་སོགས་དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་ཏེ་བྷོ་དྷི་ཙིཏྟ་དང་། གཙོ་བོ་ཡབ་ཡུམ་གྱི་སྔགས་སྦྲེལ་མར་བཟླ་ཞིང་རོལ་མོ་དང་བཅས་ལན་གསུམ་བསྐོར་ཤར་དུ་གནས་པས། བུམ་པ་སོ་སོ་ནས་ལྷ་རྣམས་ལ་འབུལ་བའི་སྟང་ཀ་བྱས་ལ་རང་གི་སྤྱི་བོར་གཏུགས་ཙམ་རེ་བྱ། བཅོམ་ལྡན་འདས་དཔལ་སྒྱུ་འཕྲུལ་དྲ་བས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། བུམ་པ་མ་ལགས་རྒྱལ་པོ་ལགས། །རྒྱལ་པོ་སྔགས་ཀྱིས་བཏབ་ནས་ཀྱང་། །རྒྱལ་པོ་ཆེན་པོར་མངའ་གསོལ་གྱིས། །རྒྱལ་པོའི་ཚུལ་དུ་བཞུགས་སུ་གསོལ། །ཞེས་བརྗོད་པས། དཀྱིལ་འཁོར་གྱི་ལྷ་གནས་མ་འཆོལ་བར་སོ་སོ་མཉྫི་ལ་འགོད་པའམ་སྟེ་གཟུར་པ་ལ་དབུས་དང་ཕྱོགས་བཞིར་བཀོད་པའམ་བུམ་པ་མང་པོ་ཡིན་ཚེ་རྒྱབ་ཕྱོགས་སུ་གྲལ་ཐབས་ཀྱི་བཀོད་པས་བཤམས་ཀྱང་ཆོག་པར་བླ་མཿཀཿཐོག་པ་ཡབ་སྲས་ཀྱི་འགྲེལ་པ་ལས་གསུངས། བུམ་གདན་ནི། རྣམ་བུམ་ལ་རིགས་སོ་སོར་ཕྱེ་ཚེ་ཕྱག་མཚན་ལྔ་སོ་སོའམ། ཡང་ན་པད་མ་འདབ་བརྒྱད་ཡིན། མཆོད་གཡོགས་པས་ལས་བུམ་ཐོགས་ཏེ་སློབ་དཔོན། མདུན་སྟེགས་ཀྱི་བུམ་ལྡན་སྣ་ཚོགས་རྡོ་རྗེའི་རེ་ཁཱ་ཅན་ལ་བཞུགས་སུ་གསོལ་ནས། ཁྲོ་བོ་ཆེན་པོས་དཀྱིལ་འཁོར་གྱི་བར་ཆད་ཐམས་ཅད་སྲུང་དུ་གསོལ། ཞེས་བརྗོད། དཀྱིལ་འཁོར་གྱི་མཐའ་དྲི་བཟང་གི་ཆུ་དང་། སྣུམ་གྱིས་ཕྱུགས། མེ་ཏོག་དཀར་པོའི་སིལ་མ་ལེགས་པར་བཀྲམ། ཟུར་བཞིར་རྒྱལ་མཚན་བཞི། ཕྱོགས་བཞིར་འཕན་བཞི། མཐའ་ཀུན་ཏུ་རས་བཟང་པོའི་ཡོལ་བས་དཀྲི། བ་དན་བཀོད་ལེགས་པ་བརྒྱད་ཕྱོགས་རེར་གཉིས་གཉིས་དང་། ལས་བཞིའི་དངོས་གྲུབ་སྒྲུབ་པའི་རྟེན་འབྲེལ་དུ། དཀྱིལ་འཁོར་གྱི་གྲ་བཞིར་བུམ་པ་མགུལ་ཆིངས་དང་བཅས་པ་བཞིའི་སྟེང་ཉ་ཕྱིས་ཀྱི་ནང་དུ་བདུད་རྩི་བླུགས་པ་བཤམས། མེད་ན་ཚོན་གྱིས་བྲི། ཤར་དུ་ནང་མཆོད་སྨན་དང་། ཞི་གཏོར་པད་ཟླུམ་གྱི་དཀྱིལ་དབྱིབས་ཅན། ཁམས་དྲུག་ལྷ་མོ་ཅན་དང་། རཀྟ་བྱང་དུ་བཀའ་སྲུང་གི་གཏོར་མ་ལྷོར་མཁའ་འགྲོ་སོ་གཉིས་ཀྱི་གཏོར་མ། བྱང་ཤར་དུ་མཚམས་འཛིན་མེ་ཏོག་གི་བུམ་པ་ཆེ་ལེགས། ཤར་དུ་ཏིང་ཕོར་ལེགས་པ་བཞི་བཅུ་ཞེ་གཉིས་ཀྱི་ནང་དུ་ལུང་པ་དགུ་འདུས་ཀྱི་ཆུ་དྭངས་བསིལ་རྙོག་པ་མེད་པ་ལ་འབྲས་ཡོས། དྲི་བཟང་། སྤོས་ཆབ་ཡིད་དུ་འོང་བ། བ་དམར་ཟལ་འོ་མ་བཅས་མཆོད་ཡོན། དེའི་ཕྱིན་ཏིང་ཕོར་ཞེ་གཉིས་ལ་དག་བྱེད་ཀྱི་སུར་པ་དང་བུལ་ཏོག་ཤིང་ཤུན་སོགས་སྦྱར་བའི་ཆུ་གཙང་། ཞབས་བསིལ། ཤར་ལྷོར་ཤིང་ཚྭ་ཆུ་ཡི་ཚུལ། སྤོས་དཀར་ཐལ་གྱི་ཚུལ། ལི་ཤི་རྡོར་གྱི་ཚུལ། སྤང་སྤོས་ཚ་ཡི་ཚུལ་རྣམས་ལ། ནཱ་གི་དང་། ཁྱད་པར་དུ་ཛ་ཏི། ཙནྡན་དཀར་དམར་རྣམས་སྔ་མ་ལས་ཕྱི་མས་མང་རིམ་དུ་བཏབ། སྦྲང་བུར་གྱི་ཁ་ཚར་དང་། ཆང་གི་ཁུ་བ། སུག་སྨེལ་གྱི་ཕབ་བཏབ་པ་སྦྱར་བའི་སྤོས་ཀྱི་རིང་བུ་ཆེན་པོའི་ཀོང་བམ་དང་། དེ་ནས་ལྷན་སྐྱེས་དང་སྦྱར་སྤོས་སྣ་ཚོགས་པའི་སྤོས་སྣོད་ཞེ་གཉིས་ལྷོ་སྟོད་དུ་བཤམས། ལྷོ་སྨད་ནས་དབྱར་ཡིན་ན་དུག་རིགས་མ་ཡིན་པ་ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག །དགུན་ཡིན་ན་སྨན་དང་འབྲུ་ལ་ཚོན་གྱིས་ཁ་དོག་བསྒྱུར་བ་དང་། དར་ཟབ་བཙོས་པའི་མེ་ཏོག་ཞེ་གཉིས། ལྷོ་ནུབ་ནས་ནུབ་གཞུང་བར་མར་མེ་ཞེ་གཉིས། དེ་ནས་ནུབ་བྱང་གི་བར་ཏ་ཕྱིས་དུང་ཆོས་གང་རུང་དུ་ག་བུར། ཙནྡན། གུར་གུམ། ཛ་ཏི། སིརྻ་རྣམས་སྦྱར་བའི་དྲི་ཆབ་ཞེ་གཉིས། དེ་ནས་བྱང་སྟོད་དང་བྱང་སྟོད་ནས་བྱང་སྨད་བར། ཀ་ར། བུ་རམ། རྒུན་འབྲུམ། ཕྱེ་སོགས་ལས་བཙོས་པའི་ཞལ་ཟས་བཟའ་བཅའ་བཏུང་བ་སྟེ། འབྲས་ཆང་། རྒུན་ཆང་། བུ་རམ་ཆང་སོགས་ཞེ་གཉིས་དང་། ཤ་མཐུད་མར་ཁུར་སོགས་སམ་དེ་དག་གིས་རྒྱུ་ལས་བྱས་པའི་གཡོས་ཀྱི་བྱེ་བྲག་ཞེ་གཉིས། མ་འབྱོར་ན་རེ་རེ་འཕན་རྒྱད་བརྒྱད་དང་། ཤིན་ཏུ་མ་འབྱོར་ན་རེ་རེས་མཛད་དོ། །གཞན་དུ། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་མེ་ཏོག་བདུག་སྤོས་དང་། །མར་མེ་བརྒྱ་ནི་དབུལ་བྱ་ཞིང་། །རྒྱལ་མཚན་ལྷ་བཤོས་བརྒྱ་བརྒྱ་འབུལ། །ཞེས་པས་བརྒྱ་སྟོང་ཁྲི་སོགས་འབྱོར་བ་བཞིན་གཙང་ཞིང་། བསམ་སྦྱོར་དག་པ་གསུམ་ལྡན་དུ་བྱའོ། །དེ་རྣམས་ཀྱང་རྒྱུད་ལས། བཅོས་བུའི་རས་ནི་སྣ་ཚོགས་དང་། །རྒྱན་ཕྲེང་བཏུང་དང་བྲོ་བས་བསྐོར། །ཞེས་པ་ལྟར་ཏེ་ཕྱོགས་སུ་མདའ་བརྒྱད་ལ་ཚོན་སྐུད་ཀྱི་དྲྭ་བས་མཛེས་པར་བྲིས། སློབ་དཔོན་ལ་སོགས་པར་རྡོ་རྗེ་དྲིལ་བུ། རོལ་མོའི་ཁྱད་པར་སོགས་དང་། ཉེ་བར་མཁོ་བ་ཐམས་ཅད་འདུ་བྱེའོ། །གཉིས་པ་ལ་རྒྱས་འབྲིང་བསྡུས་པའི་དབྱེ་བ་མང་མོད། འདིར་འབྲིང་པོ་ཙམ་དགོད་པ་ནི། དཀྱིལ་འཁོར་ལ་སོགས་གང་བྱས་པ། །རབ་གནས་ཡེ་ཤེས་མི་ལྡན་རྣམས། །སོགས་དང་བྲི་བའི་ནུས་པ་མེད། །དེ་ཕྱིར་མཁས་དེས་རབ་ཏུ་བསྒྲིམས། །ཞེས་གསུངས་པས་འདི་ལ་དོན་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ལ་བཤམས་བཀོད་དང་ཆོ་གའོ། །དང་པོ། དཀྱིལ་འཁོར་མདུན་དུ་ཁྲུས་སྟེགས་པདྨ་འདབ་བརྒྱད་ལ་རིན་པོ་ཆེའི་ཁྲུས་གཞོང་དུ་མེ་ལོང་། དེའི་ནུབ་སྟེགས་ལ་དབང་བུམ་སོ་ལྔའི་བཅུད་ལྡན་ནི་སྔར་སྟ་གོན་གྱི་རྣམ་བུམ་མོ། །ཤར་དུ་སྨན་དང་བ་བྱུང་སྦྱར་བའི་ཁྲུས་བུམ། སུར་པའི་ཆུ། རས་ཁ་ཚར་མ་ཉམས་པ་དཀར་པོ་དྲི་མ་མེད་པ་ལ་དྲི་ཡི་ཐིག་ལེ་ལྔ་ལ་ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ་རྣམས་བྲིས་པ། གཡས་སུ་དྲི་ཞིམ་པོས་བགོས་པའི་འབྲུ་མར་ཕྱི་སྣོད། དྲི་དང་བ་བྱུང་སྦྱར་སྣོད། གཡོན་དུ་ཙནྡ་དཀར་དམར། ཨུ་དུམ་བར། ནྱ་གྲོ་དྷ། པཪྤ་ཏ་ཏེ་དེ་ལྔའམ་ཚབ་ཏུ་བ་ལུའི་མེ་ཏོག་ལྕུག་མ་ལེགས་པ། གསོལ་པ། རྒྱ་ལྕང་། ཤུག་ཤུན་སྟེ་ཤིང་ལྔའི་ཤུན་པ། དུར་བའི་པིར་རྣམས་བཀོད། ཁུ་སྟེགས་གཡོན་དུ་སྟེགས་ལ། ཁྲི་ལྔའི་རི་མོ། རིན་པོ་ཆེའི་རྒྱན་བརྒྱད། མིག་ཐུར། སྐན་འབྲུ། རྨང་ཚེར། ལྗགས་གཞར། ཚིམ་ཤིང་། དུང་གི་སོ་མང་གསེར་གྱི་སྤུ་གྲི་རྣམས་དང་། མེ་ཏོག །གདུགས། མར་མེ། ཕྱི་ནང་གི་མཆོད་པ། བླ་བྲེ་དང་ཡོལ་བ། ན་བཟའ་རྣམས་དང་། མཎྜལ་གྱི་བཀོད་པ་བཅས་ཚོགས་པར་བྱའོ། །གཉིས་པ་ལ། བུམ་པ་བྱིན་རླབས་བགེགས་སྦྱང་བཀྲུ། གསོལ་བཏགས་བཅས་པའི་ས་བཅད་བཞི། དང་པོ་ནི། སྒྲུབ་ཐབས་ལས་འབྱུང་བའི་གསོལ་གདབ་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། མཆོད་པ་བྱིན་རླབས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །སོགས་ཀུན་རྫོབ་དང་། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། སོགས་དོན་དམ་སེམས་བསྐྱེད་དང་ཏིང་འཛིན་གསུམ་གྱི་ཚིགས་བཅད་རྗེས། གོང་གིས་བྱིན་རླབས་དང་སྦྱང་བའི་སྐབས། ཧཱུཾ་གྱུར་ནམ་མཁའ་ཨེ་གཟུགས་ཅན། ཅེས་པ་ནས། ཆ་རྫོགས་པའོ། །ཞེས་པའི་བར་དང་། རང་རིག་རྡོ་རྗེ་ཧཱུཾ་མཚན་ལས་འོད་འཕྲོས། སོགས་ནས་བརྣན། དྲངས། བསྟིམ། མཆོད། བསྟོད་པ་བཅས་པས། རྡོ་རྗེ་ཡིད་ལའང་ཕྱག་འཚལ་ལོ། །ཞེས་པའི་བར་བརྗོད། སྒྲུབ་ཐབས་ལས། མཉམ་རྫོགས་ཀྱི་བསྙེན་པ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཕཊ྄་ཛཿ སོགས་ནས། ཛྙཱ་ན་དྷ་རྟུ་ཨཿ བར་བརྗོད། སྤྱི་དྲིལ་བསྙེན། བཟླས་པའི་ལྟ་བ་གསལ་གདབ་ནས། བསྡུ་ལྡང་གོ་བགོ་ལུས་བསྲུང་བཅས་ཟིན་པར་བྱ། དབང་བུམ་བསང་སྦྱངས་ལས་བུམ་ཆུས་དག་པར་བྱས་ཏེ། སྟོང་པའི་ངང་ལས་བྷྲཱུཾ་ཞེས་བརྗོད་པས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་ཧཱུཾ་ཨཱོཾ་སྭཱ་ཨཱཾ་ཧཱ་རྣམས་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་གྱི་སྐུར་བཀྲ་ལམ་གྱིས་གསལ་བར་གྱུར། བསྐུར། རློབ། བརྣན། དྲངས། བསྟིམ། མཆོད་བསྟོད། ཧཱུཾ་བཛྲ་དྷྲིཀ྄ །མཱུྃ་དྷཱ་ཏེ་ཤྭ་རི། སོགས་རིགས་ལྔ་ཡབ་ཡུམ་སྔགས་ལ། ༀ་ཡེ་དྷཱརྨ་སོགས་རྟེན་འབྲེལ་སྙིང་པོ་ཅི་ནུས་བཏགས་པ་བཟླས། ཡིག་བརྒྱས་བཟོད་པར་གསོལ་ཏེ་ལྷ་མི་ཞུ་བར་བཞག །ༀ་སྭ་བྷཱ་ཝ་སོགས་ཆོས་ཉིད་རྣམ་དག་གི་སྔགས་རྒྱས་ཁྲུས་བུམ་རྫས་དང་བཅས་པའི་དྲི་མ་སྦྱང་། ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། ༀ་བཛྲ་ཨ་མྲྀ་ཏ་སོགས་བདུད་རྩི་ཐབ་སྦྱོར་སྔགས་ཀྱིས་དྲི་མ་སྦྱོང་བ་ལ་ཐོགས་པ་མེད་པར་བྱས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་པ་དང་། ཧཱུྃ་བིགྷྣ་ནྲ་ཏ་ཀྲྀ་ཏྲ་ཕཊ། ཅེས་སྔགས་དང་། སྟོང་པའི་ངང་ལས་བྷྲཱུཾ་ལས་ཟླ་བ་ལ་གནས་པའི་བུམ་པར་རྟེན་འབྲེལ་སྙིང་པོའི་འོད་ཟེར་འབར་བས་འཁོར་འདས་ཀྱི་བདུད་རྩི་ཐམས་ཅད་བསྡུས་པར་གྱུར། རྟེན་སྙིང་བརྒྱ་རྩ་བཟླས་ཡེ་ཤེས་ཀྱི་བདུད་རྩིས་བུམ་པ་གང་བར་བསམ་མོ། །གཉིས་པ་ནི། སྒྲུབ་ཐབས་ལས། ཧཱུཾ་བཛྲ་དྷྲཱིཀ྄ །སྐད་ཅིག་གིས་སྟོང་པའི་ངང་ལས། རང་ཉིད་ཞེ་སྡང་རྡོ་རྗེ་དཔལ་རྡོ་རྗེ་སེམས་དཔའ་སོགས་ནས། བདག་ཉིད་ཅན་དུ་གྱུར། ཧཱུཾ་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་འདིར། སོགས་ནས། ཐལ་བ་བཞིན་དུ་བརླག་པར་བྱེད། །ཅེས་པའི་བར་དང་། ས་ཡི་ཕྱོགས་འདིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཆེན་པོ་རབ་ཏུ་གནས་པར་བགྱི་ཡི། གང་སུ་ཡང་རུང་བའི་འབྱུང་པོ་གདུག་པ་ཅན་འཁོར་དང་བཅས་པ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་བརླག་ཏ་རེ། ཧཱུྃ་བཞི་པའི་སྔགས་དང་། རང་གི་མིག་གཡས་མ་ལས་ཉི་མ། གཡོན་པ་ཨ་ལས་ཟླ་བ། སོགས་ནས། པ་ཏ་ལ་པཉྩ་ཧཱུྃ་ཕཊ། ཅེས་པའི་བར་བརྗོད་པར་བྱའོ། །གསུམ་པ་ནི། རྟེན་གྱི་གཟུགས་བརྙན་མེ་ལོང་དུ་འཆར་བས་ལས་རྡོར་གྱིས་མེ་ལོང་དང་། ལས་གཡོགས་པས་ཁྲུས་གཞོང་བཏེགས། ཐོག་མར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་བ་བྱུང་དང་དྲི་བཟང་གི་ཆུ་སྦྱར་བ་བྱུག །དུར་བའི་ཕྱིར་གྱིས་བཀྲུ། ༀ་ཨཱཿཧཱུྃ་ཧྲཱི་ཋཿ ཏིལ་ལམ་འབྲུ་མར་དྲི་ཞིམ་པོར་བྱས་པ་དུར་བའི་སྤིར་གྱིས་བྱུག །སྣུམ་བསལ་བའི་ཕྱིར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བོ་ཤོ་དྷ་ནི་སྭཱ་ཧཱ། ཞེས་ཤིང་ཤུན་ལྔ་ཡི་ཕྱེ་མས་ཕྱིས། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཤེས་རོལ་མོར་བཅས་བྲི་སྨན་བ་བྱུང་སྦྱར་བའི་བུམ་ཆུས་བཀྲུ། ༀ་རཏྣ་པྲ་བྷཉྩ་ར་ཧ་སྭཱ་ཧཱ། ཞེས་ཁ་ཚར་མ་ཉམས་པའི་རས་ཀྱིས་བུ། དྲིའི་དུང་ཞལ་ཐོགས་ལ། ༀ་བཛྲ་གནྡྷེ་སྭཱ་ཧཱ། ཞེས་དྲི་ལྔའི་ཆུ་ཐུགས་ཀར་བྱུག་གོ། །བཞི་པ་ལག་གཡས་རྡོ་རྗེ་དང་བཅས་པས་སྤོས་སྣོད་ཐོགས་ལ་གཡོན་དྲིལ་བུ་བསིལ་བས། རང་གི་ལྕེ་ཧཱུྃ་ལས་བྱུང་བའི་རྡོ་རྗེར་གྱུར། ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུས། །མི་ཕམ་མགོན་ལ་རྒྱབ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་ལྔས་འཛམ་གླིང་ཀུན་གཟིགས་ཤིང་། །གླང་ཆེན་ཐལ་དཀར་སྟབས་གཤེགས་ལྷུམ་ཞུགས་ལྟར། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ན། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །དེང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་སླད་དུ། དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་རབ་ཏུ་གནས་པར་བགྱི་ཡིས། རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱིས་བདག་ལ་མཐུ་བསྟན་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། ཡེ་ཤེས་ཀྱི་སྣང་བ་ཐོབ་པས་རབ་ཏུ་གནས་པར་མཛད་དུ་གསོལ། ༀ་པྲ་ཏཱིཙྪ་ཧོཿ ཞེས་མེ་ཏོག་དོར། ༀ་རཏྣ་མ་ལེ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དེ་ཉིད་ལྷག་པའི་ལྷས་རང་གིས་སྤྱི་བོར་བཀོད་པར་བསམ། གཉིས་པ་དངོས་གཞི་ལ། དམ་ཚིག་བསྐྱེད་དང་སྤྱན་དྲངས་བསྟིམ། དབང་པོ་སྐྱོན་བསལ་མངའ་གསོལ་འབུལ། དབང་བསྐུར་མཆོད་བསྟོད་བཞུགས་སུ་གསོལ། ཞེས་ས་བཅད་བདུན་གྱི་དང་པོ་ནི། ཧཱུཾ་བིགྷྣཱནྟ་ཀྲྀཏྲ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྙིང་རྗེ་ཆེན་པོའི་ཡེ་ཤེས་ཀྱི་རང་མདངས་སེམས་ཉིད་རྡོ་རྗེ་མཐིང་ཀ་ཧཱུཾ་ཡིག་མཐིང་ཀས་མཚན་པར་གསལ་བར་གྱུར། དེ་ལས་ཨེ་ཡཾ་བཾ་ལཾ་སུཾ་རཾ་རྣམས་ཆད། ཡོངས་སུ་གྱུར་པ་ལས་འབྱུང་ལྔ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་མེ་རི་སྣ་ཚོགས་པདྨའི་ལྟེ་བ་ལ་རྫོགས་པའི་འཁོར་ལོ་རྩིབས་བཞི་ལ། གནས་པ་མདུན་གྱི་དཀྱིལ་འཁོར་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབ་རྒྱན་དང་གདུགས་ཆོས་འཁོར་རི་དྭགས་སོགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྟེ་བ་འཁོར་ལོ་རྩིབ་བཞི་བར་ཁྱམས་གློ་བུར་དང་བཅས་པར་གསལ་བར་གྱུར། དེ་དབུས་རང་རིག་རྡོ་རྗེ་ཧཱུྃ་མཚན་ལས་འོད་འཕྲོས་འཕགས་པ་མཆོད། སོགས་ནས་གོང་ལྟར། རང་བཞིན་ཕྱག་རྒྱའི་གནས་སུ་འཇུག །ཅེས་པའི་བར་བརྗོད། བསྐུར། རློབ་ནས། གཉིས་པ། ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་སོགས་སྒྲུབ་ཐབས་ནས། བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ནམ་མཁར་བཞུགས་པའི་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་ཐིམ། སེང་གླང་རྟ་རྨ་བྱ་མཁའ་ལྡིང་སྟེ་ལྔ་པོའི་ཁྲི་འབུལ་བས་སྒྲུབ་ཐབས་ནས། རིན་ཆེན་སེང་གེའི་ཁྲི་ལ་སོགས་ནས། ཀཱ་ཡ་ཝཱཀ྄་ཙིཏྟ་ཏིཥྛ་བཛྲ། གཉིས་པ། མིག་སྨན་བྱུགས་པའི་གསེར་ཐུར་ཐོགས་པས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །དེ་བཞིན་རྒྱལ་བ་རྣམས་ཀྱིས་སྤྱན། །སེམས་ཅན་དོན་དུ་དབྱེ་བར་བྱ། །ༀ་བཛྲ་ཙཀྵུ་ས་མནྟ་བི་ཤྭ་དྷ་ནེ་སྭཱ་ཧཱ། གསེར་གྱི་སྙན་འབྲུས་ལ་སྙན་སྤ་བ་བསལ་བ་ལྟར་བྱ་ཞིང་། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡིས་སྙན་འབྲུ་ཡིས། །སྙན་གྱི་དབང་པོའི་སྐྱོན་བསལ་བས། །སྙན་ལྔ་ཡོངས་སུ་རྫོགས་པར་ཤོག །ༀ་སྲོཀྵུ་པྲ་ཝེ་ཤ་ཡ་སྭཱ་ཧཱ། གསེར་གྱི་རྨང་ཚེར་གྱིས་ཤངས་བསལ་ཚུལ་བྱ། ཁྱད་པར་རྒྱུ་ལས་བྱུང་བ་ནི། །རིན་པོ་ཆེ་ཡི་རྨང་གཟེར་གྱིས། །ཤངས་ཀྱི་དབང་པོའི་སྐྱོན་བསལ་བས། །སེམས་ཀྱི་རྣམ་གྲངས་ཤེས་པར་ཤོག །ༀ་པྲི་ཡཾ་སྲུཾ་སྭཱ་ཧཱ། གསེར་གྱི་ལྗགས་བཞར་གྱིས་ལྗགས་ཀྱི་དྲི་མ་བསལ་བར་ལྟར་བྱ་ཞིང་། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་ལྗགས་གཞར་གྱིས། །ལྗགས་ཀྱི་དབང་པོའི་སྐྱོན་བསལ་ནས། །གསུང་རབ་མ་ལུས་འཆད་པར་ཤོག །ༀ་དི་བྱ་མུ་ཁཱ་ཡ་སྭཱ་ཧཱ། གསེར་གྱི་ཐུར་མས་ཚེམ་འབྲུ་བལྟར་བྱ་ཞིང་། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་ཚེམས་ཤིང་གིས། །ཚེམས་ཀྱི་དྲི་མ་བསལ་བ་ཡིས། །མཉམ་པར་བཞག་པ་ཐོབ་པར་ཤོག །ༀ་བཛྲ་དནྟ་སྭཱ་ཧཱ། དུང་གི་སོ་མང་གིས་རྒྱན་ཅན་རྣམས་ཀྱིས་དབུ་སྐྲ་ཤད་པར་བྱས་ཏེ། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་ཆེན་དུང་གི་སོ་མང་གིས། །དབུ་སྐྲ་ལྕང་ལོའི་སྐྱོན་བསལ་བས། །མཚན་ཉིད་མ་འདྲེས་མཁྱེན་པར་ཤོག །ༀ་མ་ནུ་པཾ་སོ་སྭཱ་ཧཱ། གསེར་གྱི་སྤུ་གྲིས་ཐུབ་དྲུག་སོགས་ཀྱི་དབུ་སྐྲ་དང་ཞལ་སྤུ་འབྲེག་ཚུལ་གྱིས། ཁྱད་པར་རྒྱུ་ལས་བྱུང་བ་ཡི། །རིན་པོ་ཆེ་ཡི་སྤུ་གྲི་ཡིས། །དབུ་དང་ཞལ་གྱི་སྤུ་འབྲེག་པས། །ཉོན་མོངས་རྩད་ནས་གཅོད་པར་ཤོག །ༀ་ནིརྨཱ་ཀཱ་ཡ་སྭཱ་ཧཱ། བཞི་པ་མངའ་གསོལ་ལ། རྒྱན་དང་ཅོད་པཎ་ཁྲུས་ཕྱི་དང་། མེ་ཏོག་གདུགས་དང་མར་མེ་དང་། །དྲི་ཆབ་དམ་རྫས་གཏོར་མ་མཆོད། །སྦྱོར་དང་འདོད་ཡོན་ལྷབ་ལྷུབ་དང་། །ན་བཟའ་མཎྜལ་བཅུ་དྲུག་གོ། །དང་པོ། རིན་ཆེན་ཕྲེང་བ་དབུ་བརྒྱན་དང་། །གདུ་བུ་དོ་ཤལ་སྐུ་རགས་དག །འབྱོར་པའི་དད་པས་བདག་འབུལ་ན། །གཉིས་མེད་རྒྱན་དུ་བཞེས་སུ་གསོལ། །གཉིས་པ། སྣ་ཚོགས་དར་གྱི་འཕུར་ལྕེ་ཅན། །ཅོད་པཎ་ཐབས་དང་ཤེས་རབ་ཀྱིས། །གཉིས་ཀྱིས་མཐའ་ལ་མི་གནས་པའི། །གཉིས་མེད་སྐུ་མཆོག་བརྒྱན་པར་བྱ། །གསུམ་པ། རྒྱལ་བའི་སྐུ་ལ་དྲི་མ་མི་མངའ་ཡང་། །སྤོས་དྲི་སྨན་ཆབ་ཁྲུས་མཆོག་འདི་གསོལ་བས། །འགྲོ་བ་ཀུན་གྱི་ལས་དང་ཉོན་མོངས་པའི། །དྲི་མ་བག་ཆགས་བཅས་ཏེ་དག་པར་ཤོག །བཞི་པ་ནི། ཐུགས་རྗེ་ལྷུན་རྫོགས་སངས་རྒྱས་གཟུགས་སྐུ་ལ། །སྲི་ཞུ་གུས་ཕྱིར་རས་ཀྱི་སྐུ་ཕྱིས་པས། །ལས་དང་ཉོན་མོངས་བག་ཆགས་ཀུན་བསལ་ནས། །སྤྱོད་ལམ་རྣམ་པར་དག་པའི་སྒོ་ཐོབ་ཤོག །ལྔ་པ་ནི། ཡོན་ཏན་ལྷུན་རྫོགས་སངས་རྒྱས་སྐུ་གཟུགས་ལ། །རིན་ཆེན་མཛེས་པའི་མེ་ཏོག་དོར་བྱས་པས། །ལོག་ལྟའི་ཉོན་མོངས་ཐ་བ་ཀུན་བྲལ་ཏེ། །ལྟ་བས་མི་ངོམས་མཛེས་པ་སྐུ་ཐོབ་ཤོག །དྲུག་པ་ནི། མཆོག་ཏུ་རྣམ་པར་དག་པའི་སྐུ་མངའ་བའི། །སངས་རྒྱས་སྐུ་ལ་གདུགས་མཆོག་འདི་ཕུལ་བས། །དམ་ཚིག་སྡོམ་པའི་ཉེས་སྐྱོན་ཀུན་བྲལ་ནས། །ཡེ་ཤེས་ཐུགས་རྗེས་མ་ལུས་སྐྱོབ་པར་ཤོག །བདུན་པ་ནི། རང་རིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ། །མུན་པ་སྣང་བྱེད་མར་མེ་འདི་བལྟམས་པས། །མ་རིག་འཐིབ་པོའི་མུན་པ་ཀུན་བསལ་ནས། །སངས་རྒྱས་ལ་སོགས་སྤྱན་ལྔ་ཐོབ་པར་ཤོག །བརྒྱད་པ། སྙིགས་མ་ལྔ་ཉིད་འབྲས་བུས་ཡོངས་རྫོགས་པའི། །རྒྱལ་བའི་སྐུ་ལ་དྲི་ཆབ་འདི་ཕུལ་བས། །གདུང་བ་ཟུག་རྔུ་མྱ་ངན་ཀུན་བྲལ་ནས། །འོད་ཟེར་མཐའ་ཡས་འགྱེད་པའི་སྐུ་ཐོབ་ཤོག །དགུ་པ། དུག་ལྔ་མ་སྤངས་སྐུ་ལྔར་རྣམ་དག་པའི། །བདེ་ཆེན་སྐུ་ལ་དམ་རྫས་འདི་ཕུལ་བས། །ཀུན་ཏུ་བཟང་པོའི་སྤྱོད་ལམ་ཡོངས་རྫོགས་པའི། །ཀུན་ནས་ཡོངས་སུ་སྨིན་པའི་སྐུ་ཐོབ་ཤོག །བཅུ་པ་ནི། ཆོས་རྣམས་ལོངས་སྤྱོད་ཡོངས་སུ་རྫོགས་པ་ཡི། །རྒྱལ་བའི་སྐུ་ལ་གཏོར་མ་འདི་ཕུལ་བས། །རྫས་སུ་སྤྱོད་པའི་གདུང་བ་ཀུན་བྲལ་ནས། །གསང་བའི་ལོངས་སྤྱོད་ཡོངས་སུ་རྫོགས་པར་ཤོག །བཅུ་གཅིག་པ་སྒྲུབ་ཐབས་ནས་འབྱུང་བའི་མཆོད་པ་བྱིན་རླབས་དང་སྒེག་མོ་བརྒྱད་མཆོད་མཐར། རོལ་མོ་འབུལ། ཡེ་ཤེས་སྤྱོད་ཡུལ་ཡོངས་སུ་དག་པ་ཡི། །རྒྱལ་བའི་སྐུ་ལ་མཆོད་པ་འདི་ཕུལ་བས། །ཁམས་གསུམ་དུག་གསུམ་རྩད་ནས་དག་འགྱུར་ཏེ། །སྐུ་གསུམ་ལྷུན་གྲུབ་ཞིང་ཁམས་དག་པར་ཤོག །བཅུ་གཉིས་པ། ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡི། །བདེ་ཆེན་སྐུ་ལ་ག་ཎ་འདི་ཕུལ་བས། །སྤྱོད་ཡུལ་བྱང་ཆུབ་སེམས་སུ་རྣམ་དག་ནས། །མཐའ་ཡས་སྙོམས་པར་འཇུག་པ་ཐོབ་པར་ཤོག །བཅུ་གསུམ་པ། མཐའ་ཡས་བདེ་དང་བྲལ་བ་མེད་པའི་ཕྱིར། །གཉིས་མེད་སྐུ་ལ་འདོད་ཡོན་ལྔ་ཕུལ་བས། །མཐའ་ལ་ཞེན་པའི་གདུང་བ་ཀུན་བྲལ་ནས། །བདེ་བ་ཆེན་པོའི་ཐབས་རྣམས་རྫོགས་པར་ཤོག །བཅུ་བཞི་པ། གཟི་བརྗིད་ཁྱད་པར་འཕགས་པའི་དཀྱིལ་འཁོར་ལ། །བླ་རེ་ལྷབ་ལྷུབ་ལ་སོགས་ཕུལ་བྱས་པས། །ལོག་པར་ལྟ་བ་རྣམས་དང་ཡོངས་བྲལ་ནས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ་པ་ཤོག །བཅོ་ལྔ་པ། བྱམས་མགོན་སྐུ་ལ་སྙོམས་པའི་དཀྱིལ་འཁོར་ལ། །རིན་ཆེན་ལྡན་པའི་ན་བཟའ་འདི་ཕུལ་བས། །ཐ་བས་རྒྱགས་པའི་སྤྱོད་ལམ་ཀུན་བྲལ་ཏེ། །གཟི་བརྗིད་ཁྱད་པར་འཕགས་པའི་སྐུ་ཐོབ་ཤོག །བཅུ་དྲུག་པ་ནི། མཎྜྃལ་སོ་བདུན་པའི་མཐར། མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་གུས་པས་འབུལ་བར་བགྱིའོ། །སྒྲུབ་ཐབས་ནས་སྐུ་གསུམ་མཎྜལ་འབུལ་བར་རྫོགས་པར་བྱ། ལྔ་པ་ནི་དབང་བསྐུར་བ་སྟེ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་ༀ་བཛྲ་ས་མཱ་ཛཿཕྱི་ནང་གསང་བས་མཆོད། དེ་རྣམས་ཀྱིས་དགེ་མཚན་དུ་མ་དང་ལྡན་པའི་བུམ་པ་རིན་པོ་ཆེས་དབང་བསྐུར་བར་གྱུར། སློབ་དཔོན་ནས་བུམ་པའི་ཁ་རྒྱན་གྱིས་ཆུ་འཐོར་བཞིན། ཇི་ལྟར་བལྟམས་པ་སོགས་དང་། ༀ་མ་ཧཱ་ཤཱུ་ནྱཱ་ཏ་སོགས་ལྔ་ཚན་ལྔའི་སྔགས་བརྗོད། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཀཱ་ཡ་སོགས་དང་། ལྷ་ཚོགས་ཐམས་ཅད་ཀྱི་དུང་ཁང་སོགས་ནས། གནས་ལྔར་རྒྱས་བཏབ་པར་གྱུར། ཞེས་པའི་བར་སྒྲུབ་ཐབས་ལྟར་བརྗོད། དྲུག་པ་ནི། སླར་ཡང་མཆོད་པ་བྱིན་རླབས་དང་། འོག་མིན་ཞིང་གཤེགས་སོགས་ཕྱག་ནས། ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་སྒྲུབ་ཐབས་ནས་འབྱུང་བ་ལྟར་མཆོད་པ་དང་། བསྟོད་པ་བྱ། བདུན་པ་ནི། རྟེན་འབྲེལ་སྙིང་པོ་བརྒྱ་རྩ་བཟླ་ཞིང་། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་དཔལ་གསང་བ་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པའི་བདེན་པ་དང་། ཁྱད་པར་རྒྱལ་བས་གསུངས་པའི་ཆོ་གའི་ལས་རིམ་རྣམ་པར་དག་པ་སྒྲུབ་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད། དུས་འདི་ནས་བཟུང་སྟེ་ཇི་སྲིད། རས་བྲིས་ཡིན་ན། འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ། ཞེས་དང་། རྡུལ་ཚོན་ཡིན་ན། ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ། ཞེས་བསྒྱུར། བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྟན་པར་བཞུགས་ནས། དངོས་གྲུབ་སྩལ་ཞིང་སེམས་ཅན་གྱི་དོན་མཛད་དུ་གསོལ། རྟེན་སྙིང་གི་མེ་ཏོག་གཏོར་ཞིང་། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་ཏིཥྛ་བཛྲ། ཞེས་ལན་གསུམ་བཟླའོ། །གསུམ་བརྗེས་ལ། གཏོར་ཆོག་བྱ་ཞིང་སྨོན་ལམ་གདབ། ཅེས་གཉིས་ལས། དང་པོ། མཁའ་འགྲོ་སོ་གཉིས་ཀྱི་ལྷག་ཆེན་དང་། བསྟན་མ་ལ་གཏོར་མ་བསྐྱལ། ཆོས་སྐྱོང་བའི་སྲུང་མ་མཆོད། མཐར་ལྷ་ཡི་ང་རྒྱལ་བརྟན་པོས་རྡོ་རྗེ་སྤྱི་བོར་བཀོད་ལ། ༀ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཆོས་སྐྱོང་བའི་སྲུང་མའི་དབང་པོ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། ཁྱད་པར་དུའང་རྒྱུད་སྡེ་ཆེན་པོ་འདི་ཉིད་ཀྱི་བཤད་དང་སྒྲུབ་པའི་བསྟན་པ་ཕྱོགས་བརྒྱར་འཕེལ་བར་མཛད་དུ་གསོལ། ཅེས་བརྗོད། ཕྱི་རོལ་དུ་འབྱུང་པོ་ལ་གཏོར་མ་ཆ་གསུམ་བཏང་བར་བྱའོ། །གཉིས་པ་ནི། རྣམ་དག་རིན་ཆེན་དྲི་མ་མེད་པའི་གནས། །བླ་མ་མཆོག་དང་དཔལ་ལྡན་མི་བསྐྱོད་པའི། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་མ་ལུས་པ། །མཁྱེན་བརྩེའི་ངོ་མཚར་གྲངས་མེད་བདེན་པའི་མཐུས། །སྣ་ཚོགས་ཁམས་ལས་གྲུབ་པའི་གཟུགས་བརྙན་ཡི། །དཀྱིལ་འཁོར་ཆེན་པོ་རབ་ཏུ་གནས་པའི་མཐུས། །ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །འཛིན་མའི་འཁོར་ལོར་རྟག་ཏུ་ཁྱབ་ཅིང་གནས། དེ་འཛིན་བཤད་དང་སྒྲུབ་པའི་དཔལ་ཡོན་ཅན། ས་གསུམ་སྐྱེ་བོ་ཀུན་གྱི་གཉེན་གཅིག་པུར། །སྐུ་ཚེའི་རྒྱལ་མཚན་ཡུན་དུ་བརྟན་པ་དང་། །བཞེད་དོན་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །འཇིག་རྟེན་ཀུན་དུ་སྲིད་འགྲོར་ཉམས་ང་བའི། །ནད་མུག་འཁྲུགས་རྩོད་མི་མཐུན་ཕྱོགས་རྣམས་ཀུན། །ངང་གིས་ཞི་ནས་འོ་རྣམས་བདེ་བའི་རྒྱུ། །ཡང་དག་ལྟ་བ་མཆོག་དང་ལྡན་གྱུར་ཅིག །མཁའ་ལ་ཕུན་ཚོགས་བདུད་རྩིའི་བྲིལ་ཕྲེང་གིས། །ས་ལ་འབྲས་སྨིན་ཆད་མེད་རྟག་འཕེལ་བས། །མི་ལ་དུས་ཀུན་འཚོ་བ་བཟང་པོ་རྒྱས། །འགྲོ་ལ་ཚེ་རིང་ནད་མེད་དགེ་གྱུར་ཅིག །ངུར་སྨྲིག་རྒྱལ་མཚན་མཛེས་པའི་བརྟུལ་ཞུགས་ཀྱིས། །དྲང་སྲོང་ཆེན་པོའི་རིང་ལུགས་གསལ་མཛད་རྣམས། །གཡེང་བ་མེད་པར་འཆད་རྩོད་རྩོམ་པ་ཡིས། །ཉིན་མཚན་ཀུན་ཏུ་ཆོས་ཀྱིས་འདའ་བར་ཤོག །ནགས་དང་རི་སུལ་ཚང་ཚིང་ཞི་བ་ན། །བསམ་བསྟན་སྒོམ་པའི་སྒྲུབ་པ་པོ་རྣམས་ཀྱང་། །ལོག་འཚོ་སྤངས་པའི་འཚོ་བས་ལུས་སྟོབས་རྒྱས། །རྟག་ཏུ་རིམ་པ་གཉིས་ལས་མི་གཡེལ་ཤོག །ཆོས་ལྡན་ཡུལ་སྲུང་རྒྱལ་པོའི་ཚོགས་རྣམས་ཀྱང་། །འཐབ་རྩོད་མེད་པར་འཚེ་བ་ཀུན་དང་བྲལ། །དཔལ་འབྱོར་རྒྱས་ཤིང་དཀོན་མཆོག་གསུམ་ལ་གུས། །འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད་པར་ཤོག །བདག་སོགས་གང་དུ་སྐྱེ་བ་དེ་དང་དེར། །རྡོ་རྗེ་བླ་མའི་ཞབས་པད་ལ་འདུད་ཅིང་། །དམ་ཚིག་མཐའ་དག་གཏན་དུ་མི་ཉམས་པར། །རྡོ་རྗེ་ཐེག་པའི་དངོས་གྲུབ་འགྲུབ་གྱུར་ཅིག །ཅེས་བརྗོད་ལ་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀྲ་ཤིས་དང་། རོལ་མོར་བཅས་པས་དཀྱིལ་འཁོར་ལན་གསུམ་བསྐོར་ནས་ཤིས་པར་བྱའོ། །བརྒྱད་པ་སྦྱིན་བསྲེག་ནི། རྒྱས་པའི་སྦྱིན་བསྲེག་བྱ་བ་སྟེ། དེ་ཉིད་ཀྱི་ཡིག་ཆ་ལས་གསལ་བར་འགྱུར་རོ། །དེ་ཡན་ཆོད་ནུབ་གསུམ་པའི་བྱའོ། །དགུ་པ་དཀྱིལ་འཁོར་དུ་སློབ་དཔོན་འཇུག་པ་དང་། སློབ་མ་འཇུག་པ་གཉིས་ཀྱི་ཕྱི་མ་དབང་གི་ཆོ་ག་ལས་ཤེས་ཤིང་། སྔ་མ་ལའང་དཀྱིལ་འཁོར་སྒྲུབ་མཆོད་དང་། འཇུག་པ་དངོས་སོ། །དང་པོ་ནི་འཁོར་ལོའི་དབང་ཕྱུག་གིས་གཙོས་སྒྲུབ་པོ་རྣམས་རང་གི་ལུས་ལྷར་ཤེས་པས་ཡི་གེ་བརྒྱ་པའི་ཁྲུས་བྱས། ལུས་དྲི་ཞིམ་པོས་བྱུགས། ཚུལ་ཕྱག་དང་གྲལ་ཕྱག་གིས། སློབ་དཔོན་དཀྱིལ་འཁོར་ཤར་དང་། གཞན་རྣམས་ཇི་ལྟར་འོས་པར་སྟན་ལ་འཁོད་ནས། རབ་གནས་སོགས་དང་མ་འབྲེལ་བའི་སྒྲུབ་མཆོད་རྐྱང་པ་ཙམ་ལ་ནམ་མཁའི་སྟ་གོན་གྱི་ལྷ་སྤྱན་འདྲེན་དུས་བསྟིམ་པ་ལས་གཞན་སྒྲུབ་ཐབས་བཞིན་དུ་ཚོགས་གཉིས་བསོགས་པའི་ཆོ་ག་སྡུ་ལྡང་གི་བར་བྱས་ལ་ཐུན་སྐབས་སུ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་སྒོ་གསུམ་འཁྲུལ་པ་ཡེ་ཤེས་སུ་སྡོམས་པའི་རྣལ་འབྱོར་ལ་དྲན་པ་ཉེ་བར་བཞག་སྟེ། བདག་མདུན་དབྱེར་མེད་བསྐྱེད་ནས་ཞེས་པ་བདག་དང་མདུན་བསྐྱེད་རྫས་སོ་སོ་ཐ་དད་པ་དམིགས་པ་གཅིག་གིས་ཁྱབ་པའམ། བདག་མདུན་སོ་སོ་བ་གཉིས་གཅིག་ཏུ་བྱས་ཏེ་སྒོམ་པའམ། བདག་གཅིག་སོ་སོར་གཉིས་སམ་གསུམ་དུ་འཆར་བ་ལྟ་བུ་ཐ་མལ་སྣང་ཞེན་སྦྱོང་བྱེད་ཀྱི། ཐ་མ་ལ་སྣང་ཞེན་གཉིས་འཛིན་དུ་མ་སོང་བར། རང་རིག་པ་ཡེ་ཤེས་ཉིད་དཀྱིལ་འཁོར་མཐའ་དང་མུ་མེད་པ་ཆོས་ཀྱི་དབྱིངས་ཁྱབ་པ་དེ་སྲིད་དུ་ཁྱབ་ཅིང་དེ་ཡི་ངང་ལ་སྣང་སྲིད་དཀྱིལ་འཁོར་དུ་མ་གྱུར་པ་མེད་པས་སློབ་དཔོན་ཀཿཐོག་པ་ཆེན་པོས། དེ་ཉིད་དཀྱིལ་འཁོར་རྣམ་བཞི་སྟེ། །ཐམས་ཅད་འགག་པ་མེད་པ་ནི། །དེ་ཉིད་ཡི་ཡི་དཀྱིལ་འཁོར་ཡིན། །མ་འགག་པ་ཉིད་མ་སྐྱེས་པ། །དེ་ཉིད་ནང་གིས་ད་ལ་ཡིན། །མ་སྐྱེས་མི་འགག་དབྱེར་མེད་པ། །གསང་བའི་དཀྱིལ་འཁོར་ཡིན་པར་བཤད། །བླ་དྭགས་སྒྲོ་འདོགས་ཀུན་བྲལ་བ། །དེ་ཉིད་དཀྱིལ་འཁོར་བཞི་པ་ཡིན། །ཞེས་གསུངས་ལྟ་བུའི་སྒྱུ་འཕྲུལ་རང་ལུགས་ཀྱི་བཀོད་པ་དཀྱིིལ་འཁོར་གྱི་ལྟ་དོན་རྟོགས་ཤིང་སྣང་བ་ལྟར་ཤེས་པའི་གདེང་གིས་ཟིན་པས་བདག་དང་མདུན་ཞེས་སོ་སོར་ཕྱེ་བའི་འཛིན་པས་མ་སླད་པར། སྣང་གྲགས་རིགས་པ་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོ་འཆང་བའི་ཆོ་འཕྲུལ་ཏིང་ངེ་འཛིན་གྱི་རྩལ་ལས་གཅིག་དང་དུ་མའི་དཀྱིལ་འཁོར་གྱི་སྤྲོ་བསྡུ་ཅིར་ཡང་གོམས་པར་བྱ་བ་སྟེ། རྨད་དུ་བྱུང་བའི་རྒྱུད་རྒྱལ་འདི་ཉིད་ཀྱི་དགོངས་དོན་ཡིན་པས་དེ་ལྟར་ཤེས་པར་བྱ་ཡི། ཆོས་ཐམས་ཅད་དག་མཉམ་ཡུལ་དང་ཡུལ་ཅན་བདེན་པ་དབྱེར་མེད་དེ་མཚོན་བྱེད་བརྡའ་ལ་སོ་སོར་འཆར་བས། བདག་གི་ལུས་དང་། རིག་པ་རང་བྱུང་གི་དཀྱིལ་འཁོར་གཞི་འབྲས་དབྱེར་མེད་དོན་དང་། དེ་མཚོན་བྱེད་རྟགས་ཀྱི་ཕྱག་རྒྱ་བྲིས་པ་གཟུགས་བརྙན་གཉིས་སྣང་ཚུལ་སོ་སོར་སྣང་བ་ལྟར། གནས་ཚུལ་ལ་འགལ་བར་འཛིན་པའི་བློས་སོ་སོར་ཞེན་པས་བདག་མདུན་དབྱེར་མེད་ཅེས་པའི་རྒྱུད་སྡེའི་གསང་གནད་ཟབ་མོ་རྣ་བར་མ་སོང་བ་ནི། རྡོ་རྗེ་ཐེག་པའི་རྒྱུད་དོན་མཐར་ཐུག་པ་ཤེས་པའི་སྐལ་བས་རེ་ཞིག་སྤངས་པའོ། །དེས་ན་ལམ་འདིའི་ལུགས་རིག་འཛིན་དམ་པ་གོང་མའི་མན་ངག་ལྟར་སྒྲུབ་གཞི་བདག་དང་། བྲིས་པ་དཀྱིལ་འཁོར། སྒྲུབ་ཆོས་ཏིང་འཛིན་གསུམ་རྩལ་སོ་སོར་འཆར་ཡང་ཡེ་ཤེས་རིག་པ་གཅིག་གི་རོལ་གར་ལ། གཅིག་ཐ་དད་ཀྱི་སྤྲོས་པ་བྲལ་བའི་གདེང་གོ་བས་གདོད་ནས་དག་ཅིང་གྲུབ་པའི་གསལ་གདབ་ཅིང་མཆོད་པར་བྱ་བ་དང་། ཐུན་མཚམས་སུ་འོག་མིན་དུ་སྟོན་འཁོར་ཚོགས་པ་བཞིན། ཡུལ་སྣང་ཕུན་ཚོགས་ཡེ་གནས་དང་། རྒྱུད་དོན་གང་སར་གྱི་ཆོས་ལ་ཚང་པའི་དགོངས་པ་དང་བཅས་ཏེ་རྒྱུད་བཀླག་ཅིང་རང་སེམས་དོན་གྱི་བླ་མ་རང་བྱུང་དཀྱིལ་འཁོར་གྱི་བདག་པོ་རང་ངོ་མཇལ་བ་ལས་ལོགས་སུ་དབང་དོན་ཟུར་བ་མེད་མོད། རྣལ་འབྱོར་པ་དེ་ལྟ་བུའི་རྟོགས་གོམས་ཀྱི་གདེངས་མེད་པ་དག་དེ་གསལ་འདེབས་པའི་ཕྱིར། རྒྱུད་སྨིན་བྱེད་ཀྱིས་བདག་ཉིད་འཇུག་པས་སྔགས་སྡོམ་གསོ་སྦྱོང་དང་། ཡེ་ཤེས་གོང་ནས་གོང་དུ་འཕེལ་བ་དང་། དེ་ཉིད་བརྟན་པར་བྱ་བའི་ཐབས་ཚུལ་ལ་བརྩོན་པར་བྱའོ། །གཉིས་པ་ནི། རྩ་རྒྱུད་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། །ཞེས་པས་རྣལ་འབྱོར་པ་དག་མཉམ་དབྱེར་མེད་ཀྱི་ངེས་ཤེས་གོ་བ་གོམས་པ་མངོན་དུ་གྱུར་པའི་སློབ་དཔོན་གྱིས་རིག་པའི་མེ་ཏོག་དོར་བས་ཅིག་ཆར་དུ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཚུལ་དང་། དེ་ལྟར་མ་གོ་བས་རིམ་གྱིས་པའི་དབང་ལ་བརྟེན་ནས་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ཏེ་གཉིས་སོ། །དེ་ལྟར་རིམ་ཅིག་ཆར་གང་གི་སྐབས་སུའང་། སྒྲུབ་གཞི་རང་ལ་གནས་པའི་སྐུ་དང་ཡེ་ཤེས་དེ། སྒྲུབ་བྱེད་དཀྱིལ་འཁོར་གྱི་འཁོར་ལོར་བདག་དང་མི་གཉིས་པའི་དབང་ལྷ་དེ་དག་གི་སྐུ་གསུང་ཐུགས་དང་དབྱེར་མེད་པར་མཉམ་པར་སྦྱོར་བས། སྒྲུབ་འབྲས་དག་པ་མངོན་གྱུར་གྱི་གོ་འཕང་གི་ཆོས་རྒྱུད་ལ་འཇོགས་པའམ། མངོན་དུ་བྱེད་པར་ངེས་པས། དབང་ཡེ་བསྐུར་ཆེན་པོའི་ལྟ་བས་ཟིན་པ་ཞིག་དགོས་སོ། །དེ་ཡི་ཕྱིར་ལྟ་བ་རྣལ་མ་དེ་ངེས་པའིགང་ཟག་གིས། གསལ་གདབ་པ་ལ། བདག་དང་དཀྱིལ་འཁོར་སྐུ་གསུང་ཐུགས་ཡེ་ནས་དབྱེར་མེད་ལ་འཁྲུལ་བས་སྒྲིབ་པ་དེ་བསལ་བའི་ཕྱིར་དབང་པོ་རབ་ཤེས་རབ་ཆེན་པོའི་བློ་སྟོབས་ཅན་དག་གིས་ཐེ་ཚོམ་ཆོད་དེ་སྤྲོས་པ་མང་པོའི་གནས་ལ་མི་ལྟོས་པ་སླར་སྔགས་ཙམ་གྱིས་དབྱེར་མེད་དུ་བྱེད་པའི་བརྡའ་ཐབས་ཀྱིས། ཡེ་ནས་དབྱེར་མེད་ཡིན་པ་ལ་ཤེས་པའི་རྒྱུད་སྨིན་བྱེད་ཆེས་ཁྱད་པར་བའི་ཐབས་སྦྱང་ཞིང་མཁས་པ་བླ་མེད་ཀྱི་ཟབ་པ་སྙིང་པོའི་རྒྱུད་སྡེ་མཐར་ཐུག་པ་འདི་རང་གི་དགོངས་པར་སྒོ་བསྟུན་པ་དང་། བདག་དང་དཀྱིལ་འཁོར་བའི་སྐུ་གསུང་ཐུགས་ཡེ་ནས་དབྱེར་མེད་ཡིན་པར་གོ་མོད། དབང་དམན་དེ་ཙམ་གྱིས་ཡིན་པ་ལ་ཡིན་པར་ངེས་པ་སྐྱེ་མི་ནུས་པའི་བློ་སྟོབས་དམན་པས་དབང་ལྷ་སྤྱན་དྲངས་བ་སོགས་ཀྱིས། དབང་གི་ཡུལ་ལས་དབང་བླང་བའི་ཆོ་ག་ཐབས་མང་པོས་རིམ་གྱིས་བདག་དང་དཀྱིལ་འཁོར་དབྱེར་མེད་དུ་བྱ་བའི་ཚུལ་བླ་མེད་ཀྱི་རྒྱུད་སྡེ་འོག་མ་སྤྱི་ཙམ་གྱི་སྒོ་བ སྟུན་དང་གཉིས་སུ་གནས་པ་ནི། བསྐྱེད་རིམ་ལ་སྔགས་ཙམ་བརྗོད་པའམ་སྐད་ཅིག་གིས་བསྐྱེད་པ་དང་། མངོན་བྱང་ལྔ་སོགས་ཀྱིས་རིམ་པར་བསྐྱེད་པ་གཉིས་སུ་གནས་པ་བཞིན་ནོ། དང་པོ་ནི། སློབ་དཔོན་ཤར་སྒོར་བཞེངས་ནས་མེ་ཏོག་དོར་བཞིན། རང་གཙོ་བོ་གཉིས་པའི་རྣམས་པས་མར་མེ་ལས་མར་མེ་འཕྲོས་པ་ལྟར་ཤར་སོགས་སྒོ་བཞིར་གནས་པར་གྱུར། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། མདུན་གྱི་ལྷ་ཚོགས་ཨིནྟྲ་ནཱི་ལའི་རི་ལ་ཉི་མ་ཤར་བ་ལྟ་བུའི་ཐུགས་ཀ་ནས་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུ་བྱུང་བས། ལུས་ངག་གི་རྟོག་སྒྲིབ་སྦྱངས་ནས་རིག་པ་ཧཱུཾ་དུ་གྱུར། གཙོ་བོའི་ཐུགས་ཀར་ཐིམ། ཉོན་མོངས་ཞེ་སྡང་དང་རྣམ་པར་ཤེས་པའི་མེ་ལོང་ཡེ་ཤེས་དང་རྡོ་རྗེ་སེམས་དཔར་གནས་གྱུར། ཡང་། ༀ། ཡེ་ཤེས་རྒྱལ་པོ་སོགས་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ༀ། མདུན་གྱི་ལྷ་ཚོགས་ག ངས་རི་ལ་ཉི་མ་ཤར་བ་ལྟ་བུའི་ཐུགས་ཀ་ནས་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུ་བྱུང་བས། ལུས་ངག་གི་རྟོག་སྒྲིབ་སྦྱངས་ནས་རིག་པ་ༀ་དུ་གྱུར། གཙོ་བོའི་ཐུགས་ཀར་ཐིམ། ཉོན་མོངས་པ་གཏི་མུག་དང་གཟུགས་ཀྱི་ཕུང་པོ་ཆོས་དབྱིངས་ཡེ་ཤེས་དང་རྣམ་པར་སྣང་མཛད་དུ་གནས་གྱུར། ཡང་ལྷོ་སྒོར་ཕྱིར། ༀ། ཡེ་ཤེས་རྒྱལ་པོ་སོགས་ནས། བདག་སྦྱོར་ཅིག །སྭཱ་བཛྲ་ས་མ་ཡ་སྭཱ། མདུན་གྱི་ལྷ་ཚོགས་གསེར་རི་ལ་ཉི་མ་ཤར་བ་ལྟ་བུའི་ཐུགས་ཀ་ནས་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུ་བྱུང་བས། ལུས་ངག་གི་རྟོག་སྒྲིབ་སྦྱངས་ནས་རིག་པ་སྭཱར་གྱུར། གཙོ་བོའི་ཐུགས་ཀར་ཐིམ། ཉོན་མོངས་པ་ང་རྒྱལ་དང་ཚོར་བའི་ཕུང་པོ་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། ཡང་ནུབ་སྒོར་ཕྱིན། ༀ། ཡེ་ཤེས་རྒྱལ་པོ་སོགས་ནས། བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཨཾ། མདུན་གྱི་ལྷ་ཚོགས་རྣམས་པདྨ་རཱ་གའི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་ཐུགས་ཀ་ནས་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུ་བྱུང་བས། ལུས་ངག་གི་རྟོག་སྒྲིབ་སྦྱངས་ནས་རིག་པ་ཨྃ་དུ་གྱུར། གཙོ་བོའི་ཐུགས་ཀར་ཐིམ། ཉོན་མོངས་པ་འདོད་ཆགས། འདུ་ཤེས་ཀྱི་ཕུང་པོ། སོར་རྟོག་ཡེ་ཤེས་དང་། སྣང་བ་མཐའ་ཡས་སུ་གྱུར། ཡང་བྱང་སྒོར་ཕྱིན། ༀ། ཡེ་ཤེས་རྒྱལ་པོ་སོགས་ནས། བདག་སྦྱོར་ཅིག །ཧཱ་བཛྲ་ས་མ་ཡ་ཧཱ། མདུན་གྱི་ལྷ་ཚོགས་ཐམས་ཅད་མ་རྒད་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་ཐུགས་ཀ་ནས་འོད་ཟེར་བསྐལ་པའི་མེ་དཔུང་ལྟ་བུ་བྱུང་བས། ལུས་ངག་གི་རྟོག་སྒྲིབ་སྦྱངས་ནས་རིག་པ་ཧཱར་གྱུར། གཙོ་བོའི་ཐུགས་ཀར་ཐིམ། ཉོན་མོངས་པ་ཕྲག་དོག་དང་འདུ་བྱེད་ཀྱི་ཕུང་པོ་བྱ་གྲུབ་ཡེ་ཤེས་དང་དོན་ཡོད་གྲུབ་པར་གནས་གྱུར། སླར་ཡང་ཤར་སྒོར་ཕྱིན་ནས། ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་ས་མ་ཡ་སྟཾ། བདག་དམ་ཚིག་དང་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་གདོད་ནས་དབྱེ་བ་མེད་པའོ། །དེ་ནས་སློབ་མ་ལ་འཇུག་པར་གནང་བ་ཞུ་བ་ནི། ༀ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ་པས། ༀ་བཛྲ་ས་མ་ཡ་ཧོཿ དེ་བཞིན་གཤེགས་པ་རྣམས་ཐུགས་རྗེས་ཞལ་འཛུམ་དབང་རྣམས་སྣོད་དང་མཚམས་པར་བསྐུར་ཅིག་ཅེས་གནང་བ་ཐོབ་ནས་གཙོ་བོའི་ཐུགས་ཀར་ཐིམ་པས་དབྱེར་མེད་པར་གྱུར། རང་གནས་སུ་འཁོད་དོ། །གཉིས་པ་ལ། བཤམས་བཀོད་དང་། དངོས་སོ། །དང་པོ། བགེགས་གཏོར་ལན་ཆགས་ནག་པོ་དང་། །རང་མདུན་མིག་དར་མེ་ཏོག་དང་། །རྡོ་རྗེ་གནོད་སྦྱིན་ཏིལ་དང་བཅས། །མཎྜལ་ནང་མཆོད་དུང་ཆོས་དང་། །རིགས་ལྔའི་ཕྱག་མཚན་དབུ་རྒྱན་དང་། །ཅོད་པན་མཐིང་དམར་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །ལྷ་ཚོགས་ཚང་མོའམ་གཙོ་བོ་དང་། །བཟའ་བཏུང་རྣམས་དང་གླེགས་བམ་ཕྲེང་། རྒྱ་གྲམ་འཁོར་ལོ་དུང་ཕྱག་ཤིང་། །རིག་མའམ་ཡང་ན་དྲིལ་བུས་རུང་། །དབང་ལྷར་མཆོད་པ་འབུལ་རྒྱུ་ནི། །རྭ་བར་ཆུ་གཉིས་བཞི་བསྣོལ་དང་། །ཞལ་ཟས་བཅས་དང་གུ་གུལ་དང་། །ཁྱད་པར་སྤོས་སྦྱོར་དང་བཅས་བཀོད། །གཉིས་པ་ལ་དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་པ་ལ་དབང་བསྐུར་བའོ། །དང་པོ་ནི། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། ། ཁྲུས་དགབ་དྲི་དང་ལུས་འབུལ་དང་། །བགེགས་བསྐྲད་ལྷར་བརླབ་དམ་ཚིག་སྦྱིན། །དེ་ཉིད་དཔོག་དང་ཆུ་ནན་དང་། །བསྒྲག་དང་མེ་ཏོག་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོད་ཡོན་ཏན་རྣམ་བཅོ་བརྒྱད། །ཅེས་ལས་རིམ་ལས་གསུངས་པ་ལྟར་གྱི་འཇུག་པ་བཟོད་གསོལ་གཉིས་མི་བརྩི་བའི་འདིར་ཆོས་བཅུ་དྲུག་གི། དང་པོ། ཇི་ལྟར་བལྟམ་པ་སོགས་ནས། ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱཾ། ཞེས་ལས་བུམ་གྱིས་ཆུ་འཐོར། སྦྱང་གཞི་གདོད་ནས་དག་པའི་རང་རིག་གཉུག་མ་བླ་མ་དང་དབྱེར་མེད་པའི་ལྷར་ཤར་བ་ཉིད་དབང་ལེན་པའི་ཡུལ་དུ་བྱས་ནས། སྦྱང་བྱ་ཕུང་ཁམས་སྐྱེ་མཆེད་གློ་བུར་བ་དེ་ཉིད་རྣམ་པར་དག་པ་མར་མེ་ལས་མར་མེ་ཆད་པ་བཞིན་དུ་གཙོ་བོ་ཕྱག་གཉིས་པའི་རྣམ་པར་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པ་ཉིད་དབང་ལེན་པ་པོར་བྱས་ཏེ། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་མཎྜལ་དུ་འབུལ་བར་མོས་པས། མཎྜལ་སོ་བདུན་མའི་མཐར། མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དབང་ཕྱུག་རྡོ་རྗེ་སེམས་དཔའ་ལ་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་འབུལ་བར་བགྱིའོ། །སྒྲུབ་ཐབ་ལས། སྣང་སྲིད་ཕྱོགས་བཅུའི་ཞིང་ཁམས་སོགས་དང་། ཏྲཾ་གླིང་བཞིའི་དཀྱིལ་འཁོར་རིན་ཆེན་ལྡན། སོགས་ནས། དབང་བསྒྱུར་ཤོག །ཅེས་བརྗོད། གཉིས་པ་ནི། ཧཱུཾ་བིགྷྣནྟ་ཀྲྀཏྟ་ཕཊ། ཅེས་ལས་བུམ་གྱིས་བསངས། ༀ་བཛྲ་ཡཀྵ་ཧཱུཾ། ཞེས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྲད། ༀ་བཛྲ་རཀྵ་ཧཱུཾ། ཧཱུཾ་དཀར་པོའི་ཚོགས་ཀྱི་དྲྭ་བར་གྱུར། ཞེས་བརླབས་པའི་མིག་དར། ༀ་ཙཀྵུ་བནྡྷ་ཝ་ར་མཱ་ཱནཱ་ཡ་ཧཱུཾ། ཞེས་འཆིང་། ཨ་ཁཾ་ཝཱི་ར་ཧཱུཾ། ཞེས་མེ་ཏོག་འཛིན། ཐལ་མོ་སྦྱར་ནས། རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །ཐལ་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོར་སྐྱབས་སོང་སྟེ། །ཐེག་ཆེན་ཁང་པར་གཞུག་པར་དང་། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ་དུ་གསོལ་བ་གདབ། གསུམ་པ་ནི། ཁྱོད་ནི་དགའ་བ་ཅི་ལ་དགའ། །ཁྱོད་ནི་དད་པ་ཅི་ལ་དད། །ཁྱོད་ནི་མོས་པ་ཅི་ལ་མོས། །ཁྱོད་ཀྱི་འདོད་པ་ཇི་ལྟ་བར། །ད་ལྟ་ཉིད་དུ་སྨྲ་བར་གྱིས། །ཞེས་དྲིས་པས། བདག་ཅག་སྐལ་ལྡན་རིགས་ཀྱི་བུ། །རབ་དགྱེས་སེམས་ལ་བདག་ཅག་དགའ། །མཆོད་དོན་ཉིད་ལ་བདག་ཅག་དང་། །སྐལ་བ་བཟང་ལ་བདག་དགའ་འོ། །དེ་ལ་ལན། བུ་འདིར་ཤོག་གཅིག་ཅི་བདེ་བར། །ལས་སྤྱོད་རིམ་པར་འགྲོ་བ་དང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །གཏོར་ཞིང་རང་སེམས་བརྟན་པོར་ཟུང་། །སྒྱུ་འཕྲུལ་དྲྭ་བའི་རྫོགས་དབང་སྦྱིན། །བཞི་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ་དང་། ཁྱད་པར་དུ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །དབང་ཕྱུག་ད་ལྟར་སངས་རྒྱས་དང་། །མ་འོངས་རང་བཞིན་སེམས་ཅན་ལ། །དགོས་པ་གཅིག་ཕྱིར་ལུས་འབྲུལ་བྱ། །ཐལ་མོ་སྤྱི་བོར་བཀོད། ༀ་སརྦ་བུདྡྷ་པཱུ་ཛོ་ས་སྠཱ་ན་ཡ་ཨཱཏྨཱ་ནཾ་ནིཪྻཱ་ཏ་ཡཱ་མི། སྨིན་མཚམས་སུ་བཀོད། ༀ་ཨཱ་ཙཪྻཱ་པཱུ་ཙོ་བ་སྠ་ནཱ་ཡ་ཨརྨཱ་ནཾ་ནིཪྻཱ་ཏ་ཡཱ་མི། ཐལ་མོ་སྙིང་གར་བཀོད། ༀ་བ་ཤ་ལ་ས་ཏྭ་པཱུ་ཙོ་བ་སྠ་ནཱ་ཡ་ཨཱརྨཱ་ན་ནིཪྻཱ་ཏ་ཡཱ་མི། ལྔ་པ་ནི་ཕྱི་བགེགས་དང་། ནང་བགེགས་བསལ་བའོ། །དང་པོ། བྷྲཱུཾ་སློབ་བུའི་དུང་ཁང་གཞལ་ཡས་ཁང་། །གནམ་སྒོ་གཅིག་པ་ཟླ་གམ་ནང་། །ཧཱུཾ་ལས་ཧཱུཾ་མཛད་བུམ་འཛིན་སྔོ། །ཧོ་ལ་གཏུམ་ཆེན་མི་གཡོ་ལྗང་། །རལ་གྲི་སྡིགས་མཛུབ་ཨཾ་གཙིག་བསྡམ། །འཇིགས་པར་གཟིགས་པས་སྒོ་སྲུང་གྱུར། །ༀ་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ྄། ༀ་བཛྲ་ཀྲོ་དྷ་ཨཪྻཱ་ཨ་ཙ་ལ་ཧཱུྃ་ཕཊ། ༀ་ཨཱ་ཀོ་རོས་ལན་ཆགས་ནག་པོ་རྣམས་བགེགས་ལ་བསྔོ། ཧཱུཾ་བཞི་པ་དང་ཛྭ་ལ་བཛྲའི་སྔགས་བརྗོད། བདེན་སྟོབས་བརྗོད། ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་ཉིད་འདུག་ཅིང་དབང་བླང་བ་ལ་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་སོང་ཞིག །རོལ་མོར་བཅས་བགེགས་བསལ། གོང་གི་ཁྲོ་བོ་བཅུའི་སྔགས་བརྗོད། ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་བསམ་གྱིས་མི་ཁྱབ་པས། མཉམ་པོར་འོང་བའི་བདུད་ལ་སོགས་པ་རྒྱང་རིང་དུ་བཀྲད་པར་གྱུར། གཉིས་པ་ལ་སྔགས་དང་ཕྱག་རྒྱས་བསལ་བ་དང་། རྫས་ཀྱིས་བསལ་བའོ། །གཙོ་བོའི་ཕྱག་སོར་ཉི་ཟླ་བཅུར། །ཨཱོཾ་ཧཱུཾ་སྭཱ་ཨཱཾ་ཧཱ་རྣམས་དང་། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་མཚན་པ། རིགས་ལྔ་ཡབ་ཡུམ་བཅུ་རུ་གྱུར། ༀ་སུ་ར་ཏ་སྟྭཾ། ཐལ་མོ་སྦྱར། བཛྲ་ཨཉྫ་ལི། སོར་མ་བསྣོལ། བཛྲ་བྷནྡྷ་བ། ཞེས་ཕྱག་རྒྱ་བསྡམས། རིགས་ལྔ་ཡབ་ཡུམ་མཉམ་སྦྱོར་བའི། །སྦྱོར་མཚམས་བྱང་སེམས་འོད་ཟེར་གྱིས། །འཁོར་བ་ཐོག་མེད་སྡིག་སྒྲིབ་ཀུན། །བྱ་སྒྲོ་མེ་ལ་བསྲེག་བཞིན་སྦྱངས། །བདེན་སྟོབས་སྔོན་དུ་འགྲོ་བས། རིགས་ཀྱི་བུ་རྣམས་ཀྱི་རྒྱུད་ལ་ཡོད་པའི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ལྟ་བ་དམན་པའི་སྒྲིབ་པ་དང་། ཆོས་ཀྱིས་འཕོངས་པའི་སྒྲིབ་པ་དང་། བག་ཆགས་ངན་པའི་སྒྲིབ་པ་ལ་སོགས་ཏེ་སྒྲིབ་པའི་ཕུང་པོ་ཇི་སྙེད་ཅིག་མཆིས་པ་ཐམས་ཅད་དྲལ་བར་གྱུར་ཅིག །བཛྲ་བྷནྡྷ་ཏྲ་ཐ། ཞེས་བརྗོད་དེ་ཕྱག་རྒྱ་སྤྲུགས། གཉིས་པ། རྡོ་རྗེ་གནོད་སྦྱིན་སྲེག་ཁང་ནི། །རྫ་ལས་བྱས་པའི་གནོད་སྦྱིན་སྐུ། །གཡས་གཡོན་ཕག་རྒོད་མཆེ་བ་འཛིན། །གདན་ནི་སྤོས་ཕོར་དབྱིབས་སུ་སྟེ། །པདྨ་ཟླའི་སྟེང་ཉིད་ན། །ཁྲོ་བོའི་རོལ་པས་འགྱིང་བཞིན་བཞུགས། །ཞལ་གདངས་ལྟོ་བའི་ནང་དག་ཏུ། །མེ་སྦར་དེ་ལ་ཏིལ་ཕུལ་ལམ། །ཡང་ན་མར་མེ་བཟང་པོར་བྱ། །རང་གི་སྙིང་གར་པདྨ་ནག །འདབ་བརྒྱད་ལྟེ་བར་སྡིག་སྒྲིབ་པཾ། །ལྟེ་བར་མེ་དཀྱིལ་གྲུ་གསུམ་སྟེང་། །ཡི་གེ་ཧཱུཾ་གཟུགས་མཐིང་ནག་གསལ། །གསང་གནས་རླུང་ལྗང་གཞུ་དབྱིབས་རྒྱས། །བླ་མ་ལྷ་ཡི་ཐུགས་ཀ་ནས། །འོད་ཟེར་ཕྲ་ལ་མྱུར་བ་བྱུང་། །གསང་གནས་རླུང་གཡོས་མེ་སྦར་ནས། །དེ་ཉིད་དབུ་རྐྱང་རོ་མར་བཞུགས། །སྡིག་སྒྲིབ་ཐམས་ཅད་པཾ་ལ་བསྟིམ། །ལུས་རྩ་ཐམས་ཅད་གསལ་ཞིང་སྟོང་། །དག་པ་ཡེ་ཤེས་བདུད་རྩིས་གང་། །པད་མ་དེ་ཡི་པཾ་ལ་ཐིམ། །དེ་མལ་ཡེ་ཤེས་མེ་ཡིས་གང་། །པཾ་གྱུར་སྡིག་པ་རིད་སྐམ་གསལ། །ལྟེ་བའི་ཧཱུྃ་དེ་གྱེན་འཕགས་པས། །ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ནི། །ཞལ་གཅིག་འཇིགས་ལྟ་མཆེ་བ་གཙིགས། །ཕྱག་གཉིས་ཕག་རྒོད་མཆེ་བ་འཛིན། །ཤིན་ཏུ་འཇིགས་རུང་ཆ་བྱད་ཅན། །ནག་ལ་གསུས་ཆེ་སྐྲ་སེར་བརྫེས། །སྙིང་གར་ཡར་ལ་བྱོན་ཙ་ན། །སྡིག་པ་དེ་ཉིད་མགྲིན་པར་བྲོས། །ཁྲོ་དེ་མགྲིན་པར་བྱོན་ཙ་ན། །སྡིག་པ་སྣ་སྒོ་གཡས་སུ་བུད། །དེ་རྗེས་ཁྲོ་བོ་ཆེར་རྔམས་པས། །བྱོན་ནས་སྡིག་པ་དེ་ཉིད་ཟོས། །སྟོང་ཉིད་ངང་དུ་རང་བཞིན་མེད། །དེས་ན་ཁྲོ་བོ་སྣ་གཡོན་ནས། །ཚུར་ཞུགས་ལུས་ནང་ཁྲོ་བོ་གང་། །ༀ་བཛྲ་ཡཀྵ་ཧཱུྃ། སརྦ་པཱ་པཾ་ད་ཧ་ན་བྷ་སྨིཾ་ཀུ་རུ་སྭཱ་ཧཱ། ལན་གསུམ་མམ་བདུན་བརྗོད། དྲུག་པ་ནི། བདག་དང་མཐའ་ཡས་སོགས་ཀུན་རྫོབ་སེམས་བསྐྱེད་དང་། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས་སོགས་དོན་དམ་སེམས་བསྐྱེད་གཉིས་སྒྲུབ་ཐབས་བཞིན་བརྗོད། ལས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ཉིད་དང་སྙིང་རྗེ་སྒྱུ་མའི་རང་མདངས་སེམས་ཉིད་ཧཱུྃ་དུ་གྱུར། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུས་རྡོ་རྗེ་རྩེ་ལྔ་སྔོན་པོ་ཧཱུྃ་གིས་མཚན་པར་གྱུར། སྥ་ར་ཎ་ཕཊ། ས་ཧ་ན་ཎ་ཧཱུྃ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་པད་ཉི་ཟླ་བ་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུ་མདོག་སྔོན་པོ། རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཐམས་ཅད་རྫོགས་ཤིང་སྐྱིལ་མོ་ཀྲུང་གིས་རོལ་པའོ། །སོ་སོའི་ཕྱག་རྒྱ་མགོ་བོའི་གནས་བཞག་སྟེ། ༀ་མ་ཧཱ་ཤཱུ་ནྱ་ཏ་སོགས་རིགས་ལྔའི་སྔགས་བརྗོད། སྤྱི་བོའི་གནས་ལྔར་རིགས་ལྔ་ཡབ་ཡུམ་གྱིས་མཚན་པར་གྱུར། གནད་ལྔར་རྩེ་ལྔའི་རྒྱ་གཏུགས་ཏེ་ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་ནས། པཱུ་ཛ་བཛྲའི་བར་བརྗོད། སྤྱི་བོར་ཟླ་བ་གནས་པའི་ༀ་དཀར་པོ་སོགས་ནས་མཚན་པ་རྣམས་ཀྱིས་རྒྱལ་བཏགས་པར་གྱུར། ༀ། དཔལ་ལྡན་སངས་རྒྱས་ལྔ་འཆང་བ། །རྡོ་རྗེ་མི་ཕྱེད་ལྔའི་རང་བཞིན། །དེང་འདིར་བྱིན་གྱིས་བརླབ་ནས་ནི། །རྡོ་རྗེ་ལྔ་རུ་མཛད་དུ་གསོལ། །ཞེས་བརྗོད། བཛྲ་ཀཱ་ཝཱ་ཙི་རཀྵཿ མཛུབ་མོ་གཡས་ན་ཧཱུཾ་ནག་པོ། སོགས་ནས། ཧཱུཾ་ཨ་ཞེས་གནས་དྲུག་ཏུ་བསྣོལ། བདུན་པ་དམ་ཚིག་སྦྱིན་པའི་ཕྱིར་གསོལ་བ་འདེབས་པ། ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཉེས་པར་མཛོད། །ཨ་ལ་ལ་སྟེ་དམ་ཚིག་སྐོར། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །རྫས་སུམ་ཅུ་པ་སྦྱར་བའི་དམ་རྫས་ལྕེ་ལ་སློབ་དཔོན་གྱིས་རྩལ་བར་མོས་ཏེ། རྡོ་རྗེ་རྩེས་ནང་མཆོད་ནས་བླངས་པ་ལྕེ་ལ་མྱང་བཞིན། ཨཱོཾ་ཨཱ་ཧཱུྃ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱཿ རྡོ་རྗེ་ལྔ་ཡི་དམ་ཚིག་ཐོབ་པར་གྱུར། །བརྒྱད་པ་དབབ་པ། རྡོ་རྗེ་སྙིང་གར་བཟུང་ལ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི། །རྡོ་རྗེ་འཆང་ཆེན་ང་ཡིན་པས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱེད་ཀྱིས་ཀྱང་ནི་བྱ་དགོས་སོ། །ང་ལ་བརྙས་པར་མ་བྱེད་ཅིག །སྡུག་བསྔལ་ཀུན་དང་མ་བྲལ་བར། །ཚེ་ཡི་འདུ་བྱེད་བྱས་ནས་ནི། །སེམས་ཅན་དམྱལ་བར་ཆེན་པོར་ལྟུང་། །སངས་རྒྱས་ཀུན་གྱི་གསང་བ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མ་བྱེད་ཅིག །ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་ལ་རྟག་གནས་ཤིང་། །མ་ལུས་སེམས་ཅན་དོན་གྱིས་ཤིག །དེང་ཁྱོད་དེ་རིང་གཤེགས་ཀུན་གྱི། །རིགས་སུ་ཞུགས་ཀྱི་དཀྱིལ་འཁོར་ཆེ། །མ་མཐོང་བ་ལ་མ་སྨྲ་ཞིག །གསང་བའི་དངོས་སྒྲུབ་གསང་སྟེ་སྒྲུབས། །ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་བཛྲ་ས་ཏྭ་ས་མ་ཡ་ཧཱུཾ། དགུ་པ་ཆུ་ནན་ལ་ཉེས་དམིགས་དང་། ཕན་ཡོན་གྱི་སྒོ་གཉིས། དང་པོ། ཙནྡན་དཀར་དམར། གུར་གུམ། གླ་རྩི། ཛ་ཏི་ཏེ་དྲི་ལྔ་རྣམས་སྦྱར་བའི་དུང་ཞལ་གྱི་ཆུ་ལ། ལས་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། མི་དམིགས་པ་སྟོང་ཉིད་ཀྱི་ངང་ལ་ཧཱུཾ་ལས་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་གྱུར། ཨེ་ཧྱ་ཧིས་དྲངས། ཛཿཧཱུཾ་བཾ་ཧོ་ས་བསྟིམ། ༀ་བཛྲ་ཡཀྵ་ཧཱུཾ། ལྷ་འོད་དུ་ཞུ་བ་ཆུ་ཡི་རྡུལ་ཕྲ་རབ་ཏུ་གྱུར། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ་དམ་ཚིག་འདས་ན་བསྲེག་པར་བྱེད། རྡོ་རྗེ་ཁྲོ་བོ་ཆེན་པོར་གྱུར། །རྡོ་རྗེའི་ཆུ་འདི་བཏུང་བར་གྱིས། །ༀ་བཛྲ་ཡཀྵ་ཧཱུཾ་ཕཊ྄། གཉིས་པ་སླར་ཡང་ཆུ་དེ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་མཚན་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་མི་བསྐྱོད་པར་གྱུར། ཨེ་ཧྱ་ཧིས་དྲངས། ཛ་ཧཱུྃ་བཾ་ཧོས་བསྟིམ། ༀ་བཛྲ་ས་ཏྭ་ཨཿ ལྷ་འོད་དུ་ཞུ་བ་ལས་བདུད་རྩིར་གྱུར། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་དག་སྲུང་བར་གྱིས། །དེ་བཞིན་བྱས་ན་དངོས་གྲུབ་འབྱུང་། །རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་། །ༀ་བཛྲ་ཨུད་ཀ་ཧཱུཾ་ཕཊ། བཅུ་པ་དམ་བསྒྲག་པ། ཐབས་དང་ཤེས་རབ་སེམས་ཉིད་ཀྱིས། །རྟག་ཏུ་དགོས་པ་མེད་གྱིས་ལ། །འདོད་པ་ལྔ་ཡི་ཡོན་ཏན་སྤྱོད། །གཞན་ཡང་སྟོང་ཁམས་ཐམས་ཅད་ན། །ཤེས་རབ་དབྱིངས་དང་འདོད་ཡོན་གཞན། །རབ་འབྲིང་ཐ་མ་ཐམས་ཅད་སྤྱོད། །གཞན་ཡང་དམ་ཚིག་ཉམས་པ་དང་། །སྐྱེ་བོ་གང་ཞིག་དམ་ལ་གནོད། །བརྟུལ་ཞུགས་ཅན་གྱིས་དེ་དྲོངས་ལ། །ཁྲག་ཆེན་སྙིང་ལས་བཏུང་བར་གྱིས། །འདི་ལ་མི་བྱ་ཅུང་ཟད་མེད། །སེམས་ཉིད་ཐེགས་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་སྤྱད་ཀྱང་། །པདྨ་ལ་ནི་འདམ་བཞིན་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བྱ་དང་མི་བྱ་ཅུང་ཟད་མེད། །བྱས་ལ་མི་སོགས་ཚོགས་ཆེན་རྫོགས། །བླ་མེད་བྱང་སེམས་མི་སྤང་ཞིང་། །བླ་མ་སྙིང་ལྟར་བསྟེན་ཅིང་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་སྲུང་བའི་དམ་ཚིག་མཆོག །གཏི་མུག་ཆགས་དང་ཞེ་སྡང་ཆེ། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་འདོར་རོ། །དམ་ཚིག་མ་ལུས་བཟུང་བར་གྱིས། །ཞར་བྱུང་དམ་བཟུང་བ་ནི། བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བླ་མེད་མི་སྤང་ནས་བསམ་པ་འགྲུབ་གྱུར་ཅིག །ཅེས་པའི་བར་སྒྲུབ་ཐབས་ལས་འབྱུང་བ་ལྟར་ལན་གསུམ་བརྗོད། ༈ མན་ངག་གིས་དེ་ཡན་ཕྱིར་འཇུག་ཏུ་མཛད་ནས། ནང་འཇུག་གི་དང་པོ་སྒོ་དབྱེ་བར་གསོལ་བ་གདབ་སྟེ། བདེ་ཆེན་ལྷུན་གྲུབ་གཞལ་ཡས་འདིར། །རྣམ་པར་ཐར་པའི་སྒོ་བཞི་ནས། །ཚ ད་མེད་ཐུགས་རྗེས་སྒོ་ཕྱེས་ཏེ། །བྱམས་པའི་ཞལ་རྣམས་བསྟན་དུ་གསོལ། །སློབ་དཔོན་གྱིས་གནང་བ་སྦྱིན་པ། ཨེ་མ་སྐལ་ལྡན་འདུས་པའི་ཚོགས། །འཁོར་བའི་ལམ་སྒོ་ཀུན་བཅད་དེ། །བྱང་ཆུབ་ལམ་དུ་གཟུད་པའི་ཕྱིར། །རྡོ་རྗེའི་གསང་སྒོ་དབྱེ་བར་བྱ། །ཞེས་གསུངས་པར་མོས། ཡང་གསོལ་བ་བཏབ་ནས་འཇུག་པ་ནི། ཤར་སྒོ་ནས། ཧཱུཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །འཇིག་རྟེན་འབྱམ་ཀླས་མ་ལུས་ཀུན། །མཆོག་ཆེན་མཉམ་པར་སྦྱར་བས་ན། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་སརྦ་ཏཱ་ཐཱ་ག་ཏཱ་ན་མོ་ཧཱུཾ། ༀ་ན་མ་ཏེ། ཧཱུཾ། ༀ་ན་མ་མེ་ཧཱུཾ། ༀ་ན་མོ་ན་མ་ཧཱུཾ། ཞེས་ཐལ་མོ་སྤྱི་མགྲིན་སྙིང་ག་གསུམ་དུ་བཀོད། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ལ་གནོང་འགྱོད་ཀྱི་བློས། ༀ་བཛྲ་ས་ཏྭ་ས་མ་ཡ༴ སོགས་ཡི་གེ་བརྒྱ་པ་བརྗོད། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་ཐུགས་ཀྱིས་དགོངས་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་པ་དང་ཞལ་མཇལ་བར་གྱུར། དེ་དག་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་དང་། མཐིང་ཀ་བསྐལ་པའི་མེ་དཔུང་ལྟ་བུས་ལུས་ངག་ཡིད་གསུམ་གྱི་རྟོག་སྒྲིབ་ཐམས་ཅད་སྤྱངས་ནས་རིག་པའི་ངོ་བོ་ཧཱུཾ་དཀར་པོ་གཙོ་བོའི་ཐུགས་ཀར་ཐིམ། ཡང་ལྷོ་སྒོ་ནས་སྔར་བཞིན་གསོལ་འདེབས་ཕྱག་ཡིག་བརྒྱ་བརྗོད། ལྷ་ཚོགས་ཐམས་ཅད་གསེར་རི་ལ་ཉི་མ་སོགས་དང་། འོད་ཟེར་སེར་པོ་བསྐལ་པའི་སོགས་དང་། རིག་པའི་ངོ་བོ་སྭཱ་སེར་པོ་སོགས་བསྒྱུར། ཡང་ནུབ་སྒོ་ནས་གསོལ་འདེབས་ཕྱག་ཡིག་བརྒྱ་དང་། ལྷ་ཚོགས་ཐམས་ཅད་པད་མ་ར་གའི་རི་བོ་ལ་ཉི་མ་སོགས་དང་། འོད་ཟེར་དམར་པོ་སོགས་དང་། རིག་པའི་ངོ་བོ་ཨཱཾ་དམར་པོ་སོགས་འདོན་པ་སྤོ། ཡང་བྱང་སྒོ་ནས་གསོལ་འདེབས་ཕྱག །ན་མོ་ཀརྨ་ཀུ་རུ་ཧཱུཾ། ཞེས་འདོགས། ཡིག་བརྒྱ་དང་། དཀྱིལ་འཁོར་ལྷ་ཚོགས་མརྒད་ཀྱི་རི་བོ་ལ་སོགས་དང་། འོད་ཟེར་ལྗང་ཀུ་བསྐལ་པའི་སོགས་དང་། རིག་པའི་ངོ་བོ་ཧཱ་ལྗང་གུ་སོགས་བརྗེ་ཞིང་། དཀྱིལ་འཁོར་ལ་དངོས་སུ་སྐོར་དེ་ལྟར་བྱ་བའམ། དེ་ལྟར་མོས་པས་ལས་ཀྱི་རྡོ་རྗེས་དེ་དང་དེར་ཕྱིན་ནས་ཕྱག་དང་བཅས་ཏེ་མཐའ་དཀྲིས་བསལ། སློབ་དཔོན་གྱིས། བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ། ཅེས་པས་དཀྱིལ་འཁོར་གྱི་སྒོ་ཕྱེ་སྟེ་གཞི་དུས་སུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འོད་གསལ་བ་སྟེ་རྣམ་པར་ཐར་བ་བཞི་དང་། ལམ་དུས་སུ་ཐབས་སྦྱིན་པ་དང་། སྙན་པར་སྨྲ་བ། དོན་མཐུན་པ་དང་། དོན་སྤྱོད་པ་སྟེ་བསྡུ་དངོས་བཞི་དང་། ཤེས་རབ་བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས་ཏེ་དམིགས་པ་མེད་པའི་ཚད་མེད་བཞི་ཡིས་དོན་རྫོགས་པའི་ཕྱིར་དུ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་བཞིའི་ཕྱག་གིས། འབྲས་དུས་སུ་ཞི་རྒྱས་དབང་དྲག་གི་དངོས་གྲུབ་བཞི་འགྲུབ་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཞེས་ངེས་པ་བསྐྱེད། མཐར་སློབ་དཔོན་གཙོ་བོ་གཉིས་པའི་ཚུལ་གྱིས་ཤར་སྒོ་ནས་སློབ་མ་འཇུག་པའི་གསོལ་བ་བཏབ་པར་མོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕོ་བྲང་སྙིང་པོའི་དཀྱིལ་འཁོར་འདིར། བདག་གིས་སྐལ་ལྡན་བཞུགས་པར་བགྱི། །འདིར་ནི་དངོས་གྲུབ་ཅི་ཡོད་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ན་བསགས་པ་ཅི་ཡོད་དང་། །དཀྱིལ་འཁོར་འདི་ནི་དེ་བཞིན་ཤོག །ལན་གསུམ། བཅུ་གཅིག་པ་རིན་པོ་ཆེ་དོར་བ་ནི། ཚེ་རབས་སྔོན་ནས་འབྲེལ་པ་གང་ཡིན་པ་དེ་ལ་བབ་པར་ཤོག་སྙམས་པས་དངོས་སུ་དཀྱིལ་འཁོར་རམ། དོ་རྭའི་དབུས་སུ་རྒྱལ་བ་བཞི་བཅུ་རྩ་གཉིས་ལམ་མེར་བཞུགས་པར་བསམས་པས། མེ་ཏོག་ལ་སོགས་རིན་ཆེན་ཕྲེང་། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །ཐུགས་རྗེས་བཟུང་བར་དགོངས་ནས་ཀྱང་། །གང་ཡིན་དེ་ལ་འབབ་གྱུར་ཅིག །ༀ་བཛྲ་ས་མ་ཡ་པྲ་ཏིཙྪ་ཧོཿ ཞེས་འདོར་བས་དབུས་སུ་རྡོ་རྗེ། ཤར་དུ་དེ་བཞིན། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་རིགས་རྣམས་ངོས་ཟིན་པར་བྱ། གང་ལ་བབ་པའི་ལྷ་དེས་སྤྱི་བོར་མེ་ཏོག་བཀོད་པར་བསམ། ༀ་པྲ་ཏི་གྲིཧྣ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཏིཥྛ། ཞེས་སྤྱི་བོར་འཆིང་། ཡང་སློབ་མས་རྡོ་རྗེ་རྩེ་གཅིག་པའི་རྒྱ་སྙིང་གར་བཀོད་དེ། ལྷ་མི་སྤང་བར་དམ་བཅའ་བའི་ཕྱིར། སྲོག་ཆགས་ཐམས་ཅད་གལ་ཏེ་བདུད་གྱུར་ནས། །དུམ་བུ་སྟོང་དུ་བདག་གི་ལུས་གཏུབ་ཀྱང་། །བྱང་ཆུབ་སེམས་མཆོག་ཤེས་རབ་སྙིང་རྗེ་དང་། །ཡི་དམ་རྒྱལ་བ་ཁྱོད་ནི་ཡོངས་མི་སྤོང་། །དེ་ཡི་མཐའ། གང་ལ་བབ་པའི་ལྷའི་སྙིང་པོ་ལས། གཙོ་སྔགས་ཤམ་དུ། བཛྲ་ས་མ་ཡ་ཧཱུཾ། ཞེས་ལན་གསུམ་དུ་བརྗོད། བཅུ་གཉིས་པ་ལྷ་དབབ་ལ་ནི། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །དེ་ཉིད་གསང་བ་དམ་པ་ཡི། །རྡོ་རྗེའི་ཡེ་ཤེས་དབབ་ཏུ་གསོལ། །ལན་གསུམ་གསོལ་བ་གདབ། སློབ་བུས་ལུས་གནད་དྲངས་པོར་བསྲངས། ངག་རླུང་རྒྱུ་རང་སོར་བཞག །སྙིང་གི་དབུས་སུ་ཆུ་ནན་གྱི་ཡེ་ཤེས་པ་དཔལ་རྡོ་རྗེ་སེམས་དཔའ་རྒྱན་དང་ཕྱག་མཚན་ཐམས་ཅད་ཡོངས་སུ་རྫོགས་པ་ཆོས་སྐུ་ལས་གཟུགས་སྐུར་བཞེངས། འོག་མིན་ནས་རྡོ་རྗེ་སེམས་དཔའི་སྐུ་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་བྱོན་ནས་བཞུགས། སློབ་དཔོན་དཀྱིལ་འཁོར་གྱི་དབང་ཕྱུག་གི་ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་མ་གྲངས་མེད་པ་འཕྲོས། ཡེ་ཤེས་པའི་ལྷ་ཚོགས་བཀུག་སྟེ་སྟེང་ཐམས་ཅད་ཡམ་ཡམ་ཤིག་ཤིག་གནས་པར་གྱུར། སློབ་དཔོན་གྱི་ལྕགས་ཀྱུའི་རྒྱ་བཅའ་བར་མོས་པས་ལྕགས་ཀྱུའི་རྒྱ་དང་བཅས། ༀ་བཛྲ་སཏྭ་ཨེ་ཧྱ་ཧི་བྷ་ག་ཝཱན྄་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ འཕགས་མཆོག་ཐུགས་རྗེས་སོགས་མཆ ིས་པར་མཛོད། ཧཱུྃ་ཧཱུཾ་ཧཱུཾ་ཧཱུཾ་བར་སྒྲུབས་ཐབས་འབྱུང་བར་ལྟར་བརྗོད། སྤོས་སྦྱོར་དང་། རོལ་མོས་བསྐུལ། རྐང་མཐིལ་དུ་ཡ་ལས་རླུང་གཡོས། ལྟེ་བའི་མེ་སྤར། སྙིང་གའི་ས་བསྲེགས། རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩི་བབ་པས་བདེ་བ་བཟོད་མེད་དུ་འབར། བར་སྣང་ལ་ཡམ་ཡམ་བསྐྱོད་པ་ལ་སློབ་དཔོན་གཙོ་བོས་ཕྱག་སྤྱི་བོར་བཀོད་བདེན་སྟོབས་བརྗོད་པར་གྱུར། ན་མོ་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདེན་པ་དང་། རྒྱལ་བ་རྒྱ་མཚོ། གསང་བ་རྒྱ་མཚོ། སྨིན་པ་རྒྱ་མཚོའི་བཀའ་བ་རྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་ཆོས་ཅན་གདོད་ནས་དག་ཅིང་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་ཐུགས་སྒྱུ་འཕྲུལ་དྲྭ་བ་རྡོ་རྗེ་སེམས་དཔའ་ཞི་བ་རྣམ་པར་རོལ་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། རིགས་ཀྱི་བུ་འདི་རྣམས་ཀྱི་སྙིང་ལ་དཔལ་རྡོ་རྗེ་སེམས་དཔའ་གནས་པར་གྱུར་ཅིག །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས། །དམ་ཚིག་རྣམས་ལས་མི་འདའ་ན། །འདིར་ཡང་དགེ་འདུན་སྨོན་བརྒྱ་དང་། །ཕྱི་མ་རྡོ་རྗེ་འཆང་ཐོབ་ཤོག །སངས་རྒྱས་ཀུན་གྱི་གསང་བ་འདི། །སྤོང་བར་བྱེད་ན་ཡེ་ཤེས་སེམས། །རྡོ་རྗེ་གནོད་སྦྱིན་ཉིད་གྱུར་ནས། །སྲོག་རྩའི་ཁྲག་ཆེན་འཇིག་གྱུར་ཅིག །བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ། ཅེས་སྙིང་གའི་སྒོ་ཕྱེས་པའི་ནང་དུ་ནམ་མཁའ་ཁྱབ་པའི་ལྷ་ཚོགས་ཐམས་ཅད་སིབ་སིབ་ཐིམ་ནས་བརྟན་པར་གྱུར། གཙོ་སྔགས་མཐར། སྤོས་རོལ་བཅས། ཨ་ཝེ་ཤ་ཡ་ཨ་ཨ་ཨཿ ར་ར་ར་ཙ་ལ་ཡ། ཙ་ལ་ཡ་ཧཱུཾ་ཨ་སྟཾ་བྷ་ཡ་ཧ་ཛྷཻཾ། མང་དུ་བཟླ་ཏིཥྛ་བཛྲ་ས་བརྟན་པར་བྱའོ། །བཅུ་གསུམ་པ་ནན་ཏན་ནི། ༀ་རྡོ་རྗེ་སེམས་དཔའ་རིགས་ཀྱི་ལྷ། །སྐལ་པ་མཉམ་པའི་ཡེ་ཤེས་ཏེ། །གཉེར་ན་ཉེ་བར་འབྱུང་བ་ཡིས། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ཕུང་བར་འགྱུར། །ལྷ་སྤང་དགེ་སྤྱད་དོན་མེད་དེ། །གང་ཞིག་ཕྱག་རྒྱ་འདི་སྤང་ན། །ཉོན་མོངས་ངན་སོང་གནས་སུ་སྐྱེ། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །བླ་མེད་འགྲོ་བའི་རྒྱུན་ཡང་ཆད། །རིགས་ཆད་ཉིད་དུ་གནས་པར་འགྱུར། །དེ་ནི་ལྷ་སྤང་བའི་ཉེས་ད མིག་གི་སྒོ་ནས་ནན་ཏན་བརྗོད་པའོ། །ཡང་། བདག་ཉིད་ལྷ་དང་མཉམ་སྦྱོར་ནས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །གཅིག་དང་དུ་མར་ཡོངས་བྲལ་བའི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །དེ་ནི་འགྲོལ་བའི་སྒོ་ནས་ཡོན་ཏན་དང་། གང་ལ་ཐར་པའི་ལྷ་མི་སྤོང་བར་ནན་ཏན་བརྗོད་པའོ། །བཅུ་བཞི་པ་མིག་དབྱེ་བ་ནི། གསེར་ཐུར་སོར་བརྒྱད་པ་ལ། ༀ་དཀར་པོས་མཚན་པ། དབང་ཕྱུག་གི་ཐུགས་ཀ་ནས་འོད་ཟེར་བྱུང་། མ་རིག་བའི་ལིང་ཐོག་བསལ་ནས་དག་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་བསམ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེ་མིག་ནི་བླ་ན་མེད། །ༀ་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄། ཞེས་གདོང་གཡོགས་འགྲོལ། བཅོ་ལྔ་པ་མཐོང་བ་བསྟན་པའི་ཕྱིར། སློབ་དཔོན་གྱིས་ཕྱག་ཤིང་གིས་བསྟན་པར་ཐོས་པས། ཧེ་མཎྜལ་པཱ་ཤྱ། དེ་རིང་དད་པའི་ཤུགས་ཀྱིས་ནི། །དཀྱིལ་འཁོར་དམ་པ་བལྟ་བར་བྱ། །སངས་རྒྱས་གང་གི་རིགས་སུ་འཁྲུང་། །དངོས་གྲུབ་མཆོག་ཏུ་འགྱུར་བར་བྱ། ༈ །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་སྐྱེད་ཅིག །སངས་རྒྱས་གདུང་གི་རིགས་སུ་འཁྲུངས། །དམ་ཚིག་མཆོག་ཏུ་འགྱུར་བ་ཡིས། །རྡོ་རྗེ་པདྨོ་རོལ་མོའི་མཆོག །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས། །གསང་སྔགས་རྣམས་ནི་གྲུབ་པར་གྱིས། །སྨྱུག་འདེབས་ཀྱིས་འཛུགས་ལ། ཆོས་རྣམས་ཐམས་ཅད་དམིགས་མེད་པའི། །དབྱིངས་སུ་ཐིམ་ནས་འོད་ཟེར་གསལ། །གཅིག་དང་བྲལ་བ་ཐམས་ཅད་མེད། །དཀྱིལ་འཁོར་སྤྲོས་མེད་ཟླུམ་པའི་ཚུལ། །རང་རིག་ཡེ་ནས་མྱ་ངན་འདས། །ཡེ་ཤེས་རྒྱུ་དང་འབྲས་བུའི་ཚུལ། །ཆོས་ཀྱི་འཁོར་ལོར་ཡོངས་ཀྱིས་བསྐོར། །ཐུགས་རྗེའི་བྱིན་རླབས་སྤྲོས་པ་ཡིས། །ཡེ་ཤེས་བཞི་ཡི་དཀྱིལ་འཁོར་སྤྲོ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །བྱིན་རླབས་ཡ་མཚན་བསམ་མི་ཁྱབ། །རང་གསལ་སྣང་བའི་ཐབས་ལས་བྱུང་། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར། །མཐའ་དབུས་མེད་པར་རྒྱས་པར་གནས། །སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ས་རྣམས་ཁྱད་པར་བཀོད་པས་ན། །དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རང་བཞིན་ཡེ་ནས་འོད་གསལ་ཕྱིར། །ཉི་ཟླ་བརྩེགས་པའི་གདན་འབར་ཞིང་། །ཡེ་ནས་རྣམ་པར་དག་པའི་ཕྱིར། །མ་ཆགས་པདྨ་འབར་བའི་གདན། །ཟག་མེད་ཡེ་ཤེས་གཏེར་གྱུར་པ། །ཡིད་བཞིན་རིན་ཆེན་འབར་བའི་གདན། །འབྲས་བུའི་ཆོས་རྣམས་ཡོངས་རྫོགས་ཕྱིར། །སེང་གེ་ལ་སོགས་བཏེགས་པ་ཡིན། །ཡེ་ནས་མཉམ་ཉིད་མི་འདའི་ཕྱིར། །ཏཱ་ལའི་ལྗོན་ཤིང་རང་བཞིན་གནས། །རེ་བ་ཡིད་བཞིན་སྐོང་བའི་ཕྱིར། །དཔག་བསམ་ཤིང་དང་རིན་ཆེན་འབར། །ཐམས་ཅད་ལ་ནི་དབང་བསྒྱུར་ཕྱིར། །འཇིག་རྟེན་ལྷ་ཆེན་རྣམས་ཀྱིས་བསྐོར། །ཐམས་ཅད་རང་བཞིན་དག་པའི་ཕྱིར། །སྒྱུ་འཕྲུལ་བཞི་བཅུ་རྩ་གཉིས་ཀྱིས། །ཐམས་ཅད་ལྷ་ནི་རྟག་ཏུ་སྦྱོར། །ཐམས་ཅད་མ་ལུས་དཀྱིལ་འཁོར་མཆོག །ཅེས་པའམ། སྒྲུབ་ཐབས་ནས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། སོགས་ནས། ལྷ་ཆེན་ཕྱོགས་སྐྱོང་བརྒྱད་ཀྱིས་བསྐོར། ཞེས་པའི་བར་དང་། ང་ཕྱིར་རྡོ་རྗེ་ཐུགས་ཆུད་པའི། །སོགས་ནས། ཆོ་འཕྲུལ་རང་བྱུང་འཁོར་དུ་གསུངས། །ཞེས་པའི་བར་རམ། ཡང་ན་སྔ་མའི་རྗེས་སུ། དེ་དབུས་བཞུགས་པའི་ལྷ་ཚོགས་ནི། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །སོགས་པ་བྱིན་རླབས་སྐབས་སུ། འདུལ་བ་བཞི་ཡིས་འགྲོ་དོན་མཛད། །བར་དུ་བརྗོད། དེ་དང་རྗེས་འབྲེལ་རྟེན་བརྟེན་པའི་དེ་ཁོ་ན་ཉིད་ནི། ཐར་པ་ཆེན་པོའི་ཕོ་བྲང་དུ། བསྡུ་བའི་དངོས་པོ་སྒོ་བཞི་སྟེ། །ཚད་མེད་བཞི་ཡི་གྲྭ་བཞིའོ། །འཕགས་པའི་བདེན་པ་རྣམ་བཞི་ངོས། །ཡེ་ཤེས་ལྔ་ཡི་ཁ་དོག་ལྔའི། །རྩིག་པ་རིམ་པ་ལྔ་པའོ། །དད་སོགས་དབང་ལྔའི་འདོད་ཡོན་འཁྲིགས། །རྣམ་ཐར་བརྒྱད་པོ་རྟ་བབས་སོ། །རྫུ་འཕྲུལ་རྐང་པ་སྒོ་འཁྱུད་བཞི། །འཕགས་ལམ་ཡན་ལག་ཀ་བ་བརྒྱད། །རྣམ་པར་ཐར་པའི་སྒོ་ལོགས་བཞི། །ཡེ་ཤེས་ལྔ་ཡི་མེ་འོད་འབར། །རྣམ་ཤེས་ཆོས་དབྱིངས་མི་བསྐྱོད་པ། །གཟུགས་ཕུང་མེ་ལོང་རྣམ་སྣང་མཛད། །ཚོར་བ་མཉམ་ཉིད་རིན་ཆེན་འབྱུང་། །འདུ་ཤེས་སོར་རྟོག་འོད་དཔག་མེད། །འདུ་བྱེད་བྱ་གྲུབ་དོན་ཡོན་གྲུབ། །ས་ཆུ་མེ་རླུང་མཁའ་ཡུམ་ལྔ། །མིག་སྣ་ལྕེ་རྣ་ཤེས་དབང་བརྒྱད། །གཟུགས་སྒྲ་དྲི་རོ་འདས་མ་འོངས། །ད་ལྟ་མ་ངེས་དུས་བརྒྱད་བཅས། །སེམས་དཔའ་ཡབ་ཡུམ་བཅུ་དྲུག་ཚོགས། །ཡིད་ཆོས་བྱ་བ་བྱེད་པ་པོ། །ང་རྒྱལ་ཕྲག་དོག་འདོད་ཆགས་ནི། །བརྒྱ་བྱིན་ཐག་བཟང་ཤཱཀྱ་ཐུབ། །གཏི་མུག་སེར་སྣ་ཞེ་སྡང་རྣམས། །སེང་གེ་ཁ་འབར་ཆོས་རྒྱལ་ཏེ། །ཤེས་དབང་རེག་བྱ་ལུས་བྱུང་བཅས། །རྟག་ཆད་བདག་མཚོན་སྒོ་བ་བཞི། །ཡུམ་བཅས་དག་པ་ཤར་བའོ། །བཅུ་དྲུག་པ། ཚོགས་ཀྱིས་མཆོད་པ་བཏེགས་ནས་སྔགས་འབུལ་ཙམ་དང་ཡིག་བརྒྱ་བཟླ། དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱི་ཡོན་ཏན་ནི། སྒྱུ་འཕྲུལ་དྲྭ་བར་ལེགས་ཞུགས་པས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །དཀྱིལ་འཁོར་ཀུན་ཏུ་ཞུགས་པ་ཡིན། །དེ་ནི་དཀྱིལ་འཁོར་འདིར་ཞུགས་པ་ཐམས་ཅད་དུ་ཞུགས་པའི་ཡོན་ཏན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །འཁོར་ལོར་སྔོན་དུ་མཐོང་བ་ཡི། །བསོད་ནམས་བརྟག་པ་གང་ཡིན་པ། །ཕྱིས་བྱས་པ་ཡང་དེ་བཞིན་ནོ། །དེ་མཚན་མའི་དཀྱིལ་འཁོར་དུ་ཞུགས་པས་རང་གི་འབྲས་བུའི་དཀྱིལ་འཁོར་དུ་ཞུགས་པ་དང་སྐལ་བ་མཉམ་པའི་ཡོན་ཏན་ནོ། །གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་ཀྱི། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡིས། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །དེ་ནི་མོས་པའི་ཡོན་ཏན་ནོ། །རྡོ་རྗེ་འཛིན་པའི་རིགས་ངེས་ཤིང་། །གདོན་རྣམས་བཟློག་ཅིང་ངན་སོང་སྤོང་། །ལོངས་སྤྱོད་འདུ་བ་རྣམ་གཉིས་དང་། །ཡེ་ཤེས་སྤྱན་གྱི་གཞི་རུ་ངེས། །དེ་ལ་སོགས་པ་བསམ་ཡས་མཆོག །ཅེས་དམ་ཚིག་མ་ཉམས་ན་དངོས་གྲུབ་རབ་འབྱམས་འགྲུབ་པའི་ཡོན་ཏན་ནོ། །དེ་དག་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ། ༈ །གཉིས་པ་ཞུགས་པ་ལ་དབང་བསྐུར་བའི་ཆོ་ག་ལ་གསུམ་དང་པོ་ཕྱི་ཕན་དབང་བཅུ་ལ་སྔོན་འགྲོ་དང་། དངོས་སོ། །དང་པོ། ཏྲཾ། གླིང་བཞིའི་དཀྱིལ་འཁོར་རིན་ཆེན་ལྡན། །སོགས། ཏིང་འཛིན་མཆོད་པ་བཞེས། མཎྜལ་བཀོད་པ་ཕུལ་བྱུང་འདི་ཉིད་བླ་མ་དང་འཁོར་ལོའི་བདག་པོ་ལ་སློབ་མ་ལ་ཕན་པའི་དབང་ཞུ་བའི་དོན་དབུལ་བར་བགྱིའོ། །ཡོན་འབུལ་བའི་དོད། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕོངས་པ་མེད་པར་འབུལ་བར་བྱ། །གསོལ་བ་གདབ་པ་ནི། དཔལ་ལྡན་སངས་རྒྱས་ཀུན་བདག་ཉིད། །བརྩེ་བར་དགོངས་ཏེ་བདག་ལ་ཡང་། །དབང་བསྐུར་བདུད་རྩི་ཆེན་པོ་ཉིད། །དེ་རིང་རབ་ཏུ་གསལ་བར་མཛོད། །ལན་གསུམ། སློབ་མ་དཀྱིལ་འཁོར་ཤར་སྒོའི་ནང་རོལ་དབང་སྟེགས་ལ་རྡོ་རྗེ་སེམས་དཔའི་རྣམ་པར་འཁོད་པར་གྱུར། སློབ་དཔོན་གྱིས་ལན། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །གསང་བ་རྡོ་རྗེ་གསུམ་ལས་བྱུང་། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཕྱོགས་བཅུ་དུས་བཞིའི་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཐམས་ཅད་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱི་རྣམ་པ་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བ་བཛྲ་ས་མཱ་ཛཿ ཞེས་རྡོ་རྗེ་བསྡུ་རྒྱ་བཅས་སྙན་བརྣན། ཨེ་ཧྱ་ཧིས་དྲངས། བསྟིམ། བརྟན། ཕྱི་ནང་གསང་བས་མཆོད། གླུ་དྲུག་གིས་སམ། མཉམ་ཉིད་མི་གཡོས་བསྟོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །འདི་ཡང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེས་དབང་བསྐུར་སྩོལ། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །སློབ་དཔོན་བདག་གིས་བརྩེ་བ་ལ། །མཐུ་སྩོལ་དབང་བསྐུར་བྱིན་གྱིས་རློབས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ཤུགས་ཀྱིས་བསྒྲལ་ནས་ཀྱང་། །བྱིན་བརླབ་དམ་པ་ནོད་པར་བྱའོ། །ཞེས་ལྷ་ལ་གསོལ་བ་བཏབ་པས་ལྷས་དབུགས་དབྱུགས་ཞིང་སློབ་དཔོན་གྱིས་དམ་བཅའ་བརྟན་པར་གྱུར། །གཉིས་པ་ལ་དང་པོ་བུམ་དབང་དང་། དང་པོ་རྒྱུད་དང་ལས་རིམ་ལས་སྙིང་པོ་ལྔ་སྔོན་དུ་གསུངས་མོད། མན་ངག་གིས་བུམ་པ་སྔོན་དུ་མཛད་པས། རབ་གནས་ལ། བསང་སྦྱངས། དབང་རྫས་བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་གདན་ལྔ་ལ་ཧཱུྃ་ཨཱོཾ་སྭཱ་ཨཱཾ་ཧཱ་རྣམས་ལས་སོ་སོའི་ཕྱག་མཚན་ཡི་གེ་དེ་དག་གིས་མཚན་པ། འཕྲོ་འདུས་དེ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པ་མཐིང་ཀ་དབྱིངས་ཕྱུག་མར་བཅས་རྡོ་རྗེ། རྣམ་སྣང་དཀར་པོ་སངས་རྒྱས་སྤྱན་བཅས་འཁོར་ལོ། །རིན་འབྱུང་སེར་པོ་མཱ་མ་ཀི་བཅས་རིན་པོ་ཆེ། སྣང་མཐའ་དམར་པོ་གོས་དཀར་བཅས་པདྨ། དོན་གྲུབ་ལྗང་གུ་སྒྲོལ་མ་བཅས་རལ་གྲི་རྣམས་གཡས་དང་། གཡོན་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ། ཡུམ་རྣམས་གཡས་ཡབ་ལ་འཁྱུད་ཅིང་། གཡོན་དྲིལ་བུ་འཛིན་པས་ཡབ་ལ་འཁྲིལ་བ། ཡབ་རྣམས་རྫོགས་སྐྱིལ་དུ་བཞུགས་ཤིང་ལོངས་སྐུའི་རྒྱན་ཅན་ནོ། །ལྔ་ཚན་ལྔས་བསྐུར། རློབ། བརྣན། དྲངས། བསྟིམ། བརྟན། མཆོད། ཡབ་ཡུམ་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་ཞུ་བ་ལས་བྱུང་བའི་དབང་རྫས་བུམ་པར་གྱུར། དེ་ཡང་རིགས་ལྔ་བདེ་བར་གཤེགས་པ་རྣམས། དབང་བསྐུར་བའི་དགོངས་པ་མཛད། རིགས་ཀྱི་ཡུམ་བཞིས་བུམ་ཆུ་མགོ་བོའི་གནས་ལྔར་གཏིགས་ཤིང་རྩ་གནས་ཐིག་ལེས་གང་བ་ལ་དབང་བསྐུར་བཞིན་ཁྲུས་གསོལ། སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། རྡོ་རྗེའི་ལྷ་མོ་རིག་མ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ་དབང་གི་བྱ་བ་ལ་བརྩོན་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱིས་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་དབང་མཆོག་དམ་པ་བསྐུར། །བུམ་པ་མང་པོ་ཡོད་ན་གཙོ་བོའི་ནང་དུ་བསྡུ། ལས་རྡོར་གྱིས་ཕྱག་བཅས་ཕྲག་འགེབ་ཀྱིས་བུམ་པ་ཐོགས་ཏེ། ཏིལ་གྱི་གང་བུ་ལྟར་གང་བའི། །རྒྱལ་བ་བུམ་པ་འཛིན་པ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་བ། །དེ་ལྟར་ཤེས་ནས་ཡིད་བདེར་བྱོས། །ཞེས་སྤྲོ་བ་སྐྱེད། ཁ་བརྒྱན་གྱི་ཆུ་གཏོར་ཞིང་། བུམ་པ་ཟླུམ་པོ་ཕོ་བྲང་དུ། །སྣོད་བཅུད་མ་ལུས་ཀུན་བསྡུས་ནས། །ཐིག་ལེ་ཆེན་པོར་རྒྱས་བཏབ་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །ཧཱུཾ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། མགོ་བོའི་དབུས་སུ་གཏུགས། རིགས་འགྲེས་ཏེ། ༀ་བུདྡྷ་མགོའི་ཤར། སྭཱ་རཏྣི་མགོའི་ལྷོ། ཨཱཾ་པདྨ་མགོའི་ནུབ། ཧཱ་ཀརྨ་མགོའི་བྱང་དུ་གཏུགས་ཏེ་སླར་ཁྲུས་དང་བཏུང་བར་བཅས། ཇི་ལྟར་བལྟམས་པ་སོགས་ནས། བདག་གིས་དབང་བསྐུར་རོ། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཀྱིས། །ཡང་དག་དཀྱིལ་འཁོར་བསྟན་པའི་བདག །ཉོན་མོངས་དྲི་མ་ཀུན་སེལ་བའི། །བུམ་པའི་ཆུ་ཡིས་དག་པར་འགྱུར། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ༀ་སྭཱ་བྷཱ་ཝ་བི་ཤཱུདྡྷེ་སརྦ་དྷཱརྨཱ་བྷཱ་ཝ་ཤཱུདྡྷོ྅་ཧཾ། བུམ་པ་སླར་བཞག །དེ་ལྟར་བུམ་པས་དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་གྱེན་དུ་ལུད་མི་བསྐྱོད་པས་དབུ་བརྒྱན། དེ་ལ་སྒེག་མོ་བརྒྱད་ཀྱིས་མཆོད། དག་པ་སྨོན་ལམ་བཅས་བདེན་སྟོབས་འདི་མན་འགྲེལ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་དང་བརྒྱུད་གསུམ་བླ་མ་དམ་པ་རྣམས་ཀྱིས་བདེན་པ་དང་། ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་མི་ཟད་རྒྱན་གྱི་འཁོར་ལོར་འདུས་པ་དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་བདེན་པ་ཆེན་པོས་སྨོན་པའི་དོན་འདི་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །བཀྲ་ཤིས་རིན་ཆེན་མཛེས་པའི་བུམ་པ་འདིས། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཉོན་མོངས་ལྔ་ཡི་དྲི་མ་ཀུན་དག་ནས། །ཡེ་ཤེས་ལྔ་དང་ལྡན་པའི་དབང་ཐོབ་ཤོག །གཉིས་པ་ལ་བཅུ་ཡི་དང་པོ་རབ་གནས། བསང་སྦྱངས། དབང་རྫས་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ཕྱག་མཚན་སྙིང་པོ་ལྔ་དང་། དབུ་བརྒྱན་རིན་ཆེན་འབྱུང་ལྡན་ཞུ་བའི་རིན་པོ་ཆེའི་ཁང་བུ་ལྔ་པའི་ནང་དུ་རེ་རེ་ནས་པད་ཉི་ཟླ་གདན་ལྔ་ལྔ་ལ་ཧཱུཾ་ཨཱོཾ་སྭཱ་ཨཱཾ་ཧཱ་རྣམས་ལས་སོགས་ནས། ལོངས་སྐུའི་རྒྱན་ནོ། །བར་གོང་བཞིན་དང་། དར་མཐིང་དམར་ཅོད་པཎ་ཧཱུཾ་ཨཱཾ་ལས་རྡོ་རྗེ་དང་པདྨ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་དང་སྣང་མཐའ་ཡབ་ཡུམ། རིན་པོ་ཆེའི་ཕྲེང་བ་སྭཱ་དང་རིན་པོ་ཆེ་ལས་རིན་ཆེན་འབྱུང་ལྡན་ཡབ་ཡུམ། གོ་ཆ་ཧཱ་དང་རལ་གྲི་ལས་དོན་གྲུབ་ཡབ་ཡུམ། རྒྱལ་མཚན་དང་གདུགས་རེ་རེ་ནས་ཧཱུཾ་དང་རྡོ་རྗེ་ལས་མི་བསྐྱོད་ཡབ་ཡུམ། བཟའ་བཏུང་ༀ་དང་འཁོར་ལོ་ལས་རྣམ་སྣང་ཡབ་ཡུམ་རྣམས་སུ་གྱུར། ཐུན་མོང་དུ་ལྔ་ཚན་ལྔས་བསྐུར་བརླབ། བརྣན། དྲངས། བསྟིམ། བརྟན། མཆོད། ལྷ་ཐམས་ཅད་འོད་དུ་ཞུ་བས་དབང་རྫས་སོ་སོར་གྱུར། གཉིས་པ་སྙིང་པོ་ལྔ་ཡི་དབང་ནི། གཞི་ལུས། རྡོ་རྗེ་སེམས་དཔའ་ཡན་ལག་གི་ལྷ་བཅུ་བཅས་བཅུ་གཅིག་གི་དབང་སྟེ། གུང་། མཛུབ། སྲིན་ལག །མཐེ་བོང་། མཐེའུ་ཆུང་རྣམས་སྦྱར་བ་མགོ་བོའི་དབུས། མདུན། གཡས་རྒྱབ་གཡོན་རྣམས་སུ་བཀོད་བཞིན། ཧཱུཾ། ཆོས་དབྱིངས་མཉམ་པ་ཆེན་པོ་ལས། །ཡེ་ཤེས་གསལ་བས་རྣམ་པར་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །སྐྱེ་མེད་ཆོས་ལ་དབང་ཐོབ་ཤོག །མི་བསྐྱོད་ཡབ་ཡུམ་སྔགས་དང་། ༀ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ༀ། དག་ཅིང་གསལ་བའི་རང་བཞིན་ལས། །སྐྱོན་མེད་སེམས་ཉིད་རིན་པོ་ཆེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །སྲིད་པ་གསུམ་ལ་དབང་བསྒྱུར་ཤོག །རྣམ་སྣང་ཡབ་ཡུམ་སྔགས་དང་། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན། སྭཱ། ཁམས་གསུམ་རེ་སྐོང་རྒྱལ་པོ་སྟེ། །ཡིད་བཞིན་རིན་ཆེན་གཏེར་གྱི་མཆོག །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །འགྲོ་བའི་རེ་སྐོང་རྒྱལ་པོར་ཤོག །རིན་འབྱུང་ཡབ་ཡུམ་སྔགས། ༀ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ༴ ཨཱཾ། ཉེས་པའི་སྐྱོན་བྲལ་དྲི་མ་མེད། །སྐྱེ་འགག་མེད་པའི་དངོས་གྲུབ་སྟེ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །སྲིད་གསུམ་ཉེས་དམིགས་སེལ་བར་ཤོག །སྣང་མཐའ་ཡབ་ཡུམ་སྔགས། ༀ་མ་ཧཱ་པྲ་ཧྱ་བེ་ཀྵ་ན་ཛྙཱ་ན་སོགས་ཧཱ། དབྱིངས་ཀྱི་དཀྱིལ་འཁོར་མཐར་ཕྱིན་ཅིང་། །གྲུབ་པ་ལས་ཀྱི་བྱེ་བྲག་ལས། །བྱ་བ་ལས་ཀྱི་ཡེ་ཤེས་ཀྱིས། །སྐྱེ་འགྲོ་དབྱིངས་སུ་སྒྲོལ་བར་ཤོག །དོན་གྲུབ་ཡབ་ཡུམ་སྔགས་དང་། ༀ་མ་ཧཱ་ཀྲྀ་ཏྷཱ་ནུཥྛ་ན་ཛྙཱ་ན་སོགས། དེ་ལྟར་དེ་བཞིན་གཤེགས་པ་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་ཆུབ་སེམས་ཀྱིས་འོད་ལྔས་དབང་བསྐུར། རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་གནས་གྱུར། སྐུ་ལྔ་གྲུབ། ཕུང་པོ་ལྔ་གནས་གྱུར། སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ་བའི་དོན་རྟོག་པ་མངོན་དུ་བྱས། ཞེས་ངེས་པ་བསྐྱེད་བདེན་སྟོབས་སྤྲོ་ན་བརྗོད། རིགས་ལྔ་ཡེ་ཤེས་ལྔ་ཡི་དབང་མཆོག་འདིས། །སྐལ་ལྡན༴ ཟབ་ཅིང་རྒྱ་ཆེ་མི་ཟད་རྒྱན་འཁོར་ལོ། །རྒྱལ་བ་རིགས་ལྔའི་གོ་འཕང་ཐོབ་པར་ཤོག །ཡང་ཕྱག་མཚན་ལྔ་དཔྲལ་མགྲིན་སྙིང་ལྟེ་གསང་བར་གཏུགས་ལ། ཨཱོཾ། བདེ་གཤེགས་སྐུ་ཡི་ངོ་བོ་ལས། །མི་ཤིགས་རྡོ་རྗེ་རྒྱལ་བའི་གཙོ། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་སྐུ་ཡི་ངོ་བོར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཨཱཾ། བདེ་གཤེགས་གསུང་གི་ངོ་བོ་ལ། །མི་ཤིགས་རྡོ་རྗེ་ཆོས་ཀྱི་དབྱིངས། །སྔགས་དང་ཕྱག་རྒྱ་ལྡན་པ་ཡིས། །རྡོ་རྗེ་གསུང་གི་ངོ་བོར་ཤོག །ཝཱཀ྄་བཛྲ་བསྒྱུར། ཧཱུཾ་བདེ་གཤེགས་ཐུགས་ཀྱི༴ མི་ཤིགས་རྡོ་རྗེ་རྒྱལ་བའི་ཐུགས། །སྔགས་དང་༴ རྡོ་རྗེ་ཐུགས་ཀྱི། ཙིཏྟ༴ བསྒྱུར། སྭཱ་མི་འགྱུར་བ་ཡི་ཞིང་ཁམས་ནས། །མ་བསྐྱེད་པ་ཡི་འབྲས་བུ་ལ། །མ་བསགས་པ་ཡི་ཡོངས་སྤྱོད་འབྱུང་། །ཅིར་ཡང་འགྱུར་བའི་ཡེ་ཤེས་ཀྱིས། །རང་དབང་ཐབས་ཀྱིས་བསྒྱུར་བར་ཤོག །ཨ་ནུ་རཱ་ག་ཎ་བཛྲ་བསྒྱུར། ཧཱ། ཐབས་དང་ཤེས་རབ་གཉིས་མེད་པའི། །འདོད་ཆགས་ཆེན་པོའི་ཏིང་འཛིན་ལས། །ལས་དང་དངོས་གྲུབ་དབང་དུ་གྱུར། །མ་ལུས་ཉམ་པའི་རྒྱལ་པོར་ཤོག །པཱུ་ཛ་བཛྲ་ཞེས་བསྒྱུར། དེ་ལྟར་དབང་བསྐུར་བས་གནས་ལྔ་བྱིན་གྱིས་བརླབས། དུང་ཁང་གི་ནང་དུ་ཟླ་བ་ལ་གནས་པའི་སོགས་ནས། གནས་ལྔར་རྒྱས་བཏབ་པར་གྱུར། ཞེས་པའི་བར་སྒྲུབ་ཐབས་བཞིན་དང་། སྐུ་ཡི་རྡོ་རྗེ་འཁོར་ལོ་དཀར་པོ་ཡིས། །སྐལ་ལྡན་སེམས་ཅན་ལུས་དང་དྲི་ཆེན་ཁམས་དག་ནས། །མཚན་དཔེས་སྤྲས་པ་རྡོ་རྗེའི་སྐུ་ཐོབ་ཤོག །གསུང་གི་རྡོ་རྗེ་པདྨ་དམར་པོ་ཡིས། །སྐལ་ལྡན༴ སེམས་ཅན་ངག་དང་དམར་ཆའི་ཁམས་དག་ནས། །ཡན་ལག་དྲུག་ཅུ་རྡོ་རྗེའི་གསུང་ཐོབ་ཤོག །ཐུགས་ཀྱི་རྡོ་རྗེ་མཐིང་ཀ་ཡིས། །སྐལ་ལྡན༴ སེམས་ཅན་ཡིན་དང་ཀུནྡའི་ཁམས་དག་ནས། །འབུམ་ཕྲག་དྲུག་ཅུ་རྡོ་རྗེའི་ཐུགས་ཐོབ་ཤོག །ཚོགས་པའི་ལྷ་མོ་རིན་ཆེན་སེར་པོ་ཡིས། །སྐལ་ལྡན༴ སེམས་ཅན་ལས་དང་ཤ་ཆེན་ཁམས་དག་པ། །བརྒྱ་དང་བཞི་བཅུ་ཡོན་ཏན་མཆོག་ཐོབ་ཤོག །མཆོད་པའི་རྡོ་རྗེ་རལ་གྲི་ལྗང་གུ་ཡིས། །སྐལ་ལྡན༴ སེམས་ཅན་སྤྱོད་དང་དྲི་ཆུའི་ཁམས་དག་པ། །ལས་བཞི་ཕྲིན་ལས་རྡོ་རྗེར་ལྷུན་གྲུབ་ཤོག །ཉོན་མོངས་མཚན་མ་ཀུན་འཇོམས་ཤིང་། །རིག་མཆོག་དངོས་གྲུབ་བརྟེན་བྱེད་པ། །རྡོ་རྗེ་འཁོར་ལོ་རལ་གྲི་དང་། །པདྨ་རིན་ཆེན་བླ་ན་མེད། །གསུམ་པ་དབུ་རྒྱན་རྣམས་བཅིངས་བཞིན་དུ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས། །རིན་པོ་ཆེ་ཡི་དབུ་བརྒྱན་གྱིས། །ཁམས་གསུམ་བདག་པོར་དབང་བསྐུར་རོ། །ༀ་རིགས་ཀྱི་དབུ་བརྒྱན་བླ་ན་མེད། །ཉོན་མོངས་གནས་ཀུན་རྣམ་པར་སྦྱོང་། །ཡེ་ཤེས་བྱིན་རླབས་སྟོབས་རྫོགས་པའི། །མཚན་མ་བཟང་པོ་ཁྱོད་ཀྱི་བརྒྱན། །ༀ་རཏྣ་མུ་ཀུ་ཊ་ཨ་བྷི་ཥཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། དེ་བཞིན་གཤེགས་པའི་དབུ་བརྒྱན་ཁང་བུ་འདིས། སྐལ་ལྡན༴ གློ་བུར་འཁྲུལ་པའི་དྲི་མ་ཀུན་དག་ནས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མངའ་བརྙེས་ཤོག །བཞི་པ་ཅོད་པཎ་ནི། ཧ། ཁྱུང་གི་གཤོག་པ་གཡས་གཡོན་རབ་བརྡེབས་པས། །ཀླུ་རྣམས་མ་ལུས་ཟིལ་གྱིས་ནོན་པ་ལྟར། །སྲིད་གསུམ་ཡོན་ཏན་རྫོགས་མཛེས་ཅོད་པཎ་མཆོག །ཆེ་མཆོག་བདུད་བཞི་ཟིལ་གནོན་དབང་ཐོབ་ཤོག །ༀ་བཛྲ་བཛྲ་ཨརྻ་ལམྦྷོ་དྷ་ར་ཨ་བྷི་ཥིཉྩ་ཧྲཱི་ཧྲཱིཿ དེ་ལྟ་བུས་ཅོད་པཎ་རྩ་རོ་རྐྱང་གཉིས་ལ་ཐིམ། མཛེས་ཤིང་ཡིད་འོང་མཐིང་དམར་ཅོད་པཎ་འདིས། །སྐལ་ལྡན༴ ལོག་ལྟ་གདུག་པ་ཅན་ཀུན་ཟིལ་གནོན་ནས། །ཐབས་དང་ཤེས་རབ་ཆོས་ལ་མངའ་འབྱོར་ཤོག །ལྔ་པ་ཕྲེང་བ་ནི་མགོ་བོར་བཅིངས་ལ། ཏྲཾ། གཟུངས་དང་ཏིང་འཛིན་རྒྱུ་འབྲས་ཆོས། །བྱང་ཆུབ་ཕྱོགས་རྣམས་ཤེས་རབ་རྒྱན། །མི་འཇིགས་སྟོབས་དང་དཔེ་བྱད་མཚན། །འབྲས་བུ་རྫོགས་པར་དབང་བསྐུར་རོ། །ༀ་རཏྣ་མཱ་ལྱཻ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ། དེ་ལྟ་བུའི་ཕྲེང་བ་མགོ་ཡི་ཐིག་ལེ་སོ་གཉིས་ལ་ཐིམ། སྣ་ཚོགས་རིན་པོ་ཆེ་ཡིས་ཕྲེང་བ་འདིས། །སྐལ་ལྡན༴ གཟུངས་ཀྱི་སྒོ་མཆོག་ལྔ་བརྒྱ་ཏིང་ངེ་འཛིན། །འབུམ་ཕྲག་ལ་སོགས་འབྲས་ཆོས་མཆོག་བརྙེས་ཤོག །དྲུག་པ་གོ་ཆ་ནི། ཧཱུཾ། མི་ཤིགས་ཡེ་ཤེས་རྡོ་རྗེ་ནི། །སངས་རྒྱས་ཀུན་གྱི་ཡ་ལད་དེ། །ཁྱབ་པའི་ཚུལ་གྱིས་དྲྭ་བ་ཡིན། །དབང་མཆོག་དམ་པ་སྦྱིན་པར་བྱ། །གོ་ཆ་བཟང་པོ་བརྟན་བྱས་པས། །མི་མཐུན་རྟོགས་པའི་ཚོགས་ལས་རྒྱལ། །རང་གི་ཕྱག་རྒྱ་རྫོགས་པ་ཡི། །དུས་རྣམས་ཀུན་ཏུ་སྲུང་བའི་མཆོག །ༀ་བཛྲ་རཀྵ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལྟ་བུའི་གོ་ཆ་ལུས་རྩ་ཡི་དྲྭ་བས་ཁེབས་པ་ལ་ཐིམ། སྲ་བརྟན་རྡོ་རྗེའི་གོ་ཆ་བཟང་པོ་འདིས། །སྐལ་ལྡན་རིགས་ཀྱི༴ བདུད་བཞི་ཕས་རྒོལ་དཔུང་གིས་མི་ཚུགས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དབང་ཐོབ་ཤོག །བདུན་པ་རྒྱལ་མཚན་ནི། ཧཱུཾ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །ལོག་པར་ལྟ་བ་ཟིལ་གནོན་མཚན། །ཐམས་ཅད་ཚར་གཅོད་ཡེ་ཤེས་རྒྱ། །ཡོན་ཏན་མངོན་འབྱུང་དབང་བསྐུར་རོ། །ༀ་བཛྲ་ཀེ་ཏུ་ཨ་བྷི་ཥཉྩ་ཧཱུཾ། དེ་ལྟར་རྒྱལ་མཚན་ལག་ཏུ་གཏད་པ་གསང་བའི་དབང་པོ་ལ་ཐིམ། མི་ནུབ་རྣམ་པར་རྒྱལ་བའི་རྒྱལ་མཚན་འདིས། །སྐལ་ལྡན༴ བདུད་བཞི་མཐའ་གཉིས་ཕྱོགས་ལས་རྣམ་རྒྱལ་བ། །དཔལ་ལྡན་འཇིགས་པ་མེད་པའི་གནས་ཐོབ་ཤོག །བརྒྱད་པ་གདུགས་ཀྱི་དབང་། ཧཱུཾ། གཉིས་མེད་ཡེ་ཤེས་རྟོག་བྲལ་བ། །རྨོངས་སོགས་སེམས་ཕྱིར་རང་བཞིན་སྟོང་། །ལོག་འབྱུང་རྒྱུ་འབྲས་མི་གདུང་བ། །ཐུགས་རྗེས་སྐྱོབ་པར་དབང་བསྐུར་རོ། །བྱིན་རླབས་ངོ་མཚར་ཡུལ་རྫོགས་པས། །དབྱིངས་དང་ཡེ་ཤེས་མཉམ་པ་ཉིད། །ཁམས་གསུམ་ཆོས་ཀྱི་རྒྱལ་མཚན་གྱིས། །ཤེས་བྱའི་གནས་ཀུན་གསལ་བར་མཛད། །ༀ་བཛྲ་རཏྣ་ཚཱ་ཏྲཾ་ཨ་བྷི་ཥིཉྩ་ཧཱུཾ། དེ་ལྟར་གདུགས་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ལ་ཐིམ། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །སྐལ་ལྡན༴ བདག་གཞན་རྒྱུད་ཀྱི་ལས་དང་ཉོན་མོངས་པའི། །གདུང་བ་མ་ལུས་བསིལ་བར་བྱེད་གྱུར་ཅིག །དགུ་པ་ཕྱག་རྒྱའི་དབང་ནི། གཙོ་འཁོར་གྱི་སྐུ་སྤྱི་བོ་སོགས་སམ། རྡོ་རྗེ་སེམས་དཔའི་སྐུ་སྤྱི་བོར་བཞག་ལ། སྤྲོ་ན་སྒྲུབ་ཐབས་ཀྱི་བསྙེན་པའི་སྐབས། ཧཱུཾ། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སོགས་ནས། འགྲོ་བ་དམྱལ་བ་འདུལ་བྱེད་ཤོག །བར་བརྗོད། སོ་སོའི་སྔགས་མཐར། ཨ་བྷི་ཥིཉྩ་ཧཱུཾ། ཞེས་བཏགས། བསྡུས་ན། མི་རྟོགས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེས་ཐབས་དང་བྱེ་བྲག་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་དེས་དབང་བསྐུར་རོ། །ལྷ་ཐམས་ཅད་རང་ལ་ཐིམ་པས་ལུས་དཀྱིལ་འཁོར་དུ་གྱུར་པ་ནི། སྒྲུབ་ཐབས་ནས། སྤྱི་གཙུག་བདེ་ཆེན་དཀྱིལ་འཁོར་ན། །སོགས་ནས། རང་བཞིན་དཀྱིལ་འཁོར་བསྐྱེད་པར་བྱོས། ཞེས་ངོ་སྤྲད་པར་འདོན། དེ་ལ་ལྷ་རྣམས་ཀྱིས་གསང་མཚན་གདགས་པར་མོས་པས། བཛྲ་ས་ཏྭ་ནཱ་མ་ཨ་བྷི་ཥིཉྩ་ཧཱུཾ། སངས་རྒྱས་བཞི་བཅུ་རྩ་གཉིས་ཕྱག་རྒྱ་འདིས། སྐལ་ལྡན༴ རྟོགས་ཚོགས་ཞེ་གཉིས་ལྷ་རུ་དག་གྱུར་ཏེ། སྣང་བ་རྣམ་འབྱེད་ཏིང་འཛིན་ཐོབ་གྱུར་ཤིག །བཅུ་པ་བཟའ་བཏུང་གི་དབང་ནི། ཚོགས་རྫས་རོལ་ལ། ༀ། བཟའ་དང་བཅའ་དང་བཏུང་དང་བགོ། །རང་སེམས་རྣམ་དག་བརྒྱན་པའི་ཕྱིར། །གཉིས་མེད་རོལ་པའི་དབང་བསྐུར་བས། །བདུད་རྩི་ཡིད་བཞིན་སྐུ་ཐོབ་ཤོག །ཀུན་ཏུ་བྲོ་མཆོག་ཚིམ་བྱེད་རྫས། །འདོད་པའི་ཡོན་ཏན་མ་འགགས་དབྱིངས། །ཆོས་དབྱིངས་བདུད་རྩི་བླ་ན་མེད། །རྣམ་གྲོལ་ཟག་པ་མེད་པའི་རྫས། །ཁམས་གསུམ་འདོད་ཡོན་རྣམས་རྫོགས་པས། །དེང་འདིར་ཁྱེད་ལ་དབང་བསྐུར་རོ། །ༀ་བཛྲ་ཨ་མྲྀ་ཏ་ཨ་བྷི་ཥཉྩ་ཧཱུཾ། བཟང་བཏུང་ལྕེ་ཡི་རྩ་རོ་འབབ་མ་ལ་ཐིམ། བཟའ་བཅའ་བཏུང་བ་དྲི་མེད་ཞལ་ཟས་འདིས། །སྐལ་ལྡན༴ འདོད་ཡོན་མ་སྤང་ཆོས་ཉིད་རྒྱན་དུ་ཤར། བྱེད་སྤྱོད་ཚོགས་ཆེན་རྫོགས་པའི་དབང་ཐོབ་ཤོག །དེ་ལྟར་དབང་ཐོབ་པ་དེ་མཆོད་པའི་ཡུལ་དུ་གྱུར་པས་སྒེག་མོ་བརྒྱད་མཆོད་བྱ། རྣམ་པར་སྣང་མཛད་ཡེ་ཤེས་སོགས་རིགས་ལྔའི་བཀྲ་ཤིས་བརྗོད། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱེད་ཀྱིས། རྒྱལ་བ་རིགས་ལྔ་ལ་བརྟེན་ནས་ཕན་པའི་དབང་བཅུ་བསྐུར་བ་ཐོབ། འདི་ཕྱིར་ཕན་པའི་ས་བོན་འཇོག །ཚེ་རབས་ཐམས་ཅད་དུ་སྒྱུ་འཕྲུལ་གྱི་སྒོར་འཇུག་པའི་བག་ཆགས་བཞག །རྡོ་རྗེ་འཆང་ཆེན་པོར་རིགས་ངེས། ཕྱི་དཀྱིལ་མཉན་པ་ལ་སོགས་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་གསུངས་པར་བསམ་ལ་ངེས་ཤེས་བསྐྱེད་དོ། །གཉིས་པ་ནུས་དབང་ལ་སྔོན་འགྲོ་དང་དངོས་སོ། །དང་པོ། ཏྲཾ། གླིང་བཞི་སོགས་མཆོད་པ་བཞེས། མཎྜལ་བཀོད་པ་ཕུལ་བྱུང་འདི་ཉིད་བླ་མ་དང་འཁོར་ལོའི་བདག་པོ་ལ་སློབ་དཔོན་ནུས་པའི་དབང་ཞུ་བའི་དོན། སོགས་གོང་བཞིན་ཡོན་འབུལ་བཅས་གསོལ་བ་གདབ། འཁོར་ལོའི་དབང་ཕྱུག་དགོངས་སུ་གསོལ། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། །ནུས་པའི་དབང་མཆོག་བསྐུར་དུ་གསོལ། །ལན་གསུམ། གཉིས་པ་ལ་ལྔ་སྟེ། དང་པོ་གཞན་དོན་རྒྱུ་རང་དོན་ནུས་པ་ལ་ཉན་སྒོམ་དེའི་འབྲས་བུ་གཞན་དོན་ནུས་པ་ལ་འཆད་ཕྲིན། དེ་གཉིས་ཀ་ནུས་པ་ལ་གཉིས་ཀ་བརྟན་པའི་རྒྱུ་སློབ་དཔོན་གྱི་དབང་རབ་འབྱམས་མའོ། །དང་པོ་ནི། སློབ་དཔོན་དྲུག་པའི་སྦྱོར་མཚམས་ནས། །བྷྲུཾ་གཅིག་རྣ་བའི་འདོམ་རྩར་ཞུགས། །གཞལ་མེད་རྩིབ་བཞི་ལྟེ་བ་ལ། །པད་ཉི་ཟླ་བ་ཆ་ལྔ་དང་། །སྒོ་བཞིར་ཉི་རྐྱང་རེ་རེ་ལ། །ཏྲཱཾ་ཟུང་ལྔ་དང་ཧཱུཾ་ཛཿདང་། །ཧཱུྃ་ཧཱུྃ་ཧཱུྃ་བྃ་ཧཱུྃ་ཧོ་རྣམས། །འཕྲོ་འདུས་ཡོངས་གྱུར་དེ་ཡི་དབུས། །རིན་འབྱུང་མཱ་ཀི་ཡབ་ཡུམ་འཁྲིལ། །རྡོ་རྗེ་རིན་ཆེན་ཕྲེང་བ་མ། །རྡོ་རྗེ་གཟི་བརྗིད་མེ་ཏོག་མ། །རྡོ་རྗེ་རྒྱལ་མཚན་ཞགས་པ་མ། །རྡོ་རྗེ་བཞད་པ་བསིལ་ཡབ་མ། །ཕྱོགས་བཞིར་བཞུགས་ཞི་སྐུ་མདོག་སེར། །ཤར་སྒོ་གཤིན་རྗེ་ལྕགས་ཀྱུ་སྨུག །ལྷོ་སྒོར་སྟོབས་ཆེན་ཞགས་པ་སེར། །ནུབ་སྒོར་རྟ་མགྲིན་ལྕགས་སྒྲོག་དམར། །བྱང་སྒོར་འཁྱིལ་པ་དྲིལ་བུ་ལྗང་། །ཁྲོ་ཆས་མེ་དཔུང་དབུས་ན་བཞུགས། །རྒྱུད་ཀྱི་གླེགས་བམ་བསང་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་ཟླར། །ཏྲཱཾ་ལས་གླེགས་བམ་རིན་འབྱུང་གསལ། །ས་མཱ་ཏ ས་གཙོ་བྱས་བསྐུར་བརླབ། བརྣན། དྲངས། ཛཿཧཱུཾ་བཾ་ཧོཿ ཆ་གཅིག་བསྐུར་ཡུལ་ལ་ཐིམ། ཛཿཧཱུཾ་བཾ་ཧོཿ ཆ་གཅིག་དབང་རྫས་ཐིམ། བརྟེན། མཆོད་ནས། དཀྱིལ་འཁོར་འོད་ཞུ་སློབ་མར་ཐིམ། །སློབ་མ་རིན་ཆེན་འབྱུང་ལྡན་གྱུར། །དབང་རྫས་ལྷ་འོད་ཞུ་བ་ལས། །གླེགས་བམ་རྣ་བའི་ཐིག་ལེར་ཐིམ། །ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །གསང་བའི་ཐིག་ལེའི་ངོ་བོ་ཉིད། །ཏྲཱཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ཏྲཱཾ། གསང་བ་གསང་ཆེན་གསང་མཆོག་དང་། །གསང་བ་ཀུན་ལ་ཉན་པར་བྱ། །གསང་བའི་དོན་ཉིད་བརྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་མིན། །ༀ་སརྦ་ཏ་ཐཱ་ག་ཏ་དྷ་ར་ཛྙཱ་ན་ཨ་བྷི་ཥིཉྩ་ༀ། དེས་རིགས་འགྲེས་ཏེ། ཧཱུཾ་ཏྲཱཾ་ཧྲཱིཿཨཱཿརྣམས་སྦྱར། དབང་མཆོག་འདིས་ནི་དབང་བསྐུར་བས། །གསུང་རབ་རྒྱ་མཚོ་ཐོས་པ་དང་། །གསང་སྔགས་ཀུན་ལ་ཉན་པ་རྣམས། །ཕྱིན་ཅི་མ་ལོག་རྟོག་པར་ཤོག །རྒྱུད་ཀྱི་རྒྱལ་པོ་ལག་ཏུ་བྱིན་ནས་ནི། །སྐལ་ལྡན་ཁྱོད་ལ་ཉན་པའི་དབང་བསྐུར་བས། །དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་ཆོས། །ཐེག་པ་དགུ་རྣམས་མ་ལུས་ཐོབ་གྱུར་ཅིག །གཉིས་པ་སྒོམ་དབང་གི་དོན། སློབ་དཔོན༴ བྷྲཱུཾ་གཅིག་སྙིང་གི་འདོམ་རྩར་ཞུགས། །གཞལ༴ པད་ཉི༴ སྒོ་བཞི༴ ཧཱུྃ་ཟུར་ལྔ༴ ཧཱུཾ་ཧཱུཾ༴ འཕྲོ༴ མི་བསྐྱོད་དབྱིངས་ཕྱུག་ཡབ་ཡུམ་འཁྲིལ། །རྡོ་རྗེ་སེམས་དཔའ་སྒེག་མོ་བཅས། །རྡོ་རྗེ་རྒྱལ་པོ་བདུག་པ་མ། །རྡོ་རྗེ་ཞགས་པ་ལྕགས་ཀྱུ་མ། །རྡོ་རྗེ་ལེགས་པ་སྒྲོལ་མ་རྣམས། །ཕྱོགས་བཞིར་བཞུགས་ཞི་སྐུ་མདོག་མཐིང་། །ཤར༴ ལྷོ༴ ནུབ༴ བྱང༴ ཁྲོ༴ ཕྲེང་བ་བསང་སྦྱངས། སྟོང་༴ སྟོང་༴ ཧཱུྃ་ལས་ཕྲེང་བ་མི་བསྐྱོད་གསལ༴ ཤུ་ནྱ་ཏས་བསྐུར། བརླབ། བརྣན། དྲངས། བསྟིམ། མཆོད། དཀྱིལ་འཁོར༴ སློབ་མ་མི་བསྐྱོད་རྡོ་རྗེར་གྱུར། །དབང་རྫས༴ ཕྲེང་བ་སྙིང་གའི་ཐིག་ལེར་ཐིམ། །གསང་བའི་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །རིགས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། །ༀ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །ༀ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ༀ། དེས་རིགས་འགྲེས། ཧཱུྃ་ཏྲཱཾ་ཧྲཱི་ཨཱ་རྣམས་མཇུག་ཏུ་གདགས། དབང་མཆོག་འདིས་ནི་དབང་བསྐུར་བས། །དོན་དམ་ཀུན་རྫོབ་དབྱེར་མེད་དང་། །སྐུ་གསུང་ཐུགས་ཀྱི་རང་བཞིན་དུ། །རྟག་ཏུ་བསྒོམ་ཞིང་བསྒྲུབ་པར་ཤོག །སྐབས་འདིར་ཡི་དམ་གྱི་སྔགས་ཚང་མ་བཟླ། བསྙེན་པའི་ཕྲེང་བ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་ཁྱོད་ལ་སྒོམ་པའི་དབང་བསྐུར་བས། །དཔལ་ལྡན་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ། །རྣམ་གྲོལ་ལམ་ཀུན་ཐོགས་མེད་སྒོམ་ནུས་ཤོག །གསུམ་པ་ཕྲིན་ལས་ཀྱི་དབང་། སློབ༴ བྷྲཱུཾ་གཉིས་ལག་གཉིས་འདོམ་རྩར་ཞུགས། །གཞལ༴ པད་ཉི༴ སྒོ་བཞིར༴ ཧཱ༴ ཟུང་ལྔ༴ ཧཱུྃ་ཧཱུྃ༴ འཕྲོ༴ དོན་གྲུབ་དམ་ཚིག་སྒྲོལ་མ་འཁྲིལ། །རྡོ་རྗེ་ལས་དང་གར་མཁན་མ། །རྡོ་རྗེ་གོ་ཆ་དྲི་ཆབ་མ། །རྡོ་རྗེ་གནོད་སྦྱིན་དྲིལ་བུ་དང་། །རྡོ་རྗེ་ཁུ་ཚུར་འབེབས་མ་རྣམས། །ཕྱོགས་བཞིར་བཞུགས་ཞི་སྐུ་མདོག་ལྗང་། །ཤར༴ ལྷོ༴ ནུབ༴ བྱང་༴ བྲོ༴ སྣ་ཚོགས་རྡོ་རྗེ་བསང་སྦྱངས། སྟོང་༴ སྟོང་༴ ཧ་ལས་རྒྱ་གྲམ་དོན་གྲུབ་གསལ། ཀྲྀཏྱཱ་ནུ་ཥྛཱ་ནས་དབང་བསྐུར། བརླབ། བརྣན། དྲངས། བསྟིམ། བརྟན། མཆོད། དཀྱིལ་འཁོར་འོད༴ སློབ་མ་དོན་ཡོད་གྲུབ་པར་གྱུར། དབང་རྫས༴ རྒྱ་གྲམ་ལག་པའི་ཐིག་ལེར་ཐིམ། །ལག་པའི་འཁོར་ལོའི་གཞལ་ཡས་སུ། །གསང་བའི༴ ཧཱ་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ༀ། ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་མང་པོའི་འདུ་འཕྲོ་ལས། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །ༀ་ཀརྨ་བཛྲ་ཨ་བྷི་ཥཉྩ་ཧཱུཾ། ༀ་ཏྲཱཾ་ཧྲཱི་ཨཱ། དབང་མཆོག་འདིས་ནི་དབང་བསྐུར་བས། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་ཅིང་། །རྒྱལ་བ་རྒྱ་མཚོ་མཆོད་པ་དང་། །རྟག་ཏུ་འགྲོ་དོན་བྱེད་པར་ཤོག །དགུག་དང་བཏང་དང་བཅིང་དང་དགྲོལ། །གསོ་དང་གསོད་དང་ཕམ་དང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་གྱིས། །རྡོ་རྗེ་རྒྱ་གྲམ་ལག༴ སྐལ་ལྡན་ཁྱོད་ལ་ཕྲིན་ལས་དབང་བསྐུར་བས། །ཕྲིན་ལས་རྣམ་བཞི་གང་ལ་གང་འདུལ་གྱིས། །གཞན་དོན་ལྷུན་གྱིས་གྲུབ་པའི་དབང་ཐོབ་ཤོག །བཞི་པ་འཆད་པའི་དབང་ལ་ཀྱེ་རེ་མཆོག་སྐྱོང་སོགས་ཁམས་ལུགས་པ་ལྟར། ཐུན་མོང་ཡོ་ག་དང་མཐུན་པ་དང་། འདི་ཉིད་ཐུན་མིན་ནོ། །དང་པོ་ནི། འཆད་པའི་རྗེས་གནས་བྱ་བ་དང་། འགྲོ་དོན་སྒྱུ་མ་ལྟར་ངོ་སྤྲད། ཐུར་མའི་བརྡའ་ལས་གདམས་པའོ། །དང་པོ། ཕྱག་རྒྱལ་པོ་དང་བཅས། རིགས་ལྔའི་སྐུར་གནས་གྱུར་པས་ཆོས་འཆད་པར་གྱུར། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་ཇི་ལྟར་འདུལ་བ་ལྟར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། ༈ །དེ་ལྟར་རྡོ་རྗེའི་འཁོར་ལོ་བསྐོར། །ཚིག་གོང་མ་གསུམ་འགྲེས་ལ། དེ་ལྟར་རིན་ཆེན་འཁོར་ལོ་བསྐོར། ༈དེ་ལྟར་པདྨའི༴ ༈ །དེ་ལྟར་རལ་གྲིའི༴ ༈ དེ་ལྟར་འཁོར་ལོའི་འཁོར་ལོ། སློབ་མས་དམ་འཆའ་བ། སྲིད་པར་ལས་དང་རྐྱེན་གྱིས་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིགས་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་ཟུང་། །གཉིས་པ་བསང་སྦྱངས། སྟོང་པའི་ངང་ལས་མེ་ལོང་ཧཱུཾ་ལས་རྡོ་རྗེ་སེམས་དཔའ་དང་། མིག་ཐུར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཉིས་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ། དེ་ཞུ་བས་དབང་རྫས་སོ་སོར་གྱུར། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང་། །དེ་ཁོ་ན་ཉིད་ལས་བྱུང་བ། དེ་ལྟར་དོན་དེ་ཤེས་ནས་སུ། །གཟུགས་བརྙན་གསལ་བར་སེམས་ཅན་གྱིས། །དྲི་མེད་ཐམས་ཅད་མཐོང་བར་གྱིས། །བརྗོད་དང་གཟུང་འཛིན་རྣམ་པར་སྤངས། །དག་ཅིང་གསལ་ལ་དྲི་མ་མེད། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །རབ་ལྷའི་གཟུགས་ནི་ཤེས་པར་བྱ། །གསུམ་པ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །ལིང་ཏོག་ནད་རྣམས་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་སོ། །གཉིས་པ་ནི། སློབ་དཔོན་དྲུག་བྷྲཱུཾ་གཅིག་ལྕེ་ཡི་འདོམ་རྩར་འཕྲོས། གཞལ་པད་ཉི༴ སྒོ༴ ཧྲཱིཿཟུང་ལྔ༴ ཧཱུཾ་ཧཱུཾ༴ འཕྲོ་འདུས༴ སྣང་མཐའ་གོས་དཀར་ཡབ་ཡུམ་འཁྲིལ། །རྡོ་རྗེ་ཆོས་དང་དཔྱངས་མཁན་མ། །རྡོ་རྗེ་རྣོན་པོ་མར་མེ་མ། །རྡོརྗེ་འཁོར་ལོ་ལྕགས་སྒྲོག་མ། །རྡོ་རྗེ་སྨྲ་བ་གསལ་བཀྲ་མ། །ཕྱོགས་བཞིར་བཞུགས་ཞི་སྐུ་མདོག་དམར། །ཤར༴ ལྷོ༴ ནུབ༴ བྱང་༴ ཁྲོ༴ འཁོར་ལོ་དུང་ཕྱག་ཤིང་རྣམས་བསང་སྦྱངས། སྟོང་༴ སྟོང་༴ ཧྲཱིཿལས་རྫས་རྣམས་སྣང་མཐར་གསལ། པྲྀ་ཏྱ་བེཀྵ་ནས་དབང་བསྐུར། བརླབ། བརྣན། དྲངས། བསྟིམ། བརྟན། མཆོད། དཀྱིལ་འཁོར༴ སློབ་མ་སྣང་བ་མཐའ་ཡས་གྱུར། དབང་རྫས་ལྷ་འོད་ཞུ་བ་ལས། སོ་སོར་གྱུར་པ་ལྕེ་ལ་ཐིམ། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ༴ ཧྲཱི་ཡི་ཕྱག་རྒྱའི༴ ཆོས་ཀྱི་འཁོར་ལོ་གསལ་སྤྲོ་ཐིམ། འཁོར་ལོ་དང་ཕྱག་ཤིང་བྱིན། ༀ་ཆོས་ཀྱི་སྐུ་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམས་པར་གྱིས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲགས་གཞན་དུ་མིན། །ༀ་བཛྲ་པ་ཤ་དྷཱརྨ་ཙཱཀ྄་ཨ་བྷི་ཥིཉྩ་ཨཱ། ཧཱུཾ། ཏྲཱྃ། ཧྲཱི། ཨཱོཾ། དུང་གཏད་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟ་ཇི་ལྟར་འདུལ་གྱུར་པ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཁྱོད་ཀྱིས་ཆོས་ཀྱི་དུང་འདི་བུས། །དབང་མཆོག༴ ཆོས་རྣམས་མ་ལུས་སྒྲོགས་པ་དང་། །སྣོད་ལྡན་ངང་ཚུལ་བཟང་བ་ལ། །མཐུན་པར་གསང་རྒྱུད་སྟོན་པར་ཤོག །འཁོར་ལོ་དུང་དང་ཕྱག་ཤིང་ལག་གཏད་ནས། །སྐལ་ལྡན་ཁྱོད་ལ་འཆད་པའི་དབང་བསྐུར་བས། །སེམས་ཅན་རྒྱུད་ལ་ཐེག་པ་མཐའ་དག་གི། །ཆོས་ཀྱི་འཁོར་ལོ་ཕྱོགས་མེད་བསྐོར་ནུས་ཤོག ། ༈ ལྔ་པ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ལ། དངོས་གཞི་དང་། རྗེས་སོ། །དང་པོ་ནི། སློབ་མ་སེང་གེའི་ཁྲི་ལ་མཆོད་པའི་བཀོད་པ་དུ་མ་བཅས་འཁོད་པར་གྱུར། སློབ་དཔོན༴ བྷྲཱུཾ་ལྔ་མགོ་ལག་རྐང་ལྔར་ཆད། གཞལ་མེད༴ པད་ཉི༴ སྒོ་བཞིར་ཉི་རྐྱང་ལྡན་པ་ལྔ། །ལུས་གནས་བཅུ་ལ་ཉི་གདན་རེ། །ལག་གཡས་ཧཱུཾ་དང་མགོ་དབུས་ༀ། །ལག་གཡོན་སྭཱ་དང་རྐང་གཡོན་ཨཱཾ། །རྐང་གཡས་ཧཱ་བཅས་ཟུང་རེ་ལྔ། །ལུས་ཀྱི་གནས་ལ་ཧཱུཾ་བཅུ་གསལ། །ལག་པ་གཡས་ཀྱི་དབུས་རྩིབས་བཞིར། །མི་བསྐྱོད། སོགས་ནས་གོང་གི་སྒོམ་པའི་དབང་ལྟར། སྐུ་མདོག་མཐིང་། མགོ་བའི་དབུས་ཀྱི་དབུས་རྩིབ་བཞིར། །རྣམ་སྣང་སངས་རྒྱས་སྤྱན་མ་འཁྲིལ། །སེམས་དཔའ་རྡོ་རྗེ་བརྟན་རྡོ་རྗེ། །རིན་ཆེན་འབར་བའི་རྡོ་རྗེ་དང་། །ཆོས་ཀྱི་རྡོ་རྗེ་སྡུད་མ་ཡུམ། །ལས་ཀྱི་རྡོ་རྗེ་བསྐྱོད་མ་རྣམས། །ཞི་རྒྱན་མཛེས་ཤིང་སྐུ་མདོག་དཀར། །ལག་པ་གཡོན་གྱི་དབུས་རྩིབ་བཞིར། །རིན་འབྱུང་སོགས་ནས་ཉན་དབང་ལྟར། །སྐུ་མདོག་སེར། རྐང་པ་གཡོན་གྱི༴ སྣང་མཐའ༴ སོགས་ནས་འཆད་དབང་ལྟར། སྐུ་མདོག་དམར་རྐང་པ་གཡས་ཀྱི། དོན་གྲུབ་སོགས་ནས། གོང་གི་ཕྲིན་ལས་དབང་ལྟར། སྐུ་མདོག་ལྗང་། སྤྱི་གཙུག་ཧཱུཾ་མཛད་མདའ་གཞུ་སྔོ། །སྙིང་གར་རྣམ་རྒྱལ་ཏྲི་ཤུལ་དཀར། །ནུ་གཡས་དབྱུག་སྔོན་དབྱུག་མེ་དཔུང་། །དཔུང་གཡས་གཤེད་མཐིང་བེ་ཅོན་སྟྭ། །སོག་གཡས་མི་གཡོ་གྲི་ཞགས་ལྗང་། །སོག་དབྲག་རྟ་དམར་གྲི་སྦྲུལ་ཞགས། །སོག་གཡོན་གཞན་གྱིས་མི་ཐུབ་སྔོ། །བྷཉྫ་རྔ་ཡབ་ཐོག་པ་བརྗིད། །དཔུང་གཡོན་འཁྱིལ་ལྗང་རྒྱ་གྲམ་དྲིལ། །ནུ་གཡོན་རྣམ་རྒྱལ་འཁོར་ལོ་དང་། །མཆེ་བ་ཐོགས་པ་སེར་ཞིང་རྔམ། །བཤང་ཁར་སྟོབས་པོ་ཆེ་དུད་ཁ། །ཐོ་བ་དང་ནི་གཏུན་ཤིང་འཛིན། །ཞལ་གསུམ་ཕྱག་དྲུག་དང་པོ་གཉིས། །རྡོ་རྗེ་དུང་དམར་བར་རང་རྟགས། །ཐ་གཉིས་ཕུར་འདྲིལ་ཞབས་བཞི་པོ། །དོར་སྟབས་བགྲད་པ་གར་དགུས་སྒེག །དུར་ཁྲོད་ཆས་བརྒྱད་ཡུམ་དང་སྦྱོར། །དུང་དམར་ཡབ་སྟོབས་མེ་དབུས་བཞུགས། །རྡོར་དྲིལ་བསང་སྦྱངས། སྟོང་༴ སྟོང་༴ ༀ་ཨ་ཀུན་བཟང་ཡབ་ཡུམ་མཐིང་། །གཉིས་ཀ་ཞི་རྒྱན་མཛེས་ཤིང་བརྗིད། །ལྔ་ཚན་ལྔ་བསྐུར། བརླབ། དྲངས། བསྟིམ། བརྟན། མཆོད། དཀྱིལ་འཁོར༴ སློབ་མ་ཀུན་ཏུ་བཟང་པོ་གྱུར། དབང་རྫས༴ རྡོར་དྲིལ་ཡན་ལག་ལྔ་ལ་ཐིམ། རྡོ་རྗེ་ཐུགས་ཀར་བརྟེན་པ་སྐུའི་དམ་ཚིག་གིས། ༀ་ཐོག་མཐའ་མེད་སོགས་གོང་སྟ་གོན་གྱི་སྐབས་ལྟར། བདག་པོའི་གཙོ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །ཧེ་རུ་ཀཿདཔལ་བརྟུལ་ཞུགས་བརྟན། །ༀ་བཛྲ་ས་ཏྭ་ཧཱུཾ། ཨ་བྷི་ཥཉྩ་ཧཱུཾ། དྲིལ་བུ་དཀུར་བསྟན་པ་གསུང་གི་དམ་ཚིག་གིས། སྲིད་པ་ངོ་བོ་ཉིད། སོགས་ནས། སྲིད་པ་ཐོབ་པར་ཤོག །འདི་དེ་རྣལ་འབྱོར་མ་རྣམས་ཀྱིས། །ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཆོང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེས། །ༀ་གཎྜེ་ཨ་ཧཱུཾ། ཨ་བྷི་ཥཉྩ་ཧཱུཾ། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པས། །ཕྱག་རྒྱའི་ཚིག་གིས་རྗེས་སུ་གྲགས། །ཉིད་ཀྱི་འདུས་ནི་བརྟེན་ཕྱིར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་སོགས་ལག་ཐུགས་ཀར་བསྣོལ་བས་འཁྱུད་རྒྱ་བྱ་བ་བརྟུལ་ཞུགས་དབང་ངོ་། །སླར་རྡོ་རྗེ་གསོར། དྲིལ་བུ་དཀྲོལ་འཇུག་སྟེ། ༀ། ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །ཅེས་བསྐུར་སྔགས། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ར་ཛྲ་དྷཱརྨ་ཙཱཀ྄་ༀ་ༀ་ༀ། ༀ་སརྦ་ཧཱུྃ་ཧཱུྃ་ཧཱུྃ། ༀ་སརྦ་ཧྲཱི་ཧྲཱི་ཧྲཱིཿ ཏྲཾ་ཏྲཾ་ཏྲཾ། ༀ་སརྦ་ཨ་ཨ་ཨ། དབང་མཆོག་འདིས་ནི་དབང་བསྐུར་བས། །ཆོས་རྣམས་ཐམས་ཅད་ལྷུན་གྲུབ་ཅིང་། །མ་ལུས་ཀུན་ལ་དབང་བསྒྱུར་པས། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཤོག །རྡོ་རྗེ་དྲིལ་བུ་ལག་ཏུ༴ སྐལ་ལྡན་བུ་ལ་སློབ་དཔོན་དབང་བསྐུར་བས། །དཀྱིལ་འཁོར་ཀུན་གྱི་བྱེད་པོ་བཀའ་རབ་འབྱམས། །རྡོ་རྗེ་རྒྱལ་པོའི་ས་མཆོག་ཐོབ་པར་ཤོག །གཉིས་པ་ལ་ལུང་བསྟན་ཅིང་སེམས་ཅན་གྱི་དོན་བྱེད་པའི་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། མཆོད་པའི་རྗེས་སུ་གནང་བའོ། །འདི་དག་ཀྱང་ཁམས་ལུགས་ཏེ་ཡོ་ག་དང་འབྲེལ་བའོ། །དང་པོ། སློབ་དཔོན་སྤྲུལ་པའི་སྐུ་ཤཱཀྱ་སེང་གེའི་ཆ་བྱད་ཀྱིས་ལུང་བསྟན་པར་གྱུར། གཡས་སྐྱབས་སྦྱིན། གཡོན་སྣམ་སྦྱར་གྲཱ་ནས་བཟུང་སྟེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་ཏོ། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །དེ་རིང་བདུད་ལས་རྣམ་རྒྱལ་བའི། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ད་ནི་ཁྱོད་ཉིད་རྡོ་རྗེ་འཆང་། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །འོག་མིན་སྟུག་པོ་བཀོད་པར་མི་བསྐྱོད་རྡོ་རྗེ་ཞེས་སུ་སངས་རྒྱ་བར་ངེས་པའོ། །སློབ་མ་དམ་པ་ཁྱོད་ཀྱིས་ཀྱང་། །སློབ་དཔོན་ལས་རྣམས་ཅི་རིགས་པར། །དེ་རིང་ཕྱིན་ཆད་མ་ལུས་པ། །སངས་རྒྱས་མཛད་པ་བཞིན་དུ་གྱིས། །གཉིས་པ། ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་དག་ནི་མ་ཉམས་ཤིང་། །ཁྱོད་རྟག་བླ་མ་ལ་གུས་ན། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །གསུམ་པ་ནི། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་དྲག་པོས་ལེགས་ཚིམ་ཞིང་། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །བྱང་ཆུབ་ཀྱིས་ནི་ཚིམ་པར་བྱོས། །ༀ་ཤྲཱི་བཛྲ་རཱ་ག་དྷཱུ་ཥྤེ་དྷཱུ། ཏྲཾ། རྒྱལ་བ་རྣམས་ལ་མེ་ཏོག་འཐོར། །བྱང་ཆུབ་ཡན་ལག་ཚིམ་གྱུར་ནས། །མཚན་དང་དཔེ་བྱད་ལྡན་པ་ཡི། །སངས་རྒྱས་སྐུ་ནི་ཐོབ་པར་བྱོས། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། །ཆོས་ཀྱི་མར་མེ་ལེགས་སྦར་བས། །པདྨ་གར་དབང་མཚན་ཉིད་ནི། །སེམས་ཅན་མ་རིག་མདོངས་པ་ལས། །ཡེ་ཤེས་སྒྲོན་མས་གསལ་བར་བྱོས། །ༀ་ཤྲཱི་བཛྲ་ར་ག་ཨ་ལོ་ཀེ་ཧྲཱིཿ ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་འཐོར་བ་ཡི། །དྲི་མེད་རྒྱལ་བ་རྣམས་ཀྱི་དྲི། །ལུས་ཅན་ཀུན་ལ་ཁྱབ་གྱུར་ཅིག །ༀ་ཤྲཱི་བཛྲ་ར་ག་གནྡྷེ་གན། །དེང་ནས་བརྩམ་སྟེ་རྫོགས་སངས་རྒྱས། །རྡོ་རྗེ་སྒེག་མོ་རྡོ་རྗེ་སྤྱན། །ཤིན་ཏུ་སྒེགས་པའི་གཟི་བརྗིད་འབར། །རྡོ་རྗེ་ལཱ་སྱེའི་མཆོད་པས་མཆོད། །ༀ་བཛྲ་ལ་སྱེ་ཧཱུཾ། དེང་༴ རྡོ་རྗེ་ཕྲེང་བ་རྡོ་རྗེའི་རྒྱན། །ཤིན་ཏུ༴ རྡོ་རྗེ་མཱ་ལྱེའི་མཆོད༴ ༀ་བཛྲ་མ་ལྱེ་ཏྲཾ། དེང་ནས༴ རྡོ་རྗེ་དབྱངས་མཁན་རྡོ་རྗེའི་མགྲིན། །ཤིན་ཏུ་༴ རྡོ་རྗེ་གརྟིའི༴ ༀ་བཛྲ་གརྟི་ཧྲཱིཿ དེང་ནས༴ རྡོ་རྗེ་གར་མ་རྡོ་རྗེ་འགྱིང་། །ཤིན་ཏུ༴ རྡོ་རྗེ་ནིརྟིའི༴ ༀ་བཛྲ་ནིརྟི་ཨཱཿ དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱིས་བདག་གཞན་དོན་གཉིས་ལ་བརྟེན་ནས་ནུས་པའི་དབང་ལྔ་བསྐུར་བ་ཐོབ། དོན་གཉིས་ནུས་པའི་ས་བོན་འཇོག །གསང་སྔགས་ཀྱི་བྱ་བ་ཐམས་ཅད་ལ་དབང་། དྲུག་པ་ཀུན་ཏུ་བཟང་པོའི་ཕྲིན་ལས་བསྒྲུབ་རུང་བྱས། ནང་གི་རྫོགས་རིམ་སོགས་མཉན་པའི་སྐལ་བ་ཅན་དུ་བྱས་སོ། ༈ །དག་པ་དྲན་པ། དེ་ལྟར་དེ་དག་གིས་དོན་ནང་ལུས་དཀྱིལ་དང་། རྟགས་ཕྱི་མཚན་མ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བུམ་དབང་འཁོར་བཅས་ཐོབ། ལུས་ཀྱི་སྒྲིབ་པ་སྦྱངས། ལུས་རྩ་ཡེ་ཤེས་དྲྭ་བ་བརྟེན་ནས་སྒྱུ་མ་ཆུ་ཟླ་ལྟ་བུ་བསྐྱེད་རིམ་སྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་དང་། སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་གནས་སྐབས་དང་། མཐར་འབྲས་ཐོབ་པའི་རྟེན་འབྲེལ་བསྒྲིགས། གསུམ་པ་ཟབ་པའི་དབང་གོང་མ་ལ་གསུམ། དང་པོ་གསང་དབང་ནི། མཎྜལ་གོང་བཞིན། འཁོར་ལོའི་བདག་པོ་ལ་གསང་བའི་དབང་བསྐུར་ཞུ་བའི་སོགས། གསོལ་འདེབས། རྡོར་སེམས་གཙོ་བོ་སོགས་ལན་གསུམ། ༀ་ཨཱཿཧཱུྃ། སློབ་དཔོན་གཙོ་བོ་བཅོམ་ལྡན་འདས་དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ལྔར་རྒྱལ་བ་རིགས་ལྔ་དང་། ལག་གཡས་གཡོན་ཁ་དང་གསང་བའི་ཕྱི་རྣམས་སུ་ཁྲོ་བོ་བཞི། ཕྱག་རྒྱ་རྡོ་རྗེ་དབྱིངས་ཕྱུག་མ་གནས་ལྔར་རིགས་ཀྱི་ཡུམ་ལྔ། ཡན་ལག་ལ་ཁྲོ་མོ་བཞི་རྣམས་གསལ་བར་གྱུར། ཤཱུ་ནྱཱ་ཏཱས་བསྐུར། བརླབ། བརྣན། དྲངས། བསྟིམ། བརྟན། མཆོད། ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་ལ་དཀར་ཆག་ༀ་དང་ཕཊ་ཀྱིས་བཀག་པ། རྭ་ལྔ་ལ་ཧཱུྃ་ༀ་སྭཱ་ཨྃ་ཧཱ་རྣམས་དང་། ཡུམ་མཁའ་པཾ་ལས་པདྨ་དམར་པོ་འདབ་བཞི་ལྟེ་བར་རཀྟ་ཨཾ་ཉིད་ཨེས་བཀག་པ། མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ཀྱིས་མཚན་པར་གྱུར་ས་མ་ཡ་སྟཾ། ས་མ་ཡ་ཧོ། ཨ་ནུ་རཱ་གོ྅་ཧཾ། ཨ་ནུ་རཱ་ག་མྱེ། ཛཿཧཱུཾ་བཾ་ཧཱོཿ ཞེས་སྙོམས་པར་ཞུགས་པའི་བདེ་ཆེན་བྱང་ཆུབ་སེམས་གཉིས་རོ་གཅིག་འདྲེས་པ་ལྕེ་ལ་སྩལ་བར་གྱུར། ༀ། མི་བསྐྱོད་ཡབ་ཡུམ་རོལ་པ་ཡིས། །བདེ་བ་གསལ་ཞིང་མི་དམིགས་པ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་ཡེ་ཤེས་ཧཱུྃ་ཚོགས་ཀྱིས། །པདྨོའི་ཡེ་ཤེས་བསྡུས་ཤིང་འཁྱིལ། །ཡུངས་དཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་བསྟིམ་པ་ཡིས། །རང་བཞིན་ཆོས་ཁམས་དཀྱིལ་འཁོར་གྱི། །ས་བོན་ཟུང་གསུམ་གཉིད་དང་བཅས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །དམིགས་མེད་སེམས་ཀྱི་ཡེ་ཤེས་ལྔ། །གསལ་བས་ས་བོན་ཚིག་པ་བཞིན། །མི་སྐྱེ་ཐབས་ཀྱི་དབུག་དབྱུང་ངོ་། །ཤྲཱི་མ་ཧཱ་སུ་ཁ་བཛྲ་བྷོ་དྷི་ཧཱུཾ་ཧོ་ཨཾ། ཡང་སྔགས་དེ་བརྗོད་ལ་ནང་མཆོད་མྱང་། དེ་ཡུང་འབྲུ་ཙམ་གྱི་རྡོ་རྗེ་སེམས་དཔའ་ཤ་སྟག་ཏུ་གྱུར། གཉིད་སྲབ་མོ་རྨི་ལམ་དང་། སྙིང་ག་ལ་གནས་པའི་རིགས་དྲུག་གི་ས་བོན་སྦྱངས། གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་སྐྱེས། །ཀུནྡཱ་ལྟ་བུའི་བདེ་ཆེན་བྱང་སེམས་ཀྱིས། །སྐལ་ལྡན་བུ་ལ་གསང་བའི་དབང་བསྐུར་བས། །གནས་ངན་ལེན་པའི་བག་ཆགས་ཀུན་དག་པ། །གཏུམ་མོ་གསལ་སྟོང་ཡེ་ཤེས་སྐྱེ་གྱུར་ཅིག །འབྲུ་གསུམ་གྱིས་གདོང་གཡོགས་བསལ། བདེན་སྟོབས་ནི། ༀ། མི་འགྱུར་བ་ཡི་ཡེ་ཤེས་གནས། །མ་བཙལ་ཕྱིན་པའི་བདེ་བའི་མཆོག །མ་བལྟས་གསལ་བའི་ཡེ་ཤེས་སྤྱན། །གོང་ན་མེད་པ་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བརྡལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གུ་ཧྱ་བྷྲཱུཾ་ཛྙཱ་ན་མཎྜལ་ཛྙཱ་ན་གུ་ཧྱ་སིདྡྷི་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཤཱུ་ནྱཱ་ཏ་བདག་པོར་བྱས་པའི་དབུ་རྒྱན། ༀ་ཏ་ཐཱ་ག་ཏོ་མ་ཧཱ་གུ་ཧྱ་མཱ་ལ་ཨ་བྷི་ཥིཉྩ་ཧོཿ ཞེས་ཅོད་པཎ་དང་། འཕྱར་ཚུལ་དབུགས་དབྱུང་བ་ནི། བུ་ཁྱོད་མཚན་མའི་རྟོགས་བྲལ་ཞིང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །ཀུན་ལ་སྤྱོད་པའི་དབང་ཐོབ་ནས། །སློབ་མ་བདེ་ལ་འགོད་བྱེད་པའི། །དབང་ཕྱུག་ཆེན་པོ་ཁྱོད་གྱུར་ཏོ། །གསང་བར་གཉེར་གཏད་པ། གསང་བའི་དོན་མཆོག་འདི་དག་ནི། །ལྟ་བ་དམན་ལ་བསྟན་བྱས་ན། །དུས་མིན་པར་ནི་སྲོག་ཟད་ནས། །མགོ་འགས་སྙིང་ཡང་འཚིག་པར་འགྱུར། །ཁབ་ལེན་གྱིས་ནི་ལྕགས་སྡུད་ལྟར། །མི་འདོད་བཞིན་དུ་དབང་མེད་པར། །བསྐལ་བར་ངན་སོང་མྱོང་བར་འགྱུར། །དེ་བས་ཤིན་ཏུ་གསང་བར་བྱ། །དག་དྲན། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱིས་བྷ་གའི་དཀྱིལ་འཁོར་དུ་གསང་དབང་ཐོབ། ངག་སྒྲིབ་སྦྱངས། རླུང་རིན་ཆེན་འོད་འཕྲོ་ལ་བརྟེན་ནས། ཨ་ཤད་སྟེང་སྒོ་བསྒོམ་པ་ལ་དབང་ཚེ་དབང་རིག་འཛིན་དང་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་གནས་སྐབས་དང་མཐར་འབྲས་ཐོབ་པའི་རྟེན་འབྲེལ་བསྒྲིགས། གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཕྱག་རྒྱ་བཅུ་དྲུག་མ་དང་བཅས་པའི། མཎྜལ་གོང་བཞིན། འཁོར་ལོའི་བདག་པོ་ལ་ཤེས་རབ་ཡེ་ཤེས་ཀྱི་སོགས། གསོལ་འདེབས་ནི། རྡོར་སེམས་ཡེ་ཤེས་གཙོ་བོ་སོགས་ལན་གསུམ། འབྲུ་གསུམ་གྱིས་མིག་དར་འགེབ། དཀྱིལ་འཁོར་བའི་ཐུགས་ཀ་ནས་གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་སྤྲོས་ཏེ་དབང་ཕྱུག་གིས་རཏྣའི་ཕྲེང་བས་བཅིངས་ཏེ་གཏད། བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་བདེ་འདི་མ་སྤོང་ཞིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པའི་ཕྱག་རྒྱ་ཁྱོད་ལས་བྱུང་། །སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ། །དགུག་དང་བསྡམ་པ་མ་ཤེས་ན། །རྡོ་རྗེའི་བསྐལ་པ་མཐའ་ཀླས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་གདམས། སློབ་མ་གཙོ་བོ་བཅོམ་ལྡན་འདས། །སོགས་གོང་ལྟར། ཛཿཧཱུཾ་བཾ་ཧོཿ ཞེས་པའི་བར་དང་། དེ་ལྟར་སྙོམས་པར་ཞུགས་ནས། རྗེས་སུ་ཆགས་པའི་རླུང་བསྐྱོད། གཏུམ་མོ་འབར་བས་བྱང་ཆུབ་སེམས་ཀྱི་ཟླ་བ་ཞུ། རྩ་གནས་ཐམས་ཅད་དུ་ཐིག་ལེ་མགོ་ལྡང་བ་གཡོ་ལྡང་བྱང་ཆུབ་སེམས། བདེ་བ་ཕྱི་མ་ལ་འཇུག །སྔ་མ་འགག་པ་འཇིག་འཇུག་བྱང་ཆུབ་སེམས། རྟེན་ཅན་བདེ་བ་རང་ས་ན་གནས་པ་ལ་དེར་འཛིན་བྲལ་བ་གནས་པ་བྱང་ཆུབ་སེམས། སྔ་མའི་བདེ་བས་མཚོན་ནས་ཕྱི་མ་ལ་འདུན་པ་སྨོན་པ་བྱང་སེམས་དང་། དེའང་སྤྱི་བོ་ནས་མགྲིན་པར་བཟོད་མེད་ཀྱི་བདེ་བ་ལས་ལུས་སྟན་ལ་མི་ཚུགས་པ་ལྟ་བུ་དགའ་བ། དེའང་ཤིན་ཏུ་བདེ་བས་བརྒྱལ་ཐབས་ལྟ་བུར་མགྲིན་པ་ནས་སྙིང་གར་མཆོག་དགའ། ཟག་བཅས་ཀྱི་ཞེན་པ་རགས་པ་དང་བྲལ་བའི་བདེ་བ་སྙིང་ག་ནས་ལྟེ་བར་སོན་པས་དགའ་བྲལ། ཟག་ཞེན་ཐམས་ཅད་བྲལ་བ འི་སྨྲ་བརྗོད་མི་བཏུབ་པའི་བདེ་ཉམས་ཁྱད་འཕགས་ལྷན་སྐྱེས་ཀྱི་དགའ་བ་དང་ཟུང་འབྲེལ་ལྟེ་བ་ནས་གསང་བ་དང་། དེ་ནས་རྡོ་རྗེ་པདྨའི་རྩེར་ཉི་ཟླ་ཞལ་མཇལ། ཐབས་ཤེས་རབ་ཏུ་སྦྱོར་བ། ཤེས་རབ་ཐབས་སུ་སྦྱོར་བ་སྦྱོར་བ་གསུམ་གྱིས་ཡས་འབབ། མཐར་ཕྱིན་པ་མཐར་ཕྱིན་བྱང་ཆུབ་སེམས། དཔེ་ཡི་ཡེ་ཤེས་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་ཧཱུཾ་ཞེས་དྲངས་པས་མས་བརྟན་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། དེ་འདྲའི་དགའ་བ་རེ་རེ་ལའང་ཐབས་དང་། ཤེས་རབ་ཀྱི་ཆ་གཉིས་གཉིས་བཅུ་དྲུག་གིས། དང་པོ་བཞིས་ཚོགས་ལམ། དེ་ནས་ག ཉིས་སྦྱོར་མཐོང་། དེ་ནས་དགུས་སྒོམ་ལམ་ས་དགུ། དགའ་བ་བཅུ་དྲུག་གི་མཐའ་མ་དཔེའི་འོད་གསལ་ལྷན་སྐྱེས་བདེ་ལ་འཛིན་མེད་ཤར་བའི་དུས། པདྨ་ཅན་ཀུན་ཏུ་འོད། ཡི་གེ་འཁོར་ལོ་རྣམས་ཀྱང་རྫོགས་པར་གྱུར། ཧཱུཾཿ རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་བའི་ཐིག་ལེ་སྨོན་ལམ་བཞིན། །བཅུ་དྲུག་ཕྱེད་ཕྱེ་ཐིག་ལེ་གཅིག །ཕན་ཚུན་འགོད་པའི་སྟོབས་ཀྱིས་བསྟིམ། །བདེ་བ་གཉིས་པའི་ངོ་བོ་ཉིད། །གསུམ་པའི་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བས་གྱུར་པའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་ཆེ། །རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་སོགས་ཕྱག་རྒྱའི་ཚོགས་དང་ལྡན། །དོ་ཟླ་བསིལ་བྱེད་ཤེས་རབ་དངོས། །དུས་གཅིག་རོ་མཉམ་ཐིག་ལེ་ཆེ། །སུམ་ཅུ་རྩ་གཉིས་མཚན་རྫོགས་ཤིང་། །ཟླ་བའི་ཡེ་ཤེས་ལྔ་བཅུ་དྲུག །དཔེ་བྱད་ལ་སོགས་དཔག་ཏུ་མེད། །སེམས་ཤེས་མངོན་པར་ཤེས་དང་ལྡན། །སེམས་མཐའ་འགྲོ་འོང་རྫུ་འཕྲུལ་ཤེས། །གནས་ནས་ལོག་པ་ཐིམ་པའི་སྤྲས། །མཐའ་གཉིས་མ་གོས་པདྨ་ཅན། །སྤྲུལ་པའི་གནས་ནས་བཀྱེ་བ་ཡིས། །བཞི་བཅུ་ལྔ་སོགས་མཐའ་ཡས་ཀུན། །རང་བཞིན་ཉིད་ལས་རང་གསལ་བ། །བཅུ་གསུམ་ཡི་གེ་འཁོར་ལོ་བརྗོད། །ༀ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ། འབྲུ་གསུམ་གྱིས་མིག་དར་བསལ། མཚན་ཉིད་ལྡན་པའི་ཕྱག་རྒྱ་རིག་མ་འདིས། །སྐལ་ལྡན་བུ་ལ་ཤེས་རབ་དབང་བསྐུར་བས། །ཡེ་ཤེས་རང་གནས་བདེ་ཆེན་དོན་རྟོགས་ཏེ། །བདེ་སྟོང་ཐིག་ལེ་འགག་མེད་ཐོབ་པར་ཤོག །བདེན་སྟོབས། ༀ་མི་འགྱུར་པ་ཡི་སོགས། གོང་བཞིན། ཨཱཏྨ་ཀོ྅་ཧཾ་བར་དབུགས་དབྱུང་བ། དེ་རིང་ཕན་ཁྱོད་བུ་ཁྱོད་ནི། །རང་རིག་བདེ་ལ་གནས་པས་ན། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །ཡུམ་དང་འཇོ་མ་ཐམས་ཅད་ལ། །འདོད་བཞིན་སྤྱོད་པའི་དབང་ཕྱུག་འགྱུར། །རིགས་སུ་གྱུར་རྣམས་ཐབས་འདི་རུ། །མཐུན་འཇུག་མཚམས་ལས་འགྲོ་འདུལ་བའི། །དབང་ཕྱུག་རྒྱལ་པོ་ཉིད་དུ་ངེས། །དག་དྲན། དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱིས་མཁའ་གསང་གི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་སྒྲིབ་སྦྱངས། ཁམས་བདེ་ཆེན་རྒྱལ་པོ་ལ་བརྟེན་ནས་བདེ་སྟོང་སྒོ་ཐིག་ལེ་སྒོམ་པ་ལ་དབང་། ཕྱག་ཆེན་རིག་འཛིན་དང་། ཐུགས་རྡོ་རྗེ་ཆོས་སྐུའི་གནས་སྐབས་དང་མཐར་འབྲས་ཐོབ་པའི་རྟེན་འབྲེལ་བསྒྲིགས། ཞེས་ངེས་པ་བསྐྱེད། གསུམ་པ་ཚིག་དབང་རིན་པོ་ཆེ་ནི། མཎྜལ་མཐར། འཁོར་ལོའི་བདག་པོ་ལ་ཚིག་གི་དབང་བསྐུར་ཞུ། སོགས་གསོལ་གདབ་ནི། སྒྲུབ་ཐབས་ལས་འབྱུང་བའི་ཆོས་སྐུའི་མཎྜལ་ཏེ། ན་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། སོགས་ནས། ཤིན་ཏུ་གྲོལ་བ་རྒྱ་ཆེན་པོ་མཛད་དུ་གསོལ། བར་བརྗོད་པ་ལན་གསུམ། ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །དེ་ལ་མཁས་པས་བཅོས་སུ་མེད། །དེ་བཞིན་སེམས་ཀྱི་རྣམ་པ་ཀུན། །དེ་བཞིན་ཉིད་དེ་བཅོས་ལས་འདས། །འདི་ལྟར་ཡེ་ནས་ཡིན་ཤེས་ན། །དབང་རྣམས་བསྐུར་ཡང་ག་ལ་དགོས། །ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས་སོགས་སྒྲུབ་ཐབས་ནས་འབྱུང་བ་ལྟར། འགྲོ་འོང་ཉིད་ནའང་འགྲོ་འོང་མེད། ཅེས་སྔར་གྱི་དབང་གསུམ་པས་མཚོན་ཏེ་དཔེ་དང་། ཚིགས་གིས་མི་མཚོན་ཀྱང་། ཚིག་གི་རྟོགས་པར་བྱ་བ། བློ་དང་སྤྲོས་པ་ལས་འདས་པ། སེམས་ཉིད་རྫོགས་པ་ཆེན་པོ་རང་བྱུང་གི་རིག་པ་དགག་སྒྲུབ་དང་བྲལ་བ། གང་ཤར་རང་གྲོལ་གྱི་ངང་ལ་དུས་གསུམ་གྱི་ཡིད་བྱེད་ཐམས་ཅད་རང་སར་ཞི་བའི་ཚུལ་དུ་མཉམ་པར་བཞག །ལུས་ཕྱི་སྡོམ། ཁོང་སློང་། མ་ཡེང་ཙམ་དུ་རྣམ་པར་མི་རྟོག་པའི་རིག་སྟོང་གི་ཉམས་བསྐྱང་། སྨྲ་བསམ་བརྗོད་འདས་གསང་བ་སྙིང་པོའི་དོན། །སྐལ་ལྡན་ཁྱོད་ལ་ཚིག་གིས་དབང་བསྐུར་བས། །ཆོས་ཉིད་བསལ་བཞག་མེད་པའི་དོན་རྟོགས་ནས། །རྫོགས་པ་ཆེན་པོ་མངོན་དུ་འགྱུར་བར་ཤོག །དག་དྲག་དེ་ལྟར་ན་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱིས་དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་ཐོབ། སྒོ་གསུམ་ཆ་མཉམ་གྱི་དྲི་མ་སྦྱངས། བརྗོད་བྲལ་གཉུག་མའི་རིག་པ་ལ་བརྟེན་ནས་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་དང་། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་གནས་སྐབས་དང་མཐར་འབྲས་ཐོབ་པའི་རྟེན་འབྲེལ་བསྒྲིགས། གཉིས་པ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་ཐོབ་པའི་ཡོན་ཏན་དང་། མ་ཐོབ་པའི་ཉེས་དམིགས་བཅས། དབུ་བརྒྱན་ཅོད་པཎ་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུག་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་བས། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། ༈ །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་རྩམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །རྗེས་སུ་སློབ་དཔོན་གྱི་ཞབས་སྤྱི་བོར་བླང་། སྙིང་གར་གཏུགས་པར་མོས་པས། སློབ་དཔོན་གྱི་དམ་ཚིག་དང་བཀའ་སྤྱི་བོར་གནས་པར་གྱུར་ཅིག །དབང་གི་རྒྱལ་རྟགས་དང་མ་འབྲལ་བར་གྱུར་ཅིག །ཅེས་སྨོན་པ་དང་། གཙོ་བོས་ཇི་ལྟར་སོགས་ལན་གསུམ་མཎྜལ་སོ་བདུན་མ་ལོངས་སྤྲུལ་མཎྜལ་བཅས། མ་ཚང་བ་མེད་པ་འདི་ཉིད་འཇུག་པ་ལེགས་པར་ཐོབ་པའི་བཏང་རག་གི་ཡོན་དུ། ཞེས་བསྒྱུར། དེང་ནས་བརྩམས་ཏེ། སོགས་ལན་གསུམ། མཐར་མཇུག་གི་བཀྲ་ཤིས་ནི་ཀཿཐོག་པ་ཆེན་པོ་རྩ་སྡེ་བའི་གསུངས་འདི་ཉིད་གཙིགས་ཆེ་བར་གནས་པས། བཀྲ་ཤིས་གང་ཞིག་བདེ་ཆེན་འཆང་བྱེད་ཅིང་། །མཆོག་གསུམ་འཕགས་པའི་བཀྲ་ཤིས་ཀུན་གྱི་གཞི། །བཀྲ་ཤིས་དོན་གྲུབ་ཡིད་བཞིན་འབྱུང་བའི་གཏེར། །རྗེ་བཙུན་མཚུངས་མེད་བླ་མའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ལྷ་དང་མཉམ་སྦྱོར་བས། །ལྷ་ཡི་བཀྲ་ཤིས་མངོན་པར་ཉེར་ཐོབ་ཅིང་། །བཀྲ་ཤིས་དོན་གཉིས་ལེགས་པར་འགྲུབ་བྱེད་པ། །ཡི་དམ་ལྷ་རྣམས་ཀུན་གྱི། །བཀྲ་ཤིས་དཔལ་ལྡན་སྐུ་གསུམ་རབ་བརྙེས་ཤིང་། །ཡེ་ཤེས་རྒྱ་མཚོ་བཀྲ་ཤིས་མཐའ་ཡས་པ། །བཀྲ་ཤིས་དབྱིངས་སུ་འགྲོ་རྣམས་འདྲེན་མཛད་པ། །ཡང་དག་རྫོགས་སངས་རྒྱས་ཀྱིས་བཀྲ་ཤིས་ཤོག །བཀྲ་ཤིས་གསུང་རབ་དྲི་མེད་རྟོགས་པ་ཡི། །དོན་ལྡན་ཆགས་བྲལ་བཀྲ་ཤིས་དོན་དམ་ཆོས། །བཀྲ་ཤིས་མཆོག་གིས་སེམས་ཅན་སྐྱབས་གྱུར་པ། །དམ་ཆོས་རྒྱ་མཚོའི་ཚོགས་ཀྱི༴ བཀྲ་ཤིས་སྡོམ་གསུམ་རྣམ་དག་རྒྱན་གྱིས་མཛེས། །ཐོས་བཙུན་ཏིང་འཛིན་བཀྲ་ཤིས་དབང་འབྱོར་བས། །བཀྲ་ཤིས་ཡིད་སྐྱེད་དགུའི་དཔལ་གྱུར་པ། །དགེ་འདུན་དམ་པ་རྣམས་ཀྱི༴ བཀྲ་ཤིས་མཐར་ཕྱིན་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཁས་བླང་བཀྲ་ཤིས་གང་། །བཀྲ་ཤིས་མཐུ་ཡིས་ལོག་འདྲེན་ཚར་གཅོད་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་དོན་གྱིས་ཉོན་མོངས་རྣམ་དག་ཅིང་། །ནད་རྣམས་བཀྲ་ཤིས་སྟོབས་ཀྱིས་ཞི་གྱུར་ནས། །བཀྲ་ཤིས་བདེན་པས་བགེགས་དཔུང་འཇོམས་བྱེད་དེ། །རྣམ་པ་ཀུན་ཏུ་ལེགས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་སྙན་པའི་བ་དན་ཀུན་ཁྱབ་ཅིང་། །བསོད་ནམས་ཆེན་པོའི་བཀྲ་ཤིས་རྒྱུན་ཆགས་ནས། །བཀྲ་ཤིས་ཚེ་དབང་མི་འགྱུར་རྡོ་རྗེ་འཛིན། །དཔལ་འབྱོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་མངོན་གྱུར་རྒྱལ་བའི་བཀྲ་ཤིས་ཀྱིས། །བཀྲ་ཤིས་མཆོག་ཏུ་སྔགས་པའི་བཀྲ་ཤིས་གང་། །བཀྲ་ཤིས་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་ཤིང་། །བཀྲ་ཤིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །འདི་དག་གི་མཇུག་ཏུ་སློབ་མ་འཇུག་པར་གནང་བ་ནོད་པ་ནི་གོང་བཞིན་ནོ། །བཅུ་པ་ཞུགས་པའི་ཡོན་ཏན་ནི་གོང་གསུང་པ་སོགས་སོ། །རྗེས་ཀྱི་ཚེ་རས་བྲིས་ཀྱི་དཀྱིལ་འཁོར་ལ་ནི་སྒྲུབ་མཆོད་ཀྱི་ཚེ འང་ཐིག་ཚོན་ལྷག་གནས་སོགས་དོར་ཞིང་ཟོར་ཡང་དུ་བྱ་བའི་གནད་ཤེས་པས། ཇི་སྲིད་འབྱུང་བཞིའི་གནོད་པས་མ་ཞིག་གི་བར་དུ། ཞེས་བརྟན་བཞུགས་བྱ་ཞིང་། རྡུལ་ཚོན་གྱི་ཕྱོགས་ཉིན་བདུན་ལྟ་བུ་ལ་གྲོལ་ཉིན་བར་དུ། ཇི་སྲིད་འདོད་དོན་མ་རྫོགས་པ་དེ་སྲིད་དུ། ཞེས་བརྟན་བཞུགས་བྱ། ཚར་ཉིན་བེགཱ་ཀྲ་མ་ཡཾ། ཞེས་པས་མཁའ་ལ་བཏེགས་སླར་ཡང་བཏང་རག་གི་མཆོད་བསྟོད། བཟོད་གསོལ་རྣམས་ཀྱིས་མཐར། ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་མཐར། ཛྙཱ་ན་མཎྜལ་བཛྲ་མུཿ ཞེས་གཤེགས་གསོལ་དང་། དམ་ཚིག་གི་འཁོར་ལོ་བསྡུ་ལྡང་གོ་བགོ་ལུས་སྲུང་གི་རྗེས། ཆོས་ཐམས་ཅད་སྟོང་ཉིད་དུ་མོས་ཏེ་རོལ་མོའི་སྒྲ་བཅས། ༀ་ཨཀཱ་རོ། བཟླ་བཞིན་དུ། རྡོ་རྗེར་བཅས་པའི་ལག་པས་ལྷ་མཚན་བསྡུས་ལ། ཅུང་ཟད་མགོ་བོར་བཀོད། དབང་ལྡན་ནས་གཙོ་བོའི་བར་དུ་བསྡུས་ཏེ་གསེར་དངུལ་གྱི་བུམ་པར་བླུགས་པ་བཀུར་བསྟི་ཆེན་པོས་རྒྱུན་འབབས་ཀྱི་ཆུ་ཀླུང་དུ་བསྐྱལ། སླར་ཡང་སྣོད་དེ་ཆུས་བཀང་ནས་ནང་དུ་འོང་སྟེ་དཀྱིལ་འཁོར་གྱི་ཁང་པ་བསངས་གཏོར་བྱེད། ཧཱུཾ་མཛད་ཕྱག་རྒྱས་མཛུབ་མོ་བསྣོལ་བ་ཀམ་པའི་རྒྱས་འོག་ནས་ཡར་ཕུར་བུ་རྣམས་ཕྱུང་། ༀ་བཛྲ་ཀཱི་ལ་ཡ་ཨུཏྐི་ལ་ཡ་སརྦ་བིགྷྣན་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿ སྣོད་དུ་བཞག་པའི་རྩེ་མོར་འོ་ཆབ་གཏོར། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་སརྦ་ཨཪྠ་སིདྡྷི་སོ་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་བཟླས། འོ་ཆབ་ཕུར་ཁུང་དུའང་གཏོར་བས། བགེགས་རྣམས་ལ་སྨས་པ་བོས་ཏེ། བདེ་སྟོང་གི་ཡེ་ཤེས་སུ་སངས་རྒྱས། ཕུར་བུའི་ཡེ་ཤེས་པ་རྣམས་ལག་གི་རྡོ་རྗེ་ལ་ཐིམ། ཆད་ལྷག་ཡི་གེ་བརྒྱ་བའི་ཁ་སྟོང་བཟླ། ཕྱོགས་སྐྱོང་འབྱུང་པོ་ལ་གཏོར་མ་བསྔོ། དགེ་བ་བསྔོ་ཞིང་སྨོན་ལམ་དང་། བཀྲ་ཤིས་ཀྱི་མཐར་རྒྱས་སུ་བྱའོ། །མོས་སློབ་སྒྲུབ་མཆོད་སྐྱང་པ་བའི་ལུགས་ཙམ་ལས། གཞན་ཚོགས་སྒྲུབ་དང་འབྲེལ་བ་ནི་སྒྲུབ་ཆེན་གྱི་ཡི་གེ་ལས་ངེས་པར་བྱའོ། །དགེའོ།། །།


previousདཔལ་གསང་བ་སྙིང་པོ་ཞི་བའི་དཀྱིལ་འཁོར་ཆོ་ག་རྣམ་དག་གསེར་ཕྲེང་། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།next