Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་ཀྱི་བསྒྲལ་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚོགས་ཀྱི་བསྒྲལ་མཆོད།next

ཚོགས་ཀྱི་བསྒྲལ་མཆོད།

ཚོགས་ཀྱི་བསྒྲལ་མཆོད་བཞུགས་སོ། །གློ་བུར་གྱིས་དགྲ་བགེགས་དྲག་པོའི་མཚན་མ་བྱུང་བའམ། ནད་པ་ཚབ་ཆེན་ལ་སྐབས་འདིར་བསྒྲལ་མཆོད་བྱ་བ་ནི། ཉའོ་དགྲ་གཟུགས་ཀྱིས་དངོས་སུ་བྱ་བའམ། གང་དུ་ཚོགས་བཏབ་པའི་ལྷག་མ་ལ། དམིགས་རྟེན་དུ་བྱ་བ་ནི། ཐོག་མར་དཀྱིལ་འཁོར་གྱིས་ལྷ་ཚོགས་རྣམས་ཐུགས་དམ་གནད་ནས་བསྐུལ་བ་ནི། རོལ་མོ་དྲག་ཏུ་འཁྲོལ་སྟེ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་པའི་སྲས། །མ་ཅིག་ཇོ་མོ་རྣལ་འབྱོར་མ། །ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །སྐལ་ལྡན་ཀུན་གྱི་རྒྱུད་འགྲོལ་མ། །མ་བདག་དང་མཁའ་མཉམ་སེམས་ཅན་རྣམས། །མ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །མ་སྐུ་ལུས་ཆུང་ལ་གཟི་བརྗིད་ཆེ། །སྐུ་ཤ་དཀར་ལ་འོད་ཟེར་འཕྲོ། །སྐྱེ་བ་དམན་ལ་དགོངས་པ་མཐོ། །དུས་གསུམ་སངས་རྒྱས་གདུང་འཛིན་མ། །མ་བདག་དང་མཁའ་མཉམ་སེམས་ཅན་ལ། །མ་ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས། །མ་དགོངས་པས་དབུས་སུ་བསྐྱོད་ཙམ་ན། །དོན་གཉིས་ལྷུན་གྱིས་གྲུབ་པའི་ཉམས་དང་ལྡན། །སངས་རྒྱས་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་དཀར་མོ་གཟི་མདངས་ལྡན། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །དར་གྱི་ཅོད་པཎ་པུ་རུ་རུ། །ཌཱ་རུ་ཅང་ཏིལ་ཁྲ་ལ་ལ། །སིལ་སྣན་མང་པོ་སི་ལི་ལི། །མི་རྐང་གླིང་བུ་ཀྱུ་རུ་རུ། །གར་དང་རོལ་མོ་ཁྲིགས་སེ་ཁྲིག །ཉམས་མྱོང་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །གདམ་ངག་སྦྲང་ཆར་སི་ལི་ལི། །འགྲོ་དོན་ཕྱོགས་མེད་ཡ་ལ་ལ། །མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི། །ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །མ་བདག་དང་མཁའ་མཉམ་སེམས་ཅན་རྣམས། །མ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །མ་དགོངས་པ་ཤར་དུ་བསྐྱོད་ཙམ་ན། །དོན་འགྱུར་བ་མེད་པའི་ཉམས་དང་ལྡན། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །སྐུ་མདོག་སྔོན་མོ་གཟི་བརྗིད་ཅན། །རུས་པའི་རྒྱན་ཆ་ཁྲ་ལ་ལ། །དར་གྱི་ཅོད་པཎ་པུ་རུ་རུ། །ཌཱ་རུ་ཅང་ཏིལ་ཁྲ་ལ་ལ། །སིལ་སྙན་མང་པོ་སི་ལི་ལི། །མི་རྐང་གླིང་བུ་ཀྱུ་རུ་རུ། །གར་དང་རོལ་མོ་ཁྲིགས་སེ་ཁྲིག །ཉམས་མྱོང་མགུར་མ་འུ་རུ་རུ། །བྱིན་རླབས་ན་བུན་ཐིབས་སེ་ཐིབ། །གདམ་ངག་སྦྲང་ཆར་སི་ལི་ལི། །འགྲོ་དོན་ཕྱོགས་མེད་ཡ་ལ་ལ། །མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི། །ཚོགས་ཀྱིས་མཆོད་པ་འདི་བཞེས་ལ། །བདག་དང་མཁའ་མཉམ་སེམས་ཅན་རྣམས། །མ་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །མ་དགོངས་པ་ལྷོ་རུ༴ དོན་ཡོན་ཏན་རྫོགས་པའི༴ རིན་ཆེན་མཁའ༴ སྐུ་མདོག་སེར་མོ༴ རུས་པའི༴ འདྲེས་སོ། །མ་དགོངས་པ་ནུབ་ཏུ༴ དོན་ཆགས་པ་མེད༴ པདྨ་མཁའ༴ སྐུ་མདོག་དམར་མོ༴ རུས་པའི་སོགས། མ་དགོངས་པ་བྱང་དུ༴ དོན་ཕྲིན་ལས་འགྲུབ་པའི༴ ལས་ཀྱི་མཁའ་འགྲོ༴ སྐུ་མདོག་ལྗང་༴ རུས་པའི་སོགས། མ་གཡའ་རི་གངས་ཁྲོད་འགྲིམས་རྩ་ན། །ལྟ་བའི་འབྲུག་སྒྲ་འུ་རུ་རུ། །བསྒོམ་པའི་ན་བུན་ཐིབས་སེ་ཐིབ། །སྤྱོད་པའི་སྦྲང་ཆར་སི་ལི་ལི། །ཐུགས་རྗེའི་འོད་གསལ་ཡ་ལ་ལ། །འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། །ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །བདག་དང་མཁའ༴ མ་ཐུགས་རྗེས༴ མ་འགྲོ་བའི་དོན་དུ་བྱོན་ཙམ་ན། །གནད་ཀྱི་གདམ་པ་ཤ་ར་ར། །བདུད་ཀྱི་གཅོད་ཐབས་སི་ལི་ལི། །རུས་པའི་སོགས། ཅེས་བསྐུལ་ལོ། །དེ་ནས་བསྒྲལ་མཆོད་དངོས་ནི། ཕཊཿ མདུན་དུ་ཨེ་ལས་གནམ་ལྕགས་ཀྱི་ཁོང་སྒྲོམ་ནག་པོ་གྲུ་གསུམ་པ། འཆི་བདག་ལས་ཀྱི་གཤིན་རྗེའི་བཙོན་ཁང་དྲག་པོ་ཐར་པའི་དུས་མེད་པ་ནད་མཚོན་དུག་གི་ཆར་འབེབ་པ་དེའི་ནང་དུ་ནྲྀ་དང་ཏྲི་ལས་བདག་ཅག་རྣམས་ལ་ལོག་པར་བལྟ་བའི་བསྟན་དགྲ་དམ་ཉམས་འདྲེ་གདོན་མ་རུང་པ་ཐམས་ཅད་གཟུགས་སྔོ་ལ་སྐྱ་བ་བམ་པ་རུལ་བ་འདར་ཕྲི་ལི་ལི་བྱེད་པ་གཅིག་ཏུ་གྱུར།། །།


previousཚོགས་ཀྱི་བསྒྲལ་མཆོད།next