Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འགྲེས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའགྲེས་བྱང་།next

འགྲེས་བྱང་།

༅། །འགྲེས་བྱང་། ཁྱོད་ཚོགས་ལ་དགའ་བས་ཚོགས་ལ་རོལ། །ལ་ལ་ཕྱི་ཡི་ཚོགས་ལ་རོལ། །ལ་ལ་ནང་གི་ཚོགས་ལ་རོལ། །ལ་ལ་གསང་བའི་ཚོགས་ལ་རོལ། །ལ་ལ་དེ་བཞིན་ཉིད་ཀྱི་ཚོགས་ལ་རོལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཕྱི་སྣོད་འཇིག་རྟེན་ནང་བཅུད་འདོད་ཡོན་ལྔ། །ཕྱི་ཡི་ཚོགས་སུ་འབུལ་ལོ་རོལ་པར་བཞེས། །གཟུགས་ཕུང་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །ནང་གི་ཚོགས་འབུལ་ལོ་དགྱེས་པར་བཞེས། །དབང་པོའི་སྣོད་དུ་དུག་ལྔ་ཡེ་ཤེས་ལྔ། །གསང་བའི་ཚོགས་སུ་འབུལ་ལོ་སྟོང་པར་བཞེས། །ཕྱི་ནང་གསང་བའི་ཚོགས་ཀྱི་མཆོད་པ་འདི། །གཉ ིས་མེད་ཆོས་དབྱིངས་ངང་དུ་མཉམ་པར་བཞེས། །མ་ཧཱ་སུ་ཁ་ས་མ་ཡ་ཧོ།། །།


previousའགྲེས་བྱང་།next