Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གསོལ་འདེབས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་འདེབས་བསྡུས་པ།next

གསོལ་འདེབས་བསྡུས་པ།

༅། །གསོལ་འདེབས་བསྡུས་པ་ནི། རང་གི་སྤྱི་གཙུག་ཏུ་མ་ཅིག་ལབ་ཀྱི་སྒྲོན་མ་ལ་འཁོར་གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ་ལ། ༀ་ཨཱཿཧཱུྃ། ཆོས་དབྱིངས་སྤྲོས་དང་བྲལ་བའི་ཕོ་བྲང་ནས། །ཕ་རོལ་ཕྱིན་དང་ཤཱཀྱའི་རྒྱལ་པོ་དང་། །སྨྲ་བའི་སེངྒེ་དང་ནི་འཕགས་མ་སྒྲོལ། །སུ་ཁ་སིདྡྷི་ཨཱརྱ་དེ་བ་དང་། །དམ་པ་རྒྱ་གར་བསོད་ནམས་བླ་མ་དང་། །མ་ཅིག་ལབ་སྒྲོན་ཁུ་སྒོམ་ཆོས་སེང་དང་། །དོལ་པ་ཟང་ཐལ་སྐྱ་ནག་གཅེར་བུ་དང་། །སངས་རྒྱས་རབ་སྟོན་རྟོག་ལྡན་དགེ་སློང་དང་། །སངས་རྒྱས་གཉེན་སྟོན་ཞེན་མེད་རས་པ་དང་། །ཆོས་ཀྱི་སེངྒེ་བཛྲ་སིདྡྷི་དང་། །པྲ་ཛྙཱ་གུ་རུ་རྗེ་བཙུན་དཔལ་འབར་བ། །ག་ག་བཛྲ་ཤི་ལ་ཀེ་ཏུ་དང་། །ཛྙཱ་ན་ཀེ་ཏུ་ཀུན་དགའ་འབུམ་པ་དང་། །བསོད་ནམས་འབུམ་པ་རྡོ་རྗེ་འོད་ཟེར་དང་། །ནམ་མཁའ་རྡོ་རྗེ་ནམ་མཁའ་བློ་གྲོས་དང་། །ནག་པོ་རྡོ་རྗེ་དབང་དྲག་རྒྱ་མཚོ་དང་། །ཆོས་སྐྱོང་རྒྱ་མཚོ་ཀློང་གསལ་སྙིང་པོ་དང་། །ཆོས་ཉིད་རྒྱ་མཚོ་བཀྲ་ཤིས་ཕུན་ཚོགས་དང་། །ནམ་མཁའ་རྒྱ་མཚོ་དྲི་མེད་ཞིང་སྐྱོང་མགོན། །ཚེ་དབང་མཆོག་གྲུབ་ངེས་དོན་དབང་པོ་དང་། །འགྱུར་མེད་བསྟན་འཛིན་ཆོས་ཀྱི་བློ་གྲོས་དང་། །ཀུན་བཟང་འགྱུར་མེད་ཆོས་ཀྱི་རྒྱ་མཚོ་དང་། །རྡོ་རྗེ་ལེགས་བཤད་རྩ་བའི་བླ་མ་སོགས། །ཟབ་དོན་གཅོད་ཡུལ་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བདག་གཞན་ལུས་དང་ལོངས་སྤྱོད་དངོས་པོ་ཀུན། །ཞེན་པ་མེད་པ་འབུལ་ལོ་བཞེས་སུ་གསོལ། །རྐྱེན་ངན་ལམ་དུ་ལོང་བར་བྱིན་གྱིས་རློབས། །ཐུན་མོང་མཆོག་གི་དངོས་གྲུབ་མྱུར་ཐོབ་ནས། །གདན་ཐོག་གཅིག་ཏུ་གྲོལ་བར་བྱིན་གྱིས་རློབས། །ཅེས་གསོལ་བ་བ ཏབས་པས། མ་ཅིག་བརྒྱུད་པའི་སྐུ་ལས༴ སོགས་གཞུང་ལྟར་བྱ།། །།


previousགསོལ་འདེབས་བསྡུས་པ།next