Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་བསྒྲལ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚོགས་བསྒྲལ་བསྡུས་པ།next

ཚོགས་བསྒྲལ་བསྡུས་པ།

༅། །ཚོགས་བསྒྲལ་བསྡུས་པ་ནི། ཚོགས་རྫས་ཀྱི་སྟེང་དུ་ལིངྒ་བཅུག་ལ། ཧཱུྃ། ལྷ་གསལ་མདུན་དུ་ཨེ་ལས་བྲུབ་ཁུང་ནང་། །དངོས་བཤམས་ཡིད་ཀྱིས་རྒྱལ་བའི་བསྟན་བཤིགས་པའི། །མ་རུངས་ལོག་པར་བྱེད་པའི་རུ་ཊ་ཀུན། །དམིགས་རྟེན་རུས་པ་འདི་ཡི་སྟེང་དུ་ཁུག །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ་བུ་སོགས། །རྣོ་ངར་འབར་བའི་མཚོན་ཆས་གཏུབ་གསོད་བརྡུང་། །ཕྱེ་མར་བཏང་ནས་རྣམས་ཤེས་སྤར་རོལ་ལ། །ཟག་མེད་བདུད་རྩི་གྱུར་པའི་ཤ་ཁྲག་རུས། །དབང་པོ་རྣམ་ལྔ་རྩ་རྒྱུས་ཡན་ལག་ཀུན། །བླ་མ་ཌཱཀྐི་ཆོས་སྐྱོང་སྲུང་མ་རྣམས། །དམ་ཅན་རྒྱ་མཚོའི་ཞལ་དུ་ཁ་རཾ་ཁ་ཧི། །མ་རིག་འཁྲུལ་པའི་གཟུང་འཛིན་རང་དག་ནས། །རང་རིག་ཡེ་ཤེས་ངོ་བོ་བསྟན་དུ་གསོལ། །ཅེས་བསྒྲལ་ལ་བསྟབ་བོ། །ཟབ་དོན་ཚོགས་མཆོད་ལས་ཁོལ་དུ་ཕྱུང་བའོ། །ཚོགས་གྲངས་བསགས་སྐབས་དང་བསྡུས་པའི་སྐབས་འདི་སྦྱར་ན་ལེགས།། །།


previousཚོགས་བསྒྲལ་བསྡུས་པ།next