Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕག་མོ་ཁྲོས་མའི་བསྐང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕག་མོ་ཁྲོས་མའི་བསྐང་བ།next

ཕག་མོ་ཁྲོས་མའི་བསྐང་བ།

༅། །ཕག་མོ་ཁྲོས་མའི་བསྐང་བ་བཞུགས་སོ། །ཧཱུྃ། སྟོང་ཉིད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཐུགས་རྗེའི་སྤྲུལ་པ་བདག་གཞན་གཉིས་ཀྱི་དཔལ། །རྣམ་པར་ཐར་པ་གསུམ་གྱི་སྒོ་འབྱེད་མ། །ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས་དམ་བསྐང་། །རྟོག་མེད་སྒེག་པའི་ཚུལ་གྱི་སྐུ་སྤྲུལ་པ། །ནག་མོ་ཁྲོས་མས་ལྷ་རྣམས་ཟིལ་གྱིས་གནོན། །ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་མ། །མ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་ཐུགས་དམ་བསྐང་། །ཧཱུྃ། གཡས་ནས་གཅོད་བྱེད་གྲི་གུག་བསྣམས་པ་ཡི། །བདུད་དང་གཏི་མུག་ཚོགས་རྣམས་བསྲེག་པར་བྱེད། །ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད། །ཕྲིན་ལས་མཐར་ཕྱིན་མ་ཡིས་ཐུགས་དམ༴ གཡོན་པས་ཐོད་པ་ཁྲག་གི་གང་བ་བསྣམས། །ཐུགས་རྗེའི་ཁྱབ་པའི་ཚུལ་གྱི་འགྲོ་དོན་མཛད། །སྟོང་ཉིད་ཐུགས་རྗེའི་འབྲེལ་བའི་བདག་ཉིད་ཅན། །ཐུགས་རྗེའི་འགྲོ་དོན་མཛད་མ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཧཱུྃ། ཕྱག་མཚན་ཁ་ཊྭཱྃ་ག་ནི་ཐུགས་ཀར་འཛིན། །དུག་གསུམ་རྩད་གཅོད་འཁོར་བའི་གཡུལ་ངོ་སེལ། །སྐུ་གསུང་ཐུགས་དང་མཉམ་སྦྱོར་ཁྲོ་མོའི་སྐུ། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཐུགས་དམ་བསྐང་། །སྲིད་གསུམ་རྣམ་རྟོག་ཐམས་ཅད་འཇོམ་པའི་ཕྱིར། །འཇིག་བྱེད་ཆེན་མོ་ཕག་གི་གདོང་པ་ཅན། །མེ་དཔུང་ཀློང་ན་བཞུགས་པའི་ཁྲོ་གཉེར་ཅན། །མཐུ་སྟོབས་བདག་མོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཟ་བྱེད་ཆེན་པོ་གདུག་པའི་མཆེ་བ་ཅན། །ལོག་འདྲེན་ཐམས་ཅད་ཟིལ་གྱིས་གནོན་མཛད་པ། །ཞལ་གདངས་ལྗག་རྐྱང་མཁའ་ལ་རབ་ཏུ་སྤྱོད། །སྟོང་གསུམ་སྒྲ་སྒྲོག་ཁྱོད་ཀྱི་ཐུགས་དམ་བསྐང་། །སྲིད་གསུམ་འཐོར་བྱེད་སྤྱན་གསུམ་མེ་འོད་འཕྲོ། །ཡེ་ཤེས་ལྔ་ལྡན་དབུ་ལ་ཐོད་པས་བརྒྱན། །སྐུ་ལྔ་རབ་རྫོགས་ཡེ་ཤེས་མཁའ་འགྲོ་མ། །ཡོན་ཏན་རྫོགས་ཕྱིར་དུར་ཁྲོད་རྒྱན་གྱིས་བརྒྱན། །ཡོན་ཏན་མཐར་ཕྱིན་ཁྱོད་ཀྱི་ཐུགས་དམ་བསྐང་། །ངོ་མཚར་ཆེན་པོ་དགྱེས་པའི་གད་རྒྱང་ཅན། །བཞད་པའི་གད་མོས་འཁོར་བ་ཐར་པར་འདྲེན། །ཁྲོས་པའི་གད་མོས་དགྲ་བགེགས་བརླག་པར་བྱེད། །གདུག་པ་བརླག་མཛད་ཁྱོད་ཀྱིས་ཐུགས་དམ་བསྐང་། །ཞེ་སྡང་འཇོམས་མཛད་སྦྲུལ་གྱི་ཞག་པ་ཅན། །ང་རྒྱལ་འཇོམ་མཛད་སྟག་གི་ཤམ་ཐབ་ཅན། །འབྱུང་པོ་ཚར་གཅོད་ཐོད་པའི་ཕྲེང་བས་བརྒྱན། །རྟགས་ཀྱི་འགྲོ་དོན་མཛད་པའི་ཐུགས་དམ་བསྐང་། །བཅོམ་ལྡན་ཁྲོས་མ་ནག་མོའི་ཐུགས་དམ་བསྐང་། །ཆོས་སྐུ་འགགས་མེད་རྟགས་སུ་ཕག་གི་དབུ། །ཕག་སྐད་དྲག་པོ་སྟེང་དུ་སྒྲ་སྒྲོག་པའི། །གཟུགས་མེད་ཁམས་གསུམ་མ་ལུས་དབང་དུ་སྡུད། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བཅོམ་ལྡན་ཁྲོས་མ་ནག་མོའི༴ ཕག་སྐད་དྲག་པོ་བར་དུ་སྒྲོག་པ་ཡིས། །གཟུགས་ཁམས་ཐམས་ཅད་མ་ལུས་དབང་དུ༴ གཟུགས་ཁམས་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི་ཐུགས༴ བཅོམ་ལྡན་ཁྲོས་མ་ནག་མོའི༴ ཕག་སྐད་འོག་ཏུ་སྒྲོག་པ་ཡི། །འདོད་ཁམས་ཐམས་ཅད་དབང་དུ་བསྡུས། །འདོད་ཁམས་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི་ཐུགས༴ བཅོམ་ལྡན་རྡོ་རྗེ་ཕག་མོའི༴ ཕག་སྐད་ཤར་དུ་སྒྲོགས་པ་ཡི། །རྡོ་རྗེ་མཁའ་འགྲོ་ཕོ་ཉར་འགྱེད། །ཤར་ཕྱོགས་བརྒྱ་བྱིན་རྡུལ་དུ་བརློག །བརྒྱ་བྱིན་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི་ཐུགས༴ བཅོམ་ལྡན་རྡོ་རྗེ་ཕག་མོའི་ཐུགས༴ ཕག་སྐད་ལྷོ་རུ་སྒྲོག་པ་ཡི། །རིན་ཆེན་མཁའ་འགྲོ་ཕོ་ཉར་འགྱེད། །ལྷོ་ཕྱོགས་གཤིན་རྗེ་རྡུལ་དུ༴ གཤིན་རྗེ་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོའི༴ ཕག་སྐད་ནུབ་ཏུ་སྒྲོགས་པ་ཡིས། །པདྨ་མཁའ་འགྲོ་ཕོ་ཉར་འགྱེད། །ནུབ་ཕྱོགས་ཀླུ་གདོན་རྡུལ་དུ༴ ཀླུ་གདོན་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོའི༴ ཕག་སྐད་བྱང་དུ་སྒྲོགས་པ་ཡི། །ལས་ཀྱི་མཁའ་འགྲོ་ཕོ་ཉར་འགྱེད། །བྱང་ཕྱོགས་གནོད་སྦྱིན་རྡུལ༴ གནོད་སྦྱིན་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོའི༴ ཕག་སྐད་ཤར་ལྷོར་སྒྲོག་པ་ཡི། །དམ་ཚིག་མཁའ་འགྲོ་ཕོ་ཉར་འགྱེད། །ཤར་ལྷོ་མེ་ལྷ་རྡུལ༴ མེ་ལྷ་འདུལ་མཛད་ཕག་གི༴ བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོའི༴ ཕག་སྐད་ལྷོ་ནུབ་སྒྲོགས་པ་ཡི། །སྣ་ཚོགས་མཁའ་འགྲོ་ཕོ་ཉར་འགྱེད། །ལྷོ་ནུབ་སྲིན་པོ་རྡུལ༴ སྲིན་པོ་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །བཅོམ་ལྡན་རྡོ་རྗེ༴ ཕག་སྐད་ནུབ་བྱང་སྒྲོགས་པ་ཡི། །ཐམས་ཅད་མཁའ་འགྲོ་ཕོ་ཉར་འགྱེད། །ནུབ་བྱང་རླུང་ལྷ་རྡུལ་དུ༴ རླུང་ལྷ་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ༴ བཅོམ་ལྡན༴ ཕག་སྐད་བྱང་ཤར་སྒྲོགས་པ་ཡི། །འཇིག་རྟེན་མཁའ་འགྲོ་ཕོ་ཉར་འགྱེད། །བྱང་ཤར་འབྱུང་པོ་རྡུལ༴ འབྱུང་པོ་འདུལ་མཛད་ཕག་གི༴ བསྐང་ངོ་ཁྱེད་ཀྱི་ཐུགས༴ བཅོམ་ལྡན༴ ཕག་སྐད་སྟེང་དུ་སྒྲོགས་པ་ཡི། །སངས་རྒྱས་མཁའ་འགྲོ་ཕོ་ཉར་འགྱེད། །སྟེང་གི་ཚངས་པ་རྡུལ་དུ༴ ཚངས་པ་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ༴ ཕག་སྐད་འོག་ཏུ་སྒྲོགས་པ་ཡི། །སྣ་ཚོགས་མཁའ་འགྲོ་ཕོ་ཉར་འགྱེད། །འོག་གི་ས་བདག་རྡུལ༴ ས་བདག་འདུལ་མཛད་ཕག་གི་དབུ། །བསྐང་ངོ་ཁྱེད་ཀྱི་ཐུགས༴ སྲིད་གསུམ་ཐམས་ཅད་ཟིལ་གྱིས་གནོན། །འཁོར་དུ་མ་གྱུར་གང་ཡང་མེད། །ཁམས་གསུམ་འདུལ་མཛད་ཁྲོས་མ་ཡི། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོའི༴ ཁམས་གསུམ་ཐམས་ཅད་ཁྱོད་ཀྱི་ཟས། །ཟས་སུ་མ་གྱུར་གང་ཡང་མེད། །ཁམས་གསུམ་འདུལ་མཛད་ཁྲོས་མ་ཡི། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་། །འདོད་ཁམས་ཐམས་ཅད་ཁྱོད་ཀྱི་ཟས། །བདེ་བ་ཆེན་པོའི་ངང་དུ་བཞེས། །འདོད་ཆགས་འདུལ་མཛད་ཕག་གི་དབུ། །བདེ་ཆེན་ཁྲོས་མའི་ཐུགས༴ བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཞེ་སྡང་ཐམས་ཅད་ཁྱོད་ཀྱི་ཟས། །སྐྱེ་བ་མེད་པའི་མཆོད་པ་བཞེས། །ཞེ་སྡང་འདུལ་བྱེད་ཁྲོས་མ་ཡི། །སྐྱེ་མེད་ཁྲོས་མའི༴ བསྐང་ངོ་བསྐལ་པའི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ང་རྒྱལ་ཐམས་ཅད་ཁྱོད་ཀྱི་ཟས། །མཉམ་པ་ཉིད་ཀྱི་ངང་དུ་བཞེས། །ང་རྒྱལ་འདུལ་མཛད་ཁྲོས་མ་ཡི། །མཉམ་ཉིད་མཁའ༴ བསྐང་ངོ་ཁྱེད་ཀྱི་ཐུགས༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཕྲག་དོག་ཐམས་ཅད་ཁྱོད་ཀྱི་ཟས། །རང་བྱུང་ཆེན་པོའི་ངང་དུ་བཞེས། །ཕྲག་དོག་འདུལ་མཛད་ཁྲོས་མ་ཡི། །རང་བྱུང་ཁྲོས་མའི༴ བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །གཏི་མུག་ཐམས་ཅད་ཁྱོད་ཀྱི་ཟས། །ཆོས་སྐུ་ཆེན་པོའི་ངང་དུ་བཞེས། །གཏི་མུག་འདུལ་མཛད་ཁྲོས་མ་ཡི། །ཆོས་སྐུ་ཁྲོས་མའི༴ བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཀླུ་གཉེན་ས་བདག་ཁྱོད་ཀྱི་ཟས། །ཀླུ་གཉེན་ས་བདག་འདུལ་མཛད་ཁྲོས་མ་ཡི། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །བཙན་དང་འགོང་པོ་ཁྱོད་ཀྱི་ཟས། །བཙན་དང་འགོང་པོ་འདུལ་མཛད་ཁྲོས་མ་ཡི། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །བདུད་དང་རྒྱལ་པོ་ཁྱོད་ཀྱི་ཟས། །བདུད་དང་རྒྱལ་པོ་འདུལ་མཛད་ཁྲོས་མ་ཡི། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །དཀོར་བདག་དམ་སྲི་ཁྱོད་ཀྱི་ཟས། །དམ་སྲི་འདུལ་མཛད་ཁྲོས་མ་ཡི། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །བདུད་པོ་ཡི་དྭགས་འདུལ་མཛད་ཁྲོས་མ་ཡི། །བསྐང་ངོ་ཁྱེད་ཀྱི༴ བཅོམ་ལྡན་རྡོ་རྗེ་ཕག་མོ་ཡི། །ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོ་རྒྱན་བྷརྱ་པས་མཛད་པའོ།། །།


previousཕག་མོ་ཁྲོས་མའི་བསྐང་བ།next