Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་དགའ་འབུམ་པའི་བུམ་སྒྲུབ་གབ་སྤྲད་ཚུལ།
   
   
   
   
   
   
   
   
   
   
   


 
previousཀུན་དགའ་འབུམ་པའི་བུམ་སྒྲུབ་གབ་སྤྲད་ཚུལ།next

ཀུན་དགའ་འབུམ་པའི་བུམ་སྒྲུབ་གབ་སྤྲད་ཚུལ།

༅། །ཀུན་དགའ་འབུམ་པའི་བུམ་སྒྲུབ་གབ་སྤྲད་ཚུལ་ལོ། །བུམ་བསྐྱེད་ནི། ༀ་སྭ་བྷ་ཝ་སོགས། སྟོང་པ་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམཔ་མཚན་ཉིད་དང་ལྡན་པ་ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། མཆུ་འཕྱངས་བ། ཁ་གཡེལ་བ། ལྷ་ཡི་གོས་ཀྱི་མགུལ་ཆིངས་དང་། དཔག་བསམ་ཤིང་གིས་ཁ་རྒྱན་པ། བཅུད་སྣ་ཚོགས་པས་བཀང་བ་རྣམ་རྒྱལ་བུམ་པའི་ཆུའི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ཉི་མ་དང་རོ་ཡི་སྟེང་དུ་ཨཱཿམཐིང་ནག་ཡོངས་གྱུར་པ་ལས། སོགས་ནས། དུང་ཕྱུར་གྱིས་ཚོགས་ཀྱི་བསྐོར་བ། ལས་བུམ་གྱི་ནང་དུ་པདྨ་ཉི་མ་རོའི་སྟེང་དུ་ཧཱུྃ་ལྗང་སྔོན་སོགས། བཞུགས་པ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་དང་བཅས་པའི་རང་བཞིན་གྱི་གནས་ནས་བླ་མ་ཡི་དམ་མཁའ་ལྷ་ཚོགས་ཡེ་ཤེས་མཁའ་འགྲོ་སྤྱན་དྲངས། ཧཱུྃ་ཧྲཱིཿ ཆོས་དབྱིངས་མི་འགྱུར་སོགས། ཛཿཧཱུྃ་བཾ་ཧོཿ མ་ལུས་སེམས་ཅན་སོགས། པདྨ་ཀ་མ་ལ་ཡེ་སྟྭཾ། གྱི་བར་རོ། །སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དབང་གི་ལྷ་རིགས་སོགས། ཧྲཱིཿཨཿ བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། བཞུགས་གསོལ། ཧཱུྃ་ཧྲཱིུཿ བདེ་ཆེན་ལྷུན་གྱིས་གྲུབ་པའི་སོགས་ནས། ཕྱག་འཚལ་ཡན་ལག་དང་། མཆོད་པ་བྱིན་རླབས་གཞུང་ནས། ༀ་བཛྲ་པུཥྤེ༴ སྨན་རཀ་གཏོར་གསུམ་བརླབ། ཧཱུྃ་ཧྲཱིཿ ཡོན་ཆབ་ཁྲུས་ཆབ་སོགས། སྐུ་ལྔ་ལྷུན་གྲུབ་མ་ལ་ཕྱག་འཚལ་བསྟོད། བར་དང་། བདུད་རྩི་འཁྱིལ་པ་ལ། སྐུ་གསུང་ཐུགས་འཛིན་སོགས། བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། གཟུང་ཐག་འཛིན་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་བཅས་ཏེ་བུམ་ལྷའི་ཐུགས་བརྒྱུད་བསྐུལ་ནས། སྐུ་གསུང་ཐུགས་ལས་བདུད་རྩིའི་རྒྱུན་བྱུང་ནས་བུམ་པ་གང་བར་བསམ་ལ་མཁའ་འགྲོ་སྡེ་ལྔའི་སྔགས་ལ། ཨ་བྷི་ཥིཉྩ་ཧཱུྃ། ལས་བུམ་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བཟླས་མཐར་མཆོད་བསྟོད་བྱ། ལྷ་རྣམས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་གྱུར། དེས་བུམ་བཟླས་ཀྱི་རིམ་པ་ཆད་ལྷག་མེད་པར་གྲུབ་སྙམ། མངྒ་ལཾ།། །།ཤུ.བྷཾ།


previousཀུན་དགའ་འབུམ་པའི་བུམ་སྒྲུབ་གབ་སྤྲད་ཚུལ།next