Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྡིག་པ་མེ་ཡི་མཐའ་གཏད།
   
   


 
previousསྡིག་པ་མེ་ཡི་མཐའ་གཏད།next

སྡིག་པ་མེ་ཡི་མཐའ་གཏད།

༅། །སྡིག་པ་མེ་ཡི་མཐའ་གཏད་བཞུགས་སོ། །ཧཱུྃ། གྲུ་གསུམ་ཕུང་པོ་མེ་རི་དགུ་ཀློང་ནས། །གནོད་བྱེད་འདྲེ་གདོན་འབྱུང་པོའི་གཉན་པོ་ནི། །ཁྲོ་བོའི་སྤྲུལ་པ་མེ་ཡི་སྡིག་པ་ཅན། །མགོ་དགུའི་རྭ་ནི་བཅོ་བརྒྱད་ནམ་མཁའ་གང་། །ཞལ་དགུ་དྲག་པོ་འབྲུག་སྒྲ་ཏི་རི་རི། །ལྗག་དགུ་གློག་ཞག་དམར་པོ་ཁྱུགས་སེ་ཁྱུག །རྭ་དགུའི་རྩ་ལ་རྡོ་རྗེ་ཐོག་མདའ་རྒྱུག །མགོ་ལུས་མེད་པར་གཉེར་མའི་ཚ་ཚ་འཕྲོས། །གཉེར་མའི་ནང་ནས་ཞལ་དང་མཆེ་བས་གང་། །ངར་སྐད་དྲག་པོས་རི་རབ་ཐལ་བར་བསྙིལ། །ལུས་ལ་མེ་ཆེན་འབར་བས་རྒྱ་མཚོ་སྐམ། །འཁྲོས་པའི་སྐན་སྒྲ་ཉི་ཟླ་ཚོགས་པོར་འཕེན། །རྔམ་པའི་སྟོབས་ཀྱི་སྟོང་གསུམ་ཞལ་དུ་གསོལ། །སྤྱན་གྱི་སྡང་མིག་ལྷ་སྲིན་འདར་ཞིང་བསྡངས། །གནོད་བྱེད་གཤེད་མའི་སྡིག་པ་ནག་པོ་ཁྱོད། །འཇིགས་བྱེད་མེ་སྡིག་དམར་པོ་ཞལ་ཕྱེས་ཤིག །གནོད་བྱེད་ནད་གདོན་འདུལ་བའི་དུས་ལ་བབ། །ཕོ་གདོན་འབྱུང་པོ་འདུལ༴ མོ་གདོན་སྲིན་མོ་འདུལ༴ ཀླུ་གདོན་ས་གདོན་འདུལ༴ གཟའ་གདོན་རྒྱུ་སྐར༴ གནོད་བྱེད་བྱད་མ་འདུལ༴ གྲི་བོ་གཤེད་འཁྱམས་འདུལ༴ དམིགས་པས་གཟིར། ངར་མི་བསྲེག །ཧཱུྃ། ཤར་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་ནས། །མེ་དཔུང་མཐིང་ནག་དགུ་ཀློང་དཀྱིལ་འཁོར་ནས། །དྲི་ཟ་ཕོ་མོ་བསྣོལ་བའི་གདན་སྟེང་ནས། །ཇོ་མོ་ལབ་སྒྲོན་སྐུ་མདོག་མཐིང་ནག་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །མཁའ་འགྲོའི་ཆ་ལུགས་མཆེ་བ་གཙིགས། །མེ་ཡི་རལ་པ་ལྷབས་སེ་ལྷབ། །སྤྱན་གསུམ་སྡང་མིག་ཀྱི་ལི་ལི། །ཞལ་ནས་ཕཊ་སྒྲ་ལྷངས་སེ་ལྷང་། །ལྗག་ལ་གློག་དམར་ཁྱུགས་སེ་ཁྱུག །ཞབས་གཉིས་འགྱིང་བག་གར་ཐབས་ཀྱི། །མེ་དཔུང་འབར་བའི་ཀློང་ན་བཞུགས། །སྐུ་ལ་མེ་ཡི་ཚ་ཚ་འཕྲོས། །ཕྱག་གཡས་མེ་དཔུང་འབར་བ་བསྣམས། །གཡོན་པས་མེ་ཡི་ཧབ་ཟོར་བརྣམས། །མེ་ཡི་ཧམ་ཟེར་འོངས་སེ་འོང་། །ནད་གདོན་འབྱུང་པོ་ཐམས་ཅད་བསྲེགས། །མེའི་མཁའ་འགྲོ་འབུམ་གྱིས་བསྐོར། །མེ་དཔུང་འབར་བ་ཅི་ལི་ལི། །མེ་ཡི་ཞགས་པ་ཁྱུགས་སེ་ཁྱུག །མེ་ཡི་ཚ་ཚ་དཔུངས་སེ་དཔུང་། །མེ་ཡི་སེ་བ་ཐ་ར་ར། །མེ་ཡི་ཆར་པ་སི་ལི་ལི། །མེ་ཡི་མཁའ་འགྲོ་ཐིབས་སེ་ཐིབ། །མེ་ཡི་ཐོག་མདའ་ཤ་ར་ར། །མེ་ཡི་འུར་སྒྲ་ཏི་རི་རི། །མེ་ཡི་འཁོར་ལོ་ཅི་ལི་ལི། །བདག་ཅག་རྣལ་འབྱོར་བཅས་ལ། །ལུས་དང་ལུས་གདོན་བཅས་པ་དང་། །བར་ཆད་འདྲེ་གདོན་ཕོ་མོ་རྣམས། །མེ་དཔུང་འབར་བའི་གཞོབ་ཏུ་བསྲེག །རཾ་རཾ་ཕོ་གདོན་འབྱུང་པོ་རཾ། །རཾ་རཾ་མོ་གདོན་སྲིན་མོ་རཾ། །རཾ་རཾ་གདོན་བགེགས་ཐམས་ཅད་རཾ། །རཾ་རཾ་ནད་འདྲེ་དྲི་བོ་རཾ། །རཾ་རཾ་བར་ཆད་རྐྱེན་རྣམས་རཾ། །དམིགས་པ་བསྒྲིམས་ལ་ཕཊ་དགུ་བྱ། ཧཱུྃ། ལྷོ་ཕྱོགས་དུར་ཁྲོད་མེ་རི་དགུ། །མེ་དཔུང་སེར་ནག༴ གཤིན་རྗེ་ཕོ་མོ༴ ཇོ་མོ་ལབ་སྒྲོན་སྐུ་མདོག་སེར་ནག་ལ། །ཞལ་གཅིག༴ འདྲེས་སོ། །ཧཱུྃ། ནུབ་ཕྱོགས་དུར་ཁྲོད་མེ་རི༴ མེ་དཔུང་དམར་ནག༴ ཀླུ་གདོན༴ ཇོ་མོ་ལབ་སྒྲོན་སྐུ་མདོག་དམར་ནག་ལ། །ཞལ་གཅིག༴ ཧཱུྃ། བྱང་ཕྱོགས་དུར་ཁྲོད་མེ་རི༴ མེ་དཔུང་ལྗང་ནག༴ གནོད་སྦྱིན༴ ཇོ་མོ་ལབ་སྒྲོན་སྐུ་མདོག་ལྗང་ནག་ལ། །ཞལ་གཅིག༴ ཧཱུྃ། དབུས་ཕྱོགས༴ མེ་དཔུང་སྨུག་ནག༴ གཟའ་གདོན་ཕོ་མོ༴ ཇོ་མོ་ལབ་སྒྲོན་སྐུ་མདོག་སྨུག་ནག་ལ། །ཞལ་གཅིག༴ ཧཱུྃ། འོག་ཕྱོགས་དུར་ཁྲོད༴ མེ་དཔུང་སྨུག་ནག༴ ས་བདག་ཕོ་མོ༴ ཇོ་མོ་ལབ་སྒྲོན་སྐུ་མདོག་ནག་པོ་ལ༴ ཞལ་གཅིག༴ ཧཱུྃ། མཚམས་བཞི་དུར་ཁྲོད༴ མེ་དཔུང་སྣ་ཚོགས༴ མེ་ལྷའི་ཕོ་མོ་རླུང་ལྷའི་གདན་སྟེང་ནས། །ཇོ་མོ་ལབ་སྒྲོན་སྐུ་མདོག་སྣ་ཚོགས་ལ། །ཞལ་གཅིག༴ ཡུལ་ཉི་ཤུ་རྩ་བཞིའི༴ མེ་རི་དགུ་ཀློང་འབར་བའི་དཀྱིལ་འཁོར་ནས། །བདུད་བཞི་ཕོ་མོ་བསྣོལ་བའི༴ ཡི་དམ་རྒྱལ་བའི་ལྷ་ཚོགས་རྣམས། །ཞལ་གཅིག༴ ཡི་དམ་ལྷ་ཚོགས་འབུམ་གྱིས་བསྐོར། །ཡི་དམ་ལྷ་ཚོགས་ཐིབས་སེ་ཐིབ། །ཧཱུྃ། བྱང་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་ནས། །མེ་དཔུང་རླུང་ནག་དགུ་ཀློང་༴ ནད་གདོན་དགྲ་བགེགས་བསྣོལ་བའི༴ ཆོས་སྐྱོང་མ་མགོན་ལྕམ་དྲལ་རྣམས། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ལྡན། །ཆོས་སྐྱོང་ཕོ་མའི་འཁོར་དང་བཅས། །མེ་ཡི་རལ་པ་ལྷབས་སེ་ལྷབ། །སྤྱན་གསུམ་སྡང་མིག་ཀྱི་ལི་ལི། །ཞལ་ནས་ཕཊ་སྒྲ་ལྷངས་སེ་ལྷང་། །ལྗགས་ལ་གློག་དམར་ཁྱུགས་སེ་ཁྱུག །ཞབས་གཉིས་འགྱིང་བག་གར་ཐབས་ཀྱི། །མེ་དཔུང་འབར་བའི་ནང་ལ་བཞུགས། །སྐུ་ལ༴ ཕྱག༴ གཡོན༴ མེ༴ ནད་གདོན༴ ཆོས་སྐྱོང་ཕོ་རྒྱུད་མོ་བརྒྱུད་རྣམས། །མེ་ཡི༴ མེ་ཡི་ཚ་ཚ་དཔུངས་སེ༴ མེ་ཡི་སེར་བ་ཐ་ར་ར། །མེ་ཡི་ཆར་པ་སི་ལི་ལི། །མེ་ཡི་མཁའ་འགྲོ་ཐིབས་སེ་ཐིབ། །མེ་ཡི་ཐོག་མདའ་ཤ་ར་ར། །མེ་ཡི་འུར་སྒྲ་ཏི་རི་རི། །མེ་ཡི་འཁོར་ལོ་ཅི་ལི་ལི། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀུན། །ལུས་དང་ལུས་གདོན་བཅས་པ་དང་། །བར་ཆད་འདྲེ་གདོན་ཕོ་མོ་རྣམས། །མེ་དཔུང་འབར་བའི༴ རཾ་རཾ་ཕོ་གདོན༴ རཾ་རཾ་མོ་གདོན༴ རཾ་རཾ་ནད་འདྲེ་གདོན་བགེགས་རཾ། མེ་ཐབས་དགུ་བསྐོར་བྱའོ། །དམིགས་པས་གཟིར། ཕྲིན་ལས་ནད་གདོན་ཚར་གཅོད་དོ། །ཨཐྎ། ཞུགས་མའི་ཞགས་པས་ཐུན་བརྡེག་ན། །སྦང་མ་རྐམ་པོ་བརྔོས་སེ་བཏགས། །དེ་ལ་མར་ནག་ཁུ་བས་སྦགས། །དེ་ཉིད་ཞུགས་མེར་བརྒྱབ་པའི་དུས། །ཕྱར་བ་ཙམ་གྱིས་མེ་ཆད་ངེས། །ཡང་ན་ལྕི་བ་སེར་ཀ་མའི། །ཕྱེ་མ་བྱས་ཀྱང་རུང་ཙམ་ཡིན། །མཁར་གོང་ཕྱེ་ཞིབ་དང་བསྲེས་ན། །མེ་ལྕེ་རྒྱང་རིང་ཆད་པ་ཡིན། །ཡང་ན་ར་ཚིལ་ཞུན་ཕྱེ་སྦྱར། །ཚ་ཚ་འཕྲོ་ཞིང་མཐོང་ཡུལ་འགེང་། །ཡང་ན་མར་ནག་བཙན་དུག་ཕྱེ། །ཆང་ལ་བུལ་ཏོག་བཏབ་པ་བྱུག །སླ་ངར་བསྐོར་བ་བསྐམ་པའི་ཕྱེས། །སྒྲ་བཅས་མེས་ཁྱིམ་གང་བར་མཆེད། །དེ་ཡི་སྔོན་དུ་བྱང་བུལ་ཆུས། །ཁྱིམ་ཀུན་བྱུག་པས་མི་ཚིག་གོ། །འདྲེ་གདོན་བྲབ་སོགས་དྲག་ལས་ཀྱི། །མེ་ཧོམ་སྦར་ལ་ཉེར་མཁོ་འདི། །ས་མནྟ་ཡི་སུག་བྲིས་སྤེལ། །ཁྲོས་ནག་གཞུང་ལས་གུད་ཕྱུང་དགེ།། །།


previousསྡིག་པ་མེ་ཡི་མཐའ་གཏད།next