Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་ཕྲེང་བ།
   
   
   
   


 
previousཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་ཕྲེང་བ། next

ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་ཕྲེང་བ།

ཤཱ ནྟ རྨ དྷྱཱཾ སཱ དྷོ བ ཡ ར ཏྣ མཱ ལ བི ཧ ར ཏི སྨ། །
ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་ཕྲེང་བ་བཞུགས་སོ། །
དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞི་བའི་དཀྱིལ་འཁོར་བསྒྲུབ་ལུགས་ལ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་ལྔ་བསྐྱེད་པ་འདི་སྐད་དོ། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། ། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །བསྒྲུབ་པའི་གཙོར་ནི་ཏིང་འཛིན་པས། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །མུན་ལས་སྣང་བྱུང་ཇི་བཞིན་དུ། །འགྱུར་བ་གསེར་འགྱུར་སྨན་གྱི་ཚུལ། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ཡིན། །དེ་ལྟར་ཏིང་འཛིན་རིམ་བཞིན་བསྒོམ། །དངོས་རྣམས་ཉིད་ན་དངོས་མེད་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་པོ་དངོས་མེད་པའོ། །དེ་བཞིན་ཉིད་ལས་སྤྲོས་མེད་དེ། །རང་བཞིན་ཀུན་ཏུ་སྣང་བའི་དབྱིངས། །སེམས་ཅན་རྣམས་ལ་སྙིང་རྩེའི་ཕྱིར། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །དངོས་པོ་མེད་ལ་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཡི་གེའི་མཆོག་ནི་བསྒོམ་པར་བྱའོ། །ཨ་རབ་ཏུ་བརྟན་འགྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་འཕྲོས། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བྱང་ཆུབ་སེམས་སུ་བྱིན་བརླབས་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །ཨ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙཱ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཝ་ཡ་ར་ལ། ཥ་ཤ་ས་ཧ་ཀྵཿ ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨ། དེ་ལས་མིང་ཚོར་གསལ་བར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ཏེ། །འདི་ནི་རྡོ་རྗེའི་དངོས་གྲུབ་ཀྱི། །བསྟན་འབྱུང་ཡེ་ཤེས་རྒྱུད་ཡིན་ནོ། །དེ་ལས་རྒྱལ་བའི་བཞུགས་གནས་རྟེན། །དབང་ཆེན་དཀྱིལ་འཁོར་རིམ་བཞིན་བསྒོམ། །ཨེ་ཡཾ་བཾ་སུཾ་ལཾ་བྷྲཱུྃ་བྷྲཱུྃ་བི་ཤྭ་བི་ཤུདྷེ། བཛྲ་ཛྙཱ་ན་ཙཀྲ་སུརྻ་ཙནྜ་རཏྣ་པདྨ་མཎྜ་ལ་བྷྲཱུྃ། ཡེ་ཤེས་ཕྱོགས་བཞི་དབུས་བརྟེན་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། །ལྷག་པའི་ཡེ་ཤེས་གློ་འབུར་ཅན། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་དང་། །ཀུན་ཏུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། །དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལས། །ཉི་ཟླ་པདྨ་རིན་པོ་ཆེའི་གདན་ལ། མ་སུརྻ་མཎྜ་ལ་ཧཱུྃ། ཨ་ཙནྜ་མཎྜ་ལ་ཧཱུྃ། པཾ་པདྨ་མཎྜལ་ཧཱུྃ། ཋ་ཐ། ཊ་ཏ། ཌ་ད། ཌྷ་དྷ། ཎ་ན། ཀ་ཙ། ག་ཛ། གྷ་ཛྷ། ཁ་ཚ། ས་ཡ། ཕ་ཝ། བ་ར། བྷ་ལ། ང་ཤ། ཉ་ཥ། མ་ས། ཨོ་ཨ། ཀྵ་ཨ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པའི་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུ། །མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །བཛྲ་ཙཀྲ་རཏྣ་པདྨ་ཁངྒ་གཎྜེ། བྱས་པས། ཕྱག་མཚན་བཞི་བཅུ་རྩ་གཉིས་གྱུར། །དེ་ལས་སྤྲོ་དང་བསྡུ་བ་ཡིས། །སོ་སོའི་ཕྱག་མཚན་འབར་བར་གྱུར། །དེ་ལས་ཕྱོགས་བཅུར་རབ་སྤྲོས་ཏེ། །རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུར། །དེ་ལས་སླར་ནི་བསྡུས་པ་ལས། ཧཱུྃ་བཛྲ་དྷྲྀཀ་མཱུཾ་དཱ་དུ་ཤྭ་རི། ༀ་ཛི་ན་ཛཱིཀ །ལཾ་དྭེ་ཥ་ར་ཏི། སྭཱ་རཏྣ་དྷྲིཀ །མཱཾ་མོ་ཧཱ་ར་ཏི། ཨཱཾ་ཨ་རོ་ལྀཀ །པྱཾ་རཱ་ག་ར་ཏི། ཧཱ་པྲ་ཛྙཱ་དྷྲཱྀཀ །ཏྃ་བཛྲ་ར་ཏི། ཀྵི་ཧི་ར་ཙ་ཡ། ཧཱུྃ་ལ་སྱེ་ས་མ་ཡ་སྟྭཾ། ཏྲཱཾ་ཨ་གརྦྷ་ཡ། ཏྲཾ་མ་ལྱེ་ས་མ་ཡ་སྟྭཾ། ཧྲཱིཿཧ་ཧཱུྃ་པདྨ་བ་ད་མ། ཧྲཱིཿགིརྟི་རཱ་ག་ཧོ་ཧཾ། ཛིཾ་ཀུ་རུ་པ་ཎ་ཧྲཱིཿ ཨ་ནིརྟི་ར་ག་ཡ་མིཾ། མེ་ད་ར་ནི་སྭཱ་ཧཱ། ཛཿདྷུ་བེ་ཕྲ་བེ་ཤེ། ཐི་ལྷིང་ནི་ས་རཾ་པཱ་ཡ་སྭཱ་ཧཱ། ཧཱུྃ་པུཥྤེ་ཨཱ་བེ་ཤ། ཧཱུྃ་སྭ་རཱ་ཙ་ཡ་སྭཱ་ཧཱ། བཾ་དཱི་པཾ་སུ་ཀེ་ནི། མུཾ་ཤྲཱི་ཨ་རཾ་ག་ཡ་སྭཱ་ཧཱ། ཧོ་གནྡེ་ཙིཏྟ་ཧོ། ཧཱུྃ་ཡ་མཱནྟ་ཀྲྀ་ཏ་ཕཊ། ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་བིགྷྣཱནྟ་ཀྲྀ་ཏ་ཕཊ། ༀ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་པདྨནྟ་ཀྲྀ་ཏཱ་ཕཊ། ༀ་པདྨ་དྷ་ར་མ་ཀྲོ་ཏཱི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་པྲ་ཛྙཱ་ན་ཏ་ཀྲྀ་ཏ་ཕཊ། ༀ་ཀརྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རཱི་ཛྭ་ལ་ནི་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཧཱུྃ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ་ཨ། ༀ་མུ་ནེ་ཀྲིཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུྃ་ཏྲཱུཾ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་མུ་ནེ་བྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ནེ་ཡེ་སྭཱ་ཧཱ། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། །གཡས་ན་མཐོང་ཐོས་སྣོམ་པ་དང་། །མྱོང་དང་བཙུན་མོའི་ཚོགས་སུ་བཅད། །གྲུ་ཆད་ལ་ནི་མཐོང་བྱེད་དང་། །ཐོས་བྱེད་མྱོང་བྱེད་སྣོམ་བྱེད་རྣམས། །བཙུན་མོའི་ཚོགས་དང་ལྡན་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང་། །མདུན་དང་རྒྱབ་ཏུ་བྱེད་པ་དང་། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ཨུཏྤལ་ཀླུ་ཤིང་ལ་སོགས་མཚན། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང་། །པི་ཝཾ་གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་དང་སྤོས་མཆོག་མ། །མར་མེ་བྱུགས་པ་ལ་སོགས་མཚན། །ལས་ལ་འཁྲིལ་ཞིང་ཆོས་ལ་བསྙེན། །དབུ་རྣམས་འབྱོན་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །སྒོ་བཞི་ཁྲོ་བའི་ཕྱག་རྒྱ་ནི། །ཎི་མགོ་གདེངས་པ་རྡོ་རྗེ་གནོན། །ཐོད་སྦྲུལ་ཆེན་པོས་གནོན་པ་དང་། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོ། །སྒོ་བཞིར་གནས་པ་དེ་དག་ཀྱང་། །འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །གསེག་པར་དང་ནི་པི་ཝཾ་དང་། །གོ་ཆ་པོ་ཏི་རིན་ཆེན་སྒྲོམ། །མེ་དང་ཆུར་ནི་རབ་ཏུ་བསྟན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་གྱུར་མཉམ་རྫོགས་པདྨོའི་སྐྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་པ་ཉིད། །ཡང་ན་རྗེ་རྗེ་ཐལ་མོ་ཉིད། །མཐིང་ཀ་དཀར་པོ་སེར་ལེ་བརྒན། །ལྗང་གུ་ལ་སོགས་སྣ་ཚོགས་པའི། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུག་སྡུག་གཟི་བྱིན་འཕྲོ། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྲིག་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་དང་། །དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ། །ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཨདྨ་ཀོ ྅་ཧཾ། ༀ་མ་ཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཱཾ། ༀ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་པྲ་ཏྱ་བྷྱེ་ཤ་ཎ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་མ་ཧཱ་ཀྲྀ་ཏྱ་ཨ་ནུ་ཥྛ་ན་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཝཀྐ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཱཔུ་ཙ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ། སངས་རྒྱས་ལྔ་ཡི་ཅོད་པཎ་ཅན། །དབུ་རྒྱན་རིན་ཆེན་ཕྲེང་བ་དང་། །དཔུང་རྒྱན་སོ་མོ་དོ་ལ་སོགས། །མཛེས་པའི་རྒྱན་རྣམས་སྣ་ཚོགས་ཀྱིས། །དབང་མཆོག་ཏུ་ནི་དབང་བསྐུར་རོ། །སྙན་གསན་དབབ་སྟེ། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུ། །ནམ་མཁའ་བཞིན་ལ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་བདེ་བར་གཤེགས་མཛད་གཤེགས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔའ་ཁྱོད་བདག །ༀ་བཛྲ་ས་མ་ཡ་ཧཱུྃ་ཛཿ སྤྱན་དྲངས་ཏེ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་དེ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། །ༀ་ཨེ་ཧྱ་ཧི་བྷ་ག་ཝན། མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོ། ས་མ་ཡ་སྟྭཾཿ ཛཿཧཱུྃ་བཾ་ཧོཿ ༀ་བཛྲ་ཨཾ་ཀུ་ཤ་ཛ། ༀ་བཛྲ་པཱ་ཤ་ཧཱུྃ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གཎྜེ་ཧོཿ བརྟན་པར་བཞུགས་སུ་གསོལ་བ་ནི། རིན་ཆེན་སེང་གེའི་ཁྲི་ལ་ཡང་དག་ངེས་བཞུགས་ཤིང་། རང་གི་ལྷ་མོ་དག་དང་སྲས་དང་གཡོག་འཁོར་བཅས། ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། འཇིག་རྟེན་ལྷ་དང་བཅས་པ་རྣམས་ལ་སྨན་སླད་བཞུགས་སུ་གསོལ། ཀཱ་ཡ་ཝ་ཀ་ཙིཏྟ་ཏིཥྛ་བཛྲ། ཕྱག་འཚལ་བ་ནི། ཧཱུྃ་མ་སྐྱེས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེ་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །མཛེས་པའི་སྐུ་མཆོག་སེམས་ཅན་སྒྲོལ་ལ་མཁན། །ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །ཤེས་རབ་ཐབས་ཀྱིས་གཙོ་ལ་མཉེས་མཛད་མ། །རིགས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་ཡེ་ཤེས་སྤྲུལ་པ་ཡིས། །རྣལ་འབྱོར་དག་པས་བསྒྲུབས་པའི་ས་བརྙེས་ཤིང་། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པ། །སེམས་དཔའ་སེམས་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པའི། །རྟོག་པར་བྱ་བའི་ཡུལ་ནི་ཆོས་བཟང་མོ། །དེ་ཉིད་དོན་རིག་བྱེད་པ་རྡོ་རྗེ་ཡིས། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །རྫོགས་པ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། །རྟོག་པས་རྒྱུད་དྲུག་སོ་སོར་འཁོར་བ་ལས། །ཐབས་མཁས་ཐུགས་རྗེ་ཅིར་འདུལ་དེར་སྟོན་པའི། །ཐུབ་པ་ཆེན་པོ་དྲུག་ལ་ཕྱག་འཚལ་ལོ། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱིས། །ཉོན་མོངས་ལོག་པར་ལྟ་བའི་བགེགས་རྣམས་འཇོམས། །གཤིན་རྗེ་གཤེད་པོ་ལ་སོགས་ཁྲོ་རྒྱལ་བཞི། །སྒོ་བ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ ཕྲ་ཏཱི་ཙྪ་ཧོཿ དེ་ནས་དམ་བཅའ་སྟེ། བདེ་བར་གཤེགས་པ་ཁྱེད་རྣམས་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་སེམས་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོར་བྱིན་བརླབས་མཛོད། །དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་མཛད། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས་བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་གྱུར་ཅིག །སྒྱུ་འཕྲུལ་དྲྭ་བ་མངོན་རྫོགས་པའི། །དབང་པོའི་ཡུལ་དུ་གང་བསྒྱུར་བ། །ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །མཉམ་པའི་ངང་ཉིད་རྟོག་གསལ་ནས། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །ཐབས་དང་ཤེས་རབ་ཐམས་ཅད་ཀུན། །གསལ་ཞིང་འོད་ཟེར་འཕྲོ་བསྒོམས་ནས། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །འདི་ནི་སྤྱི་རྒྱ་ཆེན་པོ་སྟེ། །བླ་མེད་ཆེན་པོ་འདི་སྐད་གསུངས། །གསང་བ་དེ་ནི་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདབ་དཀའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ། །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ། །ལྔ་གཉིས་ཟུང་དུ་སྤྲོས་པ་ལས། །སྦྱར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ༀ་དང་མུྃ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ཏེ་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུྃ་སྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུྃ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་ལ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ༀ་སྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྱུང་བཞི་སྦས་ནས་ཐུགས་ཀར་བཀན། །ལཱྃ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་ལ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སྭཱ་སྒྲེང་རྩེ་མོར་རིན་ཆེན་འབའ། །ཟླ་བརྟུལ་འབྲས་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཱུྃ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་ལ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཨཾ་སྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །པྱཱྃ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་ལ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱ་སྒྲེང་རྩེ་མོར་རལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང་། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟེན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏྲཱྃ་སྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་ལ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །ཕྱག་རྒྱ་མཆོད་པ་ཐམས་ཅད་ཀུན། །དགྱེས་པ་ཆེན་པོ་བསྐྱོད་པའི་ཕྱིར། །ཕྱག་རྒྱ་མཆོད་པ་དམ་པ་ཡིན། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཀྱིས། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏངྑཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཡང་དག་དོན་དུ་དག་མོད་ཀྱང་། །འགྲོ་བ་ཡོངས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་གཉིས་བསིལ་ནས་ཀྱང་། །རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །ༀ་ཨ་ཧ་ར་ཨ་ཧ་ར་སརྦ་བྱི་རྱ་ད་ར་པཱུ་ཛི་ཏེ། ན་མཿས་མནྟ། བུདྡྷ་ནན། ས་མ་ཡེ་སྭ་ཧཱ། ༀ་པ་ན་པེེཾ། པེ་ནུ་སུ་རུ་ཏོ། ཏི་པུ་པཱ་ར་མུ། ཨཱཿསརྦ་ཏ་ཐཱ་ག་སིདྡྷི་ཧོ། ས་མ་ཡོ་ཏ་མུ། སརྦ་མ་ཧཱ་སུ་ཁ་སིདྡྷི་ཧོ། ༀ་ཤྲཱི་བཛྲ་རཱ་ག་པུཥྤེ་བུ། ༀ་ཤྲི་བཛྲ་ར་ག་དྷུ་པེ་དྷུ། ༀ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ༀ་ཤྲཱི་བཛྲ་རཱ་ག་གྷེནྡྷ་གྷན། ༀ་ཨཱཿཧཱུྃ། རབ་ཏུ་དགའ་བའི་བདག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛོད། །ༀ་ཨཿཧཱུྃ། རབ་ཏུ་དགའ་བའི་འགྲེའོ། །དེ་བཞིན་གཤེགས་པའི་དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །ༀ་ཨཱཿཧཱུྃ། རབ་ཏུ་དེ་བཞིན་གཤེགས་པའི་མཆོད་པ་ཆེན་པོ་ཐམས་ཅད་དག །ༀ་ཨཱཿཧཱུྃ། མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛད་དུ་གསོལ། སྨན་མཆོད་བྱ་སྟེ། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་མཆོག །ཐམས་ཅད་བདུད་རྩི་རྣལ་འབྱོར་ཆེ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་ལས་ཀྱི་མཆོག །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །ག་པུར་ཤེལ་གྱི་སྤོས་པོར་དྲི། །རིན་ཆེན་མེ་ལྟར་འབར་བའི་ཚོགས། །མ་ལུས་འདུས་པའི་ཐིག་ལེ་ཆེ། །གཅིག་ཏུ་དཔའ་བོའི་རོ་རྣམས་དང་། །གཉིས་སུ་མེད་པར་མཉམ་སྦྱར་ནས། །བདུད་རྩི་དམ་པའི་རིན་ཆེན་བཅུད། །བདེ་གཤེགས་རྣམས་ཀྱི་ཐུགས་དམ་ཉིད། །རྒྱལ་བ་རྒྱལ་མཚོའི་དངོས་གྲུབ་མཆོག །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར། །བདག་ཅག་དད་པ་འབུལ་ལགས་ཀྱིས། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །བཞེས་ནས་རབ་ཏུ་དགྱེས་མཛོད་ལ། །བླ་མེད་དངོས་གྲུབ་བདག་ལ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མི་བསྐྱོད་རྣམ་སྣང་རིན་ཆེན་མཐའ་ཡས་གྲུབ། ། དུས་གསུམ་བདེ་གཤེགས་རྒྱལ་མཆོག་ཡབ་རྣམས་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ༴ འགྲེའོ། །བཟང་མོ་སྤྱན་དང་མཱ་མ་གོས་དཀར་སྒྲོལ། །དུས་གསུམ་བདེ་གཤེགས་རྒྱལ་མཆོག་ཡུམ་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ་པཉྩ། འགྲོ་བའི་དཔལ་དུ་གྱུར་པའི་བྱང་ཆུབ་སེམས། །ས་སྙིང་ལ་སོགས་སེམས་དཔའ་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ སྒེག་མོ་ཕྲེང་དང་དབྱངས་དང་གར་ལ་སོགས། །མཛེས་པའི་སྐུ་མཆོག་ལྷ་མོ་བརྒྱད་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ གཤིན་རྗེ་སྟོབས་ཆེན་རྟ་མགྲིན་བདུད་རྩི་འཁྱིལ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞི་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ། །ཡེ་ཤེས་གཞལ་ཡས་སྒོ་མ་བཞི་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ དུས་གསུམ་རྒྱལ་བའི་རང་བཞིན་མཁྱེན་པའི་དཔལ། །བྱ་བ་བྱེད་དང་གཉིས་མེད་ཆོས་སྐུ་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ འགྲོ་བའི་དོན་ཕྱིར་སྤྲུལ་པའི་སྐུར་སྟོན་པའི། །འཇིག་རྟེན་འདུལ་བའི་ཐུབ་པ་དྲུག་རྣམས་ལ། །རྣམ་དག༴ ཐུགས་རྗེ༴ མ་ཧཱ༴ སློབ་དཔོན་དང་མཆེད་དང་དུས་གསུམ་ཕ་མ་ལ་དབུལ་ལོ། །ཧཱུྃ་ལྕེ་ཡི་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་ཅན་གྱི་ཧཱུྃ་བསྒོམས་པས། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ན་བྱང་ཆུབ་མཆོག་ཐོབ་འགྱུར། །ཀཱ་ཡ་སིདྡྷི་ༀ། ཝཱ་ཀ་སིདྷི་ཨཱ། ཙིཏྟ་སིདྷི་ཧཱུྃ། དེ་ནས་གཏོར་མ་དབུལ་བ་ནི། ༀ་ཨཱཿཧཱུྃ། སུ་ར་ཏོ། ས་པོ་ཀ་མ་ལ། མ་ལེ་བཛྲ། ཨ་མྲྀ་ཏ། ཧ་ར་ན་པྲ་ཏི་ཛ། བ་ག་ཝཱན། ཛཿཧཱུྃ་བཾ་ཧོཿ ཨ་ལ་ལ་ཧོ། ༀ་པ་ན་པེེཾ་བརྗོད། གསང་མནན་དབུལ་བ་ནི། ༀ་ཨཱཿཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པར་བཞེས་སུ་གསོལ། །མི་སྐྱེ་ཡེ་ཤེས་བདེ་བ་ཡི། །མཆོག་དང་ལྡན་པའི་རོ་ལ་སྣོམ་དུ་གསོལ། །ཨ་ལ་ལ་ཧོ། སེམས་དཔའ་བདེ་མཆོག་དེ་ཉིད་འགོག་པ་རྣམས་ལས་སློང་བའི་ཕྱིར། །ཆགས་པ་མེད་པའི་བདེ་མཆོག་ཀུན་ཏུ་མྱོང་མཛད་བཞེས་ཤིང་སྣོམ་དུ་གསོལ། །མཆོག་ཏུ་རོལ་བའི་བདེ་ལ་རོལ་ཅིང་དམ་ཅན་འཇིག་རྟེན་སྒྲགས། །བྱང་ཆུབ་སྐྱེ་གནས་བདེ་མཆོག་དབྱིངས་ལས་མི་མཉམ་དགའ་བའི་གར་མཛོད་ཅིག །ཧོ་སྔོན་གྱི་ཞེན་པའི་མཐའ་དང་ཉོན་མོངས་བློ་བསྐམས་གཟིར་བ་ཡི། །རྨོངས་བྱེད་བདེ་མཆོག་རྒྱན་དང་ལྡན་པས་ཐབས་ཀྱིས་བསྐུལ་ཏེ་གོ་བར་མཛོད། །འགྲོ་ཀུན་མཚུངས་པར་སྤྱོད་པའི་བྱང་ཆུབ་སྒོ་མོར་ལམ་སྟོན་ཅིག །བདེ་མཆོག་བདུད་རྩི་ཁྱད་པར་མེད་པ་འདུས་པའི་ཚོགས་ལ་བཀའ་སྩོལ་ཅིག །ཨ་ལ་ལ་ཧོ། ལྷག་པའི་ཏིང་ངེ་འཛིན་གྱི་མཆོད་པ་ནི། ༀ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེའི་ཡི་གཞི། །མཛེས་པར་བྲེས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོ་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་ཚོགས་རྣམས་ཀྱིས། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱན་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །ཨ་ལ་ལ་སྟེ་མཆོད་པར་འབུལ། །དེ་ནས་སྒྲོལ་བའི་མཆོད་པ་ནི། །ༀ་རི་རབ་ཆེན་པོའི་གླིང་བཞི་ལ། །གནས་པའི་སེམས་ཅན་མ་ལུས་ཀུན། །ཡེ་ཤེས་མེ་ཆེན་བསྒོམས་བྱས་ཏེ། །ཐམས་ཅད་མ་ལུས་བསྲེག་པར་བྱ། །སྲིད་གསུམ་སྲེག་པའི་མེ་ཡིན་ཏེ། །ཡིད་ཀྱིས་ཡེ་ཤེས་མེ་འབར་རམ། །ཐོག་མར་བདག་ཉིད་རྟོགས་བསྒོམ་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །སྦྱོར་བའི་མཆོད་པ་ནི། ཐབས་དང་ཤེས་རབ་གཉིས་མེད་པར། །པདྨོ་ལ་ནི་རྡོ་རྗེ་གཞུག །འཁྲིལ་བའི་མཆོད་བརྟེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ཨ་ནུ་རཱ་ག་ཡ་མེ། ཨ་ནུ་རཱ་ག་ཡ་སྟཾ། ཨ་ནུ་རཱ་ག་ཡ་ཧཾ། ཛཿཧཱུྃ་བྃ་ཧོ། བྷོ་དྷི་ཙིཏྟ་སྤར་ཎ་ཕཊ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཙ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། འདོད་ཡོན་ལྔ་ཡི་མཆོད་པ་ནི། །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་ཐིམ། །ཆོས་ཉིད་ལ་ནི་ཆོས་ཉིད་རོལ། །ཨ་ལ་ལ་ཧོ། དེ་ནས་གླུ་ཡེ་ཤེས་ཀྱི་མཆོད་པ་ནི། ༀ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་རྫོགས་ཧོ། །ༀ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། །ༀ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་ཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང་། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ། །ༀ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས། །མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེ་ཧོ། །ༀ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པའི་རྡུལ་ཕྲན་གྲངས་མེད་ཀྱི། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོ། །ༀ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ། །དེ་ནས་རོལ་མོ་ཡེ་ཤེས་ཀྱི་མཆོད་པ་ནི། དབང་པོའི་སྤྱོད་ཡུལ་རང་བཞིན་དངོས་པོ་མེད། །རྣམ་དག་བདུད་རྩི་རང་བཞིན་སྡུག་བསྔལ་སེལ། །དམ་རྫས་དག་པ་ལྔ་དང་ཞལ་ཟས་ལྔ། །སྐུ་ལྔ་ཆོས་ལྔ་དབྱེར་མེད་རང་བཞིན་མཉམ། །དེ་ཕྱིར་དག་པས་དག་པ་ཉིད་མཆོད་ཅིང་། །ཆོས་ཉིད་ལ་ནི་ཆོས་ཉིད་ཐིམ་པར་དབུལ། །དྲི་མེད་རྣམ་དག་ནམ་མཁའི་རང་བཞིན་ལས། །ལོག་རྟོག་མཚན་མ་མང་པོའི་སྤྲིན་སྤུངས་ཏེ། །ཡེ་ཤེས་ཉི་ཟེར་འོད་ཀྱིས་རབ་བརྒྱན་ཏེ། །དག་པའི་དོན་ཕྱིར་རྟོགས་ནས་མཆོད་པར་གྱིས། །མཉམ་ཉིད་བླང་དོར་མེད་པར་སྙོམས་པར་འཇུག་པ་དང་། །བདེ་མཆོག་ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱན། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལ་ཅི་བདེར་བཞེས་སུ་གསོལ། །ཧོ་སྤྲོས་པ་མེད་པའི་དབྱིངས་ལས་རང་བཞིན་གྱི་དཀྱིལ་འཁོར་རྣམ་པར་དག་པ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བྱེ་བྲག་དང་ལྡན་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རིགས་མཆོག་ཡུམ་གྱི་གཟུངས་མ་དང་བཅས་པ་སེམས་པའི་ཚོགས་སེམས་མའི་འཁོར། ཡེ་ཤེས་ཆེན་པོའི་དབང་ཕྱུག །ཐབས་མཁས་པའི་བདག་ཉིད། སྒྲོལ་བའི་ཁྲོ་བོ་རང་བཞིན་གྱི་རྣལ་འབྱོར། ངོ་བོ་ཉིད་ཀྱི་སྐུ། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། སོ་སོའི་བཞུགས་གནས་དང་གཞལ་ཡས་ཁང་ཁྱད་པར་ཅན་ནས་སྐུ་བསྐྱོད་དེ། མཆོད་པའི་གནས་དམ་པ་འདིར་གཤེགས་ཤིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཧོཿགཞན་ཡང་རྣལ་འབྱོར་གྱི་མཆོད་ཡོན་དམ་པ་སྐུ་གསུང་ཐུགས་རྡོ་རྗེ་ལས་བྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། ཡོན་ཏན་དཔག་བསམ་གྱི་ལྗོན་ཤིང་། འདོད་པའི་ཡོན་ཏན་ལྔའི་ལྷ་མོར་གྱུར། བྱིན་གྱིས་བརླབས་ཏེ་ཕུལ་བས་ཡེ་ཤེས་རྒྱ་མཚོ་དུས་གསུམ་དུ་བཞུགས་པ་རྣམས་ཀྱི་སྤྱན་ལམ་དུ་མངོན་སུམ་དུ་དབབ་པར་གྱུར་ཅིག །དེ་ལྟར་མངོན་སུམ་དུ་བབས་པས་རིག་པ་མཆོག་གི་ཐུགས་རྗེས་བཞེས་ཏེ། བདེ་བ་མཆོག་གི་དགྱེས་པ་ལ་ལོངས་སྤྱོད་དུ་གསོལ་ལོ། །མཐོལ་བཤགས་བཟོད་པར་གསོལ་བ་ནི། བདག་གིས་དང་པོ་གསང་བ་རྡོ་རྗེ་ཐེག་པའི་སྒོར་ཁས་འཆེས་ཏེ། དམ་ཚིག་གཉན་པོ་མངོན་པར་ནོས་པ་ལས། རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་འགལ་འཁྲུལ་དུ་གྱུར་པ། ལྷ་ཉེ་བར་མ་བསྒོམས་པ་དང་། སྙིང་པོ་ཡང་དག་པར་མ་བགྲངས་པ་དང་། སྦྱོར་བ་མང་པོའི་བར་བསྐུམས་པ། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། མཆོད་པ་ལོ་ཟླ་ལས་འདའ་པ། །དམ་རྫས་དང་ལེན་རྔོ་མ་ཐོག་པ། བསྙེན་པ་ཡུན་ཐུང་བ། ཛཔ྄་དང་བཟླས་བརྗོད་གྲངས་ཉུང་བ། ཏིང་ངེ་འཛིན་ཐང་ལྷོད་དུ་གྱུར་པ། ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་གྱུར་པ། མདོ་དེ་བཞིན་གཤེགས་པའི་མཛད་སྤྱོད་ཀློང་དུ་མ་གྱུར་ཅིང་། སེམས་ཅན་གྱི་རང་བཞིན་དུ་གྱུར་པས་སྔ་སླད་དུ་དམ་ཚིག་ཆག་ཉམས་སུ་གྱུར་པ་ཐམས་ཅད་ནི་ཤིན་ཏུ་གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ཤིང་མཆིས་ན། ཐུགས་རྗེ་ཆེན་པོས་བཟོད་པ་དང་དུ་བཞེས་ཏེ་ཚངས་པ་ཡིད་བཞིན་དུ་ཐོབ་པར་སྩལ་དུ་གསོལ། དངོས་གྲུབ་ཏུ་རོལ་བ་ནི། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ་མི་བརྗེད་པའི་གཟུངས་མངོན་པར་ཤེས་པ་དྲུག་རྒྱུན་གྱི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། མདོ་དཔལ་ཆེན་པོ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་ལྷ་མན་ཆད་ནས། རྒྱུ་དང་སྐལ་བ་གང་ལགས་པ། །དུས་ཕྱི་མར་བསྡད་མི་འཚལ་བར། །དུས་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཕྲིན་ལས་གསོལ་བའི་མདོ་ནི། བདག་ལ་སྡང་བར་བྱེད་པའི་དགྲ། །གནོད་པར་བྱེད་པའི་བགེགས། གདུག་པའི་དཔལ་དུ་གྱུར་པ། ནད་བཞི་བརྒྱ་རྩ་བཞི། གདོན་སྟོང་ཕྲག་བརྒྱད་ཅུ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་མི་ཤེས་པ་དེ་དག་ཐམས་ཅད་ཕྱིར་བཟློག་ཅིང་ཞི་བ་ཆེན་པོ་མཛད་དུ་གསོལ། འདོད་དོན་དུ་གསོལ་བ་ནི། བདག་ཅག་དམ་ཚིག་གི་འདི་ལ་མངོན་དུ་ཞུགས་པ་རྣམས། བཅད་གཏུབས་ལུས་ལ་འབྱུང་བར་འགྱུར་ཞིང་གྲིབ་མས་ཕོག་པའི་སྡུག་བསྔལ་ཤིན་ཏུ་མི་ཟད་པ། སྐུའི་ཕྱོགས་ཙམ་མཐོང་བས་མདོ་ལས་འཚོ་བ་དང་། གཟིམ་མདངས་ལུས་ལ་འཇུག་པ་ཉི་མ་འོད་ཟེར་སྟོང་ཕྲག་གིས། འོད་ཀྱིས་འཇིག་རྟེན་ཁམས་འདིར་རྟག་ཏུ་འཆར་བ་དང་། ལུས་ངག་སེམས་ནི་རྡོ་རྗེའི་ཚེ་འདིར་རབ་སྣང་ཞིང་། རེ་སྨོན་ཐམས་ཅད་དུས་འདིར་ཐོབ་པར་མཛད་དུ་གསོལ་ལོ། །ཡང་དག་དོན་གྱི་སྙིང་པོ་ནི། དེ་ནས་ཛབ྄་བྱ་སྟེ། ཇི་སྙེད་བརྗོད་པའི་ཁ་བརྒྱུད་ཀྱང་། །གང་ནས་བཙལ་ཀྱང་མི་རྙེད་དེ། །རང་རིག་སྒྲིབ་མེད་དག་པ་ཡིན། །དེ་ལ་རྟག་ཏུ་གོམས་པ་ནི། །བསྙེན་པའི་དམ་པ་མཆོག་ཡིན་ནོ། །སེམས་ཉིད་ཐེག་པར་རབ་ངེས་ན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲྭ་བའི་དཀྱིལ་འཁོར་མངོན་རྫོགས་པ། །ད་ལྟ་ཉིད་དུ་མངོན་གྱུར་ཅིག །ཧཱུྃ་བཛྲ་དྷྲི་ཀ །མཱུཾ་དཱ་ཏྭི་ཤྭ་རི་སྟཾ། ཡང་ན་བྷོ་དྷི་ཙིཏྟ་བཟླས། ཡེ་ནས་མཉམ་ཉིད་ཆོས་སྐུར་དག་པ་ལ། །མ་རིག་དབང་གིས་སྒྲོས་དང་སྐུར་བཏབ་སྟེ། །བདེ་དང་སྡུག་བསྔལ་སྣ་ཚོགས་ངོ་བོར་སྨིན། །དེ་བཟློག་དོན་ཕྱིར་རྒྱལ་བའི་དམ་མནོས་ཏེ། །བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས། །བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྒྱལ་བ་འཁོར་བཅས་ཐུགས་དང་ཅི་འགལ་བ། །ཐུགས་རྗེ་ཆེ་མངའ་ཁྱེད་ལ་བཟོད་པར་གསོལ། །ༀ་བཛྲ་ས་མ་ཡ་ༀ། ཨཱྃ་བཛྲ་ས་མ་ཡ་ཨཾ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ༀ་ཡེ་ཤེས་རྒྱལ་པོ་ཀུན་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་ཧོ། ཛཿཧཱུྃ་བཾ་ཧོ། དེ་ནས་ཚོགས་དྲངས་བསང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། རྐང་པས་སྟངས་སྟབས་བྱ་ཞིང་ཚོགས་དབུལ། སྨོན་ལམ་བཏབ། ལྷག་མ་བཏང་། རིན་ཆེན་ཕྲེང་བ་རྫོགས་སོ། ༈ །ཞི་བའི་ཚོགས་ཀྱི་མཆོད་པ་ནི། མཆོད་པ་དྲངས། བསང་སྦྱངས། བརླབས་ནས། སྤྱན་དྲངས་པ་ནི། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོས་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་བཞེས་སུ་གསོལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད། །རིགས་བཞི་ལྷ་དང་ལྷ་མོ་དང་། །ཀུན་བཟང་སྤྲུལ་པའི་ཚོགས་རྣམས་དང་། །སྒོ་བ་ལ་སོགས་གཤེགས་སུ་གསོལ། །ཨེ་ཧྱ་ཧིས་སྤྱན་དྲངས། ཧཱུྃ་བླ་མེད་མཆོག་གི་མཆོད་པ་དམ་པ་སྦྱར་བ་འདི། ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ། །རྨད་དུ་བྱུང་བའི་གཏོར་མ་འབུལ། །ༀ་ཨཱཿཧཱུྃ་སུ་ར་ཏོ་བརྗོད་པ་ན་པེེཾ་ཡང་བརྗོད་དོ། །ལྷ་མོ་བཅུ་གཉིས་ཀྱི་མཆོད་པ་ནི། ༀ་བཛྲ་ཨཾ་གུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུྃ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གཎྜེ་ཧོ། ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་། །བྱམས་པའི་ཞགས་པས་གནས་ནས་སྤྱན་ཡང་འདྲེན། །ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་དེ། །བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པར་མཛོད། །ༀ་ཤྲཱི་བཛྲ་ལཱ་སྱེ་ཧཱུྃ། ༀ་ཤྲཱི་བཛྲ་མ་ལྱེ་ཏྲཱཾ། ༀ་ཤྲཱི་བཛྲ་གཱིརྟི་ཧྲཱིཿ ༀ་ཤྲཱི་བཛྲ་ནཱིརྟི་ཨཱཿ དུང་མདོག་སྒེག་མོ་རྡོ་རྗེ་སྤྱན། །སེམས་དཔའ་སྔོན་པོའི་ཡེ་ཤེས་འབེབས། །མེ་ལོང་ལྟ་བུའི་ཡེ་ཤེས་ལས། །བཛྲ་ལཱ་སྱེའི་མཆོད་པར་འབུལ། །ཡིད་བཞིན་ནོར་བུ་འོད་འབར་མ། །འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལས། །བཛྲ་མ་ལྱེའི་མཆོད་པར་རོལ། །པདྨ་དབྱངས་མཁན་རྨ་བྱའི་མགྲིན། །སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིན། །སོ་སོར་རྟོག་པའི་ཡེ་ཤེས་ལས། །བཛྲ་གཱིརྟའི་མཆོད་པ་རོལ། །གར་མཁན་མགྲིན་མ་གཟི་མདངས་མ། །ལས་ཀྱི་འཁོར་ལོ་རྣམ་པར་འཇོམས། །བྱ་བ་ནན་ཏན་ཡེ་ཤེས་ལས། །བཛྲ་ནིརྟིའི་མཆོད་པ་རོལ། །ནང་གི་མཆོད་པ་དམ་པ་ནི། །ཡེ་ཤེས་བཞི་དང་མཉམ་པར་སྦྱོར། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ༀ་བཛྲ་དྷཱུ་པེ་དྷུ། ༀ་བཛྲ་པུཥྤེ་པུ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱི། ༀ་བཛྲ་གནྡྷེ་གན། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ། །རྒྱལ་བའི་དཀྱིལ་འཁོར་གདུགས་ཀྱིས་འགེབས། །བྱམས་པ་ཐབས་དང་ཤེས་རབ་ལས། །བཛྲ་དྷཱུ་པེའི་མཆོད་པར་རོལ། །ཨུཏྤལ་མཐིང་ག་མེ་ཏོག་འཐོར། །ཟླ་གམ་རིན་ཆེན་འོད་དུ་འཕྲོ། །སྙིང་རྗེ་ཐབས་དང་ཤེས་རབ་ལས། །བཛྲ་པུཥྤེའི་མཆོད་པར་རོལ། །དབང་གི་ཕྱག་ན་སྒྲོན་མེ་བསྣམས། །ཆོས་ཀྱི་རྒྱལ་མཚན་འབར་བ་འཛིན། །དགའ་བ་ཐབས་དང་ཤེས་རབ་ལས། །བཛྲ་ཨཱ་ལོ་ཀེའི་མཆོད་པར་རོལ། །ཙནྡན་བདུད་རྩིའི་ཆར་འབེབས་མ། །དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས། །བཏང་སྙོམས་ཐབས་དང་ཤེས་རབ་ལས། །བཛྲ་གནྡྷེའི་མཆོད་པ་རོལ། །ཕྱི་ཡི་མཆོད་པ་དམ་པ་འདི། །ཚད་མེད་བཞི་དང་མཉམ་པར་སྦྱོར། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཚོགས་སྤྲོས་ལ་དབུལ་ཏེ། ཐབས་དང་ཤེས་རབ་ལྡན་གྱུར་ཅིག །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཐིམ་གྱུར་ནས། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་འབུལ། །འདོད་ཡོན་ལྔ་པོ་ཐམས་ཅད་དང་། །སྣ་ཚོགས་སྣང་བ་ཐམས་ཅད་ཀུན། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །གཟུགས་མཛེས་ལྷ་དང་ལྷ་མོ་རྟག །སྣ་དང་པོ་འབུལ། ཚོགས་གཟུགས་ནི་ཐམས་ཅད་ཀུན། །སྣང་སྟོང་ངོ་བོ་ཉིད་ཀྱི་གཞི། །ཆོས་དབྱིངས་དག་པའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་གཟུགས་མཛེས་མ། །འདོད་ཡོན་ཕྱག་ན་བསྣམས་པ་ནི། །རྐང་པས་སྟབས་བྱེད་ལག་གར་བསྒྱུར། །སྙན་པའི་གླུ་དབྱངས་བླངས་ནས་ནི། །དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ། །ཐམས་ཅད་གཉིས་པ་མ་ལུས་སྒྲ་རྣམས་ནི། །སྒྲ་སྟོང་ངོ་བོ་ཉིད་ཀྱི་གཞི། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །རྡོ་རྗེ་ལྷ་མོ་འཇམ་པའི་སྒྲ། །འདོད་ཡོན་ཕྱག༴ རྐང་པས༴ སྙན་པའི༴ དཀྱིལ་འཁོར༴ བདེ་བས་གསུམ་པ་ཚིམ་བྱེད་བསོད་ནམས་ཏེ། །ཚིམ་སྟོང་ངོ་བོ་ཉིད་ཀྱི་གཞི། །བརྗོད་མེད་མི་གནས་ཡེ་ཤེས་ཏེ། །རྡོ་རྗེ་ཆགས་མེད་པདྨའི་གསུང་། །འདོད་ཡོན༴ རྐང་པས༴ སྙན་པའི༴ དཀྱིལ་འཁོར༴ བདེ་བཞི་པ་གཤེགས་དཀྱིལ་འཁོར་མ་ལུས་པ། །བདེ་བ་རོ་ཡིས་ཚིམ་བྱེད་པ། །རོ་སྟོང་ངོ་བོ་ཉིད་ཀྱི་གཞི། །སོ་སོར་རྟོག་པའི་ཡེ་ཤེས་ཏེ། །ཐམས་ཅད་ཚིམ་བྱེད་རོ་ཡི་ལྷ། །འདོད་ཡོན༴ རྐང་པས་གར༴ སྙན་པའི༴ དཀྱིལ་འཁོར༴ རྡོ་རྗེ་ལྔ་པའོ་རེག་བྱ་མྱོང་བྱེད་མ། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །བདེ་མཆོག་དཀྱིལ་འཁོར་ཡངས་བྱེད་མ། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ། །རྡོ་རྗེ་རེག་བྱའི་ལྷ་མོ་ནི། །འདོད་ཡོན༴ རྐང་པས༴ སྙན་པའི༴ དཀྱིལ་འཁོར༴ ཧོ་བདེ་བར་གཤེགས་པའི་ལྷ་རྣམས་ལ། ཚོགས་ཀྱི་མཆོད་པ་ཕུལ་བས། བཞེས་ཤིང་རོལ་ནས་མཉེས་ཏེ། བདག་ཅག་གི་དམ་ཚིག་ཉམས་པ་ཐམས་ཅད་བསྐངས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་སྩལ་དུ་གསོལ། རྐང་པས་སྟབས་བྱས། ལག་པས་གར་བསྒྱུར་ཏེ། ཕུལ་ན་ཞི་བར་འགྱུར་རོ། །མཁའ་འགྲོ་མ་གསང་བའི་རྒྱུད་ནས་འབྱུང་ངོ་། །ཚོགས་ཀྱི་ཁ་ཚར་རྫོགས་སོ། ༈ །དེ་ནས་ལྷག་མ་གསོག་འཇོག་མེད་པར་བཞག་ལ། ཧོ། མཁའ་འགྲོ་མ་གསང་བའི་རྒྱུད་ཀྱི་དམ་ཚིག་ལ་གཏོགས་པའི་མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་སྔོན་གྱི་ཐུགས་དམ་ལས་མ་འདའ་བར་སྒྲུབ་པ་པོའི་སྟོང་གྲོགས་ལ་གཤེགས་ཤིག །ཛཿཧཱུྃ་བཾ་ཧོ། ཌཀྐི་ནི་ཧཱུྃ་ཛཿ ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཧྲིཾ། ཧཱུྃ་རྣམ་དག་ཆོས་ཉིད་ཞི་བ་ལས། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་འབྱུང་། །རང་རང་ལས་ཀྱིས་བསྐུར་གྱུར་པས། །སྤྲུལ་པ་བསམ་ཡས་མཁའ་ལ་རོལ། །འཇའ་ཚོན་མདོག་འཛིན་རིགས་ལས་སྤྲུལ། །མི་རོ་སྐམ་པོའི་གདན་སྟེང་ནས། །ཐུགས་རྗེའི་སྤྲུལ་པ་ཡང་དག་ཞོན། །མཐིང་ག་མི་བསྐྱོད་དཔའ་བོའི་གཟུགས། །སུམ་ཅུ་རྩ་གཉིས་ཀུན་འཇིགས་ཤིང་། །མི་ཐོད་ཁྲག་གིས་བཀང་བ་དང་། །ཁ་ཊྭཱྃ་ཏྲི་ཤུལ་གཤོལ་གྲི་བསྣམས། །རང་རང་ལག་ཆ་སྣ་ཚོགས་ལྡན། །དཔའ་བོའི་གཟུགས་ཅན་ཁྲོ་མིག་བསྒྲད། །ཉི་ཟླའི་ཚུལ་དུ་མཁའ་ལ་འགྲོ། །ཟས་སུ་ཤ་དང་ཁྲག་དང་ནི། །རྐང་དང་ཚིལ་བུ་རྒྱུ་མ་ཟ། །ཡང་དག་དེ་ཉིད་འཇིག་རྟེན་ཉིད། །སྤྲུལ་པའི་ཚུལ་གྱི་གཟུགས་ཀྱིས་འདུལ། །གཙོ་བོ་དགའ་བར་བྱེད་མ་དང་། །ནང་ཁྲོལ་འདྲེན་པར་བྱེད་མ་དང་། །ཁྱོ་ལ་ཆགས་པར་བྱེད་མ་དང་། །རྣལ་འབྱོར་སྤྲོ་བར་བྱེད་མ་དང་། །སྐྱེ་འགྲོ་གསོད་པར་བྱེད་མ་དང་། །འཇིག་རྟེན་འབར་བ་བྱེད་པ་དང་། །གཟུགས་རྣམས་བརྗིད་པར་བྱེད་པ་དང་། །གླིང་རྣམས་འཁོར་ལོ་ལྟར་བསྐོར་མ། །མཁའ་འགྲོ་མ་མོ་ཁྱེད་རྣམས་ཡིན། །སྔོན་ཚེ་བཅོམ་ལྡན་མི་བསྐྱོད་པའི། །ཡེ་ཤེས་དབྱིངས་ལས་ཆགས་ཚུལ་དུ། །དགའ་མ་གསོད་དགའ་འཛིན་དགའ་མ། །འདྲེན་དགའ་མིག་དམར་ཐོད་པ་འཛིན། །མྱོས་མ་རྭ་བྱིལ་གདོང་དམར་གྱིས། །མདུན་རྒྱབ་ཟུར་གཉིས་དབུ་གསུམ་མོ། །མདུན་ལ་གཙོ་མོ་བདུན་གྱིས་འཁྲིལ། །མི་བསྐྱོད་སྤྱན་སྔར་ཁས་བླངས་པ། །སླས་སུ་བདག་ཅག་འདུད་བགྱིད་བ། །མནའ་བོར་དམ་བཅས་ཁས་བླངས་ཏེ། །འཇིག་རྟེན་མ་འདས་བར་དུ་ནི། །འཇིག་རྟེན་བསྟན་པ་སྲུང་བར་བྱས། །ཁས་བླངས་འགལ་བར་མི་རྒྱའི་ཕྱིར། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་གྱིས་ཤིག །སྔོན་ཚེ་བཅོམ་ལྡན་རྟག་པ་ལ། །ཆགས་ཞེན་མ་དང་ཆགས་མཆོག་མ། །ཆགས་བྲལ་མ་དང་རྒྱས་འདེབས་མ། །འཁོར་ལོ་བསྐོར་བ་ལྔ་ཡིས་འཁྲིལ། །རྟག་པའི་སླས་སུ་བྱས་ནས་ནི། །འཇིག་རྟེན་མ་འདས་བར་དུ་ནི། །བསྟན་པ་སྲུང་བར་མནའ་བོར་བ། །ཁས་བླངས་འགལ་བ་མི་བྱའི་ཕྱིར། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་གྱིས་ཤིག །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལ། །བདུད་རྩི་འཆང་མ་བསིལ་མ་དང་། །བེ་ཅོན་འཛིན་མ་རྒྱུན་འཐུང་མ། །རྒྱུ་འཛིན་ཁ་འཛིན་ལྔ་ཡིས་ནི། །མདུན་རྒྱབ་ཟུར་གཉིས་དབུ་ལ་འཁྲིལ། །འབྱུང་ལྡན་སླས་སུ་བྱས་ནས་ནི། །འཇིག་རྟེན་མ་འདས་བར་དུ་ནི། །འཇིག་རྟེན་བསྟན་པ་སྲུང་བར་བྱས། །ཁས་བླངས་འགལ་བར་མི་བྱའི་ཕྱིར། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་གྱིས་ཤིག །བཅོམ་ལྡན་སྣང་བ་མཐའ་ཡས་ལ། །སྟོབས་བཟང་སེར་སྨུག་ཁ་ཡལ་མ། །འདོད་པ་མོ་དང་ནོར་བུ་བཟང་། །བ་དན་མ་ནི་བུམ་ལྟོ་བ། །ལྔ་ཡིས་མདུན་རྒྱབ་དབུ་ལ་འཁྲིལ། །འཇིག་དབང་སླས་སུ་བྱས་ནས་ནི། །བསྟན་པ་སྲུང་བར་མནའ་བོར་བས། །ད་རུང་འཇིག་རྟེན་མ་འདས་པས། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ལས་གྱིས་ཤིག །བཅོམ་ལྡན་དོན་ཡོད་གྲུབ་པ་ལ། །གསོད་བརྩོན་གསལ་བའི་འོད་འཆང་མ། །སོ་ཞག་ཁྲག་འཇིབ་བུས་པ་ཟ། །དབྱུག་ལ་སྦྲུལ་ལུས་གསེར་མིག་མ། །མདུན་ཟུར་བཞི་དང་དབུ་གསུམ་ལ། །དྲུག་འཁྲིལ་དོན་གྲུབ་སླས་སུ་བྱས། །བསྟན་པ་སྲུང་བར་མནའ་བོར་བས། །ད་རུང་འཇིག་རྟེན་མ་འདས་པས། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ལས་གྱིས་ཤིག །ཤར་ཉིད་དུ་ནི་བུམ་སྣ་མ། །ནུབ་རུ་དྷ་ཤ་གྲཱྀ་བའོ། །ལྷོ་རུ་རྣམ་པར་འཇོམས་མ་སྟེ། །བྱང་ཉིད་དུ་ནི་བོད་འབྲོགས་སོ། །མཁའ་ལ་འགྲོ་བའི་སྒོ་མ་བཞི། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པའི། །ཞབས་བཞིའི་འོག་ཏུ་བཞི་བཞི་མནན། །ཉི་ཟླ་པདྨའི་གདན་དུ་འབར། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱང་། །ད་རུང་འཇིག་རྟེན་མ་འདས་པས། །བསྟན་པ་སྲུང་བར་མནའ་བོར་བ། །ཁས་བླངས་འགལ་བར་མི་བྱའི་ཕྱིར། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ལས་རྣམས་འགྲུབ་པར་མཛོད། །མཁའ་འགྲོ་གསང་བའི་རྒྱུད་ལས་བཏུས་པའི་ཞི་བའི་ལྷག་ཆོག་གོ། །རྫོགས་སོ། ༈ །རྡོ་རྗེ་ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ་ཞེས་བྱ་བའོ། །ཧཱུྃ་འགྲོ་བའི་དོན་ཕྱིར་རྒྱལ་བས་གསུངས་པ་ཡི། །ཐེག་པའི་ནང་ནས་ཡང་རབ་བླ་ན་མེད། །གསང་སྔགས་རྡོ་རྗེ་ཐེག་པའི་ངེས་དོན་འདི། །བློ་རབ་སྐལ་བ་ཅན་གྱིས་སྤྱད་པའི་རྒྱུ། །གསང་སྔགས་རྒྱུད་འདི་ཡོངས་སུ་གཟུང་བ་དང་། །ཡོངས་སུ་སྤེལ་ཞིང་བསྟན་པ་སྲུང་བ་དང་། །རྣལ་འབྱོར་སྒྲུབ་པ་རྣམས་ཀྱི་གྲོགས་བྱ་ཞེས། །ཐུགས་དམ་ཞལ་གྱིས་བཞེས་པའི་མཁའ་འགྲོ་མ། །བདག་ཀྱང་རྣལ་འབྱོར་དབང་ཕྱུག་བསྒྲུབ་པའི་ཕྱིར། །དམ་ཚིག་གཉན་པོ་མནོས་པ་ཁྱོད་དང་གཅིག །དམ་ཚིག་གཅིག་གིས་བསྡུས་པས་ཉེ་བ་དང་། །མཉམ་པའི་དོན་གྱིས་བསྡུས་པ་དབྱེར་མེད་ན། །མི་མཉམ་ཁྱད་ཀྱིས་རྩིས་པའི་དོན་དང་འགལ། །རྡོ་རྗེ་སྤུན་གྲོགས་ལག་པས་བརྩེ་བ་དང་། །ལྕམ་དྲལ་ཚུལ་དུ་ཉེ་ཞིང་གདུངས་པར་མཛོད། །བདག་གིས་ཁས་བླངས་དམ་བཅའ་ཚུལ་ཆད་དུ། །གྲུབ་པ་མངོན་དུ་གྱུར་པ་མ་མཆིས་ཀྱང་། །དམ་ཚིག་མི་གཏོང་སངས་རྒྱས་སྐུ་མི་བསླུ། །མངོན་སུམ་དྲན་པས་རྟག་ཏུ་ཁྱེད་ལ་སེམས། །མཁྱེན་གསལ་ཐུགས་ཀྱིས་བདག་ལ་མི་དགོངས་སམ། །སྒྲིབ་མེད་སྤྱན་གྱིས་བདག་ལ་མི་གཟིགས་སམ། །བདག་ཀྱང་གསོག་མེད་ངེས་པའི་རྣལ་འབྱོར་ཞིག །ཞལ་ཆེམས་སྐྱབས་ཀྱི་དམ་པར་ཁྱེད་ཞུགས་ན། །བདག་འདྲ་སྡུག་བསྔལ་གནོད་པས་ཉེན་པ་ལ། །ཕན་པའི་སྐྱབས་དང་གྲོགས་གཅིག་མི་མཛད་དམ། །བདེ་དང་སྡུག་བསྔལ་ཆོས་ཀྱང་སྒྱུ་མ་ཞིག །སྟོབས་དང་དབང་དུ་གྱུར་པ་ཁྱེད་ལ་མངའ། །སེམས་ཅན་ལས་འཕྲོ་བཙན་པར་བཞག་ལྟ་ན། །ཐུགས་རྗེ་བྱིན་རླབས་ཅི་འཚལ་དོན་ཡོད་འགྱུར། །ལས་ངན་སྒྲིབ་པའི་བག་ཆགས་མེད་པར་མཛོད། །བསྐུལ་ཀྱང་མི་གསན་བཅོལ་ཀྱང་མི་མཛད་ན། །དང་པོའི་ཞལ་བཞེས་དོན་དང་མི་འགའ་ལམ། །ནོངས་པ་བཤགས་ཀྱང་ཚངས་པར་མི་འགྱུར་ན། ། བརྩེ་སེམས་སྙིང་རྗེ་མེད་པར་མི་འགྱུར་རམ། །དམ་ཚིག་སྲུང་བར་ཀུན་གྱིས་ཁས་བླངས་ཀྱང་། །ཁྱེད་འདྲ་རྩེ་གཅིག་བསྒྲུབ་པ་བདག་ལས་མེད། །བདག་གི་དམ་ཚིག་ཉམས་པ་བསྐང་བ་དང་། །གནོད་པའི་དགྲ་བགེགས་བཟློག་ཅིང་ཞི་བར་མཛོད། །འཇིག་རྟེན་འདིར་ཡང་ཡོངས་སུ་བསྲུང་བ་དང་། །ཕྱི་མའི་གོ་འཕང་ཐོབ་པའི་གྲོགས་མཛོད་ཅིག །འཇིག་རྟེན་འདི་ན་དབང་ཆེར་གྲངས་པ་ཡང་། །ཁྱེད་ཅག་ལག་སྟེ་གང་ན་གཞན་མ་མཆིས། །སོ་སོའི་བྲན་གཡོག་འབུམ་ཕྲག་མང་པོ་ཡང་། །དམ་ཚིག་སྲུང་ཞིང་ཁྱེད་ཀྱི་བཀའ་བཞིན་བྱེད། །འདི་ལྟར་གཅིག་བཞིན་རྗེས་སུ་མཐུན་སྦྱར་ནས། །བདག་ལ་བསྲུང་ཞིང་འཁོར་རྣམས་བསྐྱང་དུ་གསོལ། །བདག་གི་དམ་ཚིག་ཉམས་པའི་ཚོགས་དང་འདྲེས། །ཉམས་པ་བསྐང་བས་བཀའ་ཆད་དམིགས་བགྱིད་རྣམས། །བདག་གིས་སྒྲིབ་པར་གྱུར་ཅིག་ཁྱེད་ཀྱི་ཐུགས་དང་འགལ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སྟོབས་དང་གདེང་དུ་གྱུར་པ་མེད་བཞིན་དུ། །རུང་བུ་རེ་ནས་ཐུབ་ཐུབ་རས་གཅོད་བགྱིས། །སྣོད་དང་སྐལ་བར་མི་ལྡན་སློབ་མར་བཅུད། །མི་འཚམས་བཞིན་དུ་དབང་བསྐུར་གསང་བ་བཤད། །བདག་གི་སྒྲིབ་པར་གྱུར་ཅིང་ཐུགས་དང་འགལ། །རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །ནོངས་པ་དྲན་ནས་ཤིན་ཏུ་གནོང་ཞིང་འགྱོད། །ཐུགས་རྗེ་ཐབས་མཁས་ཁྱེད་ལ་བཟོད་གསོལ་ན། །ཚངས་པ་འཕྲུལ་གྱི་དངོས་གྲུབ་སྩལ་དུ་གསོལ།། །ཨཐྎ།།


previousཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་ཕྲེང་བ། next