Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་གྱ་བདུན་པ།


   
   
   
   
   
   
   
   
   
   
   
མདོ་ཁོག་རིན་ཆེན་སྒྲོན་མ།


 
previousམདོ་ཁོག་རིན་ཆེན་སྒྲོན་མ། no next

མདོ་ཁོག་རིན་ཆེན་སྒྲོན་མ།

མདོ་ཁོག་རིན་ཆེན་སྒྲོན་མ་ཞེས་བྱ་བ་བཞུགས་སོ། །གསང་འཛིན་བརྩོན་སེང་བས་བཀོད་པ། གུ་རུ་ལ་ན་མོ། སྤང་བཅོམ་རྟོགས་ལྡན་བློ་ཡི་ཡུལ་ལས་འདས། །གྲུབ་སྣང་འབྱུང་བའི་དཔལ་ལྡན་ཀུན་སྒྲོལ་བྱེད། །གཉིས་མེད་ཐུགས་རྗེའི་རྒྱལ་པོ་གཞན་དབང་སྒྱུར། །ཤིན་ཏུ་རྣམ་གྲོལ་ལྷུན་གྲུབ་ཉིད་ལ་འདུད། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པའི་དོན། །དཀྱིལ་འཁོར་གསུམ་འདུས་རྩ་བ་བྱང་ཆུབ་སེམས། །གསང་སྒོ་གསུམ་མཚོན་རྒྱུད་རྒྱལ་མདོ་ཡི་དོན། །གསལ་བྱེད་ཁོག་དབུབ་རིན་ཆེན་སྒྲོན་མ་བྲིའོ་དེ་ལ་ཐེག་པ་ཐམས་ཅད་ཀྱི་ཡངས་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། མན་ངག་ཐམས་ཅད་ཀྱི་རྩ་བ་དོན་ཐམས་ཅད་ཀྱི་མཇུག་སྡུད། ཆོས་ཐམས་ཅད་ཀྱི་མེ་ལོང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུག །འབྲས་བུ་ཐམས་ཅད་ཀྱི་ཐུགས། རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། མ་འོངས་པའི་རྣལ་འབྱོར་པ་དང་། ད་ལྟར་གྱི་རྣལ་འབྱོར་པ་ཐམས་ཅད་ཀྱི་ལམ་ཆེན་པོ། གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་འདིའི་ལུགས་ཀྱིས། ཤེས་བྱ་ཚུལ་ལྔའི་སྒོ་ནས་སྟོན་པར་བྱེད་པ་ལས། དང་པོ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་དུ་སངས་རྒྱས་པའི་ཚུལ་དང་གཅིག་སངས་དེ་ལྟར་དུ་རྒྱས་ཀྱིས་ཀྱང་། ཁམས་གསུམ་གྱི་སེམས་ཅན་གྱིས་དེ་ལྟར་མ་རྟོགས་པའི་ཚུལ་དང་གཉིས། མ་རྟོགས་ཤིང་སྡུག་བསྔལ་གྱི་ཉམ་ཐག་པ་དེ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པའི་ཚུལ་དང་གསུམ། གཟིགས་ནས་ཐུགས་རྗེ་སྐྱེས་པའི་ཚུལ་དང་བཞི། སྐྱེས་ནས་དོན་མཛད་ཚུལ་དང་ལྔའོ། །དང་པོ་ནི། སེམས་ཉིད་སྐྱེ་བ་མེད་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་རྟགས་སུ་ཡི་གེ་མཾ་གྱིས་མཚོན་པར་གནས་ལ། སྐྱེ་བ་མེད་པ་ཉིད་འགགས་པ་མེད་པར་ཤར་བ་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་རྟགས་སུ་ཡི་གེ་ༀ་གྱིས་མཚོན་པར་ཤར་རོ། །དེ་གཉིས་ཀྱང་གཉིས་སུ་མེད་དེ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྟགས་སུ་ཡི་གེ་ཧཱུཾ་གིས་མཚོན་པར་འདུས་སོ། །དེ་ཡང་ལེའུ་བཅུ་དགུ་པ་ལས། ཐམས་ཅད་དེ་ཉིད་རོ་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་པས་སྟོན་ནོ། །གཉིས་པ་སངས་རྒྱས་ཀྱིས་ཀྱང་། ཁམས་གསུམ་གྱི་སེམས་ཅན་གྱིས་མ་རྟོགས་པའི་ཚུལ་ལ་གསུམ་སྟེ། དང་པོ་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས་པ་ནི། རྒྱལ་པོའི་ཕྲུ་གུ་དམངས་སུ་འཁྱམས་པ་ལྟ་བུའོ། །དེ་མདོ་བསྲེས་ལས། དཀྱིལ་འཁོར་གསུམ་དུ་སངས་རྒྱས་ཀྱང་། །མུན་པས་སྒྲིབས་པས་དེ་མ་ཤེས། །ཞེས་སོ། །གཉིས་པ་ཀུན་ཏུ་བརྟགས་པའི་མ་རིག་པས་ལོག་པར་བཟུང་བ་ནི། རྒྱལ་ཕྲུ་གུ་དམངས་ཀྱི་སྤྱོད་པ་བྱེད་པ་ལྟ་བུའོ། །དེ་ཡང་ཉེར་གཉིས་པ་ལས། བདག་འཛིན་བདག་གི་རྟོག་པ་ཡིས། །ཕྱིན་ཅི་ལོག་རྟོག་བརྩོན་འགྲུས་ཀྱིས། །གནས་ངན་ལེན་དེ་དད་དཔོན་བྱེད། །ཅེས་པས་མངོན་ནོ། །གསུམ་པ་མཚོན་པར་བྱེད་པའི་ཐབས་ལམ་དང་བྲལ་བ་ནི། རྒྱལ་བུ་སྟོན་མཁན་མེད་པ་ལྟ་བུ་སྟེ། དེ་ཡང་ལེའུ་བཅོ་ལྔ་པ་ལས། མུན་པ་མུན་ནག་སྨན་རུམ་འཁྱམས། །སྒྲོད་པར་བྱེད་པའི་ལམ་ཡང་སྟོར། །ཅེས་པས་མངོན་ནོ། །གསུམ་པ་སྡུག་བསྔལ་གྱིས་ཉམ་ཐག་པ་དེ་ལ། ཐུགས་རྗེས་གཟིགས་པའི་ཚུལ་ལ་གསུམ་སྟེ། ཤེས་བྱ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་སྐྱེ་མེད་དུ་གཟིགས་པ་དང་། མཆན། ཡང་ན་འཁྲུལ་བ་ལ་བརྒྱད་དེ་རྒྱུ་རྐྱེན་ངོ་བོ་འཁོར་ཚུལ་ཉེས་པ་དུས་དཔེ་རང་བཞིན་ནོ། །དེ་ལ་རྒྱུ་མ་རིག་པ། རྐྱེན་ལས་དང་ཉོན་མོངས་སམ། ངོ་བོ་སྣོད་བཅུད། འཁོར་ཚུལ་རྟེན་འབྲེལ་བཅུ་གཉིས་ཉེས་པ་སྡུག་བསྔལ། དཔེ་ཟོ་ཆུང་། དུས་ཁམས་གསུམ་སྤྱི་མཚན་དུ་ཐོག་མཐའ་མེད་དོ། །རང་བཞིན་ཆོས་ཉིད་ཅེས་པར་སྙད་དོ། །རྒྱས་པ་ལ་དགའ་བ་ལ་དེ་ལྟར་སྙད་དོ། །གཟིགས་པ་དེ་ཡུལ་དུ་བྱས་ན་གཟུང་འཛིན་ཅན་དུ་ཐལ། མ་བྱས་ན་མེད་པ་གཟིགས་པས་འཁྲུལ་པ་ཐལ། དབྱེར་མེད་ལ་གཟིགས་བྱ་གཟིགས་བྱེད་མེད་དོ་ཞེ་ན། ཡོད་པར་མཁྱེན་ལ། གསལ་ལ་མི་རྟོགས་པས་གཟུང་འཛིན་དུ་མི་འགྲེའོ། །ཡུལ་ཡང་དག་ཏུ་མེད་པ་ལ་མེད་པར་གཟིགས་པས་འཁྲུལ་པ་ཡང་། མི་འགྲོའོ། །དགོས་པ་དབང་དུ། དབྱེར་མེད་ལ་གཟིགས་བྱ་གཟིགས་བྱེད་མི་འཐད་དོ་ཞེ་ན། གཟིགས་བྱ་གཟིགས་བྱེད་ཐ་དད་དུ་གྲུབ་པ་མེད་དོ་དབྱེར་མེད་དུ་རྟོགས་པའི་ངང་ལས་ཕན་གདགས་པའི་གཞིར་གྱུར་པ་དེ་ཐུགས་རྗེའོ། །དེ་ཡང་སངས་རྒྱས་སེམས་ཅན་གཉིས་མེད་གཅིག་ཏུ་རྟོགས་ན། ཐུགས་རྗེ་ཆེན་པོ་སྐྱེས་ཞེས་དེ་ལ་བྱས་ཞེས་སོ། །ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་འགག་པ་མེད་པར་གཟིགས་པ་དང་། དབྱེར་མེད་མཁྱེན་པ་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་གཉིས་སུ་མེད་པར་གཟིགས་པའོ། །དེ་ཡང་ཞེ་གཉིས་པ་ལས། གང་དམ་པ་རྣམས་ཀྱི་དེ་ཁོ་ན་ཉིད་ལས་མ་གཡོས་པར། སེམས་ཅན་གྱི་ཁམས་མཐའ་ཐུགས་པ་མེད་པ་དང་། གཟུགས་དང་སྒྲ་དང་སྤྱོད་པ་མཐའ་ཐུག་པ་མེད་པ་རྣམས་མི་མཁྱེན་པ་དང་། མི་གསན་པ་དང་། མི་གཟིགས་པ་དང་། མི་འགྲེལ་པ་ནི་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་བྱང་ཆུབ་ཉིད་ལ་མ་འདྲེས་པར་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཞེས་པའི་དོན་གྱིས་མཁྱེན་ལུགས་གསུམ་སྟེ། མ་འདྲེས་པར་མཁྱེན་པའོ། །ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཅིར་ཡང་མ་འགགས་ས་ལེར་མཁྱེན་པ་དང་། ཡོངས་རྫོགས་མཁྱེན་པའམ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཅིར་ཡང་དམིགས་པ་མེད་པར་མཁྱེན་པ་དང་། མ་འདྲེས་ཡོངས་རྫོགས་སམ་ཇི་ལྟ་བ་དང་ཇི་སྙེད་པ་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཀྱིས་མ་འགགས་མ་དམིགས་དབྱེར་མེད་དུ་མཁྱེན་པའོ། །བཞི་པ་གཟིགས་ནས་ཐུགས་རྗེ་སྐྱེས་པའི་ཚུལ་ནི། དོན་འདུས་ལས། ཀུན་བཟང་ཐུགས་རྗེ་ཞེས་པས་དོན་གྱིས། ཐུགས་རྗེའི་སྐྱེས་ཚུལ་རྣམ་པ་བཞི་སྟེ། རྟག་པ་རྒྱུན་དུ་ཐུགས་རྗེ་སྐྱེ་བ། རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ། ཡུལ་དང་ཕྲད་པས་ཐུགས་རྗེ་སྐྱེ་བ། བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེ་བའོ། །རྟག་པ་རྒྱུན་དུ་ཐུགས་རྗེ་སྐྱེ་བ་ནི། ཆུ་བོ་ཆེན་པོའི་རྒྱུན་དང་འདྲ་བས་སོ་དེ་ཡང་ཞེ་བཞི་པ་ལས། འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། །ཐུགས་རྗེ་རྟག་པའི་སངས་རྒྱས་དེ། །རང་བཞིན་ཀུན་ལ་ཁྱད་པར་གནས། །ཞེས་པ་དང་། ཡང་སྤྲུལ་པ་ནི་མི་འབྱུང་མ་མྱོང་རྒྱུན་དུ་བྱུང་བའོ། །ཞེས་པས་མངོན། གཉིས་པ་རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་ནི། ཉི་མ་ལ་དྲོད་རང་བཞིན་གྱིས་འབྱུང་བ་དང་འདྲ་སྟེ། དེ་ཡང་ཀུན་འདུས་ལས། ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉིད་གསལ་འོད་བཞིན་སྙོམས་མཛད་པ། །ཞེས་པས་མངོན་ནོ། །གསུམ་པ་ཡུལ་དང་ཕྲད་ནས་ཐུགས་རྗེ་སྐྱེ་བ་ནི། དཔེར་ན་དགོན་པ་ཁ་ལྷོ་ལྟས་སུ་ཉི་མ་འཆར་བ་བཞིན་ཏེ། ལེའུ་ཉེར་དྲུག་པ་ལས། དེ་ནས་མཐུན་འཇུག་སྐྱེས་བུ་དེ། །མཐུན་པའི་སྤྱན་གྱིས་གང་གཟིགས་ན། །ལས་ཀྱི་ཡིད་དགས་དྲག་པོ་དེ། །ཞེས་པས་མངོན་ནོ། །བཞི་པ་བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེ་བ་ནི། རྒྱལ་པོ་ལ་ལོངས་སྤྱད་སློང་བ་དང་འདྲ་སྟེ། དེ་ཡང་ལེའུ་གསུམ་པར་གདུང་བ་ཉེར་གསུམ་བཏོན་པས། ཐུགས་རྗེ་སྐྱེས་པ་ནི། ལེའུ་བཞི་པར་གསང་བདག་གིས་གདུང་བ་བསལ་བར་ཞལ་གྱིས་བཞེས་པའོ། །ལྔ་པ་ཐུགས་རྗེ་སྐྱེས་ནས་དོན་མཛད་ཚུལ་ནི། རྟེན་ཅན་གྱི་དོན་བྱེད་པ་བྲམ་ཟེ་མཆོད་སྡོང་གིས་གྲུབ་པ་ལྟ་བུ། རྟེན་མེད་ཀྱིས་དོན་བྱེད་པ་དྲང་སྲོང་མོད་པ་གྲུབ་པ་ལྟ་བུ། ངོ་བོ་ཉིད་ཀྱིས་དོན་མཛད་པ་ནམ་མཁའ་ལྟ་བུ་ལ་སོགས་མ་ངེས་ཀྱིས་ཀྱང་། མདོ་དགོངས་པ་འདུས་པ་འདིའི་ལུགས་ཀྱིས། གདུལ་བྱ་རྣམ་པ་གསུམ་ལ། ཐེག་པ་རྣམ་པ་གསུམ་གྱིས། འདུལ་ཐབས་གསུམ་གྱིས་སྒོ་ནས་དོན་མཛད་པ་ལས། དོན་འདུས་ལས། འགྲོ་དོན་དུ། ཞེས་པ་དང་། ཐེག་པ་གསུམ་སྣང་འདུལ་མཛད་པའོ། །ཞེས་པ་དང་། ཞེ་བཞི་པ་ལས། གང་ཞིག་འདེགས་པའི་ཡུལ་རྣམས་ནི། །གསུམ་དུ་ངེས་པར་སྣང་བ་ནི། །འདོད་ལ་ཞེན་དང་ངེས་པར་འབྱུང་། །གདུལ་དཀའ་དྲག་པོའི་གདུལ་བྱ་གསུམ། །ཞེས་སོ། །ཐེག་པ་གསུམ་ནི། གང་ཞིག་འདེགས་པ་རྩལ་གསུམ་ནི། །འཁོར་ལོ་རྒྱུན་དང་དོན་དམ་ངེས། །ཆོ་འཕྲུལ་མངོན་པར་འབྱུང་བ་གསུམ། །རང་བཞིན་ཡེ་ནས་སྣང་བ་ཡིན། །ཞེས་སོ། །འདུལ་ཐབས་གསུམ་ནི། ཇི་ལྟར་འདེགས་པ་ཐེག་རྣམས་ནི། བསམ་གྱིས་མི་ཁྱབ་གསུམ་ཉིད་དུ། །སྣང་བ་དེ་ཉིད་གང་ཡིན་པ། །རང་བཞིན་ཤུགས་དང་གཉེན་པོ་ཐེབས། །ལས་རྒྱུན་གཅད་པ་འབའ་ཞིག་གོ། །ཞེས་པའི་དོན་གྱིས་གདུལ་བྱ་གསུམ་ལས་འདོད་པ་ལ་ཞེན་པའི་གདུལ་བྱ་ནི། འཚོ་བའི་ཟས་འདོད། རྟེན་པའི་གནས་འདོད། མཐུན་པའི་གྲོགས་འདོད་པ་རྩམ་ལས། བྱང་ཆུབ་སྒྲུབ་པའི་བསམ་པ་ཡང་རྒྱུད་ལ་མ་སྐྱེས། ཉོན་མོངས་པ་དྲག་པོ་ཡང་རྒྱུད་ལ་མ་སྐྱེས་པའོ། །ངེས་པར་འབྱུང་བའི་གདུལ་བྱ་ནི། ཁམས་གསུམ་འཁོར་བའི་སྡུག་བསྔལ་བརྒྱད་དང་བཅུ་གཅིག་ལ་སོགས་པ་ལ་འཇིགས་ནས། ཁམས་གསུམ་ལས་ངེས་པར་འབྱུང་བར་འདོད་པའོ། །གདུལ་དཀའ་དྲག་པའི་གདུལ་བྱ་ནི། འདོད་ཆགས་ཚལ་དང་གར་སྦྱིན་ལྟར་དུ་འཐས། ཞེ་སྡང་མེ་ལྟར་འབར། གཏི་མུག་མུན་པ་ལྟར་འཐིབས་པ་ལ་སོགས་པའི་ཉོན་མོངས་པ་དྲག་པོ་སྐྱེས་པའོ། །དེ་ལྟར་གདུལ་བྱ་རྣམ་པ་གསུམ་ལས། འདོད་པ་ལ་ཞེན་པའི་གདུལ་བྱ་ལ། ཐེག་པ་རྣམ་པ་གསུམ་ལས། འཁོར་ལོ་རྒྱུན་གྱི་ཐེག་པས། གདུལ་ཐབས་རྣམ་པ་གསུམ་ལས། རང་བཞིན་ཤུགས་ཀྱིས་འདུལ་ཐབས་ཀྱིས་དོན་བྱེད་པའོ། །འབྱུང་བ་ལྔ་ཡིས་བརྟེན་པའི་གནས་བྱེད་སྐྱེད་པའི་རྒྱུ་བྱེད། འཚོ་བའི་རྐྱེན་བྱེད་པའོ། །ངེས་པར་འབྱུང་བའི་གདུལ་བྱ་དོན་དམ་ངེས་པའི་ཐེག་པས་གཉེན་པོ་ཐབས་ཀྱི་འདུལ་ཐབས་ཀྱིས་དོན་བྱེད་པ་ནི། ཞེ་བཞི་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་ནི། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པའི་དོན་གྱིས་བློ་ཆུང་བ་ལ་ཀུན་འབྱུང་སྐོལ་མདོ་དང་སྦྱར་དུ་རུང་ངོ་། །འདྲེན་པའི་ཐེགས་པ་མཚན་ཉིད་སྡེ་གསུམ་གྱིས་འདུལ། འབྲིང་ལ་དཀའ་ཐུབ་རིགས་བྱེད་ཀྱི་ཐེག་པ་ཕྱི་པ་སྡེ་གསུམ་གྱིས་འདུལ། བློ་རབ་ལ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནང་པ་བསྐྱེད་རྫོགས་གསུམ་གྱིས་འདུལ་ལོ། །གདུལ་དཀའ་དྲག་པོའི་གདུལ་བྱ་ལ། ཆོ་འཕྲུལ་སྔོན་འབྱུང་གི་ཐེག་པས་ལས་རྒྱུན་གཅོད་པའི་གདུལ་ཐབས་ཀྱིས་དོན་བྱེད་པ་ནི། ཕྱི་ནང་གི་སྐལ་པ་ཟུང་གསུམ་དུ་འབར་མུ་གེའི་ནད་ཀྱི་མཚོན་གྱི་ནས། འགྲོ་བ་སེམས་ཅན་གྱི་ལས་རྒྱུན་གཅོད་པར་བྱེད་པའོ། །འོ་ན་སེམས་ཅན་གྱི་ལས་ཀྱི་རྒྱུན་བཅད་པ་དེ་ཐུགས་རྗེར་འགྲོའམ་ཞེ་ན། ཞེ་བཞི་པ་ལས། ལས་ངན་མྱུར་དུ་རྒྱུན་བཅད་ན། །གནས་ངན་དག་ལས་མྱུར་དུ་གྲོལ། །ཅེས་སོ། །དེ་ལྟར་ཐེགས་པ་གསུམ་གྱི་ནང་ནས། དོན་བསྡུས་ནས། དོན་དམ་ངེས་པའི་ཐེག་མཆོག་ལས། གསང་སྒོ་གསུམ་མཚན་མདོ་རྒྱུད་དོ། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བའི་གཞི་དང་བྱེད་པའི་རྐྱེན། །བྱ་བྲལ་འབྲས་བུའི་རྣམ་པར་དག །ཅེས་པས། ཐེག་པ་གསུམ་གྱི་ནང་ནས་དོན་དམ་ངེས་པའི་ཐེག་པ་དེའི་ནང་ནས་ཀྱང་གསང་སྒོ་གསུམ་མཚོན་པར་བྱེད་པ་མདོ་རྒྱུད་འདི་ལ། རྣལ་འབྱོར་རྣམ་པ་གསུམ་གྱིས་བཤད་དེ། བྱ་བ་གཞིའི་རྣལ་འབྱོར་བྱེད་པ་རྐྱེན་གྱི་རྣལ་འབྱོར། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །དེ་ལ་བྱ་བ་གཞིའི་རྣལ་འབྱོར་ནི། དོན་བསྡུས་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པས། །ཤེས་པར་བྱེད་པའི་རྒྱུད་དོན་ཡིན་ཞེས་པའི་དོན་གྱིས། ཤེས་བྱ་ཕྱི་ནང་གི་ཆོས་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་མ་བཅོས་མ་བསླད་པ། ཡེ་ཇི་བཞིན་ཡིན་པའོ། །ལེའུ་བརྒྱད་པ་ནས། དེ་བཞིན་ཉིད་ལ་ནི་སངས་རྒྱས་དང་སེམས་ཅན་དབྱེ་བ་ཅུང་ཟད་ཀྱང་མེད་དོ་ཞེས་པ་ལ་སོགས་པས་མངོན་ནོ། །བྱེད་པ་རྐྱེན་གྱི་རྣལ་འབྱོར་ནི། དོན་བསྡུས་ལས། རྩོལ་བཅས་སྤྱོད་པ་འདྲེན་འཇུག་པའི། །ཐེག་པ་དེ་ནི་བྱ་བྱེད་རྐྱེན། །ཞེས་པས་དོན་གྱིས་རྒྱུ་ལས་འབྲས་བུ་སྒྲུབ་པའི་རྩོལ་བ་དང་བཅས་པས། རྣམ་པར་དཀར་བའི་སྤྱོད་པ་གདུལ་བྱ་ཁམས་གསུམ་འཁོར་བ་ནས་འདྲེན་ཅིང་། མྱ་ངན་ལས་འདས་པ་ལ་འཇུག་པར་བྱེད་པ་མཚན་ཉིད་སྡེ་གསུམ་མོ། །བྱ་བྲལ་འབྲས་བུའི་རྣལ་འབྱོར་ནི། །གཞན་དུ་འབྲས་བུ་རེ་རྩོལ་མེད། །བསྒྲུབ་བྱ་ཉིད་ལ་ལམ་གནས་པས། །ཐབས་ཆེན་ཐེག་འདི་བྱ་བྲལ་བའོ། །ཞེས་སོ། །འབྲས་བུའི་རྣལ་འབྱོར་ཉིད་ལ་ཡང་དེ་ཉིད་ཕྱི་ནང་ཞེས་པས། གསང་སྔགས་ཕྱི་རྒྱུད་སྡེ་གསུམ་དང་ནང་པའི་སྡེ་གསུམ་མོ། །ནང་པའི་རྒྱུད་ཀྱི་ནང་ནས་མདོ་ཨ་ནུ་ཡོ་གའི་དགོངས་འདུས་འདི་ལ། གཞི་དང་ཐབས་དང་འབྲས་བུ་ཡི། །ཚུལ་གསུམ་བྱེ་བྲག་ཆོས་སུ་བཤད། །ཅེས་པའི་སྟོན་གྱིས། གཞི་ལམ་འབྲས་བུ་དང་གསུམ་མོ། །གཞི་ནི་མའི་དོན་ཉིད་དེ། ཞེས་པས། གཤིས་ཀྱི་གནས་ལུགས་ཡིན་ཏེ། བྱ་བ་གཞིའི་རྣལ་འབྱོར་དང་འདྲའོ། །ལམ་ནི་ཐབས་ནི་ལམ་ཡིན་རྣམ་པ་གསུམ། གོལ་སྒྲིབ་ངོ་བོ་ཡན་ལག་སྟེ། ཞེས་པས། གསུམ་གསུམ་སྟེ། ལམ་གྱི་མི་མཐུན་པའི་ཕྱོགས་གོལ་སྒྲིབ་དང་གཅིག །ངོ་བོ་དང་གཉིས་རྐྱེན་ཡན་ལག་དང་གསུམ་མོ། །གོལ་སྒྲིབ་བསྟན་པ་ལ་གསུམ། གོལ་ས་སྒྲིབ་པ། གོལ་སྒྲིབ་ཐུན་མོང་བའོ། །གོལ། གོལ་ས་ནི། དོན་བསྡུས་ལས། གོལ་ས་ལྟུང་བའི་སྒོ་དགུ་བདུད་དུ་ལྟུང་བའི་སྲིན་པོར་མུ་སྟེགས་སུ་ངནསོང་དུ་༣ཚན་ཆེན་དུ། རུ་ཏྲར་ལྷ་ཆེན་དུ་དང་། །ཞེས་དང་། སྒྲིབ་པ་ནི། ཉོན་མོངས་དུག་ལྔ་བརྟེན་པའི་བག་ཆགས་ཀྱི་དོན་མཐོང་དུ་མི་སྟེར་རོ། །ཤེས་བྱའི་སྒྲིབ་སོགས་ཉོན་མོངས་པ་མ་ཡིན་པས་ཤེས་བྱ་ལ་སྒྲིབ་ཅིང་ཡེ་ཤེས་འཕེལ་བའི་གེགས་སུ་གྱུར་པའོ། །ཞེས་སོ། །ཐུན་མོང་ནི། ཐུན་མོང་རྟོག་པ་བརྒྱད་ཅུ་སྦྱོར་༼ཏྲི༽བའི། ཞེན་༼ཏྲི༽པའི། དངོས་༼ཏྲི༽གཞིའི། སྐྱེད་༼༡༥༽ པའི། རྐྱེན་༼ ༤༽སྤྱི། ལུས་༼༦༽ཀྱི། མཚན་༼ཏྲི༽མི། མངོན་༼༡༦༽པའི། སྤྱོད་༼༣༠༽པའི། རྟགས་ཀྱི་རྟོག་༼བདུན༽པའོ་གཅིག །དགུ་བཅུ་ལ་སོགས་སྐྱོན་རྣམས་དང་། །ཤེས་པའི་བྱེ་བྲག་དྲུག་ལ་སོགས། །མི་མཐུན་གོལ་སྒྲིབ་ཕྱོགས་སུ་བཤད། །ཅེས་སོ། །ལམ་གྱི་ངོ་བོ་ནི། ངོ་བོ་ཐབས་དང་ཤེས་རབ་ཟེར་གྱིས་ཀྱང་། རྒྱུད་འདི་ཉིད་དང་འགྲེལ་པ་དང་། སྒྲུབ་ཐབས་ལ་སོགས་པས། སྔོན་བྱུང་གི་ལམ་དང་རྗེས་འཇུག་གི་ལམ་གཉིས་སུ་བཤད་དོ། །སྔོན་བྱུང་གི་ལམ་ནི། སྐུ་གསུམ་འཁོར་གྱི་ལམ་བགྲོད་ཚུལ་ལེའུ་དང་པོའོ། །རྒྱལ་ཚབ་སྐྱེས་བུའི་ལམ་བགྲོད་ཚུལ་ལེའུ་བཅུ་གཅིག་པ། རུ་ཏྲ་འཁོར་བཅས་ཀྱིས་ལམ་བགྲོད་ཚུལ་ལེའུ་ཉེར་བརྒྱད་ནས་སོ་གཅིག་མན་ཆད། སངས་རྒྱས་སྤྲུལ་པའི་ལམ་བགྲོད་ཚུལ་ཞེ་བརྒྱད་པའོ། །རྗེས་འཇུག་གི་ལམ་ལ་གཉིས་ཏེ། ཐུན་མོང་པ་སྤྱིའི་ལམ་དང་། ཁྱད་པར་མདོ་འདི་ཉིད་ཀྱི་ལམ་མོ། །ཐུན་མོང་སྤྱིའི་ལམ་ནི། སྤྱོད་པ་འདྲེན་སྒོ་མཚན་ཉིད་སྡེ་གསུམ་ཐབས་ཀྱི་སྦྱོར་སྒོ་ཕྱི་པ་སྡེ་གསུམ། ངེས་པའི་གསང་སྒོ་ནང་པ་སྡེ་གསུམ། དེ་རེ་རེ་ལ་ཡང་། ལྡེ་མིག་གསུམ་གསུམ་སྟེ། འབྱེད་དགྲོལ་འབྱིན་པར་བྱེད་པའོ། །དེ་ལྟར་ཐེག་པ་དགུ་ཀ་ལམ་དུ་ཁྱེར་ནས་འབྲས་བུ་ལ་སྦྱོར་བའོ། །ཁྱད་པར་འདི་ཉིད་ཀྱི་ལམ་ལ་གཉིས་ཏེ། ཐབས་ལམ་གཙོ་བོར་ཐབས་དང་གདམ་ངག་གི་སྒོ་ནས་ཉམས་སུ་ལེན་པའོ། །ཤེས་གཙོ་བོར་དཔྱད་གསུམ་གྱིས་རྒྱུད་གྲོལ་བའོ། །རབ་གྲོལ་བའི་ལམ་མོ། །དང་པོ་ནི། རོལ་པའི་ཀ་ར་ལ་སོགས་པ། མན་ངག་ཐབས་ཀྱིས་དེར་འཇུག་དང་། ཞེས་པས། རིམ་གྱིས་པ་སྟེང་སྒོ་འཁོར་ལོ་བཞི་བསྒོམ་པའི་ཐབས་དང་ཅིག་ཆར་བ་འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ཏེ་སྒོམ་པའི་ཐབས་སོ། །གཉིས་པ་གྲོལ་ལམ་ནི། ཐོས་བསམ་སྒོམ་པའི་ཚུལ་འགྲོ་བའི། །དེ་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དུ་ཡི་གེ་དེ། །རྗེས་འཇུག་ཅེས་པས་གསུམ་དུ་བཤད་ཀྱང་། དོན་བཞིར་ཤེས་པར་བྱ་སྟེ། རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་དབབ་པ་དང་། དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པ་བསྒོམ་པ་དང་། ཡི་གེ་རྗེས་སུ་འཇུག་པ་མཚན་བཅས་ལྷ་བསྒོམ་པ་དང་། དོན་དུ་ཡི་གེ་ཐུན་མོང་གི་རྗེས་སུ་འཇུག་པའོ། །དང་པོ་ལ་ཡང་། དོན་བསྡུས་ལས། དང་པོ་སྔོན་འགྲོ་ཉིད་བློ་ཡི་སྟོབས་ཀྱི་རྣམ་པ་གཉིས། ཞེས་པས། བླ་མ་དམ་པའི་མན་ངག་གིས། རྩོལ་བ་མེད་པར་ཅིག་ཅར་དུ་གཏན་ལ་དབབ་པ་དང་། བློ་ཆུང་བས་རིགས་པའི་གཏན་ཚིག་གིས་བརྟགས་དཔྱད་བྱས་ནས། རིམས་ཀྱིས་གཏན་ལ་དབབ་པའོ། །དེ་ཡང་། ལུང་ལས་གྲགས་པའི་དོན་རྣམས་ལ། །རིགས་པའི་གཏན་ཚིགས་མཐའ་དག་ཏུ། །མན་ངག་ངེས་པའི་ཚད་མ་ཡིན། །སོ་སོར་རྟོག་དང་རྩོལ་མེད་པར། །རིམས་དང་ཚིག་ཆར་གཏན་ལ་འབེབས། ཞེས་སོ། །གཉིས་པ་དོན་གྱི་རྗེས་སུ་འཇུག་པ་ལ་ཡང་གཉིས་ཏེ། དོན་ལ་འཇུག་པའི་ཚུལ་སྒོ་ནས། དོན་ལའང་། རིམ་དང་ཅིག་ཆར་བའོ། །ཞེས་པས་རིམ་གྱིས་པ་དང་། ཅིག་ཆར་བའོ། །རིམ་གྱིས་པ་ལ་ཟག་བཅས་དང་། ཟག་མེད་གཉིས་སོ། །ཟག་བཅས་ལ་སོགས་ལམ་དང་སྦྱོར་ལམ་གཉིས་སོ། །ཟག་མེད་ལ་མཐོང་ལམ། སྒོམ་ལམ། མཐར་ཕྱིན་ལམ་གསུམ་མོ། །དེ་ལ་ཟག་བཅས་ལ་དོན་རྣམ་པ་གསུམ་ཞེའོ་སྟེ། ཏིང་ངེ་འཛིན་གྱིས་ངོ་བོའི་ཁྱད་པར་དང་། སེམས་སྐྱེ་ལུགས་ཀྱི་ཁྱད་པར་དང་། སྐྱོན་གྱིས་དབང་དུ་འགྱུར་མི་འགྱུར་གྱི་ཁྱད་པར་དང་། དཔེའམ་རྟགས་ཀྱི་ཁྱད་པར་བསྟན་པའོ། །དང་པོ་ནི། དོན་བསྡུས་ལས། གསལ་འགྱུར་བ་མ་ངེས་པའི་ས་དང་བརྟན་རྟེན་པ་བཞིའི་ས་དང་ཡུན་རིང་གལ་ཆེན་སྦྱོར་བའི་ས་དང་། ཤིན་ཏུ་བསླབ་པ་རྒྱུན་གྱིས་ཡུན་རིང་ཚད་ལས་བསོད་ནམས་གཏེར་གྱིས་འདས་ཞེས་སོ། །སྐྱོན་གྱི་དབང་དུ་འགྱུར་མི་འགྱུར་གྱི་ཁྱད་པར་ནི། དོན་བསྡུས་ལས་མི་མཐུན་ཕྱོགས་དང་ཕྲད་པའི་ཚེ། དེ་འདུན་པ་སེམས་པའི་རྣལ་འབྱོར་དང་པོ་ལ་གནས་པའི་དུས་སུ་དབང་དུ་འགྱུར་དང་། ཅུང་ཟད་དུ་ལས་དོང་བ་མི་འགྱུར། ས་གཉིས་པ་ཐང་ཅིག་གནས་པ་དང་། གསལ་རིགས་ཆེན་འབྱེད་པའི་བར་བརྟན་པའི་ས་གསུམ་པ་ལ་རིགས་གོམས་དང་། །མཚན་མ་རྟགས་ཀྱི་རང་དབང་འགྱུར་དང་ཆེར་ས་བཞི་པ་ལ་བརྟན་དང་། །སྤྱོད་ལམ་ཀུན་ཏུ་སྤྱོད་པ་རྒྱུན་གྱིས་ལྔ་པ་ལ་རླུང་གནས་ཡིན། །ཞེས་སོ། །སེམས་སྐྱེ་ལུགས་ཀྱི་ཁྱད་པར་ནི། མཉམ་ཉིད་གསང་བའི་བདེ་དོན་ལ། །ས་དང་པོ་ལ་དད་དང་མོས་དང་དེར་ས་གཉིས་པ་ལ་བརྩོན་དང་། །དེ་དེར་ས་གསུམ་པ་ལ་གཡོ་དང་ས་བཞི་པ་ལ་ཆེར་གཡོས་དང་། །ས་ལྔ་པ་ལ་མཐོ་དང་འདྲ་བར་འགྱུར་ཡིན་ཏེ། །ཞེས་སོ། །དཔེའམ་རྟགས་ཀྱི་ཁྱད་པར་ནི། སྐར་ཚོགས་ལམ་བདུན་པ་སེམས་ཀྱི་རྣལ་འབྱོར་གྱི་དུས་སུ་འཕྲན་ལྟར་དུ་མཐོང་འབྲིང་དང་ལས་དང་པོ་འདི་དང་ཆེན་པོ་རིགས་ཆེན་འབྱེད་པའི་དང་། །མཚན་མ་རྟགས་ཀྱི་ཅིག་པ་གཉིས་པའི་སྤྱོད་པ་རྒྱུན་གྱི་རྣལ་འབྱོར་གྱི་དུས་སུ་ཟླ་བ་འདྲ་བར་མཐོང་ངོ་། །ཞེས་སོ། །ཟག་བཅས་ཡིན་པའི་རྒྱུ་མཚན་ནི། །དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེར་ཐ་མིན། །ཞེས་སོ། །ཟག་མེད་ལ་དོན་གསུམ་སྟེ། དང་པོ་མཐོང་ལམ་གྱི་ཏིང་ངེ་འཛིན་གྱི་ངོ་བོའི་ཁྱད་པར་ནི། རང་གི་མཚན་ཉིད་མངོན་སུམ་དུ་གསལ་བར་ས་དྲུག་པ་རྟེན་པའི་ཁྱད་པར་དུ་སྤྲོ་བའི་ས་ལ་གནས་པའི་དུས་སུ་མཐོང་བས་ཡོན་ཏན་གྱི་ཁྱད་པར་ནི། དབུགས་དབུགས་ཆེན་འབྱིན་པའི་རྣལ་འབྱོར་དབུགས་ཕྱིན་ཏེ་ཟག་པ་ཟད་ནས་འཇིག་རྟེན་འདས། དཔེ་ཡི་ཁྱད་པར་ནི། གསུམ་པའི་རི་བོ་ཅན་འདྲ་ཡིན། །ཞེས་སོ། །སྒོམ་ལམ་གྱི་ཏིང་ངེ་འཛིན་གྱི་ངོ་བོ་དམིགས་པའི་ཁྱད་པར་དུ་འགྲོ་བའི་ས་ནི། རྣལ་འབྱོར་ནི་ལུང་ཆེན་ཐོབ་པའི། མཐོང་བའི་དོན་ལ་མཉམ་གནས་པས། །བརྟན་པར་གྱུར་ཏེ། ཡོན་ཏན་གྱི་ཁྱད་པར་ནི། ལུང་ཆེན་ཐོབ། འབྲས་བུ་ཆེར་འབྱུང་། དཔེ་ནི། བཞི་པ་འདྲ། ཞེས་སོ། །མཐར་ལམ་གྱི་ཏིང་ངེ་ས་གསུམ་སྟེ་འཛིན་གྱི་ངོ་བོའི་ཁྱད་པར་ནི། རང་དང་སྤྱིའི་ཐ་སྙད་བྲལ། །དམིགས་མེད་ཀུན་གསལ་ཡེ་ཤེས་ཉིད། །ཡོན་ཏན་གྱི་ཁྱད་པར་ནི། གནས་པ་མི་འགྱུར་བའི་ས་གཡོ་དང་བརྡལ་བ་ཆོས་ཉིད་ཐོབ་དང་གནས་རྫོགས་པའི་རྫོགས་པ་སྤྱིའི་ཁྱབ་ཀྱི་ས། རིམ་པས་མཐར་ཕྱིན་གསུམ་དུ་གནས། །དཔེ་ནི། ལྔ་པ་བརྒྱད་དང་། བཅུ་དྲུག་ཚུལ་དུ་གསལ་ཞེས་པས་སོ། །དོན་གྱི་རྗེས་སུ་འཇུག་པའི་ཅིག་ཆར་བ་ནི། དོན་བསྡུས་ལས། གང་དག་བློ་ཆེན་མངོན་རྟོགས་པས། །མཉམ་ཉིད་ཡུལ་བྲལ་རང་གསལ་བ། །མི་གཡོ་ཅིག་ཅར་གང་འཇུག་པ། །ས་དང་ལམ་གྱི་གྲངས་རྩོལ་མེད། །ཅེས་པ་དང་། རྒྱུད་ཉིད་ལས་དགོངས་འདུས་ལས། དཔེ་ན་མཐའ་དབུས་མཉམ་ཉིད་ལ། །བསྡུད་དེ་ཅིག་ཅར་གང་འཇུག་པ། །ཏིང་འཛིན་གནས་ཡུན་རིང་ཐུང་དང་། །ལས་འཕྲོ་ཡོད་དང་མེད་པ་ཡི། །ནམ་འགྲུབ་མཉམ་པའི་ཁ་མ་ལུས། །ཞེས་པའི་དོན་གྱིས། རྟོགས་པ་གྲོལ་བ་དུས་གཅིག་པའོ། །གསུམ་པ་ཡི་གེའི་རྗེས་སུ་འཇུག་པ་ནི། ཡི་གེ་མཚན་མའི་རྣལ་འབྱོར་དག །བློ་ཡི་ཁྱད་པར་ཆེས་ཕྲ་ཡིས། །ཐམས་ཅད་གསལ་རྫོགས་ཅིག་ཅར་དང་། ལྔ་པ་གསུམ་ལ་སོགས་པར་སྣང་། །ཞེས་པའི་དོན་གྱིས། རིམ་གྱིིི་པ་དང་། ཅིག་ཆར་བ་གཉིས་སོ། །དེ་ལ་རིམ་གྱིིས་པ་ལ། ལམ་ལྔ་ས་བཅུ་དང་སྦྱོར་ནས་བཤད་དེ། ཚོགས་ལམ་ལ་ས་གཉིས། སྦྱོར་ལམ་ལ་ས་གསུམ། མཐོང་ལམ་ལ་ས་གཅིག །སྒོམ་ལམ་ལ་ས་གཅིག །མཐར་ལམ་ལ་ས་གསུམ་མོ། །དེ་རེ་རེ་ལ་ཡང་ཆོས་བཞི་བཞི་དང་ལྡན་པར་བྱ་སྟེ། ཚོམ་བུའི་གྲང་དང་རྣམ་པའི་ཁྱད་པར་དང་། ཕྱག་རྒྱའི་ཁྱོན་དང་། འཕྲོ་འདུའི་ཚད་དོ། །ཚོམ་བུའི་གྲངས་ནི། ས་དང་པོ་པ་འདུན་པ་སེམས་དཔའ་བས་བརྒྱད་པ་བདེ་བ་ཆེན་པོའི་ལྷའི་ཕྱག་རྒྱ་གཅིག་པ་དང་། །གཉིས་འབྲེལ་ས་གཉིས་པ་ལས་དང་པོ་པའི་ཡན་ལག་རྫོགས་པ་དང་། །ས་གསུམ་པ་འཁོར་རྣལ་འབྱོར་ནི་རིག་ཆེན་འབྱེད་པ་ལོ་གཅིག་དང་རྣམ་ས་བཞི་པ་མཚན་མ་རྟགས་སྤྲོས་དང་། །ཤིན་ཏུ་ས་ལྔ་པ་སྤྱོད་པ་རྒྱུན་རྣམ་སྤྲོས་དཀྱིལ་འཁོར་དང་། །ས་དྲུག་པ་དབུགས་ཆེན་འབྱིན་པ་གླིང་གཅིག་གང་དང་སྟོང་ས་བདུན་པ་ལུང་ཆེན་ཐོབ་པའི་གསུམ་གང་། །གྲངས་མེད་ནམ་མཁའ་ཁྱབ་ཚད་ལྷུན་གྱིས་གྲུབ་པ་ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་ཤིན་ཏུ་གྲངས་མེད་པ་ས་དགུ་པ་རྩལ་ཆེན་རྫོགས་པའི། ཆོས་དབྱིངས་ས་བཅུ་པ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གྱུར་པའི་དུས་སུ་མཐའ་ཡས་རང་གསལ་རྫོགས། ཞེས་སོ། །གཉིས་པ་རྣམ་པའི་ཁྱད་པར་ནི། ཡང་ས་དང་པོ་ལ་རྟོག་དང་ཚོགས་ལམ་པ་མཚན་ས་གཉིས་པ་ལ་མའི་རྣལ་འབྱོར་དང་། །སྤྱོད་ལམ་དང་ཆུ་ཟླ་ས་གསུམ་པ་ལ་ལྟ་བུར་བཟུང་མེད་དང་། །ས་བཞི་པ་གཟུང་འཛིན་གཉིས་བྲལ་དེ་ཉིད་དང་། །ས་ལྔ་པ་ལ་ཅི་ལའང་མི་གནས་མཉམ་ཉིད་དང་། །མཐོང་ལམ་པ་རང་གི་མཚན་ཉིད་ས་དྲུག་པ་ལ་གསལ་ངེས་དང་། །བསྒོམ་ལམ་པ་ས་བདུན་པ་ལ་ཟག་པ་མེད་དང་ལྷུན་གྲུབ་པའི། །ས་བརྒྱད་པ་ལ་ཐོབ་དང་ཤིན་ཏུ་མཐར་ལམ་ས་དགུ་པ་ཐོབ་པ་རྒྱུན་དང་། །ས་བཅུ་པ་བརྟན་རྫོགས་ཉིད་དེ་རྣམ་བཅུའོ། །ཞེས་སོ། །གསུམ་པ་ཕྱག་རྒྱའི་ཁྱོན་ནི། ཚད་ཀྱང་ཁྲུ་བཞི་འདུན་པ་སེམས་པའི་དུས་སུ་བརྒྱད་ཅུ་ལས་དང་པོ་དྲུག་རིགས་ཆེན་འབྱེད་པའི། སུམ་ཅུ་མཚན་མ་རྟགས་ཀྱི་གཉིས་དང་དྲུག་ཅུ་སྤྱོད་པ་རྒྱུན་གྱི་བཞི། །དེ་བཞིན་སྒྱུར་དབུགས་ཆེན་འབྱིན་པའི་འཁོར་ཡུག་སོགས་ཆོས་དབྱིངས་རྣམས་ལྷ་གསལ། །ཞེས་སོ། །བཞི་པ་འཕྲོ་འདུའི་ཚད་ནི། ས་དང་པོ་ལ་གནས་དུས་འཕྲོ་འདུ་དབུགས་ཡུལ་དང་། གཉིས་པ་དྲི་དང་གསུམ་པ་སྒྲ་དང་། བཞི་པ་གཟུགས་སོགས་རིམ་བཞིན་འཕགས། ས་ལྔ་པའི་དུས་སུ་གིང་གཅིག །དྲུག་པའི་དུས་སུ་འཁོར་ཡུག །བདུན་པའི་སྟོང་གསུམ། བརྒྱད་པ་ལ་སེམས་ཀྱི་ཁྱབ་ཚད། ནམ་མཁས་ཁྱབ་ཚད། ལྷུན་གྱིས་གྲུབ་པ་ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད། དགུ་པ་ལ་ནམ་མཁའ་ཁྱབ་ཚད། བཅུ་པ་རྫོགས་པ་སྤྱིར་ཆིབ་ཀྱི་ས་ནོན་པའི་དུས་སུ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཚད་དུ་འཕྲོ་འདུ་བྱེད་ནུས་སོ། །ཡི་གེའི་རྗེས་སུ་འཇུག་པའི་ཅིག་ཆར་བ་ནི། དོན་བསྡུས་ལས་ཐམས་ཅད་གསལ་རྫོགས་ཅིག་ཅར་དང་། །ལྔ་དང་བཅུ་ལ་སོགས་པར་སྣང་། །ཞེས་པ་དང་། ལེའུ་དོན་ལྔ་པ་ལས། གཏན་ཡུལ་དཀྱིལ་འཁོར་ཕྱག་རྒྱ་རྫོགས། ། རྟོག་འཛིན་སྒྲ་སྐད་ཏིང་འཛིན་སྔགས། ཞེས་པའི་དོན་གྱིས། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཐམས་ཅད་ཕྱག་རྒྱ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་བསྒོམ་པ་ཡིན་ཏེ། བཞུགས་གནས་དང་བཞུགས་ཚུལ། རྒྱན་དང་ཆ་ལུགས། སྐུ་མདོག་དང་ཕྱག་མཚན་མ་འདྲེས་ལ་ཡོངས་སུ་རྫོགས་པར་བསྒོམ་པའོ། །བཞི་པ་དོན་དང་ཡི་གེ་ཐུན་མོང་གི་རྗེས་སུ་འཇུག་པ་ལ་གསུམ་སྟེ། རིམས་ཀྱིས་པ་བློ་ཆེ་ཤོས་ལ་ལྔ་ལྔ་དབྱེ་བ་དང་། འབྲིང་ལ་བཅུ་བཅུར་དབྱེ་བ་དང་། ཐ་མ་ལ་སུམ་ཅུ་སོ་དྲུག་གམ་བཞི་བཅུར་དབྱེ་བར་བཤད་དོ། །དེ་དག་ལ་ཡང་གསུམ་སྟེ། མི་བསྟན་པ་དོན་བསྟན་པ། ལམ་ལྔ་ལ་གནས་པའི་ཡོན་ཏན་གྱི་ཁྱད་པར་བསྟན་པའོ། །དེ་ལ་མི་བསྟན་པ་ནི། ལམ་ལྔ་རྣལ་འབྱོར་རིག་འཛིན་དང་། །ས་དང་གནས་སྐབས་ཡེ་ཤེས་དང་། །སྒྲིབ་དང་གོལ་ས་རྟོག་པ་དང་། །སྤྱོད་དང་ཏིང་འཛིན་དམ་ཚིག་དང་། །དུས་དང་དངོས་གྲུབ་མཐར་ཕྱིན་དང་། །ལྟ་བའི་ཁྱད་པར་གནས་འགྱུར་རྣམས། །བྱེ་བྲག་ལམ་ལྔའི་ཆོས་སྐུ་སྣང་། །རྣམ་པར་ས་བཅུའི་ལམ་རྣམས་ལ། །ཁྱད་པར་དེ་དག་རྣམ་བཅུར་གསལ། །ཞེས་སོ། །དེའི་དོན་རྣམ་ངེས་ཚིག་ནི། དོན་དང་ཡི་གེ་གང་དེ་ཡང་། །སོ་སོའི་གནས་སྐབས་ལམ་དག་ཉིད། །བགྲོད་དང་དེ་ཆོས་ལྡན་པ་ཅིའི་ཕྱིར་ལམ་ཞེ་ན་བགྲོད་པས་ན་ལམ་དང་། །རྒྱུད་མི་གཏོང་བས་ནི་རིག་འཛིན་དང་རྟེན་བྱེད་པས་ན་སའོ་དང་། །དུས་དེ་སྐབས་ཞེས་པའི་ཐད་ལ་བབ་པ་ན་དང་སྐབས་སོ་འབྲས་བུ་ཇི་ལྟ་བ་བཞིན་རྟོགས་པའི་ཡེ་ཤེས་དང་། །གེགས་སུ་གྱུར་པས་ན་སྒྲིབ་པའོ་དང་འདྲ་བའི་ལྟུང་གནས་སུ་གྱུར་པས་ན་གོལ་ས་དང་། །རྩོལ་ཞིང་མ་བྲལ་བས་རྟོགས་པའི་སྒྲོད་པའི་ལམ་སེམས་དང་། །སྤྱོད་ལམ་ལྟ་བ་དང་ཏིང་འཛིན་རྗེས་སུ་མཐུན་པར་སྤྱོད་པས་ནའོ་ཀུན་ཏུ་བློ་གནས་པས་ན་ཏིང་ངེའོ། །དང་། །མི་འདའ་སྲུང་པས་ན་དམ་ཚིག་གོ་དང་དུས་ཉིད་དེ་ཉིད་དུ་ངེས་པས་ན་དུས་སུ་དང་། །ཡོན་ཏན་མཐུ་དང་ལྡན་པས་ན་དངོས་གྲུབ་བོ་བྱ་བྲལ་མཐར་ཐུག་པས་ན་དང་། །ཤེས་རབ་སྟོབས་དང་ཤེས་རབ་ཆེ་ཆུང་གི་ལྟ་བ་ལ་ཁྱད་པར་བྱུང་ཞིང་ཁྱད་པར་ལས། །ཐ་སྙད་ཐ་སྙད་ཀྱི་སྒོ་ནས་ཀུན་གཞིའི་གནས་འགྱུར་བསྟན་པའོ་བྱེ་བྲག་རྣམ་གསུམ་གསུངས། །ཞེས་སོ། །ཤིན་ཏུ་རྒྱས་པར་དབྱེ་ན། གཞན་ཡང་སེམས་བསྐྱེད་སྔགས་ལ་སོགས། །ལམ་གྱི་ཆོས་སྒོ་ཐ་དད་ཀུན། །ལྔ་དང་བཅུ་སོགས་གྲགས་པ་ཡིན། །ཞེས་སོ། །གསུམ་པ་ལམ་ལྔ་ལ་གནས་པའི་ཡོན་ཏན་གྱི་ཁྱད་པར་ནི། ས་དང་པོ་དང་གཉིས་པ་ལ་གནས་པས་གསང་ཆེན་གྱི་འབྲས་བུ་ཐོབ་པར་བྱེད་པའི་ལམ་གྱི་རྟེན་བྱེད་པ་གསུམ་པ་ལ་གནས་པའི་རྐྱེན་གྱིས་ངན་སོང་དུ་ལྟུང་ཡང་། ལྟ་བསྒོམ་རྟོག་པའི་གཟུངས་ཀྱི་ཟིན། ས་བཞི་པ་ལ་གནས་པས་ནི། ལུས་ངན་པ་ལེན་མི་སྲིད་དེ་བདེ་འགྲོ་ལྷ་དང་མིའི་འབྲས་བུ་ཐོབ། ས་ལྔ་པ་ལ་གནས་པས་ནི་བདེ་འགྲོ་འདོད་ཁམས་ལ་སོགས་པར་ཡང་མི་ལྟུང་སྟེ་འཁོར་བ་ལས་ཐག་བསྲིངས། ས་དྲུག་པ་ལ་གནས་པས་ནི་ཟག་པ་དང་བྲལ་བས། ཁམས་ཀྱི་འཇིགས་པ་མེ་ཆུ་ལ་སོགས་པས་མི་ཚུགས། ས་བདུན་པ་ལ་གནས་པས་ནི། ཐེག་པ་འོག་མ་པར་མི་ཟློག །ཞི་བདེ་ལ་མི་གནས་ཤིང་། གཞན་དོན་ལ་ཕྱིར་འོང་། ས་བརྒྱད་པ་ལ་གནས་པས་ནི། མི་ཤེས་པའི་སྐྱོན་དང་བྲལ་ཞིང་ཤེས་བྱ་ཁོང་དུ་ཆུད། ས་དགུ་པ་ལ་གནས་པས་དུས་སུ། ལམ་མཐར་རྫོགས་སུ་ཉེ་ཞིང་འབྲས་བུ་མྱུར་དུ་སྦྱོར། ས་བཅུ་པའི་དུས་སུ། ས་སྒྲོད་དགོས་པར་མི་ཟློག་ཅིང་སངས་རྒྱས་ཀྱི་ས་ལ་ཐོགས་པ་མེད་པ་མངོན་དུ་འགྱུར་ཞིང་། ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་ལྡན་ནོ། །གསུམ་པ་ལམ་གྱི་རྐྱེན་ཡན་ལག་ནི། དོན་བསྡུས་ལས། དེ་རྐྱེན་ཡན་ལག་རྣམ་པ་གཉིས། །སྒྲུབ་བྱེད་རྐྱེན་དང་ཤེས་བྱེད་པའི། །ཞེས་པས། ལམ་བསྒྲུབ་བྱེད་ཀྱི་རྐྱེན་ཡན་ལག་དང་། ལམ་ཤེས་བྱེད་ཀྱི་རྐྱེན་ཡན་ལག་གོ། །སྒྲུབ་བྱེད་ནི། ལམ་གྱི་ཡན་ལག་སུམ་ཅུ་གཉིས། །མདོ་དང་གཞི་དང་བསླབ་པའི་མཐའ། །ཞེས་པས་སྤྱི་དོན་གསུམ་སྟེ། སྔགས་ཀྱི་སྐོལ་མདོ་བཅུ་གཉིས། གསང་སྔགས་ཀྱི་གཞི་བཅུ། བསླབ་པའི་མཐའ་བཅུའོ། །བསྐོལ་མདོ་བཅུ་གཉིས་ནི། ཐེག་པ་རིམ་པ་དགུ་ཀ་ལ་སྦྱར་དུ་རུང་ཡང་། སྐབས་འདིར་ཨ་ནུ་ལ་སྦྱོར་ཏེ། །མདོ་ནི་བཅུ་གཉིས་འཇུག་སྒོ་དང་། །ཞེས་དང་། འཇུག་པའི་སྒོ་དབྱིངས་དང་ཡེ་ཤེས་ཀྱི་སྒོ་ནས་འཇུག །དམ་ཚིག་ཏིང་འཛིན་ལྟ་བ་དང་། ཞེས་པས་དམ་ཚིག་ནི་སྙིང་རྗེའི་དམ་ཚིག་དང་། ཆོས་ཉིད་ཀྱི་དམ་ཚིག་སྲུང་། ལྟ་བ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པར་ལྟ། ཏིང་ངེ་འཛིན་ནི། དོན་དང་ཡི་གེའི་རྗེས་སུ་ཞུགས་ནས། མཚན་བཅས་དང་མཚན་མེད་སྒོམ་མོ། །དམིགས་པ་ཟླས་པ་ཕྲིན་ལས་ནི་དང་། ཞེས་པས། དམིགས་པ་ཐམས་ཅད་རང་གི་སེམས་ཀྱི་བདག་ཉིད་ཆེན་པོར་དམིགས། ཟླས་པ་ནི་བྲག་ཆ་ལྟར་གྲགས་སྟོང་དབྱེར་མེད་དུ་ཟློས་ཕྲིན་ལས་ནི་ཞི་རྒྱས་དབང་དྲག་བཞིས་དོན་མཛད། སྤྱོད་ལམ་དང་ནི་ཐོབ་བྱའི་དབང་། ཞེས་པས་སྤྱོད་པ་ནི་ཐབས་ཀྱི་སྤྱོད་པ། དབང་བསྒྱུར་གྱི་སྤྱོད་པ་བྱེད། ཐོབ་བྱའི་དབང་ནི་ཁྲོ་བོའི་དབང་མཆོག་སུམ་ཅུ་རྩ་དྲུག་བསྐུར་རིག་འཛིན་དང་སངས་རྒྱས་པ། ཞེས་པས་རིག་འཛིན་གྱི་ས་ནི། སྒྲ་ལ་གནས་པའི་ལམ་ལ་གནས་པའི་ཚེ་ལ་དབང་བའི། ཕྱག་རྒྱ་ཆེན་པོའི་ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །སངས་རྒྱས་ཀྱི་ས་ནི། བརྡལ་བ་ཆོས་ཉིད་དང་། ཡི་གེ་འཁོར་ལོ་ཚོགས་ཆེན་ཐོབ། །ངེས་འབྱེད་ཡན་ལག་དག་ཏུ་བཤད། །ཅེས་པས། ལྟ་བ་ངེས་པར་བྱེད་པའི་ཡན་ལག །ཆོས་རྟགས་ཀྱི་ཕྱག་རྒྱ་བཞིས་ལྟ་བའི་དོན་ངེས་པར་བྱེད་དོ། །གསང་སྔགས་ཀྱི་གཞི་བཅུ་ནི། གཞི་ནི་རྣམ་བཅུ་སྒྲུབ་པ་དང་། །ཞེས་པས་སྒྲུབ་པ་སྒྱུ་མ་ལྟ་བུ། གསང་སྔགས་མི་དང་སྤྱོད་པ་དང་། །ཞེས་པས། གསང་སྔགས་ཀྱི་མི་སྨིག་སྒྱུ་ལྟ་བུ། སྤྱོད་པ་རྨི་ལམ་ལྟ་བུ། དངོས་གྲུབ་གནས་དང་ཟླས་པའི་སྒྲ། །ཞེས་པས་དངོས་གྲུབ་གཟུགས་བརྙན་ལྟ་བུ། གནས་དྲི་ཟའི་གྲོང་ཁྱེར་ལྟ་བུ། བཟླས་པས་བྲག་ཆ་ལྟ་བུ། ཕྱག་རྒྱ་ཏིང་འཛིན་ལྟ་བ་དང་། །ཞེས་པས། ཕྱག་རྒྱ་ཆུ་ཟླ་ལྟ་བུ། ཏིང་ངེ་འཛིན་ཆུའི་ཆུ་བུར་ལྟ་བུ། ལྟ་བ་མིག་ཡོར་ལྟ་བུ། ཆོ་འཕྲུལ་དག་སྟེ་དེ་དག་དོན། །ཞེས་པས་ཆོ་འཕྲུལ་འགལ་མེ་སྐོར་བ་ལྟ་བུའོ། །དེ་ལྟར་དཔེ་བཅུས་མཚོན་ནས་དོན་ལ་གནས་ཤིང་ཡང་དག་པའི་དོན་སྒྲུབ་པར་བྱེད་པའོ། །བསླབ་པའི་མཐའ་བཅུ་ནི། བསླབ་པའི་མཐའ་ནི་རྣམ་བཅུ་སྟེ། །དམ་ཚིག་གཞི་དང་རྒྱུད་འགྲོལ་དང་། །སྒོ་མོར་སྐུར་དང་ཡུལ་དབྱུང་དང་། །དབང་རིམ་ལ་དོར་སྤྱོད་པ་དང་། །ཐག་བཅད་པ་དང་ཉམས་སླང་དང་། །མན་ངག་དོན་དང་མདོར་བསྡུས་རྣམས། །རྣལ་འབྱོར་བསླབ་པའི་མཐའ་བཅུར་བཤད། །ཅེས་པའི་དོན་གྱིས་གཞི་དམ་ཚིག་གིས་བཟུང་བ་བསྡུས་པར་ཆད་ནས་མིང་ཙམ་འཆད། འབྲིང་གཞི་འཛིན་པ་ནི་དམ་ཚིག་སྟེ། སྒོ་གསུམ་སྒོམ་པར་གནས་པའི་དོན། །རྩ་བ་ཡན་ལག་ལ་སོགས་པའི། །སྲུང་དང་སྒྲུབ་པ་དེ་ཉིད་དོ། །ཞེས་པ་ལ་སོགས་པའི་དོན་དང་སྦྱར་ནས་བཤད། རྒྱས་པར་འཆད་ནས་སྤྱི་དོན་བཞི་བཞི་བཤད་དོ། །ལ་བསླབ་པ་ཞིང་ས་གཤིན་པོ་སོ་ནམ་བྱེད་པ་ལྟ་བུ། རྒྱུད་ཐོས་པས་གྲོལ་བ་གྱི་ལིང་སྒྲོག་གྲོལ་བ་ལྟ་བུ། སྒོ་ཀུན་ནས་བསྡུ་བ་ལ་བསླབ་པ་བུང་བ་ཚང་འཚོལ་བ་ལྟ་བུ། ཕུལ་དུ་མཁས་པས་དབྱུང་བ་ལ་བསླབ་པ་རི་རྒྱལ་ལྷུན་པོའི་རྩེར་ཕྱིན་པ་ལྟ་བུ། རིམ་པ་དབང་གིས་སྒྲོལ་བ་རྒྱལ་བུ་རྒྱལ་ས་འཛིན་པ་ལྟ་བུ། ལ་སྤྱོད་པས་དོར་བ་ལ་བསླབ་པ་གླང་པོ་ཆེས་ཆུ་བརྒལ་བ་ལྟ་བུ། ཐག་ལྟ་བས་བཅད་པ་ལ་བསླབ་པ་ཁྱུང་དར་མ་ནམ་མཁའ་ལ་ལྡིང་བ་ལྟ་བུས་བསྟན། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ལ་བསླབ་པ་ནོར་བུ་རིན་པོ་ཆེ་སྟོན་པའི་དེད་དཔོན་ལྟ་བུ། དོན་མན་ངག་གིས་སྒྲུབ་པ་ལ་བསླབ་པ་གསེར་འགྱུར་གྱི་རྩི་ལྟ་བུ་མདོ་དོན་གཅིག་ཏུ་འདུ་བར་བསླབ་པ་སོ་ནམ་གྱིས་ཁེ་སྒྲུབ་པ་ལྟ་བུའམ་དགོངས་མལ་ལྟ་བུའོ། །ཤེས་བྱེད་ཀྱི་རྐྱེན་ཡན་ལག་ལ་གསུམ། དབྱེ་བ་བསྟན་པ། རྒྱུ་མཚན་བསྟན་པ། གཏན་ལ་དབབ་པའོ། །དང་པོ་དབྱེ་བ་ནི། རྒྱུད་ནི་བྱིན་རླབས་འབྱུང་བ་དང་། ལུང་བསྟན་རྒྱུད་པ་རྣམ་གཉིས་སོ། །ཞེས་པས་གཉིས་ཏེ། བྱིན་རླབས་འབྱུང་བའི་རྒྱུད་བསྟན་པ་དང་། ལུང་བསྟན་རྒྱུད་པའི་རྒྱུད་བསྟན་པའོ། །གཉིས་པ་རྒྱུ་མཚན་ནི། བྱིན་རླབས་སྐུ་བཞིའི་བསྟན་པ་དག །ཅེས་པས། སྟོན་པ་སྐུ་བཞི། གདུལ་བྱ་སྣོད་བཞི་ལ། བསྟན་པ་བཞིས་གསུངས་པའི་ངོས་ནས་བྱིན་རླབས་འབྱུང་བའི་རྒྱུད་ལ། ཐུབ་པའི་དབང་པོས་ལུང་བསྟན་པ་ལྟར། ཕྱག་ན་རྡོ་རྗེས་མི་ཡུལ་དུ་གསང་སྔགས་ཀྱི་རྒྱུད་རྣམས་རིག་འཛིན་མི་དང་མི་མ་ཡིན་པ་ལ། བཤད་པའི་ངོས་ནས་ལུང་བསྟན་རྒྱུད་པའི་རྒྱུད་དོ། །གསུམ་པ་གཏན་ལ་དབབ་པ་ལ་གཉིས་ལས། བྱིན་རླབས་འབྱུང་བའི་རྒྱུད་ལ་ཡང་གསུམ་སྟེ། དབྱེ་བ་དང་། ཁྱད་པར་དང་། ལྡེ་མིག་གིས་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་དབྱེ་ན། བཤད་ཐབས་ལྡེ་མིག་རྣམ་གཉིས་ཏེ། ཞེས་པས་སྤྱིའི་ཞོར་ལ་སྤྱོད་པའི་འདྲེན་སྒོ་ནས་གཏན་ལ་དབབ་པ་དང་། རྒྱུད་སྒོ་དྲུག་ཕྱི་ནང་གཉིས་སུ་བསྡུས་ཏེ་སྒོ་གཉིས་གཏན་ལ་འབེབས་པའི་ལྡེ་མིག་གོ། །གཉིས་པ་ཁྱད་པར་ལ་སྔགས་མཚན་ཉིད་ཀྱི་ཁྱར་པར་དང་། སྔགས་ནང་གི་ཁྱད་པར་དང་། བསྐྱེད་རྫོགས་གསུམ་ནང་གི་ཁྱད་པར་ལ་སོགས་པ་ཤེས་པར་བྱའོ། །གསུམ་པ་སྒོ་དང་ལྡེ་མིག་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་སྤྱོད་པའི་འདྲེན་སྒོ་གཏན་ལ་དབབ་པ་ནི། སྤྱོད་པའི་འདྲེན་སྒོ་རྣམ་འབྲེལ་གསུམ། །འབྱེད་པ་དྲུག་དང་འགྲོལ་བ་བཞི། །ངེས་པར་འབྱིན་པ་རྣམ་གསུམ་མོ། །ཞེས་པ་ཡན་ལག་རྒྱུའི་ཡན་ལག །སྦྱོར་བའི་ཡན་ལག །འབྲས་བུའི། དངོས་གཞིའི། བཟུང་བའི། མཚན་ཉིད་ཀྱི། དགོངས་པ། གཞན་པའི། ལྡེམ་པོ་གི། མཐུན་མཇུག་སྦྱོར་བའི། དོན་དམ་ངེས་པའི་བླ་མ་ཐབས་གིས་འབྱེད། མདོ་བཞིས་འགྲོལ་རྩ་བ་གསུམ་གྱིས་འབྱིན་པས་སྡེ་བཀོད་པ་རྣམ་འགྲེལ་གྱིས་སྟོན། སྒོ་གཉིས་ཀྱི་ལྡེ་མིག་ནི། སྒོ་གཉིས་སྤྱི་དང་ཁྱད་པར་ལས། །ཞེས་པས་གཉིས་ལས་སྒོ་གཉིས་སྤྱིར་བསྟན་པ་ནི། སྤྱི་ཡང་རྣམ་གསུམ་ཡན་ལག་མདོ་རྩ་བ་དག་གིས་འགྲེལ་བར་བྱེད། ཅེས་པས། ཡན་ལག་དྲུག་གི་རྒྱུའི་རྩ་བ། འབྲེལ་བའི། འདྲེན་པའི། ངེས་པའི། སྦྱོར་བའི། སྐྱེ་བ་མེད་པའི། མཉམ་པ་ཉིད་ཀྱི། ཇི་བཞིན་པའི། རྩལ་བ་མེད་པའི། དེ་ཁོ་ན་ཉིད། དམ་པར་ངེས་པ་ཡོངས་སུ་ཟིན་པ་འབྱེད། མདོ་བཞིས་འགྲེལ་རྩ་བ་གསུམ་གྱིས་འབྱིན་པ་སྟེ་བསྡུ་བ་རྣམ་གསུམ་གྱིས་སྟོན་ནོ། །ཁྱད་པར་གསང་སྒོ་ནི། ཁྱད་པར་གསང་སྒོའི་རྣམ་འགྲེལ་པར། ཡན་ལག་མདོ་དང་རྩ་བ་ཡིས་འབྱེད་འགྲོལ་ངེས་པར་འབྱིན་པར་བྱེད། ཅེས་སོ། །འབྱེད་པའི་ཡན་ལག་དྲུག །འགྲོལ་བའི་མདོ་བཞི། འབྱེད་པའི་རྩ་བ་གསུམ་མོ། །དང་པོ་ནི། འབྱེད་པ་རྒྱུ་དང་རྩ་བ་དང་། །འབྲེལ་པ་ཚིག་དང་ངེས་པ་སྦྱོར། །ཞེས་པས་དྲུག་གོ། །དེ་ཡང་སྤྱི་དོན་ཆེན་པོ་དྲུག་གིས་བཤད་དེ། ང་གཉིས་པ་ལས། གང་དུ་དགོས་པ་གང་ངེས་དང་། །ངོ་བོ་དམིགས་དང་བཅས་པའོ། །ཞེས་པས། དང་པོ་རྒྱུའི་ཡན་ལག་སྨོས་པའི་དགོས་པ་ནི། ཁུངས་སྨོས་པས་ཡིད་ཆེས་པར་བྱ་བའི་ཕྱིར་རོ། །ངོ་བོ་ནི། རྒྱུ་ནི་གླེང་གཞི་དྲུག་ཡིན་ཏེ། །བསྟན་པ་དོན་གང་དུས་གང་ཚེ་སྟོན་པ་གང་ཉིད་ཀྱིས། །གནས་གང་དུ་འཁོར་གང་ལ་གང་བརྗོད་བསྡུད་པ་པོའོ། །ཞེས་སོ། །ངེས་ཚིག་ནི། གཏན་པ་འབྱུང་བའི་རྒྱུར་འགྱུར་བའི་ཕྱིར་རོ། །རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་བ་ཤིན་ཏུ་རྒྱས་པར་བསམ་གྱིས་མི་ཁྱབ་པའི་གླེང་གཞི་རབ་ཏུ་རྒྱས་པར་སྐུ་ལྔའི། འབྲིང་སྣོད་ཀྱི་དབང་དུ་བཞི། བསྡུས་པར་སྤྱི་དང་མཐུན་པར་སྐུ་བཞི་ལས་ནི། སྐུ་བཞིའི་རྡོ་རྗེར་འཛིན་པ་ཆེན་པོའི་གླེང་གཞིའོ། །དེ་ཡང་དང་པོ་ཆོས་སྐུའི་གླེང་གཞི་ནི། འདི་སྐད་བདག་གིས་ཐོས་པའི་དེ་ཁོ་ན་ཉིད་སྣང་བའི་དུས་གཅིག་ན། ཞེས་པས། གནས་ནི་ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། སྟོན་པ་ཆོས་ཀྱི་སྐུས་བློ་གྲོས་ཅན་གྱིས་འཁོར་ལ། གཏན་པ་དོན་དམ་ངེས་པའི་ཚིག་ཏུ། དུས་ནི་དུས་བཞི་བརྗོད་དུ་མེད་པར་གསུངས་ལ། སྡུད་པ་པོ་ཕྱག་ན་རྡོ་རྗེར་མཛད་དོ། །ལོངས་སྐུའི་གླེང་གཞི་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱིས་ཚིག་འདི་སྐད་དུ་མཐུན་འཇུག་ཐབས་སུ་ཐོས་པའི་དུས་གཅིག་ཅིག་ན། ཞེས་པས། གནས་འོག་མིན་ཆེན་པོའི་ཕོ་བྲང་དུ་སྟོན་པ་ལོངས་སྐུའི། འཁོར་རིགས་རྒྱུད་ཅན་ལ། བསྟན་པ་ལྡེམས་དགོངས་སྦྱོར་བའི་ཚིག་ཏུ། དུས་དུས་བཞི་མཉམ་པ་ཉིད་དུ་གསུངས་པ་ལས། ཕྱག་རྡོར་གྱིས་བསྡུས་པའོ། །སྤྲུལ་སྐུའི་གླེང་གཞི་ནི། རྒྱ་ཆེར་བརྗོད་པ་ལྡེམས་དགོངས་ཀྱི་ཚིག་འདི་སྐད་དུ་བཀྲི་ཐབས་སུ་ཐོས་པའི་དོན་ཅིག་ན་ཞེས་པས། གནས་མོས་པ་ཅན་གྱི་འཇིག་རྟེན་དུ། སྟོན་པ་སྤྲུལ་པའི་སྐུས། འཁོར་ལྷ་མི་སྐལ་བ་ཅན་ལ། བསྟན་པ་ཀྲི་ཏྲ་རྒྱུད་པའི་ཚིག་ཏུ། དུས་སྒྲོན་མ་ཡོངས་སུ་བཀོད་པའི་དུས་སུ་གསུངས་པ་ཡང་། སྡུད་པ་པོ་ཕྱག་ན་རྡོ་རྗེ་གྱིས་མཛད་དོ། །གསང་བ་སྐུའི་གླེང་གཞི་ནི། འདོད་པ་རང་རྐྱེན་གྱི་ཚིག་འདི་སྐད་དུ། མ་བཀག་ཆོས་ཉིད་དུ་དགོངས་པ་རང་སྣང་བར་ཐོས་པའི་དུས་གཅིག་ན། ཞེས་པས། གནས་ནི་གཙུག་ཏོར་འཁོར་ལོ་བསྒྱུར་བ་ཡུམ་གྱི་མཁར། སྟོན་པ་གསང་བའི་སྐུས་ཞེན་ཆགས་ཅན་གྱི་འཁོར་ལ། བསྟན་པ་འདོད་པ་རང་རྐྱེན་གྱི་ཚིག་ཏུ། དུས་གསང་དབང་བསྐུར་ཞིང་འོག་སྒོ་ཉམས་སུ་ལེན་པའི་དུས་སུ་གསུངས་པ་ཡང་། སྡུད་པ་པོ་ཕྱག་ན་རྡོ་རྗེར་མཛད་པའོ། །རྒྱས་པ་ཞེས་བདུན་པས་བསྟན་ནོ། །རྩ་བའི་ཡན་ལག་ནི། རྩ་བ་གླེང་སློང་རྐྱེན་ཉིད་དེ། །ཇི་ལྟར་སློང་ནས་ཞུས་བཤད་ཚུལ། །ཞེས་པ་དང་། ཡང་། མདུན་བསུས་གུས་དང་དྲི་བ་དྲིས། །སྐབས་ལས་གླེང་དུ་སློང་བའོ། །ཞེས་པས་དོན་གསུམ་སྟེ། སྟོན་པས་མདུན་བསུ་ནས་གླེང་བསླང་བ་དང་། འཁོར་གྱིས་གུས་པས་དྲི་བ་དྲིས་ཏེ་གླེང་བསླང་བའོ། །ཞེ་བརྒྱད་པ་ནས་སྟོན་ནོ། །འབྲེལ་བ་ནི། འབྲེལ་བ་གང་བརྗོད་གང་གིས་བརྗོད། །གང་ཕྱིར་གང་གིས་སྟོབས་ཀྱིས་བཤད། །ཅེས་པ་དང་། འབྲེལ་བའི་ཡན་ལག་རྣམ་པ་བཞིར། བརྗོད་དང་། བརྗོད་བྱ་འབྲེལ་དགོངས་ཐ་མ་གཉིས་བཞི་འདྲེན་པའོ། །ཞེས་པས། དགོས་དོན་འབྲེལ་ལ་བཞི་ལས། དང་པོ་འབྲེལ་པ་ལ་གཉིས་ཏེ། ཐབས་དང་ཐབས་བྱུང་གི་འབྲེལ་པ་ནི། ཞེ་དགུ་པ་ལས། བཛྲ་ཀར་མ་ཙག་ཀྲ་སྭཱ་ཏ་ཧ་ཧ་ཧཾ་ཞེས་སྐྱེས་བུ་དབང་བསྐུར་བ་ནི་ཐབས། ལས་ཀྱི་རྡོ་རྗེར་དབང་ཐོབ་སྟེ། །ཞེས་པས། འཆད་པའི་སྐྱེ་བུར་གྱུར་པ་ནི་ཐབས་ལས་བྱུང་བའོ། །དེ་དང་དེ་ལས་བྱུང་བའི་འབྲེལ་བ་ནི། ཨེ་མ་ཧོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་འདི་ནི། འདི་ལྟར་མཐུ་ཆེ་བ། འདི་ལྟར་རྒྱ་ཆེ་བ། འདི་ལྟར་མཁས་པ་འདི་ལྟར་གསལ་ཞིང་ཟབ་པ་ནི། བཅོམ་ལྡན་འདས་ཀྱི་ཐུགས་དང་འབྲེལ་ཞིང་། ཐུགས་ལས་སྐྱེས་པ་ལགས། དེ་ཁོ་ན་ཉིད་དང་འབྲེལ་ཞིང་དེ་ཁོ་ན་ཉིད་ལས་སྐྱེས་པ་ལགས་སོ་ཞེས་བཤད་དོ། །བརྗོད་བྱ་ནི་རང་བཞིན་གྱིས་སྦས་པའི་ཆོས་ཉིད་དོ། །བརྗོད་བྱེད་བརྡའ་དཔེ་ལྡེ་མིག་དང་བཅས་པའོ། །དགོས་པ་ལ་གཉིས་ལས། དགོས་པ་ནི་དོན་རྟོགས་པའོ། །དགོས་པའི་དགོས་པ་ནི་བདེ་གཤེགས་ཀྱི་ཐུགས་མཉམ་ཉིད་རང་ཉིད་རང་རིག་པས་མངོན་དུ་གྱུར་པའོ། །ཞེ་དགུ་པ་ནས་སྟོན་ནོ། །འདྲེན་པའི་ཡན་ལག་ནི། རང་བཞིན་ལྟ་བ་ངེས་དོན་དང་། །སྤྱི་སྡུད་པ་དང་རྣམ་པར་དབྱེ། །ཚིག་དོན་འབྲེལ་དང་འབྲེལ་ཤུགས་སྦྱོར། །རང་ལུགས་ཉིད་དང་བརྒལ་ལན་དང་། །ལྡེམ་དགོངས་བརྡའ་དང་དཔེ་མཚོན་དང་། །མན་ངག་གབ་སྦས་འབྱིན་སྡེབས་རྣམས། །དཔེ་བཅུ་ལྟ་བུར་མཚོན་པའོ། །ཞེས་པས་བཅུ་སྟེ། རང་བཞིན་ལྟ་བའི་ཚིག་ཁྱུང་དར་མ་ནམ་མཁའ་ལ་ལྡིང་བ་ལྟ་བུ་དང་། སྤྱི་དོན་སྡུད་པའི་ཚིག་སེང་གེ་མཆོང་བ་ལྟ་བུ་དང་། རྣམ་པར་དབྱེ་བའི་ཚིག་སྟག་གི་མཆོང་པན་ལྟ་བུ་དང་། རང་སྐྱེས་གཉེར་གྱི་ཚིག་རུ་སྦལ་གྱི་ནུར་འགྲོས་ལྟ་བུ་དང་། འབྲེལ་པ་སྦྱོར་བའི་ཚིག་བྱ་ངང་མོའི་འཇོལ་འགྲོས་ལྟ་བུ་དང་། ཚད་མ་བཀའ་གཞུང་གི་ཚིག་དུས་ཀྱི་འབྲུག་ཆར་ལྟ་བུ་དང་། གཏར་ཀ་གགས་སེལ་གྱི་ཚིག་གླག་ཁྲ་མོ་གཟན་ལ་བཅུམ་པ་ལྟ་བུ་དང་། ལྡེམ་དགོངས་མན་ངག་གི་ཚིག་རྣ་ཕྲུག་བྲག་ལ་འཛེག་པ་ལྟ་བུ་དང་། མཚོན་པ་དཔེའི་ཚིག་མེ་ལོང་གཡའ་དག་པ་ལྟ་བུ་དང་། སྣོལ་མཚམས་འཕེན་སྡུད་ཀྱི་ཚིག་སེང་ཕྲུག་རྩལ་སྦྱོང་བ་ལྟ་བུའི་དང་བཅུའི་སྒོ་ནས་འཆད་དོ། །དེ་ནི་ལྔ་བཅུ་པས་སྟོན་དོན་ངེས་པར་འབྱེད་པའི་ཡན་ལག་ནི། ངེས་པ་གཏན་ཚིག་རྣམ་བཅུ་གཉིས། ཞེས་པའི་བཞི་ཚོ་གསུམ་སྟེ། སྣོད་བཞི་ལ་བསྟན་པ་བཞིར། ངེས་པ་ནི། གང་ལ་སྤྱན་རས་གཟིགས་དབང་གིས། །མཐའ་ཐུག་མེད་པའི་འ གྲོ་གང་དག །འདི་ན་སྣོད་བཞི་ཁོ་ནར་གཟིགས། །ཞེས་པ། གདུལ་བྱ་བཞི་ལ་བརྟན་པ་བཞིར་ངེས་པར་བྱེད་པའོ། །གཏན་ཚིགས་ཀྱི་ཡན་ལག་གམ་སྤྱི་དོན་ཆེན་པོའི་བཞིས་ངེས་པ་ནི། གང་དུ་དགོས་པ་གང་ངེས་པ། །ངོ་བོ་དམིགས་དང་བཅས་པའོ། །ཞེས་པས། གླེང་བཞི་ལ་སོགས་པ་གང་ལ་ཡང་། དགོས་ཆེད། ངེས་ཚིག །ངོ་བོ། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུངས་བ་དང་བཅས་པས་སྟོན་པའོ། །ཆོས་རྟགས་ཀྱི་ཕྱག་རྒྱ་བཞིས་ངེས་པ་ནི། བཀའ་དོན་གཏན་ཚིག་རིགས་པ་བཞིས། །སྣང་དང་མི་འགལ་རྒྱས་འཐད་སྦྱར། །ཞེས་པས་ལྟ་བའི་དོན་ལྟ་བུ་གཅིག་ལ་ཡང་། བཀའ་ལུང་ལས་སྣང་བ། དོན་དང་མི་འགལ་བ་གཏན་ཚིགས་ཀྱིས་རྒྱས་པ། རིགས་པས་འཐད་པ་དང་བཞིས་ངེས་པར་བྱའོ། །ང་གཅིག་པས་སྟོན་ནོ། །སྦྱོང་བའི་ཡན་ལག་ལ་གཉིས་ལས། བདག་དོན་དུ་སྦྱོར་བ་ལ་སོ་གཉིས་ཏེ། རྟོག་པ་བཞི་དང་མཚན་ཉིད་བཞི། །དགོས་འབྲེལ་བཞི་དང་ཡན་ལག་བཞི། །དེར་འཇུག་དཔེ་བཞི་འཚོལ་དཔེ་བཞི། །བསྙེན་སྒྲུབ་ཡན་ལག་བཞི་དག་དང་། །མཚན་ཉིད་ཚུལ་དང་སྦྱར་བ་བཞི། །རྣམ་པ་སུམ་ཅུ་རྩ་གཉིས་རྣམས། །གཞི་ཉིད་འབྲེལ་དང་ཟག་བཅས་དང་། །མཐོང་དང་སྒོམ་དང་མཐར་ཕྱིན་དང་། །སངས་རྒྱས་པ་དང་རྣམ་དྲུག་དང་། །བསྡུས་ཏེ་དེ་ཡི་ཡན་ལག་ཡིན་ཞེས་པའི་ཚུལ་གྱིས་བདག་དོན་འབྲས་བུ་ལ་སྦྱོར་བའོ། །གཞན་དོན་ཐུགས་རྗེས་སྦྱོར་བ་ཉེར་བརྒྱད་ནི། ཆོ་འཕྲུལ་བཞི་དང་མངོན་ཤེས་ལྔ། །ཐབས་དང་ཐབས་སྦྱར་ལྔ་ལྔ་དང་། །རང་བཞིན་ལྔ་དང་ཕྲིན་ལས་བཞི། །གཞན་དོན་སྤྱོད་པའི་ཡན་ལག་སྟེ། །ཞེས་པས། གཞན་དོན་འགྲོ་དོན་ལ་སྦྱོར་བའོ། །ང་གཉིས་པས་སྟོན་ནོ། །མདོ་བཞིས་འགྲོལ་བ་ནི། མདོ་བཞི་མཐོང་ཐོས་མངོན་སུམ་དང་། །བྱ་བ་བྱེད་དང་རྣམ་བཞིས་འགྲེལ། །ཞེས་པས། ཐོས་པས་ངེས་པར་འབྱུང་བའི་མདོ། །མཐོང་བས་ངེས་པར་འབྱུང་བའི་མདོ། །མངོན་སུམ་ངེས་པར་འབྱུང་བའི་མདོ། །ཐམས་ཅད་ནས་ཐམས་ཅད་དུ་འབྱུང་བ་མེད་པའི་མདོ་དང་བཞིས་འགྲེལ་ལོ། །ང་གསུམ་པས་བསྟན་ནོ། །འབྱིན་པའི་རྩ་བ་ལ་གསུམ་སྟེ། །ངེས་པའི་རྩ་བ་མན་ངག་གསུམ། །མི་མཐུན་ཕྱོགས་རྣམས་བཅད་པ་དང་། །དོན་མཐུན་འདྲ་བའི་དཔེ་མཚོན་དང་། །ངེས་པའི་དོན་ལ་གནས་པ་ཡི། །དོན་གསུམ་ཚུལ་གྱིས་རྣམ་འགྲེལ་འབྱིན། །ཞེས་པས། མི་མཐུན་པ་སྐྱོན་གྱི་རྩ་བ། མཚོན་པ་དཔེའི་རྩ་བ། དོན་ངེས་པའི་རྩ་བའོ། །ང་བཞི་ང་ལྔ་ང་དྲུག་པས་སྟོན་ནོ། །ལུང་བསྟན་རྒྱུད་པའི་བསྟན་པ་གཏན་ལ་དབབ་པ་གསུམ་སྟེ། དབྱེ་བ་དང་། བརྒལ་ལན་བསྟན་པ་དང་། གཏན་ལ་དབབ་པ་དངོས་སོ། །དབྱེ་ན་གླེང་གཞི་གླེང་སླང་ལ་སོགས་པའི་གནས་འཆད་ལ། བརྒལ་ལན་བསྟན་པ་ནི། ལུང་བསྟན་རྒྱུད་པའི་བསྟན་པ་ཡང་། །དེ་བཞིན་ཚུལ་དུ་འགྲེལ་བས་ཏེ། །ཞེས་པས། འོ་ན་ལུང་བསྟན་རྒྱུད་པའི་བསྟན་པ་ལ་གླེང་གཞི་གླེང་སླང་ཡོད་ཀྱིས། དགོས་འགྲེལ་ལ་སོགས་ཇི་ལྟར་འགྲེལ། མི་འགྲེལ་ན་དོན་བསྡུས་དང་འགལ། འགྲེལ་ན་གཞུང་གང་ལ་ངོས་འཛིན་ཏེ་མ་དམིགས་སོ། །ཞེ་ན། དེའི་སྐྱོན་མི་འོང་སྟེ། གླེང་གཞི་གླེང་སློང་ནི་མི་མཐུན་པས་སྨོས་ཀྱིས། དགོས་འགྲེལ་ལ་སོགས་གཞན་ནི། ཐུན་མོང་པ་ཡིན་པས་མ་སྨོས་ཏེ་ལྡབས་པར་འགྱུར་ཕྱིན་རོ། །དེ་ཡང་དོན་བསྡུས་ལས། གླེང་བསླང་ལ་སོགས་དྲུག་རྣམས་དང་། །མདོ་བཞི་རྩ་བ་གསུམ་ལ་སོགས། །ཚུལ་བཞིན་རྗེས་སུ་སྦྱར་བ་བྱ། །ཞེས་པས་མངོན་ནོ། །གཏན་ལ་དབབ་པ་དངོས་ལ་དོན་བཞིས་ཏེ། རྒྱུད་འདི་ལྷ་དང་མི་ཡི་ཡུལ་དུ་ཇི་ལྟར་དུ་གྲགས་ཤིང་རྒྱུད་པ་ལོ་རྒྱུས་ཀྱི་དོན་སྟོན་པ་དང་གཅིག །རྒྱུད་གཞན་ལས་དཔག་པ་ཆེ་བའི་ཚུལ་བསྟན་པ་དང་གཉིས་གང་ཟག་གང་གིས་སྤྱོད་ཡུལ་ཡིན་པ་སྣོད་ཀྱི་ཚུལ་བསྟན་པ་དང་གསུམ། རྒྱུད་ཇི་ལྟར་བཤད་པའི་ཚུལ་བསྟན་པ་དང་བཞིའོ། །དང་པོ་ནི་ལེའུ་སོ་དྲུག་པ་ལས། གང་གིས་གང་ལ་གང་རྒྱུད་པ། །དེ་བཞིན་ཉིད་ནི་དེ་འོ་ཞེས། །ཆོས་ཀྱི་རྒྱལ་པོས་རྒྱལ་ཚབ་ལ། །དགོངས་པ་རིགས་པ་རྣམས་པས་རྒྱུད། །ཅེས་པས། རྒྱུད་ལུགས་གསུམ་སྟེ། རྒྱལ་བ་དགོངས་པས་རྒྱུད་པ། རིག་འཛིན་གཉེན་གྱིས་གསང་སྒོ་རྒྱུད་པ། །གང་ཟག་རྣ་བའི་དབང་པོས་རྒྱུད་པའོ། །དང་པོ་ནི། ཀུན་གཞི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། ཆོས་སྐུ་ཀུན་ཏུ་བཟང་པོས། འཁོར་རྒྱལ་ཚབ་རིགས་ལྔ་ལ། ནམ་ཟླ་དྲོད་པའི་རྩི་ཐོག་ལྟར་བྱིན་གྱིས་རླབས་ཀྱིས་བཤད། རིགས་ལྔས་འོག་མིན་ཆེན་པོའི་གནས་སུ་འཁོར་རིགས་གསུམ་མགོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ། ནམ་མཁའ་ལ་ཉི་མ་ཤར་བ་ལྟར་ངང་གིས་བཤད། དེ་དག་གིས་ཚིག་ཏུ་བརྗོད་པ་རྣ་བས་ཐོས་པ་ལྟ་བུ་ནི་མ་ཡིན་ཏེ། དགོངས་པས་རྒྱུད་པའོ། །རིག་འཛིན་རིགས་པས་རྒྱུད་པ་ལ་གསུམ་ལས། རིག་པ་འཛིན་པ་མི་མ་ཡིན་པ་ལ་རྒྱུད་པ་ནི། ཀུན་ཏུ་བཟང་པོ་ཉིད་ཀྱི་སྤྲུལ་པ་རིགས་གསུམ་དུ་སྣང་བར་མཛད་དོ། །དེ་ཡང་འཇམ་དཔལ་ནི་མཁྱེན་རབ་ཀྱི་བདག་པོར་གྱུར་པས་གཙོ་བོར་ཟབ་དོན་ལྟ་བའི་ཆོས་སྟོན། ཕྱག་རྡོར་ནི་མཐུ་སྟོབས་ཀྱི་བདག་པོར་གྱུར་པས། དྲག་ཤུལ་གྱི་འགྲོ་བའི་དོན་མཛད་པས་སྤྱོད་པའི་ཕྱོགས་བསྟན་སྤྱན་རས་གཟིགས་ནི་ཐུགས་རྗེའི་བདག་ཉིད་དུ་གྱུར་ཏེ། སྙིང་རྗེས་འགྲོ་བའི་དོན་བྱེད་པས་སྒྲུབ་པའི་ཕྱོགས་བསྟན། ཟེར་ཡང་། ལྟ་སྤྱོད་སྒྲུབ་པ་གསུམ་ཀ་ལྷའི་གནས་སུ་འཕགས་པ་འཇམ་དཔལ་གྱིས། གཞོན་ནུ་མཛེས་པའི་སྐུས་ལྷ་ལོངས་སྤྱོད་ཅན་རྣམས་ཀྱི་ལུས་སེམས་དང་ཚུལ་མཐུན་པས། ལྷ་གྲགས་ལྡན་ཕྱོགས་སྐྱོངས་ལ་བཤད། དེས་རིན་ཆེན་འོད་འབར་ལ་བཤད། དེས་སྐྱེ་རྒུའི་བདག་པོ་ལ་བཤད། དེས་ཚངས་པ་ཀུན་གྲོལ་ལ་བཤད། དེས་ཚངས་པ་གཙུག་ཕུད་ལ། དེས་ལྷའི་དབང་པོ་བརྒྱ་བྱིན་ལ། དེས་ལྷའི་ཚོམ་བུ་འབུམ་སྡེ་ལ་བཤད་དེ། ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིགས་འཛིན་ཅིང་། སངས་རྒྱས་ཀྱི་གདུང་སོབ་པ་ཅན་དུ་གྱུར་ཏོ། །ཀླུའི་གནས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བདུད་རྩི་སྨན་གྱི་སྐུས་གདུག་པ་ཀླུ་ནད་ཅན་རྣམས་ཀྱིས་ལུས་སེམས་དང་མཐུན་པའི། ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེས་ཀླུ་མོ་མ་མ་ཁ་འདུལ་ལ་བཤད། དེས་ཀླུ་མོ་འདུལ་ཚངས་མ་ལ་བཤད། དེས་ཀླུ་ཡི་འོད་དགའ་བོ་ལ། དེས་འཇོག་པོ་ལ། དེས་ཀླུ་ཡི་ཚོམ་བུ་འབུམ་ལ་བཤད་དེ། ཀླུ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིགས་འཛིན་ཅིང་། སངས་རྒྱས་ཀྱི་གདུང་སོབ་པ་ཅན་དུ་གྱུར་ཏོ། །གནོད་སྦྱིན་གྱི་གནས་སུ་ཕྱག་ན་རྡོ་རྗེ་འཇིགས་བྱེད་འཇིགས་པའི་སྐུས་གཏུམ་པོ་གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་ཚུལ་མཐུན་པས། གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེས་གནོད་སྦྱིན་ལག་ལ་རྡོ་རྗེ་ལ། དེས་གནོད་སྦྱིན་གྲགས་ལྡན་ཕྱོགས་སྐྱོང་ལ། །དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ་བཤད་དེ། གནོད་སྦྱིན་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིགས་འཛིན་ཅིང་སངས་རྒྱས་ཀྱི་གདུང་སོབ་པ་ཅན་དུ་གྱུར་ཏོ། །རིག་པ་འཛིན་པ་མི་དང་མི་མ་ཡིན་པ་གཉིས་ཀ་ལ་རྒྱུད་པ་ནི། རྡོ་རྗེ་གདན་གྱི་བྱང་ཤར་ན། དྲག་ཤུལ་ཅན་གྱི་རི་བོ་མ་ལ་ཡ་ཞེས་བྱ་བ་ཡོན་དེ། དེའི་མཚན་ཉིད་དམ་ཚུལ་ནི། རི་དེའི་རྩེ་མོ་ལ་གཅན་གཟན་གྱི་རྒྱལ་པོ་སེང་གེའི་ཁྲས་ས་ཡོད་པ། འདབ་གཤོག་ན་གཅན་གཟན་སྟག་གི་ཁྲས་ལ་ཡོད་པ། རྩ་བ་དང་སྡོང་པོ་དང་ཡལ་ག་དང་ལོ་མ་མེ་ཏོག་དང་འབྲས་བུ་སྨན་སྣ་ཚོགས་འབྱུང་བའི་ཤིང་དུ་མ་སྐྱེས་པ་ངོས་ལ་བྲག་དཀར་པོ་ཁྱི་ཚུགས་པ་གྲངས་དང་གྲངས་ཀྱིས་ཡོད་པ། དེའི་ཤར་ངོས་ན་ཀྲི་པ་ཨ་སུ་རའི་བྲག་ཕུག་ཅེས་བྱ་བ། སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ་ཕུག་རིན་པོ་ཆེ་སུ་ལ་བརྒྱད་ལ་ཉི་ཟླའི་རི་མོ་རང་སྣང་བ། པང་ཐོག་སུམ་རིམ་དང་ལྡན་ཞིང་། སྤྱི་བོར་ཆོས་ཉིད་གཅིག་ཏུ་སྒྲོགས་པའི་བྱ་ཀ་ལན་ཏ་ཀའི་ཚང་ཆས་པ། ལས་དང་སྐལ་བར་ལྡན་པ་རྣམས་ཀྱིས་ཕྱིན་པར་སླ་ལ། སྐལ་བར་མི་ལྡན་པ་རྣམས་ཀྱིས་བསྒྲོད་པར་མི་ནུས་ལ། དེའི་རྩེར་ཐུབ་པ་འདས་ནས་ལོ་ཉེར་བརྒྱད་ན། འཁོར་དམ་པའི་རིགས་ཅན་ལྷ་གྲགས་ལྡན་ཆོས་སྐྱོང་ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མི་ལས་སྐལ་བ་དང་ལྡན་པ་ལི་ཙ་བི་དྲི་མ་མེད་པར་གྲགས་པ་དང་ལྔས། རང་རང་གི་རྫུ་འཕྲུལ་གྱིས་རིའི་རྩེར་འདུས་ཏེ་གདུང་བ་ཉེར་གསུམ་བཏོན་པས། ཕྱོགས་བཅུའི་སངས་རྒྱས་ཀྱིས་གསན་ནས། གསང་བདག་ལ་བསྐུལ་བ་མཛད། གསང་བདག་གིས་ཞལ་གྱིས་བཞེས་ཏེ། མ་ལ་ཡའི་རྩེར་བྱོན། གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར། དེའི་སྡུད་པ་པོ་བློ་གྲོས་ཐབས་ལྡན་གྱིས་མཛད་དེ། རིན་པོ་ཆེ་གསེར་ཤོག་ལ་བཻ་ཌཱུརྱ་ཡ་ཞུན་མས་རྩ་བ་རང་ནན་དུ་བྲིས་ཏེ། གླེགས་བམ་དུ་བྱས་ནས་དགོངས་པའི་རྩལ་གྱིས་མདུན་གྱི་ནམ་མཁའ་ལ་སྦས་སོ། །རིག་པ་འཛིན་པ་མི་ལ་རྒྱུད་པ་ནི། དེ་ལྟར་བསྐོར་བའི་བྱིན་རླབས་རྒྱལ་པོ་ཛཿལ་རྨི་ལྟས་སུ་སྣང་ཞིང་། བསྟན་པ་གསལ་བར་མཛད་པ་ནི། ཟ་ཧོར་གྱི་རྒྱལ་པོ་ཨ་པར་ར་མུ་ཉ་བྱ་བའི་སྲས་རྒྱལ་པོ་ཛ་ཞེས་བྱ་བའི་རྨི་ལྟས་སུ་ཤར་ཏེ། དང་པོ་རིའི་རྩེར་ཕྱག་རྡོར་བྱོན་ཏེ་སྐུའི་ཁྲུན་ལས་འོད་ཟེར་སྔོན་པོ་འཕྲོས་འཛིན་རྟེན་གྱི་ཁམས་བསྲེགས་ཏེ་མི་སྣང་བར་བྱས། གསུང་འབྲུག་སྟོང་ལྡིང་བའི་སྒྲ་ཐོས། ཐུགས་ཀ་ནས་རྡོ་རྗེ་འོད་འབར་བ་གཅིག་བྱུང་ནས་སྙིང་ཁར་ཐིམ། ཉི་མ་འོད་འབར་བ་གཅིག་བྱུང་ནས་རྒྱལ་པོའི་སྤྱི་བོར་ཐིམ། ཟླ་བ་འོད་འབར་བ་གཅིག་བྱུང་ནས་རྐང་མཐིལ་དུ་ཐིམ། སྣང་སྲིད་ཀྱི་ལྟོས་ཐམས་ཅད་རྒྱལ་པོའི་ལྟོ་བར་འཕྱོ་བ་གཅིག་རྨིས་སོ། །གཉིས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་བགྲོ་བ་མཛད་ཅིང་། ཉི་ཟླ་ཞོན་ནས་གསེར་གྱི་འཁོར་ལོ་བསྐོར་ཞིང་སྲིད་པ་གསུམ་གྱི་ཁ་ལོ་གྱེན་ལ་བསྒྱུར་བ་གཅིག་རྨིས་སོ། །ཡང་གསུམ་པ་ལ། ནམ་མཁའི་འོད་ལས་སྤྲིན་གསེར་གྱི་ཁ་དོག་ཅན་ནི་འཐིབས། ཆོ་འཕྲུལ་གྱི་སྒྲ་གོ་སླ་ཞིང་སྙན་པས་ཚིམ་པ་ནི་གྲགས། རིན་པོ་ཆེ་སྣ་ཚོགས་ཀྱི་སྨུག་པ་ནི་འཐིབས། བཻ་ཌཱུརྱའི་འོད་ནི་ལྷུང་། སྣང་སྲིང་གསལ་བའི་གློག་ནི་འཁྱུག །རིན་པོ་ཆེའི་ཆར་བབས་པ་གཅིག་རྨིས་སོ། །བཞི་པ་ལ། འཇིག་རྟེན་གྱི་ལྟོས་ནི་འགྱུར། རིན་པོ་ཆེ་འབར་བའི་སྒྲོན་མས་སྣང་སྲིད་ཀྱི་མུན་པ་གསལ། བདུད་རྩི་སྨན་གྱི་ཆུ་རྒྱུན་བྱུང་བས་འགྲོ་བ་རྣམས་ཀྱི་གཅོང་སྙིང་སྦྱངས། འགྲོ་བ་མཐའ་དག་རྡོ་རྗེ་རྣལ་འབྱོར་ཞེས་སྒྲ་དི་རི་རི་སྒྲོགས་པ་གཅིག་རྨིས་སོ། །ལྔ་པ་སྤྲིན་གྱི་གསེབ་ནས་ཉི་མའི་དཀྱིལ་འཁོར་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་ཟེར་ཤར་བའི་དཀྱིལ་ནས། རད་ན་སྨུག་པོ་དཔལ་བེའུ་སྒྲོམ་དང་བཅས་པ་ཕྱི་ནང་གསང་བའི་ནང་ན། གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་རྩ་བ་རང་གནས་སུ་བྲིས་པའི་གླེགས་བམ་མང་པོ་སྐར་མདའ་ས་ལ་ལྟུང་བ་བཞིན་དུ་བབས་པ་གཅིག་རྨིས་སོ། །དྲུག་པ་ལ་གླེགས་བམ་དེ་རྣམས་ལ་བྱང་ཆུབ་སེམས་དཔའ་དང་རིག་འཛིན་དང་ལྷ་མོ་ཚད་མེད་པ་རྣམས། ཡོན་ཏན་གྱི་སྒྲ་སྒྲོགས་ཤིང་། མཆོད་བསྟོད་དང་བསྐོར་བ་བྱེད་པ་གཅིག་རྨིས་སོ། །བདུན་པ་ལ་ནམ་མཁའི་སྤྲིན་གསེབ་ནས་ལུང་བསྟན་པའི་སྒྲ་བྱུང་སྟེ། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བ་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཅན་གྱི་དྲ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་དུས། །ད་ལྟ་དུས་དེར་སྔོན་ཤར་གྱིས། །འཁོར་བའི་སྙིང་པོར་བྱ་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྟན་པར་བྱའོ། །ཞེས་ལུང་བསྟན་པ་ཞིག་རྨིས་སོ། །དེ་ནས་མནལ་སད་དེ་འཁོར་སོགས་ལ་རྨི་ལམ་རྣམས་བརྗོད་པས། སྐལ་བར་ལྡན་ངེས་པས་སྒྲུབ་པ་མཛོད་ཅིག་ཟེར་ནས། སྒྲུབ་པ་མཛད་དེ་རི་དེའི་རྩེར་བྱོན་པས། རིན་པོ་ཆེ་ལས་བྱས་པའི་ཕྱག་ན་རྡོ་རྗེའི་སྐུ་བཞུགས་པ་ཕྱག་རྡོར་དངོས་སུ་བཞུགས་སམ་སྙམ་ནས་མཐོང་ནས། དགྱེས་ཏེ་སྐོར་བ་དང་ཕྱག་བྱས་ནས། སྔོན་ཚེ་གོང་ནས་སྒྲུབ་པའི་ལྷ། །ལས་ཀྱིས་མཇལ་བའི་ལྷ་མཆོག་འདི། །སྐལ་པ་བརྒྱར་ཡང་མི་གཏོང་ངོ་། །ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་བདག་གི་དཔལ་ལེགས་འདྲ། །མོས་པས་གཟུགས་ཀྱི་ལྷ་མཆོག་འཛིན། །ཞེས་ཟླ་བ་བདུན་དུ་ཡི་དམ་བྱ་སྟེ་སྒྲུབས་པས་རྨི་ལྟས་དང་མཐུན་པའི་གླེགས་བམ་རྣམས་སྣང་ངོ་། །ལས་དང་ཐུགས་རྗེས་འབྲེལ་པས་མཐོང་བའི་གླེགས་བམ་ལ། རབ་ཏུ་དགའ་བའི་ཚུལ་གྱིས་བཀླག་པས་ཡིག་འབྲུ་གཅིག་ཀྱང་བརྡའ་མ་འཇལ་ལོ། །ཨེ་མ་ཧོ་སྔར་གྱི་རྨི་ལྟས་དང་སྦྱར་ན་ངོ་མཚར་དུ་གྱུར་པའི་དོན་གཅིག་ཡོད་ངེས་པ་ལ། བདག་གིས་མི་རྟོགས་པ་ཅི་ཉེས་སྙམ་དུ་བཤུམས་སོ། །དེ་ནས་ཐེ་ཚོམ་ཞུགས་ནས། འཇིག་རྟེན་གྱི་ཁམས་ན་བརྡའ་མཇལ་བྱ་སུ་ཡོད་ཅེས་བསྒྲགས་པས། ཟ་ཧོར་གྱི་རྒྱལ་པོ་ཨུ་པ་ར་ཛ་ཤེས་ཉེན་ཆེ་ཟེར་ནས་སྤྱན་དྲངས་པས་བྱོན་དུ་མ་བཞེད། གླང་པོ་ཆེ་ལ་བཀལ་ནས་སྐྱལ་བས་ཀྱང་བརྡའ་མ་འཇལ་ཏེ། རྒྱལ་པོ་ཉིད་ཀྱིས་དཔག་འཚལ་གསུང་ནས་སླར་བཀུར་ཏེ་བྱུང་ངོ་། །དེ་ནས་ཡང་ཡབ་རྒྱལ་པོ་ལ་ཁ་ཐུང་ཡུམ་ཀྲ་ལེ་བ་ཅན་བྱ་བ་ལ་བུ་དགེ་སློང་ཀུ་རུ་ར་ཛ་ཞེས་བྱ་ཚེ་ལོ་སྟོང་ཐུབ། བྱང་ཆུབ་སེམས་དཔའ་རིན་ཆེན་མང་གི་སྤྲུལ་པ་དེ་ལ་བསྟན་པས། དེས་བརྟགས་པས་ཐུགས་ཀྱི་སྒྲུབ་པ། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་དང་། བསྒྲུབས་ལུགས་ཀྱི་ལེའུ་གཉིས་རྟོགས་ལམ་རིམ་ལྟར་བྱས་ནས་སོ་ཡང་སྐད། རྒྱལ་པོ་ཉིད་ཀྱིས་མཆོད་པ་ཆེན་པོ་བྱས་ཏེ་གསོལ་བ་བཏབ་པས་མདོ་འདིའི་དབང་དུ་བྱས་ནས་རྟོགས་སོ་ཡང་སྐད་ནས། གང་ཡིན་ཡང་དེ་ལས་བྱུང་བ་བཞིན་དུ་བསྒྲུབ་པ་མཛད་པས། རྡོ་རྗེ་སེམས་དཔའ་ཞལ་མཐོང་མངོན་སུམ་དུ་གཟིགས། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པ་ལ། གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པར་འཚལ་གསུངས་པས། རིགས་ཀྱི་བུ་རང་གི་ཕུང་པོ་སྦྱོངས་དང་། ལག་ན་རྡོ་རྗེས་ལུང་སྟོན་པར་འགྱུར་གྱིས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་སྤྲོ་བ་སྐྱེས་ཏེ་སྒྲུབ་སྒྲུབ་ལུགས་པས་པ་མཛད་པས། ཕྱག་ན་རྡོ་རྗེའི་ཞལ་མངོན་སུམ་དུ་མཐོང་། བརྟུལ་ཞུགས་ཀྱིས་རྡོ་རྗེ་ལན་གསུམ་ནམ་མཁའ་ལ་སྤར་ཏེ་སླར་སླངས་ཏེ། རྒྱལ་པོའི་གཙུག་ཏུ་བཞག་སྟེ་དབང་བསྐུར། སྣོད་དུ་རུང་བར་བྱས་ཏེ་སྒྲིབ་པ་དག་ནས། གླེགས་བམ་གྱི་དོན་རྣམས་ནམ་ལང་པ་ན་ཉི་མ་ཤར་བ་བཞིན་དུ་མཁྱེན་ནས། ཏན་ཏྲ་སྡེ་བཅོ་བརྒྱད་དུ་ཕྱེ་སྟེ། སྐུའི་ཏན་ཏྲ་གསུམ་ནི། གླང་པོ་ཆེ་རབ་འབོག །གླང་པོ་ཆུར་འཇུག །སྔགས་རྒྱས་མཉམ་སྦྱོར་རོ། །གསུང་གི་ཏན་ཏྲ་གསུམ་ནི། དབང་ཆེན་འདུས་པ། གཅིག་ལས་འཕྲོས་པ། ཟླ་གསང་ཐིག་ལེའོ། །ཐུགས་ཀྱི་གསུམ་ནི། རི་བོ་བརྩེགས་པ། རྩེ་གཅིག་བསྐུལ་བའི། གསང་བ་འདུས་པའི་འོ། །ཡོན་ཏན་གྱི་གསུམ་ནི། བདུད་རྩི་མཆོག །ནམ་མཁའ་མཛོད། དཔལ་མཆོག་དང་པོའོ། །ཕྲིན་ལས་ཀྱི་གསུམ་ནི། སྒྲོན་མ་འབར་བ། ཀི་ལ་ཡ་བཅུ་གཉིས། ཀརྨ་མ་ལེའོ། །སྤྱི་རྒྱུད་གསུམ་ནི། དོན་ཐམས་ཅད་ཀྱི་འཇུག་སྡུད་ཐབས་ཀྱི་ཞགས་པ་བམ་པོ་བཅོ་བརྒྱད་པ། དམ་ཚིག་ས་མ་ཡ་འབུམ་སྟེ་བཀོད་པའི་རྒྱུད། སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་བཅོ་ལྔ། སྤྱིའི་རྒྱུད་གསུམ་སྟེ་བཅོ་བརྒྱད་དུ་ཕྱེ་ནས། འདི་མན་ཆད་གང་ཟག་རྣ་བའི་དབང་པོའི་བརྒྱུད་པ་ཡིན་གསུངས་ཨིན་ཏྲ་བྷུ་ཏི་ལ་བཤད། དེས་ན་ག་སུ་ཏྲི་ལ་བཤད། དེས་གུ་ཡ་སུ་ཏྲི་ལ་བཤད། དེས་ཀུ་ཀུ་ར་ཛ་ལ། དེས་རོ་ལངས་བདེ་བ་ལ། དེས་བཞད་པ་རྡོ་རྗེ་ལ། དེས་ཟ་ཧོར་གྱི་རྒྱལ་པོ་བྲ་ཧ་ཏི་ཛ་ལ། དེས་ཤཱཀྱ་སེང་གེ་ལ། དེས་ཏི་ར་མ་ཏི་ལ། དེས་བདེ་བ་གསལ་མཛད་ལ། དེས་དར་མ་བོ་དྷི་ལ། དེས་བལ་པོ་བ་སུ་དྷ་ར་ལ། བརྒྱུད་པའམ། ཡང་ན་དར་མ་བོ་དྷིས་སྣུབ་ལ་གནང་སྟེ། དེའི་ལོ་རྒྱུས་ཡང་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ལོ་ལྔ་བཅུ་རྩ་བཞི་ལ། བལ་པོ་བ་སུ་དྷ་ར་ལ་ཆོས་ཞུས་པའི་ཡོན་ཡུལ་མཉེས་པར་བྱས་པས། གུ་རུའི་ཞལ་ནས་ངའི་ཆོས་རྣམས་ཚར་བས། ངའི་སློབ་དཔོན་བྲམ་ཟེ་གསལ་བ་རྒྱལ་མཚན་བྱ་བ་ལོ་དྲུག་བརྒྱ་ཐུབ་གཅིག་བཞུགས་ཀྱིས་དེ་ལ་ཆོས་ཞུས་ཤིག་གསུངས། སྣུབས་ཀྱིས་དེའི་སྤྱན་སྔར་བྱོན་ཏེ་ཆོས་མང་དུ་ཞུས། དགོངས་འདུས་ཀྱི་གདམ་ངག་ཀྱང་མང་དུ་གནང་། དབང་བསྐུར་ཡང་མང་དུ་གནང་ངོ་། །དེ་ནས་དགོངས་འདུས་ཀྱི་གཞུང་ཞུས་པས། གུ་རུའི་ཞལ་ནས། མདོ་མཁན་དར་མ་བོ་དྷི་དང་། ད་ན་ར་ཤི་ཏ་བྱ་བ་གཉིས། བྲུ་ཞའི་མཁན་པོ་སོ་ཀྱ་ཨེ་ལམ་ཀ་ར། ཏེ་བདེ་བ་གསལ་བའི་རྒྱན་ནམ་བདེ་བ་བསལ་མཛད་དོ། །ཆེ་བཙན་སྐྱེས་བྱས་ལ། འབྲུ་ཤའི་ཡུལ་དུ་སྤྱན་དྲངས་ནས་བཞུད་ཀྱིས་དེར་ཞུས་ཤིག་གསུངས། སྣུབས་ཀྱིས་དེར་ཕྱིན་པས་ཆོས་སྲིད་དང་ཆོས་དམག་བྱེད་པ་དང་འདོམ་སྟེ། དམག་གསེབ་ཏུ་དར་མ་བོ་དྷི་དང་། དྷ་ན་རཀྵི་དང་། ཆེ་བཙན་སྐྱེས་གསུམ་བཞུགས་པའི་ཞལ་མཐོང་སྟེ་ཆོས་ཞུས་པས། ལོ་པཎ་གསུམ་གྱིས་བྲུ་ཤའི་ཡི་གེ་ལས་བྲུ་ཤའི་ཡུལ་དུ་ཁྲོམ་བསྒྱུར་དུ་གཏན་ལ་ཕབ་ནས་སྣང་ངོ་། །སངས་རྒྱས་ཡེ་ཤེས་རིན་པོ་ཆེས་བོད་དུ་བྱོན་ནས། ཐུགས་ཀྱི་སྲས་སོ་ཡེ་ཤེས་དབང་ཕྱུག་སྲུ་ལེགས་པའི་སྒྲོན་མེ་དཔའ་གོར་འཕགས་པ་བློན་ཆེན་ཁུ་ལུང་ཡོན་ཏན་རྒྱ་མཚོ་བཞིའི་ནང་ནས་སྣུབས་ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་གནང་། དེས་རྒྱལ་བློ་གྲོས་བྱང་ཆུབ་དང་། སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ལ་གནང་། རྒྱ་ཡིས་ཐོ་ཀར་གནམ་སྡེ་ལ་བཤད། དེས་སྣ་ནམ་ཞལ་ཡོན་ལ་སོགས་པ་བཞི་ལ། བར་དུ་གཞུ་གསོད་ཤག་ལ། ཐ་མ་ལྷ་རྗེ་འུག་པ་ལུང་པ་ལ་བཤད། ལྷ་རྗེའི་སློབ་མ་རྩེ་མོ་བཞི་བཙུན་པ་དང་ལྔ་ལས། དེའི་ནང་ནས་བདེ་གཤེགས་གྲུ་ཕུག་པ་ཟུར་ཆུང་ཤེས་རབ་གྲགས་ལ། དེས་ཀ་བཞི་གདུང་བརྒྱད་ལ་སོགས་ཕོ་སོ་དང་མཐུན་འཇུག་གི་རྩེ་མོར་གྱུར་པ་ཙ་ག་བླ་མར་བཤད་པའི་རྩེ་མོར་གྱུར་པ་མེ་ཉག་འབྱུང་གྲགས་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་དགོན་པ། མགོན་རྒྱའི་རྩེ་མོར་གྱུར་པ་བཙུན་པ་པེ་ཙ་མེ་རུའོ། །ར་ཛི་འགོ་ཆུང་པའོ། །གོང་གདུང་བརྒྱད་ཅེས་པའི་མཆན་སྐྱོན་སྟོན་ཉག་ཡས་ཡང་གེང་བླ་མ་འདྲ་ཏིག་ཇོ་ཤག་སླན་ཤཀྱ་བཟང་། ཆུ་འགོའི་མ་ཐོག་བྱང་འབར་ནེ་སང་ཀྱི་ཀྱ། ཆོས་སེང་བྱང་གི་ཤུད་ཀྱི་ཟླ་གྲགས་སྣ་ནམ་གྱི་ནུབ་སྟོན་བག་མ། གྲམ་བུའི་གཙང་། ཤག་བཟང་། ལྷ་རྗེ་ཚལ་པ། ལྷ་རྗེ་རཀ་ཤིང་། དབུས་པས་ཐོབ་པའོ། །པ་ལ་བཤད་དེ་ཉི་ཟླ་ལྟར་གྲགས་སོ། །ཐུགས་ཀྱི་སྲས་བཞི་ཀས་ལྷ་རྗེ་ཉ་རི་བ་ལ་བཤད། ལྷ་རྗེའི་བུ་སློབ་གྲངས་ལས་འདས་ཀྱང་ཉེ་སྟོན་དལ་དང་། ཁྱབ་སྟོན།༣ སྙོན་སྟོན་དང་། ནུབ་སྟོབས་གཉིས་སོ། །ཡོངས་སུ་གྲགས་པ་ཐོབ་པ་སྟོན་བཞི་དང་། ནག་བཞི་ཟུར་ནག་འཁོར་ལོ། ཉ་ནག་འོད་པོ། རྩེ་རྒྱ་ནག །ལྷ་རྗེ་འདར་ནག་བྱ་བ་བདོག་པ་ལས། སྟོན་བཞིའི་ནང་ནས་ཕུབས་སྟོན་ཁ་རག་སྙིང་པོ་ལ་བཤད། དེས་སྲས་པདྨ་འབར་བ་ལ་བཤད། དེས་རོག་ལ་བཤད། དེས་བདག་ལའོ། །གཉིས་པ་གཞན་ལས་དཔགས་པ་ཆེ་བའི་ཚུལ་བསྟན་པ་ནི། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པའི་ཆེ་བ། རི་རྒྱལ་ལྷུན་པོའི་རྩེར་ཕྱིན་པ་ལྟ་བུ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པར་ངེས་པའི་ཆེ་བ། ནམ་མཁའ་ལ་འབྱུང་བ་བཞི་ཤར་བ་ལྟ་བུ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པར་ངེས་པའི་ཆེ་བ། གཟི་མདངས་འབར་བའི་ཉི་མ་ལྟ་བུ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ་ཡིན་པར་ངེས་པའི་ཆེ་བ། རྒྱ་མཚོ་ཆེན་པོ་ལ་ཆུ་དང་ཆུ་བྲན་འབབ་པ་ལྟ་བུ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ་ཡིན་པར་ངེས་པའི་ཆེ་བ། མར་གྱི་ཡང་ཞུན་ལྟ་བུ། དོན་ཐམས་ཅད་ཀྱི་འཇུག་ཡིན་པར་ངེས་པའི་ཆེ་བ། སོ་ནམ་གྱི་ཁེ་སྒྲུབ་པ་ལྟ་བུ། ཆོས་ཐམས་ཅད་ཀྱི་མེ་ལོང་ཡིན་པར་ངེས་པའི་ཆེ་བ། འཕྲུལ་གྱི་མེ་ལོང་གཡའ་དག་པ་ལྟ་བུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུག་ཡིན་པར་ངེས་པའི་ཆེ་བ། རྒྱལ་པོའི་སྲས་གཅིག་པ་ལྟ་བུ། འབྲས་བུ་ཐམས་ཅད་ཀྱི་ཞུགས་ས་ཡིན་པས་ངེས་པར་ཆེ་བ་རྒྱལ་པོའི་བཀའ་རྟགས་ཐོབ་པ་ལྟ་བུ། འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་ཤུལ་ཡིན་པས་ངེས་པར་ཆེ་བ། རྒྱལ་ལམ་དང་ཁྲིའུ་པ་ལྟ་བུ། ད་ལྟར་བཞུགས་པ་དང་། མ་འོངས་པའི་རྣལ་འབྱོར་གྱི་ལམ་ཡིན་པས་ངེས་པར་ཆེ་བ། ཁྲི་ལམ་མམ་སྟོང་ཤུལ་ལྟ་བུ། གསུམ་པ་གང་ཟག་གང་གི་སྤྱོད་ཡུལ་ཡིན་པ་སྣོད་ཀྱི་ཚུལ་བསྟན་པ་ནི། བློ་ཞིབ་པ་བས་ཀྱང་ཆེས་ཞིབ་པ། ཟབ་པ་བས་ཀྱང་ཆེས་ཟབ་པའི་སྤྱོད་ཡུལ་ཡིན་གྱིས་ཀུན་གྱི་ཐུན་མོང་མ་ཡིན་ནོ། །བཞི་པ་རྒྱུད་ཇི་ལྟར་བཤད་པའི་ཚུལ་ནི། དབང་པོ་རབ་ལ་མཚན་བསྟན་པས་གོ་བས་དཔེར་ན་སྨན་པ་འཚོ་བྱེད་གཞོན་ནུས་ལག་གི་རྩ་ལ་བརྟགས་པས་ལུས་ཀྱི་ནད་ངོས་ཟིན་པ་ལྟ་བུ། འབྲིང་ལ་དོན་རྣམ་པར་ཕྱེ་བས་རྟོགས་པ་སྨན་གྱི་ཁ་བྱང་ལྟ་བུ། ཐ་མ་འབྲུ་རེ་གཉིས་རེས་རྟོགས་པ་སྨན་གཅིག་ཀྱང་དྲི་དང་ཁ་དོག་ལ་སོགས་པ་དུ་མས་གཏན་ལ་འབེབ་པ་ལྟ་བུའོ། །དང་པོ་རབ་ལ་མཚན་བསྟན་པ་ནི། སྒྲ་སྐད་ངོས་བཟུང་བ་དང་། མཚན་བསྒྱུར་བ་དང་། མཚན་སྦྱར་བ་དང་། མཚན་བཤད་པ་རྣམས་ཏིག་པར་ཤེས་པར་བྱའོ། །འབྲིང་ལ་དོན་རྣམ་པར་ཕྱེ་ན་བཞི་སྟེ། ལུང་གཞན་ལས། གདུལ་བྱའི་དོན་དང་སྦྱར་ཏེ་བཤད་པ་དང་། གསང་བ་སྤྱི་གཞུང་དང་སྦྱར་ཏེ་བཤད་པ་དང་། གཞི་ལམ་འབྲས་བུ་དང་སྦྱར་ཏེ་བཤད་པ་དང་། ཁྱད་པར་རང་གཞུང་དང་སྦྱར་ཏེ་བཤད་པའོ། །དེ་ལ་དོན་བཞི་སྟེ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དང་། རྐྱེན་གླེང་བསླང་བ་དང་། ཡོངས་སུ་ཤེས་པར་བྱ་བ་རྒྱུད་ཀྱི་དངོས་པོ་བྱུང་ཚུལ་བསྟན་པ་དང་། དྲི་ལན་དུ་རྒྱུད་དང་སྟོན་པ་ལ་བསྟོད་པའོ། །དང་པོ་གླེང་གཞི་ནི། དོན་བསྡུས་ལས། རྒྱུད་དོན་རྣམ་པར་གསུམ་ཁུངས་དང་རྒྱུད། ངོ་བོ་ཉིད་དེ། ཞེས་པས་གསུམ་སྟེ། དང་པོ་ནི། ཐུན་མོང་བཅའ་གཞི་སྤྱིའི་རྒྱུད་དེ། ཞེས་པས། ལེའུ་དང་པོ་ཐུན་མོང་བཅའ་གཞིའི་གླེང་གཞིའོ། །ལེའུ་གཉིས་པ་ནི། གདམ་པ་ལུང་བསྟན་རྩ་བའི་རྒྱུད། གླེང་གཞི་སྤྱི་ཡི་རྒྱུད་ཅེས་བྱ། ཞེས་པས། གླེང་གཞི་སྤྱིའི་རྒྱུའམ་རྒྱུའི་རྒྱུའོ་གདམ་ངག་ངེས་པར་བཞག་པ་ཞེས་བྱ་བའི་ལེའུའོ། །འཁོར་འདུས་སྨེ་དང་ཞེས་པས་ལེའུ་གསུམ་པའི་གདུང་བ་ཉེར་གསུམ་ཐོག་མ་དམ་པས་གདུང་བ་སྟོན་པའི་ལེའུ་ནི། རྒྱུ་དངོས་པོ། བསྐུལ་བཞེས་པ་ཞེས་པས། ལེའུ་གང་གིས་གདུང་བ་སེལ་བར་སྒྲོས་པའི་བཞི་པར་དུས་གསུམ་གྱི་དེ་བཞིན་གཤེགས་པས་ཕྱག་རྡོར་ལ་གདུང་བ་སོལ་ཅིག་པར་བསྐུལ། ཕྱག་རྡོར་གྱིས་བསལ་བར་ཞལ་གྱིས་བཞེས་པ་ནི་གླེང་གཞིའི་རྐྱེན་ནོ། །ལེའུ་ལྔ་པའི་སྟོད་ནི་གླེང་གཞི་རང་གི་ངོ་བོ་ཕུན་སུམ་ཚོགས་པ་ཡིན་ཏེ། སྟོན་པ་གསང་བདག །བསྟན་པ་དགོངས་པ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་རྒྱུད། འཁོར་དམ་པའི་རིགས་ཅན་ལྔ། གནས་མ་ལ་ཡའི་རྩེ། དུས་ཐུབ་པ་འདས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས། སྡུད་པ་པོ་བློ་གྲོས་ཐབས་ལྡན་ནོ། །ལུང་དམ་པར་འགྲོ་བར་གསོལ་བ་བཏབ་པའི། ལེའུ་ལྔ་པའི་སྨད་རྐྱེན་གླེང་སླང་པ་ལ་གཉིས་ཏེ། སྟོན་པས་མདུན་བསུས་ཏེ་གླེང་སླང་བ་དང་འཁོར་གྱིས་གུས་པར་དྲིས་ཏེ་གླེང་སླང་བའོ། །གསུམ་པ་རྒྱུད་ཀྱི་དངོས་པོ་བྱུང་ཚུལ་བསྟན་པ་ནི། སྙིང་པོ་བྱང་ཆུབ་ཀྱི་བྱུང་ཚུལ་བཅུ་གཉིས། དབང་བསྐུར་ཐབས་ཀྱི་བྱུང་ཚུལ་བཅུ་གཉིས། གདམ་ངག་དབོག་ཐབས་ཀྱི། ཁྱད་པར་རྩལ་འཕགས་ཀྱིི། རྒྱུད་གནས་ཚུལ་ལུགས་ཀྱི་བྱུང་ཚུལ་བཅུ་གཉིས་སོ། །རྒྱུད་གནས་ལུགས་ཀྱི་བྱུང་ཚུལ་བཅུ་གཉིས་ལ། མིང་བཅུ་གཉིས། ལྟ་བ་བཅུ་གཉིས། དཔེ་བཅུ་གཉིས་སོ། །དེ་ཡང་། དེ་རྣམས་སྦྱར་ནས་བཤད་ནས། དང་པོ་རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ། མ་རིག་མུན་སེལ་གྱི་ལྟ་བ། དཔེར་ན་མ་དང་བུ་ཕྲད་པ་ལྟར་དུ་བསྟན་པ་ལ་ལེའུ་གཅིག་སྟེ་དྲུག་པས་རྨོངས་པ་གདུང་བ་སེལ་བ་ཞེས་བྱའི་སྟོན་ནོ། །གཉིས་པ་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ། ཡེ་ཤེས་རང་གནས་ལྟ་བ། ཉི་མའི་སྙིང་པོ་ལྟར་བསྟན་པ་ལ་ལེའུ་གཉིས་ཏེ། རྡོ་རྗེ་སེམས་དཔའི་ཆོ་འཕྲུལ་བཀོད་པའི་བདུན་པ་དང་བརྒྱད་པས་གསང་སྔགས་གཉིས་ཀྱི་ངོ་བོ་བསྟན་པའི་བསྟན་ནོ། །གསུམ་པ་གང་གིས་ངེས་པ་རྙེད་པའི་བྱུང་ཚུལ། མངོན་པར་དོན་སྙེད་ཀྱི་ལྟ་བ། དབུལ་མོས་གཏེར་རྙེད་པར་ལྟར་བསྟན་པ་ལ་ལེའུ་དྲུག་སྟེ། དགུ་པ་རྡོ་རྗེ་སེམས་དཔའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ། བཅུ་ཁྱད་པར་དམ་པའི་པ། བཅུ་གཅིག་རྒྱུད་དག་པའི་སྐྱེས་རྒྱུད་ཏན་པའི་པ། དབུགས་འབྱིན་པའི་བཅུ་གཉིས་པ། བཅུ་གསུམ་པ་སྐྱེས་བུ་དང་དབང་ཐོབ་པའི། བཅུ་བཞི་པ་སྐྱེས་དམ་པ་དབང་ཐོབ་པའི་རྣམས་ཀྱིས་སྟོན་ནོ། །བཞི་པ་སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པའི་བྱུང་ཚུལ་དེ་ཁོ་ན་ཉིད་ཀྱི་ལྟ་བ། ནམ་མཁའ་ལྟར་བསྟན་པ་ནི། ལེའུ་བཅོ་ལྔ་པས་སྟོན་དོན་ཁོ་ན་ཉིད་དུ་ངེས་པའོ། །ལྔ་པ་དགོངས་པར་ངེས་པར་འབྲེལ་བའི་བྱུང་ཚུལ་མ་འདྲེས་ཡོངས་རྫོགས་ཀྱི་ལྟ་བ། རྒྱ་མཚོའི་ནང་དུ་ཉི་ཟླ་སྐར་གྱི་གཟུགས་བརྙན་ཤར་བ་ལྟར་བསྟན་པ་ལ་ལེའུ་བཞི། བཅུ་དྲུག་རྫུ་འཕྲུལ་གྱི་ཆོ་འཕྲུལ་པ། བཅུ་བདུན་ཆོས་སྣང་བའི་པ། བཅོ་ཀུན་བརྗོད་པའི་བརྒྱད་པ། བཅུ་དགུ་ཡོངས་སུ་རྫོགས་པའི་ཆོ་འཕྲུལ་པའོ། །དྲུག་པ་གདུལ་བྱ་སྐབས་ལ་བབས་པས་བྱུང་ཚུལ། མཚན་མ་རང་ཞིའི་ལྟ་བ། དཔའ་བོས་དགྲ་ཐུལ་བ་ལྟར་བསྟན་པ་ལེའུ་བཅུ་གཉིས་ཏེ་ཉི་ཤུ་པ་ནས་སོ་གཅིག་པ་མན་ཆད་ཀྱིས་སྟོན་ནོ། །བདུན་པ་བྱིན་རླབས་འབྱུང་བའི་ལྟ་བ། བྱིན་གྱིས་རླབས་ཀྱི་སྣང་བའི་ཚུལ་རྒྱ་མཚོ ། ཉི་ཤུ་པ་མ་དག་པའི་རྒྱུད་བསྟན་པའི། ཉེར་གཅིག་པ་འདས་པ་སྔོན་བྱུང་གི། ཉེར་གཉིས་པ་ཏ་རུ་ཏྲ་འཁོར་བཅས་ཀྱི་སྤྱོད་ཡུལ་བསྟན་པ། ཉེར་གསུམ་པ་ཆོ་འཕྲུལ་སྐུལ་བ། ཉེར་བཞི་པ་བཀའ་སྒྲོས་པ། ཉེར་ལྔ་པ་བཀའ་སྒྲོས་བཅད་པས། ཉེར་དྲུག་ལས་རྡོར་བསྐོས་བཏབ་པ། ཉེར་བདུན་པ་བདུད་ཡོངས་སུ་བཏུལ་བ། ཉེར་བརྒྱད་པ་སྨན་པ་གདུང་བ་སྟོན་པ། ཉེར་དགུ་པ་རྒུད་པ་སྦྱངས་བ། སུམ་ཅུ་དགོངས་པ་བསྐུལ་བ། སོ་གཅིག་པ་ལུང་བསྟན་པའི་ལེའུ། ཆེན་པོ་རླབས་ལྟར་བསྟན་པ་ལ་ལེའུ་བཞི། སོ་ཐུགས་ཡེ་ཤེས་སྣང་བ་རྒྱན་བཀོད་པ་གཉིས་པ། སྐུ་ཡོངས་སུ་སྣང་བ་དམ་པ་སོ་གསུམ་པ། སོ་བཞི་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་བསྐོར་བ་པ། སོ་སྤྱོད་པ་མི་ཟད་པ་རྒྱན་གྱི་ཙཀྲ་བཀོད་པའི་ལྔའོ། །བརྒྱད་པ་རྒྱུད་པ་ཐམས་ཅད་ཐབས་ཀྱིས་གྲགས་པའི་བྱུང་ཚུལ། མི་མཐུན་སྐྱོན་སེལ་གྱི་ལྟ་བ་སྟག་ཚང་སེལ་བའམ་ལྟ་བུ་རང་གཞན་གྱི་དུག་སྡོང་སེལ་བ་ལྟར་དུ་བསྟན་པ་ལ་ལེའུ་གསུམ། རྨོངས་པ་སེལ་བའི་དཔྱོད་ཐུན་གྲོལ་བ་སོ་དྲུག་པ། སོ་གང་གི་དྲི་བ་ཐེ་ཚོམ་བཅད་པ་བདུན་པ། སོ་བརྒྱད་སྔོན་འབྱུང་གི་གཏམ་བརྒྱུད་བརྗོད་པ་པའོ། །དགུ་པ་གང་གི་ཆེད་དུ་མཛད་པའི་བྱུང་ཚུལ་གྲོལ་དོན་ཐུན་གྱི་ལྟ་བ། སྨན་པ་མཁས་པ་ནད་གསོ་བ་ལྟར་བསྟན་པ་ལ་ལེའུ་བཞི། སོ་ཐུགས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་དགུ་པ། བཞི་གསུང་གི་མཛད་པ་ཡོངས་སུ་རྫོགས་པ་བཅུ་པ། ཞེ་ཐབས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་གཅིག་པ། ཞེ་གཉིས་སྐུའི་མཛད་པ་ཡོངས་སུ་རྫོགས་པ་པའོ། །བཅུ་པ་ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ། ངེས་པ་ཕྱིས་འབྱུང་གི་ལྟ་བ། བློན་པོ་རིག་པ་ཅན་གྱི་ཞལ་ཆེམ་ལྟར་བསྟན་པ་ལ། ལེའུ་ཞེ་གསུམ་པས་སྟོན་ནོ། །བཅུ་གཅིག་པ་ལས་རྒྱུན་ཡོངས་སུ་གཅོད་པའི་བྱུང་ཚུལ། མཚན་མ་རང་དག་གི་ལྟ་བ། ཁྲུས་མཁན་མཁས་པས་ཁྲུས་བྱས་པ་ལྟར་བསྟན་པ་ལ་ལེའུ་གཅིག་སྟེ་ཞེ་གཅིག་པས་ཆོ་འཕྲུལ་སྔོན་བྱུང་གི་སྟོན་ནོ། །བཅུ་གཉིས་པ་དགོངས་པ་རྣམ་པར་སྒྲོལ་བའི་བྱུང་ཚུལ། དགོངས་པ་རྣམ་པར་བགྲོ་བའི་ལྟ་བ། སློབ་དཔོན་ཚོགས་ནས་རྒྱལ་པོ་ཡི་ཆབ་སྲིད་འཛིན་པ་ལྟར་བསྟན་པ་ལ་ལེའུ་སུམ་ཅུ་སོ་གཅིག་གིས་སྟོན་པ་ལས། དེ་ཡང་ས་བཅད་རྣམ་པ་གཉིས། ཆོས་ཀྱི་རྣམ་གྲངས་རྣམ་པ་བཅུར་དགོངས་བསྒྲོ་བ་དང་། མཚན་བསླབ་པའི་མཐའ་བཅུ་དང་སྦྱར་ཏེ་དགོངས་པ་བགྲོ་བའོ། །ཆོས་ཀྱི་རྣམ་གྲངས་བཅུར་དགོངས་པ་འགྲོ་བ་ནི། ལེའུ་ཞེ་ལྔ་པའི་ནང་ནས་མར། དམ་པ་རྣམས་ཀྱི་དགོངས་པ་ལ་འཇུག་པ་མདོ་རྒྱུད་ན། མཛོད་དུ་འཇུག་པར་བྱའོ། །རང་བཞིན་མ་བཅོས་པར་བའོ། །ལྗོན་ཤིང་སྐྱེད་པར་བྱའོ། །སྒྲོན་མེ་སྦར་བར་བྱའོ། །རྗེས་སུ་འཇུག་པར་བྱའོ། །ཁྱད་པར་དུ་འགྲོ་བར་བྱའོ། །ཡུལ་ལ་འཇུག་པར་བྱའོ། །མེ་ལོང་བཏགས་པར་བྱའོ། །མཐུན་པར་འཇུག་པར་བྱའོ། །ནད་གསོ་བར་བྱའོ། །ཞེས་པས། དང་པོ་མཛད་དུ་འཇུག་པ་ལ་ལེའུ་བཅུ་གཉིས་ཡོད་པ་ལས་དོན་རྣམ་པར་གསུམ་སྟེ། སྤྱོད་པའི་འདྲེན་སྒོ་ལ་འཇུག་པ་ལ། ཡན་ལག་དྲུག་གིས་འབྱེད། མདོ་བཞིས་འགྲོལ། རྩ་བ་གསུམ་གྱིས་འབྱིན་པར་བྱེད་དོ། །ཞེ་ལྔ་བཀོད་པ་རྣམ་པར་འགྲེལ་ཞེས་བྱ་བས་སྟོན། ཐ་མལ་གྱི་སྦྱོར་སྒོ་ལ་ཡང་། ཡན་ལག་དྲུག་གིས་འབྱེད། མདོ་བཞི་འགྲོལ། རྩ་བ་གསུམ་གྱིས་འབྱིན་པར་བྱེད་དོ། །ཞེ་དྲུག་པས་རྒྱུ་བ་རྣམ་པར་འགྲེལ་ཞེས་བྱ་བའི་སྟོན། ངེས་པའི་གསང་སྒོ་འཇུག་པ་ལ་ཡང་། ཡན་ལག་དྲུག་གིས་འབྱེད་པ་ལ་ལེའུ་དྲུག་སྟེ། ཞེ་བདུན་པ་རྒྱུའི་གླེང་གཞི་ཕུན་སུམ་ཚོགས་པ་ཞེས་བྱ་བའི་ཡན་ལག་གླེང་གཞི་ཞེ་བརྒྱད་པ་རྩ་བའི་ཡན་ལག་རྩ་བ་སྦྱོར་བའི་ཡན་ལག་བསྟན་པའི་གླེང་སླང་། འབྲེལ་པའི་ཡན་ལག་གི་དགོངས་ཆེད་བསྟན་པའི་ཞེ་དགུ་པ་འབྲེལ་པ། དགོས་ཆད་ཀྱི་ཡན་ལག །ལྔ་བཅུ། ཡོངས་སུ་འདྲེན་པའི་ཡན་ལག་རྣམ་པར་གྲོལ་བའི་འདྲེན་པ་ཚིག་གི་ཡན་ལག །ང་གཅིག་པ་ངེས་པའི་ཡན་དམ་པ་ཡན་ལག་སྦྲེད་པའི་ལག །ང་ཐབས་རྣམ་པར་འགྲེལ་བ་ཞེས་བྱ་བའི་གཉིས་པ་སྦྱོར་བ་བྱང་ཆུབ་ཀྱི་ཡན་ལག་གོ། །མདོ་བཞིས་འགྲོལ་བ་ལ་ལེའུ་གཅིག་སྟེ། ང་གསུམ་པས་མདོ་རྒྱ་ཆེར་འདྲེས་པའི་སྟོན། རྩ་བ་གསུམ་གྱིས་འབྱིན་པ་ལ་ལེའུ་གསུམ། ཆོས་ཉིད་ཀྱི་མེ་ལོང་བསྟན་པའི་ང་བཞི་པ་མཚོན་པ་དཔེའི་རྩ་བ། ང་ལྔ་པ་མི་མཐུན་ཆོས་ཐམས་ཅད་ཀྱི་རྩ་བ་མུན་པའི་སྤྱོད་ཡུལ་བསྟན་པའི་པ་སྐྱོན་གྱི་རྩ་བ། ང་དྲུག་པ་དོན་ངེས་པའི་ཆོས་ཐམས་ཅད་ཀྱི་རྩ་རྣམ་པར་དག་པའི་སྤྱོད་ཡུལ་བསྟན་པའི་རྩ་བའོ། །ང་བདུན་པ་རང་བཞིན་སྦྱོར་རང་བཞིན་གྱི་མ་བཅོས་པར་བྱ་བ། ང་དེ་ཁོ་ན་ཉིད་གསང་བ་དམ་པ་ལྗོན་ཤིང་སྐྱེད་པའི་བརྒྱད་པ་ལྗོན་ཤིང་སྐྱེད་པར་བྱ་བ། སྦྱོར་རྗེས་འཇུག་གི་ང་དགུ་པ་རྗེས་སུ་འཇུག་པར་བྱ་བ། དྲུག་ཅུ་པ་སྒྲོན་མ་སྦྱོར་མིག་གི་སྒྲོན་མ་བསྟན་པའི་ལེའུ་བསྲེ་བར་བྱ་བ་རེ་གཅིག་པ་ཁྱད་པར་དུ་སྦྱོར་བའི་སྒྲོན་མ་བསྟན་པའི་འགྲོ་བ། རེ་གཉིས་པ་ཡུལ་དམ་པ་ལ་འཇུག་པ་ཡུལ་ལ་འཇུག་པ། རེ་གསུམ་པ་མེ་ལོང་མཚོན་པ་ཞེས་བྱ་བའི་བཏག་པ། རེ་བཞི་པ་མཐུན་སྒྱུ་མ་རོལ་པ་རྣམ་པར་གྲོལ་བའི་པར་འཇུག་པ། རེ་ལྔ་པ་རང་བྱུང་བདུད་རྩི་ནད་གསོ་བར་བྱའོ། །སྤྱི་དོན་གཉིས་པ་མཚན་བསླབ་པའི་མཐའ་བཅུ་ནི། རེ་དྲུག་པ་གཞི་དམ་དམ་ཚིག་པའི་མཆོག་ཚིག་གིས་བཟུང་བ་ལ་བསླབ་པ། རེ་བདུན་པ་རྒྱུད་ཐོས་སྙན་རྒྱུར་དམ་པ་མཆོག་གི་པས་སྒྲོལ་བ་ལ་བསླབ་པ། རེ་བརྒྱད་པ་ཆོས་ཐམས་ཅད་ཀྱི་སྒོ་རྣམ་པར་དབྱེ་བའི་སྒོ་ཀུན་ནས་བསྡུར་བ། རེ་དགུ་པ་བསམ་གྱིས་མི་ཁྱབ་བསྟན་པའི་ཕུལ་དུ་མཁས་པ་འབྱུང་བ། བདུན་ཅུ་པ་རིམ་སྦྱོར་ལུང་བསྟན་པའི་པ་དབང་གིས་སྒྲོད་པ། དོན་སྦྱོར་སྤྱོད་འཇུག་གི་གཅིག་པ་སྤྱོད་པས་དོར་བ། དོན་གཉིས་པ་ཐེ་ཚོམ་ཡོངས་སུ་གཅོད་པའི་ཐག་ལྟ་བས་བཅད་པ། དོན་སྦྱོར་དབང་རྒྱུར་གྱི་གསུམ་པ་ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་བ། དོན་བཞི་པ་དོན་པར་སྒྲུབ་པའི་དོན་མན་ངག་གིས་སྒྲུབ་པས། དོན་ལྔ་པ་འབུ་ཏ་ཀུན་གྱི་དགོངས་པ་འདུས་པའི་ལེའུ་མདོ་དོན་གཅིག་ཏུ་བསྡུས་པ་ལ་བསླབ་པ། དགོངས་མ་ལམ་སོ་ནམ་གྱི་ཁེ་སྒྲུབ་པ་ལྟར་དུ་བསྟན་པའོ། །བཞི་པ་དྲི་ལན་དུ་རྒྱུད་དང་སྟོན་པ་ལ་བསྟོད་པར་བསྟན་པ་ནི། ཨེ་མའོ་སྐྱེས་ཆེན་གསང་བའི་བདག །རྩལ་ཆེན་སྨྲ་བ་སེང་གེ་སྒྲ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །སངས་རྒྱས་ཀུན་མངོན་ཡེ་ནས་བྱུང་། །ཁྱོད་ནི་སངས་རྒྱས་ཀུན་གྱི་མེས། །ཆེ་མཆོག་ཆེ་བཙན་དམ་པའི་སྐུ། །བདེ་གཤེགས་ཀུན་གྱི་བཤེས་གཉེན་མཆོག །སེམས་པ་སངས་རྒྱས་ཀུན་གྱི་དངོས། ། ཞེས་པས་སྟོན་པ་ལ་བསྟོད། ཀུན་གྱི་འབྱུང་གནས་མེ་ལོང་གསལ། །ཕྱོགས་ཀུན་གང་ལ་ངེས་པ་ཡི། །ཐེག་ཆེན་རྨད་གྲགས་ངོ་མཚར་ཆེ། །གསང་ཆེན་བྱུང་ཚུལ་ངོ་མཚར་ཆེ། །ཨ་ཧོ་ཞེས་ངེས་པ་དམ་པར་མངོན་པར་བསྟོད་དོ། །ཐ་མ་འབྲུ་རེ་གཉེར་བསྟན་པ་ནི། བཤད་པའི་ཡན་ལག་འདྲེན་པ་ཚིག་བཅུའི་སྐྱེ་བར་སྟོན་ནས་གཞུང་འཆད་པར་བྱེད་པའོ། །སྤྱི་དོན་གསུམ་པ་འབྲས་བུའི་དོན་ལྔ་སྟེ་ངོ་བོ། ངེས་ཚིག་དབྱེ་བ། ཐོབ་ཚུལ་དང་། མཚན་ཉིད། ངོ་བོ་ལ་གཉིས། མ་འདྲེས་རྣམ་གྲངས་སུ་སྣང་བའི་ངོ་བོ་དང་། དབྱེར་མེད་ལྷུན་གྲུབ་ཏུ་སྣང་བའི་ངོ་བོའོ། །མ་འདྲེས་རྣམ་གྲངས་སུ་སྣང་བ་ནི། བསྡུ་ན་རྟེན་བྱེད་པའི་སྐུ་གསུང་གོ་རྟ་སྤྲོད་པའི་ཐུགས་རིག་ཅིང་མཁྱེན་པའི་ཡོན་དགོས་འདོད་འབྱུང་བ་ཏན་ཕྲིན་བྱ་བ་བྱེད་པའི་རྣམ་པ་ལྔ། འབྲིང་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔ་སྟེ། སྐུ་ལྔ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་ཀྱི་སྐུ། གསང་བའི་སྐུའོ། །གསུང་ལྔ་ནི། སོ་བཞི་པ་ནས། ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །ཆོས་ཀྱི་སྐུའི་གསུང་ཉི་མའི་སྙིང་པོ་ལྟ་བུའོ། །ལོངས་སྐུའི་གསུང་མེ་ལོང་ལྟ་བུའོ། །གསང་བ་སྐུའི་གསུང་སེང་གེ་ལྟ་བུའོ། །སྤྲུལ་པ་སྐུའི་གསུང་ནི་གསུང་གཅིག་ཡན་ལག་བསམ་གྱིས་མི་ཁྱབ་པའོ། །ཞེས་སོ། །ཐུགས་ལྔ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོགས་པའི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡོན་ཏན་ལྔ་ནི། ཞིང་ཁམས། གཞལ་ཡས་ཁང་། གདན་ཁྲི། འོད་ཟེར། རྒྱན་ནོ། །ཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་བཞི། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལྔ་ནི། རྒྱས་པར། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པར་སྣང་ངོ་། །དེ་ཡང་དོན་བསྡུས་ལས། འབྲས་བུ་ཉིད་ནི་རྫོགས་སངས་རྒྱས། སྐུ་དང་ཡོན་ཏན་ལས་ཉི་ཤུ་ལྔ་བསྡུས་མཐའ་ཡས་རྣམས། ཞེས་པས་མངོན། དབྱེར་མེད་ལྷུན་གྲུབ་ཏུ་སྣང་བའི་ངོ་བོ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེར་མེད་དུ་ལྷུན་གྱིས་གྲུབ་པའོ། །དེ་ཡང་དོན་བསྡུས་ལས་ལྷུན་རྫོགས་རྣམ་ཀུན་མཁྱེན་པའོ། །ཞེས་པས་མངོན་ནོ། །ངེས་ཚིག་ནི། སྨིན་ཅིང་མཐར་ཕྱིན་པས། ན་འབྲས་བུའོ། །དབྱེ་ན་གཉིས། བདག་དོན་གྲུབ་པ་པོ་དང་གཞན་དོན་མཛད་པའོ། །དང་པོ་ནི་གཞིའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་ཏེ། ལམ་གྱི་རྩོལ་བ་དང་བྲལ་བའོ། །གཞན་དོན་མཛད་པ་པོ་ལ་གསུམ། ཐུགས་རྗེས་གཟིགས་པའི་ཚུལ་ཡུལ་དུ་བྱས་ན་གཟུང་འཛིན་ཅན་དུ་འགྱུར། མ་བྱས་ནས་འཁྲུལ་པར་འགྱུར། ཞེ་ན་དབྱེར་མེད་དུ་གཟིགས་སོ། །དབྱེར་མེད་ལ་གཟིགས་བྱ་གཟིགས་བྱེད་མི་འཐད་དོ་ཞེ་ན་ཐ་དད་མེད་ཀྱང་དེ་ཡིས་ཆར་འདོགས་སོ། །གཟིགས་ནས་ཐུགས་རྗེ་སྐྱེས་པའི་ཚུལ། །སྐྱེས་ནས་དོན་མཛད་པའི་ཚུལ་ལོ། །དེ་ལ་ལྔ། ཐབས་མཁས་པའི་མཛད་པ་བྱུང་ཚུལ་བརྒྱད་པ། ཡུལ་དང་མཐུན་པའི་མཛད་པ་བྱུང་ཚུལ། དགུ་པ། རྨད་བྱུང་ཆེ་བའི་མཛད་པ་བྱུང་ཚུལ། བཅུ་པ། ལས་རྒྱུན་གཅོད་པའི་མཛད་པ་བྱུང་ཚུལ་བཅུ་གཅིག་པ། བསྟན་པ་འཆད་པའི་མཛད་པ་བྱུང་ཚུལ་བཅུ་གཉིས་པའོ། །ཐོབ་ཚུལ་ནི། སྤངས་ཐོབ་མེད་པར་རིག་པ་རང་སྣང་མངོན་དུ་བྱས་པའོ། །དེ་ཡང་ལེའུ་ལྔ་པ་ལས། གཞན་ནས་མ་བྱུང་རང་བྱུང་བར། །ཤེས་ལ་སྙད་བརྟགས་མ་ཤེས་ལ། །གཏོར་ཞེས་ཐ་སྙད་རྟག་པར་ཟད། །ཅེས་པ་དང་། ལེའུ་དགུ་པ་ལས། སེམས་ཉིད་རྟོགས་ན་སངས་རྒྱས་ཏེ། ཞེས་པས་མངོན་ནོ། །འབྲས་བུའི་མཚན་ཉིད་ནི། ལེའུ་སོ་གསུམ་པ་ལས། སྐུ་དེ་དག་ནི་རྟག་པར་ཡང་ཟུང་གཅིག །མི་རྟག་པར་ཡང་ཟུང་ཅིག །ཡོད་པར་ཡང་ཟུང་ཅིག །མེད་པར་ཡང་ཟུང་ཅིག །གཅིག་པར་ཡང་ཟུང་ཅིག །ཐ་དད་པར་ཡང་ཟུང་ཅིག །གཅིག་ཐ་དད་ཀྱི་ངོ་བོ་ལས་གྲོལ་བར་ཡང་ཟུང་ཅིག །ཅེས་པ་དང་། མདོ་བསྲེས་ལས། སྐུ་ཇི་ལྟ་བ་བཞིན་དུ། གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱང་ཤེས་པར་བྱའོ། །ཞེས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཀ་མཐའ་དྲུག་ལས་གྲོལ་བའོ། །རྗེ་ཡིས་གསུང་པས་ཞལ་གྱི་གདམས་པ་ཐོབ། །གདམས་པའི་གནད་ཀྱིས་རྒྱལ་བའི་དགོངས་པ་རྟོགས། །ཆོས་ཀྱི་སྤྱན་གྱིས་ཚིག་གིས་འབྲེལ་དོན་རིག །ཐོབ་པ་རིགས་རྟོགས་ལྡན་པའི་བརྩོན་སེང་ལ། །རྗེ་ཡིས་བཀའ་བསྒོས་བུ་ཡིས་བསྐུལ་བའི་ཕྱིར། །མདོ་ཁོག་རིན་ཆེན་སྒྲོན་མ་འདི་བཀོད་པས། །བླ་མ་མཉེས་ཤིང་ཀུན་དོན་འགྲུབ་པར་ཤོག །ཁོག་དོན་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། གསང་སྔགས་འཛིན་པ་བརྩོན་སེང་གིས་བཀོད་པའོ། །དགེའོ། །དགེའོ། །དགེའོ།། །།


previousམདོ་ཁོག་རིན་ཆེན་སྒྲོན་མ། no next