Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
དགོངས་པའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་པའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

དགོངས་པའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

པྲ ཀྲི ཏི སྱ དྷཱ ཏུ ཏི སྨ། །
དགོངས་པའི་ཀློང་བཞུགས། །
རྒྱ་གར་སྐད་དུ། སརྦ་༼ག༽ཏ་ཐཱ་ག་ཏ༈ཨ་༼ཁ༽བྷི༈སརྦ་༼ཀ༽དྷརྨ༈པྲ་༼ང༽ཀྲི༈ཏི་ཡོ་༼ཅ༽ ག༈བྱཱ་༼ཆ༽ནནྟ་ར༈ཨ་༼ཇ༽སཾ་སྐྲི་ཏ༈པུ་༼ཉ༽ ཎཾ༈བྱ་༼ཏ༽ཀ་ར་ན༈ ནཱ་མ། བོད་སྐད་དུ། མཚན་ཉིད་འཛིན་པའི་ཆོས་༼ཀ༽འཁོར་འདས་བརྗོད་བྱ་ཐམས་ཅད་ཀྱི༈གདོད་ནས་མ་སྐྱེས་པས་རང་༼ཁ༽བཞིན་བྱང་ཆུབ་ཀྱི་སེམས་དུས་གསུམ་གྱི་དེ་༼ག༽བཞིན་གཤེགས་པ་ཐམས་ཅད་ཀྱི༈ཐུགས་ཀྱི་དགོངས་༼ང༽པ༈མཁྱེན་པའི་ཡེ་ཤེས་མ་ནོར་རྣལ་༼ཅ༽མའི་དོན་ལ་རིག་པས་འབྱོར་པའི༈ཡང་རབ་ཀྱི་བསམ་༼ཆ༽པ་ཡུལ་འདུས་བྱས་མིན་པས་གཏན་པ་མཚུངས་པ་མེད་པས་ཁྱད་པར་ཅན་དུ༈ཡེ་ནས་གནས་པས་འདུས་༼ཇ༽ མ་བྱས༈པར༈༼ཉ༽ལུང་༼ཏ ༽སྒྲོ་སྐུར་དང་བྲལ་བར་ངེས་སོ། །སྐལ་ལྡན་ལ་གསལ་བར་བསྟན་པ་ཞེས་རྗོད་བྱེད་བྱ་བ། བཅོམ་ལྡན་འདས་བློས་བསམ་པ་བྲལ་བའི་ཏིང་ངེ་འཛིན་ལ་ངང་གིས་གནས་པ་རྡོ་རྗེ་འཛིན་པ་ཆེན་པོ་ལ་གོམས་པས་ཕྱག་འཚལ་ལོ། །དྲན་བ་དང་རྟོག་པ་ཡུལ་གྱི་རྣམ་པ་ལ་ཅིར་ཡང་གཡོས་ཀྱང་། །དེའི་མཚན་ཉིད་རང་གསལ་རྣམ་པ་མ་འགགས་པར་སྤྲུལ་པ་ངོས་རང་བཞིན་གཟུང་མེད་དེས་ཡིན། །དེས་ན་དོན་དེང་རྟོགས་པའི་ནུས་པའི་མཐུ་ཅན་གྱི་སྐྱེས་བུའི་ཡིད་ནི། །བདེ་གཤེགས་ཀྱི་དགོངས་པ་ཡིན་པས་རྟོགས་གོམས་དེས་འདུད་ཕྱག་འཚལ། ༈ །སྐྱེ་རྒུ་ཕལ་ཆེར་ནི་བློ་གྲོས་མུ་མཐའི་ཕྱོགས་སུ་ལྷུང་པས་ཤེས་བྱ་ལ་མཁྱེན་པའི་རྩལ་མ་རྫོགས་པས་མ་བཅོས་པར་ལྷུན་གྱིས་རྫོགས་པའི་ཆོས་རྣམས་ལ། ངེས་པར་འཛིན་པའི་མོས་པ་དང་འདོད་པའི་འདུན་པ་དང་དད་པ་གསུམ་མེད་པར་ཡང་མ་ཟད་པར་དེ་ཉིད་བློའི་ཕྲག་ཏུ་མི་ཚུད་པས་དོག་པའི་བསམས་པས་སྒྲོ་འདོགས་ཤིང་སྐུར་འདེབས་པར་བྱེད་པ། དེས་ན་འོག་གི་འདི་ལྟར་དུ་སྙིང་རྗེས་ཀུན་ནས་བསླངས་ནས་བཀོད་ཀྱང་སྐྱེ་དགུ་ཀུན་ལ་ཕན་ནོ་ཞེས་ངེས་པར་ཡིད་བརྟན་མེད་ཀྱང་། སློབ་དཔོན་རང་དང་ཐུགས་ཀྱི་རིགས་མཐུན་པ་དངོས་ཀྱི་སློབ་མ་འཇམ་དབྱངས་བུ་དང་བརྒྱུད་པའི་སློབ་མ་ཕྱི་རབས་དྲ་མ་ཆེན་པོའི་དོན་དུ་དགོད་པར་བྱའོ། །རྟོགས་པའི་ལྟ་བ་ཡིད་སྦྱིན་གྱི་ནོར་བུ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལས། །ཆེ་བའི་པ་ལྔས་ཁྱད་པར་འཕགས་ཆེན་པོར་སངས་རྒྱས་སུ་རྩལ་འབྱིན་པ་ནི། །རྩོལ་བས་མ་བཙལ་བར་རྟོགས་པའི་ངང་དུ་གོམས་པ་ལས། །དུས་དེ་མ་ཐག་ཏུ་རང་ལས་འབྲས་བུ་འཆར་ཏེ། །དཔེར་ན་རྒྱ་མཚོ་རྐྱེན་གྱིས་རྙོགས་པ་ལས། །རྐྱེན་གྱིས་མ་བཅོས་པའི་ངང་དུ་བཞག་པ་ཡིས། །རྙོག་པ་རང་སངས་ཏེ་ཆུ་དང་བ་ལ། །ཉི་ཟླའི་གཟུགས་བརྙན་ངང་གིས་འཆང་བ་བཞིན་ནོ། ༈ །དུས་ཡེ་ནས་འབྲས་བུ་ལྷུན་གྱིས་གྲུབ་ཅིང་འཁྲུལ་པ་རྣམ་པར་དག་པའི་དོན་ཏེ། །རང་རིག་རང་གསལ་དུས་ཡུལ་དང་ཡུལ་ཅན་དབྱེར་མེད་ཡུལ་མེད་དུ་རྟོགས་པའི། །སོ་ལ་མ་ཡེངས་པར་རང་རང་དུ་བཞག་པས་དེ་ལ། །སྐུ་གསུམ་ལྷུན་གྱིས་གྲུབ་སྟེ་རྩོལ་བ་མེད་པས་བདེ་བ་ཆེ་འོས། །དཔེར་ན་རྒྱལ་བུས་དགེ་དོན་གྱི་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་པར་བྱ་བའི་ཕྱིར། །ཕྱིའི་རྒྱ་མཚོའི་གླིང་ལས་ཡིད་སྦྱིན་གྱི་ནོར་བུ་རིན་པོ་ཆེ་བླངས་ཏེ། །རྒྱལ་བུའི་ཡེ་ནས་ཡོད་པའི་ཡོན་ཏན་དེ་ནོར་བུ་དེའི་རྐྱེན་གྱིས་བསླང་ནས། །འགྲོ་བའི་འདོད་པ་སྐོང་ཞིང་དབུལ་བ་སེལ་དེ་འདོད་པའི་བདེ་བས་ཚིམ་པ་བཞིན་ནོ། ༈ །གོམས་པས་རྟོགས་པའི་ངང་དུ་གནས་པ་ལས། །རྒྱལ་བའི་དགོངས་པ་རང་ཆས་སུ་གནས་པ་ཤར་བ་ནི། །སྔོན་གྱི་གནས་དྲན་པ་ལྷའི་མིག་རྣ་བ་སེམས་ཤེས་པ་མངོན་ཤེས་དྲུག་དང་ཡེ་ཤེས་ལྔ་སྟོང་མེ་མཉམ་འོ་བྱ། །སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་དང་། །ཐུན་མོང་དང་ཁྱད་པར་གྱི་མཚན་སོ་གཉིས་དཔེ་བྱད་བརྒྱད་ཅུ་མི་འཇིགས་པ་སྟོབས་མ་འདྲེས་པ་ལ་སོགས་པའི་ཡོན་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་ཟག་པ་ཟད་པའི། ཏན་རྫོགས། །བྱམས་པ་ལ་སོགས་ཚད་མེད་བཞིས་འགྲོ་དོན་བཙལ་བ་མེད་པར་འགྲུབ་པ་ནི། །དཔེར་ན་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་དང་། །ནོར་བུ་རིན་ཆེན་གྱི་ཡོན་ཏན་རང་ཆས་སུ་ཤར་བ་དང་འདྲ། ༈ །ཉོན་མོངས་པ་ལ་སོགས་པའི་སྐྱོན་རྣམས་མ་སྤངས་པར་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པས། །རང་གཞན་གྱི་དོན་གྲུབ་སྟེ་ཉན་ཐོས་དགྲ་བཅོམ་པའི་ས་ལས་གྲོལ་ལོ། །རྟེན་འབྲེལ་ལུགས་བཟློག་གིས་མ་བཀག་ཀྱང་སྐྱེ་བ་དང་འགག་པ་ལས་གྲོལ། །རང་རྒྱལ་གྱི་ཡིད་སྦྱིན་བདེ་བའི་མཆོག་གི་ས་ལས་གྲོལ་ལོ། །སྒྲིབ་པ་གཉིས་མ་སྦྱངས་ཚོགས་གཉིས་མ་བསགས་ཀྱང་དོན་ལ་གནས་པས་གྲོལ་བས། །འབྲས་བུ་ལྷུན་གྱི་རྫོགས་ཏེ་སྦྱང་བགྲོད་མེད་པས་མདོ་སྡེའི་ས་ལས་གྲོལ་ལོ། །ལུས་ངག་གི་བྱ་བའི་ལས་ལས་གྲོལ་ཀྱང་ཆེ་བའི་ཡོན་ཏན་རྫོགས་པ་དང་། །གོང་འོག་གཉིས་ལ་ལྟ་སྤྱོད་མ་བརྟེན་ཀྱང་ཕྱོགས་མེད་ཀྱི་ངང་དུ་ཡོན་ཏན་རྫོགས་པ་དང་། །བསམ་གཏན་གྱི་ཡན་ལག་མངོན་བྱང་ལྔ་ཆོ་འཕྲུལ་བཞི་སྟེ་དགུ་ཡིས་གོས་པ་ལས་གྲོལ་ལ། །ཡང་ན་ལྷ་དང་བདག་ཐ་དད་བདེན་པ་གཉིས་སུ་ལྟ་བ་ལས་གྲོལ་ནས་ཡོན་ཏན་ཤར། །ལྷ་གཙང་བ། རྟོགས་པའམ་རྨི་བ་བླང་དོར་༼༣༽རྣམ་རྟོག་ཉིད་བླང་དོར་གྱི་རྩོལ་བ་མེད་པས་བདེ་ཆེན་གནས་པ་ལ། །ཡེ་ཤེས་པ་ཕྱི་དང་དམ་ཚིག་པ་ནང་ན་མི་མངའ་བས་ཕར་སྤྲོ་བསྡུ་བ་མེད། །ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དེ་མིན་པར་སངས་རྒྱས་པའི་ཕྱིར། །ཐུབ་ཕྱི་པ་པའི་རྒྱུད་ཀྱི་བསམ་གཏན་ལས་གྲོལ་བའོ། །བསྐྱེད་རིམ་རིལ་གྱིས་ས་ལས་རིམ་གཅིག་ཅར་རྫོགས་པར་བཙལ་བ་དང་བྲལ་ལ། །དེ་ཀུན་བསྙེན་པ་དང་ཉེ་བསྙེན་གཅིག་སྤྲོས་ཚོགས་སྒྲུབ་པ་དང་སྒྲུབ་ཆེན་ཨ་ལི་རྣམ་པ་བཞིས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འགྲུབ་མི་བྱེད། །དེ་ཀུན་གསུང་ཐུགས་སྐུའི་ཆོ་ག་ལྔ་དང་ཡན་ལག་གི་ཐབས་ཤེས་རབ་མི་ཟད་པ་ཡེ་ཤེས་ཀྱི་དལ་དང་སྔགས་ཀྱི་ཡན་ལག་ལྔ་དང་གོས་རྒྱན་བཟའ་བཏུང་གླུ་ཚིག་བྲོ་གར་ཨ་ལཱི་ཀ་ལཱི་སྟེ་ཡོ་བྱད་ལྔ་སྟེ་ལྔ་གསུམ་པོ་རྣམས་ཀྱིས་བཙལ་བས་འབྲས་བུ་འགྲུབ་པ་མ་ཡིན་པས་མ་ཧཱའི་བསམ་གཏན་ལས་ཡེ་ནས་རང་གྲོལ་བའོ། །རྫོགས་རིམ་ཆུ་ལ་ཉ་ལྡང་གི་ཚུལ་དུ་ལྷའི་དཀྱིལ་འཁོར་བསྒོམ་པ་གཙོར་བྱེད་པ་མིན་ཅིང་། །སྣང་བ་དབྱིངས་དང་ཡེ་ཤེས་གཉིས་རྒྱུ་༡འབྲས་༢སུ་སྒོམ་པ་དང་བྲལ་ལ། །ཝ་དང་ཅང་ཤེས་ལ་སོགས་པའི་བརྟུལ་ཞུགས་ཀྱི་གྲངས་ཉེར་གསུམ་ལ་རག་མ་ལས་པར། །ཕྱོགས་རིས་མེད་པའི་བདེ་བ་ཆེན་པོར་ཡེ་ནས་རྫོགས་པ་དང་འཇལ་བས་ཨ་ནུ་ལས་གྲོལ་ལོ། ༈ །ཆེ་བ་ལྔས་རྩོལ་བཅས་ལས་ཆེ་བའི་དཔག་དཀའ་བས་ཟབ་མོ་ཡི། །ཡོན་ཏན་མུ་མཐའ་ཅིར་ཡང་བརྗོད་ཅིང་བསྔགས་པ་མེད། །དོན་བཞི་པ་རྣམས་ཇི་ལྟ་བ་བཞིན་དུ་འགྲུབ་ཀྱང་རྟོག་པས་མི་བསྐྱེད་དེ། །རྩོལ་བའི་བྱ་བ་མེད་པས་རང་སའི་གྲོལ་བའང་འདིར་སྒྲོལ་བའོ། ༈ །རྣམ་པ་སྒྱུ་མ་རང་བཞིན་སྤྲོས་བྲལ་མཚན་ཉིད་རང་རིག་རྣམས། །རྩོལ་མེད་ཀྱི་བདེ་བ་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་པའི་གནས་ལུགས་དེ། །རྒྱལ་བའི་ལུང་དང་བླ་མའི་མན་ངག་དང་རང་རིག་པའི་ཉམས་དང་ཚད་མ་གསུམ་ཀྱིས། །རྟོགས་པའི་ངང་དུ་གོམས་པར་བྱེད་དགོས་པས། །དེའི་འཐད་པ་ཡང་ཡེ་ནས་གནས་པའི་གནས་ལུགས་དེ་ལས། །མ་རྟོགས་པ་དང་ལོག་པར་བརྟགས་པ་དེས་ན་ཤེས་པའི་རྒྱུད་ལའང་། །འཁྲུལ་པའི་ངང་རྟོག་གི་ཤུགས་ཉིད་སྟོབས་དྲག་པས། །གཤིས་ཀྱི་ཡིན་ལུགས་རྟོགས་པའི་ངང་དུ་མ་གོམས་ན། །དེ་ངོ་ཤེས་ཏེ་རྟོགས་པ་ཙམ་གྱིས་འབྲས་བུ་མཐར་མ་ཕྱིན་ནོ། ༈ །གཤིས་དེ་རྟོགས་ནས་དེའི་ངང་དུ་བློ་གནས་པ་དེ་ལ་ནི། །གནས་ལུགས་མཁྱེན་པའི་བསམ་པའི་ཀློང་དུ་ཆོས་ཐམས་ཅད་གྱུར་༼ཿ༽ཏེ་ཡེངས་བ་མེད་པས། །བསམ་༼ཿ༽གཏན་༼ཿ༽ཆེན་པོ་བསྒོམ་བྱ་སྒོམ་བྱེད་ཀྱི་རྩོལ་བ་དང་བྲལ་བ་ཡིན་ནོ། །ཡེངས་པའི་དོགས་མེད་པར་རྟོགས་པའི་ཀློང་ཆེན་པོར་༼ཧ༽ལས་མི་གཡོ་བ། །དེ་དང་འབྲལ་བ་མེད་པས་རྟོགས་པ་དོན་གྱི་གཟུངས་ཆེན་པོ་དང་༼ཨ༽ ལྡན་པས། །རྟོགས་པའི་ཡེ་ཤེས་ཀྱི་ངང་དུ་གནས་པ་ནི་ཏིང་༼ཧ༽ངེ་འཛིན་༼ཨ༽ཀྱི་མཆོག་གོ། །རྣམ་ཤེས་ཚོགས་བརྒྱད་ཀྱི་འཁྲུལ་པའི་རྦ་རླབས་རང་སར་ཞི་༼༡༽སྟེ། །གནས་ལུགས་བདེ་ཆེན་གྱི་ངང་དུ་གནས་པས་སྐྱེ་ལུགས་གསུམ་མ་སྤངས་པས་༼༠༽ལྷག །ཤེས་བྱའི་ཡུལ་མེད་པར་ཤེས་རབ་ཀྱི་སྤྱན་གྱིས་གཟིགས། །པ་རྣམས་དབྱེར་མེད་པར་རང་རིག་པ་གཅིག་གི་ངང་༼༠༽དུ་རྫོགས་པས། །ཞི་༼༡༽གནས་༼།༽དང་ལྷག་༼།།༽མཐོང་༼།།།༽ཟུང་༼།།།།༽དུ་འབྲེལ། ༈ །ཇི་ལྟར་ལྟ་བ་རྟོགས་པར་བྱེད་པའི་དོན་དུ་དེའི་ཐབས་བརྩོན་པས། །རྒྱལ་བའི་བཀའ་དང་གཞུང་ལུགས་རྒྱ་མཚོ་ཙམ་ལ་མཁས་ཤིང་རྟོགས་པ་གསལ་ཡང་། །དེའི་ངང་དུ་གོམས་༢པའི་མཚན་མ་ཟིལ་༡གྱིས་གནོན་པ་དང་རྒྱན་དང་བྲལ་ན། །རྣམ་རྟོག་མཚན་མའི་ཆུ་ཀླུང་ལ་རྟོགས་པ་དེས་སྒྲོལ་བར་ནུས་པ་མ་ཡིན་ཏེ། ༈ །བདེན་ངེས་པར་འཛིན་པའི་འཁྲུལ་པའི་ལྕགས་ལས་རྟོགས་པས་གྲོལ་ཀྱང་། །འཛིན་པའི་བག་ཆགས་ཐོག་མ་མེད་པ་ནས་བསགས་པ་མཐུག་པོ་ཡིས། །ཡང་ནས་ཡང་དུ་གོམས་ནི་པའི་ལྕགས་སྒྲོག་གིས་བཅིངས་པ་དང་འདྲ། །ཁྱུང་༡གི་དང་སེང་གེའི་༢གཤོག་༡རྒྱངས་༣རྩལ། །མངལ་༢གྱི་དང་སྒོ་ངས་༡བསྒྲིབས་༡༢པ་དང་མཚུངས་སོ། ༈ །རྟོགས་པ་ངེས་པར་གོམས་པ་གདེང་དུ་མ་གྱུར་ན། །ཐོས་པའི་ཚིག་ཟིན་ལ་དོན་གོ་ཞིང་རྟོགས་པར་བྱས་ཀྱང་། །དོན་ལ་མོས་པའི་རྣལ་འབྱོར་པ་ལས་ཀྱིས་འཁོར་བའི་རྒྱུ། །འདུན་པ་དྲག་པོས་སྙིང་པོ་རྣལ་མ་ལ་མོས་པར་བྱས་ན། །དེ་ལས་ཀྱི་འབྲེལ་པས་སྐྱེ་བ་གཞན་དུ་མཇལ་བའི་གཟུངས་ཐག་ཙམ་ལས། །དུས་བསྐལ་པར་བཀའ་གཞུང་ལ་སྦྱངས་ཀྱང་འབྲས་བུ་མཐར་མ་ཕྱིན་ཏེ། །བཅུད་འདུས་པས་སྙིང་པོ་མ་བཅོས་པས་རྣལ་མའི་སྣོད་ལྡན་དུ་འགྱུར་བའོ། ༈ །ཡེ་ནས་གནས་པའི་དོན་རིག་པར་ཤར་ནས། །རྟོགས་པ་དེ་ཡི་སོ་ལ་མ་ཡེངས་པར། །སྙིང་པོ་རྣལ་མ་གཞི་དོན་གྱི་རྒྱུད། །དེ་ལས་སེལ་མེད་པར་རྟོགས་པའི་ཀླ྄ོང་དུ་གནས་པ་ཙམ་ལ་སྒོམ་ཞེས་བཏགས་སོ། ༈ །དེ་ཡི་མཚན་ཉིད་ཅི་འདྲ་བར་སེམས་ན། །གཤིས་ཀྱི་གནས་ལུགས་ཉིད་དགོས་པ་གཉིས་ཡོད་པས་མིང་བཏགས་པ་ཡིན་ལྷུན་གྲུབ་གསུམ་དུ་ཀྱི། །ཕྱོགས་སུ་འདི་འདྲར་བརྗོད་པའི་མིང་གིས་གནས་མེད་པས། །དོན་དེར་བློ་གནས་པའི་ཉམས་དང་འདིར་དེ་༢བཞིན་ནོ། །ཆོས་ཉིད་རང་གི་མཚན་ཉིད་ངག་ཏུ་བརྗོད་པར་བྱ་བ་མིན་ཀྱང་། ༈ །དཔེར་ན་བུ་རམ་གྱི་རོ་ལ་མངར་བར་མིང་བཏགས་པ་ལྟར། །དུ་ཁོང་དུ་ཆུད་པས་འོན་ཀྱང་མི་མཐུན་པར་འདྲེན་པས་རྨོངས་ལ་བརྡ་ཡི་དོན་མཚོན་ནུས་པའི་ཕྱིར། །དེ་ཡང་བརྡ་བྱེད་པའི་དུས་ན་དོན་རང་མཚན་ལ་དམིགས་དང་སྒྲ་རང་མཚན་ལས་བྱུང་བའི་ཤེས་པ་ལ། །སྒྲ་དོན་སྤྱིའི་རྣམ་པར་འབྲེལ་ཏེ་བརྡ་སྟོན་པ་པོ་དང་གཞན་དག་མཐུན་པར་གསལ་བར་སྣང་བའི་དོན་ལ་ཐུན་མོང་དུ། །གྲགས་པའི་འདིའི་མིང་འདི་ཡིན་ཞེས་སྒྲ་ཡིས་མངོན་པར་ཞེན་ཏེ་དེ་ལྟར་ཡན་ལག་ལྔའི་ཚུལ་དུ་ཤིན་ཏུ་འདྲིས་པས། །བརྗོད་ན་བདེ་བ་དང་གསལ་བ་དང་ངོས་གཟུང་མེད་པ་དང་ཐམས་ཅད་མཁྱེན་པའོ། ༈ །ཐུན་མོང་གི་ཚོར་བ་བདེ་བ་ཐམས་ཅད་ལས། །གྲོལ་བ་ཡིན་ཏེ་ཚོར་བས་ཁྱབ་པ་ཙམ་གྱི་བདེ་བ་མིན་གྱི། །འཁོར་བ་དང་ལམ་གྱི་སྡུག་བསྔལ་ལས་གྲོལ་ཏེ་རྩོལ་བས་མ་བཙལ་བར། །ཡེ་ནས་ལྷུན་གྱིས་གྲུབ་པར་གནས་པས་དགག་སྒྲུབ་ཀྱི་རྩོལ་བ་མེད་པའི། །སེམས་ཉིད་མ་བཅོས་པའི་བདེ་བ་ཆེན་པོ་ནི་ཅིས་ཀྱང་། །མཚོན་པར་མི་ནུས་ལ་རང་ལ་གནས་པས་འབྲལ་བར་ཀྱང་མི་ནུས་ཏེ། །མུ་མཐའི་ཕྱོགས་རིས་མི་མངའ་བས་བཏང་སྙོམས་ཆེ། །རྒྱལ་བའི་དགོངས་པའི་བདེ་བ་ཉིད་རིགས་པའོ། ༈ །སེམས་ཉིད་དུས་རྟག་ཏུ་མཐའ་མ་བསྒྲིབས་ཏེ་རང་བཞིན་གྱིས་འོད་གསལ་བ་ནི། །དཔེར་ན་ཉི་མ་དང་མར་མེའི་འོད་དང་འདྲ་བར་རང་གཞན་ཀུན་འོད་ཀྱིས་གསལ་བ་ལ། །དྲི་མ་རྣམ་པར་དག་པའི་ཤེལ་དང་རྩྭ་ཁའི་ཟིལ་པ་ཕྱི་ནང་མེད་པར་གསལ་བ་ལྟར་དུ། །ཕྱི་དང་ནང་མི་མངའ་ལ་ཁ་དོག་གདང་བར་༡འོད་ཟེར་འཚེར་བར་༡གནས་༡༡ཏེ་དེ་ཡང་། ༈ །འདི་ན་གནས་པ་དང་མི་གནས་པ་མེད་པར་གནས་བྱ་གནས་བྱེད་ལས་གྲོལ་བར་གནས། ༈ །ཡོད་པ་དང་མེད་པ་དང་གཉིས་དང་གཉིས་མེད་དུ་མུ་བཞི་གང་ལྟར་ཡང་། །མ་ཡིན་པས་ངག་ཏུ་བརྗོད་པའི་མཐའ་ལས་འདས་པ་ཡིན་སྟེ། །ཕྱོགས་གཅིག་པ་གང་ཡང་མ་ཡིན་མུ་མཐའ་གར་ཡང་རྒྱ་མ་ཆད་དེ། །མ་སྤངས་ལ་མི་ལྡན་པས་དབྱེར་མེད་མུ་མཐའ་མཉམ་གྲོལ་གྱི་ངང་ལས་ཡེ་ནས་འགྱུར་བ་མེད་པ། ༈ །དེ་ཡིས་རྒྱལ་བའི་དགོངས་པ་དང་སེམས་ཅན་གྱི། །རྣམ་རྟོག་ཡུལ་གྱི་རྣམ་པར་བཅས་པའི་ཕྱི་ནང་གི་ཆོས་རྣམས་ལ། །དུས་གསུམ་གྱི་རྒྱུན་དང་བཅས་པར་མཁྱེན་པའི་སྐད་ཅིག་མ་གཅིག་གིས། །རི་རབ་ལ་ཏིལ་འབྲུའི་གྲངས་དང་བསྐལ་ཆེན་ལ་སྐད་ཅིག་གི་གྲངས་དུ་ཡོད་དང་། །སངས་རྒྱས་ཀྱི་ཞིང་ཁམས་རྣམ་ཕྱག་གི་མཐིལ་གྱི་འཁོར་ལོའི་ནང་ན་གནས་པ་ལྟར། །མཚན་ཉིད་མ་འདྲེས་ལ་ཡོངས་སུ་རྫོགས་པར་ཤེས་བྱ་ཐམས་ཅད་མཁྱེན་པར་གསལ་བ་ནི། །ཤེས་བྱའི་ཡུལ་མེད་པར་རྟོགས་པའི་ངང་དུ་སྣང་ལ་རང་བཞིན་མེད་པར་སྤྲུལ་པའི་རྣམ་པ་རྫོགས་པ་ནི། །དཔེར་ན་ཤིང་ཏོག་སྐྱུ་རུ་ར་རློན་པ་ལག་པའི་མཐིལ་ན་གནས་པ་ལྟ་བུའམ། །འཕྲུལ་གྱི་མེ་ལོང་གཡའ་དག་པའི་གཟུགས་བརྙན་དང་འདྲའོ། ༈ །དེ་ལྟར་བདེ་བ་དང་གསལ་བ་དང་སྟོང་ཉིད་དང་ཐམས་ཅད་མཁྱེན་པ་ཞེས། །སྐུ་གསུམ་གྱི་མཐའ་མ་སྤྲུལ་སྐུ་ལས་ཚིག་ཏུ་གསུངས་པ་བརྒྱུད་པའི་ཚིག་ཡིན་ཏེ། །ངེས་པའི་དོན་དུ་ན་དེ་ཡང་བརྗོད་པ་སྒྲའི་བརྙན་མ་ཡིན་སྟེ། །ལྐུགས་༤པའི་ངག་དང་འདྲ་བར་ཐམས་ཅད་ཀྱི་གཤིས་མཁྱེན་ལ་ངག་ཏུ་བརྗོད་པ་བྲལ་བའོ། ༈ །མཁྱེན་གསལ་ངོས་མེད་དྲན་ནས་གཅིག་དང་མཐའ་ཡས་པས། །ཀུན་ལ་ཁྱབ་༢པས་མ་༡ འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན། །བདེ་བ་ཆེན་པོ་རང་བྱུང་བས་རྩོལ་བ་མེད་ལ་བསམ་མི་ཁྱབ་པས་ངོས་མེད་ཅིང་། །ངང་གིས་མི་གཡོ་སྟེ་སྒྲིབ་བྱེད་པས་འོད་གསལ་བའོ། ༈ །ཐེག་བརྒྱད་ཀྱི་རྟོགས་པའིི་ལྟ་བ་རྣམ་བཅད་དགག་བྱ་དང་ཡོངས་བཅད་བསྒྲུབ་བྱ་དང་བཅས་པས་ན། །དམིགས་པ་གཏད་ནས་ཡེངས་པ་དང་བྲལ་བའི་མཉམ་བཞག་དང་རྗེས་ཐོབ་ཅན་གྱི་སྒོམ་པ་ལ། །ཉོན་མོངས་པ་གཉེན་པོས་སྤོང་བ་དང་རྟེན་འབྲེལ་ལུགས་བཟློག་གིས་འགེགས་པ་དང་ཆོས་ཉིད་དུ་རྒྱུད་སྦྱོང་བ་དང་ལྷར་སྒྱུར་བ་དང་ཐབས་ཀྱིས་དབང་དུ་སྡུད་པའོ། ༈ །ལྟ་སྤྱོད་ནར་མ་སོན་པས་བྱིས་པ་ཉན་ཐོས་པའི་བློ་གྲོས་ཐ་མ་པས། །སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པར་འཇོག་པ་ལམ་སྒོམ་པའི་དམིགས་པའི་རྟེན་དུ། །འཁྲིག་པའི་འདོད་ཆགས་འཁོར་བ་སྐྱེད་པའི་རྒྱུར་ཤེས་པས། །ནང་དུ་མི་གཙང་བ་གོམས་པས་ཕྱིའི་གཟུགས་སྡུག་པ་ཟིལ་གྱིས་གནོན་པ་དང་དེ་ཐམས་ཅད་ཟད་པར་གྱི་སྐྱེ་མཆེད་གྱིས། །སྤང་བྱ་འདོད་ཆགས་འགོ་གནོན་དུ་སྤངས་ནས་སྡུག་བསྔལ་འགོག་པར་གནས་པའོ། ༈ །བློ་གྲོས་འབྲིང་པོས་རྣམ་རྟོག་༡འཁོར་བའི་རྒྱུར་ཤེས་ནས། །དེ་ཡང་རླུང་རྒྱུ་བ་ལ་བརྟེན་ཏེ་སྐྱེ་པས་ན། །སྣ་བུག་གཡོན་དང་ནང་དུ་རྒྱུ་བ་སྲོག་གི་རླུང་དང་གཡས་དང་ཕྱིར་རྒྱུ་བ་རྩོལ་བས་རླུང་གི་གྲངས་བགྲངས་ཏེ། །དེ་ཡང་རང་གི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་གཞི་མའི་རླུང་གནས་པའི་མདོག་ནི། །འཇའ་ཚོན་གྱི་མདོག་གམ་ཡང་ན་མདོག་དཀར་ལ་འོད་གསལ་ཅིང་ཟེར་རྣོ་ལ་འཚེར་བ། །རྣམ་པ་སྨིག་རྒྱུ་ངག་ལྟ་བུའི་རླུང་ཞིག་སྣ་སྒོར་སོར་བཞི་ནར་གྱིས་དབྱུང་སྟེ་དེ་ལ། །ཡུད་ཙམ་གཅིག་གནས་པ་ལས་གྲངས་ཤིག་ཡིད་ལ་བསྔོས་ལ། །ནང་དུ་ནར་གྱིས་བརྔུབས་ཏེ་གཞི་མ་ལྟེ་བའི་སྟེང་དུ་གནས། །ཏེ་དེ་ཡང་དུས་ཡུད་ཙམ་གཅིག་གནས་པའི་བར་ལ་གྲངས་ཡིད་ལ་བགྲང་བ་དེ་བཞིན་དུ། །དང་པོ་སྔ་དྲོ་ལ་ཐུན་༼༠༽བཞིར་རླུང་ཁུགས་པ་བཞི་བཞི་རུ་གྲངས་བགྲངས། །ཕྱི་དྲོའང་༼༠༽དེ་བཞིན་དུ་བགྲངས་ཏེ་ཉི་མ་གཉིས་གསུམ་བཞི་ལྔ་སོགས། །དྲུག་བརྒྱད་བཅུ་རུ་ཁམས་ཀྱི་ཚོད་བཟུང་ལ་དབུགས་འབྱུང་རྡུབ་བགྲང་། །རླུང་༡མཁྲིས་༢བད་༣ཀན་གྱི་དུས་དགོང་༡ཀ་ཉི་ཕྱེད་༢སྔ་༣དྲོ་ལ། །ངལ་བསོ་རང་ངམ་བླ་མའམ་གྲོགས་ཀྱིས་ཐུན་བསྟང་སྟེ་ཁམས་བསྙམ། །ཡུད་ཙམ་རླུང་ནང་དུ་གནས་པ་ཡུན་བསྲིང་ཞིང་དེ་མ་བརྟན་གྱི་བར་དུ། །བྱིང་འགྲོ་བས་བཅུ་ལས་མི་མང་བར་བྱ་དེ་ནས་ཐུན་ཆེ་རུང་བསྐྱེད་གྲངས་ཉུང་དུ་དབྲི་བ། །དེ་ཡི་གང་ཟག་དང་བཟུང་བའི་ཕན་ཡོན་དང་། །སྔོན་འགྲོ་དང་གྲངས་བཟུང་བ་དང་བསྐྱེད་རིམ་དང་གནས་པའི་ཚད་དང་། །རྟགས་དང་བརྟན་པའི་ཐབས་དང་སྐྱེད་དབྱུང་བའི་ཐབས་དང་། །སྐྱོན་དང་དེའི་གཉེན་པོ་དང་མཐར་ཕྱིན་པའི་གྲངས་བསྟན་པ། །དེ་ཡིས་རྣམ་རྟོག་བྲལ་ཞིང་འགོག་པར་གནས། །རང་རང་གི་གཞུང་ངམ་དགྲ་བཅོམ་པ་ཉམས་ཅན་ནམ། །སྙན་བརྒྱུད་ཀྱི་གདམས་ངག་དང་ལྡན་ན་དེ་ཡིས་གང་ཟག་དེ་གསོ་བར་བྱའོ། ༈ །བློ་གྲོས་རབ་ཀྱི་དུ་ཿཁ་ཀུན་འབྱུང་བ་སྤྱི་ལས་དང་ཉོན་མོངས་པ་ཉིད་འཁོར་བའི་རྒྱུ་རུ་ཤེས་པས། །དེ་ལས་ཀྱང་གང་ཟག་གི་བདག་རྟག་པ་གཅིག་པུ་རང་དབང་དུ་འཛིན་པ་ལས། །རྟག་པར་འཛིན་པ་དེ་སྤང་བའི་ཕྱིར་དུ། །རྒྱུ་རྐྱེན་འདུས་ནས་བྱས་པའི་སྐྱེ་འགག་གནས་པ་དང་བཅས་པའི་ཆོས་ཀུན་མི་རྟག་པར་བསྒོམ་པ་ནི། །ཆུ་རི་གཟར་པོ་ལ་འབབ་པའི་ཐིགས་པ་མྱུར་དུ་འགྱུར་བ་ལྟ་བུའམ། །རླུང་གིས་བསྐྱོད་པའི་སྨིག་རྒྱུ་ལྟ་བུ་མི་བརྟན་པའམ། །རྒྱ་མཚོས་ལན་ཚྭ་བསྐྱེད་ནས་ཆུར་ཐིམ་བ་ལྟར། །དུ་སྐྱེ་འགག་དང་བཅས་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དུ་འདུ་ཤེས་པར་བྱའོ། །ཇི་ཙམ་དུ་སྐྱེ་བ་དེ་ཐམས་ཅད་སྡུག་བསྔལ་དུ་ཤེས་པར་བྱ། །ཡུལ་དང་སེམས་རགས་པའི་དང་རྒྱུན་གྱི་གང་ཟག་གི་བདག་མེད་པས། །ཆོས་ཀྱི་བདག་གཟུང་བ་༢འཛིན་པ་སྐད་ཅིག་མ་༡རྡུལ་ཕྲ་རབ་དང་། །དེར་༣ཐིམ་ནས་མྱ་ངན་ལས་འདས་པ་ཞི་བའོ། །དེ་ལྟར་བསྒོམས་པ་ཡིས་དུ་ཿཁ་འགོག་པའི་བདེན་པར་གནས་པ་ཡིན་ནོ། ༈ །དགེ་བཤེས་ལ་མི་བརྟེན་པའམ་རང་དོན་དུ་སངས་རྒྱས་འདོད་པས་ཉན་ཐོས་དེ་ལ་བརྟེན་པས། །རྟེན་འབྲེལ་བཅུ་གཉིས་ཀྱི་དང་པོ་མི་རིག་པ་དང་བརྒྱད་པ་སྲིད་པ་དག་དགུ་པ་ལེན་པ་ནི་ཉོན་མོངས་པ་སྟེ་རྒྱུ་ལ། །གཉིས་པ་འདུ་བྱེད་དང་བཅུ་པས་སྲིད་རྐྱེན་ཏེ་ལས་སུ་གནས་རྒྱུ་རྐྱེན་དེས། །རྣམ་ཤེས་མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་སྐྱེ་བ་རྒ་ཤི་བདུན་པོ་འབྲས་བུ་སྡུག་བསྔལ་ཉིད་དུ་འགྲུབ་པས། །རྒྱུ་མ་རིག་པ་ནས་རིམ་པར་བཀག་སྟེ་བསྒོམས་པས་འབྲས་བུ་ཡིད་བཞིན་བདེ་བའི་མཆོག་གི་ས་ཐོབ་པའོ། ༈ །ཆེན་པོ་བདུན་དང་ལྡན་པས་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་པའི་རྗེས་སུ་འབྲང་བས། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་ལྟ་བ་སྤྱིའི་རྣམ་པ་ཙམ་དུ་ཡོངས་སུ་བཅད་ནས། །ལམ་ལྔར་ཚོགས་སྦྱོར་གཉིས་སུ་ཞི་གནས་༡མཐོང་སྒོམ་མཐར་ལམ་གསུམ་དུ་ལྷག་མཐོང་༡བསྒོམ་༡༡སྟེ། ༈ །ལུས་ཚོར་བ་སེམས་ཆོས་བཞི་པོའི་མཚན་ཉིད་ཤེས་པས་དྲན་པ་ནི་ཤེས་རབ་སྟེ་ལྷག་མཐོང་ངོ་། །དེས་བཅད་པ་ལ་ཉེ་བར་རྩེ་གཅིག་ཏུ་བཞག་པའི་ཞི་གནས་སྟེ། ༈ །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་ཅིང་སྐྱེས་པ་ཕྱི་ཕྱིར་སྤེལ་བ་དང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་པ་གཉིས་ལས་ཡང་དག་པར་སྤང་ནས། ༈ །རྫུ་འཕྲུལ་ནི་མངོན་ཤེས་ལྔ་ལ་བྱ་སྟེ་དེ་ཉིད་ཡང་དག་པར་ཐོབ་བར། །འགྲོ་བར་བྱེད་པའི་རྒྱུ་རྐང་པ་བཞི་ནི། ༈ །མོས་པས་ཏིང་ངེ་ལ་འཇུག་པ་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་དང་བརྩོན་འགྲུས་ཀྱིས་དགེ་བ་འཕེལ་བའི་བྱ་བ་རྒྱུན་མི་གཅོད་པ་དང་སེམས་ཀྱིས་སྒོམ་གྱི་བག་ཆགས་བསགས་ཏེ་ཡུན་རིང་དུ་སྒོམ་པ་དང་དཔྱོད་པས་ཆོས་རྣམས་ཀྱི་མཚན་ཉིད་གཏན་ལ་ཕེབས་ཏེ་ཐེ་ཚོམ་མེད་པ་དང་། དེ་རྣམས་ཀྱིས་མ་ཡེངས་པར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ངང་གནས་པ་ལ་སྒྲིབ་པར་བྱེད་པའི། ༈ །ཉེས་པ་རྣམ་པ་ལྔ་འབྱུང་བ་ནི། །དམིགས་པ་བརྗེད་པ་དང་ཞུམ་རྒོད་དང་། །རྩོལ་བ་དང་མི་རྩོལ་བ་དང་ལེ་ལོའོ། ༈ །དེ་ལ་ལེ་ལོ་ནི་དོན་དགེ་བ་ལ་མི་འཇུག་པ་སྟེ་ཉན་པ་ལ་མི་སྦྱོར་བ་ཡིན་ལ། །བསྒོམ་པར་བྱ་བའི་ངག་མཉན་པའི་དོན་མི་དྲན་ཏེ་བསམ་པའི་ཤེས་རབ་ཉམས་པས་སྒོམ་ལ་སྦྱོར་དུས་སུ་རྨོངས་པ་ནི་དམིགས་པ་བརྗེད་པ་ཡིན་ལ། །ཞུམ་པ་དང་རྒོད་པས་རྨུགས་ཤིང་གཡེངས་ཏེ་ཏིང་ངེ་འཛིན་ལ་བློ་མི་འཇུག་པར་བྱེད་ལ། །རྩོལ་བས་ནི་སྐྱོན་ཅིང་གཡེང་བར་བྱེད་པས་ཞི་གནས་ལ་སྒྲིབ་པ་ཡིན་སྟེ། །མི་རྩོལ་བས་ནི་བྱིང་རྒོད་མི་སྤོང་བས་ལྷག་མཐོང་ལ་སྒྲིབ་པའོ། ༈ །དེ་དག་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ནི། །དད་པ་དང་འདུན་པ་དང་བརྩོན་འགྲུས་དང་། །ཤིན་ཏུ་སྦྱངས་པས་ལེ་ལོ་སེལ། །འདྲིས་པའི་དངོས་པོ་ཉིད་མ་བརྗེད་པའི་དྲན་པས་དམིགས་པ་བརྗེད་པའི་ཉེས་པ་སེལ་ཅིར། །ཞུམ་རྒོད་གང་བྱུང་རྟོགས་པའི་ཤེས་བཞིན་ལ་གནས་པས་ཞུམ་རྒོད་སེལ་ལ། །མི་རྩོལ་བའི་གཉེན་པོར་ནི་སེམས་པས་སེམས་གཟེང་མངོན་པར་བྱེད་པའི་ཡིད་ཀྱིས་བསྟོད་ལ། །རྩོལ་བ་དྲགས་པ་ནི་བཏང་སྙོམས་ཀྱིས་སེམས་མཉམ་པ་ཉིད་ལ་རྣལ་དུ་འདུག་པས་མགོ་གནོན་པའོ། ༈ །དང་པོ་བཞི་ནི་བརྩོན་འགྲུས་ཀྱི་འདུན་པ་ཡོད་ན་བརྩོན་འགྲུས་རྩོམ་པས་འདུན་པ་ནི་གནས་དང་ལ་བརྩོན་འགྲུས་ནི་རྟེན་དང་དད་པ་ཡོད་ན་འདུན་པ་འབྱུང་བས་མཚན་མ་དང་སྟེ་མཚན་མ་དང་རྒྱུ་དོན་གཅིག་གོ། །བརྩོན་པས་ལུས་སེམས་ལས་སུ་རུང་བས་ན་ཤིན་ཏུ་སྦྱངས་པ་ནི་འབྲས་བུ་ཡིན་པས། །དེ་ལྟར་བཞི་དང་ལྡན་པ་ལ་ལེ་ལོའི་གནས་མེད་དོ། །དྲན་པ་ལ་སོགས་པ་ཕྱི་མ་བཞི་ནི་དམིགས་བརྗེད་ལ་སོགས་པ་ཉེས་པ་བཞི་དང་འགལ་བ། །དེས་ན་སྤོང་བའི་འདུ་བྱེད་བརྒྱད་ཅེས་བཤད་དོ། ༈ །དགེ་༡ བ་དང་སྡིག་༡པ་ཡང་༢དག་ནི་དབང་པོ་ལྔ་དང་དེ་ལས་བཟློག་༢པའི་མ་དད་པ་ལ་སོགས་པ་ལྔའོ། །དད་པ་གསུམ་ནི་དད་པའི་དགེ་བ་སྤེལ་བ་ནི་བརྩོན་འགྲུས་ཀྱི་ཤེས་རབ་གསུམ་གསལ་བ་ནི་དྲན་པའི་སེམས་ཡུལ་ལ་མི་འཕྲོ་བ་ནི་ཏིང་ངེ་འཛིན་གྱི་རང་སྤྱི་མ་ནོར་བར་ཤེས་པ་ནི་ཤེས་རབ་ཀྱི་དབང་པོ་རྣམས་ནི། ༈ །ཐར་པའི་མཐོང་ལམ་གྱི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པའི་དབང་བྱེད་པས་དབང་པོ་ཡིན་ནོ། །ཡང་ན་ཡིད་ཆེས་པ་དང་དང་བའི་དད་པས་འདོད་པའི་དད་པ་ཡོད་ན་ཉེས་པ་ལས་འབྱུང་། །ངོ་སྙམ་ནས་དེ་ཡི་དབང་གིས་བརྩོན་འགྲུས་རྩོམ་པར་འགྱུར་རོ། །བརྩོན་པས་བསླབ་པ་གསུམ་བསྒྲུབ་པ་ལ་དབང་བྱེད་དེ། །དྲན་པའི་དབང་བོས་ལྷག་པའི་ཚུལ་ཁྲིམས་ལ་དབང་བྱེད་ཏིང་འཛིན་གྱི་དབང་པོས། །ལྷག་པའི་སེམས་ལ་དབང་བྱེད་ཤེས་རབ་ཀྱི་དབང་པོས་ལྷག་པའི་ཤེས་རབ་ལ་དབང་བྱེད་པའོ། །ཡང་ན་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེ་བ་ལ་དབང་བྱེད་པ་ཡིས་དབང་པོ་ཡང་ཡིན་ནོ། ༈ །དེ་ལྟར་དབང་དུ་གྱུར་ཀྱང་མི་མཐུན་པའི་ཕྱོགས་ཀྱིས་ཅུང་ཟད་ཉམས་པ་བྱེད་དེ། །མ་དད་པ་དང་ལེ་ལོ་དང་བརྗེད་ངས་པ་དང་གཡེང་བ་དང་ཤེས་བཞིན་མེད་པ་རྣམས་ཀྱིས། ༈ །ཆོས་རྣམས་ལ་བཏགས་པའི་མིང་༡དང་མིང་གི་བཏགས་པའི་བརྗོད་བྱའི་དོན་རྣམས་༡སྒྱུ་༡མར་༡ ཤེས་པའི་དུས་ན། །སྣང་བ་ཐོབ་པ་དྲོད་དང་སྣང་བ་མཆེད་པ་རྩེ་མོར་གནས་ལ། །དད་པ་ལ་སོགས་པ་ལྔ་སྟོབས་སུ་གྱུར་ན་མི་མཐུན་པའི་ཕྱོགས་ལྔ་ཡིས་མི་ཉམས་པའི་ཕྱིར་སྟོབས་ཏེ། །བཏགས་པའི་མིང་རྣམས་དང་མིང་གིས་བཏགས་པའི་བརྗོད་བྱ་དོན་གྱི་ཆོས་རྣམས་སྟོང་པར་ཤེས་པའི་དུས་ན། །དེ་ཁོ་ན་ཡི་ཕྱོགས་གཅིག་ལ་ཞུགས་པ་བཟོད་པ་དང་། །དེ་མ་ཐག་པ་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གོ། །མཐོང་བའི་ལམ་ལ་སྦྱོར་བའི་ཚེ་དབང་ཡང་སྟོབས་སུ་འགྱུར་བའི་མཚན་ཉིད་དེ། །དེ་ཡན་ཆད་དུ་བསྐལ་པ་གྲངས་མེད་གཅིག་གིས་མཐོང་ལམ་ལ་འབྱོར་བར་བྱེད་པའོ། ༈ །མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ས་དང་པོ་རབ་ཏུ་དགའ་བའི་སར་གནས་པའི་ཚེ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་པ་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། །རྣམ་༼ཁ༽པར་ཆོས་༼ཀ༽འབྱེད་༼ག༽པ་དང་བརྩོན་འགྲུས་དང་དགའ་བ་དང་། །ཤིན་ཏུ་སྦྱངས་པ་དང་ཏིང་འཛིན་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡིན་པ་སྟེ། ༈ །དེ་ཡང་རིམ་པར་གནས་༡དང་རང་བཞིན་༡ངེས་འབྱུང་༡ཕན་༡ཡོན་དང་། །ཐ་མ་གསུམ་ནི་ཉོན་མོངས་མེད་པའི་ཡན་༡༡༡༡ལག་གོ། ༈ །ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། །བྱང་ཆུབ་ཅེས་བྱ་སྟེ་དེ་ཡང་ཆོས་རྣམས་པར་འབྱེད་པ་༼༠༽དང་སྦྱར་སྟེ། །དེ་༼༠༽ནི་གཙོ་བོ་ཡང་ཡིན་ལ་ཡན་ལག་ཀྱང་ཡིན་ནོ་གོ། །གཞན་དྲུག་པོ་ནི་དེའི་གྲོགས་སུ་གྱུར་བས་ན་བྱང་ཆུབ་ཀྱི་ཡན་ལག་གོ། ༈ །དྲན་པས་ནི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་སྐྱེ་བས་གནས་ཀྱི་ཡན་ལག་ཡིན་ལ། །རྣམ་༼ཁ༽པར་ཆོས་༼ཀ༽འབྱེད་༼ག༽པས་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་རྟོགས་པར་བྱེད་པས་རང་བཞིན་གྱི་ཡན་ལག་བརྩོན་འགྲུས་ཀྱིས་ནི། །སྐྱེ་བོའི་གནས་ལས་འདའ་བར་བྱེད་པས་ངེས་པར་འབྱུང་བའི་ཡན་ལག་བྱེད་པ་དང་པོའི་དགའ་བ་དེས་ལུས་སེམས་ལ་ཕན་པས་དགའ་བ་ནི་ཕན་ཡོན་གྱི་ཡན་ལག་ཡིན། །སེམས་སྦྱངས་ཏེ་ལས་སུ་རུང་པ་ལ་འདོད་ཆགས་ལ་སོགས་པའི་གཡེང་བ་མི་འབྱུང་༡བའི་ཕྱིར། །སེམས་རྩེ་གཅིག་པར་གནས་པས་མཐོང་བས་སྤང་བར་བྱ་བ་སྤང་པའི་༢ཕྱིར་དང་། །མཐོང་སྤང་སྤངས་ནས་དེ་ཡན་ཆད་ཉོན་མོངས་པ་མི་འབྱུང་སྟེ་སེམས་ཡང་དག་པའི་རྒྱུ་བཏང་སྙོམས་༣སུ་འཇོག་པས། །༡༢༣ཉོན་མོངས་མེད་པའི་ཤིན་ཏུ་སྦྱངས་པའི་གཞི་༡ཏིང་ངེ་གནས་༢བཏང་སྙོམས་༢ངོ་བོ་ཡིན་ནོ། ༈ །ས་གཉིས་བ་དྲི་མ་མེད་པ་ནས་ས་བརྒྱད་པ་མི་གཡོ་བའི་བར་ལ་སྒོམ་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་ནི། །ཡང་དག་པའི་༼ཿ༽ལྟ་བ་དང་རྟོགས་༼༠ྃ༽པ་དང་ངག་༼༠༽དང་ལས་༼༠༽ཀྱི་མཐའ་དང་། །འཚོ་༼༠༽བ་དང་རྩོལ་༼༡༽བ་དང་དྲན་༼ ༡༽པ་དང་ཡང་དག་པའི་ཏིང་༼༡༽ངེ་འཛིན། ༈ །མཐོང་སྤང་དང་སྒོམ་སྤང་གི་ཉོན་མོངས་པ་ཐག་རིང་དུ་སྤངས་པའི་ཕྱིར་ན་དེ་ལས་འཕགས་པ་ཡིན་ལ། །ཐོབ་པ་དེར་འགྲོའི་རྒྱུའམ་སྒོ་ལྟ་བུ་དངོས་སུ་ཤེས་རབ་ཀྱི་བྱེ་བྲག་ལ་ཡན་ལག་བརྒྱད་དེ། །དེ་ཡང་༼ཿ༽ཡོངས་སུ་གཅོད་དང་གོ་༼༠ྃ༽བར་བྱེད་པ་དང་རྣམ་པ་གསུམ་༼༠༽༼༠༽༼༠༽གྱིས་ནི། །གཞན་ཡིད་ཆེས་པར་བྱེད་མི་མཐུན་ཕྱོགས་ཀྱི་གཉེན་པོ་སྟེ་ལམ་གྱི་ཡན་ལག་བརྒྱད་དོ། ༈ །ས་གཉིས་པ་ཡན་ཆད་ཀྱི་རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པ་དག་པ་འཇིན་རྟེན་པའི་ཡེ་ཤེས་ཀྱིས་ལྟ་༼ཿ༽བས་ཆོས་ཀྱི་དབྱིངས་འདི་ལྟར་མཐོང་ངོ་སྙམ་དུ་ཡོངས་སུ་གཅོད་པས་སོ། །ཆོས་སྤྱི་དང་རང་གི་མཚན་ཉིད་བརྟགས་ནས་མ་ནོར་བར་སྟོན་པའི་ཆོས་དེ་གཞན་ལ་འཆད་ཅིང་སྟོན་པས་གོ་༼༠ྃ༽བར་བྱེད་པས་སོ། །ངག་༼༠༽གིས་རྒོལ་བས་ཐེ་ཚོམ་དྲི་བའི་ལན་མ་ནོར་ཅིང་འབྲེལ་བར་སྨྲ་བས་ཐེབས་པས་ཤེས་རབ་དག་པ་ཡིན་པར་གཞན་ཡིད་ཆེས། །ལས་༼༠༽ཀྱི་མཐའ་ནི་མི་དགེ་བ་བཅུ་དང་བྲལ་བས་ཚུལ་ཁྲིམས་རྣམ་པར་དག་པར་གཞན་ཡིད་ཆེས་པའོ། །འཚོ་བ་ནི་ཚོད་ཟིན་པས་འཚོ་ཞིང་ཡོ་བྱད་བསྙུངས་པས་གསོག་འཇོག་གི་ཆགས་པ་དང་བྲལ་བར་གཞན་ཡིད་ཆེས་སོ། །རྩོལ་བས་ནི་སྒོམ་སྤང་གི་བག་ལ་ཉལ་གྱི་ཉོན་མོངས་པ་སྤོང་ལ་དྲན་༼༡༽པ་ཡིན་ནི་རྩེ་གཅིག་ཏུ། །ཉེ་བའི་ཉོན་མོངས་པ་ཞུམ་པ་རྒོད་པ་གཟེང་བསྟོད་ཅིང་གནོན་ལ། །ཏིང་ངེ་༼༡༽འཛིན་གྱིས་ནི་མངོན་ཤེས་དྲུག་མི་ཐོབ་པའི་སྒྲིབ་པ་སྤོང་སྟེ་འཐོབ་པར་བྱེད་དོ། ༈ །དུཿ ཁ་ཀུན་འབྱུང་འགོག་པ་ལམ་འཕགས་པའི་བདེན་པ་བཞི་བསམ་གཏན་བཞི་རྟོག་དཔྱོད་དང་བཅས་དཔྱོད་པ་དང་བཅས་ཚོར་བ་དགའ་བདེ་བཏང་སྙོམས་ཚད་པ་མེད་པ་བཞི་བྱམས་སྙིང་དགའ་བཏང་། །སྙོམས་འཇུག་བཞི་ནམ་རྣམ་ཅུང་ཡོད་མིན་རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། །སྟོང་སྨོན་མཚན་རྣམ་བར་ཐར་པ་གསུམ་ཡང་སྐབས་ཀྱིས་ལམ་གྱི་གྲོགས་ཙམ་དུ་གནས་པའོ། ༈ །ས་བརྒྱད་ནས་ས་དགུ་པར་ལེགས་པའི་བློ་གྲོས་བཅུ་པ་ཆོས་ཀྱི་སྤྲིན་ནས་བཅུ་གཅིག་ཀུན་ཏུ་འོད་པར། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་རྒྱལ་བ་ལོངས་སྐུས་ཕྱག་བརྐྱངས་ནས་སྤྱི་བོར་བཞག་སྟེ། །བྱིན་གྱིས་བརླབས་པ་དང་དབང་བསྐུར་གིས་ཤེས་བྱའི་སྒྲིབ་པ་ཕྲ་བ་རྒྱུན་གཅོད་པར་སྦྱོང་བའོ། ༈ །རྩོལ་མེད་ཀྱིས་འདུལ་བའི་དུས་ལ་བབ་ན་རྒྱལ་ཐབས་ཀྱི་བརྡས་རང་སའི་ཞེན་པ་བཀྲོལ་བའོ། ༈ །བདག་གཅིག་པས་འབྲེལ་པས་སྒྱུར་བར་བྱེད་པ་སྔགས་ཕྱི་པ་རྣམ་གསུམ་ལས། ༈ །ལུས་ངག་གི་བྱ་བ་གཙོར་བྱེད་པའི་ལམ་པས་གཙང་མའི་ཟས་དཀར་གསུམ་མངར་གསུམ། །རས་གཙང་མ་ཁ་དོག་བསྒྱུར་བའི་གོས་གྱོན་ལ་ཡར་གྱི་ཚེས་བརྒྱད་ལ་སོགས་པའི་དུས་བཟང་ལ། །གཟའ་པ་ཝ་སངས་དང་རྒྱུ་སྐར་རྒྱལ་ལ་སོགས་པ་བཟང་བའི་ཚེ་ཡི་དམ་ལྷའི་གཟུགས་བརྙན་དང་། །གཙང་མ་མཆོད་པའི་ཡོ་བྱད་ལ་སོགས་པ་བསོགས་ནས་ཁྲུས་གསུམ་བྱས་ཏེ་སྟ་གོན་རྫོགས་ནས་ཀྲི་ཡ་དོན་གྱི་ལྷ་དྲུག་ནི། ༈ །སྟོང་པ་ཆོས་ཉིད་ཀྱི་ལས་གསུང་གི་སྒྲ་བརྙན་འབྱུང་། །མདུན་གྱི་ནམ་མཁའ་ལ་ཟླ་བའི་གདན་གྱི་སྟེང་དུ་ས་བོན་གྱི་ཡི་གེ་བཀོད། །པ་དེ་ལས་ཐུགས་མཚན་དེ་ཡོངས་སུ་གྱུར་པ་ལས་ཆུ་ཟླ་ལྟ་བུའི་རིགས་གསུམ་གྱི་སྐུ་གསུམ་པོ་དེར་གསལ་བར་བསྒོམས་ནས། །སྤྱན་ཡེ་ཤེས་ཀྱིས་ཤེས་བྱ་བདེན་གཉིས་ཀུན་མཁྱེན་པའི་མཐའ་ཀླས་ནས་དབུ་གཙུག་ཏོར་དབུ་རྒྱན་ཡེ་ཤེས་ཀྱིས་རྒྱས་བཏབ་སྟེ། །བསྲུང་བ་ཆེ་ཆུང་གིས་ལུས་བརྟན་པར་གནས་ནས་རང་གཞན་གྱི་དོན་རྣམས་གྲུབ་པར་བྱའོ། །ལྷ་ཡེ་ཤེས་ཅན་རྗེ་བོའི་ཚུལ་དུ་སྤྱན་དྲངས་ཏེ་ནམ་མཁའ་ཡི་དམིགས་པའི་རྟེན་ལ་གཟུགས་བརྙན་གཟུད། ༈ །དེ་ལ་འབགས་བཙོག་མེད་པ་གཙང་མའི་མཆོད་པས་མཆོད་ལ་དེ་ཏིང་ངེ་མཉམ་པར་བཞག་སྟེ། །ལྷ་བདག་འཕྲོ་འདུའི་གསལ་བ་གསུམ་དང་ལྡན་བཟླས་པའི་སྐྱོན་སྒྲ་ཧ་ཅང་ཆེ་བར་མ་ཡིན་ཆུང་བར་མགྱོགས་པར་བུལ་བར་དྲག་པར་ཞན་པར་ཡིག་འབྲུ་ཡན་ལག་ཉམས་པར་ཡེངས་པར་གླལ་དང་སྦྲིད་པ་ལ་སོགས་པས་བར་ཆོད་པར་རྒྱུ་བའི་སེམས་པ་དང་བཅུ་སྤངས་ལ་བཟླས་ཏེ། ༈ །ཐུན་གྱི་མཚམས་སུ་ཡེ་ཤེས་ལ་མཆོད་པ་དང་བསྟོད་པ་དང་བཤགས་པ་ལ་སོགས་པ་ཟིན་པ་དང་ལྷ་ཡེ་ཤེས་པ་གཤེགས་སུ་གསོལ་ལ། །དམ་ཚིག་པའི་དཀྱིལ་འཁོར་བསྡུས་ནས་རྣལ་འབྱོར་པའི་སྤྱོད་ལམ་ཅི་བདེར་གནས་པར་བྱ། །ཉེས་པ་བྱུང་ན་ཡིག་འབྲུའི་གྲངས་ཀྱི་ལྡབ་ཀྱིས་བསབ་ཅིང་། །གྲུབ་རྟགས་ཚད་ལ་ཕེབས་ན་ལྷ་ལ་དངོས་གྲུབ་བླང་བར་བྱའོ། ༈ །མཐར་ཐུག་གི་རྐྱེན་མན་ངག་གི་སྣོད་ལྡན་གྱི་རྣལ་འབྱོར་པ་ཡིན་ན་རྟོགས་པའི་རྐྱེན་རྒྱལ་ཐབས་ཀྱི་དབང་བསྐུར་ཏེ། །དེ་ཡང་དེར་རིམ་གྱིས་བགྲོད་དམ་ཡང་ན་ཅིག་ཅར་དུ་འཇུག་པའོ། ༈ །ནང་གི་རྣལ་འབྱོར་གཙོར་བྱེད་པ་ཡིས་ལུས་ངག་གི་བྱ་བྱེད་གཙོ་བོར་མི་བླང་བར། །དོན་དམ་པའི་བདེན་པ་རྣམ་པར་སྣང་མཛད་ཆེན་པོ་སྟོང་པ་ཉིད་ཀྱི་ངང་ལས། །མེ་ལོང་ལྟ་བུ་ཟླ་བའི་གདན་གྱི་སྟེང་དུ། །གསུང་གི་ཕྱག་རྒྱ་ཡིག་འབྲུའི་ཏིང་ངེ་གསལ་བར་བཞག་པ་ལས། །ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་གྱུར་པ་ལས། །གཙོ་བོའི་སྐུ་དར་དང་རཏྣའི་རྒྱན་དང་ལྡན་པ་རྫོགས་པར་བསྐྱེད་པ་ནི་མངོན་པར་བྱང་ཆུབ་པ་ལྔའོ། །ཏིང་དབང་བྱིན་མཆོད་པའི་ཆོ་འཕྲུལ་བཞི་ཡིས་རྒྱས་གདབ་པས་བསྐྱེད་པའི་བྱ་བ་རྫོགས་ཏེ། །དེ་ཡང་ལྷའི་རྣལ་འབྱོར་སྐུ་རྫོགས་པར་བསྐྱེད་པས་བདག་གཞན་གྱི་དོན་གྲུབ་པ་ཡིན་པས། །དེའི་སྐྱོན་བརྡག་པ་དང་དེ་བཅོས་ཐབས་དྲོད་རྟགས་ལ་སོགས་པ་རང་རང་གི་གཞུང་ནས་བཤད་པས་དེར་ཤེས་པར་བྱའོ། ༈ །ལྟ་སྤྱོད་གཉི་ག་ལྟར་སྤྱོད་པ་པས་ལུས་ངག་གི་བྱ་བ་དང་དགོངས་བ་རྣལ་འབྱོར་ཡོ་ག་པ། །གཉི་གའི་མཐུ་ལས་འབྲས་བུ་གྲུབ་པར་འདོད་པ་ཡིན་ནོ། ༈ །ནང་པ་ཉོན་མོངས་པ་ལ་རང་དབང་དུ་སྒྱུར་ཏེ་སྤྱད་པས་གྲོལ་བ་ཐབས་ཀྱི་ཐེག་པ་ལས། ༈ །བསྐྱེད་པའི་རིམ་པ་གཙོར་བྱེད་པ་རྣལ་འབྱོར་ཆེན་པོ་པས། །ཤེས་རབ་ཀྱི་དབང་པོ་ཡང་རབ་མཆོག་དང་ལྡན་པས་སྣང་སྟོང་ཟུང་འཇུག་དབྱེར་མེད་ཀྱི་ཡེ་ཤེས་ལ། །ལྷུན་གྱིས་གྲུབ་པར་རིམ་པ་དང་བྲལ་བར་རྟོགས་ནས་ལྷུན་གྱིས་གྲུབ་པའི་ངང་དུ་ཏིང་ངེ་འཛིན་ལ་འཇུག་པ་ཡིན། །བསྲུང་དུ་མེད་པ་དང་མཉམ་པའི་དམ་ཚིག་བླང་དོར་མེད་པའི་སྤྱོད་པ་ལ་སོགས་ལྟ་སྒོམ་གྱི་གྲོགས་སུ་དེའི་རྗེས་སུ་མཐུན་པར་ཅིག་ཅར་དུ་སྤྱོད་དེ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་གོམས་ཀྱི་ངང་ཉིད་དུ་ལམ་གྱི་ཆ་རྐྱེན་རྣམས་རྫོགས་པའོ། ༈ །རྟོགས་བ་ཕྲ་མོ་ཙམ་ལས་ཚད་དུ་མ་ཕྱིན་ཏེ་བློ་ཞན་ན། །ཞེན་ཆགས་ཅན་གྱི་གང་ཟག་ལ་འདོད་པ་རང་ཉིད་གྲོལ་བའི་རྐྱེན་དུ་འགྱུར་བ་ཐབས་ལམ་ནི། །དད་པ་ཅན་གྱི་གང་ཟག་ལ་ལྷག་པ་གཟུགས་བརྙན་དུ་ཆོས་བཅོ་བརྒྱད་ཀྱིས་འཇུག་པའི་སྒོ་དང་ཕན་པར་འི་དབང་བཅུ་བསྐུར་བའི་གནས་ལ། རང་དོན་ནུས་པའི་བརྩོན་འགྲུས་དང་ལྡན་ན་ཉན་སྒོམ་གྱི་དབང་བྱིན་ཏེ་གསང་སྔགས་མཉན་ལ་ལྷ་བསྒོམ། །གཞན་དོན་ནུས་པའི་བརྩོན་འགྲུས་དང་ལྡན་ན་འཆད་པ་དང་ཕྲིན་ལས་ཀྱི་དབང་བྱིན་ཏེ་རྒྱུད་བཤད་ཅིང་ཕྲིན་ལས་བཞི་བརྩམ་པར་བྱ། །རང་གཞན་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་དང་ལྡན་ན་རྡོ་རྗེ་རྒྱལ་པོར་དབང་བསྐུར་བའི་གནས་ལ། །སྤྱོད་པར་ནུས་པའི་བརྟུལ་ཞུགས་དང་ལྡན་ན་དམ་རྗས་རྒྱུར་ཀུན་ལ་སྤྱོད་པ་གསང་དབང་གིས་གནས་པར་བསྐྱེད། །རིག་པརའི་བརྟུལ་ཞུགས་དང་ལྡན་ན་ཤེས་རབ་ཡེ་ཤེས་ཀྱིས་བདེ་སྟོང་མངོན་སུམ་པར་ངོ་སྤྲད་པ་དང་ལྡན། །མཉམ་པ་ཉིད་ཀྱི་བརྟུལ་ཞུགས་རྫོགས་ན་བདེ་བ་ཆེན་པོའི་དབང་གིས་བརྟན་པར་བྱའོ། ༈ །ཞེན་ཆགས་ཅན་དེ་ལྟ་བུ་མིན་ན་ཆོ་ག་ལྔ་ཡོ་བྱད་ལྔ་སྔགས་ཀྱ ི་ཡན་ལག་ལྔ་སྟེ་གྲོལ་ལམ། རིམ་གྱིས་པས་འབྲས་བུ་སྨིན་པར་བྱ་བ་དེ་ཡང་མ་ཧཱ་རང་གི་གཞུང་གི་རྩ་རྒྱུད་བཤད་རྒྱུད་རྒྱུད་ཀྱི་རྒྱལ་པོ་ཕྱི་མ་དག་ན། རྒྱས་པར་གནས་པས་ལེགས་པར་ནན་ཏན་དུ་བྱའོ། །འདི་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལམ་གྱི་མཆོག་ཡིན་ཏེ། ༈ །དེ་ཡང་རིམ་གྱིས་སྒོམ་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀྱིས་དངོས་པོའི་མཚན་མ་ཟིལ་གྱིས་མནན་ནས། །མི་འབྱེད་པའི་ཐུགས་རྗེ་ཡེ་ཤེས་རང་གསལ་སྒྱུ་མས་ཟུང་འཇུག་གི་དོན་ལ་མཚམས་སྦྱར་ནས། །སྣང་སྟོང་ཟུང་འཇུག་ཕྲ་མོའི་ཏིང་ངེས་ཡེ་གེ་ལ་སེམས་སྦྱང་སྟེ་སྐུ་ཡོངས་སུ་རྫོགས་པ་དང་། །ལུས་ཀྱི་རྟོག་པའི་ཡན་ལག་ལ་སངས་རྒྱས་སྟོང་ལ་སོགས་པར་ལྔ་ལ་ཕྱག་རྒྱ་ལྔ་བཅུར་སྤྲོས་པས་སྣང་བ་རྣམ་པར་འབྱེ། །པ་ལ་དབང་ཐོབ་པའི་རྣལ་འབྱོར་པས་ཚད་འཛིན་ཁྱབ་པར་གདལ་ཕྱིར་ཞི་ཁྲོ་ཚོམ་བུ་གཅིག་གསུམ་ལྔ་པའི་ཚོགས་ཀྱི་དལ་བསྒྲུབས་ནས། །རྗེས་ཐོབ་ཡོ་བྱད་ལྔ་ལ་སྤྱོད་པས་ལ་དོར་ཏེ་ཟག་བཅས་ཀྱི་ནུས་པ་རྫོགས་པར་བྱ། ༈ །ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་ལུས་འདི་དང་བཅས་པའམ་སྲིད་པ་བར་མ་དོ་ལ། །ངེས་པར་ཆོས་ཉིད་རང་མཚན་མཐོང་བའི་ཚེ་དབང་གི་རིག་པ་འཛིན་པ་ནི། །རྩ་བ་ཐོབ་པ་ལྷ་མི་གང་ཡིན་པ་རྡོ་རྗེའི་ལུས་སུ་གྱུར་པ་ལས་སྣ་ཚོགས་སུ་སྤྲུལ་ནུས་རྒྱུའི་ས་དང་པོ་ལ་གནས་པ་དང་སྐལ་བ་མཉམ་ལ། །ལུས་ལ་རིག་པའི་སྟོབས་ཞུགས་པས་ན་ལོ་བརྒྱ་ནས་བཅུ་དྲུག་པའི་ལུས་སུ་བསྣུར་ཅིང་ལོ་སྟོང་དྲུག་བརྒྱའམ་བསྐལ་པ་གྲངས་མེད་དུ་གནས་ཏེ། ༈ །རྡོ་རྗེའི་ལུས་དེ་ལས་གྲོལ་ན་རང་གི་ཡི་དམ་གྱི་རིགས་ལྔ་གང་ཡིན་ཀྱི་ལྷའི་སྐུ། །ཡེ་ཤེས་སྒྱུ་མའི་ལུས་ཅན་གྱི་ལྷའི་དལ་གྱི་གྲངས་དང་སྒོམ་པའི་རྩོལ་བས་ཏིང་ངེ་ལ་གནས། །རྒྱུའི་ཐེག་པའི་བརྒྱད་པའི་སར་སྐལ་བ་མཉམ་ཀྱང་ཁྱད་པར་ནི་ཟུང་འཇུག་མི་ནུབ་པའི་རྒྱལ་མཚན་ཅན་ཡིན་ལ། ༈ །ཡི་དམ་གྱི་རིགས་ཀྱི་ཆ་ལུགས་དང་ལྷ་གྲངས་ཅན་བསྒོམས་པ་ལས་གྲོལ་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་ལུགས་སུ་གནས་ལ། །དབང་པོ་ཡང་རབ་ཀྱིས་གཅིག་ཆར་དུ་རྟོགས་པ་དང་རྟོགས་པའི་སྐལ་བ་མཉམ་ཀྱང་འདིར་གོམས་པས་ཁྱད་པར་དུ་འཕགས་ཤིང་། །རྒྱུའི་བཅུ་པའི་ས་དང་སྐལ་བ འམ་མུ་ཚོད་འདྲ་ལ་མཉམ་བཞག་ལ་ཁྱད་མེད་ཀྱང་རྗེས་ཐོབ་ཡོད་པས་རྒྱལ་བ་སྐུ་ལྔ་ལས་དམན། ༈ །རྗེས་ཐོབ་དེ་ལས་གྲོལ་ན་ཀུན་ཏུ་འོད་པདྨ་སྤྱན་ཡི་གེ་འཁོར་ལོའི་ས་གསུམ་སྐུ་ཆོས་ལ ོངས་སྤྲུལ་གསུམ་རྫོགས་པའོ། ༈ །རྫོགས་པའི་རིམ་པ་གཙོར་བྱེད་རྗེས་སུ་རྣལ་འབྱོར་པས། །བློ་ཡང་རབ་ཀྱིས་སྣང་བ་དབྱིངས་དང་རིག་པ་ཡེ་ཤེས་འདུ་འབྲལ་མེད་པའི་བདེ་ཆེན་ཏུ་རྟོགས་ལ། །རྒྱུ་ནི་སྣང་བ་ཆོས་ཀྱི་དབྱིངས་སུ་བསྒོམས་པ་ལས། །འབྲས་བུ་དྲན་རྟོག་རིམ་པའི་ཡེ་ཤེས་ཉིད་དུ་འཆར། །བ་གཉིས་འདུ་འབྲལ་མེད་པའི་བདེ་ཆེན་གྱི་ངང་དུ་བསྒོམ་མོ། ༈ །སྔར་བསྟན་པའི་རྣལ་འབྱོར་ཆེན་པོ་བཞིན་དུ་དེའི་རྗེས་སུ་རིམ་གྱིས་གོམས་པར་བྱེད་པས་ནི། །སོ་སྐྱེ་ནས་སངས་རྒྱས་སུ་ཕྱིན་པར་བྱེད་པས་ལམ་ལྔ་ཚོགས་༡སོག་པ་དང་མཐོང་ལམ་ལ་སྦྱོར་༡བ་དང་སྔགས་དོན་མཐོང་༡སྒོམ་༡མཐར་༡ཕྱིན་༡༡༡༡ལམ། །རྣལ་འབྱོར་ལྔ་སྟེ་སྔགས་ཀྱི་གཉིས་མེད་ཀྱི་དོན་ལ་མོས་ཤིང་འདུན་པས་སེམས་པའི་ལྟུང་བ་དང་མི་ལྟུང་བའི་རིགས་ཆེན་འབྱེད་པའི། །དབྱེར་མེད་ཀྱི་དོན་མཐོང་བས་དབུགས་ཆེན་དང་པོ་འབྱིན་པའི༴ རྒྱལ་བས་སྒྲ་བརྙན་དུ་ལུང་བསྟན་ཆེན་ཐོབ་པའི༴ བསླབ་པ་དང་ཡེ་ཤེས་ཀྱི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རྣམས། །ཚིག་གི་རྗེས་སུ་ཡིད་ལ་བྱེད་པའི་༡༡ལྟ་བ་དང་སྒོམ་པའི་ཚོགས་སོག་པའི་བྱ་བ་ལས་ཀྱི་སྤྱོད་པའོ། །དེ་ཁོ་ན་ཉིད་མཐོང་ལ་མ་རག་པས་བར་ཆད་མེད་པའི་ལྟ་བ་དང་ཡི་གེ་དང་ཕྱག་རྒྱའི་འཕྲོ་འདུ་བྱེད་དེ་དམིགས་པ་གཅིག་ལས་མི་འགྱུར་པར་བསྒོམ་པ་དང་། །བརྩོན་འགྲུས་ཀྱིས་ཕྱོགས་གཅིག་པའི་སྤྱོད་པས་གནས་པར་བྱེད་དོ། །གསུམ་པ་ནི། །ཇི་བཞིན་པ་མངོན་སུམ་དུ་རྟོགས་པའི་ལྟ་བ་དང་། འཁོར་བར་ཡོངས་སུ་མི་ལྡོག་པའི། །ཏིང་ངེ་འཛིན་དང་ཤེས་རབ་མཐུན་པ་མི་དམིགས་པའི་སྤྱོད་པར་གནས་སོ། །མཚན་མས་མི་གཡོ་བའི་ལྟ་བ་དང་ཐམས་ཅད་གཉིས་མེད་དེ་བཞིན་ཉིད་ལས་མི་གཡོ་བའི་ཏིང་ངེ་འཛིན་དང་། །ཡང་དག་འཇོག་ལས་མི་གཡོ་བའི་སྤྱོད་པ་ལ་གནས་སོ། །ལམ་ཐ་མ་ནི་ལྟོས་ནས་མཐར་ཐུག་པའི་ལྟ་བ་དང་། །རིག་པའི་ཡེ་ཤེས་ཀྱི་ཐུགས་རྗེས་ཟིན་པས་ཀུན་ཏུ་གསལ་བར་ཁྱབ་པས་སྣང་གི་ཏིང་ངེ་འཛིན་བྱ་བཙལ་མེད་པར་མཐར་ཕྱིན་པའི་སྤྱོད་པ་ལ་གནས་སོ། ༈ །ལམ་ལྔ་པོ་དེ་ལས་ས་བཅུར་གྱེས་པའི་དང་པོ་ཚོགས་ལམ་ལ་གཉིས་སུ་གྱེས་ཏེ། །རྒྱུ་རྐྱེན་གྱིས་སྔགས་སུ་བློ་འགྱུར་ཡང་རྐྱེན་དབང་གིས་རིགས་མ་ངེས་པའི་ས་སེམས་བརྒྱད་ལ་རྟེན་པ་ས་གོང་མའི་གཞི་རུ་གྱུར་པ་ཡིས་དེ་ལ་རྟེན་ཅིང་གོང་དུ་སྐྱེད་པས། །གཉིས་པ་སྦྱོར་ལམ་ལ་གསུམ་སྟེ་བརྩོན་པས་གལ་ཆེན་སྔགས་ལ་སྦྱོང་བའི་ས་དང་། །འདིར་སྡོད་སྔགས་ཀྱི་བསླབ་པའི་མཐའ་བཅུ་ལ་རྒྱུན་དུ་སློབ་པའི་ས་དང་བསླབས་པས་ཡེ་ཤེས་འཕེལ་བའི་བསོད་ནམས་མི་ཟད་པའི་གཏེར་གྱི་ཡོན་དང་ལྡན་པའི་སའོ། །གསུམ་པ་མཐོང་བའི་དོན་ལ་རྟེན་པས་ས་གོང་མ་རྣམས་ཁྱད་པར་སྐྱེད་དུ་འགྲོ་བའི་སའོ། །བཞི་པ་སྒོམ་ལམ་ལ་ཏིང་ངེ་ལ་དམིགས་པས་མཐར་ལམ་གྱི་འབྲས་བུ་སྐྱེ་བའི་སའོ། །ཐ་མ་མཐར་ལམ་ལ་གསུམ་སྟེ་གཉིས་མེད་ཀྱི་དོན་ལ་རིག་པ་གནས་པ་རྐྱེན་དབང་དུ་མི་འགྱུར་བའི་ས་དང་། །ཕྱི་ནང་ཀུན་ལ་གདལ་བའི་ཆོས་ཉིད་ཀྱི་དོན་གསལ་བའི་ས་དང་། སའི་རིམ་པ་ཀུན་རྫོགས་པའི་སྤྱི་བོར་ཕྱིན་ཅིང་ཆིབ་པའི་སའོ། །ས་དང་པོ་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ལ་མིང་ཙམ་དུ་འཛིན་པའི་ལྟ་བ་དང་རྩོལ་བས་བྱ་བ་བྱེད་པའི་སྒོམ་དང་། །བསོད་ནམས་ཀྱི་དཔུང་གིས་རྣམ་པར་དཀར་བའི་ཚོགས་ལ་སྤྱོད་པའོ། ༈ །ས་གཉིས་པ་ལ་ནི། ཆོས་ཉིད་ཡིད་ལ་བྱེད་པའི་ལྟ་བ་དང་ལས་ཀྱི་བག་ཆགས་ཀྱི་དུག་འཇོམས་པ་སྨན་གྱི་ཏིང་ངེ་འཛིན་དང་། །དག་མ་དག་ཕྲ་མེན་དུ་སྤྱོད་པའོ། ༈ །ས་གསུམ་པའི་༼༠༽ལྟ་༡སྒོམ་༼༠ྃ༽སྤྱོད། །དེ་༼༠༽ཁོ་ན་ཉིད་མཐོང་ལ་མ་རག་པའི་ཐག་པའི་ལྟ་བ་དང་། །རིན་༡ཆེན་མྱུ་གུའི་ཏིང་ངེ་འཛིན་དང་ལེགས་ཉེས་སྟོབས་འགྱེད་པས་བརྩོན་༼༠ྃ༽འགྲུས་ཀྱི་སྤྱོད་པའོ། །གསང་སྔགས་ཀྱི་བསླབ་པ་གཅིག་པུ་ལ་ལྟ་བ་དང་། ཟག་བཅས་ཀྱི་ཚོགས་ཆེན་རྫོགས་པའི་ཏིང་ངེ་འཛིན་དང་། །བྱ་བ་རྩེ་གཅིག་པ་ཡི་སྤྱོད་པ་ནི་ས་བཞི་པའི་ཡིན་ནོ། །ཟག་མེད་དུ་སྦྱོར་བ་ལ་བར་ཆད་མེད་པར་ལྟ་བ་དང་རྩེ་གཅིག་འཕྲོ་བའི་ཏིང་ངེ་དང་། །བསླབ་པ་མཐར་ཆུབ་ཅིང་དེ་དང་མི་འབྲལ་བར་བཏང་སྙོམས་རྒྱུན་གྱི་སྤྱོད་པ་ནི་ས་ལྔ་པའོ། །དབྱིངས་ཡེ་ཤེས་གཉིས་མེད་ཀྱི་དོན་མངོན་སུམ་དུ་རྟོགས་པ་༡ཡི་༡ལྟ་༡བ་ཏིང་༡ ངེ་འཛིན། །ཤེས་རབ་ཆེན་པོས་བདེན་པ་མཐོང་བ་དང་མཐུན་པ་མི་དམིགས་པའི་སྤྱོད་པ་ནི་ས་དྲུག་པ་ཡིན་ནོ། །ས་བདུན་པ་ལ་ཆོས་ཉིད་མི་གཡོ་བ་ཡི་དོན་རྟོགས་པའི་ལྟ་བ་དང་། །དམིགས་མེད་ཀྱི་དོན་ལ་མི་ཟད་མཛོད་ཀྱི་ཏིང་འཛིན་དང་། ནང་དུ་ཡང་དག་འཇོག་ལས་མི་གཡོ་བར་སྤྱོད་པའོ། །ས་བརྒྱད་པ་ལ་གཉིས་མེད་ཀྱི་ཡེ་ཤེས་ལ་རིག་པ་རྣལ་དུ་ཕེབས་པའི་ལྟ་བ་དང་། །འབྱུང་བ་ཆེན་པོ་ལྔ་ལ་གཞལ་ཡས་དང་ལྷར་སྤྲུལ་པའི་ཏིང་འཛིན་དང་སྤང་བླང་མེད་པ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །ས་དགུ་པ་ལ་དབྱིངས་ཡེ་ཤེས་གཉིས་མེད་ཆོས་དབྱིངས་གདལ་བ་ཉིད་ཀྱི་ལྟ་བ་དང་། །རྟོག་པ་རྣམས་ལྷའི་དལ་དུ་རྣམ་པར་དག་སྟེ་རང་བཞིན་མེད་པ་དབྱིངས་ཀྱི་ཏིང་འཛིན་དང་། འདོད་ཡོན་ལ་དབང་སྒྱུར་བ་ཐབས་ཀྱི་སྤྱོད་པ་དང་། །ས་ཐ་མ་ལ་རང་བྱུང་ཡེ་ཤེས་འབའ་ཞིག་ལས་སེལ་མེད་པས་གཟའ་གཏད་མེད་པའི་ལྟ་བ་དང་། ཐམས་ཅད་མཁྱེན་པས་སྣང་གསལ་ཡེ་འཕྱོའི་ཏིང་འཛིན་དང་བྱ་བཙལ་མེད་པར་ལྷུན་གྱིས་གྲུབ་པའི་སྤྱོད་པའོ། ༈ །ས་བཅུ་པོ་དེ་ལ་རྣལ་འབྱོར་ཕྲ་མོ་བཞི་བཅུ་རུ་གྱེས་སྟེ། །ས་དང་པོ་ལ་རྣལ་འབྱོར་དྲུག་སྟེ་ལྷ་དང་མི་རྟོག་པ་བསྒོམ་པ་ལ་འདུན་པ་ཙམ་ལ་སེམས་པའི་རྣལ་འབྱོར་པ་ཉིད། །བསྙུང་བར་གནས་པའི་སེམས་ནི་བརྒྱད་ཀྱི་དང་པོ་སྟེ་ས་བོན་ལྟར་དང་དེ་ནས་ཕ་མ་ཉེ་དུ་ལྟ་བུ་ལ་སྦྱིན་པ་བྱེད་དེ་མྱུ་གུ་བུ་དང་། །ལྟ་སྤྱོད་སྔགས་ཀྱི་ཚུལ་དུ་བཅོས་མའི་རྣལ་འབྱོར་ཉིད་སྙིང་རྗེ་བ་དག་ལ་སྦྱིན་པའི་གནས་སུ་གཏོང་སྟེ་སྡོང་བུ་ལྟ་བུ་དང་། །སྔགས་དང་ཚུལ་གཞན་ཕྲ་མེན་དུ་སྤྱོད་པའི་རྣལ་འབྱོར་ཉིད་དགེ་སྦྱོང་དག་ལ་གཏོང་བ་ལོ་མ་ལྟར་དང་། །འདི་ལ་མོས་པས་དེའི་ཚུལ་རྟགས་འཛིན་པའི་རྣལ་འབྱོར་ཉིད་བླ་མ་དང་རོལ་མོ་མཁན་ལ་ལྷུག་པར་གཏོང་བའི་སེམས་ནི་མེ་ཏོག་ལྟར་དང་དེ་ནས་གང་འདོད་པ་གཏོང་བས་འབྲས་བུ་ལྟ་བུ་དང་དྲུག་སྦྱིན་པའི་བསླབ་པ་ལ། །ལྷ་དང་མི་རྟོག་བསྒོམ་པས་མོས་བའི་རྣལ་འབྱོར་ཉིད་སྦྱིན་པས་རྒྱུ་བྱས་ནས་ཚུལ་ཁྲིམས་སྲུང་བ་ལ་མོས་པའི་སེམས་བསྐྱེད་དེ་བསྲུང་བ་གསོས་སུ་འགྱུར་བ་ལྟ་བུ་དང་། ཐེ་ཚོམ་མེད་པས་དགེ་བར་འདུན་བར་བྱེད་པའི་རྣལ་འབྱོར་ཉིད་དེ་བས་ཀྱང་ལྷ་ལ་མཆོད་པ་ཕུལ་བས་ཤེ་སྟོབས་ཅན་དུ་འགྱུར་སྙམ་ནས་ཚངས་པ་ལ་སོགས་པ་མཆོད་པ་སྟེ་འཇིག་རྟེན་པའི་ལམ་བརྒྱད་ཅེས་ཀྱང་དེ་ཀ་ཉིད་ལ་བྱའོ། ༈ །འཇིག་རྟེན་ཕལ་པའི་སེམས་བརྒྱད་ལ་བརྟེན་ནས་སྟོང་པ་ཉིད་ཀྱི་སེམས་སྐྱེ་བའི་གཞི་ལ་རྣལ་འབྱོར་ཕྲ་མོ་བཞི་སྟེ། །བདེ་གཤེགས་དང་བླ་མའི་བཀའ་ལ་སྡོད་པས་རིགས་ངེས་ཏེ་སྒོ་གསུམ་བྱ་བའི་ལས་ཀྱི་རྣལ་འབྱོར་ལ་བརྟེན། །སྔར་སྔགས་ལ་མ་སྤྱད་པས་ཐོག་མར་སྤྱོད་ལས་དང་པོའི་ལས་ཅན་གྱི་རྣལ་འབྱོར་པས་སྟོང་པར་བདག་དག་པར་བསྒོམ་༼༠༽པའོ། །སྔགས་ལ་བསླབ་པ་སྦྱོང་བའི་རྣལ་འབྱོར་བར་བྱེད་པ་པོས་བྱས་པར་ཡིད་ལ་སྤྱོད་ཅིང་། །སྔགས་ཀྱི་བསླབ་པ་ལ་མི་འགྱུར་བའི་བསམ་པས་ངེས་པའི་རྣལ་འབྱོར་རྒྱུ་མེད་པ་ལས་འབྲས་བུ་གྲུབ་པར་ལྟ་སྟེ་བསམ་སྤྱོད་དག་མ་དག་གཉིས་ཀ་ཡོད་དོ། ༈ །གལ་ཆེན་སྦྱོང་བའི་ས་ལ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཉིད་དེ་གོང་གི་ལོག་ལྟ་དེ་དག་སེལ་ཅིང་། །ཉོན་མོངས་པ་སྒྲིབ་པ་རགས་པ་འཇོམས་པས་གྱེན་དུ་འབྱུང་བའི་གནས་ཡིན་པའི་ཕྱིར་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཅེས་བྱའོ། །སྦྱོར་བའི་ལམ་ལ་གནས་པའི་བསླབ་པ་རྒྱུན་གྱི་ས་ལ་རྣལ་འབྱོར་གསུམ་སྟེ་གསང་སྔགས་མཚོན་པའི་སྒོ་ལུང་གི་རྣལ་འབྱོར་ཟབ་མོ་ལ་བརྟེན་ཅིང་བསྒོམས་པས། །དྲོད་གཡོ་བ་ཙམ་ཐོབ་པ་ལ་བསླབ་པའི་མཐའ་བཅུ་མི་འབྲལ་བར་བསླབས་པ་ཡིས་རྩེ་མོར་རྟོགས་པའི་ཡེ་ཤེས་འཕེལ་བ་དང་། །ཆོས་ཉིད་མཉམ་པ་ཆེན་པོ་གསང་སྔགས་ཀྱི་དོན་ལ་མི་སྐྲག་ཅིང་བཟོད་པ་ཐོབ་པས་ངོ་མཚར་སྐྱེ་བའོ། །བསླབ་པ་བཅུའི་སྤྱོད་༼༠༽པ་ལ་དུས་རྒྱུན་དུ་གནས་པ་གྱི་རྣལ་འབྱོར་གྱིས་ཡེ་ཤེས་གོང་ནས་གོང་དུ་འཕེལ་ལ། །མཚན་༼༠༽མ་རྟགས་ཀྱི་རྣལ་འབྱོར་ལ་དབྱེ་ན་སེམས་ཉིད་རྟོགས་གོམས་ཀྱི་དྲོད་རྟགས་ཡིན་ཏེ། །གཡོ་བའི་རྣལ་འབྱོར་བ་ལ་གནས་པ་དང་། ཐོབ་པའི་རྣལ་འབྱོར་ནས་ལྡན་པ་དང་། དེ་མི་འགྱུར་བ་བརྟན་པའི་རྣལ་འབྱོར་ཏེ་དྲོད་ལ་གསུམ་རྟགས་ལའང་དེ་ལྟར་གསུམ་སྟེ་རྣལ་འབྱོར་དྲུག །གཞི་བོའི་རྣལ་འབྱོར་གསུམ་དང་དོན་ལ་རྣལ་འབྱོར་དགུར་གནས་པ་ཡིན་ནོ། །བསོད་ནམས་གཏེར་གྱི་ས་ལ་གོང་གི་བསླབ་པ་བཅུའི་སྤྱོད་པ་དང་མ་བྲལ་བའི་རྒྱུན་གྱི་རྣལ་འབྱོར་ཉིད་དེ། །གཟུང་འཛིན་གྱི་དྲི་མ་རགས་པ་དག་པས་ཐུན་མོང་གི་འཇིག་རྟེན་ཆོས་མཆོག་ལྟ་བུ་སྟེ་ཟག་བཅས་ཀྱི་བསླབ་པ་བཅུ་བསྐྱེད་དུ་བྱར་མེད་པས་མཐར་ཕྱིན་པ་ཡིན་ནོ། ༈ །ས་དྲུག་པ་ལ་རྣལ་འབྱོར་བདུན་ཏེ་འཁོར་བའི་དུཿཁ་ལ་ངལ་སོས་པས་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཏེ་དེ་ནི། །བདག་གཉིས་མེད་པའི་དོན་ཇི་ལྟ་བར་རྟོགས་པས་ཐུན་མོང་བྱང་ཆུབ་སེམས་དཔའི་མཐོང་ལམ་ས་རབ་ཏུ་དགའ་བ་ལྟ་བུ་སྟེ་ལྟ་བ་མཉམ་པ་མ་ཡིན་གསུང་དེས་འགྲེའོ། །སྔགས་ཀྱི་རིགས་ཆེན་འཛིན་པའི་རྣལ་འབྱོར་པས་ས་གཉིས་པ་དྲི་མ་དང་བྲལ་ཏེ་མེད་པའི། །མཉམ་རྫོགས་ཆེན་པོའི་རྣལ་འབྱོར་ནི་བདེན་པ་གཉིས་མཉམ་པར་རྫོགས་པ་ས་གསུམ་པ་འོད་བྱེད་པའོ། །ངེས་པར་སྤྱོད་པའི་རྣལ་འབྱོར་ནི་གསང་བ་ཇི་བཞིན་བ་ཐུགས་སུ་ཆུད་ནས་དོན་མཛད་པས་ས་བཞི་པ་འོད་འཕྲོ་བ། །རྩལ་ཆེན་སྦྱོང་བའི་རྣལ་འབྱོར་ནི་ཤེས་རབ་ཀྱི་རྩལ་ཆེན་པོས་དབྱེར་མེད་ཀྱི་དོན་ལ་སྦྱོང་བས་ས་ལྔ་པ་སྦྱང་དཀའ་བའོ། །རིག་པས་ཆོས་ཉིད་ཇི་བཞིན་པའི་ཡུལ་ལ་འཇུག་པའི་རྣལ་འབྱོར་ས་དྲུག་པ་མངོན་དུ་གྱུར་པའོ། །ཡེ་ཤེས་ཆེན་པོ་ཡུལ་མེད་དུ་རྟོགས་པས་རིག་པར་སྒོམ་ལམ་ལ་སྦྱོར་བའི་རྣལ་འབྱོར་ས་ཉོན་མོངས་པའི་སྒྲིབ་པ་དག་པས་ས་བདུན་པ་རིང་དུ་སོང་བ་སྟེ། །འདིར་དེ་དག་མཐོང་ལམ་གྱི་ཁྱད་པར་དུ་གྱུར་པར་རིག་པར་བྱའོ། །ས་བདུན་པ་ལ་རྣལ་འབྱོར་གསུམ་སྟེ་ཆོས་ཉིད་རིག་པ་ལ་གྲུབ་པའི་དོན་རྣལ་མ་ལ་འབྱོར་༼༠༽པ་ནི། །མཚན་མ་ལས་གྲོལ་ཏེ་ཅིས་ཀྱང་མི་གཡོ་བར་གནས་པས་ས་བརྒྱད་པ་མི་གཡོ་བའོ། །དེ་བས་ཀྱང་བསྐྱེད་དུ་གྱུར་ཏེ་ལེགས་པ་ཆེར་ལྡན་པ་ལ་རྣལ་འབྱོར་ཆེན་པོ་༼༡༽ནི་ས་དགུ་པ་ལེགས་པའི་བློ་གྲོས་སོ། །ངེས་༼ཿ༽པར་འབྱུང་བའི་རྣལ་འབྱོར་ནི་དེ་ཉིད་ཆོས་ཀྱི་གཞིར་གནས་པས་ས་བཅུ་པ་ཆོས་ཀྱི་སྤྲིན་ཆེན་ཡིན་ཏེ། །དམ་ཚིག་པ་དང་ཡེ་ཤེས་པ་འབྱེད་ཅིང་འཕྲོ་འདུ་བྱེད་པས་ཕྱི་རྒྱུད་ཀྲི་ཡ་༼༠༽ཨུ་པ་ཡ་༼༡༽ཡོ་ག་༼ཿ༽གསུམ་མོ། །ས་བརྒྱད་པ་ལ་རྣལ་འབྱོར་གསུམ་སྟེ་བླང་དོར་མེད་པ་རྨད་དུ་བྱུང་བའི་སྤྱོད་པར་རོལ་པའི་རྣལ་འབྱོར་ནི། །རྣལ་འབྱོར་ཆེན་པོ་བསྐྱེད་པའི་བསྐྱེད་པའི་རིམ་པའོ། །ཅི་སྤྱད་ཚོགས་ཆེན་གཉིས་སུ་ཤེས་ཏེ་འདུས་འདུན་པས་འི་རྣལ་འབྱོར་ནི་བསྐྱེད་པའི་རྫོགས་པར་རྫོགས་ལ། །ལྟ་སྤྱོད་འབྲེལ་བའི་རིག་པའི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ནི་བསྐྱེད་པའི་རྫོགས་པ་ཆེན་པོ་སྟེ་རྒྱའི་རིག་ས་འཛིན་ནོ། །ས་དགུ་པ་ལ་རྣལ་འབྱོར་གསུམ་སྟེ་འདོད་ཡོན་ལྔ་ཆོས་ཉིད་ཀྱི་རྒྱན་དུ་སྤྱད་པས་རོལ་པ་རྒྱན་གྱི་རྣལ་འབྱོར་དེ་ཡི། །རྫོགས་པའི་བསྐྱེད་པ་སྟེ་རྩོལ་བ་དང་བཅས་རྣལ་འབྱོར་ཡིན་ལ། །ཉོན་མོངས་སྡུག་བསྔལ་བདེ་ཆེན་དུ་གསལ་བས་བདེ་བ་ཆེན་པོའི་རྣལ་འབྱོར་ནི་རྫོགས་པའི་རྫོགས་པ་དངོས་ཡིན་ཅིང་། །དེ་བརྟན་པས་ཡེ་ཤེས་ཀྱི་ཐིག་ལེར་རྫོགས་པའི་རྣལ་འབྱོར་ནི་རྫོགས་པའི་རྫོགས་པ་ཆེན་པོའི་ངང་ལ་གནས་པའོ། །དེ་དག་ཀྱང་རྒྱ་ཆེན་རིགས་འཛིན་ནོ། །ས་ཐ་མ་ལ་རྣལ་འབྱོར་ཕྲ་མོ་གསུམ་སྟེ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རྟོགས་པས་བདག་ཉིད་ཆེན་པོའི་རྣལ་འབྱོར་ནི། །རྣལ་འབྱོར་ཆེན་པོ་རྫོགས་པར་ལ་བཟླ་བ་སྟེ། །དེ་ལ་ཐམས་ཅད་མ་བཙལ་བར་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་ནི་རྗེས་སུ་རྣལ་འབྱོར་པ་ཉིད་དེར་ལ་བཟླ་བའོ། །ཐ་སྙད་ལ་མི་གནས་ཏེ་གང་ཡང་མ་བཀོལ་བས་ཀློང་ཡངས་ཆུབ་པའི་རྣལ་འབྱོར་ནི་དེ་ཡིས་གཤིས་མཐོང་པས་ལྷུན་གྲུབ་རིག་འཛིན་རང་རྒྱུད་དག་པའི་སངས་རྒྱས་སོ། །དེ་ལས་སེམས་བསྐྱེད་ནས་མཐར་ཐུག་གི་དོན་ལ་རེག་པར་འདོད་པ་ཡིན་ནོ། ༈ །སྒྲ་ཇི་བཞིན་མ་ཡིན་པས་དོན་ཐུན་མོང་མིན་པར་བརྡ་སྤྲད་ནས། །ཕྱོགས་མེད་རང་གྲོལ་དུ་རྟོགས་པའི་ངང་དུ་གནས་པས། །ཆེད་དུ་མ་གཏད་ཀྱང་དེའི་ངང་དུ་མ་ཡེངས་པར་གསལ་བ་ནི། །དམིགས་གཏད་ཀྱིས་བསྒོམ་དུ་མེད་ཀྱང་དོན་ལ་མ་ཡེངས་པས་སྒོམ་པའི་གཟེར་ཆེན་པོ་ཡིན་ནོ། ༈ །གདོད་མ་ནས་སྙིང་པོ་རྣལ་མ་དོན་གྱི་རྒྱུད་ཉིད། །ལས་གཞན་པ་མེད་པས་ཡེངས་༡ཏེང་ངེ་དང་བྲལ་༡བའི་༡༡དོགས་པ་མེད། །དོན་འདི་ནི་མཐར་ཕྱིན་པས་ཤིན་ཏུ་རྣལ་མར་བློ་ཡིས་འབྱོར་ཏེ། །རྩོལ་སྒྲུབ་ཀྱིས་བཙལ་བ་བྲལ་བའི་ཐབས་ཆེན་པོ་ཡིན་ནོ། །ཐོག་མར་རང་༼ཁ༽རིག་རྣལ་༼ཀ༽འབྱོར་པའི་༼ག༽པས། །རྟོགས་པའི་ལྟ་བའི་ཕྱོགས་རིས་དང་བྲལ་བར་ངེས་པའི་སོར། །བློས་མ་བཅོས་པར་ལྷུན་གྱིས་གྲུབ་པའི་བདེ་བ་ཆེན་པོར་གནས་ཏེ། །མ་ཡེངས་པར་གནས་པ་ཙམ་དེ་ཉིད་ལ་སྒོམ་ཞེས་བྱའོ། ༈ །བྱིང་༢བ་ནང་དུ་བློ་རྒོད་༡པའི་ཡུལ་ལ་འཕྲོ་བ་དང་ཐིམ་པ་ནི་སྐྱོན་གྱིས་ཅིར་ཡང་གཡོས་ཀྱང་། །ཐོག་མ་གཞིའི་དོན་དགག་སྒྲུབ་མེད་པ་དང་དེ་རྟོགས་པའི་གནད། །དེས་ན་སྤང་བ་དང་དགག་པ་དང་སྦྱང་བ་དང་བསྒྱུར་བ་མིན་ཏེ། །དེ་ཉིད་རྟོགས་ཚོད་དུ་རང་ཏང་དུ་གནས་སོ། ༈ །སྒོ་ལྔ་ཡུལ་གཅོད་པར་བྱེད་༡པ་ནི་ཉོན་ཡིད་ང་བདག་ཏུ་འཛིན་བྱེད་༣ ནི་ཡིད་སྔ་ཕྱིའི་རྗེས་སུ་འབྲང་བ་༥ནི། །རྣམ་པ་སྒྱུ་༢མ་དང་མཚན་ཉིད་རང་༤རིག་དང་རང་བཞིན་སྟོང་༦ཉིད་ཡིན་པས། །༡སྤྲུལ་༡ལོངས་སྤྱོད་༢རྫོགས་༡ཆོས་༣༡སྐུར་༡༡༡ལྷུན་གྱིས་གྲུབ་པར་གནས། །དེས་ན་རེ་དོགས་ཀྱིས་མ་བཙལ་བར་ལྷུག་པར་ཞོག་ཅིང་། ༈ །སོ་མ་ཤོར་སྐྱོན་མ་བཅོས་འབྲས་བུ་བཙལ་བ་མེད་པ་ནི། །ངག་ཏུ་བརྗོད་པ་ལ་གསུམ་བྱུང་པ་སྟེ་དོན་ལ་དབྱེར་མེད་པས། །དེ་གསུམ་ཐ་དད་ཀྱི་རྗེས་སུ་སེམས་མི་སྤྲོ་བས། །ཐིག་ལེ་རང་གསལ་ཉག་གཅིག་གོ། ༈ །བྱིང་བས་རིག་པ་གསལ་མ་ཐོན། །རྨུགས་པས་ཤེས་བྱའི་དོན་གནས་ལུགས་མ་གསལ། །ཤིན་ཏུ་བྱིང་ན་དྲན་པའི་རྒྱུན་འགག །རབ་ཏུ་རྨུགས་ན་འདུ་ཤེས་ཀྱི་རྒྱུ་བ་སྤང་། །རྒོད་པ་ནི་རིག་པ་རང་རང་གི་ཡུལ་ལ་འཕྲོ། །གཡེང་བ་ནི་འཇིག་རྟེན་པའི་བྱ་བའི་ལས་ཀྱིས་ཁྲིད། །རབ་ཏུ་རྒོད་ན་རྟོག་དཔྱོད་ཡིད་ལ་བྱེད། །ཤིན་ཏུ་བྱ་བས་གཡེངས་ན་བྱ་བྱེད་ཀྱི་མཚན་མར་སྨིན་ནོ། ༈ །ཐོག་མ་མེད་པའི་མུན་པ་མ་རིག་པའི་བག་ཆགས་དང་། །བཅུད་ཅན་གྱི་ཁ་ཟས་བཟའ་བ་དྲགས་པ་དང་གནས་དང་གོས་ཀྱི་རྐྱེན་གྱིས་འཐིབས་པ་དང་། །བད་ཀན་གྱི་ནད་རྒྱས་པ་དང་ངལ་དུབ་ཀྱི་ལས་དྲགས་པ་དང་། །གདམས་པའི་གནད་ཞན་པ་དང་སྦྱངས་པའི་རྒྱ་ཆུང་བའོ། །སྐྱེ་བོ་འདུས་པ་ལ་ལྟ་བ་དང་འཇིག་རྟེན་གྱི་བྱ་བ་མ་མཐོང་པ་དང་། །བསླབས་པའི་ཐ་སྙད་ལ་བསམ་པའི་ཤེས་རབ་ཀྱིས་དྲན་པ་རྒྱུད་ལ་བསྟེན་པ་དང་། །བེམས་པོ་དང་རིག་པའི་སྒྲོན་མ་ལུང་གིས་རྒྱུད་གཡེངས་པ་སྟེ། །མདོར་ན་རང་གི་རིག་པ་སྲང་དུ་མ་ཚུད་པའོ། ༈ །གཏན་ཚིགས་ཀྱིས་གཞིག་དཔེས་མཚོན་ལུང་ལ་རྒྱུད་སྦྱངས་ཏེ་ཡིད་ཆེས་པར་བྱས་ལ། །ཁ་ཟས་བསིལ་བ་དང་རྩུབ་པ་དང་ཡང་བས་མཁྲིས་པ་རླུང་བད་ཀན་གྱི་ཁམས་བསྙམ་བསིལ་བའི་སར་གནས་ཏེ་སྔ་དྲོ་བད་ཀན་གྱི། །དུས་སུ་བཅག་ཅིང་ཕུང་པོ་ལ་སྤྱོད་པ་དྲག་དལ་སྙོམས་པར་གནས། །ཤེས་བྱ་ཚོགས་བརྒྱད་སྐྱེ་ལུགས་གསུམ་ལྷུན་གྲུབ་གསུམ་དུ་རྒྱ་གཅད་མངོན་སུམ་གཉིས་ཀྱི་ཚད་མས་མཚོན། །སྒྲོལ་མ་རླུང་གིས་རྣམ་པར་ཤེས་པ་བཏེག་ལ་གཟེང་བསྟོད་དེ་བསྒོམ་པར་བྱ། །བླ་མ་དམ་པའི་ཡོན་ཏན་དྲན་པས་དོན་གྱིས་ཏིང་ངེ་ལ་བྲོད་པ་ལྟར་གསལ་གདབ། །ལས་རྒྱ་མཚན་ལྡན་གྱི་གྲོགས་ཀྱིས་སྤྱོད་ལམ་ཅི་བདེར་སྤྱད་པས་ཁམས་འདུས་དགྲོལ། །ཤེས་པ་རྒྱ་བསྐྱེད་ལ་ངོ་མཚར་ཅན་གྱི་ཡུལ་ལ་དྲང་། །གནད་ཀྱི་གདམས་པ་ཤེས་བྱའི་གཤིས་ལ་ཕེབས་པས་སྐྱོན་དབང་དུ་འགྲོ་བའི་ལམ་གཅད། །འཇུག་པའི་སྒོ་ཐེག་པ་རྣམས་བསྡུར་བས་ངེས་པའི་དོན་གནད་དུ་ཕེབས་ལ། །སྐྱེ་བོ་འདུས་པའི་ཚོགས་ལ་ལྟ་བ་དང་འཇིག་རྟེན་གྱི་བྱ་བ་མང་པོ་གཞག །ལུང་མང་འདོད་པའི་ཁྱད་པར་སྔར་ཐོས་བསམ་གྱིས་བཅད་ལ། །སྒོམ་པ་འདིའི་ཚེ་བསམ་བྱུང་སོ་སོར་རྟོག་པའི་དུས་མིན་པས་རྟོག་དཔྱོད་ཀྱི་ཁོ་ཐག་གཅད། །ཧ་ཅང་གཡེངས་ན་རིག་པའི་རྟ་རླུང་དང་བྲལ། །ལས་ཀྱི་རྣམ་སྨིན་ངན་པའི་འབྲས་བུ་དུ ཿཁ་དྲན་པས་རང་ལ་རང་གིས་ཤེ་གཅད། །དུས་སྙིགས་པ་དང་ཚེ་ཐུང་བ་དྲན་པའི་དད་པས་རིག་པ་སྲང་དུ་གཟུང་ངོ་། ༈ །བཞག་ཐབས་དེ་ལྟར་དུ་བློ་གནས་ན་ཉམས་རིམ་བཞི་དང་པོ་སེམས་གནས་པ་ཙམ་གྱི་ཉམས་འབྱུང་སྟེ། །ཨ་ཏིའི་སྐལ་བ་དང་ལྡན་ཀྱང་ཆིག་ཆོད་པས་བློ་ཞན་པས་ལྟ་བ་དང་རྟོགས་པའི་ཚད་ལ་དགོན་པར་གོམས་པར་བྱེད་པའི་ཚེ། །མཉམ་པ་ལ་མི་སྡོད་པར་སླར་རྟོག་པ་མང་པོ་འབྱུང་སྟེ་བྱིང་རྒོད་ཀྱི་རྐྱེན་དང་བྲལ་བར་ཅུང་ཟད་གནས་པ་ལ་གནས་ཞེས་བྱའོ། །རེས་གནས་རེས་བྲལ་བས་སྤྲིིན་བར་གྱི་ཉི་མ་དང་འདྲ་ལ་སྒོམ་ལ་ཡིད་ཆེས་པས་ཐོབ་ཏུ་རེ་༡མ་ཐོབ་ཏུ་དོགས་༡༡༡མེད༡། །ཅིང་དེ་ལ་ཡིད་ཆེས་པའི་དད་པས་འཁོར་བ་ལ་བློ་ལྡོག་ཅིང་སྐྱོ་བས་ཆགས་པ་ཆུང་སེམས་ཅན་ལ་སྙིང་རྗེ་ཆེ། །དེ་ལྟར་སྣང་བས་འཁོར་བའི་གཡང་ས་ངན་འགྲོ་མི་ལྟུང་བར་མི་ལུས་ཐོབ་ནས་ལས་ཀྱི་འབྲེལ་པས་རྣལ་མ་དང་འཕྲད་པ་ཙམ་ལས། །ཟིལ་གནོན་ཏིང་ངེ་འཛིན་གྱི་སྟོབས་ཆུང་བས་སྲིད་པ་འཁོར་བ་ལས་བརྒལ་མ་ནུས་པ་ཡིན་ནོ། ༈ །སྔར་གནས་པའི་ཉམས་ཐོབ་པའི་སྟོབས་ཀྱིས་སྐྱོན་རྣམས་རང་བྲལ་ནས་ཉིན་མཚན་ཕྱད་པར་མི་རྟོག་ཐིག་ལེའི་ངང་ལ་གནས་པ་ནི། །རྒྱ་མཚོ་ཆེན་པོའི་གཏིང་དང་འདྲ་བར་མི་གཡོ་ལ་རྨི་རྟགས་བཟང་པོ་འབྱུང་རྟགས་གཞན་ཡང་རབ་ཏུ་གོང་ལས་འཕེལ། །ཐོད་རྒལ་དུ་མ་སོང་བས་བློ་ཞན་བརྟག་པའི་མཐའ་བཟུང་ཞིང་ཞེན་པའི་བག་ལ་ཉལ་དང་། །མ་བྲལ་བས་ཟག་བཅས་ཀྱི་གོམས་པའི་སྟོབས་མཐར་ཕྱིན་པར་འགྱུར་བའོ། ༈ །འཁོར་བ་དང་འདས་པའི་མཚན་ཉིད་དབྱེར་མེད་ཀྱི་ངོ་བོར་སོན་པར་མཛད་པ་ནི། །ངོས་གཟུང་ཇི་ལྟ་བུར་ཡང་མི་གནས་པར་གཟིགས་ཏེ་རྩོལ་བ་ལས་འདས་པའི་དོན་མཐར་ཕྱིན་པ་ལ་ལོ་ཟླར་གནས། །རྟགས་དང་མཚན་མ་བཟང་པོ་རྣམས་ཡོངས་སུ་རྫོགས་ལ་ཚེ་འཕོ་བ་ལས་འདས་ཏེ་རིགས་འཛིན་དུ་བགྲོད་དུ་མེད་པར་གནས་པས་ཚེ་འདི་ལ་འཚང་རྒྱའོ། །རྗེས་ཐོབ་ཅུང་ཟད་མངའ་བས་ཚུལ་བཟང་པོའི་རྩོལ་བ་ཅན་ནོ། ༈ །རང་གི་སེམས་ཉིད་ཆོས་ཀྱི་སྐུ་རུ་ཞལ་མཇལ་བས་མཐར་ཕྱིན་པ་ནི། །དཔེ་ཡིས་མཚོན་དུ་མེད་པ་ཉིད་ནམ་མཁས་མཚོན་ཏེ་མཐའ་དབུས་ལས་འདས་པས་སོ། །རྩོལ་བ་མེད་པའི་བྱིན་རླབས་གདུལ་བྱའི་ཡུལ་སྣ་ཚོགས་ཀྱི་རྐྱེན་གྱིས་ཅིར་ཡང་འཆར། །དེ་ལས་བསྐྱེད་དུ་བྱར་མེད་ཀྱང་ཕྱོགས་རིས་དང་བྲལ་ཞིང་རང་གསལ་བས་ཉམས་སུ་གདགས་སོ། ༈ །ཉམས་དེ་རྣམས་རིམ་པ་ཇི་བཞིན་དུ་བཞི་པོ་མ་ལུས་པར་ཚང་བར་བྱུང་བ་ལ་ཡང་། །དེའི་དུས་ལ་ངེས་པ་མེད་དེ་བརྩོན་འགྲུས་ཀྱི་སྟོབས་དང་རིག་པའི་རྩལ་ཆེ་ཆུང་ཡོད་པས་སོ། །ཐོད་རྒལ་གྱི་གང་ཟག་འགའ་ཞིག་ལ་ལར་གནས་པའི་ཏིང་ངེ་འཛིན་ནས་མཐར་ཕྱིན་པའི་ཉམས་ཐོབ་པ་ཡང་ཡོད། །དགའ་རབ་བདག་དང་འདྲ་བ་ངེས་པར་ཕྱིས་འབྱུང་ན་རྟོགས་གྲོལ་ཆིག་ཆོད་ཡོན་ནོ། ༈ །མན་ངག་འདི་ནི་མཆོག་གི་དངོས་གྲུབ་ཁྱད་པར་ཅན་དམ་པའི་བཅུད་ཡིན་ལ། །འཁོར་འདས་ཀྱི་ཆོས་མཚན་ཉིད་འཛིན་པོའོ་ཅོག་ཐམས་ཅད། །གདོད་མ་ནས་རང་བཞིན་མ་བཅོས་པ་བྱང་ཆུབ་ཀྱི་སེམས་ཡིན། །བདེ་གཤེགས་དུས་འདས་ད་ལྟར་མ་འོངས་པ་གསུམ་གྱི་རྒྱལ་བ་ཐམས་ཅད་ཡི། །ཐུགས་ཀྱི་དགོངས་པ་མཁྱེན་པའི་ཡེ་ཤེས་ཡིན་ཏེ། །མ་ནོར་རྣལ་མའི་དོན་ལ་རིག་པས་འབྱོར་པའི། །བློ་གྲོས་ཡང་རབ་སྐྱེས་བུའི་བསམ་པའི་སྤྱོད་ཡུལ་དུ་གྱུར་པ་ཉིད། །རྒྱུ་རྐྱེན་འདུས་ནས་བྱས་པ་མིན་པས་དུས་གསུམ་འཕོ་འགྱུར་སྐྱེ་འགག་གནས་པ་དང་བྲལ་བས་བརྟན་པ། །མཚུངས་པ་མེད་པའི་གསལ་མཁྱེན་ཁྱད་པར་ཅན་ཡིན། །གདོད་མ་ནས་གནས་པས་ཅིང་ཀྱང་བསྐྱོད་པ་མེད་པས་འདུས་མ་བྱས། །སྒྲོ་སྐུར་དང་བྲལ་བས་ངེས་པའི་དོན་གྱི་ལུང་ཉིད། །སྐལ་ལྡན་རྣམས་ལ་བསྟན་ཅིང་བཞག་པ་ཡིན་ནོ། ༈ །དེ་ལྟ་བུའི་དོན་ཁྱད་པར་ཅན་ལ་ངམ་པ་ཨེ་མ་ཧོ། སྐལ་༼ཁ༽བ་དང་ལྡན་སྐྱེས་བུ་རྣམས། །མ་༼ཀ༽འོངས་པའི་དུས་ན་འབྱུང་བ་དག་༼ག༽ །རྒྱལ་བའི་བཀའ་ལུང་ཟབ་མོ་ལ། །བརྒྱུད་པའི་བརྡ་དོན་སྤྲོད་པའི་མན་ངག་གི་གཉེར་དང་ལྡན་པས། །གཞིའི་དོན་བདེན་པར་ཡེ་ནས་གནས་པ་ཡི། །ཡོན་ཏན་གྱི་གཟེར་ཙམ་ཞིག་མཐོང་བས་ང་རྒྱལ་སྐྱེས་པ་ལ། །མཐོང་བ་ཚེ་འདིའི་དགོས་པ་འགའ་ཡིས་རྐྱེན། །བྱ་བ་མེད་པའི་ཆོས་ལ་བློ་གཏད་ནས། །དད་ལྡན་སྐལ་ལྡན་གྱི་བློ་བྱིན་གྱིས་བརླབས་པས། །དངོས་གྲུབ་ཀྱི་ཆུ་བོ་རྟོགས་གོམས་ཀྱི་རྒྱུན་མ་བཅད་པར། །བླ་མ་རིན་ཆེན་གྱི་སྙན་ཁུང་བརྒྱུད་པ་དོན་མཚོན་པའི་ཚིག །འདི་ལ་རྟེན་ལ་གོམས་པ་ཚད་ལ་ཕོབ། །འདི་དང་བྲལ་ན་སྐྱེ་བོ་ཉིད། །འཕགས་པའི་གནས་ལས་འགྱངས་པར་ངེས། །པའི་སྐྱོན་དེས་ན་སྐལ་བ་དང་ལྡན་པ་གདམས་ངག་རིན་ཆེན་གྱི་ཏེན། །དལ་འབྱོར་ལུས་འདི་དགོས་པ་ཕྲ་མོར་མ་སྤྱད་པར། །མན་ངག་འདི་ཡིས་འབྲས་བུ་གྲུབ་པའི་གྲོགས་མཆོག་མཛོད་ཅིག་པའོ། ༈ །འགྲོ་བ་དྲུག་རྣམས་སྐྱེ་བ་རྫུས་མངལ་སྒོང་དྲོད་གཤེར་བཞིའི་སྡུག་བསྔལ་དྲྭ་བར་དུས་རྟག་ཏུ་འཇུག་པའི་ཆུ་རྒྱུན་དེ། །འབྱུང་བ་རྒྱུ་ནི་མཚུངས་ལྡན་མ་རིག་ལྷན་ཅིག་བྱེད་པ་བདག་ལྟ་ཉེར་ལེན་ཉོན་མོངས་རྣམ་སྨིན་གྱི་རྒྱུ་ལས་ཀྱི་འཁོར་ལོ་སྟེ། །བདེ་བ་འཇོམས་པའི་དགྲ་དེ་དག་ལས་རྒྱལ་བར་མཛད་པ་སྐུ་གསུམ་བརྒྱུད་པའི་བཀའ་ལ་བརྟེན་པའི། །གདམས་པ་འདི་ཡིས་ཡིད་ཀྱི་མུན་པ་མ་རིག་པ་བསལ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་ནུབ་པའི་རྒྱལ་མཚན་ཚུགས། །འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་དངོས་བུ་དང་དགའ་རབ་བདག་དང་རིགས་མཐུན་སྐལ་ལྡན་མོས་འཇུག་གོ་ཕྱེ་བ་རྣམས། །གདམས་པ་འདི་ལ་ནན་ཏན་ཆེར་གྱིས་དད་བརྩོན་དམ་ཚིག་ཡོད་ན་འདི་སེམས་ལ་ཐུམས་ཤིག་པར་གདམས་པའོ། །སྒོམ་པའི་ཐབས་མཚོན་པར་བྱེད་པའི་རིན་པོ་ཆེ་སྒྲོན་མ་ལྟ་བུ་རྣལ་འབྱོར་པ་སྒྲུབ་པའི་གྲོགས། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་བ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། ༈ །མཆན་བུ་སེའི་བནྡྷེ་འབྱུང་ལྡན་གྱིས་བཏབ་པའི་དགེ་བ་སངས་རྒྱས་སུ་བསྔོའོ།། །།


previousདགོངས་པའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next