Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་ཡེ་ཤེས་གསང་བ་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   


 
previousརྒྱུད་ཡེ་ཤེས་གསང་བ་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

རྒྱུད་ཡེ་ཤེས་གསང་བ་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

རྒྱུད་ཡེ་ཤེས་གསང་བ་བཞུགས་སོ། །རྒྱ་གར་སྐད་དུ། ཛྙཱ་ན་གུ་ཧྱ་ནཱ་མ་ཏན་ཏྲ། བོད་སྐད་དུ། ཡེ་ཤེས་གསང་བ་ཞེས་བྱ་བའི་རྒྱུད། ཡེ་ཤེས་གསང་བའི་རང་བཞིན་དང་མཚིད་དང་རྣམ་པ་གསུམ་མ་རྟོགས་པས་གསང་བ་དེ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཕྱག་འཚལ་ལོ། ༈ །ཨེ་གནས་འདི་དོན་དགོངས་པ་ཚངས་པའི་སྐད་འཁོར་ལ་བཤད་མ་དེ་བསྟན་པའི་དུས་མཐའི་སྐད་གཅིག་གི་ཚེ་ན། ༈ །ཡེ་ཤེས་གསང་བའི་རང་བཞིན། ངོ་བོ་ཆོས་ཐམས་ཅད་རྟེན་པའི་གནས། ཆོས་ཉིད་ཆེ་བ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཀྱི་མཁའ་ཀློང་ལ་སྤྲོས་པའི། མཐའ་མཚིད་དང་དེ་ལ་ལྟོས་པའི་དབུས་མེད་པའི་རྟོག་པ་བློས་གཞལ་བ་ལས་ཡས་ངོ་བོ་ཁང་པའི་པ་ན། ༈ །མཉམ་པའི་ཀློང་དུ་འཁྲུལ་པ་རང་སར་གྲོལ་བས་བཅོམ་སྐུ་གསུམ་ལྷུན་གྲུབ་ཏུ་མུ་མཐའི་ཕྱོགས་རིས་ལས་འདས་འཁོར་འདས་ལྷག་མ་མེད་པར་རྫོགས་པ་ཆེ་བ་ལྔས་ཁྱད་པར་དུ་གྱུར་པས་ཆེན་པོ་ངོ་བོ་ཉིད་ཀྱི་རྟག་པར་བཞུགས་སོ། ༈ །བཅོས་སླད་མེད་པ་རང་བཞིན་གྱི་གཞི་འཁོར་དང་། རང་བཞིན་ལ་མཐོང་ཚུལ་ཐ་དད་དུ་ལྟ་བའི་རིམ་པ་འཁོར་དང་། རང་བཞིན་ཇི་ལྟ་བར་རྟོགས་པའི་མངོན་དུ་གྱུར་པ། འབྲས་བུས་འཁོར་དང་གསུམ་ལ་འདི་ལྟ་སྟེ། ༈ །སྲ་བ་ས་དང་རླན་པ་ཆུ་དང་དྲོ་བ་མེ་དང་བསྐྱོད་པ་རླུང་དང་མི་སྒྲིབ་པ་ནམ་མཁའ་དང་སྣང་སྲིད་འཁོར་འདས་རྒྱུ་འབྲས་ཀྱི་སྣང་བ་ཐམས་ཅད་དང་། ༈ །ཡོངས་སུ་རྒྱུ་འབྲས་ཅན་ཐམས་ཅད་འདུ་རྣལ་འབྱོར་ཞེས་བྱ་བ་དང་། རྣལ་འབྱོར་རྩོལ་སྒྲུབ་ཅན་ཆེན་པོ་ཞེས་བྱ་བ་དང་། སེམས་དཔའི་རྣལ་འབྱོར་བླང་དོར་ཅན་ཞེས་བྱ་བ་དང་། དེ་དག་ལས་གྲོལ་བ་ཡོ་ག་བཞིར་ཐེག་པ་ཀུན་གྱི་བསྡུ་བའོ། །ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་དང་། ༈ །སྔར་འདས་མཛད་པ་ཡོངས་སུ་རྫོགས་པ་པའི་སངས་རྒྱས་དང་། རིག་འཛིན་བྱང་ཆུབ་སེམས་དཔའ་དང་སེམས་ཅན་འགའ་ཞིག་མ་འོངས་པའི་སངས་རྒྱས་དང་། ད་ལྟར་བྱུང་བའི་སངས་རྒྱས་ཞིང་ཐ་དད་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སྟོན་འཁོར་གནས་གསུམ་སོ་སོར་འབྱེད་པ་མི་མངའ་བའི་རང་བཞིན་དབྱེར་མེད་པའི་ཐུགས་རྗེས་ཐབས་གཅིག་ཏུ་གནས་བྱ་གནས་བྱེད་ལས་གྲོལ་བར་བཞུགས་སོ། ༈ །གླིང་གཞི་འཚོགས་པ་དེ་ནས་ལྷའི་དབང་པོས་སྤྲུལ་པ་བརྒྱ་བྱིན་གྱི་ཕྱོགས་བཅུའི་སངས་རྒྱས་ཡེ་ཤེས་ཅན་མ་ལུས་པ་ཐམས་ཅད་ལ་སེམས་ལྷག་ཅན་གྱི་དོན་དུ་ཚིག་འདི་སྐད་ཅེས་གནང་ནས་བསྐུལ་ལོ། །གསུང་ལྔའམ་གསུམ་དག་གི་མངའ་སྙེམས་པའི་བདག་པོ་སངས་རྒྱས་མ་ཐམས་ཅད་ཀྱིས། རྩོལ་བའི་དང་བཅས་པ་ཐེག་པ་བརྒྱད་པོ་མཐར་བཏོན་པར་གསུངས་ནས། །རྩོལ་མེད་མཐར་ཐུག་གི་ཐེག་པ་མི་གསུང་བ་དེ་ཁྱེད་ཀྱི། །ཐུགས་རྗེ་ཆེན་པོ་མི་མངའ་བར་ཡལ་ལམ་ཅི་ཡིན་དེས་ན། ཨ་ཏིའི་སྐལ་བ་དང་ལྡན་པའི་གདུལ་བྱ་སེམས་ལྷག་ཅན་མཆིས་པས་ན། །རྩོལ་མེད་ལྷུན་གྱི་གྲུབ་པའི་ཐེག་པ་རྫོགས་པ་ཆེན་པོ་གསུང་དུ་གསོལ། །ཞེས་བསྐུལ་བ་དང་། ༈ །དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དགོངས་པ་ཆོས་ཉིད་ཀྱི་ནམ་མཁའ་ལ་ཐུགས་རྗེ་ཡེ་ཤེས་ཀྱི་ཉི་མ་ཤར་ནས་བཀའི་འགྲོ་བའི་གསུང་མཐུན་པ་མགྲིན་གཅིག་ཏུ། གང་ལ་གསུངས་ན་རྒྱལ་ཚབ་རྡོ་རྗེ་སེམས་དཔའ་ལ་གསུངས་ཇི་ལྟར་གསུངས་ན་འོག་གི་འདི་སྐད་ཅེས་བསྐུལ་བའི་ཚིག་གསུངས་སོ། །སངས་རྒྱས་ཐམས་ཅད་ཀྱང་འབྱེད་པ་མི་མངའ་བས་དུས་གསུམ་གྱི་སངས་རྒྱས་གང་གསུངས་ན། མ་ལུས་པ་ཐམས་ཅད་ཀྱི་གཞན་དོན་མཛད་པའི། ཐུགས་རྗེའི་རང་བཞིན་རྡོ་རྗེ་སེམས་དཔའ་ཁྱོད་ཡིན་པས། །དུས་གསུམ་གྱི་སངས་རྒྱས་ཀུན་གྱི་མཛད་པ་བསམ་གྱིས་མི་ཁྱབ་པར་ཁྱོད་ཤར་བའོ། །གསུང་གི་མངའ་བདག་སངས་རྒྱས་ཐམས་ཅད་ཀྱི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་ཁྱོད་ཡིན་པས། །འཁོར་འདས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཁྱོད་ཀྱི་དགོངས་པ་ལ་གསལ་བའོ། །ལྷག་མ་མ་ལུས་པའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །གཞི་རྟེན་དུ་གྱུར་པའི་སྐུ་ཡི་ངོ་བོར་རྡོ་རྗེ་སེམས་དཔའ་དེ་ལྡན་པས། །ཆོས་སྐུ་རྨད་དུ་བྱུང་བའི་རོལ་པ་མི་འགག་པའི་སྐུ་རུ་བསམ་གྱིས་མི་ཁྱབ་པ་ཤར་བའོ། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །གོ་བརྡའ་སྤྲོད་པའི་གསུང་གི་བདག་ཉིད་ཁྱོད་ཡིན་པས་མ་བརྗོད་ཀྱང་དོན་དང་ཕྲད་པས་རིག་པའི་གསུང་བརྗོད་པ་དང་བྲལ་བས། །རྨད་དུ་བྱུང་རོལ་པའི་ཅིར་ཡང་འཆར་བ་གསུང་སེམས་ཀྱིས་ཟིན་མ་ཟིན་གཉིས་ཀ་ལས་བྱུང་བའི་སྒྲ་ཐམས་ཅད་དུ་ཤར། །ཚིག་གཅིག་གིས་རྟོགས་པའི་དོན་ལ་ཐེག་པ་ཀུན་གྱི་ལམ་འབྲས་ཀྱི་དོན་མ་ལུས་པ་རྫོགས་པའི་ཐབས་ཀྱི་བདག་ཉིད་དེ་ལྟ་བུའོ། །རིན་ཆེན་འཕྲུལ་ཚིག་གྱི་སྙིང་པོའི་སྒོ་དང་། །གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ལ་བསྟན་དུ་གསོལ། །མིང་ལ་མི་ཟད་པར་འབྱུང་བས། རིན་ཆེན་འཕྲུལ་གྱི་ཐབས་ཏེ་ཆེ་མང་མཁས་པའི་ཐབས་མཐའ་ཡས་པ་དང་ལྡན་པས། །གདུལ་བྱ་རང་རང་གི་གང་འདོད་པ་སོ་སོ་དང་མཐུན་པའི་ཐབས་སྣ་ཚོགས་པའི་སྒོ་དེ་ནས། །རྩོལ་བའི་ཆུ་བོ་ཉེར་བཞི་མེད་པའི་དབྱིག་རང་བཞིན་གཉུག་མའི་དོན་དང་རྟོགས་ཤིང་ཉམས་སུ་མྱོང་བར་ཕྲད་པར་གྱིས། །བརྗོད་བྱ་བྱང་རང་བཞིན་ཆུབ་རྣམ་པ་སེམས་མཚན་ཉིད་ཀྱི་དངོས་པོ་ལ་ཕྱོགས་རིས་མེད་པ། །ངག་ཏུ་བརྗོད་པའི་ཐ་སྙད་མ་ལུས་པ་ཀུན་དང་བྲལ་ཡང་། །དོན་དེ་ཉིད་མ་རྟོགས་པའི་བློ་ལ་རྗོད་བྱེད་ཀྱི་ཚིག་གི་ལམ་གྱི་སྒོ་ནས། །ཁྱེད་ཀྱི་གསུང་ཚིག་གི་སྒྲོན་མས་དོན་གསལ་བར་རྟོགས་པར་གྱིས། །ཞེས་པའི་བསྐུལ་ཚིག་གསུངས་སོ། ༈ །དེ་མ་ཐག་པ་དེ་ནས་ལོངས་སྐུ་རྡོ་རྗེ་སེམས་དཔས་ཐུགས་རྗེ་སྤྲུལ་པའི་ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་ཅན་རང་བཞིན་མངོན་དུ་མཛད་པའི་ཡེ་ཤེས་ཀྱི་ཐུགས་ཀ་ནས་ཕྱུངས་ནས། མཁྱེན་པས་བདུད་འཇོམས་རྒྱུན་དུ་གཅོད། །རབ་འབར་རྩལ་གྱིས་བསྟན་པ་སྒྲོགས། །ཞེས་པའི་རྟགས་སུ། རིན་པོ་ཆེ་ལས་གྲུབ་པ་འོད་ཟེར་རང་འབར་གྱི་འཁོར་ལོ་ལག་ཏུ་གཏད་ནས། བསྐུལ་བའི་ཚིག་འདི་སྐད་ཅེས་གསང་བདག་ལ་གསུངས་སོ། །སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པར་རང་བཞིན་ཡེ་ཤེས་གསང་བའི་དོན་རང་བྱུང་གི་དེ་ཁོ་ན་ཉིད་དེ་ལ་ཐོབ་པར། བྱ་རྒྱུ་མེད་པས་ལམ་གྱིས་མི་རྩོལ་བར་ཡེ་ནས་སངས་རྒྱས། །མཐའ་དབུས་ཀྱི་མཚན་མ་རང་སར་གྲོལ་བའི་དབུ་མ་ཆེན་པོ་ལྡེམ་དགོངས་མིན་པས་དྲང་པོའི་ངེས་པ་ལམ། །དེ་ཉིད་འཁོར་དུ་འདུས་པའི་ཚོགས་རྣམས་ལ་བསྟན་པར་གྱིས། །ཞེས་གསུངས་སོ། ༈ །དེ་ནས་གནོད་འདུལ་གསང་བའི་མངའ་བདག་སེམས་དཔའ་རྡོ་རྗེས་རྡོ་རྗེ་སེམས་དཔལ་ལ་འདི་སྐད་ཅེས་ཞུས་སོ། །མི་ཕྱེད་པས་རྡོ་རྗེ་རང་གསལ་མི་འགྱུར་བས་སེམས་དཔའ་ཀུན་ལ་ཁྱབ་པས་ནམ་མཁའ་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པས་ཆེ། །ཚིག་མཐའ་ཅན་གི་བརྗོད་པའི་སྤྱོད་ཡུལ་མ་ཡིན་པས་ན། །གསང་བདག་བདག་གིས་ཚིག་ཏུ་བགྲོ་བར་ཤིན་ཏུ་དཀའ་ཡང་། དོན་མ་རྟོགས་པའི་གང་ཟག་དབང་པོ་ཆིག་ཆོད་དམ་སྦྱངས་པའི་འཕྲོ་ཅན་ལ་ཚིག་ཏུ་བརྗོད་པའི་སྒོ་ནས། །བརྡའ་ཡིས་དོན་དེ་མཚོན་ནས་རྟོགས་པར་བྱ་བའི་ཕྱིར་དུ། དོན་དང་འཚམས་ཤིང་ཅི་རིགས་པར་ནི་རྣམ་པར་བགྲོ། ཞེས་བགྲོ་བར་ཞལ་གྱིས་བཞེད་པའི་ཚིག་གསུངས་སོ། ༈ །དེ་ནས་ར་ཆོད་བསལ་བའི་ཕྱིར་དུ་སེམས་དཔའ་རྡོ་རྗེས། །ཚིག་ལ་བརྟེན་ནས་དོན་ཤར་བའི་ཕྱོགས་རང་སེམས་སྐྱེ་མེད་རྟོགས་པས་རྡོ་རྗེ་དེས་རང་བཞིན་དང་ཆེད་དུ་བྱས་པ་དང་ལྟོས་པའི་རྟོག་པ་རྣམ་པར་གནོན་པའི་ཐམས་ཅད་དུ་ཁྱབ་པའི་ཞིང་ཁམས་ན། །རང་བཞིན་ཇི་ལྟ་བ་དེ་བཞིན་དུ་མངོན་དུ་གྱུར་པས་གཤེགས་པ་རྡོ་རྗེ་ཤེས་པ་གསུམ་དང་ལྡན་པས་མ་རྟོགས་པས་གསང་བ་ཞེས་བྱ་བ། །སྟོན་པ་དང་རང་བཞིན་གཉིས་སུ་མི་ཕྱེད་པའི་འཁོར་དང་བཅས་ནས་བཞུགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་ལ་སྐད་ཅིག་གི་སྐྱེ་འགག་མེད་པས་རྡོ་རྗེ་ལྟ་བུར་མི་འགྱུར་ལ། །སྐྱེ་བ་དང་འགག་པར་སྣང་ཞིང་འབྱུང་བའི་དོན་ཇི་ལྟར་ལགས། །ཞེས་ཞུ་བའི་ཚིག་གསོལ་བ་དང་། དེ་བཞིན་གཤེགས་པ་སེམས་ཉིད་ལ་ཕྱིན་ཅི་ལོག་གི་སྤང་བྱ་མི་དམིགས་པས་ཡང་དག་པ་དེ་ལ་འབྲས་བུ་ལུས་པ་མེད་པར་རྫོགས་པའི་ལྟ་ངན་དང་བྲལ་བའི་ཡེ་ཤེས་ཀྱིས་ཁྱབ་པས་སངས་རྒྱས་རྡོ་རྗེ་གསང་བས་བཀའ་སྩལ་པ། །སེམས་ཀྱི་ཆོས་ཉིད་དུས་གསུམ་དུ་ཅིས་ཀྱང་མི་འགྱུར་བས་རྡོ་རྗེ་ལྟ་བུ་དེ་ལ། །རྒྱུ་ལས་སྐྱེ་བ་དང་རྐྱེན་དང་གཉེན་པོས་འགག་པ་ནི་གཤིས་ལ་ཡོད་པ་མ་ཡིན་ཀྱང་། །སྒྲོ་བཏགས་ཀྱི་རྣམ་པར་རྟོག་པ་ཁམས་གསུམ་གྱི་སེམས་དང་སེམས་བྱུང་གི་བློ་ལ་སྐྱེ་འགག་ཏུ་སྣང་བ་འདི་འབྱུང་། །མི་རྟོག་པའི་དགོངས་པ་ཞེས་གསུངས་སོ། ༈ །དེ་ནས་ཡོན་ཏན་རང་ལས་བྱུང་བའི་ལྷོ་ཕྱོགས་ཀྱི་ལོ་ཀའི་སྒྲས་འཇིག་པའི་ཆོས་དང་ལྡན་པས་འཇིག་རྟེན་གྱི་ཁམས་ནི་རིགས་ཀྱི་དོན་ཏེ་སྣོད་གཙོ་བོར་བྱས་པ་སེམས་ཉིད་ནོར་བུ་རིན་པོ་ཆེ་ལ་ཇི་ལྟར་བལྟས་པ་ལྟར་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་མི་རྟོག་ལ་རེ་བ་སྐོང་བས་རིན་པོ་ཆེ་མ་བགྲོད་པར་སོན་པས་ཞབས་ཞེས་བྱ་བ། རིན་པོ་ཆེ་རང་འབར་གྱི་འོད་ཀྱིས་སྣང་བའི་ར་བྱེད་པ་ཁྲི་ལ་མི་འགྱུར་བར་བཞུགས་ཏེ། ཉིད་ཀྱི་ལྷན་ཅིག་པའི་འཁོར་ལ་སྨྲ་མེད་ཅིང་སྤྱོད་ཡུལ་དང་བྲལ་བས་གསང་ཡོན་ཏན་གྱི་འབྱུང་གནས་སུ་སྔགས་ཀྱི་མ་ནོར་བས་དེ་ཁོ་ན་ཉིད་དགོངས་པར་བརྡའི་སྒོ་ནས་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་གསུམ་ཀྱི་ངོ་བོ་རྒྱལ་བས་མ་མཛད་འགྲོ་བས་མ་བཅོས་པའི་རང་བཞིན་དེ་ཉིད་ལ། བདེ་བཤེགས་སྙིང་པོའི་རྒྱུ་ལ་ཚོགས་གཉིས་ཀྱི་རྐྱེན་དང་གང་ཟག་གི་རྩོལ་བས་ཆེད་དུ་མ་བསྒྲུབས་པར། །གནས་སྐབས་མཐར་ཐུག་ཡོན་ཏན་དང་འབྲས་བུས་སངས་རྒྱས་དགོངས་པ་ཇི་ལྟར་འཆར། །ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཞབས་ཀྱིས་བཀའ་སྩལ་པ། དག་ཤ་ཀ་ཀླུ་འཇོག་པོ་ཡི་གཙུག་གི་རྒྱན་ལ་ཡེ་ནས་དགོས་པ་ལྷུན་གྱིས་གྲུབ་པ་བཞིན་དུ། རྒྱུ་འབྲས་དབྱེར་མེད་པས་ལམ་མཐར་ཕྱིན་པའི་འབྲས་བུ་གཞི་ནས་ལྷུན་གྲུབ་ཏུ་རྫོགས་པས། ཡོན་ཏན་ཐམས་ཅད་གཞན་ལས་མི་ཐོབ་པས་རང་བྱུང་ཤེས་སྒྲུབ་ཀྱི་བཅུད་འདུས་པས་སྙིང་པོའི་འདུ་མ་བྱས་པས་མཆོག་ཏུ་གྱུར་པ་དེ་ཉིད་སྣོད་མེད་ལ། གསང་བའི་སྤྱི་བླུགས་ཀྱི་གདམས་ངག་གི་ཐབས་ཀྱིས་ཇི་བཞིན་པར་རྟོགས་པར་གྱུར་ན། །ཉི་མའི་འོད་རྐྱེན་ལ་རག་མ་ལུས་པ་ལྟར་དུ་འབྲས་བུ་རྩོལ་མེད་དུ་འཆར། །ཞེས་གསུངས་སོ། ༈ །དེ་ནས་གོང་མ་ལ་བསྣན་པས་ཡང་ཞེའོ་རྟོགས་པས་འཁྲུལ་ཞེས་ཡུལ་དང་བཅས་པ་ནུབ་པའི་ཕྱོགས་སྐྱོན་ཡོན་ཏན་དུ་རྟོགས་པས་པདྨ་དེ་ལ་ངེས་པར་གནས་པས་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ན། བདུད་བཞི་འབྲས་བུར་མངའ་མཛད་ཀྱང་ངོ་བོ་མ་གྲུབ་པས་བཅོམ་ལྡན་འདས་པདྨའི་ཡང་དག་པའི་འོད་གསལ་བས་ཞེས་བྱ་བ། གཤིས་ལ་འཁྲུལ་པའི་དྲི་མ་གདོད་ནས་མེད་པ་པདྨའི་མི་འགྱུར་བས་གདན་ལ་མངོན་དུ་མཛད་པས་བཞུགས་ཏེ། ཉིད་ཀྱི་དགོངས་པ་ལས་ཐ་མི་དད་པའི་འཁོར་ལ་སེམས་ཀྱི་དལ་རང་བཞིན་གྱིས་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་ནི་པདྨ་འདམ་གྱིས་མ་གོས་པ་ལྟར་འཁྲུལ་པ་ཡེ་ནས་དག་པ་ལ། །གཟུང་བ་ཡུལ་དང་འཛིན་པ་ཤེས་པ་གཉིས་ལ་ཞེན་པའི་དྲི་མ་ཇི་ལྟར་བྱུང་། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་པདྨའི་འོད་ཀྱིས་བཀའ་སྩལ་པ། མེ་ཏོག་པདྨ་ནི་འདམ་གྱི་ནང་ན་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད་པ་བཞིན་དུ། །བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ནི། །དུས་ནམ་ཡང་འཁོར་བའི་འཁྲུལ་པ་རྟོག་པར་འི་དབང་དུ་མི་འགྱུར་ཏེ། །རྣམ་པར་རྟོག་པས་སྒྲོ་བཏགས་པའི་བློ་ལ་འཁོར་བའི་སྣང་བ་བྱུང་། །ཞེས་གསུངས་སོ། ༈ །གོ་བའི་ཡུལ་ན་བདེ་བ་ཆེ། །དེ་ཉིད་རྣམ་དག་འཇིག་རྟེན་ཡིན། །ཞེས་སོ། །དེ་ནས་སྒྲིབ་པ་མ་ལུས་བྱང་བའི་ཕྱོགས་སྤྱོད་ཡུལ་ཡེ་ཤེས་སུ་རྣམ་པར་དག་པས་བདག་གཞན་གྱི་དོན་གྲུབ་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་བདག་གཞན་གྱི་དོན་གྲུབ་པས་ཕྱོགས་མེད་པར་སྣང་བ་ཞེས་བྱ་བ། བྱེད་རྩོལ་མེད་པས་རང་བཞིན་གྱིས་འགྲོ་བ་དོན་སྣ་ཚོགས་སུ་སྣང་བའི་གདན་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བྱ་བརྩལ་གྱི་རྟོག་པ་མེད་པའི་སེམས་ཀྱི་རང་བཞིན་དེ་ཉིད་ལ། །འགྲོ་བའི་དོན་དུ་བསམ་གྱིས་མི་ཁྱབ་པའི་མཛད་པ་ཇི་ལྟར་ཇི་ལྟར་དུ་འབྱུང་། །ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་གྲུབ་པར་སྣང་བས་བཀའ་སྩལ་པ། གཞི་རང་བྱུང་གི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་རྟོགས་པར་གྱུར་ན། །འགྲོ་དོན་གྱི་མཛད་པ་ཐམས་ཅད་རང་བྱུང་ཡེ་ཤེས་ལ་ལྷུན་གྱིས་གྲུབ་པའི་བྱིན་གྱིས་རླབས་ལས་ནི་ཅི་ཡང་མི་འགག་པ་གདུལ་བྱའི་སྣང་བ་སྣ་ཚོགས་སུ་འཆར། །ཞེས་གསུངས་སོ། ༈ །ཐེ་ཚོམ་བཞི་བཅད་པ་དེ་ནས་དེ་བཞིན་གཤེགས་པ་ཀུན་རིག་ཆོས་སྐུ་ལོངས་སྤྱོད་རྫོགས། །རིགས་བདག་རྗེ་བཙུན་དམ་པ་དེས། །རྩོལ་བྲལ་ངང་ལས་བསྐུལ་བས་བསླང་། །ཞེས་སོ། །དགོངས་པ་ཆོས་སྐུ་ལ་མཛད་པ་ལོངས་སྐུའི་རྣམ་པར་སྣང་བར་མཛད་པ་དེ་ཉིད་གྱིས་བཀའ་སྩལ་པ། འདིར་འདུས་པའི་འཁོར་གྱི་ཚོགས་ཁྱེད་རྣམས་ཀྱིས། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་རང་བཞིན་དང་ངོ་བོ་ཉིད་ཀྱང་ཡིན་པས་ཐུགས་ཀྱི་བཅུད་འདུས་པའི་སྙིང་པོ་ནི་ཡེ་ཤེས་གསང་བ་ཡིན་པས་དེ་ཉིད་རྟོགས་པར་གྱིས། །ཞེས་པའི་བསྐུལ་བ་དམ་པ་གསུངས་པ་དང་། ༈ །དེ་ནས་གདུལ་བྱའི་སྣང་ངོ་ལ་སེམས་དཔའ་རྡོ་རྗེ་སྟན་ལས་ལངས་ཏེ། གུས་པའི་སེམས་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་རྗེ་བཙུན་དམ་པ་དེ་ལ་ཞུས་པ། སྟོན་པ་ཁྱོད་ཀྱི་གསུང་ནི་ཟིལ་གྱིས་གནོན་ཅིང་ཉམ་ང་བ་མེད་པས་གསུང་གི་སེང་གེ་ལགས་སྟེ། ཡེ་ཤེས་གསང་བ་ནི་ལྷུན་གྲུབ་གསུམ་སྟེ་དེའི་དོན་མ་རྟོགས་ན། །བིམ་པ་ར་ཡི་འབྲུ་ཐང་ཤིང་སྨུག་པོ་སྨིན་ཀྱང་འབྲས་བུ་མེད་པ་བཞིན་དུ། །ཐེག་པ་བརྒྱད་ཀྱི་རང་སའི་འབྲས་བུ་སྨིན་ཀྱང་མཐར་ཐུག་གི་འབྲས་བུ་དེ་ལ་མི་འབྱུང་བའི་སྐྱོན་ཡོད་པ་དེ་བས་ན། །ཡེ་ཤེས་གསང་བ་རྟོགས་པར་གྱིས་ཤིག་ཅེས་སོ། །རྒྱལ་བ་ཀུན་གྱི་ཐུགས་རྗེའི་མ་ལུས་པ་ལ་མངའ་སྙེམས་པས་བདག་པོ་རྣམ་སྣང་ཁྱོད་ཀྱིས་བསྟན་པའི་དོན། །དེ་དག་ངེད་ཅག་འདུས་པའི་འཁོར་ཀྱིས་མ་རིག་པས། །ཡེ་ཤེས་གསང་བའི་དོན་དེ་བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཞེས་ཞུས་སོ། ༈ །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སེམས་དཔའ་རྡོ་རྗེ་ཁྱོད་ཀྱིས་ད་ཡིད་རྩེ་གཅིག་ཏུ་གྱིས་ལ་ཉོན་ཅིག །བྱང་ཆུབ་ཀྱི་སེམས་ཡེ་ཤེས་གསང་བའི་དེ་རང་བཞིན་ཡིན་ལུགས་ནི། །སངས་རྒྱས་དང་སེམས་ཅན་གཉིས་རང་བཞིན་སྐྱེ་མེད་ཀྱི་ངང་དུ་མི་ཕྱེད་པས་གཉིས་སུ་མེད། །དཔེར་ན་ནམ་མཁའ་ཡིས་ལུས་ཅན་ཀུན་ལ་ཁྱབ་པ་བཞིན་དུ་འཁོར་འདས་ཀུན་ལ་ཁྱབ་པས་གཤིས་ལ། །མ་རིག་པ་དང་ཡེ་ཤེས་གཉིས་ཐ་དད་དུ་གྲུབ་པ་མེད། །མ་རྟོགས་འཁྲུལ་པ་ཡང་རྟོགས་པའི་རྒྱལ་བ་ལམ་དུ་རང་བཞིན་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་རང་གསལ་ནི། །སྐྱེ་འགག་གི་རྒྱུད་ལས་གྲོལ་བའི་རང་རིག་ཉི་མའི་སྙིང་པོ་ལྟར་དུ་འོད་གསལ་བ་གཟུང་འཛིན་གྱི་དྲི་མ་ཡེ་ནས་རྣམ་པར་དག་པས། །ཡུལ་གྱི་རྣམ་པར་རྟོག་པའི་ཤེས་པ་ནི་ཉིད་དུ་རྐྱེན་ལ་རག་མ་ལུས་པར་གནས། །ཡེ་ནས་གནས་པ་གཞི་བཞག་མ་བཅོས་པས་རང་ལུགས་དགོས་འདོད་རེ་བ་ཡིད་བཞིན་སྐོང་བས་རིན་ཆེན་མཛོད་དེ། །རང་བྱུང་ཡིན་པས་རྒྱུ་རྐྱེན་དང་བྱེད་པ་པོས་མ་བརྩལ་བར་གདོད་ནས་མ་གནས་པའོ། །ཡེ་ཤེས་གསང་བའི་རྣམ་པ་ཅིར་ཡང་མ་འགགས་པས་ནི། །མི་འདྲ་བ་སྣ་ཚོགས་མང་པོར་རང་སྣང་བ་དེ་ལ་བདེན་པའི་ངོས་གཟུང་དུ་གྲུབ་པ་མེད། །ཕྱོགས་རིས་གང་དུ་ཡང་བདེན་པར་མི་དམིགས་པས་སྒྱུ་མ་མ་བཙལ་གདོད་ནས་གནས་པའི་ལྷུན་གྲུབ་ནི། །དུས་རྟག་མར་འཛིན་པ་མེད་པར་བསལ་ན་དེ་ཉིད་རྟོགས་པའི་ལྟ་བ་ཡིན། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་གླེང་བ་རྒྱུད་ཀྱི་འབྱུང་བའི་གཞིའི་ལེའུ་སྟེ་དང་པོའོ།། ༈ །།དེ་ནས་དེ་བཞིན་གཤེགས་གང་ལ་ཞུས་པ་རྣམ་པར་སྣང་མཛད་ལ། གང་གིས་སེམས་དཔའ་རྡོ་རྗེས་གང་ལྟར་འདི་ཞེས་གསོལ་ཏོ། །གང་དག་གསང་བ་ལེའུ་གཉིས་པ་ཇི་ལྟར་གསང་བ་རྟོགས་དཀའ་བ་གསུམ་པ་གང་ཞེན་དྲུག་ལོག་གསུམ་ཐེག་བརྒྱད་སྐུ་གསུམ་རྣམས་ལ་གསང་བའི་ལེའུ་བཞི་པ་དང་སྦྱར། ཐབས་ཀྱི་ངོ་བོ་དོན་ལམ་ལྔ། ཚིག་ལམ་དྲུག་པ། ཡན་ལག་གསུམ་ལ། སྤྱོད་པ་བདུན་པ། དམ་ཚིག་བརྒྱད་པ། ས་དགུ་པ། ཐབས་ཀྱི་འབྲས་བུར་གསུམ་པའང་འདོད་ལ་བཅུ་གཅིག་པ་ཇི་ལྟར་འབྱུང་བ་ལེའུ་བཅུ་པས་བསྟན་པ་སྟེ། ཐབས་ཉིད་གང་གིས་རྟོགས་པ་དག་གི་རྒྱུད་དོན་རྣམ་པར་དབྱེ་བར་བྱ། །ཞེས་ཞུས་སོ། །དེ་ནས་ལན་སྟོན་པ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། བྱང་བ་རང་བཞིན་སྤྲོས་བྲལ་ཆུབ་པ་རྣམ་པ་སྒྱུ་མ་སེམས་མཚན་ཉིད་རང་རིག་གསུམ་ཀྱི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པ་དག་གིས་ནི། །སྣང་༼༡༽བ་སྲིད་༼༢༽པ་སྣོད་༼༡༽ བཅུད་༼༢༽ཀུན་ལ་མ་བསྒོས་པར་ཁྱབ་ཅིང་། །འཁོར་འདས་ཀྱི་ཆོས་རྣམས་ཀུན་གྱི་ངོ་བོ་ཤར་བས། །སངས་རྒྱས་ཀྱི་སྐུ་དང་གསུང་དང་ཡེ་ཤེས་ཐུགས་གསུམ་དང་། །སེམས་ཅན་གྱི་ལུས་ངག་ཡིད་གསུམ་ཡང་། །ཐམས་ཅད་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སུ་དག་པས། །དེ་ལྟར་དུ་དག་པར་གནས་པའི་དོན་རིག་ཅིང་རྟོགས་ན། །འཁོར་བའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་སྐུ་གསུང་ཐུགས་སུ་སྤྱོད་ཡུལ་ཡོངས་སུ་དག་པ་ཡིན་ནོ། །རང་བྱུང་གི་ཡེ་ཤེས་ཉིད་ཡོན་ཏན་གྱི་ལྡོག་ཆ་ནས་ཡེ་ཤེས་ལྔ་རུ་སྣང་བ་ལ། །ཡུལ་དུ་མ་གྲུབ་ཅིང་རྟོགས་པའི་རྐྱེན་མེད་པས་རང་བྱུང་ཉིད་དུ་རྒྱུ་མ་རིག་པས་བདག་ཏུ་བཟུང་ཞིང་གཞན་དུ་སྣང་བའི་ཆ་ལས། རྐྱེན་ཞེན་པ་ཉོན་མོངས་པ་ལྔ་རུ་ཕྱིན་ཅི་ལོག་པའི། །འབྲས་བུ་འདོད་གཟུགས། གཟུགས་མེད། ཁམས་གསུམ་གྱི་སེམས་ཅན་བྱུང་ངོ་། །དཔེ་ནི་ནམ་མཁའ་ལྟ་བུ་སྟེ། །མཐའ་དང་དབུས་མེད་གདོད་ནས་དག༼ཀ༽ །རྐྱེན་བྱེད་ཀྱི་རྒྱུ་༼ཁ༽ཡིས་མ་བསྒྲུབས་པར་ཡེ་༼ག༽ནས་གྲུབ། །འཇིག་བྱེད་ཀྱི་རྐྱེན་གྱིས་མི་ཤིགས་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་མེད། །༼ཅ༽ཕྱི་ནང་མེད་པས་ཡེ་ནས་གསལ་བས་ལུས་ཅན་ཀུན་ལ་ཁྱབ། །འབྲས་གཟུགས་དེའི་རྣམ་པར་འབྱུང་བས་སམ་རྒྱུན་དུ་འབྱུང་བས་འབྱུང་བ་ཁྱབ་པ་རྒྱ་ཆེ་རྟེན་པ་ལྟོས་ཆེ་གནས་པ་ཐ་གྲུ་ཆེ་བས་ཆེན་༼ཆ༽པོ་ས་ཆུ་མེ་རླུང་བཞི་པོ་ཐམས་ཅད་ཀུན། །ནམ་མཁའི་ངང་དུ་འདུས་པ་བཞིན་དུ། །འདི་ལྟར་༼ཀ ༽སྣང་བའི་ཆོས་རྣམས་མ་ལུས་པ་ཀུན། །བདེན་པའི་རང་བཞིན་མེད་དེ་གདོད་མ་ནས་དག །ལས་ཀྱི་ཤུགས་ཀྱིས་འཁོར་བའི་འདིས་འདིར་འདི་ཉོན་མོངས་པ་འདོད་ཆགས་ཞེ་སྡང་ཀུན། །ཆེད་དུ་མ་བརྩལ་བར་རང་བྱུང་གི་རྒྱལ་པོར་རང་ཤར། །༼ག༽བརྡ་དང་ཐ་སྙད་དཔེ་ལ་སོགས་པ་ཅིས་ཀྱང་མཚོན་པ་ལས་འདས་པའི་བྱང་ཆུབ་ཀྱི་སེམས་ནི་འཁྲུལ་པའི་དབང་དུ། །མི་འགྱུར་བར་ཡེ་ནས་ལྷུན་གྱིས་རྫོགས་ས་ལ་རྩོལ་བའི་ཟུག་རྔུ་མེད་པས་བདེ་ཆེན་སྐུ། །གང་ཡང་མ་སྤངས་པས་ཡངས་པོ་ཀུན་ལ་ཁྱབ་པས་ཆེའོ་བདེ་ཆེན་སྐུ། །གདོད་མ་ནས་འཁྲུལ་པ་སྣང་མ་མྱོང་བས་དག་གོ་ཆོས་ཀྱི་སྐུ། །དེ་ལ་རྟོག་པའི་བློས་བསམ་དུ་མེད་དོ་བསྒོམ་པའི་དམིགས་པ་དང་བྲལ། གང་དུ་ཡང་མི་བསམ་པའི་རང་བཞིན་ལ་རེ་དོགས་ཀྱིས་མི་རྩོལ་བར་ལྷུག་པར་བཞག །ནང་དུ་མི་བསྡུ་ཕྱི་ཡུལ་ལ་མི་སྤྲོ་བར་སྐྱོན་རང་བྱུང་རང་ཞི་གྱི་ནར་བཞག །ཆོས་མ་ལུས་པ་ཐམས་ཅད་ཀྱི་ཤེས་སྒྲུབ་ཀྱི་བཅུད་འདུས་པའི་སྙིང་པོའི་དོན་དེ་ཉིད་རྒྱུ་ཡིས་མ་བསྐྱེད་པས་རང་བྱུང་རྐྱེན་དང་བྲལ་བས་འགྱུར་བ་མེད་དོ། །དུཿཁ་ཀུན་འབྱུང་འགོག་པ་ལམ་བདེན་བཞི་རྣམ་པ་བཅུ་དྲུག་ཏུ། རྟོགས་པའི་རྒྱུ་ཤེས་བཟོད་ཀྱི་ཡེ་ཤེས་དང་འདི་ཉིད་བྲལ་བས་ཉན་ཐོས། གདོད་ནས་ལྷུན་རྫོགས་སུ་ཡོད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མི་སོགས། །འཁྲུལ་པ་ཡེ་ནས་གྲུབ་མ་མ་མྱོངས་པར་དག་པས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་མི་སྦྱོང་བས་བྱང་སེམས་ཀྱི་བསམ་གཏན་ལས་གྲོལ། །འཁྲུལ་པ་རང་རྒྱུད་པ་དག་པའི་ལྷ་རིགས་གསུམ་གྱི་དལ་ལ་འདིར་རག་མ་ལུས། །མངོན་བྱང་ལྔ་ཆོ་འཁྲུལ་བཞི་སྟེ། དགུ་ཡི་བསམ་གཏན་གྱི་ཡན་ལག་གིས་འབྲས་བུ་སྒྲུབ་པར་མི་བྱེད། །ཡེ་ནས་དེ་ཡིན་པར་སངས་རྒྱས་པས་རང་ལ་ལྷུན་གྱིས་གྲུབ། །པ་ལ་བླང་དོར། ཕྱི་ནང་། ལྟ་སྤྱོད་གོང་འོག་གི་རྗེས་སུ་འབྲེངས་ཏེ་ཕྱོགས་གཅིག་ཏུ་ངེས་པ་མེད་པ་དག་གིས་འབྲས་བུ་སྒྲུབ་པར་མི་བྱེད། །ལྷ་རིགས་བཞི་དཔོན་གཡོག་ཏུ་འདོད་པའི་རྩོལ་བ་བྲལ་བས་ཐུབ་པའི་བསམ་གཏན་ལས་གྲོལ་ལོ། །ཅིས་ཀྱང་མཚོན་དུ་མེད་པའི་སེམས་ཀྱི་ངོ་བོ་དེ་ལ། །ཤེས་རབ་ཐབས་གཉིས་མེད་ཀྱིས་བདེ་བ་མཚོན་དུ་མེད་པས་མ་ཧཱ་ལས། །རྒྱུ་འབྲས་ཀྱི་ཕྱོགས་རིས་དང་བྲལ་བའི་རིག་པ་ལ། །སྣང་བ་དབྱིངས་༼༡༽དང་དྲན་རྟོག་ཡེ་ཤེས་རྒྱུ་དང་འབྲས་བུ་མེད་པས་ཨ་ནུ་ལས་གྲོལ་ལོ། །འབྲས་བུ་བརྩལ་བ་མེད་པས་ཐམས་ཅད་སྐྱེད་པའི་རྒྱུ་འབྱུང་བ་ལྔ་ལ་ཡང་རག་མ་ལུས། །ཁྱབ་བརྡལ་ཆེན་པོའི་ཀློང་དུ་སངས་རྒྱས་པས་སྐུ་གསུང་ཐུགས་ལ་ཡང་བློའི་རྟེན་སོ་མི་འཆའ་འོ། །བེམས་པོ་ལས་ལོག་པས་རིག་པའི་བློ་སེམས་དང་སེམས་ལས་བྱུང་བ་ཡིས་མ་དཔྱད་ན་ཤེས་རབ་དང་གཏན་ཚིགས་ཀྱིས་མ་བྱས་པས། རང་བཞིན་ཡིན་ལུགས་ཀྱི་གཤིས་ཐོག་ཏུ་རྣལ་དུ་ཕེབས་པར་འགྱུར་རོ། །བརྗོད་པ་དང་བྲལ་བས་གདོད་མ་ནས་རྣ་བའི་དབང་པོས་གཞན་ལས་མ་ཐོས་པའི་ཆོས་ཉིད་རྟོགས་པ་ཤིན་ཏུ་དགེ། །བློ་ཡུལ་དུ་མ་གྲུབ་པས་བསམ་པའི་ཤེས་རབ་དང་བྲལ་བས་ན་དེ་བཞིན་དུ་དགེ་བ་ཡིན་ནོ། །སེམས་ཀྱི་རིག་པས་ཡུལ་མེད་རང་གསལ་དུ་རྟོགས་པར་གྱུར་ན། །སེམས་ཀྱི་རྟོགས་པའི་ཡོན་ཏན་དང་ཚད་རྟགས་བསམ་གྱིས་མི་ཁྱབ། །ཤེས་པའི་རྒྱུད་དགྲོལ་བ་ལ་ཐོས་པའི་ཚིག་གིས་མ་བཀྲོལ་བར་ནི་ཤེས་བྱེད་ཀྱི། །གཏན་ཚིགས་རང་གི་རིག་པས་མངོན་དུ་འབྱིན་པར་ནུས། །ཐོས་པ་མིང་ལ་དམིགས་བསམ་པ་གཉིས་ཀ་ལ་བསྒོམ་པ་དོན་ལ་གསུམ་གྱིས་ངོ་མཚར་སྐྱེ་རིམ་པར་འཕེལ་ཕྱོགས་རིས་མེད་པས་རྟོགས་པ་ཟླ་བ་དང་སྐར་མ་དང་ཉི་མ་བཞིན་ནོ། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། དེ་ལྟར་གཉིས་མེད་རྟོགས་བྱའི་ཕྱིར། །རྫོགས་ཆེན་གཞུང་ལས་ངེས་ཐོས་པས། །ཐོས་པ་ཟླ་བ་ལྟ་བུར་བཤད། །དོན་ལ་དཔྱོད་པ་ངེས་མ་ངེས། །སྤོང་ལེན་བསམ་པ་སྐར་མ་ལྟར། །ངེས་པར་གསལ་སྙོམས་འདུ་ཤེས་བྲལ། །སྒོམ་པ་ཉེ་ལ་ལྟ་བུར་བཤད། །ཅེས་སོ། །བྱང་ཆུབ་སེམས་ཀྱི་ངོ་བོ་ལྷུན་གྲུབ་གསུམ་པོ་ནི། །བློ་དམན་པའི་འོག་མ་སེམས་ཀྱི་སྒྲ་ཚད་ཀྱིས་མ་རྟོགས་ཏེ་འོ་ན་གང་གིས་རྟོགས་ན། གཏན་ཚིགས་གསུམ་གྱིས་གཞིགས་པས་ཤེས་པར་བྱ་སྟེ། མ་གཡོས་མཚོན་པ་ངང་གི་གཏན་ཚིགས་ནི་རིག་པ་ཅིར་ཡང་སྣང་བས་གང་དུའང་མ་ངེས་པ་གསལ་བ་སྟེ། །མ་ནོར་བཅོས་མེད་རང་བཞིན་གྱིས་གཏན་ཚིགས་ནི་རིག་པའི་རང་སྣང་ཅིར་ཡང་མི་འགག་པར་སྣང་བ་ནི་ཡེ་ཤེས་རང་སྣང་ཡིན་པས་གཟུང་འཛིན་མི་འགགས་སོ། །བདག་ཉིད་ཆེན་པོ་དབྱེར་མེད་ནི་སྣང་བ་དང་སྟོང་པ་ཐ་དད་རུ་འཛིན་པའི་རྟོག་པ་མེད་པའོ། །གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་དག་གི་རང་བཞིན་རྟོགས་པ་ནི། །འཁྲུལ་པའི་སེལ་མེད་པར་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ངོ་ཤེས་པའོ། །བདག་ཉིད་ཆེན་པོ་གཅིག་གི་གཏན་ཚིགས་ཀྱིས། །ཐམས་ཅད་ཐིག་ལེ་ཉག་གཅིག་བྱང་ཆུབ་ཀྱི་སེམས་སུ་ཤེས་པ་ལ་གཞན་སྣང་བཟང་ངན་གྱི་རྟོག་པ། གང་ལྟར་གནས་ཀྱང་མ་གྲུབ་པར་ཆོས་ཉིད་འབའ་ཞིག་ཉིད་དོ། །དབྱིངས་དང་ཡེ་ཤེས་གཏན་ཚིགས་ནི། །དབྱིངས་ནི་མ་འགགས་པར་ཡུལ་མ་འགགས་པར་ཡུལ་དུ་སྣང་བ་རྣམས་རང་སྣང་དུ་དག་པའི་རྒྱུ་ཡིན་ཏེ། །རིག་པ་མི་རྟོག་པའི་ཡེ་ཤེས་འབྲས་བུ་ཉིད་དུ་གསལ་པ་གཉིས་མཚན་ཉིད་མི་གཉིས་པས། །གཅིག་ཏུ་འདུས་པས་གཟུང་འཛིན་མཐའ་ཡིས་གོས་པ་མེད་པའོ། ༈ །དེ་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་དང་མཚོན་པའི་དཔེ་དང་མཚོན་བྱའི་དོན་དང་ནི། །ཤེས་བྱེད་ཀྱི་གཏན་ཚིགས་དང་བཞི་རུ་ལེའུ་གཉིས་པའི་དོན་ཤེས་པར་བྱའོ། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་ཞུས་སོ། །གང་གསང་བའི་སྨྲ་བ་ལ་མཚུངས་པ་མེད་པས་ཁྱོད་ནི་སྨྲ་བའི་སེང་གེ་སྟེ། །རྫོགས་པ་ཆེན་པོ་རྩོལ་བྲལ་གྱི་བསྟན་པ་ཁྱོད་ཀྱི་ཐུགས་ལ་རྫོགས། །མི་འབྱེད་པར་ཕན་འདོགས་པས་བྱམས་མགོན་སྤྲོས་བྲལ་གྱིས་སྙོམས་པར་ཁྱབ་པས་ཐུགས་རྗེ་ལམ་པ་ལ་ཁྱད་པར་འཕགས་པས་ཆེན་པོ་ཡིས། །སྙིང་པོ་རྣལ་མའི་སྐལ་བ་དང་ལྡན་པ་འདིར་འདུས་པའི་འཁོར་རབ་ཏུ་མང་བས་ཚོགས་ལ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལྔར་གསུང་པ་དེ་དག་ཇི་ལྟར་དུ་ཡུལ། །གང་ལ་གསང་བ་བསྟན་དུ་གསོལ། །ཞེས་གསོལ་པ་དང་། ༈ །དེ་བཞིན་ཉིད་ལ་སྤྲོས་པའི་ཟུག་རྔུ་མེད་པས་བདེ་བར་སོན་པ་ནི་ཉེས་པ་གཉིས་ལས་གྲོལ་བས་གཤེགས་པས་དེ་བཀའ་སྩལ་པ། ༈ །རྒྱུད་ཀྱི་སྟོན་པ་སྐུ་གསུམ། ༈ །ཀུན་བྱེད་ལེའུ་བཅུ་བཞི་པ་ལས། ང་ལས་བྱུང་བའི་སྐུ་གསུམ་སྟོན་པ་ལ། །ང་ཡི་རང་བཞིན་རྣམ་གསུམ་མི་བསྟན་གསང་། །ང་ལ་གནས་པའི་དུས་གསུམ་སངས་རྒྱས་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །ང་ལ་འདུས་པའི་འཁོར་ཚོགས་ཐམས་ཅད་ལ། །ངའི་རང་བཞིན་ང་ཡིས་བྱས་པའི་ཁམས་གསུམ་སེམས་ཅན་ལ། །ང་ཡི་རང་བཞིན་མི་བསྟན་གསང་བར་བྱ། །གསུམ་དང་རྩོལ་བཅས་ཀྱི་ཐེག་པ་རིམ་པ་བརྒྱད་དང་། དོན་ལ་ཕྱིན་ཅི་ལོག་རྒྱང་ཕན་རྟག་ཆད་གསུམ་དང་ལས་ཀྱིས་འགྲོ་བ་རིགས་དྲུག་དང་དེ་དག་ལ། །རང་གནས་གྱི་ཡེ་ཤེས་ཇི་ལྟ་བར་མ་རྟོགས་པས་གསང་བ་ཉིད་དུ་བསྟན་ནོ། ༈ །རང་བཞིན་གྱི་སྣང་བ་ལམ་གྱིས་མ་བཅོས་པ་ཇི་ལྟ་བ་མཐར་ཕྱིན་པ་ནི་ཆོས་ཀྱི་སྐུ། །རང་རིག་པ་བདེ་བ་ཆེན་པོ་རྩོལ་བས་མ་སྦྱངས་པར་མཐར་ཕྱིན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །དེ་ཉིད་ཀྱི་ཐུགས་རྗེ་ཡིས་རིགས་དྲུག་གི་དོན་མཛད་པས་སྤྲུལ་པའི་སྐུ་རུ་ཤར་བའོ། ༈ །ཆོས་ཀྱི་སྐུས་ནམ་མཁའི་ཡིས་ཁྱབ་པ་མཐའ་ལ་ཐུག་པ་མེད་པ་བཞིན་དུ་མ་ལུས་པར་ཀུན་ལ་ཁྱབ། །འདུལ་བ་དང་བཞུགས་པའི་ཞིང་ཁམས་ནི་སྣང་བ་སྣོད་དང་སྲིད་པ་བཅུད་ཐམས་ཅད་ཡིན། །འདས་དང་མ་འོངས་དང་ད་ལྟར་དང་དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཐམས་ཅད་དང་། །ཀྱི་སྒྲ་ནི་རྒྱུ་དང་འབྱུང་ཁུངས་དང་འཛིན་པ་དང་རིགས་ཀྱི་དོན་ལ་འཇུག་པ་ལ་རིགས་ཏེ་ཁམས་འདོད་གཟུགས་གཟུགས་མེད་གསུམ་གྱི་སེམས་ཅན་ཐམས་ཅད་མ་ལུས་པ་ནི། །ཆོས་ཀྱི་སྐུ་མ་བཅོས་པ་དེའི་འཁོར་དུ་འདུས། །བསྐྱེད་པ་རྫོགས་པ་དེའི་ཐ་སྙད་དང་བྲལ་བ་རིམ་པ་གསུམ་གྱི་བསྟན་པ་བྱིན་གྱི་རླབས་ཀྱིས་སྒྲོགས། །སྨྲ་བསམ་དང་བྲལ་བས་གསང་རྒྱལ་བ་ཀུན་གྱིས་སྔགས་པ་མི་ཟད་པ་གཏེར་གྱི་མཛད་མ་ནོར་བར་འཛིན་ཅིང་། །ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བརྡ་མཇལ་བས་གོ་ཞིང་རྟོགས། །ཐམས་ཅད་སྤྲོས་མེད་བྱང་ཆུབ་ཀྱི་སེམས་སུ་ཤར། །དེ་ལ་འཁོར་འདས་ཐམས་ཅད་འདུས་ཤིང་རྟོགས་མ་རྟོགས་ཀྱི་རྐྱེན་གྱིས་འཕེལ་བའི་ཕྱིར་ན། །འཁོར་འདས་ཐམས་ཅད་ཆོས་ཀྱི་སྐུ་དེ་ཡི་འཁོར་དུ་འདུས་པར་ངས་བཤད་དོ། །ཆོས་སྐུ་དག་ལ་སྐད་ཅིག་མ་དང་ཕྱོགས་རིས་གང་གིས་ཀྱང་འགྱུར་བ་མེད་པས། །མ་རྟག་པ་ཀུན་གྱི་དངོས་གཞི་ཡིན་ཀྱང་ཕྱོགས་གཅིག་པ་གང་གིས་ཀྱང་མ་བཅོས་པར་ཡེ་ནས་རང་བྱུང་བ་ནི་ངོ་བོ་ཉིད་ཀྱི་རྟག་པ་ཡིན་ཏེ་ཐེར་ཟུག་དང་རྒྱུན་གྱི་རྟག་པ་ལས་གྲོལ་བའོ། །ཆོས་སྐུ་ནི་རྒྱུ་རྐྱེན་མེད་པས་རང་བྱུང་མུ་མཐའི་སྤྲོས་པ་མེད་པས། །ཡེ་ཤེས་རྒྱ་མཚོའི་ཚོགས་ཆོས་སྐུ་རྟོགས་པའི་ངོ་ལ་སྤྲོས་པ་མེད་པར་གསལ། །དེས་ན་རང་ལ་གནས་པས་བྱིན་ཅིར་ཡང་མི་འགག་པས་བརླབས་ཀྱིས་བཤད་པ་ཡིན་ནོ། ༈ །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཀུན་མཁྱེན་གྱི་རང་རིག་བདེ་ཆེན་ཉིད་ཡིན་ཏེ། །སྐུ་མཚན་དཔེ་དང་ལྡན་པའི་གཟུགས་སུ་ལྷན་ཅིག་པའི་འཁོར་གྱི་འཛིན་ཆ་ལ་སྣང་བ་ནི་གཟུང་བ་ཡུལ་གྱི་རྣམ་པ་ཡིན། །འདོད་ཁམས་ཀྱི་འགགས་ན་ཕྲད་པར་འདོད་པའི་ཚོར་བ་བདེ་བ་ཐམས་ཅད་དང་། །འགྲོ་བའི་རྒྱུད་ཀུན་མ་ལུས་པའི་ཟག་བཅས་ཐུན་མོང་གི། །བདེ་བ་མྱོང་བའི་དངོས་པོར་འཛིན་པའི་རང་རིག་ཀྱང་། །རིག་པ་བདེ་བ་ཆེན་པོ་ཉིད་ལ་གདོད་མ་ནས་རྫོགས་ལ། བསམ་གཏན་བཞི་ཡི་དང་པོ་དབེན་པ་ལས་སྐྱེས་པ་དང་། གཉིས་པ་ཏིང་ངེ་འཛིན་ལས་སྐྱེས་པ་དང་། གསུམ་པ་དགའ་བ་མེད་པ་དང་། བཞི་པ་བཏང་སྙོམས་ཀྱི་བདེ་བ་ཡང་། །གཟུགས་ཁམས་ཀྱི་ལྷ་རིས་བཅུ་བདུན་པོ་ཡི་བདེ་བའི་ལོངས་སྤྱོད་ཡིན་དེ། །སེམས་ཉིད་ཀྱི་བདེ་བ་ཆེན་པོ་ལ་རང་བཞིན་ཀྱིས་ཚང་ངོ་། །ནམ་མཁའ་མཐའ་ཡས༼༡༽། རྣམ་ཤེས་མཐའ་ཡས་༼༡༽ཅི་ཡང་མེད་པ༼༡༽། ཡོད་མིན་མེད་མིན་༼༡༽གྱི༼༡༡༡༡༽། སྐྱེ་མཆེད་མུ་བཞིའི་ཞི་གནས་ཀྱི་ཏིང་ངེ་འཛིན་རྒྱུད་གྱིས་བརླན་པའི་བདེ་བ་ཡང་། །རང་བྱུང་བྱང་ཆུབ་ཀྱི་སེམས་ཉིད་ལ་རྫོགས་སོ། །གཟུང་བ་རྡུལ་ཕྲན་ལ་འཛིན་པ་དང་། གཟུང་བ་མེད་པའི་འཛིན་པ་གཉིས་ལྡན་པའི་ཉན་རང་གི་འགོག་ཞི་བདེ་བ་དང་། །བསོད་ནམས་དང་ཡེ་ཤེས་གཉིས་ཀྱི་ཚོགས་རྫོགས་པ་ལ་ལྡན་པའི་ཆོས་སྐུ་དང་གཟུགས་སྐུར་མཐར་ཕྱིན་པའི་བདེ་བ་ཡང་། །ཚོགས་གཉིས་ཀྱི་རྒྱུས་མ་བསྒྲུབས་པའི་བདེ་བ་རང་བཞིན་ལྷུན་གྱིས་གྲུབ་པར་རྫོགས་སོ། །ཀྲི་ཡི་དག་པ་གསུམ་གྱི་བདེ་བ་དང་ལྟ་སྤྱོད་གོང་འོག་གཉིས་སུ་ཀྱི་རྗེས་སུ་ལྟ་བ་ཨུ་པ་ཡའི་བདེ་བ་དང་། མངོན་བྱང་ལྔ་བརྒྱུད་པས་བྱིན་རླབས་ལྷར་སྣང་བ་ཡོ་ག་བའི་བདེ་བ་ཡང་། །སེམས་ཉིད་བདེ་ཆེན་དུ་རྟོགས་པ་ཉིད་ལ་རྫོགས་པར་གནས་པའོ། །དེ་དག་ཀྱང་གསལ་བྱ་ཆོས་ཉིད་རྟོགས་པའི་རིམ་པས་ལྟ་བའི་དོན་ཐ་དད་དུ་འཛིན་ཅིང་། །རང་རང་གི་འབྲས་བུ་མྱུར་དུ་འདོད་པའི་སྟོབས་ཀྱིས་ལམ་ཉེ་བར་སྒྲུབ་སྟེ་ས་ལམ་རིམ་པར་བགྲོད་པའི་རིམ་གྱིས་རང་སའི་འབྲས་བུ་ཐོབ་སྟེ་རྫོགས་ཆེན་གྱི་སྐལ་བ་དང་ལྡན་པར་འགྱུར་རོ། །ལྷན་ཅིག་སྐྱེས་པའི་བདེ་བ་ཐབས་དང་ཤེས་རབ་རོལ་པ་ལས་བྱུང་བ་དག་ཀྱང་། །རང་རིག་ཀུན་མཁྱེན་ཉིད་བདེ་བ་ཉིད་ལ་རྫོགས་པའོ། །འཁོར་འདས་ཐམས་ཅད་ཀྱི་བདེ་བ་རྫོགས་པ་ལ་ལོངས་སྤྱོད་པ་དབྱིངས་དང་སེམས་རིག་པའི་ཡེ་ཤེས་གཉིས་འདུ་འབྲལ་མེད་པའི་བདེ་བར་ལྟ་བ་དེ་ལ་ཡང་། །ཏིང་འཛིན་དང་ཤེས་རབ་ཀྱི་རྩལ་ཆེ་སྟེ་བློ་ཡང་རབ་དུ་གྱུར་ན། །རྒྱུ་ནི་སྣང་བ་དབྱིངས་སུ་རྫོགས་པར་བསྒོམ་པ་སྟེ། །དེ་ལས། འབྲས་བུ་དྲན་རྟོག་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་དུ་འཆར་བའི་བདེ་བ་ཡང་། །རྒྱུ་འབྲས་གཉིས་སུ་མེད་པའི་སེམས་ཉིད་ལ་རྫོགས་པའོ། །འཁོར་འདས་ཐམས་ཅད་ཀྱི་བདེ་བ་རྫོགས་པ་ལ་ལོང་སྤྱོད་པ་དེས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། ༈ །མུ་བཞི་མཐའ་དྲུག་གང་ལྟར་ཡང་མི་གནས་པའི་སེམས་ཀྱི་རང་བཞིན་ནི། །དྲིན་གྱིས་མ་བཅོས་པར་ཆོས་ཀྱི་སྐུར་མཉམ་པ་ཉིད་དུ་བཞུགས་ཙམ་ན་སྟོན་པ། གནས་ཕྱིན་ཅི་མ་ནི་མ་ལོག་པས་ཡང་དག་དོན་གྱི་འོག་མིན་མཐའ་དང་དབུས་མེད་པའི་གནས་ཏེ། །འཁོར་ནི་བྱང་ཆུབ་ཀྱི་སེམས་ལ་བྱུང་ཞིང་འདུས་པ་ཐམས་ཅད་ཉིད་ཀྱི་འཁོར། །ཆོས་སྐུ་སྤྲོས་མེད་ཀྱི་བྱིན་བརླབས་མ་འགགས་པར་ཕྱོགས་བཅུར་གསལ། །བསྟན་པ་ནི་ཕྱི་སྐྱེད་པ་མ་ཧཱ་ནང་རྫོགས་པ་ཨ་ནུ་གསང་བ་ཨ་ཏི་ཡོ་ག་གསུམ། །མ་སྐྱེས་པས་རང་བྱུང་རང་གསལ་བས་ཡེ་ཤེས་སུ་སྟོན་པ་ཆོས་སྐུ་དང་ཆ་མཐུན་པས་ན། ཆོས་ཀྱི་སྐུ་ཡི་བསྟན་པ་ཡིན་པར་བཤད། །སངས་རྒྱས་སེམས་ཅན་ཐམས་ཅད་དང་། །སྣང་སྲིད་སྣོད་བཅུད་མ་ལུས་པ་ཐམས་ཅད་དུ་ཤར་ཀྱང་། ཆོས་ཉིད་ཀྱི་ངང་ལས་མ་གཡོས་པས། །སེམས་ཉིད་གདལ་ཁྱབ་ཆེན་པོ་ནི། ཆོས་སྐུའི་ཞིང་ཁམས་ཡིན་ནོ། ༈ །ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་ནི། །འདོད་པའི་ལོངས་སྤྱོད་ཐམས་ཅད་ཡིན་དེ། །འཁོར་འདས་ཀྱི་བདེ་སྡུག་མ་ལུས་པ་ལ་ལོངས་སྤྱོད་ཀྱང་བདག་ཉིད་ཆེན་པོའི་ཕྱིར་སྤྱོད་ཡུལ་དུ་མ་ཆགས་པར་ཞེན་པ་དང་བྲལ་བས་ལོངས་སྤྱོད་ཡིན། །ཆོས་བཟོད་པ་ལས་འདས་ནས་ས་ཐོབ་པའི་རིག་འཛིན་དང་བྱང་ཆུབ་སེམས་དཔའི་འཁོར་དེ་ལ། །ཐུགས་ཀྱི་དགོངས་པ་དང་སྐུའི་བརྡ་དང་ཡེ་ཤེས་ཀྱི་སྒོ་ནས་བཤད་པ་དེ། །འཁོར་གྱིས་ཏིང་འཛིན་དང་རིག་པའི་གདེང་གིས་གོ། །མཚན་མའི་རང་རྒྱུད་པ་སྐུ་གསུམ་མི་མངའ་བར། །བསྟན་པ་ནི་ཕྱི་པའི་གསང་སྔགས་གསུམ། །མཚན་དཔེ་དང་ལྡན་པའི་ལྷར་སྣང་བ་ཡིས་ལོངས་སྐུ་དང་ཆ་མཐུན་པར་ཡོད་པས་ན། །ལོངས་སྤྱོད་རྫོགས་པའི་བསྟན་པར་ཕྱི་རྒྱུད་གསུམ་བཤད། །གནས་ནི་སྟེང་འོག་གི་ཐ་སྙད་དང་བྲལ་བའི་འོག་མིན་རིག་པའི་གནས། །རིག་པའི་ས་བཅུ་ཐོབ་པའི་འཁོར་རྣམས་ལ། །རང་གི་ངོ་བོས་ཆོས་ཉིད་རང་ཤར་དུ་གསལ་བར་སྟོན། ༈ །ལོངས་སྤྱོད་རྫོགས་པའི་སྐུའི་མཛད་པ་ནི། །ཐེག་པ་འོག་མ་བས་རང་གི་འདོད་པས་འབྲས་བུ་མཐར་ཐུག་ཏུ་འདོད་ཀྱང་། །རྣལ་མའི་མཐར་ཐུག་མ་བཅོས་བླ་མའི་ས་ལ་མ་རེག་པས། །དེ་ལ་ལོངས་སྤྱོད་རྫོགས་སྐུའི་མཛད་པར་ཤར། ༈ །གདུལ་བྱ་ཐེག་དམན་ལ་སྦྱངས་པའི་འཁོར་དེ་ལ། །རྒྱལ་ཐབས་སྤྱི་བླུགས་དོན་དུས་གཅིག་ལ་ཐམས་ཅད་རྫོགས་པའི་དབང་བསྐུར་བས་དེ་ནས། །གཞན་ནས་ཐོབ་པ་མེད་པར་རང་གི་བྱང་ཆུབ་ཀྱི་སེམས་དང་ངོ་ཕྲད། །ལམ་དང་ས་འོག་ནས་གོང་དུ་མ་བགྲོད་པར་འཁྲུལ་པའི་རྟོག་པའི་ཚོགས་བརྒྱད་ཡུལ་དང་བཅས་པ་འཇིམ་རྫབ་ལས་བསྒྲལ། །ཐུན་མོང་མ་ཡིན་པ་བདེ་བ་བློ་ལས་འདས་པས་ཕྲག་བརྒྱའི་དོན་དེ་ཉིད་ཐོབ་ནས། །སྤྱོད་ཡུལ་ཡོངས་སུ་དག་པས་ཞིང་ཁམས་ཐམས་ཅད་བདེ་བར་སྤྱོད། ༈ །རྒྱལ་ཐབས་སྤྱི་བླུགས་དོན་ཚངས་པའི་དབང་འདི་མ་ཐོབ་པར། །ཐེག་བརྒྱད་ཀྱི་རང་སའི་འབྲས་བུ་ཐོབ་ཀྱང་རྫོགས་ཆེན་འཇུག་དགོས་པས་མཐར་མ་ཕྱིན། །པའི་གཏན་ཚིགས། ༈ །དེས་ན་ལུང་གསུམ་རྒྱུད་པ་དང་ལྡན་པའི་བླ་མ་ཆུ་བོ་བཞི་རྫོགས་པ་ཡིས། །རྒྱལ་བའི་རྒྱུད་འཛིན་པའི་སྲས་སློབ་མ་འདི་ལ་སྤྱོད་པའི་སྐལ་བ་དང་ལྡན་པ་རྣམས་ལ། །མན་ངག་གི་ཁྲིད་ཀྱི་རིམ་པས་རང་གི་སེམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་བསྟན་པས། །སེམས་ཉིད་རིན་ཆེན་གཉུག་མ་གཉིས་སུ་མེད་པའི་དོན་ལ་དབང་། །བསྐུར་བར་བྱ་བ་དང་བྱེད་ཆ་གཉིས་མི་རྟོག་ཀྱང་། །སྣང་སྲིད་ཀྱི་བརྡ་དོན་ཕྱོགས་མེད་དུ་སྤྲད་པའི་མངོན་སུམ་གཉིས་ཀྱི་མན་ངག་ཐུག་ཕྲད་སྦྱིན་ནོ། ༈ །འོད་ཟེར་ཐུགས་རྗེའི་རྣམ་པར་སྤྲུལ་པའི་རང་བཞིན་སྤྲུལ་པར་ཤར། །འགྲོ་བའི་མོས་པ་སྣ་ཚོགས་པའི་གདུལ་བྱའི་བསམ་པ་བཞིན། །མོས་སྤྱོད་ཀྱི་ས་ལམ་ཚོགས་སྦྱོར་གཉིས་ཐོབ་པ་དང་ཀྱང་འགྲོ་དྲུག་བ་རིགས་གི་འཁོར། །བསྟན་པ་སྡེ་སྣོད་གསུམ་དུ་བསྟན། །བཞུགས་པའི་ཞིང་ཁམས་སྟོང་གསུམ་མི་འབྱེད་ཀྱི་འཇིག་པ་ལ་འཇིག་པ་རྟེན་གྱི་ཁམས་བྱེད་པ་མེད་ལ་རང་གི་མཚན་ཉིད་འཛིན་པས་ཐུགས་རྗེའི་ཡིས་འགྲོ་བ་འདུལ་བ་གནས་ལ་གདུལ་བྱའི་དབང་གིས་གཅིག་ཏུ་ངེས་པ་མེད། ༈ །གཞིའི་ངོ་བོ་མ་བཅོས་པ་རང་བྱུང་ཡེ་ཤེས་ཀྱི་སྣང་ཚུལ་ནི། །རང་བྱུང་ཡེ་ཤེས་ལྔར་ཡོན་ཏན་གྱི་ཆས་སྣང་བ་ལ། །རྟོགས་པའི་རྐྱེན་བཞི་ལས་ཕྱིན་ཅི་ལོག་གི་བསམ་པ་ཡིས། །རང་བྱུང་གི་ཡེ་ཤེས་ཉིད་དུ་མ་རྟོགས་ཏེ་བདག་ཏུ་བཟུང་བས་གཞན་དུ་སྣང་བའི་ཆ་ལས་ཡང་དག་བདེན་པར་ཞེན་པའི་དུག་ལྔ་རུ་མཐོང་། །ཞེན་པ་ཉོན་མོངས་པ་ལྔ་ཡི་འབྲས་བུ་ནི། །ཁམས་གསུམ་སེམས་ཅན་འདོད་ཁམས་གནས་རིས་ཉི་ཤུའམ་སོ་དྲུག་གཟུགས་ཁམས་བཅུ་བདུན་གཟུགས་མེད་སྐྱེ་མཆེད་མུ་བཞི་ཉིད་དུ་ཤར་ཀྱང་། །ངོ་བོ་སེམས་ལས་གཞན་དུ་འགྱུར་ཞིང་ཉམས་བ་མེད། ༈ །སྲིད་པ་དང་ལོངས་སྤྱོད་ལ་ཞེན་པས་འདོད་ཆགས་དང་བཅས་པའི་དགེ་བཅུ་དབྱིངས་བསྐྱེད་པའི་ལས་ཀྱི་རྣམ་སྨིན་གྱིས། །འདོད་ཁམས་ཀྱི་ལྷ་ཡི་གཞལ་མེད་ཁང་གི་གནས་སུ་བརྫུས་ནས་སྐྱེས་ནས་ཀྱང་། །ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལས་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ཞེས་ཀླུ་སྒྲུབ་ཀྱིས་གསུངས། ངན་སོང་དུ་ལྟུང་བའི་སྡུག་བསྔལ་དག་འཆི་ལྟས་བྱུང་བའི་ཚེ་ཉམས་སུ་མྱོང་ཡང་། །འདོད་ཆགས་དེ་དངོས་པོའི་གཤིས་ལས་མ་གྲུབ་པས། །གནས་ལུགས་བྱང་ཆུབ་ཀྱི་སེམས་ལ་བསྐྱོད་པ་རྡུལ་ཙམ་ཡང་མེད། །སེམས་ཁེངས་ཤིང་དྲེགས་པས། ང་རྒྱལ་གྱིས་ཀུན་ནས་བསླ྄ངས་པའི་དགེ་བའི་ལས་ཀྱི་རྣམ་སྨིན་གྱིས། །ལྷ་མིན་གྱི་གནས་སུ་རི་རབ་ཁོང་སེང་དུ་སྐྱེས་ནས་ཀྱང་། །ལུས་ཀྱི་འཐབ་པ་དང་ངག་གི་རྩོད་པའི་སྡུག་ལྷ་མིན་དག་ནའང་རང་བཞིན་གྱིས་ལྷའི་དཔལ་ལ་སྡང་ཕྱིར་སེམས་ཀྱི་དུཿཁ་ཆེ། །བསྔལ་དངོས་སུ་མྱོང་ཡང་། །སེམས་ཁེངས་པས་ང་རྒྱལ་ངོ་བོ་ཤེས་པས་ན། །ང་རྒྱལ་མ་སྤངས་བར་གནས་སུ་དག །དེས་ན་ང་རྒྱལ་གྱི་ངོ་བོ་མི་གནས་པས་སྟོང་། །གཞན་གྱི་ཡོན་ཏན་ལ་མི་དགའ་བས་ཕྲག་དོག་ལས་ཀྱི་རྣམ་སྨིན་གྱིས། །གླིང་བཞི། མི་ཡི་གནས་སུ་མངལ་སྐྱེས་གཙོ་ཆེ་སྐྱེས་ནས་ཀྱང་། །སྡུག་བསྔལ་བརྒྱད་ལ་སོགས་པ་སྣ་ཚོགས་སུ་སྣང་བ་འདི་རྣམས་མྱོང་འགྱུར་ཡང་། །ཕྲག་དོག་ངོ་བོ་ཆོས་ཀྱི་དབྱིངས་ཡིན་པས། །ཕྲག་དོག་མ་སྤངས་ཀྱང་གདོད་ནས་དག །དེ་བས་ན་བྱང་ཆུབ་ཀྱི་སེམས་ལས་མི་བསྐྱོད། །འཚོ་བའི་ཡོ་བྱད་ཀུན་ཏུ་འཛིན་པས་སེར་སྣ་དེ་ཡིས་ཀུན་ནས་བསླང་བའི་མི་དགེ་བའི་ལས་ཀྱི་རྣམ་སྨིན་གྱིས། །ཡི་དྭགས་བཀྲེས་སྐོམ་གྱི་གནས་སུ་རྒྱལ་པོའི་ཁབ་ཀྱིས་དཔག་ཚད་ལྔ་བརྒྱའི་འོག་ཏུ་སྐྱེས་པ་ནི་རྩ་བ་དེ་ལས་ཁ་འཐོར་བ་གཞོན། ༈ །ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡི། །བསྐྱེད་པའི་དུཿཁ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟན་འཚལ་ལོ། །ཞེས་པ་ལ་སོགས་པ་བཤེས་པའི་འཕྲིན་ཡིག་ལས་ཀླུ་སྒྲུབ་ཀྱིས་གསུངས་སོ། །བཀྲེས་སྐོམ་སྡུག་བསྔལ་མྱོང་བ་གྱུར་ཡང་། །སེར་སྣ་མ་བཅོས་བྱང་ཆུབ་སེམས། །ཡིན་པ། དེས་ན་དབྱིངས་ལ་འགྱུར་བ་མེད། །ཡང་དག་པའི་དོན་མི་ཤེས་པས། གཏི་མུག་དང་མི་དགེ་བའི་ལས་ཀྱི་རྣམ་སྨིན་གྱིས། །དུད་འགྲོའི་རྩ་བའི་གནས་ཕྱིའི་རྒྱ་མཚོ་ཁ་འཐོར་ངེས་པ་མེད་དེ་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་གྱི་གནས་སུ་ཤེས་པ་བླུན་ཅིང་ངག་ལྐུགས་པ་མྱོང་སུ་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། བཅིང་དང་བརྡེག་བཙོག་སྡུག་བསྔལ་སྣ་ཚོགས་པ་ཞེས་སོ། །གནས་བདེ་སྡུག་བཟའ་བཏུང་འགྲོ་འདུག་རིག་པ་མངོན་ཤེས་ཕྲ་མོའི་ཆོས་ཡོད་ཀྱང་། །གཏི་མུག་མ་བཅོས་བྱང་ཆུབ་སེམས། །ཐེག་པ་འདིས་ཡུལ་ཡང་དེ་ལྟར་རྟོགས་ཤིང་རིག་པས་ན། །གཏི་མུག་འོག་མ་པ་ལྟར་དུ་མ་སྤངས་པ་རང་སར་གནས་སུ་དག །ཀུན་ནས་མནར་སེམས་པའི་ཞེ་སྡང་དང་བསོད་ནམས་མ་ཡིན་པའི་ལས་ཀྱི་རྣམ་སྨིན་གྱིས་རྒྱུད་སྤྱི། །འཛམ་བུ་གླིང་གི་འོག་དམྱལ་བའི་གནས་སུ་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཀྱི་དུཿཁ་མྱོང་ཡང་། །ཞེ་སྡང་རང་བྱུང་གི་ཡེ་ཤེས་ཉིད་དུ་ཤེས་པས་མ་སྤངས་པར་རང་གྲོལ་ལོ། ༈ །ཐབས་ལ་བརྟེན་ནས་ཆོས་ཐམས་ཅད་དེ་ལྟར་དུ་བྱང་ཆུབ་ཀྱི་སེམས་སུ་ཤེས་པས་ན། །མུ་མཐའ་ཅི་ཡང་གྲུབ་པ་མེད་པར་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཤེས། །ཇི་ལྟར་བ་དང་ཇི་སྙེད་པ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་མཁྱེན་པའི་སངས་རྒྱས་ཀྱི་སྤྱན་གྱི་ནི་མིག་ལྔའི་མཆོག་ཡིན་ཏེ། སྙིང་པོ་དོན་གྱི་ཆོས་རྣམས་ཇི་བཞིན་པར་གསལ་བས་སོ། ༈ །བསྟན་པ་ནི་རྒྱུ་ལས་འབྲས་བུ་འབྱུང་བར་སྟོན་པའི་ཐེག་པ་མཚན་ཉིད་སྡེ་གསུམ། ༈ །རིགས་དྲུག་འདུལ་བར་མཛད་པའི་སྟོན་པ་ནི་ཐུབ་པ་དྲུག་ཏུ་སྣང་སྟེ་མཚན་སྤྱི་དང་མཐུན། ལྷ་ཡི་དབང་པོ་བརྒྱ་བྱིན་ཕྱག་ན་རྡོ་རྗེ་འཛིན་པའོ། །ལྷ་མིན་དབང་པོ་དམག་དཔུང་གི་སྲིད་མི་འཇིག་པ ར་ཐུབ་པར་འཛིན། །མི་ལ་སྐུ་གསུང་ཐུགས་ཐུན་མོང་མ་ཡིན་པའི་ཐུབ་པའམ་འཁོར་བའི་དཔུང་འཇོམས་པས་ཐུབ་པའི་མི་དབང་པོར་སྣང་། །དུད་འགྲོའི་སྟོན་པ་གཏི་མུག་གི་མུན་པ་གསལ་བར་བྱེད་པར་འབར། །ཡི་དྭགས་འདུལ་བའི་སྟོབས་མངའ་བས་སྟོབས་ཀྱི་བདག །ཆུ་བསིལ་བར་བྱེད་པ་མེ་འབར་བས་དུཿཁ་ཞི་བར་བྱེད་པས་ཐུགས་རྗེའི་བདག །གདུལ་བྱ་འགྲོ་བ་རིགས་དྲུག་ཡོད་པས་ན། །སངས་རྒྱས་ཀྱི་ཡེ་ཤེས་ཉིད་ཐུབ་པ་རྣམ་པ་དྲུག་ཏུ་རིགས་དྲུག་གི་ངོ་ལ་ཆུ་ཟླ་ལྟར་དུ་ཤར། ༈ །གང་ཟག་སོ་སོའི་བློ་ལ་འཚམ་པའི་ཕྱོགས་སུ། །གང་དང་མཐའ་ཡས་པའི་གདུལ་བྱ་མཐུན་པའི་སྒོ་ནས་བསམ་གྱིས་མ་ཁྱབ་པའི་མཛད་པ་སྟོན། །ཅེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས། སྐུ་གསུམ་གྱི་ཞིང་ཁམས་བསྟན་པ་ལོགས་པ་གསལ་བར་ནི་འགྲེལ་པས་གང་གསང་བར་མཛད། གཞུང་གིས་གང་ལ་གསང་བར་གསོལ་བསྟན་པའི་ལེའུ་གསུམ་པའོ།། ༈ །།དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །རང་བཞིན་དང་མཛད་པ་ཐུགས་རྗེས་ཀུན་ལ་ཁྱབ་པའི་བདག་པོ་དེ་ཁོ་ན་ཉིད་མ་བཅོས་པ་ལྷུན་རང་བཞིན་མཚན་ཉིད་རྣམ་པ་གྲུབ་གསུམ་ཆོས་ལོངས་སྤྲུལ་སྐུ་གསུམ་དུ། །རྩོལ་བའི་ཆུ་བོ་ཉེར་བཞི་མེད་སར་རྟོགས་པའི་ངང་དུ་གནས་པས་འབྲས་བུ་མངོན་སུམ་པར་སངས་རྒྱས་ཏེ། །མཛད་པ་ལ་ཕྱོགས་རིས་མི་མངའ་བ་ནི་དཔེར་ན་ཉི་ཟླ་འི་འོད་ཀྱིས་ཁྱབ་པ་བཞིན་ནོ། །མཁྱེན་པ་དང་མཛད་པ་དང་ཐུགས་རྗེའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུར་ཁྱབ་པར་བདལ་བའི་ཕྱིར་དབྱེར་མེད་ཀྱི། །སྙིང་རྗེས་དོན་ཀྱང་རྩོལ་བ་མེད་པས་མཛད་ཀྱང་རྩོལ་བ་མེད་པས་ལྷུན་གྱིས་གྲུབ་སྟེ་མ་ལུས་འགྲོ་དོན་རྡོ་རྗེར་གྲུབ་ཅེས་སོ། །བཤད་པ་ལྟར་ཕྱོགས་རིས་མི་མངའ་བའི་སྐུ་མཆོག་ཁྱེད་གིས། །བློ་ཆེ་ཆུང་གི་རིམ་པ་དང་མཚམས་པའི་ཐེག་པ་བརྒྱད་དོན་འདི་ཉིད་རང་བཞིན་དང་ལྟ་བ་དང་རྟོགས་པའི་འཁོར་ལ་གསང་སྟེ་དེ་དག་གིས་མ་རྟོགས་བའི་དོན། །འདུས་པའི་ཚོགས་ལ་བསྟན་དུ་གསོལ། །ཞེས་གསོལ་པ་དང་། ༈ །བཀྲ་ཤིས་ཤིང་བར་ཆད་མེད་པ་དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ། ༈ །སྟོན་པ་གསུམ་ལ་ཕྱོགས་རིས་ཀྱི་ངོས་བཟུང་མི་མངའ་སྟེ། །ཐེག་བརྒྱད་ཀྱིས་རང་རང་གི་འདོད་པའི་གྲུབ་མཐའ་ལ་ཞེན་ཅིང་རྟག་ཆད་གཉིས་ཀྱིས་དོན་ལས་ལོག །རྒྱང་ཕན་པ་ཁ་གཅིག་གིས་ལས་རྒྱུ་འབྲས་དང་ལམ་དང་འབྲས་བུ་མ་རིག་པས་གང་ཡང་ཁས་མི་ལེན། །འགྲོ་བ་དྲུག་གིས་ཉོན་མོངས་ལྔ་ཡི་འབྲས་བུ་སྐྱེས་གནས་བདེ་སྡུག་སྤྱོད་ཡུལ་སོ་སོར་མྱོང་། །དེ་དག་ཞེན་པས་ཕྱོགས་བྲལ་མི་མཐོང་བ་དེས་ན་ཡེ་ཤེས་གསང་བ་ཡིན་ནོ། ༈ །གང་གསང་ན། ཆོས་སྐུ་གདོད་ནས་ཕྱོགས་འཛིན་གྱི་ཤེས་པ་རྣམ་པར་དག་ལ། །རང་བཞིན་དང་ཆེད་དུ་བྱས་པས་ལྟོས་པའི་ཀུན་ཏུ་བརྟགས་པའི་གཟུང་འཛིན་སྣ་ཚོགས་ངང་གིས་མེད་པ་དེ་གཟུང་འཛིན་ཅན་གྱིས་མི་མཐོང་བས་དེས་ན་ཆོས་ཉིད་ཀུན་གྱི་མཉམ་ཉིད་ཡིན་པ་ལ། ཕྱོགས་སུ་བལྟ་བས་གྲུབ་པ་མེད། ཅེས་ནམ་མཁའ་ཆེ་ལས་སོ། །གསང་བ་ཡིན་ནོ། ༈ །ཐམས་ཅད་ལ་མ་ཞེན་པར་ལོངས་སྤྱོད་པའི་སྐུ་ནི་རྣམ་པ་ཀུན་རིག་པ་བདེ་ཆེན་ཕྱོགས་མེད་དུ་དག་པ་ལ། །རྟོགས་པ་ཡིས་ཕྱི་ནང་མེད་པར་ཤར་བའི་སེམས་ཉིད་དེའི་རོ་མ་མྱོངས་པས་གསང་། །དེ་ཉིད་ཆོས་ཅན་དུ་སྒྲུབ་པ་མ་ཡིན་ཕྱོགས་སུ་ཞེན་པའི་ཆོས་ཉིད་མིན། །མུ་མཐའ་ཅི་ཡང་མ་ཡིན་ཕྱོགས་བྲལ་དུ་རྟོགས་པའི་ངང་ལ་རང་ཏང་ཞོག ༈ །སྤྲུལ་པ་ནི་སྐུ་སྒྲ་ཆ་བྱད་སྣ་ཚོགས་གདུལ་བྱ་ལ་འདུལ་ཐབས་ཅིར་ཡང་སྟོན་པས་མ་ངེས་པ་དེ་ངེས་པར་བཟུང་བས་མ་མཐོང་བས་གསང་སྟེ། ཞེན་པའི་བསམ་པ་སོ་སོར་སྣང་བ་ཙམ་ལས་དེས་མ་བརྟགས་པར། །ཡང་དག་དངོས་པོར་རང་རྒྱུད་པ་གྲུབ་པ་མེད། །དཔེར་ན་ཐག་པ་ལ་སྦྲུལ་དུ་མཐོང་ཡང་། །ཐག་པའི་མཚན་ཉིད་སྦྲུལ་མ་ཡིན་པ་བཞིན་དུ། །མ་བཅོས་རོལ་པའི་སྣང་བ་ལ་ཀུན་བརྟགས་འཁྲུལ་པར་ཞེན་པས་བརྟགས་པ་ལྟར་སྣང་མོད་ཀྱང་། །མ་བཅོས་པའི་སྣང་བ་ཞེན་པས་བརྟགས་པའི་སྣང་བར་འགྱུར་བ་མིན། །རོལ་པའི་སྣང་བ་ལ་རང་བཞིན་མེད་པས་སྒྱུ་མ་རང་སྣང་བ་ལ་རང་བཞིན་མེད་པས་ལྷུན་གྲུབ་སྟེ། །སྣང་བ་ལ་ཆེད་དུ་བྱས་པའི་རྩོལ་བ་རང་རྒྱུད་པ་མེད་པས་སྒྱུ་མ་དེ་རྟོགས་ན་རེ་དོགས་ཆོད་པས་བདེ་མཆོག་ཡིན། །གནས་སྐབས་འབབ་ཆུ་ལྟར་སྣང་ཡང་ངོ་བོ་ཅིས་ཀྱང་མི་འགྱུར་རྡོ་རྗེ་བཙན་པོ་ཡིན་ཏེ་དེའི་ངོ་བོ། །མ་བཅོས་ལྷུན་གྲུབ་ཆེན་པོ་དེ་ཕྱོགས་ཐམས་ཅད་པ་ཡིན་ལ། །ཕྱོགས་གཅིག་ཏུ་ངེས་པ་མེད་པ་ལ་མ་གཏོགས་པས་ངེས་པར་བཟུང་བས་བར་བཤད་དེས་ན་གསུམ་ལ་ངོས་གཟུང་མེད་ཅེས་སོ། ༈ །གང་ལ་གསང་ན། གང་ཞིག་ཉན་ཐོས་པས་ཡུལ་སེམས་ཐ་དད་གཉིས་སུ་མཐོང་བ་ནི། །ཐ་མལ་པ་དང་མུ་སྟེགས་ཀྱི་རགས་པའི་གཟུགས་མེད་ལ་ཕྲ་རབ་ཀྱི་སོ་སོར་རྡུལ་ཆ་མེད་དུ་བདེན་པར་མཐོང་འཛིན་པ་སྐད་ཅིག་མར་འདོད་དོ། །སེམས་ཉིད་ལ་རྡུལ་དུ་གྲུབ་པ་མེད་བཞིན་བློས་བརྟགས་པས་ཕྱིན་ཅི་ལོག །ཡང་ན་ཆོས་ཀྱི་གང་ཟག་བདག་མེད་པ་འབའ་ཞིག་ཏུ་ངེས་པར་གཟུང་བས་ཆོས་ཉིད་མ་མཐོང་བས་གསང་ངོ་། ༈ །གང་ཞིག་རང་རྒྱལ་བས་གང་ཟག་གི་བདག་མེད་རྟོགས་པ་ལ་སོགས་པ་ཉན་ཐོས་དང་། ཆ་མཐུན་ལ་ནང་འཛིན་པ་ཆོས་ཀྱི་བདག་འདོད་པས་ནི། །གཟུགས་ཆོས་བཅོ་ལྔ་འདུས་མ་བྱས་དང་གཟུང་ཡུལ་བཅུ་དྲུག་གི་ཆོས་ཀྱི་བདག་ལ་གཅིག་འབྲས་བུ་རྟེན་འབྲེལ་དུ་མ་རྟོགས། །རྒྱུ་རྐྱེན་ལ་རྟེན་འབྲེལ་བའི་ཆོས་ཕྱི་ནང་གི་ཉེར་བཞི་ལ་ངེས་པར་བརྟགས་བཅོ་ལྔ་རྟེན་འབྲེལ་དུ་རྟོགས་ཀྱང་པས། །སྐྱེད་བྱེད་ཀྱི་རྒྱུ་མེད་པར་དག་པའི་ཆོས་ཉིད་ཀྱི་དོན་དེས་མ་མཐོང་བས་གསང་ངོ་། ༈ །ཆོས་ཐམས་ཅད་ཀྱི་རང་བཞིན་བདེན་པ་གཉིས་མེད་ཀྱི་ཆོས་ཀྱི་སྐུ་ཡི་ངོ་བོར་གནས་པ་ལ། །ཡུལ་བདེན་༼༢༽པ་གཉིས་སུ་བློ་འཁྲུལ་མ་འཁྲུལ་གྱིས་ལྟ་༼༡༽ བ་རྣམ་༼༣༽པར་ཕྱེ་སྟེ། །དེ་ཡང་དོན་དམ་པར་སྤྲོས་པའི་སྟོང་པ་དངོས་པོ་རྣམ་རང་བཞིན་མེད་པར་འདོད་པ་དེ། །ཆོས་ཉིད་ལ་སོགས་པ་རིགས་པ་བཞི་དང་རྟེན་འབྲེལ་ལ་སོགས་པའི་གཏན་ཚིགས་བཞི་པོ་དག་གིས་ཚོལ། །དོན་བདེན་པ་གཉིས་གྱི་ངོ་བོ་སྤྱི་རྣམ་ཙམ་རྟོགས་ནས་ནི། ༈ །ཚོགས་སྦྱོར་དུ་ཞི་གནས་གང་ཟག་གི་རིམ་པས་དྲན་པ་ཉེར་བཞག་ནས་སྟོབས་ལྔའི་བར་གང་འདོད་པ་བཞིན་སྒོམ། །ལྷག་མཐོང་ནི་རང་གི་མཚན་ཉིད་གསལ་བའི་སྐབས་མཐོང་སྒོམ་མཐར་ལམ་གསུམ་དུ་འདོད། །ལམ་ཚོགས་སྦྱོར་གཉིས་ནི་མཐོང་ལམ་ལ་སྦྱོར་བའི་ལམ་ཡིན་ཏེ། །ས་དང་པོར་དེ་ཁོ་ན་ཉིད་ཀྱི་དོན་མཐོང་སྟེ་རགས་པ་མཐོང་སྤང་གི་ཉོན་མོངས་པའི་རྟོག་པ་སྐྱེ་འགག་དུས་མཉམ་དུ་སྦྱངས་པསའཇིགས་པས་དང་ལྔ་དང་བྲལ། །དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ཞེས་དྲང་ངོ་། །ཕྲ་ཤེས་བྱའི་སྒྲིབ་བའི་རིམ་པ་ས་དུ་དབྱིངས་རྟོགས་པ་ཡེ་ཤེས་རེ་སྐྱེ་ཞིང་སྦྱོངས་བཅུ་ཡི་བར། །ཤིན་ཏུ་ཆ་ཕྲ་བའི་ཤེས་བྱའི་སྒྲིབ་པ་ཐམས་ཅད་མཁྱེན་པ་ལ། །སྒྲིབ་པ་དེ་མཐར་ཐུག་གི་ས་བར་ཆད་མེད་ལམ་རྡོ་རྗེ་ལྟ་བུ་ཡི་སྦྱོར་བས་རྒྱུན་གཅོད་དོ། ༈ །དེས་ཀུན་ཏུ་འོད་ཐོབ་པ་ནི་རང་འདོད་རྟོགས་པའི་མཐར་ཐུག་གི་འབྲས་བུ་ཡིན། །དེས་ན་ངལ་བསོ་བའི་བསྟི་གནས་དེ་ལ་མོས་པ་རྣམས་དྲང་བའི་ས་ཡིན་ནོ། ས་ལམ་བགྲོད་དུ་མེད་པ་ལ་བགྲོད་པས་ཡེ་ཤེས་དེའི་དོན་མི་མཐོང་བས་གསང་། །བྱ་བརྩལ་མེད་པ་ལ་བརྩལ་བས་གྲུབ་པ་མེད། །བདག་དང་མི་མཐུན་ལོག་པ་བཞིན་ཏེ་མཐར་ཐུག་མིན་ནོ། ༈ །དེས་ན་འདུས་པའི་འཁོར་ཚོགས་ཁྱེད་ཀྱིས། །བརྩལ་མེད་ཆོས་ལ་བརྩལ་མི་བྱ། །བགྲོད་མེད་ཆོས་ལ་རང་བཞིན་ཞོག་ཅིག་པར་གདམས་པའོ། ༈ །རྒྱལ་བའི་ཝཱ་ཚིས་བདག་ལ་རྒྱས་བཏབ་ནས་བསྒོམས་པས་རྒྱལ་རྟགས་ཡེ་ཤེས་པ་བདག་ཉིད་དུ་མ་རྟོགས་པའི་ཕྱི་པས་མཐོང་བའི་ཀུན་རྫོབ་དོན་དམ་སྤྱིར་མཐུན་པས་མ་སྨོས་སོ་ནི། །མཐོ་འཇམ་དམའ་རྩུབ་གསུམ་དེ་བཞིན་པདྨ་རྡོ་རྗེའི་རིགས་དང་གསུམ་དུ་འདོད་དེ་དེ་ལྟར་དག་པས། །ཕྱི་ནང་རྫས་དག་པ་ཕྱི་དག་པ་ཁྲུས་དང་གཙང་སྦྲ་ནང་དག་པ་སྔགས་དང་ཕྱག་རྒྱ་རྫས་དག་པ་དཀར་གསུམ་མངའ་གསུམ་གསུམ་གྱི་སྒོར་ཞུགས་ནས་ཆོ་ག་ལྔ་བྱིན་རླབས་དྲུག་སྟེ་བཅུ་གཅིག་གིས་བསྐྱེད་པའི། དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་པ་རྗེ་བོ་དང་འབངས་ཀྱི་ཚུལ་དུ་ལྟ་བའོ། ༈ །རང་ས་མངོན་གྱུར་དུ་རྟོགས་པས་མ་ལུས་རྡོ་རྗེ་འཛིན་དུ་སྣང་བའི་ས། །རང་གིས་ངེས་པར་མཐོང་ཡང་དེ་ཉིད་བཅོས་མའི་ས་ཡིན་ལ། །ས་ཐོབ་ནས་རང་གིས་ཀྱང་རང་གི་སྐྱོན་མེ་ལོང་གི་ཚུལ་དུ་རྟོགས་ནས། ༈ །རིམ་པའམ་ཅིག་ཆར་གྱི་འཇུག་རིམ་གཉིས་གྱིས་མ་བཅོས་པའི་ས་ལ་འཇུག །རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་བསྟན་པས་དུས། །སྐད་ཅིག་ཉིད་ཀྱིས་རྫོགས་སངས་རྒྱས་པར། །གང་གིས་རྟོགས་པའི་དུས་ན་དུས་ཐམས་ཅད་དུ། །དེ་ཁོ་ན་ཉིད་རྟོགས་པའི་ཚོད་དུ་ལྡན་པ་ཡིན་ནོ། ༈ །གཞི་ཡེ་ནས་སྣོད་བཅུད་འབྲས་བུ་རྣམ་སྣང་དང་རྣམ་སྣང་ཆེན་པོར་རྒྱ་མ་ཆད་ཡིན་པའི་དོན། །ཀུན་རྫོབ་ཏུ་ཡན་ལག་དགུ་ཡིས་བསྐྱེད་པའི་དོན་དམ་མཐུན་དམ་ཚིག་པ་དང་ཡེ་ཤེས་སེམས་དཔའ་གྲོགས་པོ་དམ་པར་ལྟ་བ་ཡིས། ༈ །མཚན་མའི་ལྷ་སྐུ་དངོས་པོ་ཅི་གསལ་དུ་གོམས་པས་ཆུ་ཟླའི་ཚུལ་དུ་རིག་པ་སྣང་སྟོང་དབྱེར་མེད་དུ། །མཐོང་བས་མཚན་མ་ལྷ་གྲངས་ཀྱི་དགོངས་པའི་ངོ་བོ་དང་། །དེ་ཉིད་མཚན་མ་རང་རྒྱུད་པ་མེད་པར་གསལ་བར་བསྒོམས་པས། ༈ །སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔ་གྲུབ། །ཡེ་ཤེས་གཅིག་ལའང་གཟུགས་ཀྱི་སྐུ་རིགས་ལྔ་འབྱུང་བ་སྟེ་རིགས་པ་དང་ཡེ་ཤེས། ལྔ་ལྔར་ལྡན་པའང་ཏིང་ངེ་དེ་གཉིས་ཀྱི་རྣམ་སྣང་དང་ཆེན་པོར་གང་སྒོམ་པ་དེ་བཞིན་དུ་སྐུ་རེ་ལྡན་ནོ། །དེ་ཉིད་ལས་གདུལ་བྱའི་གྲངས་དང་མཐུན་པར་དལ་སོ་སོར་སྤྲུལ་པ་སྟེ། །གདུལ་བྱ་དེ་ཡི་རྒྱུད་ལའང་བྱིན་གྱིས་བརླབས་ཏེ། །དེ་ལ་སྤྲུལ་པ་གྲངས་ལས་འདས་པ་བསམ་གྱིས་མི་ཁྱབ་པ་དེ། །སྐལ་ལྡན་རྣམས་ཀྱི་སེམས་ལ་འབྲས་བུ་སྣང་བའོ། ༈ །ཡོ་ག་རང་འདོད་བསམ་པ་ཡིས། །མཐར་ཐུག་འབྲས་བུ་ཡོད་འདོད་ཀྱང་། །དེ་དག་ཀྱང་རྩོལ་བའི་འབྲས་བུ་དྲང་དོན་ཡིན་གྱིས་ངེས་དོན་མིན་པས་དེ་ལ་ཞེན་ན་ཕྱོགས་འཛིན་གྱིས་སླད་པས། །མ་བཅོས་ཇི་བཞིན་ཉིད་མ་རྟོགས་པས་ན། ༈ །ཐམས་ཅད་ཆོས་ཉིད་རང་སྣང་མ་དུ་ཤར་བས་ཤེས་པས་གསུམ་ལས་བཅོས་པ་དེ་ཡུལ་དུ་བྱས་ནས་ནི་ལམ་དམ་པ་ལ། འཇུག་པ་འི་འཇུག་རིམ་གཉིས་གྱིས་འཇུག་པ་སྔ་མ་བྱ་བ་རྒྱུད་དུ་བསྟན་པ་བཞིན། །བླ་མས་བརྡའ་དོན་སྤྲད་པ་དེ་གདམས་ངག་ཐོབ་པས་རྒྱལ་བའི་གྲལ་དུ་བཞག་པའོ། ༈ །བྱ་བའི་ཐེག་པའི་སྤྱོད་པ་དག་ལ་སྒོ་གསུམ་གིས་གནས་ཏེ་སྤྱོད། །ཡོ་གའི་ཐེག་པ་ལྟར་བྱིན་རླབས་ལྷར་སྣང་བའི་བརྒྱུད་༼༡༽ པའི་ལྟ་༼༢༽ བར་འདོད། །བྱ་བ་ལྟར་རྩོལ་བས་འཇུག་པ་དང་ལྟ་སྤྱོད་གོང་འོག་གཉིས་ག་ཁས་ལེན། །ཏིང་འཛིན་ཡོ་གའི་སྤྱོད་པ་འམ་འདིར་ལྷ་༼༡༽ སྔགས་༼༡༽ ཡི་༼༡༽ གེ། རྒྱའི་དེ་༼༡༡༡༡༽ ཁོ་ན་ཉིད་བཞི་ལས་གང་གནས་པ། དེ་ཉིད་འབྲས་བུ་ལམ་དུ་གྱུར་པས་འཇུག་པ་སྟེ། །རང་འདོད་རྟོགས་པའི་ས་མཐར་ཐུག་ཡིན་པར་འདོད་ཡང་། །མ་བཅོས་ཐ་མའི་ས་མ་རྟོགས་ཏེ་འདུས་བྱས་མཚན་མའི་འབྲས་བུ་ཡིན་པས། །སྨིན་ཀྱང་མཐར་ཐུག་གི་འབྲས་བུ་མི་འབྱུང་སྟེ། །བིམ་པ་ར་ཡི་འབྲས་བུ་བཞིན་ནོ། ༈ །ཆོ་ག་ལྔ་གསུམ་གྱིས་བསྐྱེད་པ་གཙོར་བྱེད་པའི་མ་ཧཱ་ཡོ་ག་ནི། །ཕྱི་པ་ལྟར་རྣམ་པ་མ་སྒོམས་ཀྱི་གཞི་ཡེ་ནས་འབྲས་བུའི་ངོ་བོ་ཉིད་ཡིན་པས་དེ་བཞིན་དུ་ལམ་དུ་བྱེད་པ་ཏེ། །ཕྱི་རྒྱུད་ལྟར་ཐ་མལ་གྱི་གཙང་སྨེ་ལ་བླངས་དོར་མེད་དེ་མཉམ་པར་རྟོགས་པས་ཤ་ལྔ་དང་དམ་རྫས་ལྔ་ལ་ལམ་དུ་འདོད། །གཞི་ནས་འབྲས་བུ་ཡིན་པའི་དོན། །བསྐྱེད་པའི་ལྷ་རིམ་པས་རྩོལ་བ་དང་བཅས་པ་དང་། །རྫོགས་པའི་རིམ་པ་སྟོང་པ་རྩ་ཐིག་ལེ་སྒོ་གསུམ་བདེ་སྟོང་དབྱེར་མེད་ལ་བརྟེན་པས་གྲུབ་པ་ཡིན། །ལམ་གཉིས་ནི་ཤེས་རབ་གསུམ་གྱིས་གྲོལ་བ་དང་ཐབས་ཡིན་དབང་དང་གདམས་ངག་ལ་བརྟེན་པ་གཉིས་ཏེ། །དེ་གཉིས་རེ་རེ་ལའང་བསྐྱེད་དང་རྫོགས་པ་སྟེ། །གྲོལ་ལམ་ལའང་བཞི་བསྐྱེད་པའི་སྐྱེད་པ་ལྷ་ཆོ་ག་ལྔ་གསུམ་གྱིས་བསྐྱེད་པ་དང་། བསྐྱེད་པའི་རྫོགས་པ་སྔགས་བརྗོད་པ་དང་དུས་གཅིག་བསྐྱེད་པ་དང་། རྫོགས་པའི་བསྐྱེད་པ་དལ་བསྡུས་ཏེ་སྟོང་པར་བསྒོམས་པ་དང་། རྫོགས་པའི་རྫོགས་པ་ནི་ཡེ་ནས་དག་མཉམ་དུ་གནས་པའི་དོན་རྟོགས་ནས་རྩོལ་མེད་དུ་འཇོག་པའོ། ༈ །ཐབས་ལམ་ལ་ནང་ནང་གི་སྐྱེད་པའི་སྐྱེད་རིམ་ནི་ལྷའི་ལུས་ལ་འཁོར་ལོ་བཞིའི་རྩ་དང་ཐིག་ལེ་སྒོམ་པའི་རིམ་པ་ལས་བྱུང་བ་དང་། སྐྱེད་པའི་རྫོགས་པ་ཐིག་ལེ་དེ་ཉིད་ཉམས་སམ་ལྟ་བའི་རིམ་པས་རང་བཞིན་ཞུ་ནས་ཐིག་ལེ་ཆེན་པོར་གསལ་བ་དང་། རྫོགས་པའི་སྐྱེད་ཐབས་དེ་དག་གོམས་པས་ལུས་སེམས་བདེ་བ་ཆེན་པོའི་ཉམས་རྟགས་མངོན་དུ་སྣང་བ་དང་། རྫོགས་པའི་རྫོགས་པ་མཐར་ཕྱིན་པས་འབད་རྩོལ་མི་དགོས་པར་གདགས་སྐྱེད་ཐམས་ཅད་དང་བྲལ་བའོ། །དང་གསང་ཡབ་ཡུམ་ལྷར་བསྐྱེད་ལ་བྱིན་གྱིས་བརླབ་རྒྱན་གདགས་སྦྱོར་བའི་བརྡ་བསྐུལ་བ་དང་། དབང་པོ་སྦྱར་ཞིང་བྱང་སེམས་བཟུང་བ་ལས་སྐྱེས་པ་དང་། བཟློག་པའི་བདེ་ཆེན་མྱོང་བ་ལས་གོམས་པ་དང་། རྟེན་དང་བྲལ་བས་ཉམས་སུ་མྱོང་བ་ཉིད་གོམས་པས་མཐར་ཕྱིན་པ་དང་བཞིའོ། །བ་འོག་སྒོ་གཉིས་སྟེ། །དེ་གཉིས་རེ་རེ་ལའང་བཞི་བཞི་བརྒྱད་དུ་ལྡན་པ་དང་གྲོལ་ལམ་ལ་བཞི་སྟེ། །བཞི་གསུམ་བཅུ་གཉིས་དག་ཏུ་ཤེས་པར་བྱ། ༈ །རྟོགས་པའི་ལྟ་བ་དང་ལམ་སོ་སོའི་སྤྱོད་པ་དང་དཀྱིལ་འཁོར་བདུན་ལ་སོགས་པ་དང་དབང་ལྔ་དང་དམ་ཚིག་གི་རྩ་བ་དང་ཡན་ལག་དང་། །མཆོག་ཐུན་མོང་གི་སྒྲུབ་པ་དང་འཕྲིན་ལས་བཞི་དང་རྒྱུད་དོན་བདུན་གྱི་ལས་རིམ་ནི། །ཕྱི་གྲོལ་ལམ་དང་ནང་སྟེང་སྒོ་དང་གསང་བ་འོག་སྒོ་སྟེ་རྒྱུད་སྡེ་སོ་སོའི་དགོངས་པ་བདུན་ཚན་གསུམ་མོ། །རང་བཞིན་གྱིས་འགྲོ་བ་ཀུན་ལ་གནས་པ་གཞིའི་རྒྱུད་དང་རྩོལ་བས་འཇུག་པ་ལམ་གྱི་རྒྱུད་དང་། །ཤུགས་ལ་མཐར་ཕྱིན་འབྲས་བུའི་རྒྱུད་དྲངས་པས་རྒྱུད་ཀྱི་ངོ་བོ་གསུམ་དུ་བསྟན་ནོ། ༈ །འཇུག་པ་དང་པོ་པ་ཆོ་གས་བསྐྱེད་པའི་ལྷའི་ཏིང་ངེ་འཛིན་ལས་སུ་རུང་བར་སྒོམ་པ་ནི། །བསྐྱེད་པའི་བཤད་པ་ལྟར་རྫོགས་པའི་བསྐྱེད། །བློ་ཆེ་ཆུང་གི་སྐབས་དང་སྦྱར་བས་བློ་དང་གང་འཚམས་པ་དེ་བཞིན་དུ་བསྒོམ། །དངོས་གྲུབ་གཉིས་རང་རིག་པའི་རླབས་མ་འདྲེས་ལ་དེར་རོ་གཅིག་པས་རྒྱ་མཚོ་ལྟ་བུ་ནི། །རྒྱུད་བཙིངས་པ་ཐོབས་དང་རྟོགས་པས་གྲོལ་བའི་ཡོན་ཏན་གྱི་དཀྱིལ་འཁོར་དཔག་མེད་ཡོངས་སུ་རྫོགས་པས། །དུས་ལ་མི་ལྟོས་པས་དེ་མ་ཐག་ཏུ་ཚིགས་མེད་པར་ལྷུན་གྱིས་གྲུབ་པའོ། ༈ །ལུས་ཀྱི་ནང་གི་རྩ་རླུང་ཐིག་ལེའི་ལམ་ལ་གང་དག་འཇུག་པ། །ཏིང་ངེས་བསྐྱེད་པའི་རྩ་བའི་མེ་བཞིའི་དཀྱིལ་འཁོར་དང་ལྔ་ལ་གདམས་ངག་གི་རིམ་པས་འཇུག །བདེ་བ་དེ་ཉིད་རང་ལ་རྫོགས་པས་རང་ལུས་དེ་ཉིད་ཀྱི་བདེ་བ་སྨིན་པའོ། ༈ །ལྟེ་བའི་སོར་བཞིའི་འོག་ན་གསང་བའི་ཕོ་བྲང་རྩའི་མདུད་པ་གསུམ། །དབྱིབས་གྲུ་གསུམ་གཏུམ་མོ་མེའི་དཀྱིལ་འཁོར་ལོས་ཉམས་བདེ་ཞིང་དགའ་བ་བསྐྱེད་པས་འབྲས་མིང་རྒྱུ་ལ་བཏགས་པའོ། །དེ་ཡང་བདེ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་དང་པོ་ཡིན་ནོ། ༈ །སྤྲུལ་པའི་སྐུའི་ངོ་བོ་ཉིད་རྩ་འདབ་དྲུག་ཅུ་རྩ་བཞི་པོ་དེ་དང་ལྟེ་བ་ན་ལྡན། །དེའི་དབུས་སུ་ཨ་ཐུང་དུ་ཡི་རང་བཞིན་གྱིས་གནས་པ་ཆོས་ཉིད་ཡིན་ཏེ། །དེའི་ཕྱི་རིམ་ན་རྩ་དབྱིབས་ཆུའི་འཁོར་ལོ་ལྟ་བུ་བཞི་དང་སྐོར་བརྒྱད་དུ་ལྡན་ནོ། ༈ །གསང་ཐིགས་ཀྱི་འགྲེལ་པ་ལྟར་མཆན་གདབ་སྟེ། ༈ །ཆོས་ཀྱི་འཁོར་ལོ་དག་ལ་བརྒྱད། །དེའི་དཀྱིལ་ན་དངས་མ་ཆེན་པོ་རྩ་ཁྲག་དབུགས་གསུམ་ཡོད་པ་དག་དེའི་དཀྱིལ་ན་སྟེ། །ལྔ་ཡོད་པ་དེའི་དབུས་ན་ཐིག་ལེ་ཆེན་པོ་བྱང་ཆུབ་ཀྱི་སེམས་བཞུགས་སོ། །སྙིང་ཁོང་སྟོང་གི་དཀྱིལ་ན་རྩའི་དངས་མ་རྩ་བྲན་རྒྱུས་པ་ནད་མ་འདྲ་བ་བརྒྱད་ལ་ཆོས་ཉིད་ཀྱི་རྩ་གསུམ་དང་ཡེ་ཤེས་ཀྱི་རྩ་གཅིག །རང་རྒྱུད་ཀྱི་རྩ་གསུམ་དག་དང་ཡོན་ཏན་གྱི་རྩ་གཅིག་དང་དེ་ལྟར་བརྒྱད་ཏུ་ཤེས་པར་བྱ། །དེ་ཉིད་ཅི་འདྲར་སེམས་པ་ནི། །ཆོས་ཉིད་ཀྱི་རྩ་ལ་འོད་ཟེར་སེར་པོ་གཅིག་གནས་ཏེ། །དེའི་དབྱིབས་ཟླུམ་པོའི་ཚུལ་དངུལ་ཞུན་མ་ལ་གཞོན་མར་གྱི་ཟོལ་སོང་བ་བཞིན་ནོ། །ས་བོན་ནི་ལྷ་མིན་སུ་བྱོལ་སོང་ཏྲི་སྙིང་པོ་ནི་ༀ། །དེ་དག་གསུམ་གྱི་ཁ་དོག་ནི། །ཟ་འོག་གི་གུར་ཕུབ་པ་ལྟར་བུར་གནས་པའོ། །ཡེ་ཤེས་རྩ་ལ་འོད་མཐིང་ཀ་གཅིག་གནས་སོ། །དབྱིབས་གྲུ་བཞི་ཞགས་པ་བསྡོགས་པའམ་སྦྲུལ་འཁྱིལ་པ་འདྲ་ཚུལ་ལེ་བརྒན་ལྕེ་ལ་ཤེལ་སྒོང་བརྒྱུས་པ་འདྲ། །ས་བོན་ལྷ་ཨ་མི་ནྲི་སྙིང་པོ་ཧཱུྃ། །རང་རྒྱུད་ཀྱི་རྩ་ལ་འོད་དམར་པོ་གཅིག་གནས་ཅི་འདྲ་ན་དབྱིབས་ཟླ་གམ་འདྲ། །ཚུལ་ནི་སོས་ཀའི་ཆུ་ལ་སྨྱིགས་རྒྱུ་བའམ་རྩི་སྐྱིའི་ཁ་ལ་ཟིལ་པ་ཆགས་པ་འདྲ་ཁ་དོག་ཟངས་མ་བཞུ་བ་ལ་ར་གན་གྱིས་རྩི་སོང་བ་འདྲ་བའི་དཔེ་ཡིས་ཤེས་པར་བྱ། །ས་བོན་ཡི་དྭགས་པྲེ་དུ་དམྱལ་བ་སྙིང་པོ་ཨཱྂ། །དེ་ཡང་མ་རྟོགས་པའི་དུས་ན་འཁོར་བའི་རྒྱུ་སྟེ་ས་བོན་ཨ་ནྲི་ལ་སོགས་པའོ། །རྟོག་པས་འི་དུས་ན་ཡེ་ཤེས་ཏེ་སྐུ་གསུང་ཐུགས་ཀྱི་སྙིང་པོའོ། །དེ་གཉིས་གཉིས་སུ་མེད་པས་རང་འདྲེས་པ། བྱང་ཆུབ་སེམས་ལ་གནས་པའི་ཚུལ་གོང་མ་དང་འདྲ་བས་བསྲེས་པ་ཡིན་ཞེས་བྱའོ། །ཆོས་ཉིད་ཡེ་ཤེས་རང་རྒྱུད་ཡོན་ཏན་རྩ་བཞིའི་བྱེ་བྲག་ནི་འོད་སེར་པོ་མཐིང་ཁ། དམར་པོ། དམར་ནག །བཞི་རུ་གནས་པ་ནི། །རིམ་པ་ཀུན་གཞི་རྣམ་ཤེས་ཡིད་ཉོན་ཡིད། སྒོ་ལྔའི། བརྒྱད་ཀྱི་རྟེན་མ་སྟེ་འོད་སེར། མཐིང་ཁ་དམར་དམར་ནག་ལ་རིམ་པར། རྩ་དབུགས་ཁྲག་གི་སྒོ་ལྔའི། རྒྱུ་བ་བཞི་ཡིས་ཤེས་པར་བྱའོ། །དབུགས། རྩ་ཁྲག་གི་སྙིགས་མ་གསུམ་ལ་ཨ་ནྲི་སུ་ཏྲི་པྲེ་དུ་སྟེ་ས་བོན་གཉིས་གཉིས་སུ་རྒྱུའོ། །དེ་ཡང་ལྷ་མིར་སྐྱེ་བའི་ཁ་འཛིན་ཡིད་ཀྱིས་བྱས་ནས་ས་བོན་ཨ་ནྲི་ལ་བག་ཆགས་སོགས་བྱོལ་སོང་ལྷ་མིན་ཀུན་གཞི་སུ་ཏྲི་ཡི་དྭགས་དམྱལ་བ་སྒོ་ལྔ་ཉོན་ཡིད་པྲེ་དུ་ལ་སོགས་པས་རྣམ་ཤེས་བརྒྱད་འགྲོ་དྲུག་གི་ཚུལ་དང་མཐུན་ཏེ་འདི་ལྟར་སེམས་ཅན་ལ་རང་རྒྱུད་དུ་གནས་སོ། །གང་གིས་བདེ་བ་གང་རྟེན་སྡུད་གཡོ་སྨིན་གོ་འབྱེད་པར་བྱེད་པས་དེ་བཞིན་དུ་ཡིན་ནོ། ༈ །ཐིག་ལེ་བྱང་ཆུབ་ཀྱི་རང་བཞིན་དེ་ཡི་ངང་ལ་རྟག་ཏུ་བསྒོམས་པས་གནས་ནས། །བདེ་བའི་རྟགས་སངས་རྒྱས་ཀྱི་ཡེ་ཤེས་རྣམས་འབྱུང་སྟེ་ནམ་མཁའི་གཟུགས་སུ་སྐྱེ་སྟེ་ཁམས་གསུམ་ཐམས་ཅད་ཐ་དད་མ་ཡིན་བར་འགྱུར་ཏེ། །རྩ་ཁྲག་དབུགས་དྲོད་ཐིག་ལེའི་དངས་མ་དག་ཡུལ་ལྔ་ཡེ་ཤེས་ལྔར་སྦྱར། གཡོ་ཞིང་འཕར་ན་རྩོལ་བ་གློད། །ནམ་ཞིག་དེ་ལྟར་ཐིག་ལེ་བྱང་ཆུབ་ཀྱི་སེམས་བར་ལས་སུ་རུང་སྟེ་འོད་ཅན་དུ་གསལ་གྱུར་ཙམ་ན། །གོང་གི་སྙིང་པོ་གསུམ་གྱི་གོང་དང་འོག་གི་ས་བོན་དྲུག་གནས་པ། །ཡེ་ཤེས་ཀྱི་རང་བཞིན་གྱི་འོད་དུ་འབར་ཏེ་ཐིགས་པ་ལ་རང་བཞིན་མེད་པར་འགྲོ། །ཐིག་ལེའི་རང་བཞིན་མེད་པར་ཐིམ་པས་རྩ་ཁྲག་དབུགས་དྲོད་སྔ་མ་ཕྱི་མ་གནས་ཏེ། རྒྱུ་བ་རྣམས་རིམ་གྱིས་ཇེ་ཕྲ་ཇེ་ཕྲ་ལ་འོད་དུ་འབར་ཏེ་གནས། །དེ་ལྟར་དབུགས་ལ་སོགས་པ་བཞི་འོད་དུ་འབར་བས་རང་བཞིན་མེད་པར་འགྱུར་ཏེ་ནམ་མཁའི་གཟུགས་སུ་གནས་ཙམ་ན། །ཁམས་གསུམ་སོ་སོ་མ་ཡིན་པ་ཡེ་ཤེས་ལྷུན་གྱིས་གྲུབ་རྩ་བུག་ནམ་མཁའ་འི་གཟུགས་ལྟར་སྣང་བ་འབྱུང་བ་ན། །དེ་ཉིད་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཁྱབ་བདལ་ཀུན་ཏུ་བཟང་པོ་ཉིད་ཡིན་ཏེ་ཆོས་ཀྱི་སྐུའོ། །དེས་ན་ཆོས་དབྱིངས་གསལ་བའི་གོ་སྐབས་འབྱེད་ཅེས་བྱའོ། ༈ །གསང་བའི་ཤེས་རབ་ནི་ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་གྱི་ཐིག་ལེ་དེ་ཆོས་ཀྱི་དབྱིངས་ཡིན། །གང་ན་གནས་ན་ལྟེ་བ་ན་རྩ་གཉིས་དང་དྲུག་ཅུའི་དཀྱིལ་ན་ཉི་མ་ལ་བཞུགས་སོ། །ཐིག་ལེ་ལས་བྱུང་བ་ཐམས་ཅད་ཐབས་ཡབ་ཐིག་ལེ་རང་བཞིན་མེད་པར་ཤེས་རབ་ཡུམ་དེ་ལྟར་ཤེས་རབ་དང་ཐབས་དབྱེར་མེད་པ་ཐིག་ལེ་ལ་སྙོམས་པར་འཇུག་ལ་ཐིག་ལེ་དེ་ལས་ཁམས་གསུམ་ཐམས་ཅད་འབྱུང་སྟེ་དེ། ཐམས་ཅད་ཞི་གཉིས་སུ་རྒྱས་གདབ་པའི་དཀྱིལ་འཁོར་དུ་གྱུར་ལ་དེ་ཐིག་ལེ་ཆོས་ཀྱི་དབྱིངས་དེ་ཡིན་ནོ། །དེ་ལ་ཡེ་ཤེས་ལྔ་ཡི་རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པས་བལྟ། །གོང་གི་དྭངས་མ་ཆེན་པོའི་དྲོད་མར་འཕྲོ་དང་འབར་བ་དེ་སྟེང་འོག་ཏུ་ཐིམ་ལ་དེའི་འོད་སྙིང་དངས་མ་ཆེན་པོ་ལ་ཐིམ་པའི་དྲོད་དེས། །སྟེང་གི་སྙིང་པོའི་ཐིག་ལེ་འོད་དུ་འབར་བར་བསྐུལ་བར་བྱས་པས་དབུགས་ཀྱི་དངས་མ་འོད་དུ་འབར་ནས་ཐིགས་པ་འོད་ཅན་དུ་གྱུར་ནས་དབུགས་ཀྱི་གཞི་མེད་དེ་ཇེ་ཞན་ལ་རྒྱུ་བ་མེད་པས་འབྲས་བུ་རྒྱུ་བ་མེད་དེ། བདེ་བ་ཆེན་པོའི་ར་གནས་པ་མཆོད་པ་ཡིན་ནོ། ༈ །དྭངས་མ་ཆེན་པོ་དེའི་འོད་དེས་མགྲིན་པའི་ཐིག་ལེ་ལ་མཉམ་པར་སྦྱོར་ཏེ་ཐིམ་པས། །དེ་གང་ལ་བཞུགས་ན་རྩ་དྲུག་དང་བཅུ་ཡི་དཀྱིལ་དུ་པདྨའི་གེ་སར་ལ་བཞུགས་པ་སྟེ། །དེ་ལ་འོག་གི་དྲོད་ཀྱིས་བསྐུལ་བས་འོད་དུ་འབར་ཏེ་དགྱེས་པ་ཆེན་པོའི་རོ་དེ་ཡིས་ནི། །ལྷུན་གྲུབ་དེ་ལས་མི་གཡོ་བས་བདེ་བ་ཆེན་པོ་སྟོབས་པར་བྱེད་ཅེས་བྱའོ། ༈ །ཤེས་བྱ་ཡུལ་དང་གཟུང་བ་རྟོག་པ་ཟད་པ་ནི་ཐིག་ལེ་འོད་ཅན་ཡིན་པས་རྣམ་རྟོག་ཟད་པའི་ཡེ་ཤེས་ཞེས་དེ་ལ་བྱའོ། །དེའི་བསོད་ནམས་ཀྱིས། །ཡུལ་ཐིག་ལེ་དེ་རྣམས་རང་བཞིན་མེད་དེ་སྒྱུ་མར་རང་སྣང་བ་སྟེ་བདེ་བ་དེའི་འོད་ནི། །རོལ་མོ་སྟེ་དེའི་བདེ་བ་ཐ་དག་གིས། །བདེ་བ་ཆེན་པོའི་གནས་ན་འབེན་ཐིག་ལེ་བཞུགས་པ་ལ་ཕོག་གོ། །རྩ་སུམ་ཅུ་གཉིས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་ན་ནམ་མཁར་སོང་བའི་དཀྱིལ་ན། །ཟླ་བ་ལ་ཐིག་ལེ་བྱང་ཆུབ་ཀྱི་སེམས་དེ་ཡི་མཉམ་པའི་དབྱིངས་སུ་གནས་སོ། ༈ །ཐིག་ལེ་ནི་སངས་རྒྱས་ཀུན་གྱི་དངོས་པོ་ཡང་དེ་ཡིན་ལ་དེ་ནི་ཀུན་གྱི་གཙོ་བོ་ཆོས་ཀྱི་སྐུ་ཕྱོགས། །བཅུ་དང་དུས་བཞིར་ནི་དཀྱིལ་འཁོར་དུ་མངོན་པར་རྫོགས་པ་ཡང་དེ་ཡིན་པས། །སྐུ་གསུང་ཐུགས་གསུམ་དང་ཡོན་ཏན་ཕྲིན་ལས་གཉིས་སུའང་ཐིགས་པ་དེ་ཡང་དག་པར་གནས་པ་ཡིན། །འོན་ཀྱང་མགྲིན་པའི་ཐིག་ལེའི་འོད་བདེ་བ་ཆེན་པོའི་ཐིག་ལེ་ལ་ཕོག་པས་འོད་དུ་ཞུ་ནས་སྤྱི་ལུགས་སུ་གྱུར་པས་བདེ་ཆེན་གྱི་རིང་དུ་གྱུར་ཏེ་ཁམས་གསུམ་ཐམས་ཅད་དབྱེར་མེད་དུ་གྱུར་ཏེ་ཡེ་ཤེས་ནམ་མཁའི་གཟུགས་སུ་སྐྱེས་ཏེ་ཆོས་སྐུ་གྱུར་པ་ནི། ཀུན་ཀྱང་ངོ་བོར་བདག་ཉིད་གནས་པ་སྟེ་དེ་ལྟར་གྱུར་ནས་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་གཅིག་མཐོང་བའོ། ༈ །སྐལ་མེད་པ་གསང་བའི་ཐབས་ཀྱི་ལམ་ལ་འཇུག་ཅིང་གང་གནས་པ་ནི་རྟེན་ཅན་གྱི་བདེ་བས་རང་རིག་བདེ་ཆེན་དེ། །མཚོན་པར་བྱེད་པ་རིག་མའི་ལས་དང་ཏིང་ངེ་དང་ཡེ་ཤེས་ཀྱི་ལྷ་མོ་ལ་རོལ་པ་ལས་བྱུང་བ་བདེ་བ་ཡིས། །རིང་ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས་པའི། །བདེ་བ་ཡེ་ཤེས་གསལ་ལ་མི་རྟོག་སྟོང་པ་གཉིས་ཟུང་དུ་འཇུག་པ། ༈ །རྡོ་རྗེ་འཛིན་པའི་ས་ཐོབ་པ་ཡིན་ཡང་། །དེ་ཡིས་མཐར་ཐུག་གི་དོན་རྣམས་མི་མཐོང་སྟེ། །དཔེར་ན་རྒྱལ་པོ་དང་དེ་ཡི་ཆ་མི་འདྲ་བ་བཞིན་ནོ། །རྣམ་པར་ཤེས་པ་དབང་པོ་ལ་སོགས་པའི་རྐྱེན་བཞིན་བསྐྱེད་པའི་བློ་བུར་དུ་བྱུང་བས། །རང་གནས་རང་བྱུང་གི་ཡེ་ཤེས་ཉིད་དེས་མི་རྟོགས་ཏེ། །ཞེ་ལ་འཛིན་ཅིང་བརྟགས་པས་རང་རིག་ཡེ་ནས་གནས་པའི་དོན་མི་རྟོགས་པ་བཞིན་དུ། །ལྷ་དང་བདེ་བ་ལ་སོགས་པ་ལ་དངོས་པོར་འཛིན་པ་ལ་བརྟགས་ཤིང་ཞེན་པའི་རང་རིག་གིས། །ཡེ་ནས་མ་བཅོས་པའི་ལྷུན་གྲུབ་དེ་ཁོ་ནའི་རང་རིག་ཆེན་པོའི་དོན་མི་མཐོང་ངོ་། །རང་གི་མཐར་ཐུག་གི་ས་ཡི་གེ་འཁོར་ལོ་ཐོབ་ནས་མ་བཅོས་པའི་ས་ལ་བཅོས་མའི་ས། །སྔ་མ་བཤད་པ་བཞིན་ཏེ་རིམ་ཅིག་ཅར་གྱིས་འཇུག་པ་འདྲ་སྟེ་རྒྱལ་ཐབས་ཀྱིས་མཐར་ཕྱིན་པའོ། ༈ །རྒྱུ་འབྲས་ཅན་གྱི་ཐེག་པ་ཐམས་ཅད་མཐར་ཕྱིན་པ་ཨ་ནུ་ཡོ་ག་ཡང་། །རང་བཞིན་གྱི་སྣང་བ་ནི་ཆོས་ཀྱི་དབྱིངས་དང་རིག་པའི་ཡེ་ཤེས་དབྱེར་མེད་པའི་བདེ་བ་ཆེན་པོ་ཡིན་ལ། །འཁྲུལ་པའི་སྣང་བ་དང་གདུལ་བྱའི་འཁོར་གྱི་སྣང་བ་དང་གཉིས་ནི་རང་བཞིན་དང་ལམ་སྣ་ཚོགས་སུ་འཁྲུལ་པས་རང་རྒྱུད་པའོ། །བདེ་གཤེགས་ཀྱི་སྣང་བ་ནི་ཆོས་ཀྱི་དབྱིངས་ཇི་བཞིན་པ་ཉིད་དུ་མ་བཅོས་པར་གསལ་ཞིང་ཐུགས་སུ་ཆུད་པའོ། །དེ་ཡང་རང་བཞིན་སྣང་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་བའི་གཞིར་ཡེ་ནས་གནས་པའོ། །བདེ་གཤེགས་ཀྱི་སྣང་བ་ནི་ལམ་གྱི་མངོན་དུ་བྱས་པའི་འབྲས་བུ་ཡིན་ནོ། །གདུལ་བྱ་འཁོར་གྱི་སྣང་བ་ནི་བསྟན་པ་བློ་དང་འཚམ་པར་སྣང་ཞིང་འཇུག་པ་ལམ་པ་སྟེ། ༈ །ལམ་དེ་ལ་ཕྱི་ལྷའི་བསྐྱེད་རིམ་ནང་རྩ་རླུང་ཐིག་ལེ་གསང་བ་དབང་དང་རེག་མ་རྟེན་པ་གསུམ། །དེ་བཞིན་ཉིད་ལ་ཅིག་ཅར་འཇུག་པ་དང་རྣལ་འབྱོར་ལྟ་སྤྱོད་ཀྱི་རིམ་པའང་མ་ཧཱ་དང་དེ་བཞིན་དུ་མཐུན་ནོ། །རིམ་པ་འཇུག་པའི་ཚུལ་གྱིས་ནི། །རིག་པའི་རྩལ་ཡེ་ཤེས་སྒྱུ་མའི་སྐུར་བསྐྱེད་པ་རྐྱེན་གྱིས་མི་འཕྲོགས་པར་བརྟན་པར་གྱུར་ནས་ནི། །ལྷ་རྫོགས་པའི་ཚུལ་དུ་བསྒོམས་པ་དང་དོན་ཆོས་ཉིད་མི་རྟོག་པ་ལ་འང་འཇུག་པར་བྱའོ། །མོས་རང་རང་གི་མོས་པ་ཐ་དད་པས་ནང་འཁོར་ལོ་ལྔའི་བདེ་བ་ཡང་མ་ཧཱའི་སྐབས་སུ་བསྟན་པ་དེ་བཞིན་དུ་བསྒོམས་ཏེ། །གསང་བའི་རིག་མའི་བདེ་བས་རྟོགས་པ་དོན་དེ་ལ་དྲན་པས་བསྒོམ་མོ། ༈ །ལམ་དེ་དག་གི་འབྲས་བུ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས། །རང་གི་འདོད་པའི་རང་སའི་འབྲས་བུ་ཐོབ་མོད་ཀྱང་། །རྫོགས་ཆེན་མ་རྟོགས་པས་མཐར་ཐུག་གི་འབྲས་བུའི་དེ་ཡང་མ་ཡིན་ནོ། །དེས་ན་རྩོལ་བས་འདི་རྟོགས་པ་ལ་ངམ་ཨེ་མའོ་ཕྱོགས་མེད་ཀྱི་ཡེ་ཤེས་ཕྱོགས་འཛིན་གྱི་མི་རྟོགས་པས་གསང་བའི་མ་བཅོས་བླ་མ་ས་ནི་ཐེག་བརྒྱད། །རྩོལ་བའི་ཆུ་བོ་ཉེར་བཞིས་འཇུག་པའི་ལམ་གྱིས་ཐོབ་པ་མ་ཡིན་ནོ། ༈ །ལས་ཀྱི་དབང་གིས་འགྲོ་དྲུག་གི་སྣོད་བཅུད་སོ་སོར་ཞེན་པའི་སྣང་བ་མི་མཐུན་པར་ལ་རང་རྒྱུད་པར་འཐད་ཅིང་བདེན་པར་འཛིན་པ་དང་། །མུ་སྟེགས་པ་རང་རང་གི་བསམ་པས་རྟགས་ཆད་དུ་འཛིན་པས་དོན་ལས་ལོག་པ་དང་། །ཐེག་བརྒྱད་ཀྱིས་རང་རང་གི་ལུང་རིགས་ཀྱི་འདོད་པས་ཕྱོགས་མེད་ཀྱི་དབྱིངས་ལ་ཕྱོགས་རིས་སུ་བལྟས། །ཡེ་ཤེས་པ་ཕྱི་དང་དམ་ཚིག་པ་ནང་ན་མེད་པའི་ཐིག་ལེ་ཆེན་པོ་ལ་སྤྲོ་བསྡུ་ཆེད་དུ་བྱས། །ངོ་བོ་ཉིད་བསྟན་ཅིང་རྟག་ཏུ་མེད་པ་ལ་ས ོ་སོའི་གྲུབ་མཐའ་ངན་པས་དམིགས་འཛིན་བྱས། །འབྲས་བུ་རང་བྱུང་ག ི་ཡེ་ཤེས་ཉིད་ལ་ལམ་གྱི་རྒྱུ་ཡིས་བཙལ། །མ་བཅོས་པའི་ཆོས་ཉིད་མུ་བཞི་མཐའ་དྲུག་ཅི་ཡང་མ་ཡིན་པ་ལ། །མུ་མཐའ་ཅིར་ཡང་འཛིན་པའི་སེམས་ཀྱིས་ཕྱོགས་སུ་བརྟགས། །ལམ་གྱིས་བགྲོད་དུ་མེད་པའི་འབྲས་བུ་སྐུ་གསུམ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ། །ལམ་བརྒྱད་བགྲོད་པས་རང་ལ་བགྲོད་མེད་དུ་གནས་པ་མི་ཤེས་པས་བསླད་པའོ། །ཚུལ་དེས་ན་མ་བཅོས་དངོས་པོ་ལ། །རང་རང་གི་ལོག་རྟོག་འཛིན་པའི་བློ་ཡིས་ནི། །ཇི་ལྟར་བཟུང་ཞིང་དཔྱད་ཀྱང་གཏན་ལ་ཕེབས་པ་མ་ཡིན་པས། །བདག་ཉིད་ཆེན་པོ་ལ་བྱ་བྱེད་གཉིས་མེད་པས་མ་དཔྱད་པར་རང་བཞིན་བླ་མས་བསྟན་པའི་དོན་ལ་བཞག་པས་གོ། །དཔྱད་དུ་མེད་པའི་སེམས་ཉིད་ལ་དཔྱད་པས་ལམ་རིམ་ལས། དཔྱོད་པ་ཞུགས་ན་རྟོག་པའི་གཞི། ཞེས་བཞི་དྲང་། ན། །དོན་རྟོགས་པ་མ་ཡིན་པར་ལོག་སྟེ་དུང་དཀར་ལས་ཟླ་གཅིག་ལས་གཞན་གཉིས་སུ་ལྟ་བ་བཞིན་ནོ། །ཅེས་གསུངས་སོ། ༈ །ཡེ་ཤེས་གསང་བའི་རྒྱུད་ལས་ཡུལ་གང་ཞེན་ལོག་རྩོལ་བ་ལ་གསང་བའི་དོན་བསྟན་པའི་ལེའུ་སྟེ་བཞི་པའོ།། ༈ །།གསང་བ་རྟོགས་བྱེད་ཀྱི་ཐབས་སྟོན་པས་དེ་ནས་ཞེའོ་གང་གིས་སེམས་དཔའ་རྡོ་རྗེས་གང་བས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་ཇི་ལྟར་འདི་སྐད་ཅེས་གསོལ་ཏོ། །ཐུགས་རྗེའི་བདག་པོས་ཁྱེད་ཀྱི་སྔར་གསུངས་པས་ན། །འཁོར་དུ་འདུས་པའི་ཚོགས་རྣམས་ཀྱིས་རྟོགས་པ་ནི། །གང་བདག་པའི་ངོ་བོ་སེམས་ཀྱི་རང་བཞིན་ཕྱོགས་བྲལ་ཡེ་ནས་ཀུན་ཁྱབ་ཏུ་གནས་པ་ལ། །རང་རང་གི་མཐོང་སྣང་ལ་ཞེན་པ་རིགས་དྲུག་རང་དོན་ལ་ལོག་པ་རྟག་ཆད་རྒྱང་ཕན་གསུམ་དང་རང་འདོད་པའི་དོན་ལ་སྒོ་གྱི་རྩོལ་བ་ཐེག་པ་བརྒྱད་ཀྱིས། །དེ་ཁོ་ན་ཉིད་སེམས་ཀྱི་རང་བཞིན་མི་རྟོགས་ཏེ་གསང་བར་གསུངས། །སྟོན་པ་སྐུ་གསུམ་ལ་ཕྱོགས་རིས་ཀྱི་ངོས་བཟུང་མེད་པས་བསྟན་བྱ་སྟོན་བྱེད་ཀྱི་ཐ་སྙད་ལས་གྲོལ་བས་གསང་། །འཁོར་གསུམ་པོ་ཐམས་ཅད་ཀུན་ལ་གསང་བས་ན། །དེ་ཉིད་དེ་དག་ལས་ཁྱད་པར་དུ་གྱུར་པའི་ཐབས་གང་གིས་དོན་དེ་ཤེས་པར་འགྱུར། །གང་གིས་ཀྱང་མི་རྟོགས་ན་གསུང་གི་མངའ་བདག་རྣམ་སྣང་ཁྱེད་ཀྱིས་ཀྱང་། །ཀུན་ལ་གསང་བ་དེ་ཇི་ལྟར་རྟོགས། །ཞེས་གསོལ་ཏོ། །དེ་ནས་གསུང་གི་མངའ་བདག་གིས་བཀའ་སྩལ་པ། ༈ །རྫོགས་ཆེན་མ་བཅོས་པའི་ཐེག་པ་ཆེན་པོ་སེམས་ཀྱི་རང་བཞིན་དེ་ལ། །བརྗོད་པའི་སྒྲ་དང་བཏགས་པའི་ཐ་སྙད་ཀུན་ལས་འདས་ཏེ་བརྗོད་པ་དང་བྲལ་ཀྱང་། །བརྗོད་པ་ཀུན་གྱི་ངོ་བོར་ཤར་བས་སྣོད་ལྡན་དེ་ཁོ་ན་ཉིད་མ་བཅོས་པའི་དོན་རྟོགས་པར་འདོད་པ་ཡིས། །ཐུན་མོང་མ་ཡིན་པའི་གཏན་ཚིགས་ཆོས་ཉིད་རྟོགས་པ་ལ་མི་བསླུ་བའི་ཚད་མ་གསུམ་གྱིས་ནི། །དེ་ཉིད་གསལ་བྱེད་ཀྱི་རྒྱུ་མཚོན་ཅིང་རྟོགས་པའི་ཐབས་སུ་བཤད་པར་བྱ་སྟེ། བྱ་བརྩལ་དང་བྲལ་བར་སྟོན་པའི་རྫོགས་པའི་ལུང་དང་རིག་པས་ཆོས་ཉིད་རྟོགས་པའི་ངང་དུ་གོམས་པའི་ཉམས་རིམས་དང་། །དྲོན་ཚེགས་ཆུང་ལ་ཐབས་ཆེ་བས་རྟོགས་བའི་མན་ངག་གི་རིམ་པ་དང་གསུམ་གྱིས། །ཡེ་ཤེས་གསང་བའི་དོན་རྟོགས་པའི་རིག་པའི་མཆོག་ཡིན་ནོ། ༈ །རང་རང་གི་བློ་དང་འཚམ་པར་ཐབས་ཆེན་པོས་རྒྱུད་ནས་སྟོན་པ་ཐེག་བརྒྱད་ཀྱི་ལུང་དང་བྱ་བྲལ་དུ་སྟོན་པ་རྫོགས་ཆེན་ཀྱི་ལུང་དང་། ཆོས་ཉིད་ཀྱི་མཁའ་ཡིས་ཀུན་ལ་ཁྱབ་པ་བྱང་ཆུབ་སེམས་ཀྱི་ལུང་གིས། །སྣང་སྲིད་སྣོད་བཅུད་མ་ལུས་པ་ཀུན་སེམས་སུ་བརྡ་སྤྲོད་པས་གཏན་ལ་འབེབས། །དེ་ཉིད་ཡེ་ཤེས་གསང་བའི་ངོ་བོ་ཆོས་ཉིད་སྐྱེ་མེད་སྤྲོས་བྲལ་གྱི་ཀློང་དུ་སྟོན། །དེ་ཉིད་བདེ་བ་ཆེན་པོའི་བདག་ཉིད་གསང་བའི་དཀྱིལ་འཁོར་སྣང་སྲིད་ཡེ་ཤེས་རང་སྣང་དུ་འཆར་བས་སྟོན། །དེ་ལྟ་བུའི་ལུང་རིག་པ་དང་སྟོང་པ་དང་བདེ་ཆེན་གསུམ་དུ་སྣང་བས་སྟོན་པའི་རྒྱུད་དག་རྒྱལ་བ་བཀའ། །ཡིན་པས་སྟོན་པ་ཀུན་བྱེད་ང་ཡི་བཀའ་དང་མཐུན་ནོ། །དེ་ལྟར་བསྟན་པའི་དོན་ཉིད་རིག་པས་སྒྲ་ཙམ་མ་ཡིན་པར་ཉམས་སུ་མྱོང་བར་ལོན་པའི་ཚེ་ན། །ཡིད་ཆེས་ཐག་ཆོད་ནས་སྒྲ་རྗེས་སུ་མི་འབྲང་བས་རིག་པའི་གཏན་ཚིགས་སོ། ༈ །རྣམ་པ་གསུམ་གྱི་ལུང་གི་ངོ་བོ་ནི། །ཚིག་གསུམ་ཐ་དད་ཀྱང་ཉམས་སུ་དུས་གཅིག་ལ་མྱོང་བས། ༈ །སེམས་ཉིད་རིག་པའི་ཡོན་ཏན་གྱི་ཆོས་སུ་སྣང་བ་དབྱེར་མེད་ཡིན་ནོ། །སྣང་སྲིད་འཁོར་འདས་ཐམས་ཅད་སེམས་སུ་འདུས་པར་ཐབས་ཁྱད་པར་ཅན་གྱིས་རྟོགས་པས་ན། །ཡུལ་ཤེས་སྣ་ཚོགས་སུ་སྣང་ཡང་སེམས་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་མི་སྣང་ངོ་། །བློ་ལ་ཇི་ལྟར་ཡང་སྣང་དུ་རུང་བའི་ཆོས་ཆོས་ཅན་རྣམས་ནི། །ཧེ་དུ་སེམས་ལ་དང་པོ་མ་འགགས་པར་སྣང་བར་དུ་གནས་ཐ་མ་དེར་གཅིག་པའི་ཕྱིར་ཐ་མི་དད་པ་རང་གི་སེམས་ཡིན་ཏེ་དམ་བཅའ། །སྣང་སྲིད་ཇི་ལྟར་སྣང་ཡང་སེམས་ཉིད་རིག་པ་མ་ཡིན་ན། །དང་པོ་སྣ་ཚོགས་དེ་ཉིད་བདག་ཉིད་རིག་པ་ཇི་ལྟར་སྣང་བར་འགྱུར་ཏེ་སྣང་བ་དེས་ན་སེམས་ཡིན་ནོ། ༈ །ཐ་དད་དུ་མཐོང་བ་ནི་ཡུལ་སེམས་རྒྱུ་འབྲས་ལོགས་པ་ཐ་དད་བློས་བརྟགས་པས་སྣང་པ་སྟེ། །དེ་དག་རྒྱུད་ལ་ཞེན་པའི་བག་ཆགས་ལོག་པས་སེམས་དཀྲུགས་པའི་མཐུ་སྣང་ཙམ་ན། །དོན་ལ་མེད་ཀྱང་ལོག་པར་བརྟགས་པའི་སྣང་ཚུལ་མཐའ་ཡས་སྣང་བ་ཡིན་སྟེ། །དཔེར་ན་དུང་དཀར་པོ་ལ་སེར་པོར་མཐོང་བ་བཞིན་ནོ། །དེ་ཡང་དུང་ཉིད་སེར་པོ་རང་གཏན་མ་ཡིན་ན། །ཇི་ལྟར་དུ་དུང་དེ་ལ་སེར་པོ་མཐོང་བར་འགྱུར། །དེས་ན་སེར་པོའང་ཡིན་པར་འདོད་ན། །དུང་ལ་སེར་པོར་བདེན་པ་ཡོད་པ་ཡིན་ན། །མིག་མ་འཁྲུལ་པས་ཤེས་པས་གཏན་ཚིགས་ཅིས་སེར་པོ་མི་མཐོང་། །ཐོག་མ་མེད་པ་ནས་ཞེན་ཅིང་རྟོག་པའི་འཛིན་པ་འཁྲུལ་པའི་དབང་གིས་ན། །རང་གི་རིག་པ་མཐོང་ཡང་གྲུབ་མཐའི་གཞུང་གིས་བརྟགས་པས་མི་མཐུན་པ་སྣ་ཚོགས་པ་དག་ཏུ་མཐོང་བ་སྟེ་དེ་ཡང་། ༈ །དེས་ན་སེར་པོའང་ཡིན་འདོད་ན། །དང་པོ་བླ་མས་སྣང་བ་སེམས་སུ་བསྟན་པས་སེམས་ལ་མཚན་མའི་དངོས་པོར་ཞེན་པའི་རང་རིག་ཡིན་སྟེ། །ཡུལ་དང་སེམས་གཉིས་པ་མེད་པར་མཐོང་པས་རང་རིག་ཡིན་ནོ། །སེམས་དེ་གཉིས་པར་སྐྱེ་བ་མེད་པ་ཆོས་ཉིད་དུ་བསྟན་པས་ཡུལ་ཤེས་གཉི་ག་མེད་པར་མཐོང་པ་སྟེ། །དེ་ཉིད་ཀྱང་མཚན་གཞི་གཉིས་པ་མེད་པའི་དེ་ལ་ལྟོས་པའི་མཚན་ཉིད་གཉིས་མེད་ནི། །མི་སྲིད་དེ་དཔེར་ན་མཚན་གཞི་མེ་མེད་པའི་མཚན་ཉིད་ཚ་བ་མི་སྲིད་བཞིན་དུ་དེ་ལའང་མི་ཞེན་ནོ། །འོ་ན་སྟོང་པ་འབའ་ཞིག་གོ་ཞེ་ན་གསུམ་པ་དེ་ཉིད་བདེ་བར་བསྟན་པས་ནི་ཞེན་པའི་རང་རིག་ཅེས་བྱ་སྟེ། །བདེ་བའི་དོན་ལ་རྟག་ཏུ་ཞེན་པའི་ཕྱིར་རོ། །གཉིས་མེད་དང་ལྷ་དང་བདེ་བ་གང་ལ་ཞེན་པས་ཀྱང་མ་བཅོས་རྣལ་མའི་རང་རིག་གི་དོན་མི་མཐོང་ངོ་། །དེ་ཉིད་མ་བཅོས་རྣལ་མར་བསྟན་པས། བཅོས་འཛིན་བློ་ལས་གྲོལ་བར་རྟོགས་པས། བཞི་པ་མ་བཅོས་རང་རིག་ནི། །ཆེད་དུ་བྱས་པའི་ངོས་གཟུང་མེད་པས་ཕྱོགས་སུ་འཛིན་པའི་གྲུབ་མཐའ་གང་ཡང་མིན། ༈ །པ་ཉིད་རྒྱ་མཚོ་རླབས་སུ་ཤར་བ་ལྟར་ཆོས་ཐམས་ཅད་དུ་ཡེ་ཤེས་ཀྱི་རོལ་པ་མ་འགགས་པར་རང་སྣང་བ། །བླ་མའི་ཞལ་ནས་སྙན་རྒྱུད་རིམ་པར་བརྒྱུད་པའི་མན་ངག་གིས། ཤེས་པར་བྱའོ། །རོལ་པའི་ཡེ་ཤེས་རང་སྣང་བས་རིག་པས་གཞན་པ་མེད་པས་དེ་ཉིད་ཕྱོགས་རིས་ལས་གྲོལ་བ་དང་། །མ་རྟོགས་པར་སྣང་བརྟགས་རང་རྒྱུད་པ་དང་གྲུབ་མཐའི་རྟོགས་པའི་ཞེན་པ་སྣ་ཚོགས་པ་དག་ཁྱད་པར་མེད་ཅེས་དེ་གཉིས་ཀྱི། །བྱེ་བྲག་མ་ཤེས་པར་གང་ལའང་ཡིད་ཆེས་མེད་པ་ལྟ་སྤྱོད་ལོག་པ་ནི་གཏི་མུག་གི་བློ། ༈ །དེས་ན་བླ་མའི་གདམས་ངག་བྱང་ཆུབ་སེམས་ཀྱི་ལུང་གིས་ནི། །སྣང་སྲིད་ཐམས་ཅད་སེམས་སུ་རང་སྣང་བའི་རྟགས་ཉམས་འཆར་བས་གཏན་ལ་ཕེབས་པ། །དེས་ན་ལུང་གསུམ་ནི་ཐམས་ཅད་བྱང་ཆུབ་སེམས་སུ་གཏན་ལ་འབེབས་བྱེད་ཀྱི་ལུང་ཡིན་ནོ། ༈ །མ་བཅོས་པའི་སེམས་ཀྱི་རང་བཞིན་གཞི་བཞག་ཉིད་ཤེས་བྱ་ཡིན་ལ། །སྣང་སྲིད་བྱང་ཆུབ་སེམས་ཀྱི་རང་རིག་པའི་ཉམས་བདེ་ཆེན་ཕྱོགས་བྲལ་དུ་མཐོང་བས་ནི། །བྱང་ཆུབ་སྙིང་པོར་བསྐལ་པ་དང་སྐྱེ་བ་དུ་མར་སྦྱང་མི་དགོས་པར་སྐད་ཅིག་དེ་མ་ཐག །ཏུ་བླ་མའི་བྱིན་རླབས་དང་མན་ངག་ལ་བརྟེན་ནས་རིག་པའི་ཉམས་ཚད་མ་ཉིད་ཀྱིས་ཤེས་སོ། །རིག་པའི་ཚད་མ་དེ་ཉིད་ཀྱིས་ཡིད་ཆེས་མ་སྐྱེས་པར་དེ་དང་བྲལ་ན། །ཐུན་མོང་གི་ལུང་རིགས་དང་སྒྲ་ཡི་ཚད་མས་བརྒྱུད་པའི་ཐབས་ཅི་བསྟན་ཀྱང་། །སྒྲ་ཡི་ས་མཚོན་པའི་དོན་ཡིད་ལ་བྱེད་པ་དང་གང་ཟག་དེ་ཕྲད་ནས། །སྒྲ་སྤྱི་ལ་དོན་དུ་ཞེན་པའི་རྗེས་སུ་བློས་རྟོག་པར་འགྱུར་བས་སྒྲ་རྟེན་ཡིད་ལ་བྱེད་དེ་དོན། །སྤྱིའི་རྣམ་པ་ལ་རྟོགས་པ་དེ་གནས་པ་ཡིན་ཀྱང་། །ཆོས་ཉིད་རང་གི་མཚན་ཉིད་རྟོགས་པ་ནི་དེ་མ་ཡིན་ནོ། །རིག་པའི་ཉམས་ཚད་མས་དོན་རང་གི་མཚན་ཉིད་ཡུལ་དང་ཡུལ་ཅན་མེད་པར་རང་གསལ་དུ་མཐོང་ན། །མཐོང་བའི་དུས་དེ་ཉིད་ན་གཏན་ལ་འབེབས་པའི་རིག་པའི་དོན་ཐུན་མོང་མ་ཡིན་པ་དང་ལྡན་པས། །ཐེག་པ་གཞན་གྱི་ལུང་དང་རིགས་པ་ལ་སོགས་པ་རྟོགས་པའི་ཡན་ལག་གི་ཚད་མ་རྣམས་འདིར་མི་དགོས་སོ། །གཅིག་གི་ཆོས་ཉིད་རྟོགས་པ་དེ་ལྟར་དུ་མཐོང་ཐོས་དྲན་རྟོག་རྒྱུ་བ་མ་ལུས་པ་དེ་ནི་རྟོགས་པ་དེ་བཞིན་དུ་མཐུན་པ་ཡིན་ནོ། ༈ །དེ་ལྟར་རྟོགས་པའི་ཉམས་དེ་ལ་སློབ་ཚུལ་ནི་འོག་མ་ལྟར་རིམ་པ་མ་ཡིན་ཏེ། །རིམ་པར་མ་བགྲོད་པར་རྟོགས་གྲོལ་དུས་ཅིག་ཆར་དུ་མཐར་ཕྱིན་པར་འཇུག་པའི་ས་དང་ལམ། །དེ་བཞིན་དུ་འཁོར་འདས་ཅིར་སྣང་ཡང་གཞི་ལས་མ་གཡོས་པས། །ལམ་མཐར་ཕྱིན་པའི་འབྲས་བུ་ཡང་གཞི་ལས་གཡོས་པ་མེད་པ་སྟེ། དེ་དབང་པོ་ཡང་རབ་ཀྱི་དབང་དུ་གསུངས་སོ། ༈ །ཇི་སྙེད་པའི་ཆོས་མ་ལུས་པ་རྫོགས་པའི་སེམས་ཀྱི་རང་བཞིན་ལ་ནི། །བླ་མའི་མན་ངག་གིས་བརྡའ་དོན་ཕྲད་པས་མཐར་ཕྱིན་པར་རྟོགས་ཀྱང་། །ཆུ་ལ་རལ་གྲི་བཏབ་པ་ལྟར་སླར་འཁྲུལ་རྟོག་འབྱུང་བ་ནི་ཐོག་མ་མེད་པ་ནས་ངེས་པར་འཛིན་པའི་བག་ཆགས་སྟུག་པོ་ལ་ཞེན་པ་ཡིས། །རྟོག་པ་སྐྱེ་ལུགས་གསུམ་བྱང་ཆུབ་ཀྱི་སེམས་སུ་ངོ་ཤེས་པའི་ལྟ་བ་ལ། །བློ་ཡི་ཆེ་ཆུང་གི་བྱེ་བྲག་གིས་བསམ་གྱིས་མི་ཁྱབ་པ་ནི་ཉམས་ཀྱི་མང་ན་འཁྲུལ་པའི་ཤེས་པ་སྐྱེ་བའི་རིམ་པ་དང་པོ་གཉིས་པ་གསུམ་པ་དང་། ལུགས་གསུམ་ཡིན་ལ་དེ་ཡང་བློས། མཐོང་བའི་སྣང་བ་སྣ་ཚོགས་པའི་རིག་པའི་ཉམས་ཀྱི་རིམ་པ། །སྐྱེ་ཚུལ་ནི་དང་པོ་སེམས་གནས་པའི་ཏིང་ངེ་འཛིན་ནི་བརྟག་མི་ཐུབ་ཅིང་གནས་སུ་མི་འདོད་དེ་རི་གཟར་པོའི་གཡོ་བའི་ཉམས་ཆུ་དྲག་པོ་འབབ་པའི་དཔེ་ཡིས་དོན་དེ་བསྟན་ཏེ་དེ་ཉིད་ཐ་མལ་པ་ལ་མེད་པ་ཉམས་པ་ཡིན་ནོ། །ཅུང་ཟད་གནས་ལ་མྱུར་དུ་འཕྲོ་བ་དང་དེ་བས་དལ་གོམས་པར་གནས་བས་འབབ་ཆུའི་དྲག་དལ་དང་འདྲའོ། །ཉམས་རིམ་གཉིས་པ་ལ་ནི་སྐྱོན་རྣམས་རང་གྲོལ་ཏེ་རྟོགས་པའི་ངང་ལས་བརྟན་པའི་ཉམས་མི་གཡོ་བ་ར་གནས་པ་ནི། དཔེར་ན་རྒྱ་མཚོའི་སྟེང་ན་རླབས་རྒྱུ་ཡང་གཏིང་འདོམ་བདུན་མན་ཆད་གཡོ་བ་མེད་པ་བཞིན་དུ་མི་གཡོ་བའོ། །གསུམ་པ་དང་བཞི་པ་ནི་གོང་མ་གཉིས་ཀྱི་འབྲས་བུའི་སྟེ་མཐར་ཕྱིན་པ་ཉམས་སོ། །མཉམ་པ་ཉིད་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཉམས་ཡིན་ཏེ། །འཁོར་འདས་ཀྱི་སྣང་བ་ཐམས་ཅད་རྣམ་རྟོག་ཡིན་ཏེ་ཅིར་ཡང་མི་ལྟ་བས་ཇི་ལྟ་བུར་ཡང་མ་གཟིགས་ཏེ། དྲན་པ་དང་ཕྱོགས་འཛིན་གྱི་རྟོག་པ་ཀུན་སྤངས་ཏེ། །ལྷུན་གྱིས་གྲུབ་པར་གནས་པས་རྩོལ་བྲལ་དུ་བཞག་པ་ཡིན་ནོ། ༈ །རིན་ཆེན་བརྒྱུད་པས་ལྟ་བ་ཤེས་པའི་ཐབས་ལ་ཡང་། །སློབ་དཔོན་དང་སློབ་མའི་བྱེ་བྲག་གཉིས་དང་། །གདམས་པའི་སྔོན་དུ་འགྲོ་བ་དང་ཏུག་ཕྲད་ཀྱི་དུས་གསུམ་གྱི་ཚོད་ལྡན་དང་། །སྐུ་གསུམ་དུ་བསྟན་པའི་དོན་ལ་བློ་མ་བཅོས་པར་བཞག་པའི་ཚུལ་ལོ། ༈ །སློབ་དཔོན་དེ་ཡི་ཐུན་མོང་ཁྱད་པར་གྱི་ཡོན་ཏན་དང་གཉིས་སུ་དབྱེ་བ་དང་། །ཕྲིན་ལས་གཉིས་དང་ལྡན་པ་དང་དམ་ཚིག་དང་ལྡན་པའི་དོན་རྣམས་སྟོན་པ་ཡིན་ནོ། ༈ །སྔགས་ཕྱི་ནང་གི་རྒྱུད་སྡེ་དྲུག་དང་མདོ་སྡེ་མཚན་ཉིད་ཀྱི་ཐེག་པ་གསུམ་ཐུགས་ལ་རྫོགས་ཤིང་མ་ནོར་བར་མཁྱེན་པའོ། །རྒྱལ་བས་གསུངས་པའི་བཀའ་རྒྱུད་དང་སློབ་དཔོན་གྱིས་གཞུང་དང་རིགས་པའི་སོ་སོའི་འདོད་པ་དང་བྲལ་བ་དོན་མཁས་པ། །དམན་པའི་བཅོས་མའི་དབང་དང་འོག་མའི་གྲུབ་མཐའ་ཤེས་ནས་དེ་བློ་སྤངས་བའི་ཁྱད་པར་འདི་ཉིད་ཀྱི་ལྟ་སྤྱོད་ལ་སོགས་པ་ཀུན་མཁྱེན་པའོ། །རིག་པའི་ཡེ་ཤེས་ཕྱོགས་མེད་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་ཉིད་ལ་དུས་ཐམས་ཅད་དུ་མ་ཡེངས་པར་གནས། །ཟང་ཟིང་གི་རྫས་དང་ལོ་ཀའི་གཉེན་དང་འབྲེལ་བའི་ངོར་མན་ངག་མི་གཏོང་བ་ནི་ཆུ་སྲིན་གྱི་སྡེར་མོ་ས་ཟིན་པ་མི་གཏོང་བ་བཞིན་ནོ། །སྣོད་མེད་ལ་མན་ངག་མི་སྟེར་ཀྱང་ཐུགས་རྗེ་ཕྱོགས་རིས་སུ་མི་མཛད་པར་གང་གིས་འདུལ་བ་ལྟར་ཀུན་ལ་སྙོམས་པར་དོན་མཛད་ཀྱང་། །དམན་པའི་ས་བཅུ་གཉུག་མ་སངས་རྒྱས་ཐམས་ཅད་ཀྱང་ཐབས་འདི་ལ་རེ་ཐག་ལས་པས་དེ་བླང་པའི་ས་རུ་ཡིན་ནོ། ༈ །སློབ་དཔོན་གྱི་དབྱེ་བ་ནི་རྣམ་པ་གཉིས་སུ་བསྟན་ཏེ། ༈ །སྣང་སྲིད་བདེ་བ་མཚོན་པའི་བརྡ་རུ་ཤེས་ནས་སློབ་མའི་སེམས་ཉིད་དོན་དང་སྤྲོད་པའི་སློབ་དཔོན་ནི། །རང་གི་རྒྱུད་རྣམ་པར་རྟོགས་པས་མ་བཅོས་པར་རྟོགས་པའི་གདེང་གིས་དེ་ཉིད་རྣམ་པར་དག་པ་ལ། །རྟོགས་པའི་དོན་དང་འབྲེལ་བའི་སྒྲ་ཚིག་གིས། །སློབ་མ་རང་ལ་གནས་པའི་མ་བཅོས་པའི་ཡེ་ཤེས་རང་རིག་པའི་ངོ་བོ་མངོན་དུ་སྟོན་ནུས་པས་རང་བཞིན། །སྐྱེ་བ་མེད་པའི་དོན་དེ་བརྡ་ཡིས་དོན་དེ་ཉིད་དང་སྤྲད། །དེ་ལྟར་འཛིན་མེད་དུ་རྟོགས་པ་མ་ཡིན་ན་གང་དུ་ཞེན་པའི་བརྡ་དོན་ཀུན་ཕྲལ་བས་ཞེན་པ་མེད་དོ། ༈ །གང་གིས་དོན་མ་ནོར་བར་ངེས་པར་རྟོགས་པའི་ནང་རང་རིག་གི་སློབ་དཔོན་གྱིས། །རང་རྒྱུད་ལས། གང་ལ་བསྟན་ཐ་དད་མ་ཡིན་པའི་སློབ་མ་དེ་ཉིད་ལ། །ཇི་ལྟར། སྟོན་བྱེད་ཀྱི་ཐབས་སྒྲ་དང་ཚད་མ་མི་མངའ་བར། །གང་བསྟན། དེ་ཁོ་ན་ཉིད་ཇི་བཞིན་པར་གནས་པའི་རིག་པའི་ངོ་བོ་དེ་ཉིད་བསྟན་པས། །ཡུལ་དང་ཤེས་པ་གང་དུའང་མི་རྟོག་པར་ཕྱོགས་མེད་རང་གསལ་དུ་བརྡ་མཇལ་གོ་གང་ལྟར་རྟོགས་ཞིང་རྟོགས་པ་དེ་ནི། །བདེ་བར་གཤེགས་པ་སྐུ་གསུམ་པོ་ཀུན་གྱི་ངོ་བོ་འང་ཡིན་ལ། །ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་ཀུན་གྱིས་དངོས་པོའི་གནས་ལུགས་ཀྱི་གཞི་འང་དེ་ཡིན་ནོ། ༈ །དེ་ལྟར་ཡེ་ནས་གནས་པ་དེ་ཡི་སྟོབས་ཀྱིས་ཐབས་ལ་བརྟེན་པས་དོན་དེ་གསལ་བར་རྟོགས་ཞིང་། །དྲན་རྟོགས་ཅི་སྐྱེས་པ་དེ་ཉིད་མ་བཅོས་བདེ་ཆེན་དུ་རྟོགས་པའི་ངང་དུ་གོམས་པས་དེ་ལྟར་གནས་ན། །དོན་ཇི་ལྟར་རྣམས་བར་རིག་ཅིང་རྟོགས་པའི་ཀློང་ལས་མི་འདའ་བས་ཕྱག་རྒྱ་ཅན་ནོ། །དེའི་ངང་ལས་མི་གཡོ་བ་ནི་ཅིས་ཤེ་ན་འཁྲུལ་པ་རྣམ་པར་དག་པར་རྟོགས་པའི་སྨན་ཆེན་གྱིས། །ཐ་མལ་དང་རྩོལ་བའི་སྡུག་བསྔལ་གྱི་གཅོང་སྙིང་ཉིད་རིག་པའི་ཡེ་ཤེས་ཕྱོགས་མེད་ཉིད་དུ་སྤར་བའོ། ༈ །དེ་ལྟར་རྟོགས་པ་ལ་འཁོར་བ་མ་སྤངས་པར་རྣམ་པར་དག་པ་སྟེ། ༈ །གང་གིས་སངས་རྒྱས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས༼༡༽། །དཔེ་ཇི་ལྟར་གཟིགས་ན་དུག་ཆེན་སྨན་དུ་བཏུལ་བ་ལྟར༼༡༽། །གང་འཁོར་༼༡༽བའི་འཁྲུལ་པ་རྣམས་རང་བྱུང་གི་ཡེ་ཤེས་སྙིང་པོའི་དོན་ཉིད་དུ་༼༡༽གཟིགས༼༡༡༡༡༽། །མ་ལུས་པའི་སྙིང་པོ་དོན་གྱི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ཞེ་ན། དེ་ནི་ཕྱོགས་གང་ལྟར་ཡང་མི་འདུག་ཅིང་བདེན་རྫུན་ཅི་ཡང་མ་ཡིན་པས་ན། །ཐམས་ཅད་ཇི་ལྟ་བར་མཁྱེན་པའི་སངས་རྒྱས་ཀྱི་དགོངས་པ་དེ་ལ། །ཤེས་བྱ་རྣམ་བདེན་པར་གཟིགས་པའང་མི་མངའ་བ་ཡིན་ལ། །དེ་བཞིན་དུ་བརྫུན་པར་མཁྱེན་པ་ཡང་མིན། །འཁོས་འདས་ཐམས་ཅད་བདེན་རྫུན་གང་དུ་ཡང་མ་མཁྱེན་པས་ན། །དེ་ལ་སྙིང་པོ་དོན་གྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་མཁྱེན་པ་ཞེས་བྱའོ། ༈ །གང་དུ་རྒྱུ་དེ་མ་བཅོས་པར་རྟོགས་པའི་ངང་དུ་གནས་པའི་ཐུགས་ཡེ་ཤེས་ལྷུན་གྲུབ་ཀྱི་ཕྲིན་ལས་དང་ལྡན་པ་ཅན་ནོ། །ཐབས་གཞན་ཅིས་ཀྱང་བཅོས་པ་མེད་པས་རྐྱེན་དང་། དུཿཁ་ཅིས་ཀྱང་མི་གཡོ། །འཁྲུལ་པ་གདོད་ནས་དག་པས་མ་བཅོས་པར་རྟོགས་པའི་ཆོས་ཉིད་ཀྱི་ངང་ལ། །དངོས་པོ་དྲན་པའི་རྐྱེན་གྱིས་མན་ངག་གི་དེ་བཞིན་དུ་གོམས་པས་གནས། །འབད་རྩོལ་མེད་པར་ལྷུན་གྲུབ་རང་རིག་ཏུ་གསལ་བའི་སེམས་ལ་གནས་འཇོག་གི་རྩོལ་བ་མེད། །ཉམས་དང་རྟོགས་གོམས་ཀྱི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཉིད་ལ་རྒྱུ་རྐྱེན་ཀྱི་རྟེན་དང་འབྲལ་བས་མེད། །ཕྱོགས་འཛིན་གང་ཡང་མི་གནས་པའི་ཐུགས་ཀྱི་དགོངས་པ་ལ་ཕྱི་ནང་གི་རིས་སུ་ཆད་པ་མེད་པའོ། །དེའི་ཡོན་ཏན་གྱི་བྱེ་བྲག་ཡེ་ཤེས་ལྔར་སྣང་བཞི་སྟོང་ཉིད་ཀྱི་པའི་ཡེ་ཤེས་ལ་ནི་དངོས་པོ་རང་རྒྱུད་པའི་ཕྱོགས་འཛིན་ངོ་བོ་མེད། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། །ཤེས་བྱ་ཀུན་རང་གསལ་བ་ལ་མངོན་དུ་སྒྲིབ་པའི་ཕྱོགས་མེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ལ་ཆེ་ཆུང་གིས་བཟང་ངན་མེད་པའོ། །སོ་སོར་རྟོགས་པའི་ཡེ་ཤེས་ནི་ཕྱོགས་བྲལ་གྱི་རིག་པ་ཉིད་ཕྱོགས་ཐམས་ཅད་དུ་མ་འདྲེས་པར་གསལ། །བྱ་བ་ནན་ཏན་གྱི་ཡེ་ཤེས་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་པའི་ཐུགས་རྗེའི་དངོས་པོ། །དེ་དག་ཀྱང་གོང་གི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ལ། །ཡོན་ཏན་གྱི་ལྡོག་ཆ་རེས་མིངས་གྲངས་དུ་མར་བགྲངས་པའོ། །འོག་མ་ལས་ཁྱད་པར་གསུམ་གྱི་སྤགས་ཏེ། རང་རིག་པ་ཉིད་ལ་ཡུལ་དུ་གྲུབ་པ་མེད་པས། །དམིགས་པའི་ཡུལ་གྱིས་བསྐྱེད་པའི་འོག་མ་ཡེ་ཤེས་ལྟ་བུ་ནི་དེ་ཉིད་མིན། །རང་བྱུང་ཉིད་ལ་སྐྱེད་བྱེད་ཀྱི་རྒྱུ་མེད་པས། །ཚོགས་གཉིས་ཀྱི་རྒྱུ་ལས་བསྐྱེད་པའི་ཡེ་ཤེས་ནི་འདིར་མིན། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཉིད་ལ་ཉི་མ་དང་འོད་བཞིན་དུ་རྩོལ་བ་མེད་པས། །རྩོལ་བས་འི་ཆུ་བོ་ཉེར་བཞི་བསྐྱེད་ཅིང་བསྒྲུབས་པའི་ཡེ་ཤེས་ནི་མིན་ནོ། །དཔེ་ནམ་མཁའ་ལྟ་བུའི་མཐའ་དབུས་མེད་པའི་རང་བྱུང་ཡེ་ཤེས་དེའི་རང་བཞིན་ལ། །ཕྱོགས་དང་རིས་མེད་པར་ཀུན་ལ་ཁྱབ་པར་ཡེ་ནས་བརྡལ་བ་ལ་རྟོགས་གོམས་ཀྱི་གདེང་དང་ལྡན་པས་ཆེད་དུ་འབད་རྩོལ་མེད་པས་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིན་པའོ། ༈ །གདོད་ནས་རྣམ་པར་དག་པའི་དབྱིངས་གོང་དུ་བསྟན་པའི་ཕྲིན་ལས་ཀྱི་དགོངས་པ་ལ་གནས་བཞིན་དུ། །དེ་ཉིད་རྒྱ་མ་ཆད་པས་ཡང་ལ་ཕྱོགས་རིས་མེད་པར་སྙོམས་པའི་ཐུགས་རྗེ་ཇི་ལྟར་མཐུན་པར་ལྟར་འབྱུང་བའོ། །མཐའ་ཡས་པའི་འགྲོ་བ་མོས་པ་ཇི་སྙེད་པ་གང་གི་ངོ་དག་ཏུ། །ཐབས་ཀྱི་ཁྱད་པར་གང་ལ་འཚམ་པའི་ཐུགས་རྗེ་མཐུན་པར་འབྱུང་ཞིང་དེ་དག་གིས་འདུལ་བར་སྣང་ངོ་། །གང་དང་ཕྲད་པ་ནི་དེའི་སྐལ་བ་དང་ལྡན་པ་ཡིན་ཏེ་གདུལ་བྱ་གནས་པ་འཁོར་བ་ཇི་སྲིད་དེ་སྲིད་དུ་ན། །མཐའ་ཡས་པའི་ཐུགས་རྗེའང་ཐབས་དང་དུས་ཀྱང་གདུལ་བྱ་དེ་བཞིན་དུ་འབྱུང་ངོ་། །གདུལ་བྱ་རང་གི་རིག་པ་ལས་མ་རྟོགས་པ་གང་ཡང་མི་གནས་ན་དེ་ཉིད་རང་ཅིར་ཡང་མི་དམིགས་པས་གདུལ་བྱ་འདུལ་བྱེད་མ་གྲུབ་པས་ཐུགས་རྗེའི་མཛད་པ་ག་ལ་འཆར། །གང་ཞིག་སྐལ་ལྡན་གདུལ་བྱ་ལ། །ཐུགས་རྗེ་གཞན་ནས་འཆར་བ་མེད་པ་ལས་གཞན་ཞིག་ནས་འཆར་ཞིང་སྐྱོབས་པར་འདོད་པ་དེ་ནིས། །རང་ཉིད་ཐུགས་རྗེར་འཆར་མི་འཆར་ཀུན་གྱི་ངོ་བོར་སྣང་བ་དེ་མ་རྟོགས་ཏེ། །གཟུང་བ་དང་འཛིན་པས་བདག་གཞན་ཐ་དད་དུ་འཁྲུལ་པའི་བློ་ཡིས་བརྟགས་པ་མི་གྲོལ་ལོ། །གལ་ཏེ་ཐུགས་རྗེ་བདག་ཉིད་ལས་གཞན་པའི་སངས་རྒྱས་ལས་འཆར་བ་གཅིག་ཡིན་ན། །ཡུལ་སྡུག་བསྔལ་དྲག་པོའི་ཡིས་ཉེན་པ་འཁོར་བ་པ་ལ། །མི་སྐྱོབ་པར་འདུག་པས་དུཿཁ་ལས་སྐྱོབས་པའི་རྒྱལ་བ་ཐུགས་རྗེ་ཆེན་པོ་མངའ་བ་ཡལ་ལམ་ཅི་ཡིན། །དུས་ནམ་ཞིག་རང་ཉིད་ཀྱི་རྒྱུད་དག་ནས་གྲོལ་ཙམ་ན། །བདག་ལ་ཐུགས་རྗེ་གཞན་གྱིས་བསྐྱབ་མི་དགོས་པ་དེས་ཅི་ཞིག་བགྱི། །ལས་དག་མ་དག་གིས་དབང་གིས་རྟོགས་པ་ཕྲ་རགས་དང་ལྡན་པའི་གདུལ་བྱ་དག་མ་དག་གི་ངོ་ལ་གཞན་ནས་སྣང་མོད་ཀྱི་རྟོགས་པའི་ངོ་བོ་ལ་ཡེ་ནས་རིག་པའི་ཐུགས་རྗེ་མ་བཅོས་པ་དེ་ཉིད་དེ་ལྟར་འཆར་དེ་ལྟར་ཕན་འདོགས་པ་ཉིད་འགྲོ་འདུལ་ཐུགས་རྗེའི་ཕྲིན་ལས་སོ། ༈ །དམ་ཚིག་ནི་རང་བཞིན་གྱི་འདོད་པ་ཕུན་སུམ་ཚོགས་པ་འབྱུང་བས་ཡིད་བཞིན་གྱི་རིན་པོ་ཆེ་དང་འདྲ་སྟེ་ཡོན་ཏན་གྱི་དཔའོ། །འཁོར་བ་དུཿཁ་ཡི་རྒྱ་མཚོ་མཐའ་མེད་ཀྱི་ཕ་རོལ་ཏུ་སྒྲོལ་བའི་གྲུ་དང་འདྲ་སྟེ་དམ་ཚིག་ལམ་དུ་གྱུར་པའི་དཔེའོ། ༈ །མ་བཅོས་རྣལ་མའི་དོན་གྱི་རང་རིག་པའི་ཆོས་ཉིད་དབང་གིས་རྟོགས་པའི་ངང་དེ་ལ། །སྐད་ཅིག་ཙམ་ཡང་མི་འགྱུར་བར་ཡེ་ཤེས་དེ་ཁོ་ན་ཉིད་དུ་གསལ་བར་གོམས་པ་མ་ཡེངས་པར་གནས་པ་ནི་ཐུན་མོང་གི། །རྩོལ་བའི་དམ་ཚིག་དང་བྲལ་བ་རང་གནས་རིག་པའི་དོན་ལས་མི་འདའ་བའི་དམ་ཚིག་གོ། ༈ །ཐུན་མོང་དང་ཁྱད་པར་གྱི་དམ་ཚིག་སྲུང་བ་དང་མི་ལྡན་པའི་རྡོ་རྗེ་སློབ་དཔོན་དེ། །མདོ་སྡེའི་བཀའ་ཕྱི་ནང་གི་རྒྱུད་སྡེའི་ཚིག་དོན་མཐའ་དག་ལ་སྦྱངས་པས་མཁས་ཤིང་ཤེས་རབ་གསལ་བ་ཡང་། །དཔེར་ན་སྦྲེལ་མ་གཡང་དུ་གཅིག་གིས་གཅིག་ཁྲིད་དེ་འགྲེ་བ་བཞིན་དུ་ཉེས་པ་ཅན་དེས་ཁྲིད་པའི་སློབ་དཔོན་བདག་དང་གཞན་ལ་གཞན་སློབ་མ་གཉིས་ཀ་རྡོ་རྗེའི་དམྱལ་བ་ཁབ་ཏུ་འགྲོ་བའི་སྐྱོན་ཚེ་ཚད་རྒྱུད་སྡེ་འགའ་ཞིག་ལས་བཤད་པའོ། ༈ །དེས་ན་གོང་དུ་བསྟན་པའི་དམ་ཚིག་གི་གཞུང་དང་ལྡན་པའི་སློབ་དཔོན་ནི། །འཇིག་རྟེན་གྱི་གྲགས་པའི་ཆོས་བརྒྱད་ཐག་རིང་དུ་གྱུར་པས་དེའི་ངོར་ཆོས་མི་གཏོང་། །དད་པས་འབུལ་བ་མ་བཀག་ཀྱང་ཞེན་ཆགས་དང་འབྲེལ་པ་ཡིས་རྫས་ཀྱི་ཆེད་དུ་གཉེར་བས་བཤད་པ་མ་ཡིན། །བདག་དང་གཞན་ལ་གནོད་པའི་ལས་ཅི་ཡང་མི་བྱེད། །ཐུགས་རྗེ་ཀུན་ལ་སྙོམས་པའི་པར་ཁྱབ་ཐུགས་ཀྱིས་གནས། །འཁོར་བ་བདེན་མེད་དུ་རྟོགས་པས་འཇིག་རྟེན་གྱི་གཉེན་འབྲེལ་ཕ་མ་ལ་སོགས་པའི་ཆེད་མི་བྱེད། །སྐྱོན་དེ་དག་དང་བྲལ་བས་ཆོས་ཐམས་ཅད། མ་བཅོས་མཉམ་པའི་དབྱིངས་ལ་བློས་བསྒྱུར་ཡང་མི་འགྱུར་བར་བརྟན་པའོ། །ཡེ་ཤེས་རྟོགས་པའི་གདེང་དང་ལྡན་ན་སྤྱོད་པ་རྩིང་ཞིབ་མེད་ཀྱི་དེ་དག་གིས་མ་ཟིན་པར། །ཆགས་སྡང་གིས་ཞེན་པའི་ལས་མི་བྱེད། །འོ་ན་སྤྱོད་ལམ་ལ་བླང་དོར་བྱུང་བ་རྫོགས་ཆེན་དང་འགལ་ཞེ་ན། སེམས་ཉིད་གནས་ལུགས་དང་དེ་རྟོགས་པའི་ཡེ་ཤེས་རྣམ་པར་དག་པ་ལ། །གནང་བ་དང་བཀག་པའི་ཆོས་ཡོད་པ་མ་ཡིན་པས་ཁྱད་མེད་ཀྱང་། །ཕྱིན་ཅི་ལོག་ལ་ཞེན་པས་ཡེ་ཤེས་མ་རྟོགས་པར། །ལྷག་པའི་དགེ་བ་སྤྱོད་པ་འོག་མ་པ་དང་མཐུན་པར་གཙོ་ཆེར་འཛིན་དགོས། །ཅི་སྤྱོད་པ་དེ་ཉིད་རྟོགས་གོམས་ཀྱིས་དོན་དང་ལྡན་ན་མཆོག་ཡིན་པས་ལེགས་པ་ཆེའོ། །སློབ་མ་སྣོད་དུ་རུང་མི་རུང་གི་བྱེ་བྲག་གིས་གཉིས་སུ་སྟོན་པ་དག་ལ། ༈ །སྣང་བ་མ་ལུས་པའི་བརྡ་སློབ་མའི་རིག་པས་དོན་བླ་མའི་ཐབས་ཀྱིས་སྤྲད་པའི་སློབ་མ་ནི། །ངན་པ་བཞི་ལས་ལོག་པའི་སྣོད་དང་ལྡན་པ་གོང་དུ་བསྟན་པའི་དམ་ཚིག་དང་བླ་མ་དང་མན་ངག་ལ་གཅེས་སྤྲས་སུ་འཛིན་དགོས་པ་ལ། །མ་བཅོས་དོན་གྱི་གདེངས་མེད་པར་སེམས་ཉིད་དག་སར་གསུངས་པའི་ཁ་འབྱམས་ཚིག་ལ་གདེང་དུ་བྱས་ནས། །དམ་ཚིག་དང་རྣམ་པར་དཀར་བའི་ལས་སླངས་ཏེ་མི་སྲུང་བས་ཐ་མལ་པའི་སེམས་ཡིན་ལ། །རང་གི་རྒྱུད་ངན་པས་རིགས་ཡོན་ཏན་ལོངས་སྤྱོད་ཀྱིས་དྲེགས་པས་བླ་མ་དང་གྲོགས་ལ་བརྙས་པ་དང་། །ཐེག་པ་སོ་སོ་མ་ཐོས་པས་རྨོངས་ཏེ་ཤེས་རབ་སྦྲམ་པས་མན་ངག་གི་བླང་དོར་མི་ཤེས་པ་དང་། །བླ་མའི་མན་ངག་གི་བཅུད་ཆེན་གཞན་ལ་སྤེལ་བས་འཛག་པ་དང་། །ཡེ་ནས་བློ་འཕངས་དམའ་བས་ཤེས་རབ་གསུམ་ལ་མི་སྦྱོར་བ་དང་། །འཇིག་རྟེན་གྱི་བྱ་བའི་ཁེ་དང་གྲགས་པ་ཆེ་བ་རྒྱུར་མན་ངག་སྒྲུབ་པ་དང་། །མུ་ཆོར་སྨྲ་ཞིང་མི་མཁས་ཀྱང་མཁས་པ་བླ་མའི་ས་འཛིན་པར་འདོད་ལ། །སློབ་དཔོན་རང་གི་སྲོག་ལྟར་ཏུ་གཅེས་པར་མི་འཛིན་པ་དང་། །འཁོར་བས་མི་འཇིག་པས་མན་ངག་བསྒྲུབ་བྱར་མི་སེམས་པར་སྤེལ་བྱར་སེམས་དེ་དག་ལ། །རྫོགས་པ་ཆེན་པོའི་རྣ་བརྒྱུད་ཀྱི་མན་ངག་བསྟན་པར་བྱས་ན། །དཔེར་ན་ལྷོ་ནུབ་དམ་ཤོད་གླིང་གི་དུར་ཁྲོད་དུ། །མཁའ་འགྲོ་རྣ་ཉན་འདུ་བ་བཞིན་དུ་དམ་ཅན་རྣམས་འདུས་ནས། །འཆི་བའི་དུས་ཀྱི་སྔོན་རོལ་དུ་དུས་མ་ཡིན་པར་འཆི་བ་བརྒྱད་ཀྱིས་སྲོག་བཅད་དེ། །ཤ་ཁྲག་དངོས་སུ་ཟ་བར་བྱེད་པའི་སྐྱོན་ཡོད་པས་གཞུང་ནས་གསུངས་པའི་ཡོན་ཏན་དང་མི་ལྡན་པའི་སློབ་མ་ནི། །རང་གི་ལུས་ཀྱི་གྲིབ་མ་བཞིན་དུ་དྲུང་དུ་འཁོར་ཡང་དྲག་པོའམ་ཐབས་ཀྱིས་སྤང་བར་བྱ། །གསོད་པས་ལུས་སེམས་འབྲལ་བར་སྣང་ཡང་མན་ངག་ཁར་དབྱུང་བ་མིན། འཁོན་པ་དང་འདུ་བྱེད་ཅི་བྱུང་ཡང་སྔ་མའི་ལས་ཀྱིས་བྱུང་བས་དེ་དང་བྲལ་ཀྱང་ཡུན་གྱི་སྒྲིབ་པ་དང་འཕྲལ་གྱི་རྐྱེན་གཉིས་ཀར་མི་འགྱུར་རོ། ༈ །དད་པ། ཤེས་རབ། བརྩོན་འགྲུས། སྙིང་རྗེ། དམ་ཚིག །གཏོང་ཕོད། བཟོད་པ་ཆེ་བ། ཞེན་པ་དང་། སེར་སྣ་ཆུང་བ་ལ་སོགས་པའི་ཡོན་ཏན་དེར་དག་དང་ལྡན་པའི་སློབ་མ་ནི་ཤིན་ཏུ་ཉུང་བས། །སྟོང་གསུམ་བཙལ་ཡང་གཅིག་འགའ་ལྡན། །ནུབ་པ་དང་རྩོད་པ་དང་ཐེ་ཚོམ་གྱིས་རྒྱུར་འགྱུར་བས་མང་ཡང་གསུམ་ལས་འདའ་བར་མི་བྱ། །རྒྱལ་ཐབས་དབང་གི་མན་ངག་རུའི་དགོངས་པ་འཆར་དུ་རུང་བའི་རྒྱལ་ཐེབས་རིགས་ངེས་པ་གཅིག་ལ་བསྟན་ནོ། །བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་ཚོགས་བསགས་ཤིང་། །རྫོགས་ཆེན་གྱི་དོན་དང་ཐེག་པ་བཅོས་མ་རྣམས་ལ་སྦྱངས་སྦྱངས་པའ ི་འཕྲོ་ཅན་ནི། །ཡེ་ཤེས་གསང་བའི་སྣོད་ལྡན་དུ་བསྔགས་པའོ། །དབང་པོ་ཆིག་ཆོད་ལ་ནི་དཔེར་ན། སྒོ་ངའི་ནང་གི་ཁྱུང་ཕྱུག་གཤོག་པ་རྫོགས་པ་ལྟར་དུ། །འཁོར་བ་འཁྲུལ་བའི་དུས་ཉིད་དུ་གཞིའི་རང་བཞིན་ཡེ་ནས་སངས་རྒྱས་པའོ། །སྒོང་ང་ཆག་ནས་མ་བུ་མཉམ་པར་ནི་མཁའ་ལ་འཕུར་བ་ལྟར་དུ་རང་བཞིན་མ་ནོར་བར་རྟོགས་པས་སངས་རྒྱས་དང་དགོངས་པ་དབྱེར་མེད་དུ་གྱུར་པས་མ་བཅོས་བླ་མའི་ས་ནོན་པའོ། །ལྷ་དང་ལྷ་མ་ཡིན་གྱིས་རྒྱ་མཚོའི་བ་དྲུབས་པ་བཅུད་འདུས་པ་ལས་བདུད་རྩི་བྱུང་བ་བཞིན་དུ། །རྒྱལ་བའི་བཀའ་ཐེག་པ་མ་ལུས་པ་ཡི་བཅུད་འདུས་པའི་རྫོགས་ཆེན་རྣ་བརྒྱུད་སྤྱི་བླུགས་འདི། །སྣོད་བཤད་པ་ལྟར་དུ་ལྡན་པ་ངང་རིང་བ་ཚུལ་ཤེས་པ་རང་བཞིན་བཟང་བ་གཅིག་ལ་བསྟན་པར་བྱའོ། ༈ །དབང་བསྐུར་བའི་ཐབས་དང་སློབ་བུའི་སྣོད་བརྟག་པའི་ཆོ་ག་དང་། །རྟོགས་དོན་འདོད་པར་ནུས་ལ་གསོལ་བ་གདབ་པ་དང་རྒྱལ་ཚབ་ཏུ་གནང་བ་སྦྱིན་པ་བཞི་ནི་སྐུ་གསུམ་ཐུག་ཕྲད་དུ་ངོ་སྤྲད་པའི་སྔོན་དུ་འགྲོ་བའི་རིམ་པའོ། ༈ །མཚོན་བྱ་དོན་གྱི་དབང་ནི་དུས་གསུམ་གྱི་བདེ་བར་གཤེགས་པ་མ་ལུས་པའི་དགོངས་པ་རྟོགས་དཀའ་བས་གསང་བའི་ཐུགས། །སྲིད་པ་གསུམ་གྱི་སེམས་ཅན་ཀུན་ལ་གདོད་མ་ནས་ལྷུན་གྲུབ་ཏུ་གནས་པའོ། །སྣོད་ལྡན་གང་གིས་དེ་ཇི་ལྟ་བར་ཐབས་ཀྱིས་རིག་ཅིང་རྟོགས་པར་འགྱུར་ན། །ཐེག་པ་ཐམས་ཅད་ཀྱི་དབང་རྣམས་མ་ལུས་པ་འདི་ལ་དུས་གཅིག་ཏུ་རྫོགས་པས་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་ཏེ། །སྲིད་པ་ཁམས་གསུམ་ཀུན་ལ་གདོད་ནས་གནས་པས་ཡེ་དབང་དུ་རྟོགས་པས་བསྐུར། །དེ་ལྟར་རང་དབང་དམ་པར་གནས་པས་དེ་ཐོབ་ཏུ་རུང་བའི་སྣོད་དུ་བྱས་ཀྱང་། །གཞི་ནས་དབང་ཐོབ་པ་དེ་ལ་འོག་མ་ལྟར་རྩོལ་བས་བསྐུར་འདིར་མི་དགོས་སོ། ༈ །དེ་ཉིད་རྟོགས་པའི་ཐབས་པྲ་ཁྲིད་དྲུག་དང་སྤྲད་པ་གསུམ་གྱི་ཐབས་ཀྱིས་ངོ་ཤེས་པར་བྱས་ལ། །ཐེག་བརྒྱད་བཅོས་མའི་དབང་ཡིད་སྦྱོར་བའམ་ལེའུ་བཞི་པར་བསྟན་པ་རྣལ་མའི་དབང་ཉིད། །གདུལ་བྱ་གང་ལ་མོས་པ་སྐྱེ་བ་དང་མཐུན་པའི་ཐབས་ཀྱི་སྒོ་ནས་བསྟན་ཏེ། ༈ །བཤད་རྒྱུ་དེའང་ཀློང་ལྟར་ཐེག་པ་རང་རང་གི་ཐབས་སྦྱོར་བཅོས་མའི་སྒོ་ནས་ནི། །ཇི་ལྟར་ན་འཕྲུལ་གྱི་མེ་ལོང་རྒྱལ་པོ་མེ་ལོང་གི་གདོང་པ་ཅན་གྱིས་བལྟས་པས་བཞིན་དུ་བསྟན། །དེས་རྟོགས་པའི་དགོས་པའི་དོན་ནི་རྣལ་མའི་བརྒྱུད་ནས་རྟོགས་པ་དོན་དུ་བྱས། །དོན་རྟོགས་པའི་ཐབས་བཅོས་མའི་སྦྱོར་བ་དེ་ཡང་། །ཐེག་པ་སོ་སོའི་ཚིག་དང་དེས་མཚམས་གྱི་དོན་གྱི་ཁྱད་པར་མ་འདྲེས་པར་བསྟན་པ་ཡིན་སྟེ། །དེའི་དགོས་པའི་དོན་ནི་གོང་མའི་རྣལ་མ་དབང་གི་དོན་ལ་འཇུག་པ་སྟེ། །ཇི་སྐད་དུ་བརྗོད་པའི་དོན་ནི་ཆོས་ཐམས་ཅད་རྣལ་འབྱོར་པ་རང་གི་སེམས་སུ་བསྟན་ཅིང་མཐོང་བའོ། ༈ །རྣལ་མ་ནི་དབང་གི་མ་བཅོས་པའི་གཞི་ཉིད་ཇི་ལྟ་བར་སྟོན་པ་ཡིན་ཏེ། །ལྷུན་གྲུབ་རིང་རྣམ་པ་ལ་རྙེད་གསུམ་གྱི་དོན་རྟོགས་པ་ལ་འཇུག་པ་དེ་ལའང་། །རིམ་པར་རྟོགས་པ་ལ་འཇུག་པ་ནི་མངོན་སུམ་བཞིན་སྐུ་གསུམ་དང་མངོན་རྫོགས་རྟོགས་པའི་བརྟེན་ནས་ས་གཞི་ཡིས་ན་པ་སོ། །བྱ་བ་མེད་པའི་དཀྱིལ་འཁོར་ལྷུན་གྲུབ་གསུམ་དང་སྐུ་གསུམ་གྱི་དགོངས་པ། །གདོད་ནས་རྩོལ་མེད་དུ་ལྷུན་གྱིས་གྲུབ་པའི་རང་བྱུང་གི། །ཡེ་ཤེས་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཉི་མའི་སྙིང་པོར་ཤར་བས་ཐམས་ཅད་ཡེ་ཤེས་སུ། །རང་གསལ་བ་ལ་རྟོག་པ་དང་མཐའི་མུན་པ་ཡེ་ནས་དག །འཁོར་འདས་མ་ལུས་ཐམས་ཅད་འཕྲོ་ཞིང་འདུས་པའི་ཐིག་ལེ་ཆེན་པོ་ཉིད་ཀྱི་རོལ་པ་ཇི་ལྟར་ཤར་ཀྱང་བདག་ཉིད་ལས། །མི་གཡོ་བ་ཉིད་ཕྱོགས་འཛིན་གྱི་རྣམ་རྟོག་གི་ཡུལ་ལས་འདས་པ་ཡིན་ལ། །ཡུལ་རྒྱུ་དང་འབྲས་བུར་ཞེན་པའི་རྟོགས་པས་དེར་འཛིན་ཅིང་། །ཡང་དག་པའི་དོན་མི་ཤེས་པས་སྒྱུ་མའི་འཁྲུལ་པ་གཟུང་འཛིན་གྱི་བློ་ཡིས་རྒྱུད་བཅིངས་པ་དེ་དག་ཀྱང་ཆོས་ཉིད་རང་སྣང་ལས་མི་འགྱུར་བར་རང་གསལ་བས་མ་བཅོས་པའི་ཉི་མ་དག་ཡིན་ཏེ། །རྒྱུ་ཆེན་དང་བྱེད་པ་པོ་གཞན་གྱིས་མ་བརྩལ་བར་ཇི་བཞིན་པའི་རང་བཞིན་ཉིད་ཐམས་ཅད་དུ་རང་སྣང་བས་ན་ཐམས་ཅད་དེར་རོ་གཅིག་པས་སྙིང་པོའི་སེམས་དེ་ལས་གཞན་པའི་གོལ་ས་མི་མཐུན་པ་མེད། །དཔེར་ན་རྒྱ་མཚོ་རླབས་སུ་ཤར་བས་རླབས་ཆུར་འདུས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཅིས་ཀྱང་མི་སྒྲིབ་པས་གསལ་བའི་སྙིང་པོར་འོད་འབར་བའོ། །དེ་མ་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་རྟོག་པའི་བློ་ཞེན་པས་བརྟས་པ་ཡི་དབང་གིས་འཁྲུལ་བ་ན། །སྣང་བ་སྣོད་དང་སྲིད་པ་བཅུད་དུ་འཁོར་བའི་འགྲོ་བ་དྲུག་པོ་ཁ་ཡང་དང་ཡང་དུ་བརྒྱུད་ཀྱང་། །རང་བཞིན་རང་བྱུང་གི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ལ་ནི་གཡོས་པ་མེད་པས་ཤེས་ན་སྤང་བྱ་མི་དམིགས་པ་ནི་རང་བཞིན་གྱི་སྣང་བ་ཡིན་པས། །སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །སེམས་ཅན་གྱི་བདག་ཏུ་རྟོག་པ་ཉིད་མ་བཅོས་པ་རང་སྣང་དུ་རྟོགས་པ་ལས་བྱུང་བའོ། །མ་རྟོགས་པར་བདག་ཏུ་རྟོག་པའི་བློ་ཅན་ལ་དངོས་པོ་སྣ་ཚོགས་ལ་ཞེན་པའི་མཚན་མར་སྣང་། །ཡང་དེ་མ་སྤངས་པར་ཐབས་ཀྱིས་གང་ལྟར་ཤར་ཀྱང་། མི་རྟོགས་རང་བྱུང་གི་ཡེ་ཤེས་རིག་པ་རང་སར་གྲོལ་བའི་ཐུགས་ཡིན་པར་རྟོགས་པས་རང་བྱུང་གི། །ཡེ་ཤེས་ཅིར་ཡང་མི་རྟོག་པ་ཉིད་མཚོན་པའི་མེ་ལོང་དུ་ཐམས་ཅད་གསལ་བ་ནི་དཔེར་ན་ནམ་མཁའ་ལ་འཇའ་ཚོན་སྣང་བ་བཞིན་དུ་སྣང་སྟོང་དུས་གཅིག་ཏུ་གསལ་བར་སྣང་རང་དེ་ཡང་ཆོས་ཉིད་སྣང་རང་བྱུང་ཡེ་ཤེས་ངོ་བོ་ལ། །རོལ་པ་ཅིར་ཡང་མི་འགག་པའི་ཁྱད་པར་མ་འདྲེས་པར་ཐམས་ཅད་དུ་སྣང་བ་ནི། །སྣ་ཚོགས་སུ་སྣང་བ་དེ་ལ་ངོས་ཕྱོགས་འཛིན་གྱི་ཤེས་པས་གཟུང་བ་གང་ཡང་མ་ཡིན་ཏེ། །དཔེར་ན་ཆུ་ཡི་ཟླ་བ་ལྟ་བུར་སྣང་ངོ་། །རང་སྣང་ཉིད་ཐམས་ཅད་དུ་སྣང་ཡང་རང་བྱུང་ཡེ་ཤེས་ཀྱི་རོལ་པ་ཡིན་ལ། །ཕྱོགས་གཅིག་པ་གང་ཡང་མ་ཡིན་ཏེ་ཆོས་ཉིད་ཇི་བཞིན་པ། །ཉིད་ལས་གཞན་པ་མེད་པས་ཇི་ལྟར་སྣང་ཡང་རང་བྱུང་མ་བཅོས་པའི་ཆོས་ཉིད་དེ་བཞིན་ཉིད་ལས་མི་འདའ་བས། །དངོས་པོ་ཐམས་ཅད་དེ་ཁོ་ན་ཉིད་ལས་མི་གཡོ་བར་བདེ་བར་ཆེན་པོའི་ངང་དུ་གསལ་བ་ལ་སྒོ་གསུམ་གྱི་རྩོལ་བས། །བརྩལ་ཞིང་རྟོག་པས་གཡོ་བ་ཅི་ཡང་མེད་པའོ། །རིག་པ་མ་སྐྱེས་པའི་དབྱིངས་དང་ཆོ་འཕྲུལ་མ་འགགས་པའི་ཡེ་ཤེས་ཀྱང་ཐ་སྙད་དུ་བཏགས་པ་ཡིན་དེ། །དེ་མ་གནས་པ་ཡང་མ་བཅོས་པའི་དེ་ཁོ་ན་ཉིད་མ་ཡིན་པ་ཐ་སྙད་ལ་བློ་ཞེན་པའི་གནས་སུ་འགྱུར་རོ། །གཞན་ལས་རྨད་དུ་བྱུང་བ་རིག་པའི་གཞལ་ཡས་ཁང་རྒྱ་ཡོངས་སུ་མ་ཆད་པས་ཕྱོགས་འཛིན་གྱི་སྤྲོས་པ་དང་བྲལ་བའི་དཀྱིལ་འཁོར་ན། །རྣམ་རྟོག་བདེ་ཆེན་དུ་འབར་བའི་ཡེ་ཤེས་ཀྱིས་བདེ་གཤེགས་སྐུ་གསུམ་དང་། །ཐུག་ཕྲད་པ་ཉིད་དུ་ངོ་སྤྲད་ལ་བཞག་པ་སྟེ། །བླ་མའི་ཞལ་ནས་བྱུང་བའི་སྙན་བརྒྱུད་ཀྱི་མན་ངག་གིས་ཤེས་པར་བྱའོ། ༈ །ལུས་ངག་གི་སྤྱོད་པའི་རུ་སྒོ་ནས་སྣོད་དུ་མི་རུང་གི་སྐྱོན་ཡོན་སྣ་ཚོགས་པ་བརྟག་པ་ནི། ལུང་མན་ངག་དང་ལྡན་པའི་བླ་མས་ཤེས་པར་བྱ། །སྣོད་རྟོག་པའི་ཐབས་ཀྱི་འཕྲུལ་ཚིག་གི་སྒྲ་ཡིས་དད་པ་ཤེས་རབ་རིགས་ངེས་མ་ངེས་ཀྱི་ཤེས་པ་བརྟག །གང་ཟག་ཁྱད་པར་ཅན་གང་ལ་མན་ངག་གང་ཞིག་བསྟན་པའི་སྣོད་དེ་ཡིན་ན། །ཐབས་དེ་ཉིད་ཀྱིས་ཡེ་ཤེས་རྟོགས་པའི་རིག་པར་འཆར་བ་ལ། །སྣོད་དུ་རུང་བ་མ་ཡིན་པ་དེ་ཉིད་ལ་མན་ངག་བསྟན་ཏེ་ལོག་པ་ན། །གདུལ་བྱའི་རིགས་དང་མ་མཐུན་པའི་རང་བཞིན་གྱིས་ལོག་པས་མི་མོས་ཤིང་སྐུར་པས་ལྟུང་བ་ནི་དཔེར་ན། །རླུང་དང་མཁྲིས་པ་གཅིག་ལ་ཕན་པ་གཅིག་ལ་གནོད་པའི་ཆོས་བཞིན་ནོ། །དེའི་སྤྱོད་ལམ་ལ་བརྟགས་པས་ཆགས་སྡང་དང་སེར་སྣ་ཆེ་ཆུང་རུའི་བཀའ་གཅོགས་མི་གཅོག་སྙིང་རྗེ་ཆེ་ཆུང་ལ་སོགས་པའི་བྱེ་བྲག་རྣམས་ཤེས་པར་བྱ། །སློབ་དཔོན་དེ་ཡིས་བརྟགས་ཐབས་དལ་བ་དང་གཡོ་བ་དྲག་པོས་གཉུག་མའི་དོན་བསྟན་དུ་རུང་མི་རུང་བརྟག་གོ། ༈ །དེས་ནས་རྡོ་རྗེ་སློབ་མ་རྣལ་མའི་སྣོད་དུ་རུང་བ་དེ་ཡིས། །རང་གི་རིག་པའི་དོན་མ་ནོར་བར་རྟོགས་པར་འདོད་པས་བླ་མ་ལ་གསོལ་བ་གདབ་པར་བྱའོ། ༈ །བླ་མའི་གནང་བ་ཐོབ་ན་དེ་ཉིད་རྒྱལ་ཚབ་ཏུ་བྱའོ། ༈ །བྱ་བ་མང་པོའི་རྩོལ་བ་དང་བྲལ་བའི་ཡེ་ཤེས་ནི་སྔ་མའི་བྱ་བ་ཟིན་པ་དང་ཕྱི་མའི་བྱ་བ་མ་བཟུང་བའི་བར་ན་ཀུན་ལས་གནས་ཀྱང་མ་རྟོགས་པས་གསང་བའི་འཁོར་ལོ་ཡེ་ཤེས་མུ་མཐའ་དང་བྲལ་བའི་གཏེར། །སེམས་ཀྱི་རང་བཞིན་གསང་སྔགས་ཀྱི་ངོ་བོ་ཡོན་ཏན་གྱི་གཏེར་ཟད་མི་ཤེས་གྱིས་མཛོད་རྟོགས་པས་འཛིན་ཅིང་། །དོན་བརྗོད་པ་དང་བྲལ་བར་རིག་པའི་བསྟན་པ་བདག་ཉིད་ལ་སྒྲོགས་པའི་བདག་པོའོ། །བཞི་ཆ་དང་པོ་རིག་པ་ཡུལ་སྣང་ལ་མི་ཞེན་པར་རང་གསལ་བ་དེ་ནི། །དུས་གསུམ་གྱི་བདེ་གཤེགས་མ་ལུས་པའི་རྟོགས་པའི་སྙིང་པོ་ཡིན། །རྟོག་པ་དཔྱོད་པ་ཐ་སྙད་འདོགས་པ་གསུམ་དང་ལྡན་པའི་རིག་པ་ནི་འཁོར་བའི་རང་བཞིན་ཡིན་ནོ། །དུས་ཚོད་དེ་དག་ཀྱང་བླ་མའི་ཞལ་ལས་ཤེས་པར་བྱའོ། །རྟོག་པ་དེ་ལས་དུས་གནས་གཞན་དུའང་ཡུལ་སྣང་ཐམས་ཅད་ལ་དེ་བཞིན་དུ་ཤེས་པར་བྱ་བ་ཁོ་ན་ཡིན་ནོ། །རང་རིག་པའི་ཤེས་རབ་ཀུན་ལ་གནས་ཀྱང་མི་རྟོགས་པས་གསང་བའི་འོད་གསལ་རིག་པའི་དཀྱིལ་འཁོར་དེ་ནི། །སངས་རྒྱས་དང་བླ་མའི་དགོངས་པའི་དགུ་རུམ་དུ་སྦས་པ་དག་ཡིན་ཡང་། །དེ་གསལ་བར་བྱེད་པའི་སྒྲོན་མ་བླ་མའི་གདམས་པ་ཁྱད་པར་ཅན་དེ་ཡིས་མཐོང་། །ཡེ་ནས་མ་བཅོས་པར་རང་གསལ་བའི་ཡེ་ཤེས་ཆེན་པོ་ཕྱོགས་རིས་མེད་པར་ཁྱབ་པར་བདལ་བས། །ཕྱི་ཡུལ་དང་ནང་ཤེས་པ་མེད་པར་ཕྱོགས་ཀུན་ལ་རང་གསལ་བས་ཕྱོགས་འཛིན་མེད་ཀྱང་འཁོར་བ འི་ངེས་པར་འཛིན་པའི་རྟོག་པ་རགས་པའི་ཆ་ཡིས་ཐོག་མ་མེད་ནས་བསྒྲིབས་པས་ནི། །དེ་ཁོ་ན་ཉིད་ཟབ་ཅིང་བརྟག་པར་དཀའ་བས་ཕྲ་བའི་ཆ་སྟེ་དེའི་དོན་མི་མཐོང་བའོ། །རང་རིག་བདེ་ཆེན་གྱི་དོན་མཐོང་བས་ངེས་པས་འཛིན་པས་བཅིངས་པའི་ལྕགས་སྒྲོགས་རང་གྲོལ་ཏེ། །མ་ལུས་པ་ཐམས་ཅད་རྫོགས་པའི་ཆེན་པོ་ཡེ་ཤེས་ལས་སེལ་མེད་པས་དེ་ཉིད་ཀྱི་ཀློང་དུ་གོ་ཞིང་རྟོགས་པ་ཉིད་དོ། ༈ །དེའི་དོན་ལ་མ་ཡེངས་པར་ཉམས་སུ་བླངས་པ་ལས་ཡང་དང་ཡང་དུ་གོམས་པས་མཐར་ཕྱིན་པར་འགྱུར་ཏེ། །དེ་ཡང་ཇི་ལྟར་དྲན་རྟོག་གི་བསམ་པས་ཡུལ་དུ་བཟུང་བའི་བློ། །སེམས་དང་སེམས་ལས་བྱུང་བ་མ་ལུས་པར་ནི་རང་གྲོལ་ཏེ་ཟད་པར་གྱུར་ནས། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དོན་གསལ་བ་མཐར་ཕྱིན་པར་འགྱུར་བའོ། །རྟོགས་པ་ལ་འཕོ་འགྱུར་མེད་སེམས་ཀྱི་གཡུ་དྲུང་སྟེ་དེར་ཐག་ཆོད་པའི་ངང་ལ། །གང་དུའང་མི་དམིགས་པའི་ཡེ་ཤེས་རང་གསལ་བ་ལ་དགག་སྒྲུབ་གང་ཡང་མི་བྱ་བར་གྱི་ནར་བཞག །གལ་ཏེ་རྟོགས་པ་མི་བརྟན་ན་ཅི་དང་ཅིས་རྟོགས་པ་དྲན་པའི་རྐྱེན་གྱིས་དེའི་ངང་མ་ཤོར་བར་བྱས་ཏེ། །གང་དྲན་པ་དེ་ཉིད་ཀྱི་དུས་ཚོད་དུ་ཅི་ཡང་མི་རྩོལ་བར་ལྷུག་པོར་ཞོག །རང་གི་རང་བཞིན་མ་ནོར་བར་རྟོགས་པའི་ནང་སེམས་ཀྱི་སློབ་དཔོན་ལ། །རང་གི་ཉམས་རྟོགས་ཀྱི་ལུང་ནོད་དྲན་པས་ཐག་བཅད་ཅིང་། །ཕྱོགས་འཛིན་གྱི་བསམ་པ་མེད་ལ་ཆེད་དུ་བྱས་པའི་དྲན་པ་མེད་པས་དེ་ཁོ་ན་ཉིད་ལས་མི་གཡོ་བ་ལ། །གང་དུ་ཡང་བློས་མི་དཔྱད་ཉེས་པ་སྤངས་པའི་ལེགས་པའི་དོན་གཅིག་ཆེད་དུ་མི་བཟུང་། །གཞི་མེད་པས་བསྡུ་བར་མ་ཡིན་ཡུལ་ལོགས་པ་མེད་པས་སྤྲོ་བར་མིན། །ཅིར་ཡང་མི་རྟོག་པར་གསལ་བ་ལ་བློ་མ་བཅོས་པ་རང་བཞག །རྣམ་རྟོག་མ་ལུས་པ་ཞི་བས་རྡུལ་མ་ཡིན་ཏེ་སྤྲོས་པའི་ཟུག་རྔུ་མེད་པས་འཇམ་པའི་ངང་། །ཆེད་དུ་བྱས་པའི་རྩོལ་བས། རྣལ་འབྱོར་པའི་རིག་པ་དེ་ཉིད་ཙམ་ལ་གནས་པར་བྱ་སྟེ། །རྟོགས་ནས་བཏང་བཞག་མེད་པས་སེམས་ཉིད་རང་གཞག་ལ་མ་བཅོས་པར་ལྷུག་པར་གནས་པའོ། །དེ་ཡང་གླང་ཆེན་དུལ་བ་ལྟ་བུའི་སེམས་ལ་ནི། །མ་བསྐྱོད་པར་རང་ལུགས་ཉིད་དུ་བཞག་ན་བདེ། །དེ་ཅིས་ཤེ་ན་བརྩལ་ན་གླང་ཆེན་རྒུན་ཆང་གིས་མྱོས་པ་དང་འདྲར་བ་འཕྲོ་ཞིང་རྟོག་པ་འཕེལ་བར་འགྱུར་བས་སོ། །ནམ་མཁའི་ངོ་བོ་ཡུལ་དང་མཁན་པོ་མེད་པས་དུས་ཀྱང་མ་བཅོས་པ་ལྟར་དུ། །རྣལ་འབྱོར་པས་ཀྱང་སེམས་ཉིད་ཀྱི་རང་བཞིན་མ་བཅོས་པར་བཞག་ན་བདེ། །ཁྱུང་ཆེན་པོ་ནམ་མཁའ་ལ་ལྡིངས་པ་ལ་རྩོལ་བ་མེད་པ་བཞིན་དུ། །རིག་པ་མི་རྩོལ་བར་རང་བཞག་གྱི་ནར་ཉིད་དུ་གློད་ན་བདེ། །གང་ལའང་ཞེན་པ་ཐམས་ཅད་བཏང་བས་ཕྱོགས་སུ་འཛིན་པ་གང་ཡང་མེད། །ཆེད་དུ་བྱ་བ་གང་ཡང་མེད་པའི་ཕྱིར་མཉམ་པ་ཉིད་དུ་རྟོགས་པའི་ངང་། །མ་ཞེན་པའི་རྩོལ་སྒྲུབ་མེད་པ། ༈ །སེམས་ཀྱིས་ཆེད་དུ་བསྒྲིམ་པར་མི་བྱ་ཞིང་། །ལུས་དང་ངག་དང་གི་བྱ་བས་བརྩལ་བར་མི་བྱ། །འོ་ན་རྩོལ་བ་དགོས་ཞེ་ན། ཤེས་པ་མི་གང་དུའང་བསྡུ་བར་རང་ཡན་དུ་ཁྱེ། །རང་འོད་ཀྱི་རོལ་པ་ཡིན་པས་ཡུལ་དུ་སྣང་བ་མི་དགག་བདག་དང་ཡུལ་དུ་མ་གྲུབ་པས་ཞེན་པར་མི་བྱའོ། །མཚན་མའི་ཡུལ་གྱི་སྤྲོས་པས་རྒྱུད་འཆེལ་བ་ན། །ཐ་མལ་དང་ཐེག་དམན་གྱི་བྱ་བ་སྣ་ཚོགས་པའི་རྣམ་པར་རྟོག་པའི་སེལ་རྟོགས་གོམས་ལ་བྱུང་ན་རྟོགས་ཤིང་གོམས་པ། །ལུས་དང་སེམས་གློད་ལ་ཏིང་འཛིན་མི་གཡོ་བའི་གཟེར་ཆེན་གདབ་སྟེ་གཡོ་འཛིན་རླུང་གི་མན་ངག་སྦྱིན། ཤིན་ཏུ་ཆགས་པའི་ཡུལ་དྲན་པས་སེམས་གཡོ་བ་བྱུང་ན། །སྟོང་ཉིད་དང་བདེ་བའི་དབྱེར་མེད་པ་ཐིག་ལེ་མན་ངག་སྦྱིན་པར་བྱ་སྟེ་བླ་མས་འཆད་པར་འགྱུར་རོ། །ཡེ་ཤེས་གསང་བའི་རྟོགས་ཤིང་གོམས་པའི་དགོངས་པ་ལ། །ཕྱོགས་འཛིན་གྱི་འདུ་ཤེས་གང་ཡང་མ་ཡིན་ལ་གང་ལྟར་གནས་པ་དེ་ལྟར་ཡིན་པའོ། །ཞེས་སྟོན་པས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་ཀུན་ལ་གསང་བའི་དོན་དེ་ཐབས་གང་གིས་གསལ་བའི་ར་སྟོན་པ་ལེའུ་སྟེ་ལྔ་པའོ།། ༈ །།ལམ་གྱི་ངོ་བོ་དོན་ལམ་བསྟན་ནས་ཚིག་ལམ་ཞུ་བར་འདོད་པས། དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །རྟོགས་ན་རང་གཞན་གྱི་འདོད་པ་རྫོགས་པས་རིན་ཆེན་འཁོར་ལོ་ཀུན་གྱི་ཡུལ་མིན་པས་གསང་བའི་ཐུགས། །འཕྲུལ་ཚིག་ནི་ཚིག་གཅིག་གིས་དོན་མཐའ་དག་རིག་པའི་སྟེ་དེ་སྒྲོན་མ་ཡིས། །རང་བཞིན་རྟོགས་དཀའ་བ་དང་རྒྱལ་བ་དང་བླ་མས་དགུ་རུམ་དུ་སྦས་པའི་དོན་དེ་གསལ་ན། །རྣ་བརྒྱུད་དང་འཕྲུལ་ཚིག་གི་དེ་ཉིད་བཤད་ཐབས་ལྡེ་མིག་གང་གིས་གསལ་བར་རྟོགས་བར་བགྱི། །ཞེས་གསོལ་ཏོ། ༈ །དེ་ནས་ལས་སྟོན་པ་དེ་བཞིན་གཤེགས་པས་སེམས་དཔའ་རྡོ་རྗེ་ཉིད་ལ་སླར་ལན་གསུངས་པ། ༈ །ཕྱི་རབས་ཀྱི་དོན་དུ་སེམས་དཔའ་ཆེན་པོ་ང་ལ་ཚུར་མ་ཡེངས་པར་ཉོན་ཅིག་ཅེས་གདམས་པའོ། ༈ །བརྗོད་བྱ་དོན་གྱི་མན་ངག་རིན་ཆེན་རང་བཞིན་གྱིས་གསང་བའི་དོན་ནི། །བཀའ་སྡེ་སྣོད་དང་ཕྱི་ནང་གི་བརྒྱུད་སྡེ་མ་ལུས་པ་མཐའ་དག་གི། །བརྗོད་བྱའི་དོན་འདུས་པས་སྙིང་པོ་དེ་ཉིད་ཡིན་ཏེ། །བསྟན་པ་མ་ལུས་པའི་མིང་ཚིག་དང་དོན་གྱི་རྣམ་གྲངས་ཐམས་ཅད་རྫོགས་པར་སྡུད་པའི་བདག་ཉིད་ཡིན་པས་རྫོགས་ཆེན་པོ། བསྟན་པ་ཀུན་ཀློང་དགུར་བསྡུས་ནས་བརྗོད་པས་གསུང་གི་འཁོར་ལོ་ཅན་ཏེ་སྐལ་ལྡན་ལ་བསྐོར་ཞིང་གཅོད་པས། །རྒྱན་ལས་ལུས་ནི་བཤད་བཞིན་ཅེས་པ་བཞི་དྲང་། དུས་ཀྱི་མཐའི་སྐད་ཅིག་ཉིད་ལ་ནི། །བསྟན་པ་ཀློང་དགུའི་གཞུང་ཚད་བམ་པོ་ཉི་ཁྲི་ཉིད། །རིན་ཆེན་གསང་བ་དེ་སྐལ་ལྡན་ལ་གསལ་བར་བྱའི་བ་ཆེད་དུ་༼༡༡༽གསུངས་པའོ། ༈ །དེ་ཁོ་ན་ཉིད་ཀྱི་བསྟན་པ་ཀློང་དགུ་དང་ལྡན་པའི་སེམས་ཀྱི་ཆོས་ཉིད་རྣལ་མའི་གཞི་དེ་ཐབས་ཁྱད་པར་ཅན། །རིན་ཆེན་གྱི་ལམ་གྱིས་རྟོགས་ཤིང་ཉམས་སུ་བླང་། །འོག་མ་ལྟར་རྩོལ་བ་ཆེད་དུ་མ་བསྒྲུབས་པར་བདག་གཞན་གྱི་འབྲས་བུ་བྱུང་བ་ནི་ཉི་མ་དང་འོད་ལྟར་ལྷུན་གྱིས་གྲུབ་པའོ། ༈ །མ་ནོར་བའི་ལྟ་བ་ནི་སེམས་ཉིད་ལ་ཕྱོགས་རིས་དང་བླང་དོར་མེད་པར་རྟོགས་པའོ། །འཁོར་མཐའ་དང་གཙོ་བོ་དབུས་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་ལེན་པས་དཀྱིལ་འཁོར་རོ། །རིག་པའི་ཡེ་ཤེས་ཐམས་ཅད་དུ་མ་འགགས་པར་གསལ་བར་སྣང་ནས་དོན་སྒྲུབ་པ་ཕྲིན་ལས་སྒོ་གསུམ་གྱི་མཛད་པ་ལ། །གནང་བཀག་མེད་པ་སྤྱོད་པའི་རྒྱན། །ཕྱོགས་གང་དུའང་མི་བསམ་ཐ་མལ་གྱི་ཞེན་པ་གང་ཡང་མི་ཡེངས་པ་ནི་དགོང་པའི་ཀློང་། །དཔེར་ན་རྒྱལ་པོའི་ཐབས་ཐོབ་པས་རིགས་གསུམ་པ་བཙལ་མི་དགོས་པ་ལྟར་སྤྱི་བླུགས་ནི་ཐེག་པ་ཐམས་ཅད་ཀྱི་དབང་རྫོགས་པའི་དབང་དུ་གནས། །འཁོར་འདས་དབྱེར་མེད་དུ་རྟོགས་པས་འོག་ནས་གོང་དུ་བགྲོད་ལ་མེད་པར་མཐར་ཕྱིན་པ་ནི་བྱང་ཆུབ་སེམས་ཀྱིས་ལམ་ཡིན། །ཆེད་དུ་སྲུང་བས་བཅོས་བསླད་མེད་པའི་དམ་ཚིག་ནི་བཞིར་འདུས་ཏེ་དེ་ཉིད་གདོད་ནས་དག་པའོ། །ཐོབ་བྱ་ཐམས་ཅད་དུ་རང་སྣང་བའི་འབྲས་བུ་ནི་བདག་ཉིད་ལྷུན་གྱིས་གྲུབ་པས་སེལ་མེད་པའི་ཀློང་ངོ་། །དགུ་སྟེ་བསྟན་པ་ཐམས་ཅད་འདིར་འདུས་ཤིང་འདི་ལས་འཕྲོས་བ་རྩ་བའི་རྒྱུད་ཅེས་ཀྱང་བྱའོ། ༈ །སེམས་ཀྱི་ཆོས་ཉིད་གང་གིས་ཀྱང་མ་བཅོས་མ་བསླད་པས་རྣལ་མའི་གཞིའི། །དོན་དང་ངེས་ཚིག་དང་དཔེ་ཡིས་བསྟན་ཏེ། ༈ །དེ་ལ་གཞིའི་དོན་ནི་འཁྲུལ་གྲོལ་ཇི་ལྟར་སྣང་ཡང་ལྷུན་གྲུབ་རྣམ་པ་གསུམ་གྱི་ངོ་བོར་གསལ་བ་ལ། །རྣམ་པ་སྒྱུ་མ་དང་རང་བཞིན་སྤྲོས་བྲལ་དང་མཚན་ཉིད་རང་རིག་རྣམས། །བདེ་བ་ཆེན་པོར་ཡེ་ནས་ལྷུན་གྱིས་གྲུབ་པ་ནི་གང་ཞེ་ན། །ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། །འགྲོ་བ་རིགས་དྲུག་གི་སྤྱོད་ཡུལ་ཅི་སྣང་ཡང་སེམས་ཉིད་ཀྱི་མ་བཅོས་པའི་ངོ་བོར་གཅིག་པ། །གཉིས་ཐ་དད་མ་ཡིན་ཏེ་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བར་གཅིག་པའོ། །རིག་པ་རྣམ་པ་ཐམས་ཅད་དུ་འགག་པ་མེད་པར་སྒྱུ་མ་ལྷུན་གྱིས་གྲུབ་ཀྱང་རང་རྒྱུད་པ་མེད་པ་ནི། །རོལ་པ་ཅིར་ཡང་སྣང་བ་ལ་བདེན་པའི་ངོས་གཟུང་གང་ཡང་མེད། །ཆོས་ཐམས་ཅད་རང་རིག་ཏུ་གསལ་བའི་མཚན་ཉིད་ལ་ཡོན་ཏན་རྫོགས་པར་ལྷུན་གྱིས་གྲུབ་པ་དེ་ལ། །ཕྱི་གཟུང་བའི་ཡུལ་དང་འཛིན་པའི་ཤེས་པར་བློས་བརྟགས་པ་དག་ངང་གིས་མེད། །རིག་པ་ཕྱོགས་བྲལ་དེ་ཉིད་རྣམ་པ་འགག་མེད་དེ་ཡི་རང་བཞིན་ཡིན་པས་ཐིག་ལེ་ཉག་གཅིག་ཡིན་ནོ། ༈ །འཁོར་འདས་མ་ལུས་པའི་དོན་གྱི་སྙིང་པོ་ཐམས་ཅད་འབྱུང་བའི་གཞི་ནི། །གནས་ལུགས་ངོ་མ་ཤེས་པར་སྣ་ཚོགས་སུ་ཞེན་པའི་རྟོག་པའི་རང་བཞིན་ཡིན་དེ། །རྟོག་པར་ཙམ་སྣང་ཉིད་ན་རང་རྒྱུད་པ་མ་གྲུབ་པས་མི་རྟོག་པ་སྟེ་དུས་གཅིག་ཏུ་གནས་པ་ལ། །ཐམས་ཅད་དུ་རོལ་པ་རང་སྣང་པས་འཁོར་བའང་ཡིན། །རོལ་པའི་སྣང་བ་ལ་འཛིན་པ་དང་བརྟགས་པའི་རྟོག་པས་གོམས་པ་སྤངས་པས་སངས་རྒྱས་ཡིན། །བླང་དོར་གྱིས་འཆིང་བ་ཕྱོགས་འཛིན་དང་བྲལ་བས་ལྟ་བ་ཡིན། །རང་འོད་དང་འབར་བ་སྐུ་གསུམ་ཐུགས་སུ་གསལ་བའི་དཀྱིལ་འཁོར་ཡིན་པས་རང་རྒྱུད་པ་དག་པའོ། །ཐམས་ཅད་མ་ལུས་པར་ཐིག་ལེ་ཁོང་སྟོང་དུ་འདུས་པའི་རང་གསལ་བ་ལུས་པོ་ཆེ། །རིག་པ་དང་སྟོང་བ་གཅིག་པོ་དེ་ནི་ཆོས་ཀུན་གྱི་རང་བཞིན་ཡིན་ཏེ། །བདེ་བ་ཆེན་པོར་ལྷག་མ་ལུས་པ་མེད་པར་ཡོངས་སུ་རྫོགས། །མཐའ་ཐམས་ཅད་ལས་ངེས་པར་གྲོལ་བས་རིག་པའི་འཁོར་ལོ་འབུམ་ཕྲག་ཡས་པའོ། །གཞི་དེ་མཚོན་པར་བྱེད་པའི་དཔེ་ཡི་རང་བཞིན་ངེས་པར་བྱ་བ་ནི། །མུན་པ་དང་ཆུ་དང་ཉི་མས་བསྟན་ཏེ། །སེམས་ཉིད་རིག་པའི་ངོ་བོ་འཁྲུལ་པ་ཀ་ནས་དག་པ་ལ། །ཞེན་པས་སོ་སོར་བརྟགས་པའི་སྣང་བ་གང་ཡང་མཐོང་བ་མེད་པས། །སྨག་གི་མུན་རུམ་ལ་ཅིར་ཡང་མཐོང་བ་མེད་པ་ལྟ་བུར་བཤད། །དངོས་པོར་གྲུབ་པ་མེད་པའི་རིག་པ་རང་སྣང་བ་དེ་ཉིད་ལ། །རང་བྱུང་ཡེ་ཤེས་རོལ་པ་གང་དུ་ཡང་མི་འགག་པས་སྣ་ཚོགས་སུ་འཆར་བའི་ཕྱིར། །ཆུ་ཡི་གཉེར་མ་ལྟ་བུར་བཤད། །གང་གིས་ཀྱང་མ་བཅོས་པ་སེམས་ཀྱི་མཚན་ཉིད་ཡེ་ཤེས་ཕྱོགས་དང་བྲལ་བ། །ལམ་གྱི་རྩོལ་བས་ཆེད་དུ་བཀོག་པ་མ་ཡིན་ཡང་། །ཡུལ་ཤེས་སུ་ཞེན་པ་གདོད་ནས་དག་པས་གཟུང་འཛིན་གྱི་དྲི་མ་མེད་པས། །ཁྱབ་པ་དང་ཕྱོགས་རིས་མེད་པ་རང་གསལ་བའི་ཕྱིར་ཉི་མ་ཤར་བ་ལྟ་བུར་བཤད་པའོ། ༈ །བརྟགས་པས་ཐ་དད་ཞེན་ཅིང་རྟག་པར་འཛིན་པའི་མཐའ་དང་། །སྟོང་པ་ལ་ཞེན་ནས་ཡེ་ཤེས་ཀྱི་རོལ་པའི་སྣང་བ་བཀག་པས་ཆད་པའི་མཐའ་དང་། །རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་བའི་དབུ་མའི་དོན་ལ་ངེས་པར་འཛིན་པས་བཅིངས་པའི། །མཐའ་དད་གསུམ་བསལ་བའི་དགོས་པ་ཕྱིར་དུ་རང་བཞིན་དང་རྣམ་པར་དང་མཚན་ཉིད་གསུམ་བསྟན་པའོ། ༈ །རྒྱུ་རྐྱེན་གཞན་མེད་པས་རང་སྣང་འབད་རྩོལ་མེད་པས་ལྷུན་གྲུབ་གློ་བུར་བ་མིན་པས་ཡེ་ནས་གནས་པ་དེ་ལ། །རང་རང་གི་ཞེན་པས་བགྲོད་པའི་ལམ་གྱིས་རྩོལ་བས་ཆེད་དུ་བརྩལ་བ་ནི་འདིར་མི་དགོས་ཏེ་དེ་ཡང་རིག་པ། །མཐའ་དབུས་མེད་པས་ནམ་མཁའ་ལྟ་བུ་ལ། །ལམ་ལྔ་ས་བཅུ་ལ་སོགས་པ་བགྲོད་པས་མཐར་ཕྱིན་པར་ག་ལ་འགྱུར། །ཐེག་པ་མཐའ་དག་སེམས་ལ་ཡུལ་དུ་བྱས་ནས་བགྲོད་པས་ཕྱིན་པར་འདོད་ན། །དཔེར་ན་ནམ་མཁའ་ལ་འདོམ་གྱི་ཚད་ཀྱིས་འཇལ་བ་དང་འདྲ། །བར་མི་འགྲུབ་པའོ། ༈ །ལམ་བསྟན་གྱི་དབྱེ་བས་དང་ལམ་གྱི་དཔེ་དང་། །མིང་གི་ངེས་པའི་ཚིག་གི་དོན་དང་ལྡན་པ་ནི་བགྲོད་མེད་ཀྱི་ལམ་དེ་ཉིད་ཡིན་ནོ། ༈ །མཚོན་བྱ་དོན་གྱི་ལམ་དང་མཚོན་བྱེད་ཚིག་གི་ལམ་མོ། །དོན་གྱི་ལམ་ནི་སྐུ་གསུམ་དང་ཐུགས་ཕྲད་པས་སྐུ་གསུམ་གྱི་དོན་གསལ་བར་རྟོགས་པ་ཡིན་ལ། །དེ་ཡི་བརྡ་ཕྲད་པར་བྱེད་པ་ནི་ཚིག་གི་ལམ་མོ། ༈ །རང་བྱུང་གི་ཡེ་ཤེས་རྩོལ་བས་གཞན་དུ་བགྲོད་པ་མེད་རང་ལ་ལྷུན་གྱིས་རྫོགས་པར་ཤེས་པ་མ་བཅོས་པའི་ལམ་ནི། །རྣམ་གྲོལ་གྱི་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཀུན་གྱི་ཡོངས་སུ་རྫོགས་པའི་རྒྱུའོ། །ཡེ་ཤེས་གསང་བའི་རང་བཞིན་དང་རྣམ་པ་དང་མཚན་ཉིད་གསུམ་གྱི་དོན་མ་ནོར་བར་གསལ་བར་རྟོགས་ན་དེའི་མཐུས་ལས་གང་ནས་འབྲས་བུ་ཅི་འཆར་ཞེ་ན། གང་གིས་ཀྱང་མི་གཡོ་བའི་སེམས་ཀྱི་དཀྱིལ་འཁོར་ནས༼༡༽། །གང་འབྱུང་ན་ཐེག་པ་ཀུན་གྱི་ཐོབ་བྱའི་འབྲས་བུར་འཕེལ་འགྲིབ་མེད་པའི་རང་བཞིན་དུ་འཆར༼༡༽། །དེས་ན་གདུལ་བྱ་ཀུན་མཉམ་པ་ཆེན་པོར་དགོངས་པ་ཡི་ཐུགས་མངའ་བར་རྟོགས་ན། །ལམ་ལ་རིམ་པས་བགྲོད་དུ་མེད་དེ་མཉམ་པ་ཆེན་པོ་ལ་ཅིག་ཆར་དུ་འཇུག་པ་ལ། །རྣམ་རྟོགས་ཕྲ་རགས་ཐམས་ཅད་ཆོས་ཉིད་ལས་བྱུང་ཞིང་འདུས་པར་ངོ་ཤེས་པའོ། ༈ །གལ་ཏེ་ཚིག་ལམ་བརྟེན་མཚན་མ་ཡིན་པས་མི་དགོས་སྙམ་ན་ཚིག་ལམ་གྱི་རྐྱེན་གྱིས་མ་མཚོན་ན། །མ་བཅོས་སེམས་ཀྱི་དོན་དེ་མི་ཤེས། །རྣ་བརྒྱུད་དབང་གིས་ཐབས་ཀྱི་ཚིག་གི་ལམ་གྱིས་དོན་ལ་སྦྱོར། ༈ །ཡེ་ཤེས་གསང་བའི་དོན་མཐོང་བས་དུཿཁ་དང་རྩོལ་བ་ཟད་པས་མ་བཅོས་བདེ་བ་ཆེན་པོའི་ས་ལ་དུས་ཐམས་ཅད་གནས། །འཛིན་པ་རགས་པའི་རྟོག་པ་ཅི་བྱུང་བ་དག །མ་བཅོས་པ་དེ་ཉིད་ཅིར་ཡང་འཆར་བས་རང་བྱུང་ཡང་ཆུའི་རི་མོ་ལྟར་ཡེ་ཤེས་ཉིད་དུ་གསལ་བ་ལ་སྒོ་གསུམ་གྱི་བྱ་བས། །མི་རྩོལ་བར་མ་བཅོས་བདེ་བ་ཆེན་པོའི་སེམས་ལ་དུས་ཐམས་ཅད་དུ་གནས་པའོ། །དུས་གསུམ་དུ་མི་འགྱུར་ཞིང་མུ་མཐའི་སྤྲོས་པ་དང་བྲལ་བའི་ཆོས་ཉིད་རྟོགས་བྱའི་དོན་ལ། །གང་ལ་ཡང་འཛིན་པ་དང་བྲལ་བ་བླང་དོར་མེད་པའི་བཏང་སྙོམས་ལས་མ་ཡེངས་པའི་རྣལ་འབྱོར་གྱིས། །ཐེག་པ་གཞན་ལ་སྣང་བའི་ཇི་སྙེད་པའི་སྐྱོན་ཆོས་ཉིད་བྱང་ཆུབ་སེམས་སུ་མཐོང་བས་ཐམས་ཅད། །གཉིས་སུ་མེད་པའི་དོན་འོད་གསལ་ཆེན་པོ་རྟོགས་པ་དེ་ལ། །སྐྱོན་དུ་བལྟས་ནས་དང་ཡོན་ཏན་དུ་བཟུང་བས་བླང་བ་དང་དོར་བ་མེད་དེ་ཆུ་དང་རླབས་བཞིན་དུ་བསམ་པ་མ་ལུས་པ་ཀུན་སེམས་སུ་ཤེས་པས་སོ། །དེ་ལྟར་མཐོང་བ་དང་གོམས་པ་དང་མཐར་ཕྱིན་པ་ནི་བྱང་ཆུབ་སེམས་ཀྱི་ལམ་སྟེ་དེར་བློ་འཇུག་པའི་ཕྱིར་རོ། ༈ །རྩོལ་མེད་རང་གསལ་བས་མར་མེ་བཞིན་མ་གོས་པར་རང་སྣང་པདྨ་འདྲ་རྟོགས་པ་རྒྱུན་དུ་གནས་པ་འབབ་ཆུ་ལྟར་སོགས། །རྒྱན་ལས། མཚོན་བྱེད་བཤད་བཞིན། ཅེས་དྲང་། ཚིག་ལམ་དང་དོན་ལམ་ལ་སྐབས་སུ་གང་བབ་ཀྱིས་སྦྱོར་ཅིག་པའོ། ༈ །རྩོལ་བས་ཚི་ཆད་ཅིང་ནད་དུ་འགྱུར་བས་ལུས་དང་ངག་གི་རྩོལ་བ་དང་། །མཚན་བཅས་མཚན་མེད་ཀྱི་ཏིང་འཛིན་སེམས་ཀྱི་རྩོལ་བའི་རིམ་པ་མེད་པར། །ཐབས་ཀྱིས་སྒྲོལ་བ་རྫོགས་པའི་ལམ་ཆེན་པོ། །རིག་པའི་གདལ་ཁྱབ་ཆེན་པོ་གནས་སུ་དེ་ཉིད་རྟོགས་པས་ཇི་ལྟ་བར་ཕྱིན། །ཏེ་ཚུལ་གཅིག་པ་དེས་ན་མཐར་ཕྱིན་པའི་འབྲས་བུའི་ལམ། །ཡེ་ཤེས་ཡོད་མེད་ཀྱི་མཐའ་མ་གོས་པར་རྣམ་པར་དག་པའི་ལམ། །སྐྱོན་ཡོན་ལ་དགག་སྒྲུབ་ཀྱི་སྤྱོད་ཡུལ་རྣམ་པར་དག་པས་ཀུན་ཏུ་བཟང་ཉིད་ཡིན་པས། །དབྱེར་མེད་དེ་གཞི་ལམ་འབྲས་བུ་ཐམས་ཅད་རོ་གཅིག་པས་མཚུངས་པའི་ལམ་མོ། །བྱང་ཆུབ་ཀྱི་སེམས་ཉིད་ལ་ཐེག་པ་གཞན་ལྟར་རྒྱུ་ལ་རག་ལུས་པ་མེད་པས། །ཚོགས་གཉིས་ཀྱི་རྒྱུ་ཡིས་བསྒྲུབས་པའི་འབྲས་བུ་ནི་འདིར་མིན། །དང་པོ་གཞི་རང་བྱུང་གི་ཡེ་ཤེས་ལ་རྒྱུ་འབྲས་གྲུབ་པ་མེད་པས། །ཆོས་ཐམས་ཅད་ཀྱི་ངོ་བོར་རང་གསལ་ཞིང་རོལ་པ་སྣ་ཚོགས་སུ་སྣང་ཡང་བདག་ཉིད་ཆེན་པོ་ཉག་གཅིག་ལ་ཕྱོགས་འཛིན་གྱི་དྲི་མ་མེད། །དེ་ལ་འབད་རྩོལ་མེད་པ་ནི་དཔེར་ན་ནམ་མཁའ་ཡིས་ཁྱབ་པ་བཞིན་དུ་གནས་ཏེ། དེས་ཕྱོགས་བཅུའི་སངས་རྒྱས་དང་སེམས་ཅན་མཐའ་ཡས་ཀུན་ལ་ཁྱབ་པ་རང་བཞིན་དབྱེར་མེད། །དེ་ཉིད་ཇི་ལྟ་བར་རྟོགས་པས་མཐར་ཐུག་གི་འབྲས་བུའི་ས་ཡིན་ནོ། །འདས་དང་མ་འོངས་ད་ལྟར་ཏེ་དུས་གསུམ་མ་འགགས་པར་སྣང་ཡང་། །སྐྱེ་འགག་ཏུ་རྟོག་པའ་ིངོ་ལ་སྔ་ཕྱིའི་ཁྱད་པར་དུ་སྣང་བ་ཙམ་ལས། །དུས་གསུམ་ཆོས་ཉིད་དུ་བྲལ་གྱི་ངོ་བོར་གཅིག་སྟེ་སྔ་ཕྱིའི་རྒྱུན་མཐོང་བའི་ཁྱད་པར་མེད། །མ་བཅོས་པར་ཇི་ལྟ་བར་རྟོགས་པ་ཐུགས་ཡེ་ཤེས་རིག་པ་ལ། །འཁྲུལ་པའི་ངོར་སྣང་བའི་སྔོན་མེད་ཕྱིས་མེད་དེ་ཐིག་ལེ་ཉག་གཅིག་ཏུ་གསལ། །བ་དེ་ཡན་གློ་བུར་བ་མིན་ཏེ་རང་བྱུང་ཕྱོགས་མེད་པས་འོད་གསལ་ཉིད་རྒྱུ་རྐྱེན་མེད་པའི་གདོད་ནས་སྐྱེ་འགག་མེད་པར་ཡོད། །སྐྱེད་བྱེད་ཀྱི་རྒྱུ་མེད་པས་བདག་གཞན་གྱི་དགོས་པ་ཚང་བའི་འབྲས་བུ་བྱང་ཆུབ་ཀྱི་སེམས་དེ་ནི། །འབྲས་བུ་མ་ལུས་པ་ཀུན་གྱི་བདག་ཉིད་ཡིན་ནོ། ༈ །ཆོས་སྐུ་ཕྱོགས་མེད་ཉིད་འབྲས་བུ་ཀུན་གྱི་ངོ་བོར་རང་གསལ་བ་དེ་ལ ༼༡༽། །ཇི་ལྟར་འཆར་ན་རིན་ཆེན་འབར་བ་ལ་དགོས་འདོད་ལྷུན་གྲུབ་ཏུ་འཆར་བ་ལྟར་དུ་འཆར། །གང་འཆར་ན་ཐུགས་རྗེའི་བྱིན་རླབས་གདུལ་བྱའི་མོས་པ་ལྟར་འདོད་དགུར་རྩོལ་མེད་དུ་འཆར་བ་ནི། །གདུལ་བྱ་ས་ལ་གནས་པའི་སྐལ་ལྡན་གྱི་དུས་ན་རང་གི་རྐྱེན་ལས་ཉི་མ་བཞིན་དུ་ཞིང་དག་པར་ལོངས་སྐུ་སྣང་། །ལས་དབང་པོ་མ་དག་པ་སེམས་ཅན་གྱི་དུས་ན་སྤྲུལ་པ་སྣ་ཚོགས་པའི་སྐབས་ཀྱིས་འགྲོ་བའི་བསམ་པ་དང་མཐུན་པར་སྣང་། །ཆོས་ཀྱི་སྐུ་ལྷུན་གྱིས་གྲུབ་པའི་དུས་ན་ཡིན་མིན་གང་གི་ཡང་ཕྱོགས་རིས་མེད། །རང་བཞིན་གྱིས་འོད་གསལ་བ་དང་དེ་ཁོ་ན་ཉིད་རིག་པའི་དཀྱིལ་འཁོར་ལས་དག་མ་དག་བསམ་གྱིས་མི་ཁྱབ་པ། །རང་སྣང་ཞིང་རང་ལས་འདུས་པས་འབྲས་བུ་ནི་རྒྱ་མཚོར་ལྟ་འཁྱིལ་བར། །གསལ་ཞིང་འབར་ཀྱང་འབྲས་བུའི་ངོ་བོ་ལ་བདག་དང་གཞན་དུ་གྲུབ་པ་མེད། །གང་ཡང་མ་བཀག་པས་བདག་དང་གཞན་དུ་འབྲས་བུ་ཉིད་རང་སྣང་བའོ། །དེ་གཉིས་འགལ་ལོ་ཞེ་ན། དངོས་པོ་ཡིན་ལུགས་དང་གདུལ་བྱའི་བསམ་པ་དང་སྦྱར་བའི་སྐབས་ཀྱིས་མི་འགལ་བར་ཤེས། ༈ །གསལ་འབར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རིག་པའི་བྱིན་རླབས་ཀྱི་ཡོན་ཏན་ཐམས་ཅད་ནི། །ཡེ་ནས་གནས་པའི་ཆོས་ཉིད་གནས་ལུགས་རིག་པའི་གཞི་ལ་ལྷུན་གྲུབ་ཏུ་རྫོགས་པས། །ཐམས་ཅད་འདུས་པའི་སྙིང་པོ་དོན་གྱི་གཞི་དེ་ཐབས་ཁྱད་པར་ཅན་གྱིས་རྟོགས་ན། །རང་བཞིན་གྱིས་ཚོགས་གཉིས་རྫོགས་ཤིང་ཉོན་མོངས་པ་དང་། ཤེས་བྱ་དང་ལྟ་བའི་སྒྲིབ་པ་མེད་པའི་ཕྱིར། །ཚོགས་གཉིས་མི་སྒྲུབ་ཅིང་སྒྲིབ་པ་གསུམ་སྤངས་པ་མེད་པའོ། །སྤང་མེད་ཐིག་ལེ་ཉིད་ཀྱི་དབྱིངས། །ཐབས་གང་གིས་ཀྱང་མཚོན་དུ་མེད་པའི་སེམས་ཀྱི་འབྲས་བུ་མ་སྒྲུབས་པ་ལ་ལྷུན་གྱིས་གྲུབ་པ་ནི། །དབང་གཉིས་པ་དང་གསུམ་པ་རིག་མ་ལ་བརྟེན་པའི་ལུས་ཀྱི་བདེ་བས་མཚོན་དུ་མེད། །སེམས་ཉིད་འོད་གསལ་ཆོས་ཀྱི་དབྱིངས་རྒྱུ་འབྲས་གཉིས་སུ་མེད་པའི་འབྲས་བུ་ལ། །ཐེག་དམན་ལ་ཞུགས་པའི་རྒྱུ་འབྲས་གཉིས་སུ་རྟོགས་པས་ཡུལ་དུ་གྲུབ་པ་མིན་ནོ། །གཞི་ཇི་བཞིན་པར་གསལ་བར་ཡོན་ཏན་ཐམས་ཅད་རྫོགས་པའི་འབྲས་བུ་ནི། །ཐམས་ཅད་སྐྱེད་པའི་རྒྱུ་འབྱུང་བ་ལྔ་ཡང་དེ་ལས་བྱུང་བ་དེས་བསྐྱེད་པ་ལ་རག་མ་ལས་འདས་པའི། །སྐུ་གསུང་ཐུགས་ལ་བློ་རྟེན་མི་འཆའ་སྟེ་ངོས་བཟུང་ལས་གྲོལ་ལོ། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་སེམས་ཉིད་རིན་ཆེན་ཚིག་ལམ་གྱིས་གསལ་བར་བྱེད་པའི་ལེའུ་སྟེ་དྲུག་པའོ།། ༈ །།དེ་མ་ཐག་པ་དེ་ནས་གང་གིས་སེམས་དཔའ་རྡོ་རྗེས། གང་ལ་དེ་བཞིན་གཤེགས་པ་ལ་ཇི་ལྟར་ཞུ་བ་འདི་སྐད་གསོལ་ཏོ། །གང་གིས་ཀྱང་མ་བསྒྲིབས་པས་འོད་གསལ་སྤྲོས་པ་དང་བྲལ་བས་ཐུགས་ཀུན་ལ་ཁྱབ་པས་རྗེའི་དེ་ཉིད་འབད་རྩོལ་མེད་པར་སྣང་བ་ལྷུན་གྲུབ་ཁྱོད། །སྐུ་གསུམ་ཐུགས་ཀྱི་རོལ་པའི་མཛད་པ་མཐའ་ཡས་པ་གདུལ་བྱའི་ངོ་ལ་བསམ་གྱིས་མི་ཁྱབ་པས་འབུམ་ཕྲག་ཡས། །དགོངས་པ་འོད་གསལ་དབྱིངས་ལ་མ་གཡོས་པར་བཞུགས་བཞིན་དུ། །མཉམ་རྗེས་དང་མཛད་པ་ལ་འཕེལ་འགྲིབ་མེད་པས་ཐུགས་རྗེའི་མཛད་པ་ཕྱོགས་བཅུར་ཁྱབ་པར་བདལ། །འགྲོ་བའི་བསམ་པ་བཞིན་དུ་སྣང་ནས་རེ་བ་སྐོང་བ་ནི་དཔེར་ན། །ཡིད་བཞིན་ནོར་བུ་ལ་རྣམ་རྟོག་མེད་པར་དགོས་པ་འབྱུང་བ་ལྟ་བུར་ཤར། །བརྒྱལ་བ་རྣམ་སྣང་ཁྱོད་ནི་གདུལ་བྱའི་སེམས་སྣང་ཞིང་གསལ་བས་སྒྲོན་མ་སྟེ། །མ་རིག་པའི་མུན་པ་དང་བར་བྱེད། །ནད་ཐམས་ཅད་སེལ་བས་འཇམ་དཔལ་ལས་སྨན་པ་ཆེ་མཆོག་ཅེས་པ་གསུམ་དྲང་སྨན་ཆེན་བདུད་རྩི་ཕན་འདོགས་པས་བྱམས་མགོན་ཁྱོད་གྱིས། །རྫོགས་ཆེན་སེམས་ཀྱི་རང་བཞིན་རྟོགས་ནས་གོམས་པ་ལ། །གང་ཡང་བཀག་པ་མེད་པའི་སྒོ་གསུམ་གྱི་སྤྱོད་པ་ཇི་ལྟར་བགྱི། །ཞེས་དྲི་བའི་ཚིག་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གྱིས་བཀའ་སྩལ་པ། ༈ །གསང་སྔགས་ཀྱི་ཉམས་དང་ལྡན་པའི་སྤྱོད་པ་ནི་སྒོ་གསུམ་གྱི་སྤྱོད་པའི་མཆོག་ཡིན་ཏེ། །སེམས་ཀྱིས་ཕར་ཡུལ་ལ་འཕྲོ་ཚུར་ནང་དུ་འདུའི་ལས་ཅི་ཡང་མི་བྱེད་པར། །རྟོགས་པ་རང་གསལ་ཕྱོགས་མེད་ཀྱི་ཀློང་ལ་ཡེ་ནས་མི་འགྱུར་བར་གནས་པས། །ནམ་མཁའི་རྡོ་རྗེའི་སྤྱོད་པ་ཞེས་བྱ་སྟེ་མ་བཅོས་པར་སེམས། །སྒོ་གསུམ་རྡོ་རྗེ་བརྩོལ་བ་ཆེད་དུ་མ་བརྩལ་བའི་སྤྱོད་པ་ནི། །ལུས་ཀྱིས་ལྷའི་སྐུ་ཕྱག་རྒྱ་སྒོམ་ཞིང་བཅའ་བའི་ལས་མི་བྱེད། །ཐ་མལ་པའི་ལུས་ཀྱི་སྤྱོད་པའང་དེ་བཞིན་དུ་མེད་པ་ཡིན་ནོ། །ངག་གིས་སྙིང་པོ་བཟླས་པ་དང་སྔགས་བརྗོད་པའི་ལས་མེད། །ཡིན་ལུགས་ལས་མ་བཅོས་པའི་གསུང་གི་སྤྱོད་པ་ལ་ནི། །རང་ག་མར་ཞེན་པའི་ཐ་མལ་པ་ངག་ལ་སོགས་པ་གང་ཡང་སྨྲ་བ་མིན། །སེམས་ཀྱིས་ཡེ་ཤེས་པ་ལས་འོད་ཟེར་ཕར་འཕྲོ་བ་དང་དངོས་གྲུབ་ཚུར་འདུ་བའི་ཏིང་ངེ་འཛིན་གྱི་ལས་མི་བྱེད། །རང་གསལ་རྟོགས་པའི་ཀློང་ལ་གོམས་པས་ཡེ་ནས་གནས་པ་ལ། ༈ །ཡིད་ཀྱིས་དྲན་པ་དང་བསམ་པའི་རྟོག་པ་རྒྱུ་བ་གང་ཡང་མེད། ༈ །མུ་མཐའི་སྤྲོས་པ་མ་སྤངས་པར་བྲལ་བ་ནམ་མཁའ་ལྟ་བུའི་དོན་ལ། །ཆོས་ཐམས་ཅད་རང་གསལ་དུ་རྟོགས་པའི་ཡེ་ཤེས་ཀྱི་ངང་ལ་ཆེད་དུ་མ་བཅོས་པ། །སྒོ་གསུམ་གྱི་བྱེད་རྩོལ་མེད་པར་རིག་པ་རང་ལུགས་སུ་བཞག་པས་རེ་དོགས་དང་བྲལ་བས་ལྷུག་པའོ། །ཕྱོགས་གང་དུའང་བློ་གཏད་ནས་མ་བཞག་པར་ཆོས་ཉིད་འོད་གསལ་ཕྱོགས་མེད་དུ་རྟོགས་པའི་མཁའ་ལ་མ་ཡེངས་པར་དུས་གསུམ་དུ་དྲན་པ་ནི་རྐྱེན་གྱིས་རྟོགས་པའི་ཉམས་རྩེ་གཅིག་ཏུ་གཟུང་། ༈ །དེ་ཉིད་ལ་ཐ་སྙད་དྲན་པ་དང་། རྣམ་རྟོག་དང་ཡུལ་གྱི་མཚན་མས་མི་གནས་པར་གཡོས་པར་གྱུར་ན། །བྱ་བྲལ་ངང་ལ་ཕྱོགས་མེད་པས་ནམ་མཁའ་སྙིང་པོའི་དོན་ལས་མི་འགྱུར་བ་རྡོ་རྗེའི་སྤྱོད་པ་ལ། །འོད་གསལ་ལྷག་པའི་སེམས་ཀྱིས་རིག་པ་གང་དུའང་མི་འཕྲོ་བར་གནས། །རྣམ་རྟོག་སྔ་ཕྱིའི་རྗེས་སུ་དྲན་པས་ནམ་མཁའ་རྡོ་རྗེ་ལས་གཡོས་པ་ན། །སེམས་ཉིད་རིན་ཆེན་ཅིར་ཡང་སྣང་བས་འཕྲུལ་གྱི་རྟོགས་པའི་སྙིང་པོའི་དོན་གྱི་སྒོ། །དེ་དུས་ཀུན་ཏུ་དྲན་པའི་རྐྱེན་གྱིས་མན་ངག་གི །མ་ཡེངས་པར་གཟུང་བར་བྱའོ། །མ་རྟོགས་པས་ལུས་ངག་གི་སྤྱོད་པ་གཙོ་རུ་འཇོག་པར་བྱེད་ན། །དེ་ཡང་དཀར་སྤྱོད་ཉིད་ཡིན་ལ་རྫོགས་ཆེན་གྱི་མ་བཅོས་པའི་སྤྱོད་པ་མིན་ནོ། ༈ །ཕྱོགས་སུ་ཞེན་པའི་སྤྱོད་པ་མེད་པར་མཉམ་པ་ཉིད་དུ་ཆོས་ཐམས་ཅད་རིག་པའི་སྤྱོད་པ་ཉིད་ལ། །ཐེག་པ་གཞན་གྱིས་རྩོལ་བའི་སྤྱོད་པ་ལས་བྱུང་བའི་འབྲས་བུའང་ལྷུན་གྱིས་གྲུབ་བོ། །གང་གིས་ཀྱང་བཅོས་སུ་མེད་པ་སེམས་ཀྱི་རང་བཞིན་ཡིན་པ་ལ། །བཅོས་སུ་ཡོད་པར་གོ་ནས་ཆེད་དུ་བཅོས་པའི་སྒོ་གསུམ་གྱི་སྤྱོད་པ་ནོར་བས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་དཔེར་ན་ཕྱོགས་གཅིག་པའི་དངོས་པོ་དང་བྲལ་བའི་རིག་པ་བདག་གཉིས་མེད་པའི་ངོ་བོ་ལ། །མུ་སྟེགས་པས་བརྟགས་པའི་གང་ཟག་གི་བདག་ཏུ་འཛིན་པ་ལོག་པ་བཞིན་ནོ། །ཆོས་ཐམས་ཅད་འོད་གསལ་རིག་པ་ལྷུན་གྲུབ་ལ། །ཐེག་པ་གཞན་གྱི་རྩོལ་བའི་སྤྱོད་པས་སེམས་ཉིད་ཀྱི་དོན་མི་མཐོང་ངོ་། ༈ །རྟོགས་པའི་བློས་བསམ་གྱིས་མི་ཁྱབ་པའི་འོད་གསལ་གྱི་སེམས། ༈ །ཉིད་ལ་རྟོགས་གོམས་ཀྱི་གདེངས་དང་ལྡན་པས་འགྱུར་བ་མེད་པའི་དབྱིངས་ལས་མ་གཡོས་ཀྱང་། །ཡེ་ཤེས་ཀྱི་རང་འོད་ཡོན་ཏན་ཐམས་ཅད་དུ་རང་སྣང་བར་ལྷུན་གྱིས་གྲུབ་པའི་བྱིན་རླབས་ལས། །གདུལ་བའི་སྐལ་བ་དང་ལྡན་པ་རང་རང་གི་བསམ་པ་སྣ་ཚོགས་པ་ཇི་བཞིན་དུ། །འགྲོ་བ་འདུལ་བའི་ཐབས་ཀྱི་སྤྱོད་པ་ཡང་དེ་ཉིད་དུ་སྣང་ནས་དོན་མཛད་པ་ནི། ༈ །རང་གི་སེམས་ཉིད་སྐྱོན་གྱིས་མ་གོས་པར་པདྨ་བཞིན་དུ་རྟོགས་གོམས་ཀྱི་གདེང་གིས་དག་ནས། །གདུལ་བྱ་ཕ་རོལ་ཇི་ལྟར་མོས་པ་བཞིན་དོན་མཛད་པ་ནི། །འགྲོ་བ་ཆགས་ཅན་གཡེམ་པར་འདོད་པ་ལ་གཡེམ་པ་ཉིད་སྤྱད་པས་འདུལ་ཏེ། །གདུལ་བྱ་རང་གི་སེམས་དུག་ལྔ་ལ་སོགས་པ་གང་ལ་འཐད་པའི་སྒོ་དང་བསྟུན་ནས་དོན་མཛད་ཀྱང་ལོག་པའི་ལམ་དུ་འགྱུར་བ་ནི་ཞེ་སྡང་མནར་སེམས་ང་རྒྱལ་ཉིད་དུག་གིས་དུག་ནད་གསོ་བ་ལྟར་སྤྱད་ཀྱང་མི་འཆིང་བར་གྲོལ་བའི་ཐབས་ཉིད་ཀྱི་གསང་བ་ཆེན་པོའི་ཕྱིན་ཅི་ལོག་ཉིད་བྱང་ཆུབ་ཀྱི་ལམ་དུ་བསྟན་པའོ། །མུ་སྟེགས་དང་ཉན་ཐོས་ལ་སོགས་པ་འཇུག་པའི་སྒོ་ཐེག་པ་བརྒྱད། །གང་ལ་མོས་པ་དང་མཐུན་པའི་ཐབས་ཀྱིས་བསྟན། །གསང་བ་ཨ་ཏིའི་དོན་རྟོགས་ན་སྒོ་གསུམ་གྱི་སྤྱོད་པ་གང་ཡང་མ་བཀག་པར་སྤྱད་ཀྱང་རུང་། །རང་བྱུང་ཡེ་ཤེས་ཉག་གཅིག་ལ། །སྐལ་མེད་ལ་གསང་བའི་སྤྱོད་པ་དཀྱིལ་འཁོར་ཀྱི་རོལ་པ་གྲངས་མེད་པར་སྣང་བ་ནི། གདུལ་བྱ་དང་མཐུན་འཇུག་གིས་འགྲོ་བ་བཀྲི་བའི་ཐབས་སུ་བསྟན་པ་ཡིན། ༈ །གཞན་གྱི་མོས་པ་སྣ་ཚོགས་དང་སྦྱར་བའི་འདུལ་ཐབས་ཅི་ཡང་ཡིན་ནོ་གདེངས་དང་ལྡན་ན་སྤྱོད་པ་གང་ཡང་རུང་། །རྣལ་འབྱོར་པ་སུ་ཞིག་གིས་ཐུགས་ཀྱི་དཀྱིལ་འཁོར་དུ་རྟོགས་ཤིང་གོམས་པའི། གདེང་དང་ལྡན་ནོ་ཐེག་པ་གཞན་ལས་ཁྱད་པར་ཆེ། །འདོད་ཡོན་ལྔ་དང་དུག་ལྔ་ལ་སོགས་པ་མ་བཀག་པར་སེམས་ཉིད་དུ་རྟོགས་པའི་ཁྱད་པར་ལས། །མ་རྟོགས་པའི་སྒྲིབ་པར་གྱུར་པའི་མི་མཐུན་པའི་ཆོས་གང་ཞིག་ཡོད་དེ་མེད་པས་ན་གང་ཡང་། །མ་བཀག་པར་ཅི་བདེར་ལྟ་བ་རྟོགས་པས་སྤྱོད་ཅིག་པའོ། །སྣང་གསལ་གནས་ལུགས་རིག་ཅིང་རྟོགས་པའི་གདེངས་ཁྱད་པར་ཅན་དང་ལྡན་ན། །མཐའ་ཡས་པའི་གདུལ་བྱ་མོས་པའི་སྣ་ཚོགས་པར་གསལ་བ་ངོ་དག་ཏུ། །སྣ་མི་འདྲ་བ་ཚོགས་མང་བའི་སྤྱོད་པ་ཆེ་ལ་གཏིང་ཟབ་པས་རྒྱ་མཚོ་ཡིན། །འཁོར་བའི་དངོས་པོ་གང་ཡང་མ་བཀག་ཀྱང་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ནི་འབྲས་བུ་མཐར་ཕྱིན་པའི་དུས་གསུམ་གྱི་སངས་རྒྱས་ཀྱིས། །དུག་ལྔ་སྤང་དུ་མེད་པར་བདུད་རྩིར་རྟོགས་པའི་ཐབས་ཀྱི་རྒྱལ་པོ་སྤྱོད་པ་ཡིན་ནོ། །མཐར་ཕྱིན་པའི་ཡོན་ཏན་ནི་བྱ་བཙལ་ཀུན་བྲལ་བ་ལ་ལྷུན་གྱིས་གྲུབ་པའོ། །དུས་གསུམ་སངས་རྒྱས་གང་ལ་ཡང་། །སྤྱོད་པ་ཁྱད་པར་ཅན་འདི་ལས་ཡོང་མི་མངའ། །གདོད་ནས་རྣམ་པར་དག་པའི་སེམས་ཉིད་ཀྱི་སྤྱོད་པ་རྟོགས་ན། །ལུས་ངག་གི་རྩོལ་བའི་སྤྱོད་པ་ནི་དངོས་པོ་མི་མཐུན་པར་ལོག་པའི་ཆོས། ༈ །རྟོགས་པ་མཐར་ཕྱིན་པས་ལྷག་པའི་སྤྱོད་པ་འོད་གསལ་ཐུགས་ནི། །བསམ་གྱིས་མི་ཁྱབ་པས་ཡེ་ཤེས་ཐུགས། །དགེ་སྡིག་གི་དངོས་པོ་གང་ལ་ཡང་སེམས་ཉིད་རྟོགས་པས་ལྷག་སྤྱོད་ཀྱང་། །ལྷག་པའི་སྤྱོད་པ་དེ་ལ་གདུལ་བྱ་མོས་པས་དོན་ལ་དྲངས་ནས་འཇུག་པའོ། །རྫོགས་ཆེན་གྱི་སྐལ་ལྡན་ལྷག་པའི་སྤྱོད་པ་འགྲོ་བའི་དོན་དུ་འཛིན་ཀྱང་། །ཆེ་བ་གནས་ལུགས་ལ་དམིགས་པའི་སྤྱོད་པ་མ་ལུས་པ་ཀུན་ཆ་མཉམ་པས། །ཐེག་པ་གོང་འོག་ཏུ་དམིགས་པའི་སེམས་དང་བྲལ་བའོ། ༈ །རང་བཞིན་ལས་མི་འགྱུར་བ་ནམ་མཁའ་རྡོ་རྗེའི་སྤྱོད་པ་དང་། །མཐུན་འཇུག་འགྲོ་འདུལ་སྐབས་ཀྱིས་སྤྱོད། །ཅེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་བྱ་བ་དང་བྲལ་བའི་སྤྱོད་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། ༈ །།དེ་མ་ཐག་པ་དེ་ནས་སེམས་དཔའ་རྡོ་རྗེས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ། ༈ །གསང་བའི་དོན་འཛིན་ཅིང་གདུལ་བྱ་ཀུན་སྐྱོབ་པས་ཐུགས་རྗེའི་རྒྱལ་པོ་རྣམ་སྣང་ཁྱོད་ཅིར་ཡང་མི་འགག་པའི། །རོལ་པའི་ཆོས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཁོར་ལོ་བསྐོར་བས་གསུང་གི་མངའ་བདག་ཡིན། །ཆོས་ཀྱི་སྐུ་ཡི་འཁོར་ལོ་ཕྱོགས་མེད་དུ་བདལ་བས་ནམ་མཁའ་ལྟར་དུ་ཁྱབ། །ཐམས་ཅད་ཀྱི་སྙིང་པོ་དོན་གྱི་ངོ་བོ་རྟོགས་པར་ལྡན་པས་ཤེས་བྱ་ཀུན་མཁྱེན་པའི་ཐུགས་དང་གསུམ་ལྡན་པས། །སྔགས་ཀྱི་བདག་ཉིད་གདུལ་བྱ་སྐྱོབ་པ་ལ་ཞུས། །གང་གིས་ཞུས་ན་འདུས་པའི་འཁོར་ཚོགས་ཀྱི་ཞུས། ཇི་ལྟར་ཞུས་ན་མོས་པ་ཡིས། །ཞུས། གང་ཞུས་ན། དམ་ཚིག་གསང་བའི་དོན་ཞུས་པ་ཡིན་པས། །ཇི་སྐད་ཞུས་ན། གསང་བའི་དམ་ཚིག་གི་དོན་དེ་ཁྱོད་ཀྱིས་བཤད་དུ་གསོལ། །ཞེས་ཞུ་བའི་ཚིག་གསོལ་བ་དང་། མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེས་འདུས་པའི་འཁོར་ལ་བཀའ་སྩལ་པ། ༈ །ལྷུན་གྲུབ་གསུམ་གྱི་ངོ་བོ་ཡེ་ཤེས་གསང་བ་འདི་ལ། །ལྷ་བསྒྲུབ་ཅིང་བསྲུང་མཚམས་སུ་བཅོས་པའི་དམ་ཚིག་མེད། །རྟོགས་པའི་རིག་པ་གསལ་བ་ལ་མི་འདའ་བའི་དམ་ཚིག་ནི། །ཡིད་བཞིན་རིན་ཆེན་འོད་འབར་བ་དང་རྒྱ་མཚོ་ལས་སྒྲོལ་བའི་གྲུ་དང་། །འཇོམས་པས་རྡོ་རྗེ་དང་འོད་གསལ་བས་ཉི་མ་ལྟ་བུར་དོན་གསལ། །རྩོལ་མེད་ལྷུན་གྲུབ་ཀྱི་དམ་ཚིག་ལ་ཕྱོགས་རིས་ཡོད་པ་མ་ཡིན་པས། །ནར་སོན་པའི་སྡོམ་པ་དང་བུས་པའི་ཚུལ་ཁྲིམས་ཀྱི་ཕྱོགས་རིས་དང་བསྲུང་མཚམས་དང་། །སྔགས་ཕྱི་པ་གསུམ་དང་ནང་པ་གཉིས་དང་གསང་བ་ཨ་ཏིའི་ལྷག་སྤྱོད་གྲངས་བཏབ་ཀྱི་དམ་ཚིག་མིན་ནོ། ༈ །ཆེད་དུ་རྩོལ་བས་མ་བཅོས་པ་གསང་བ་ཨ་ཏིའི་རྩོལ་བྲལ་རིག་པའི་དམ་ཚིག་ནི། །ཕྱོགས་དང་གྲངས་ཀྱི་བསྲུང་བྱ་མེད་པ་༼༡༽དང་ཡིན་མིན་བདེན་བརྫུན་གྱི་འཛིན་པ་བྲལ་བས་ཕྱལ་བ་༼༡༽དང་འཁོར་འདས་དབྱེར་མེད་གཅིག་པུ་༼༡༽དང་། །བྱ་བརྩལ་མེད་པས་ལྷུན་གྱིས་གྲུབ་པའི་༼༡༡༡༽པའི་དམ་ཚིག་གོ། ༈ །ཆོས་ཐམས་ཅད་རང་རིག་པར་གདོད་ནས་ལྷུན་གྱིས་གྲུབ་པ་ཉིད་ཀུན་དུ་རང་སྣང་བས་དེ་ཉིད་ལ། །གཉིས་པ་མ་གྲུབ་པས་གཟུང་འཛིན་མཚན་མའི་ཆོས་མེད་པས་ན། །ངག་གིས་བརྗོད་དུ་མེད་པའི་སེམས་ཉིད་ཀྱིས་བསྲུང་ཇི་ལྟར་བསྲུང་ན། །ཆེད་དུ་བསྲུང་དུ་མེད་པའི་ངང་དུ་བསྡམ། །དེ་ཙམ་དུ་ཡང་བསྲུང་དུ་མེད་ན་རྩོལ་བ་མེད་པས་བདེའོ། །བསྲུང་བྱ་སྲུང་བྱེད་གཉིས་སུ་མེད་པའི་སེམས་ཉིད་ཀྱི་རྟོགས་པའི་དམ་ཚིག་ལ། །དུས་གསུམ་དུ་འདའ་བ་མེད་པར་ཏིང་ངེ་འཛིན་གྱི་སྲོག་གིས་གནས་གྱུར་ན། །དེ་ཉིད་ཡིན་ལུགས་ལས་མ་བཅོས་པས་རྒྱུད་དག་རྒྱལ་བའི་དམ་ཚིག་ཡིན་ནོ། ༈ །ཕྱོགས་འཛིན་གྱི་ཞེན་པ་མེད་པ་ནམ་མཁའ་ལྟ་བུར་གསལ་ཞིང་ཐམས་ཅད་ལ་ཁྱབ་པ་ལ། །རིག་པ་མཐའ་དང་དབུས་མེད་པ་དོན་རྟོགས་པ་ལ་མ་བཅོས་པར་གནས་པས། །ཉམས་ལ་འདི་ཡིན་འདི་མིན་གྱི་མུ་མཐའི་ཕྱོགས་དང་བྲལ། །མཉམ་པ་ཆེན་པོའི་ངོ་བོ་ཕྱོགས་ཐམས་ཅད་དང་བྲལ་བའི་སྐྱེས་བུ་རྒྱལ་བ་དང་དབྱེར་མེད་པའི་ཕྱོགས་གཅིག་སྤང་ཞིང་མཐུན་ཕྱོགས་གཅིག་བསྒྲུབ་ཏུ་མེད། །ཕྱོགས་སུ་གཏད་པ་མེད་ལ་ཞེན་འཛིན་དང་བྲལ་བས་ཁྱལ་བརྡལ་ཆེན་པོ་དེ་ལ། །ཕྱོགས་རིས་དང་བསྲུང་མཚམས་སུ་ངེས་པའི་ཆོས་མ་ཡིན་པས་ཕྱལ་པའོ། ༈ །བདེ་གཤེགས་ཏེ་འདས་པ་དང་སེམས་ཅན་འཁོར་བ་དང་གཉིས་སུ་བསྡུས་པ་ཐམས་ཅད་ལ། །རྒྱུ་རྐྱེན་དང་བྱེད་པ་པོ་གཞན་གྱིས་མ་བཅོས་པ་སེམས་ཀྱི་རིག་པར་འཁོར་འདས་ཐམས་ཅད་གཅིག་པའི་སེམས་ཉིད་དེ། རྒྱུ་ཡིས་མ་བསྐྱེད་དེ་སྐད་ཅིག་མ་དང་བྲལ་བས་ཡེ་ནས་བྱུང་བ་དེ་ལ། །འཇིག་པའི་རྐྱེན་གྱིས་མ་སྦྱངས་པར་ཆུ་ཡི་ཆུ་བུར་ལྟར་གདོད་ནས་དག །མ་ནོར་བར་རྟོགས་པའི་ངང་ལ་རང་སོར་བཞག་པའི་འོད་གསལ་བ་རྣལ་འབྱོར་པའི་རིག་པ་དེ་ལ། །སངས་རྒྱས་མ་ལུས་པའི་དགོངས་པ་ཐམས་ཅད་ཐ་མི་དད་པས་འདུས་ཏེ། །དེ་ཅིས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ལ། །རང་བཞག་མ་བཅོས་པའི་དགོངས་པ་གཅིག་ལས་མེད་པས་སོ། །སེམས་ཉིད་ཐམས་ཅད་དུ་རང་སྣང་ཡང་དེ་ཉིད་ལས་གཞན་དུ་མི་མི་འགྱུར་བའི་ཆོས་ཉིད་གནས་ལུགས་དེ་རྟོགས་པའི་ངང་ལ། །བཞག་ཐབས་གསུམ་གྱིས་རང་སོར་བཞག་པའི་རིག་པ་མ་བཅོས་པ་དེ་ལས་མི་འདའ་ན། །ཆོས་ཐམས་ཅད་སེམས་ཉིད་ལས་གཞན་པ་མ་མཐོང་ནས་གཅིག་པུའི་དམ་ཚིག་ཡིན་སྟེ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཡང་། །དམ་དམ་ཚིག་འདི་ལས་གཞན་ཡོང་མི་མངའ་བས་འདི་ལ་གནས་པར་གྱིས་ཤིག་པའོ། ༈ །ཕྱོགས་རིས་ཐམས་ཅད་རྣམ་པར་དག་པའི་རང་བྱུང་གི་ཡེ་ཤེས་མཐས་མ་བསྒྲིབས་བས་འོད་གསལ་བ་ལ། །ལུས་དང་ངག་གི་རང་བཞིན་དང་ཆེད་དུ་བྱས་པའི་བྱ་བརྩལ་སྣ་ཚོགས་མེད་དེ་དགོས་པ་མེད་པའོ། །ཏིང་ངེ་འཛིན་སེམས་ཀྱིས་ས་ལམ་ཀྱི་རིམ་པར་རྩོལ་བ་དང་བྲལ་བའི་ཚུལ་དེས་ནི། །འདི་ནི་འབད་རྩོལ་གྱི་ཚོགས་ཐམས་ཅད་དང་བྲལ་བ་སྟེ། །གྱི་ན་ཇི་ལྟར་བཞག་ཀྱང་དགོངས་པ་ལྷུན་གྱིས་གྲུབ་པ་ལས་མི་འདའ་བའི་དམ་ཚིག་ཡིན་ནོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ལྷུན་གྲུབ་གསུམ་ལས་མི་འདའ་བས་དམ་ཚིག་སྟེ་གང་གི་རྩོལ་བ་ཐམས་ཅད་དང་བྲལ་བ་ལ། །མ་རྟོགས་པར་ཆེད་དུ་བརྩལ་བའི་འདུལ་སྡོམ་དམ་ཚིག་གསུམ་གྱི་བསྲུང་བྱའི་རྩོལ་བ་ཡེ་ནས་དངོས་པོ་ལ་མ་གྲུབ་ཅིང་རྟོགས་པ་ལའང་བྲལ་ཏེ། །དེ་ལས་གཞན་པའི་སེལ་མེད་པ་རིན་ཆེན་གླིང་བཞིན་དུ། །ཞེན་འཛིན་རྣམ་པར་དག་པའི་ཡེ་ཤེས་རང་བྱུང་བ་དེ་ལ། །སྤང་བྱ་མི་མཐུན་པའི་སྐྱོན་གྱི་རང་བཞིན་ནི་ངང་གིས་དག །གཞི་ཕྱི་མོ་ནས་རྩ་བ་རང་གི་ངོ་བོར་དམིགས་པ་མེད་པའི་སེམས་ཉིད་ལ། །འཁྲུལ་པས་བརྟགས་པའི་འཛིན་པ་རྣམ་པར་དག་པས་གང་གི་ཡང་སེལ་མེད་དོ། ༈ །གལ་ཏེ་ལྷུན་གྲུབ་འོད་གསལ་དག་པའི་ཆོས་ཉིད་ལ། །རྣམ་རྟོག་གིས་བརྟགས་པ་འཁྲུལ་པའི་སེམས་བདེན་པར་གྲུབ་ན། །ཕྱིན་ཅི་ལོག་བདེན་པས་མུ་སྟེགས་པ་ལ་སངས་རྒྱས་པས་ཅིའི་ཕྱིར་ལ་རྩོད། །སངས་རྒྱས་དང་སེམས་ཅན་དུ་རྒྱུ་མཚན་ཅིའི་ཕྱིར་ལ་གདགས། །འཁྲུལ་པའི་རྟོག་པ་དངོས་པོའི་གནས་ལུགས་ལ་ངེས་པར་གྲུབ་པ་གཅིག་ཡིན། །མན་ངག་རིན་ཆེན་རྟོགས་པའི་ཐ་རམ་འགྲོལ་བའི་འཕྲུལ་གྱི་ལྡེ་མིག་གིས། །ཐ་མལ་པའི་འཁྲུལ་པའི་ཞེན་པ་བདེན་པ་དེ་ཇི་ལྟར་ཟློག་ཏུ་བཏུབ་དེས་ན་དངོས་པོ་ལ་མ་གྲུབ་བོ། ༈ །ལྷུན་གྲུབ་མཉམ་པའི་དམ་ཚིག་ལ་བྱ་བརྩལ་ཐམས་ཅད་བྲལ། །མ་བརྩལ་བར་ལྷུན་གྱིས་གྲུབ་པར་ཆེ་བའི་ཡོན་ཏན་ཐམས་ཅད་མཐུན་པར་འབྱུང་བ་ནི་རིན་ཆེན་གྱི་སྙིང་པོ་ལྟར་རོ། །གང་རྫོགས་ན་གཅིག་རྫོགས་ཏེ་གང་དུ་རྫོགས་ན་རང་གསལ་དག་པར་རྫོགས་སོ། །གང་རྫོགས་ན་ཆོས་མ་ལུས་པ་ཀུན་རྫོགས་གང་དུ་རྫོགས་ན་རང་བྱུང་སེམས་ལ་རྫོགས། །དེས་ན་གཅིག་དང་ཀུན་ཐམས་ཅད་ལྷུན་གྲུབ་གསུམ་ལས་ཤར་བས་དེ་ཉིད་ཀྱི་རྣམ་པར་རྫོགས་པ། །དེས་ན་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རྫོགས་པ་ཆེའོ། །ཞེས་སྟོན་པས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་རྫོགས་པ་ཆེན་པོའི་དམ་ཚིག་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ༈ །།དེ་ནས་སེམས་དཔའ་རྡོ་རྗེས་སྟོན་པ་ལ་འོག་གི་འདི་སྐད་ཅེས་ཚིག་ཏུ་གསོལ་ཏོ། །བདག་ཅག་འདུས་པའི་འཁོར་ཚོགས་ལམ་པ་དང་འཁོར་བ་རྣམས། །ཐོག་མ་མེད་པས་དུས་ནས་སེམས་ཉིད་རིན་ཆེན་རྟོགས་པའི་དོན་དང་བྲལ། །སྐུ་གསུམ་ལྷུན་གྲུབ་ཏུ་གནས་ཀྱང་ངེས་པའི་གསལ་བ་མེད་པས་ཁམས་གསུམ་འཁོར་བར་འཁྱམས། །སྟོན་འཁོར་འཛོམ་པའི་དུས་འདིར་རྒྱལ་བ་ཐམས་ཅད་ཀྱི་རང་བཞིན་རྣམ་སྣང་གི་ཐུགས་རྗེའི་བྱིན་རླབས་ཀྱིས། །བདག་ཅག་རྣམས་ཀུན་མཁྱེན་སྟོན་པ་ཁྱོད་ཀྱིས་འཁོར་དུ་འདུས། །རྟོག་པ་ཐམས་ཅད་སེམས་སུ་རང་སྣང་བར་ཤེས་པའི་སའི་ཁྱད་པར། ཇི་ལྟ་བ་དང་ཇི་སྙེད་པ་ཀུན་མཁྱེན་པའི་སྟོན་པ་ཁྱོད་ཀྱིས་གསུང་དུ་གསོལ་ཞེས་གསོལ་པ་དང་། ༈ །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་བཀའ་བརྩལ་པ། ༈ །ཡེ་ཤེས་ཀྱི་རང་འོད་རོལ་པའི་སྒྲ་ལ་སེམས་མ་ཡེངས་པར་རྩེ་གཅིག་ཏུ་གཏོད་ཅིག་པའོ། །རྒྱུ་རྐྱེན་ལས་མ་སྐྱེས་པར་རང་བྱུང་གི་ཡེ་ཤེས་རྟོགས་པའི་སེམས་ཀྱི་ས། །ནི་ངོ་བོ་དམིགས་སུ་མེད་པས་འདིའོ་ཞེས་བརྗོད་པའི་ཐ་སྙད་མིང་ཚིག་ལ་སོགས་པ་ཀུན་བྲལ་ཡང་། །དམན་པའི་བློ་ཡིས་བརྗོད་པས་རྟོགས་པར་བྱ་བའི་ཕྱིར། །ཇི་ལྟར་རིག་པའི་དོན་དེ་གསུང་གི་སྒོ་ནས་བསྟན་པར་བྱ་སྟེ། ༈ །གང་གིས་ཀྱང་མ་བཅོས་པར་རིག་པ་རང་སྣང་ཆེ་བའི་ཡོན་ཏན་གོང་ན་མེད་པས་བླ་མའི་ས་ནི་རིམ་པར། །སྦྱངས་པས་གྲུབ་པ་མ་ཡིན་པར་ཡེ་ནས་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་གྲུབ། །ཆོས་ཐམས་ཅད་རིག་པ་རང་བྱུང་ཕྱོགས་འཛིན་རྣམ་པར་དག་པས་གང་ཡང་སྤོང་ལེན་མེད་པས་ཀུན་ཏུ་བཟང་པོ་རྟེན་བྱེད་པས་ས། །མཉམ་པ་ཉིད་དུ་དབྱེར་མེད་པ་ཆེ་བ་ལྔས་མཆོག་ཏུ་གྱུར་པའི་ཆོས་ཀྱིས་སྐུའོ། ༈ །སྔགས་ཕྱི་ནང་གི་རྒྱུད་སྡེ་དྲུག་དང་ཐེག་ཆེན་གྱི་མདོ་སྡེ་བླ་ན་མེད་པ་འབྲས་བུའི་ས། །ཀུན་ཏུ་འོད་དང་རྡོ་རྗེ་འཛིན། །མ་ཆགས་པདྨ་སྟུག་པོ་བཀོད། །ཚོགས་ཆེན་ཡི་གེ་འཁོར་ལོ་དང་། །ཀུན་ཏུ་དབྱེ་བ་མེད་པའི་ས། །དེ་ལྟར་ས་དྲུག་ཏུ་སེམས་ཉིད་ལ་བགྲངས་པ་ཡང་། །མ་བཅོས་རྫོགས་པ་ཆེན་པོའི་ས་ཉིད། །རྟོགས་པའི་ཡོན་ཏན་གྱི་ལྡོག་ཆ་ནས་དྲུག་ཏུ་བསྟན་པ་ལས། ༈ །མ་བཅོས་པའི་ས་ལ་རིམ་པར་བློ་སྦྱངས་པ་མེད། །སེམས་ཉིད་འོད་གསལ་གྱི་འབྲས་བུ་ལ་ལྷུན་གྱིས་རྫོགས་པའི་ཕྱོགས་མེད་ཆེན་པོ་ལ། །ས་ཡི་རིམ་པའི་གོང་འོག་གང་ཡང་མེད། ༈ །རང་བྱུང་གི་རིག་པ་རྟོགས་པར་གྱུར་ན། །དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལ་འདོད་པ་ཐམས་ཅད་ལྷུན་གྱིས་གྲུབ་པ་ལྟར་དུ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སེམས་ལས་ཡོངས་སུ་རྫོགས་པར་བྱུང་བའི་ཕྱིར། །ཐམས་ཅད་དུ་རང་སྣང་བ་ནི་རང་བྱུང་བྱང་ཆུབ་སེམས་ཀྱི་སའོ། །དུས་གསུམ་འགྱུར་བ་མེད་པའི་སེམས་ཀྱི་ངོ་བོ་ཉིད་ནི། །ཕྱོགས་འཛིན་ལས་གྲོལ་བས་རྟོག་པ་མ་ཡིན་རོལ་པ་ཅིར་ཡང་མི་འགག་པས་མི་རྟོག་པ་ཡང་མིན། །ཕྱོགས་ཞེན་གང་ལའང་གནས་པ་མ་ཡིན་ནོ། །གང་ལའང་གནས་པ་མེད་ཇི་ལྟར་སྣང་ཡང་འཛིན་པ་དང་བྲལ་བ་དང་རིག་པའི་གནས། །སྐྱོན་གང་ཡང་མ་སྤངས་པར་ཀུན་བྲལ་བ་རིག་པའི་རང་འོད་མ་སྒྲིབས་གསལ་བར་ཡེ་ནས་གནས། །ཕྱོགས་གཅིག་པར་མི་གནས་ལ་ཕྱོགས་ཀུན་གྱི་དངོས་གཞིར་གནས་པའི་ཆོས་ཉིད་མཉམ་པ་ཉིད་ཀྱི་ས་ལ་ཐ་དད་མ་གྲུབ་པས། །སྐལ་ལྡན་དང་པོ་ལམ་ལ་འཇུག་པ་ནས། །འབྲས་བུ་མཐར་ཕྱིན་པའི་ས་ལ་མཐོ་དམན་གྱི་ཁྱད་པར་མི་འདྲ་བ་མེད་དོ། །བདག་དང་གཞན་དུ་འཛིན་པ་དག་པས་ཀུན་ལ་ཁྱབ་པའི་ཐུགས་རྗེའི་རང་བཞིན་མཉམ་པ་ཡིན་ཏེ། །ཇི་ལྟར་བརྟགས་པའི་རྟོག་པ་དེའི་རང་བཞིན་སེམས་སུ་དབྱེར་མེད་པར་གཅིག །མིང་དང་མཚན་མར་འཛིན་པའི་བློ་ཡིས་སྣ་ཚོགས་སུ་གཡོས་པར་གྱུར་ཀྱང་། །རང་བྱུང་གི་འོད་ཀྱིས་ཀུན་གསལ་བའི་ཆོས་ཉིད་ལ་དུས་དང་རྣམ་པ་ཐམས་ཅད་དུ་འགྱུར་བ་མེད། ༈ །དེ་ལྟར་འགྱུར་མེད་དུ་རྟོགས་པའི་ངང་ལ་མ་བཅོས་པར་རང་ལུགས་སུ་བཞག་སྟེ། །དེའང་རྟོགས་དཔྱོད་ཀྱིས་མ་དཔྱད་པའི་སེམས་ཀྱིས་བཏང་སྙོམས་གྱིས་ནར་གནས། ༈ །དབང་པོ་དྲུག་གི་སྣང་ཡུལ་ལ་གང་སྣང་བ་རྣམས། །རང་བྱུང་གི་ཡེ་ཤེས་ཀྱིས་རང་འོད་དུ་ཚོགས་དྲུག་ཀུན་ལ་གསལ་བས་ཀུན་ཏུ་འོད། །དབྱིབས་དང་ཁ་དོག་སྣ་ཚོགས་བཀྲ་བར་གསལ་བ་ནི་གཟུགས་ཀྱི་དཀྱིལ་འཁོར་ཏེ་དེ་ལ་བརྟེན་ནས། །འོད་གསལ་རང་བྱུང་གི་དོན་མཚོན་པས་ངོ་མཚར་ཆེའོ། །བརྗོད་པ་ཀུན་དང་བྲལ་བ་ཉིད་བརྗོད་པ་སྒྲ་ཡི་དཀྱིལ་འཁོར་ཟིན་པ་དང་མ་ཟིན་པར་གཉིས་ཀར་སྣང་བ་ཀུན་ལ། །རྣ་བའི་ཡེ་ཤེས་ཀྱི་རང་བཞིན་བདེ་བ་ཆེན་པོའི་ངོ་བོར་གསལ་བའོ། །རང་བཞིན་མེད་པ་ཉིད་དྲི་ཞིམ་པ་དང་ང་བ་དེ་ལས་གཞན་པ་སྣ་ཚོགས་པའི་དྲི་དག་ཏུ་ཤར་བ་ལས། །དེ་ཉིད་ཡེ་ཤེས་སུ་གསལ་བའི་རང་བྱུང་གི་སེམས་སོ། །མ་བཅོས་པ་ཉིད་མུ་ཁ་ནི་ལྕེ་སྟེ་རོ་དྲུག་ཏུ་ཤར་བ་ཡི་དཀྱིལ་འཁོར་ལ་མྱངས་པ་ལས། །ལྕེ་མ་བཅོས་པ་ཡི་ཡེ་ཤེས་འབྱུང་བ་ནི་ངོ་མཚར་ཆེའོ། །ལུས་ཤེས་ལ་གསལ་བའི་རེག་བྱ་འཇམ་རྩུབ་ལྕི་ཡང་གྲང་བཀྲེས་སྐོམ་ལ་སོགས་པའི་རང་བཞིན་དུ་ཤར་བ་ལས། །རྟོགས་པའི་ཤེས་རབ་ཆེན་པོས་ལུས་ཀྱི་རང་བྱུང་གི་ཡེ་ཤེས་གནས་པའོ། །རིག་མ་རིག་རྟོག་མི་རྟོག་ཞེན་མ་ཞེན་ཉམས་སུ་ཡེ་ཤེས་སུ་འཛིན་པའི་དྲན་རིག་སྣ་ཚོགས་པ་ཀུན་དེ་ལས་བྱུང་ཞིང་དེ་ཉིད་དུ་འདུས་ཆོས་ཀྱི་དཀྱིལ་འཁོར་ལོ་ལ། །ཡེ་ཤེས་ཐུགས་ཀྱི་རིག་པ་གསལ་བར་འགྱུར་རོ། །དེ་དག་ནི་རང་བཞིན་གྱིས་བདེ་བ་ཆེན་པོ་ཡང་ཡིན་ལ་དཀྱིལ་འཁོར་ཡིན་ཏེ་གྲངས་དྲུག་གོ། །ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པའི་རྡོ་རྗེ་དུས་གསུམ་དུ་འགྱུར་བ་མེད་པའི་དོན་ལ། །རྟོགས་པའི་ཡེ་ཤེས་ཀྱི་དུས་གསུམ་དུ་མི་འབྲལ་བར་འཛིན་པས་རྡོ་རྗེ་འཛིན་པའི་སའོ། །ཐམས་ཅད་བདག་ཉིད་ཆེན་པོ་ལ་འཛིན་པའི་ཤེས་པ་གཟུང་བའི་ཡུལ་ལ་དམིགས་འཛིན་གྱིས་མ་ཆགས་ཤིང་། །ཀུན་མཁྱེན་ཀྱང་ཞེན་འཛིན་གྱི་དྲི་མ་དང་བྲལ་བས་ན་མ་བཅོས་པ་ལ། །མ་ཆགས་པདྨ་སྤྱན་གྱི་ས། །ཞེས་ཀྱང་བྱའོ། །རང་ཉིད་ཆེན་པོར་གསལ་ལ་མ་བསྡུས་པར་ཀུན་འདུས་པས། །ཚོགས་ཆེན་དཀྱིལ་འཁོར་ཡི་གེའི་སའོ། །སངས་རྒྱས་ཐམས་ཅད་དང་དབྱེར་མི་ཕྱེད་པའི་སེམས་ཉིད་ཀྱི་ཆ་ལ་སྟུག་པོ་བཀོད་པའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་ས་དེ་ལ། །རྒྱུ་སྣང་བ་དབྱིངས་དང་འབྲས་བུ་དྲན་རྟོག་གི་ཡེ་ཤེས་དུ་དབྱེར་མེད་པ་ལ་བླང་དོར་མེད་པས། །ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེས་ཀྱང་བྱའོ། ༈ །གང་ལ་ཡང་མ་སྦྱངས་པའི་སེམས་ཉིད་ཀྱི་ས་དག་ལ། །ཐེག་བརྒྱད་རྩོལ་བའི་ས་རྣམས་མ་ལུས་པ་ཐམས་ཅད་འདི་ལས་བྱུང་ཞིང་འདུས་པའོ། །རྩོལ་བས་ཆེད་དུ་སྦྱངས་པའི་ཐེག་བརྒྱད་ཀྱི་ས་རྣམས་ཐམས་ཅད་ནི་ངོ་བོ་དང་རྟོགས་པ་ལ། སྦྱངས་པ་གྲུབ་པ་མེད་པའི་ས་ཡིན་པ་ལ་བརྩོལ་བས་སྦྱངས་པས་ན་རང་གི་འདོད་པའི། །བསམ་པས་བཞག་པ་ཡིན་སྟེ་རང་བཞིན་གྱིས་དེ་ལས་ལོག་པ་ལ། །མཐར་ཐུག་གི་ས་མ་ཡིན་ཏེ་རང་གི་ཞེ་འདོད་ཀྱི་ས་འོ། ༈ །དེས་ན་མ་བཅོས་རྫོགས་པའི་ས། །རང་བྱུང་ལྷུན་རྫོགས་ཁྱད་པར་སྣང་། །ས་ཡི་ཁྱད་པར་ཅི་བསྟན་ཀྱང་། །མ་བཅོས་རྫོགས་པའི་ས་ལ་འདུས། །ཚིག་བཞི་པོ་འདི་འགྲེལ་པ་ན་གསལ་ལོ། །རྩ་བར་ཆད་ཤས། ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་ས་བསྟན་པའི་ལེའུ་སྟེ་དགུ་པའོ།། ༈ །།དེ་ནས་སེམས་དཔའ་རྡོ་རྗེས་བདེ་བར་གཤེགས་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཕྱོགས་རིས་མེད་པས་ཐུགས་རྗེའི་མ་ལུས་པ་ཐམས་ཅད་མངའ་བའི་བདག་པོ་འགྲོ་བ་མ་ལུས་པ་སྐྱོབ་པ་ཡིས། །གཞི་ལམ་འབྲས་བུའི་དོན་བློས་བསམ་གྱིས་མི་ཁྱབ་ཆེན་པོའི་ས། །ཀུན་གྱི་ཐུན་མོང་མིན་པས་གསང་བ་རྨད་དུ་བྱུང་བའི་ཐེག་པ་ཁྱོད་ཀྱིས་གསུངས་པ་འདི། །མ་འོངས་དུས་ན་ཇི་ལྟར་འབྱུང་བ་བཤད་དུ་གསོལ། །ཞེས་པའི་ཚིག་སྟོན་པ་ལ་གསོལ་པ་དང་། དེའི་ལན་དེ་བཞིན་གཤེགས་པས་བཀའ་སྩལ་པ་ནི། ༈ །རྩོལ་བའི་ཆུ་བོ་རྣམས་དང་བྲལ་བ་གསང་བའི་མཐར་ཐུག་ཐེག་པའི་རྒྱུད་འདི་དགོངས་པ་རྣམས་ཀྱིས་ངེས་བརྒྱུད་ནས། །ལྷའི་གནས་རི་རབ་རིའི་རྩེ་མོ། གཞན་འཕྲུལ་དབང་བྱེད་འོག་མིན། ཡང་ན་རྩ་གསུམ་དགའ་ལྡན་འོག་མིན། གསུམ་དུ་གྲགས་པར་གྱུར་པ་དེ་ནས། །སྤྲུལ་པའི་སྐུ་ལས་ཡང་སྤྲུལ་པའི་གང་ཟག་དགའ་རབ་རྡོ་རྗེ་གསང་བདག་གི་ཐུགས་ཀྱི་སྲས་ཀྱིས་ཐུགས་ཀྱི་སྲས་བདུན་ལ་གནང་བ་སྟེ། རི་རབ་ཀྱི་ལྷོ་ཤིང་འཛམ་བུ་ཡོད་པའི་གླིང་གི་རྒྱ་གར་གྱི་དབུས་སུ་བསྟན་པ་རྒྱས་པར་བྱེད། །གང་ལ་རྒྱལ་བའི་གདུང་ཚོབ་ཅིང་རྒྱུད་འཛིན་པས་སྲས་གསང་བའི་མཐར་ཐུག་སྣོད་དང་ལྡན་པ་ལ། །དགོངས་རིག་རྣ་བར་བརྒྱུད་ནས་དོན་རིག་པའི་གསང་སྔགས་ཨ་ཏི་ཉིད་ཀྱི་དོན་དེ། །མེད་ལ་སྣང་བས། གང་ལྟར་འཕྲུལ་ཚིག་སྟེ་གཅིག་གིས་དོན་མཐའ་ཡས་རིག་པའི་སྒོ་ནས་བསྟན་པ་ཡིས། །ཡོན་ཏན་གསང་འཛིན་རིག་པའི་སྣོད་དང་ལྡན་པ་འཇལ་དཔལ་བཤེས་གཉེན། དྷ་ན་ཏ་ལོ། འཇོག་པོ། ཀུ་ཀུ་རཱ་ཙ། ནཱ་གཱ་རྫུ་ན། ཤྲཱི་སིང་ཧ། རྣམས། །མ་བཅོས་པའི་ཆོས་ཉིད་གསང་བ་རྫོགས་པ་ཆེན་པོའི་དོན་གོ་ནས། །གཞི་ལམ་གྱི་ཉེས་པ་གཉིས་ལས་རྣམ་པར་གྲོལ་བའི་མཐར་ཐུག་གི་འབྲས་བུ་ཐོབ་པར་འགྱུར་རོ། ༈ །དབུས་སུ་དར་བ་དེ་ནས་བཀའ་རྒྱས་པ་ལས། བསྐལ་པ་མངོན་དགའ་ཞེས་བྱ་བ་འདི་ལ། སངས་རྒྱས་སྟོང་རྩ་གཅིག་འབྱུང་བའི་ངའི་བསྟན་པ་འདི་ལ་ལྔ་བརྒྱ་པ་ཕྲག་བཅུ་དང་སུམ་བརྒྱ་གནས་པ་ལ། སུམ་བརྒྱ་ཡན་ཆད་རྒྱུ་འབྲས་ཀྱི་ཆོས་བསྡུས་སོ། །དེ་ནས་རྒྱུ་འབྲས་ལས་འདས་པ་འདི་བྱུང་སྟེ། གཉིས་སྟོང་བརྒྱད་བརྒྱ་བདུན་ཅུ་རྩ་བརྒྱད་ན་རྒྱ་གར་དུ་དར་ཏེ། རྒྱ་ཕུག་དྷ་ན་ཀོ་ཤའི་གླིང་དུ་འཁོར་བ་ལན་གསུམ་སྟོངས་སོ། །དེ་ནས་ཉེས་པ་གཉིས་འདྲ་ལས་དང་ཐུགས་རྗེའི་འགྲེལ་བས་གསང་བ་དམ་པ་འདི། །གང་དུ་ན་མཐའ་༼༣༽ འཁོབ་གངས་རིའི་ཡུལ་དུ་རྒྱས་༼༢༽པར་འགྱུར་རོ། །རྟོགས་ཐབས་ཀྱི་རྒྱུད་ཀྱི་ལེའུ་ཉི་ཤུ་པ་ལས། སྐལ་ལྡན་རིམ་པར་བརྒྱུད་བྱས་ནས། །གསང་བའི་རིག་པའི་རྒྱས་བཏབ་ན། །དར་དང་ནུབ་པར་མི་འགྱུར་རོ། །དེ་ནས་གསང་བ་འཆེལ་བ་ཡིས། །སྐལ་བར་ལྡན་དང་མི་ལྡན་པའི། །འདུས་པའི་ཚོགས་ལ་བཤད་པ་ཡིས། །མཐའ་འཁོབ་ཡུལ་དུ་དར་བ་འགྱུར། །ཞེས་སོ། །དེར་ཡང་མ་བཅོས་གསང་བ་དམ་པ་ཁྱད་པར་ཅན་འདིས། །སྐལ་བ་དང་ལྡན་པའི་གདུལ་བྱ་བཻ་རོ་ཙ་ན་ལ་སོགས་པ་འི་ངོ་དག་ཏུ། །རིག་པ་ཆོས་སྐུར་གསལ་བའི་སྒྲོན་མ་བྱེད་པར་འགྱུར་རོ། ༈ །དར་བ་དེ་ནས་ཐུགས་རྗེ་འབྱུང་བའི་སྐལ་བ་དང་ལྡན་པ་མེད་པས། །གསང་བའི་ཐེག་པ་དམ་པ་འདི་ནུབ་བར་འགྱུར་རོ་དེ་ཡང་། ༈ །གསང་བའི་ཐེག་པ་དམ་པ་འདི། །ནུབ་པའི་རྒྱུ་གཞན་གྱིས་ནུབ་པར་མི་འགྱུར་ཏེ། ༈ །སེང་གེའི་ཁོག་པ་རང་འཇིག་ལྟར། །ང་ཡི་སྲས་སུ་ཁས་བླངས་པས། །གསང་བའི་ལུང་འདི་ནུབ་པར་བྱེད། །དེ་ཡང་ཇི་ལྟར་འགྱུར་ཞེ་ན། །དྲི་མེད་བདུད་རྩི་ནི་རྒྱལ་བའི་སྤྱོད་ཡུལ་ཡིན་པས་ས་པས་ཀྱང་། རྟོགས་པར་དཀའ་བ་ལ། །བརྒྱུད་པ་གསུམ་གྱིས་རྣ་བར་བརྒྱུད་པའི་རྟོགས་ཐབས་ཀྱིས་འཕྲུལ་ཚིག་དང་མི་ལྡན་པར། །ཐུན་མོང་གི་ལུང་རིག་པ་ལས་སྦྱངས་པ་ཁ་ཅིག་སྒྲ་ཇི་བཞིན་དུ་ཞེན་པའི་བློས་དཔྱད་ནས་གཞན་ལ་སྨྲ་བ་གང་ཟག་དག །སྒྲ་ཇི་བཞིན་མ་ཡིན་པའི་ལྟ་བ་དང་དེའི་རྗེས་སུ་སྤྱོད་པ་ལས་ཕྱོགས་འཛིན་དང་བླང་དོར་གྱི་ལྟ་སྤྱོད་ལ་ལོག་པའི་ང་རྒྱལ་ཅན། །རང་བཞིན་མ་བཅོས་པར་རོལ་པ་མ་འགག་པར་ཐམས་ཅད་དུ་སྣང་བའི་རང་སྣང་བའི་ཡེ་ཤེས་ཀྱི་དང་། །རང་རང་གི་རྣམ་པར་རྟོག་པས་མངོན་པར་ཞེན་པའི་ཕྱིན་ཅི་ལོག་ཏུ་བརྟགས་པའི་འཁྲུལ་སྣང་དག །བྱེ་བྲག་མ་འདྲེས་པར་མ་ཕྱེད་པ་ནི་རྨོངས་པ་མི་མཁས་པའི་བློ། །ཅན་དེ་དཔེར་ན་རྡོ་བ་ལ་གསེར་དུ་འཛིན་པ་བཞིན་དུ། །འོད་གསལ་ལྷུན་གྱིས་གྲུབ་པའི་རང་བཞིན་གྱི་སྣང་བ་འཛིན་བྲལ་དང་། །ཐ་མལ་དང་ཐེག་པ་དམན་པས་བརྟགས་པའི་ཞེན་པ་གཉིས་བསྲེས་ནས་གཞན་དག་ལ་སྨྲ་བའོ། །མ་བཅོས་པའི་དོན་རིག་པ་རྟོགས་པའི་གདེང་མེད་པར་ཁ་འབྱམ་ཚིག་ལ་ཞེན་པས། །རང་གི་ལྟ་བ་ཡ་རབས་མཐོ་བར་འདོད་པ་ཡིས་ལུང་དང་མི་མཐུན་པར། །བབ་ཆོལ་དུ་འདོད་ཡོན་ལྔ་ལ་སྤྱོད་པས་དོན་ལས་ལོག་པའོ། །དེ་ཡི་དུས་ཀྱི་གང་ཟག་དེ་ལྟ་བུ་དག་ནི་བེའུ། །སྦྲེལ་མ་གཡང་དུ་ལྷུང་བ་བཞིན་དུ། །རྡོ་རྗེའི་དམྱལ་བའི་ཁབ་ཏུ་རང་གཞན་གཉིས་ཀ་ལྷུང་བར་གྱུར་ཏེ་ཐོན་ནས་ཀྱང་། །བྱང་ཆུབ་སེམས་ཀྱི་དོན་རྟོགས་པའི་ཐབས་གསང་བ་ཐེག་པའི་རིགས་དང་བྲལ། །མགྱོགས་པར་འགྲོ་བ་གནམ་ལྕགས་སོ་མཚམས་འདས་ནས་བབས་མི་ཟློག་པ་དང་འདྲའོ། ༈ །དེ་ནས་འཛམ་བུའི་གླིང་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་གི་རྒྱུད་དུ་གསང་བ་འདི་རྒྱས་པར་འགྱུར་ཏེ། །འདིའི་སྐལ་བ་དང་ལྡན་པའི་གང་ཟག་འབྲེལ་པའང་འབྱུང་བར་འགྱུར། ༈ །དེ་ནས་ཐུགས་རྗེའི་སྐལ་བ་མེད་པས་འཛམ་བུ་གླིང་གི་དབུས་སུ་ནུབ་པར་འགྱུར་རོ། ༈ །སྤྲུལ་པའི་སྐུ་སངས་རྒྱས་སྟོང་གི་ཐ་མ་མོས་པའི་བསྟན་པ་ལ། །མ་འོངས་པའི་དུས་ནའང་ལོ་ཀ་འདིར་འབྱུང་བར་འགྱུར། །དེའི་ཚེ་ཡང་རང་བཞིན་ཐེག་པ་འདིའི་རིགས་ཅན་གྱི་གང་ཟག་དག །རྫོགས་ཆེན་འབྲས་བུའི་ཐེག་པའི་སྒོར་ཞུགས་ནས། །ཉེས་པ་གཉིས་ལས་རྣམ་པར་གྲོལ་བའི་མ་བཅོས་བླ་མའི་ས་ལ་འགྲོ་བར་འགྱུར། །སྒོམ་པ་དང་སྤྱོད་པའི་ཚུལ་མ་ནོར་བར། །མཉམ་པ་ཉིད་དུ་རྟོགས་པའི་དོན་ལ་བློ་མ་བཅོས་པར་མཉམ་པར་བཞག་ན། །དུས་མྱུར་དུ་འགྲུབ་པས་ན་དེ་མ་ཐག་ཏུ་རིག་པ་འཆར། །ཞེས་སོ། །གསང་བ་ལྟ་སྒོམ་སྤྱོད་པ་འི་དོན་དང་ལྡན་པའི་གང་ཟག་བཞི་བཛྲ་ཀེ་ཏུ། བཛྲ་ཧ་ས། བཛྲ་ཏིག་སྣ། བཛྲ་ཙཀྲ་དང་བཞི་འམ། ༈ །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། དེའི་དུས་ཀྱི་གང་ཟག་ནི། །རྒྱུད་ངེས་འཚོ་བ་མཁས་པ་དང་། །རང་གསལ་དོན་ལ་སྒོམ་པ་དང་། །ངེས་པར་གཞུང་ལུགས་འཛིན་པ་དང་། །རྣ་བརྒྱུད་གདམས་པ་འཛིན་པ་དང་། །གསང་བ་མི་སྤེལ་གདམས་པ་དང་། །དགོན་པར་གནས་ཤིང་མཁས་པ་དང་། །མི་སྨྲ་སེམས་ལ་གཟུངས་སུ་འཛིན། །བདུན་གྱིས་བསྟན་པ་འཕེལ་བར་འགྱུར། །ཞེས་གསུངས་སོ། །དེ་ཡི་དུས་ན་འབྱུང་བར་འགྱུར་བ་ནི། །བསྟན་པ་བཅུད་ཀྱི་མཛོད་འཛིན་པ་དང་ཅིང་། །གསང་སྔགས་ཀྱི་ལུང་མན་ངག་མ་ལུས་པ་མ་ནོར་བར་གཞན་ལ་སྒྲོགས་པའི་བདག་པོ་དང་། །དགོངས་པ་དང་སྤྱོད་པ་ཟབ་མོའི་དོན་དང་ལྡན་པ་དེས་གཉེན་པོ་མ་བསྟེན་པར་མཚོ་ལ་རླབས་རང་ཐིམ་པ་ལྟར་གང་ལའང་ཞེན་པ་དང་གཉིས་ཏེ་བཞིའོ། །ལྟ་བ་ཕྱོགས་རིས་སུ་འཛིན་པ་རང་སར་རྣལ་མའི་དོན་ལ་ཕྱིན་ཅི་ལོག་ངན་པ་དག་གིས་གཞན་ལ་སེམས་ཉིད་སེང་གེའི་ཁོག་པ་རང་འཇིག་པ་ལྟར་དུ་གསང་བའི་ཐེག་པ་འདི་རྒྱ་ཆེར་སྒྲོགས་གནུབ་པར་འགྱུར་རོ་ཞེས་འགྲེལ་བའི་དོན་ནོ། ༈ །སྔོན་འདས་པའི་བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བའི་དུས་ན་ཨ་ཏིའི་ཐེག་པ་འདི་ཉིད་ཀྱི། །སྐལ་བ་དང་ལྡན་པའི་དུས་སུ་སངས་རྒྱས་མངོན་རྫོགས་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ་ཡིས་དགོངས་པས་བརྒྱུད་དེ་ཐུགས་ཀྱི་སྲས་བཀའ་རྒྱས་པ་ལས། སྒྲོན་མ་དང་མུན་པའི་བསྐལ་པ་འདྲེན་མར་གྲངས་དཔག་ཏུ་མེད་པ་འདས་པའི་སྐབས་སུ་བསྐལ་པ་དགའ་བ་ཞེས་བྱ་བ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་ངོ་། །ཐ་མ་སངས་རྒྱས་བློ་གྲོས་བདེ་བྱེད༼༡༽། ཤེས་པ་སྟོབས་འགྱུར༼༢༽། ཐུབ་པ་སྟོབས་བཟངས༼༣༽། དེ་བ་བརྗེད་མེད༼༤༽། ཤེས་བྱེད་དབང་པོ༼༥༽། དབང་ཕྱུག༼༦༽། རིག་པ་རྫོགས་བྱེད་བཟང་པོ་དང་༼༧༽། མར་མེ་མཛད་ནས་ཤཱཀ་ཐུབ་ཀྱི་བར་གྱི་བདུན་དག་ལ་བསྟན། །དེ་དག་སྔ་ཕྱིའི་རིམ་པ་མཉམ་པ་ཉིད་ཀྱི་དགོངས་པ་དང་ལམ། མཐར་ཕྱིན་ཏེ་སངས་རྒྱས་ནས་སྐལ་ལྡན་གཞན་ལ་ཡང་། དེ་བཞིན་དུ་རིམ་པར་བརྒྱུད་ནས་རྩོལ་བྲལ་ཀྱི་ཐེག་པའི་ཆོས་ལ་བཀོད་པའོ། །ཐ་མར་སྐལ་བ་མེད་ཅིང་མཚན་མའི་ཐེག་པ་ལ་མང་དུ་འདུས་པའི་རྡོ་རྗེ་འཛིན་པ་སྡེ་དཔོན་གྱིས་མི་ཤེས་པའི་དབང་གིས་སེམས་ཉིད་ཀྱི་དོན་རིག་པར་བྱེད་པའི་ཐེག་པ་འདི་བསྣུབས་སོ། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་དུས་གསུམ་དུ་ཇི་ལྟར་བྱུང་བ་དང་འབྱུང་བར་ལུང་བསྟན་པའི་ལེའུ་སྟེ་བཅུ་པའོ།། ༈ །།དེ་མ་ཐག་པ་དེ་ལ་འབྲས་བུའི་ཡེ་ཤེས་བསྟན་པར་བཞེད་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ༈ །ཆོས་ཐམས་ཅད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་འདི་ཉིད་ལ་བཟང་ངན་དང་སྤོང་ལེན་མེད་པས་མ་འགགས་པར་ཤར་བ་ནི་ཀུན་ཏུ་བཟང་པོ་སྟེ། མ་ལུས་པ་ཐམས་ཅད་དེར་འདུས་པའི་སྙིང་པོའི་མཆོག །ལམ་འབྲས་ཀྱི་ཐེག་པ་ལ་ཕྱོགས་རིས་མེད་པས་ནམ་མཁའ་དང་འདྲ་བར་མཉམ་ཉིད་དུ་རིག་པ་ལ་སེལ་མེད་པས་ལྟ་བའི་ཀློང་དེས་ན། །རྒྱ་ཆེ་ཡངས་པ་བདེ་བ་ཆེ་ཆོས་མ་ལུས་པ། །ཀུན་འདུས་པའི་རང་བྱུང་གི་ཡེ་ཤེས་ཀྱི་ངོ་བོ་ལ་ཕྱོགས་འཛིན་གྱི་དྲི་མ་དག་རང་གསལ་བའི་འོད། །དེ་ཉིད་མ་འདྲེས་པར་ཕྱོགས་མཚམས་ཀུན་ཏུ་ཡེ་ཤེས་ལྔའི་ངོ་བོ་གསལ་བར་འཕྲོ་བ་ནི། །ལྷུན་གྱིས་གྲུབ་པའི་ཡེ་ཤེས་རང་རིག་པའི་མེ་ལོང་ཆོས་ཐམས་ཅད་རྟོག་པ་མེད་པར་གསལ་བ་ལ་ཆོས་ཉིད། །མ་བཅོས་པའི་གཟུགས་བརྙན་རྩོལ་མེད་དུ་རང་སྣང་བས་ན། །ཡེ་ཤེས་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དག་ཏུ་ངས་བཤད་དོ། །ཆོས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཀྱི་འོད་ཕྱོགས་མེད་དུ་གསལ་བ་དེ་ཉིད་ལ། །འཁོར་འདས་ལ་མཐོན་དམན་དང་ཞེན་འཛིན་གྱི་རློབས་སེམས་དང་གང་ཡང་ལ་ཡང་ཆེ་ཆུང་ཡང་མེད་ལ། །བདག་དང་གཞན་གཉིས་ཀྱང་མེད་ལ་དེ་དག་ཐམས་ཅད་རང་རིག་པ་ཡིན་པས། །གང་གི་ཡང་ཕྱོགས་སུ་འཛིན་པ་ཀུན་དང་བྲལ་བར་འོད་གསལ་ཀྱི་ཀློང་དུ་གདོད་ནས་དག་ཀྱང་གང་ཡང་མ་སྤངས་པས་ཐམས་ཅད་ལ་དབྱེར་མེད་པར་ནམ་མཁའ་ལྟ་བུར་ཁྱབ། །སྣང་སྲིད་སྣོད་བཅུད་ཐམས་ཅད་གནས་ལུགས་བྱང་ཆུབ་ཀྱི་སེམས་སུ་མཉམ་ལ། །དེ་ལྟར་མཉམ་པ་ཆེན་པོའི་རང་བཞིན་འོད་གསལ་བ་དེ་ཕྱོགས་བཅུར་ཁྱབ་པར་བརྡལ་བའི་ཕྱིར་ན། །འོད་གསལ་རིག་པ་དེ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་སྟོན་པ་ང་ཡིས་བཤད་དོ། །གང་གིས་ཀྱང་མ་བསླད་བཅོས་སུ་མེད་པར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཉིད་ལ། །ཕྱོགས་འཛིན་གྱི་རྟོག་པ་མི་མཁས་པས་བསླད་ཞེན་པའི་ཆོས་གང་ཡང་གྲུབ་པ་མེད་པས། །ཕྱོགས་གཅིག་པ་གང་དུའང་མི་འགྱུར་བའི་ཡེ་ཤེས་རང་བྱུང་བའི་ངོ་བོ་དེ་ལ། །མཁས་པ་དག་ནི་དེ་ཉིད་བདེན་པར་ཀྱང་མི་འཛིན་ཅིང་དེ་བཞིན་དུ་བརྫུན་པར་འཛིན་པའང་མིན་ལ། །གང་དུ་ཡང་འཛིན་པ་མེད་པའི་རིག་པ་གཟུང་འཛིན་གཉིས་དང་བྲལ་བའི་ངོ་ལ། །བདེན་བརྫུན་གང་དུ་ཡང་མི་སྣང་བར་སྤྱོད་ཡུལ་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་སྟེ་དེ་ཡང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སེམས་ཉིད་ཡིན་ལ་དེ་ནི་དངོས་པོ་ཅིར་ཡང་གྲུབ་པ་མེད་པ་གསལ་བས་སོ། །གང་གིས་ཀྱང་སྟོང་པ་ཉིད་དུ་ཆོས་ཀུན་དུས་གཅིག་ཏུ་གསལ་བར་མཁྱེན་པའི་ཡེ་ཤེས་ནི་རྒྱལ་བ་ཀུན་གྱི་ཐུགས་སོ་དེ་ལྟ་བུའི། །དངོས་པོ་གྲུབ་པ་མེད་པ་ཉིད་ལ་རོལ་པའི་ཡོན་ཏན་ཀུན་མ་སྤངས་པར་ལྡན་པས་སྟོང་པ་ཆེན་པོ། །བློ་གང་ལ་ཡང་འཛིན་པ་མེད་པའི་རིག་པ་སྐྱེད་མེད་དུ་འོད་གསལ་བས་ན། །སྟོང་པ་ཉིད་ཀྱི་ཡེ་ཤེས་དག་ཏུ་བཤད་དོ། །གང་གསལ། ཕྱི་ནང་གི་དངོས་པོ་ཇི་ལྟར་དག་མ་དག་གི་སྣང་བའི་ཆོས་རྣམས་ཀུན། །གང་ལ་གསལ། ཡུལ་ཤེས་གཉིས་སུ་མེད་པའི་རིག་པ་འཁྲུལ་པ་ཀར་ནས་དག་པ་དེ་ལ། །རང་བྱུང་ཡེ་ཤེས་ཀྱི་རོལ་པ་ཉིད་ཆོས་ཐམས་ཅད་དུ་མ་འདྲེས་པར་གསལ་བ་ཡང་ཆོས་ཐམས་ཅད་ཀྱི་རྩ་བ། གང་ལྟར་གསལ་ན། ཀུན་ཏུ་བཟང་པོའི་ཆོས་ཉིད་ལས་མ་གཡོས་པས་སྤྲོས་པ་མེད་པ་སྟེ་དེ་ལ། །ཆོས་ཉིད་ཀྱི་རོལ་པའི་འཁོར་ལོ་མཐའ་ཡས་པར་སྣང་བས་བསམ་གྱིས་མི་ཁྱབ་པ་ཡང་དེ་ཉིད་དུ། །འདུ་ཞིང་དེ་ཉིད་ལས་འཕྲོ་བ་ནི་དཔེར་ན་རྒྱ་མཚོ་ཡིས་ཚྭ་སྐྱེད་པ་ཆུ་བུར་ཐིམ་ལ་ལས་རླབས་འཕྲོ་ཞིང་འདུ་བ་བཞིན་ནོ། །ངོ་བོ་ལ་མི་སྣང་ཞིང་རོལ་པ་སྣ་ཚོགས་སུ་འབར་བའི་རང་བྱུང་གི་ཡེ་ཤེས་ཁྱད་པར་རྨད་དུ་བྱུང་བའི་བདག་ཉིད་ཆེན་པོ་ཆེ། །ཡུལ་མེད་རང་གསལ་དུ་རིག་པའི་ཀུན་མཁྱེན་ཐུགས་མ་བཅོས་པར་ཆོས་ཐམས་ཅད། །མཉམ་པ་དེ་ལ་རོལ་པ་རོལ་པ་མ་འདྲེས་པར་སྣང་བ་ལ་བླང་དོར་མེད་པས་ཀུན་ཏུ་བཟང་པའོ། །དེས་ན་མ་འདྲེས་ལ་གསལ་བའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཆོས་ཐམས་ཅད་དེ་ཁོ་ན་ཉིད་ལས་མི་འདའ་བའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ལ་མ་གཡོས་བཞིན་དུ། །རང་བྱུང་མཛད་པ་འབྱུང་བ་སྟེ་གདུལ་བྱའི་དབང་གིས་སྣ་ཚོགས་པ་ཅིར་ཡང་འགྱུར་བ་ནི། །ལྷུན་གྲུབ་རྒྱལ་བའི་མཛད་པ་ལ་ཕྱོགས་རིས་མེད་པས་བློ་དང་འཚམ་ཆོད་དུ་སྣང་ངོ་། །ཆོས་ཀུན་གྱི་བཅུད་འདུས་པའི་སྙིང་པོ་གཞི་རང་བྱུང་གི་ཡེ་ཤེས་དེ་ལ། །སྤྲོས་མེད་ཀུན་ཁྱབ་ཀྱི་ཐུགས་རྗེ་རྩོལ་མེད་ཏུ་མ་འགག་པར་ལྷུན་གྲུབ་ཤར་བར་གྱུར་ནས་ཅི་མཛད་ན། །གདུལ་བྱ་མཐའ་ཡས་བསམ་གྱིས་མི་ཁྱབ་པ་གྲངས་མེད་པའི་བྱ་བ་ཀུན་མཛད་པར་གསལ་བ། །དེས་ན་བྱ་བ་ནན་ཏན་གྱི་ཡེ་ཤེས་ཡིན་ནོ། ༈ །ཡུལ་མེད་རང་གསལ་ཉིད་ཡེ་ནས་མ་བཅོས་པར་གནས་པའི། །དོན་དེ་ཉིད་ཤེས་པས་ན་ཡེ་ཤེས་ཡིན། །མ་བཅོས་པའི་ཆོས་ཉིད་མཐའ་མ་སྤངས་པར་ཀ་ནས་དག་པའི་འོད་གསལ་གྱི་སེམས་དེའི། །དོན་ཇི་ལྟར་གནས་པའི་ཚུལ་དེ་བཞིན་དུ་ཤེས་པས་ནའང་ཡེ་ཤེས་ཡིན་ནོ། །རོལ་པ་གང་དུའང་མ་འགགས་པའི་རང་རིག་པ་རྒྱུ་རྐྱེན་མེད་པར་གསལ་བས་ན། །རང་བྱུང་གི་ཡེ་ཤེས་ཅིས་ཀྱང་འགྱུར་བ་མེད་པའི་སེམས་ཀྱི་རང་བཞིན། །འོད་གསལ་ཕྱོགས་བློ་ཡིས་བསམ་གྱིས་མི་ཁྱབ་པ་ཉིད། །ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པར་ཤར་བ་ལ་མཐའ་དང་དབུས་སུ་གྲུབ་པ་མེད། །དེ་ལྟར་ཤར་ཡང་ཉི་མ་དང་འོད་ལྟར་མི་རྩོལ་དེ་མཐའ་དང་བྲལ་བ་དབུ་མར་འཛིན་པའི་སེམས་དང་བྲལ་བ། །བསམ་བརྗོད་དཔེས་མཚོན་པ་ལས་འདས་པའི་རང་རིག་པ་ལ་གང་དུ་ཡང་ཞེན་ཅིང་རྟོག་པ་མེད་པ་དེ་ལ་ཡུལ་ཤེས། །གཉིས་སུ་མེད་པའི་རང་རིག་པ་ཡེ་ཤེས་སུ་ཐམས་ཅད་གསལ་བས་ཡུལ་དང་བྲལ་བའོ། ༈ །ཆོས་ཐམས་ཅད་རིག་པའི་ཡེ་ཤེས་སུ་འདུས་ལ་དེ་ཉིད་ཐིག་ལེ་དྲུག་ཏུ་ཤར་བའི་ཆོས་ཉིད་དང་དབྱིངས་དང་དབྱིངས་རྣམ་དག །ལྟ་བའོ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཡེ་ཤེས་ཀྱི་དགོངས་པའི་ཡིན་ལ་རང་ལྷུན་གྱིས་གྲུབ་པ་ནི་བཞིན་ཆོས་ཉིད་དུ་སྟོན་ནོ། ༈ །གང་དུ་ཡང་མ་འཕྲོས་པ་ནི་དཔེར་ན་བཅུ་དྲུག་གི་ཟླ་བའི་དཀྱིལ་འཁོར་གཟུར་མ་འཕྲོས་ལྟར་དུ། །རང་བཞིན་ལས་མི་གཡོ་ཞིང་ངོ་བོ་སེམས་ཉིད་ལས་གཞན་དུ་མ་འཕྲོས་པའི་ཕྱིར་ན། །ཐིག་ལེའོ་དེའི་ངོ་བོ་མཉམ་པ་ཉིད་ལ་ཕྱོགས་འཛིན་གྱི་སྤྲོས་པ་དང་བྲལ་བའི་ངང་དུ་ཡེ་ནས་སངས་རྒྱས་པའི་ཆེ་བ་ལྔ་ཡིས་ཐིག་ལེ། །བྱང་ཆུབ་ཀྱི་སེམས་ཉིད་རྩོལ་བཅས་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་ཆེ་བའོ། ༈ །རང་གཞུང་ཚོགས་བརྒྱད་ཡུལ་དང་བཅས་པའི་རང་བཞིན་མངོན་སུམ་པར་སངས་རྒྱས་ཡེ་ཤེས་ཕྱོགས་མེད་པར་པས་མཚན་ཉིད་སྡེ་གསུམ་ལས་ཆེ་བ་དེ་ལ། །རང་རིག་འོད་གསལ་གྱི་ཡེ་ཤེས་ཆེན་པོའི་སྤོངས་འགེགས་སྦྱང་བའི་སྤྲོས་པ་མེད་པས་ཐིག་ལེ་ཕྱོགས་མེད་ཀུན་ཏུ་གསལ་བར་མཁྱེན་པའོ། །ཆོས་ཉིད་ཀྱི་དབྱིངས་ཀྱི་དབྱིངས་རྣམ་པར་དག་པའི་དང་རྣམ་པ་གསུམ་ནི་སྤྲོས་པའོ་ཅོག་གཅོད་པས་ཐིག་ལེ་གཤིས་ལ་བླང་དོར་མེད་པས་ཀུན་ཏུ་བཟང་པོ་ཉིད་ཡིན་ལ་རྒྱུ་རྐྱེན་འབྲས་བུ། །ཆོས་ཉིད་ཀྱི་དབྱིངས་སུ་རོ་གཅིག་པས་སྐྱེ་འགག་ཏུ་འདོད་པ་སངས་མཚན་མ་ཟིལ་གནོན་གྱི་ཡེ་ཤེས་རྒྱས་པ་ཨ་ནུ་ལ་སོགས་པ་ལས་ཆེ། །ཕྱོགས་རིས་དགག་སྒྲུབ་བླང་དོར་བྲལ་བས་ཀུན་ཏུ་བཟང་པོ་ཡོད་མེད་ཡིན་མིན་དུ་འདོད་པའི་སྤྲོས་པ་བཅད་པས་ཐིག་ལེ་ཡེ་ནས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་དེ། ཆོས་ཐམས་ཅད་ཡིན་པས་ཡིན་མིན་ཕྱོགས་པས་མཉམ་ཉིད་རང་གསལ་རྒྱས་པས་ཡོ་ག་ལ་སོགས་པའི་བླང་དོར་ཅན་ལས་ཆེ་བ་ཉིད་དོ། །ཐེག་པ་བརྒྱད་ཀྱི་རྩོལ་བ་དང་བྲལ་བའི་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་རྩོལ་སྒྲུབ་སྤྲོས་པ་མེད་པས་ཐིག་ལེ་དེ་ནི། །བདག་ཉིད་ཡེ་དབང་ཡིན་པས་མ་ཧཱ་ལ་སོགས་གཞན་དབང་ལས་ཆེ་སྟེ་ཚུལ་ངན་བ་རྩོལ་བའི་སངས་རང་རིག་ཕྱོགས་མེད་དུ་རྒྱས་པ་ཡིན་ནོ། །མུ་བཞིའི་མཐའ་དང་བྲལ་བའི་བདེ་ཆེན་འོད་ཀྱི་ཡེ་ཤེས་རང་གསལ་ཆེན་པོ་བླ་དགས་རང་གྲོལ་བ་དེ་ནི། །ཐམས་ཅད་དགོས་ཆེད་ཀྱིས་སངས་རྒྱས་མིང་དུ་བཏགས་པ་ཙམ་ལས་མེད་པ་དེ་སྒྲ་ལ་ངེས་པར་འཛིན་པའི་གཉེན་པོར་ཆེ་བར་བཤད་དོ། ༈ །དུས་གསུམ་དུ་མི་འགྱུར་བས་དེས་ཐམས་ཅད་ལ་གདལ་ཞིང་ཁྱབ་པ་རང་རིག་པའི་ཕོ་བྲང་ན། །ལྷན་སྐྱེས་དང་གཉེན་པོ་ཅིས་ཀྱང་མི་བསྐྱོད་པའི་རྡོ་རྗེ་སེམས་དཔའ་ཉིད་ཆེ་བ་སྟེ་དབྱིངས་དང་ཡེ་ཤེས་དང་པོ་འདུ་བ་དང་ཐ་མ་འབྲལ་བ་གཉིས་མེད་པས་རྡོ་རྗེ་ཉིད། །ཕྱི་ཡུལ་དང་ནང་ཤེས་པར་གྲུབ་པ་མེད་པའི་གསལ་ཁྱབ་ཀྱི་སེམས་ལ། །ཡུལ་ཤེས་ཕྱི་ནང་གསང་བའི་སྒོ་ཕུགས་མེད་པའི་སེམས་ཉིད་དུ་གསལ་བ་ལ། །ཡུལ་དང་དབང་པོའི་ཞེན་འཛིན་གདོད་ནས་རྣམ་པར་དག་པས། །རྟོག་པའི་མཚན་མ་འཇིལ་བའི་གཉེན་པོ་གཟུགས་ཀྱི་སྐུ་མེད་པའི། །གཉིས་མེད་ཀྱི་རྡོ་རྗེ་རང་གསལ་བས་སེམས་དཔའ་མི་འགྱུར་ཁྱད་པར་འཕགས་པས་ཆེ། །ཕྱོགས་མེད་ཀྱི་ཡེ་ཤེས་ནམ་མཁའ་ལྟར་དུ་གསལ་ལ་ཁྱབ་པས་ཀུན་ཏུ་བཟང་པོའི་ངོ་མ་བློས་བསམ་དུ་མེད་པའི་ཆོས་ཉིད་ཀྱི་ནམ་མཁའ་གསལ་བར་ཡེ་ནས་སངས་རྒྱས། །རྟོགས་པའི་དོན་ཡུལ་སེམས་ཅིར་ཡང་མི་དགོངས་པའི་ཆོས་ཉིད་ཀྱི་ངང་། །ལས་གོམས་པས་མི་འདའ་བས་ཕྱག་རྒྱ་ལས་འགྱུར་བ་མེད་པའི་སེམས་ཉིད་ལ་སྒོ་གསུམ་གྱིས་ཆེད་དུ། །མི་རྩོལ་ཞིང་མུ་མཐའ་ཀུན་དང་བྲལ་བས་དབུ་མ་ཆེན་པོའི་ལམ་ནི། །ནམ་མཁའ་ལྟར་དུ་ཤེས་བྱ་ཀུན་ལ་ཁྱབ་པའི་བདེ་ཆེན་པོ་དེ་ལ་སྐྱེད་པའི། །རྒྱུ་དང་ལྟོས་པའི་འབྲས་བུ་གཉིས་མེད་པས་སྔ་ཕྱི་མེད་པར་ཡེ་ནས་ལྷུན་གྱིས་རྫོགས་སོ། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་རིག་པའི་ཡེ་ཤེས་ལ་ཐིག་ལེ་དང་ཆེ་བ་རྫོགས་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ༈ །།རྒྱུད་དོན་བསྟན་པ་དེ་ནས་གང་གི་ཞུས་སེམས་དཔའ་རྡོ་རྗེས་གང་ལ་ཞུས་དེ་བཞིན་གཤེགས་པ་ལ་མཚན་གྲངས་ཞུ་བའི་ཚིག་འདི་ཇི་ལྟར་ཞུས་སྐད་ཅེས་གསོལ་ཏོ། །འཁོར་འདས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པས་ཀུན་ཏུ་བཟང་པོ་མངོན་དུ་མཛད་པའི་ཡེ་ཤེས་ཐུགས་ཐམས་ཅད་མཁྱེན་པའི། །རྒྱལ་བའི་བསམ་གྱིས་མི་ཁྱབ་པའི་བདེ་བ་ནི་བདེ་བ་གཞན་ལས་མཆོག་སྟེ་བརྗོད་པ་དང་བྲལ་བའི་གསུང་ཉིད་སྨྲ་བརྗོད་ཐམས་ཅད་དུ་མ་འགགས་པའི་གསུང་གི་འཁོར་ལོའི་མངའ་བའི་བདག་པོ། །ཆོས་ཐམས་ཅད་ཀྱི་རང་བཞིན་བྱ་བཙལ་མེད་པར་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་ཅི་ཡང་མི་འགག་པར་ཤར་བའི་སྐུ། །རང་བཞིན་དབྱེར་མེད་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བཤད་པ་ལྟར་མཆོག་ཏུ་གྱུར་པ་དེ་ལ། །བདག་ཅག་ཇི་སྙེད་འདུས་པའི་འཁོར་ཚོགས་རྣམས་རྟོགས་པ་དང་མོས་པས་འདུད་ཅིང་ཕྱག་འཚལ་ནས། །རྩོལ་བ་མཐའ་དག་དང་བྲལ་བའི་ཡེ་ཤེས་གསང་བའི་རྒྱུད་འདི། །ཆོས་ཉིད་ཀྱི་དོན་ཞེན་དྲུག་ལོག་གསུམ་རྩོལ་བརྒྱད་ལ་གསང་བ་སྐལ་ལྡན་གྱིས་ཚིག་གི་སྒོ་ནས་རྟོགས་པ་འི་ཆེད་དུ་ཁྱོད་ཀྱིས་གསུངས། །བདག་ཅག་འདུས་པའི་འཁོར་ཚོགས་ཀྱིས། །ཆོས་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བར་སྟོན་པའི་རྒྱུད་འདིའི་མཚན་གྱི་རྣམ་གྲངས་དུ་མཆིས་ཇི་ལྟར་དུ་གཟུང་བར་བགྱི། །ཞེས་གསོལ་ཏོ། ༈ །དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ། ༈ །རྟོགས་དཀའ་བས་གསང་བ་ཚང་ཞིང་འབྲེལ་བས་རྒྱུད་ཐེག་པ་ཐམས་ཅད་ཀྱི་ཤེས་སྒྲུབ་ཀྱི་བཅུད་འདུས་པའི་སྙིང་པོ་འདིའི་མཚན་གྲངས་ནི། །ཉོན་མོངས་ཞེན་པའི་ཕྲེང་ཐག་གཅོད་པ་ཞེས་ཀྱང་བྱ་ཆོས་རྣམས་གསལ་བའི་ཡེ་ཤེས་སྒྲོན་མ་ཞེས་ཀྱང་བྱ། །ཀུན་ཏུ་བཟང་པོ་རིག་པའི་ཐུགས་དང་། །བདེ་ཆེན་མཛེས་པའི་ཡེ་ཤེས་རྒྱན་དང་། །གསལ་བའི་ཡེ་ཤེས་གསང་བའི་རྒྱུད། །འདི་ལ་མཐའ་དབུས་མ་མཆིས་པས། །ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་དང་། །ཀུན་འདུས་མཉམ་པ་ཆེན་པོ་ཞེས་བྱ་བ་ཡང་ཡིན། །གསང་བ་ཀུན་འདུས་རིག་པའི་གཏེར་ཅེས་ཀྱང་བྱའོ། ༈ །ཆོས་ཐམས་ཅད་ཀྱི་རང་བཞིན་རྒྱུ་རྐྱེན་མེད་པས་རང་བྱུང་གདོད་ནས་མ་བསྒྲིབས་པས་འོད་གསལ་མ་བཅོས་པའི་བདག་ཉིད་ཆེན་པོ་ལ། །རང་བཞིན་དང་ཆེད་དུ་བྱས་པ་དང་ལྟོས་པས་ཞེན་པའི་བརྟགས་པ་དང་གདོད་མ་ནས་བྲལ། །དེ་ཁོ་ན་ཉིད་མ་བཅོས་པ་རང་བཞིན་གྱི་སྣང་བ་དེ་ཐབས་ཀྱིས་ཇི་ལྟ་བར་རྟོགས་པ་ན། །ཉོན་མོངས་ཞེན་ཅིང་འཛིན་པའི་ཕྲེང་ཐག་གཅོད་པ་ཞེས་སོ། །ཆོས་རྣམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན། །སེམས་ཉིད་ལས་གཞན་པ་མེད་ཅིང་དེ་ཉིད་རང་གསལ་ཇི་ལྟ་བར་སྟོན་པའི་ཡེ་ཤེས་ཀྱི་སྒྲོན་མའོ། །ངོ་བོ་དང་རྟོགས་པ་ལ་ཅིས་ཀྱང་མི་འགྱུར་སྐྱེས་པས་རང་བྱུང་ཞིང་མ་བརྩལ་བར་ལྷུན་གྲུབ་འདི། །འཁྲུལ་གྲོལ་ཇི་ལྟར་གནས་ཀྱང་སྙིང་པོའི་དོན་ལ་འདའ་མི་སྲིད་པས་ཀུན་ཏུ་བཟང་པོའོ། །ཕྱིན་ཅི་ལོག་ཏུ་ཞེན་ཅིང་འཁྲུལ་པའི་དབང་གིས་ཅིར་ཡང་གྱུར་ཀྱང་། །རང་བཞིན་ཉིད་ནི་རང་གསལ་གྱི་ཡེ་ཤེས་ལས་གཞན་པའི་སྤང་བྱ་མི་དམིགས་པས་ཀུན་ཏུ་བཟང་པོ། །རང་གི་རིག་པ་རྟོག་པའི་བསམ་པ་དང་བྲལ་བའི་རྒྱལ་བའི་ཐུགས། །མུ་བཞིའི་ཕྱོགས་རིས་མེད་པའི་བཏང་སྙོམས་ཆེན་པོ་ཡིན་པ་ལ། །ཆེད་དུ་བྱས་པའི་རྩོལ་བའི་སྡུག་བསྔལ་དང་བྲལ་བས་བདེ། །བདེ་བ་ཆེན་པོ་ནི་བདེ་སྡུག་གི་མཚན་ཉིད་ཀྱི་མཐའ་རྣམས་ཀུན་ལས་འདས་པ་དེ། །འཁོར་འདས་ཀྱི་རོལ་པ་ཀུན་གྱི་འབྱུང་གནས་སུ་ལྷུན་གྱིས་གྲུབ་པས་ཕྱོགས་རིས་ལས་ཆེ། །གཟུང་འཛིན་དང་བྲལ་བའི་རང་གསལ་ཡེ་ཤེས་ཀྱི་དཀྱིལ་འཁོར་འདི་ཉིད་རྒྱལ་བའི། །སྐུ་དང་གསུང་དང་ཐུགས་ཡེ་ཤེས་རང་སྣང་དུ་མཛེས་པ་ནི་ཕན་ཚུན་ལས་གྲོལ་བའི་རྒྱན། །ཡུལ་ཤེས་གཉིས་མེད་པར་རང་གསལ་བའི་ཡེ་ཤེས་ཐུན་མོང་གི་བདེ་བ་ཐམས་ཅད་ལས་གྲོལ་ཏེ་ཚོར་བ་ལས་འདས་པས་བདེ་ཆེན་ཉིད་རྟོགས་པའི་ངང་དུ་གནས་པས། རྣལ་འབྱོར་བསམ་གྱི་མི་ཁྱབ་པའི་དགྱེས་པ་དབྱེར་མེད་པའི་རྒྱན་ཅེས་ཀྱང་བྱའོ། །ཡོད་མེད་གང་དུའང་བསམ་དུ་མེད་པའི་ནམ་མཁའ་ལ་མཐའ་དང་བྲལ་བ་ལྟར་དུ། །བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་གསུམ་ལ་མུ་བཞིའི་མཐའ་དང་དེ་ལ་ལྟོས་པའི་དབུས་སུ་གྲུབ་པ་མེད། །བསྐལ་པ་ཆགས་ཤིང་ཞིག་ཀྱང་མི་འགྱུར་བར་ནམ་མཁའ་བརྟན་པ་ལྟར་དུ། །སེམས་ཉིད་ཡེ་གསལ་ལ་སྐད་ཅིག་དང་རྒྱུན་གྱིས་འགྱུར་བ་གང་ཡང་མེད་པས་གཡུ་དྲུང་ངོ་། །འཁོར་འདས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་བཏུབས་ཏེ་འུབ་ཆུབ་པས། །མ་ལུས་པ་ཐམས་ཅད་ཀུན་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་འདུས་པས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་རྫོགས། །གདོད་ནས་རང་གསལ་བའི་ཡེ་ཤེས་ལ་བཟང་ངན་སྤང་ལེན་མེད་པས་ཀུན་ཏུ་བཟང་། །སྣང་བ་སྣོད་སྲིད་པ་བཅུད་འཁོར་བའི་ངོ་བོ་དེ་ཉིད་དང་། །རང་གཞན་ནམ་སྣོད་བཅུད་གཉིས་མེད་པའི་རྒྱལ་བའི་དགོངས་པ་ཕྱོགས་རིས་མེད་པ་དག་མཉམ། །གང་དུ་མཉམ་ན་རང་བཞིན་གྱིས་འོད་གསལ་མུ་མཐའི་ཕྱོགས་རིས་བཏང་ནས་ཕྱོགས་མེད་དུ་སྙོམས་པའི་གནས་ལུགས་ཆེན་པོར་མཉམ་མོ། །བསྟན་པའི་འབྱུང་གནས་ཐེག་པའི་ཡང་རྩེར་གྱུར་པས་བསྟན་པའི་ཤེས་བྱ་དང་བསྒྲུབ་བྱའི་བཅུད་ཀུན་འདུས་ཐུན་མོང་མ་ཡིན་པའི་དོན་མཚན་པས་གསང་བའི་ཐབས། །རྟོགས་དཀའ་བས་གསང་བ་མེད་ལ་མི་ཟད་པས་མཛོད་རང་གསལ་བས་རིག་པ་ཐུགས་ཀྱི་གཏེར། །ནམ་མཁས་གོ་ཕྱེ་ནས་སྣང་སྲིད་གསལ་བ་ལྟར་དུ་སངས་རྒྱས་ཀྱི་བསྟན་པའི་སྤྱིའི་དོན་འགྲེལ་ཡེ་ཤེས་གསང་བའི་རྒྱུད་སྟོན་པས་ཐམས་ཅད་མཁྱེན་པའམ་ལོ་ཙ་བའི་ཚིག་ཡིན་པས་མི་འགལ་ལོ། འདི། ༈ །གུ་ལང་ལུང་སུལ་གི་གསེར་ལས་བྱས་པའི་ཟོ་བ་རུ། །སེང་གེའི་དཀར་མོ་འོ་མ་བླུགས་པས་བཅུད་དུ་གྱུར་པ་བཞིན་དུ། ༈ །རང་གི་སྙིང་གི་དཀྱིལ་དུ་ཉམས་སུ་ལེན་པས་བཙའ་བར་གྱིས། ༈ །སྲོག་དང་བྲལ་བའི་རོ་ཁ་བཞིན་སྐལ་མེད་ལ་བསྡོམས། ༈ །བསྟན་པའི་ཡང་སྙིང་འདི་རང་གི་སྙིང་ལྟར་དུ་གཅེས་སྤྲས་སུ་ཟུང་། ༈ །གླེགས་བམ་གཏེར་དུ་སྦ་བའི་གནས་ནི་བྲག་བརྐོས་པའི་གཏིང་དང་ཆུའི་གཏིང་བྱུག་པའི་རྫས་ཀྱིས་མི་ཉམས་པར་བྱས་ལ་བཞག་གོ། །དེ་སྐད་ཅེས་སྟོན་པས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་མཚན་གྱི་རྣམ་གྲངས་བདུན་དང་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ༈ །།རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲི་སིངྷ་པྲ་བ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །སེའི་བན་དྷེ་འབྱུང་ལྡན་གྱིས། མཁས་པའི་འགྲེལ་པ་ལ་བརྟེན་ནས་རང་བློས་དཔྱད་དེ་རྩ་རྒྱུད་ཀྱི། མཆན་བུ་ལེགས་པར་བཏབ་པ་ཡིན། དགེ་བས་འགྲོ་བ་མ་ལུས་པ། །རྩོལ་མེད་དོན་རྟོགས་སངས་རྒྱས་ཤོག །དགེའོ་བཀྲ་ཤིས་པར་སྨོན་ཏོ།།


previousརྒྱུད་ཡེ་ཤེས་གསང་བ་ཤྲཱི་སེངྷའིི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next