Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་ཉི་མའི་འོད་ཟེར་ཀུ་ཀུ་རཱ་ཛའི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།


 
previousབྱང་ཆུབ་སེམས་ཉི་མའི་འོད་ཟེར་ཀུ་ཀུ་རཱ་ཛའི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།no next

བྱང་ཆུབ་སེམས་ཉི་མའི་འོད་ཟེར་ཀུ་ཀུ་རཱ་ཛའི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

བྱང་ཆུབ་ཀྱི་སེམས་ཉི་མའི་འོད་ཟེར་བཞུགས། རྒྱ་གར་སྐད་དུ། བོ་དྡྷི་ཙིཏྟ་རཏྣ་སུཪྱ་གརྦྷ་པྲ་བྷ་བ་ནཱ་མ། བོད་སྐད་དུ། བྱང་གཞི་ཆུབ་ཀྱི་སེམས་རིན་ལམ་པོ་ཆེ་ཉི་མའི་འབྲས་བུ་སྙིང་པོ་འོད་ཟེར་དང་ལྡན་པ་ཞེས་བྱ་བ། ༈ །བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། ༈ །ཆོས་ཉིད་མ་ནོར་བ་བྱང་ཆུབ་ཀྱི་སེམས་རང་ཆས་སུ་གནས་ཀྱང་རྟོགས་པའི་རྐྱེན་བཞི་དང་བྲལ་བས། །དཔེར་ན་མིག་གིས་མིག་མ་མཐོང་བ་བཞིན་དུ་ཡུལ་དུ་མ་གྲུབ་པས། མ་ལྷན་རིག་གཞན་དུ་བརྟགས་ཀུན་པས་ལས་དང་ལས་ཀྱི་འབྲས་བུར་འཁྲུལ། །མན་ངག་རིན་ཆེན་རྒྱལ་བ་རིག་འཛིན་གང་ཟག་ཏུ་བརྒྱུད་པས་བྱང་ཆུབ་སེམས་རིག་ནས་དེའི་ངང་དུ་གོམས་པས་གནས་ལུགས་དང་མཐུན་པར་སྤྱད་པའི་མཐུས། །རང་གནས་ཀྱི་སར་སྨིན་པ་ཆོས་སྐུ་ལོངས་སྤྱོད་དང་སྤྲུལ་པས་གདུལ་བྱ་འདྲེན་པ་ཐོབ་པའི་ཐབས་འདི་བསྟན་པར་བྱའོ། ༈ །དམིགས་༼༠༽ པར་བྱ་བ་སྨིན་༼༠༽ པར་བྱེད་པ་མཐར་༼༠༽ ཕྱིན་པ་ནི། །ཡུལ་༼༠༽ གཞི་རྐྱེན་ལམ་འབྲས་༼༠༽ བུར་བརྡ་ཡིས་ཞེན་པས་མཚོན་པ་ནི། །བྱང་༼༠༽ ཆུབ་ཀྱི་སེམས་རིན་ཆེན་ཉི་༼༠༽ ཆོས་འོད་ལོངས་གཟེར་སྤྲུལ། །ཡི་དམ་མི་བསྐྱོད་པ་དང་བླ་མས་གནོད་སྦྱིན་མོ་ལུང་བསྟན་ནས་མན་ངག་རྩོམ་པའི་ལུས་རྣམ་གཞག་བྱས་སོ། ༈ །ཆོས་ཡང་ན་ཚོགས་བརྒྱད་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་སུ་གནས་ཏེ། ༈ །ཚོགས་དྲུག་གི་ཡུལ་རིལ་གཅོད་པར་བྱེད་ཅིང་ཡུལ་ཐུན་མོང་ངམ་ཁྱད་པར་རམ་འདས་མ་འོངས་གཉིས་ཕྱི་སྒོ་ལྔ་དང་ནང་ཉོན་ཡིད་རང་རྒྱུད་སྔ་མ་གསུམ་གྱི་རྗེས་སུ་འབྲངས་པའི་སྤྲོས་པ་སྣ་ཚོགས་རྣམས། །རང་བཞིན་ནམ་ངང་གིས་མི་གནས་ཏེ་སྤྲོས་པ་དང་བྲལ་བས་བྱང་། །དབང་པོ་གཟུགས་ཅན་ལ་རྟེན་པའི་རྣམ་ཤེས་ལྔ་རང་བཞིན་གྱིས་མི་འགག་པར་ཤར་བའི། །ཡུལ་སྣང་ལ་མི་འཛིན་པ་སྒྱུ་མའི་རྣམ་པར་ཁྱབ་པས་ཆུབ། །ཁ་ནང་དུ་ཀུན་གཞི་ལ་བལྟས་ནས་ངར་འཛིན་པ་དེའི་མཚན་ཉིད་ཇི་ལྟ་བར། །རྟོགས་ན་མཚན་ཉིད་རང་རིག་གཉུག་མའི་སེམས། ༈ །སྤྲོས་པ་མི་གནས་རང་བཞིན་རོལ་པ་མི་རྣམ་པ་འགག་ཡུལ་ཤེས་དབྱེར་མེད་མཚན་ཉིད་གསུམ། །མེད་པ་ཡོད་པ་དབྱེར་མེད་ཀྱི་ཕྱོགས་སུ་མ་ལྷུངས་ཡིན་དོན་དུ་རོ་གཅིག་པ་ནི་གཞི་དོན་གྱི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས་སོ། ༈ །དེ་ཉིད་མ་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་བརྟགས་པས་བག་ཆགས་རྙོག་པའི་གཞི། །སྦྱོར་དོན་ནི་ཡུལ། དམིགས་པ་དང་ཡུལ་ཤེས་ཤིང་འཛིན་པའི་རྣམ་པ་རྒྱ་ཡོངས་སུ་མ་ཆད་པར། །དོན་ཕྱི་སྣོད་གནས་དང་ནང་ལེན་པའི་སེམས་ཅན་རིག་གོ་བདག་རིག་པ་ཉོན་ཡིད་ཡུལ་རྣམ་པར་རིག་པ་དང་ཚོགས་དྲུག་དང་བདུན་སྣང་སྟེ་དེ་ཡང་སྒོ་ལྔས་ཡུལ། ལྔ་ལ་མཚན་མར་བཅད་ཡིད་གཅིག་ལ་ཕྱི་ནང་བར་གསུམ་གསལ་ཏེ་གསུམ་ཀའི་རྗེས་སུ་འབྲངས། །དྲུག་གིས་ས་བོན་གང་སད་པའི་འབྲས་བུར་སྨིན། །སྨིན་ཚུལ་ནི། མཛོད་ལས། ལས་ཀྱི་འཁོར་བ་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་དང་། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་སོ། །འཁྲུལ་པའི་སེམས་རང་གིས་རང་བཅིངས་ནས་སྡུག་པའོ། ༈ །དེས་ན་རིན་ཆེན་བརྒྱུད་པ་གཅེས། །དམིགས་ཡུལ་བྱང་ཆུབ་སེམས་སུ། གནས་པ་ལ་སྨིན་བར་བྱེད་པའི་རྐྱེན་རིན་ཆེན་ནི། །རྒྱུ་གཅིག་རྐྱེན་གཉིས་ཡིད་ཆེས་གསུམ། །གནས་པ་བཞི་དང་གྲོགས་རྣམ་ལྔའོ། ༈ །དམིགས་པའི་ཡུལ་སྔར་བཤད་པའི་གནས་ལུགས་ཉིད་ཡོངས་སུ་རྫོགས་པའི་རྒྱུ་ནི། །མུ་བཞི་ཕྱོགས་རེར་འཛིན་པའི་སྐྱོན་བཞི་ལས་གྲོལ་བ་ནི་དཔེར་ན་རིན་ཆེན་ལ་བསོད་ནམས་དང་མཐུན་པའི་འདོད་པ་འབྱུང་བ་ལྟར། ༈ །ལུང་དང་མན་ངག་གཉིས་ཚད་མར་གནས་པ་ནི། །རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་ལ་བཏགས་ནས་མཆོད་པས་དགོས་པ་འབྱུང་བ་ལྟར་རྟོགས་པའི་གྲོགས་སམ་རྐྱེན་ནོ། ༈ །ཐོས་པས་ལུང་གི་ཆོས་ལ་ཡིད་ཆེས་ནས། །དེར་འཐད་པས་མིང་དུ་བཏགས་པ་དེ་ཚིག་ཏུ་ཟིན། །བསམ་པས་ཚིག་དང་དོན་གཉིས་འབྲེལ་ཏེ་དོན་སྤྱི་ཙམ་རྟོགས། །མན་ངག་དང་ལུང་བསྡེབས་པས་དོན་དང་འབྲེལ་བར་ཡིད་ཆེས། །བརྡ་བྲལ་རང་གྲོལ་བའི་མན་ངག་མངོན་སུམ་དུ་གྲུབ་པས། །ཆོས་ཉིད་རང་གི་མཚན་ཉིད་ཚད་མ་གསུམ་དང་མི་འགལ་བར་ཡིད་ཆེས་ཐག་ཆོད་ངེས་པ་རྙེད་དོ། ༈ །དེ་ལྟར་ངེས་པར་རྟོགས་ཀྱང་རེས་གནས་ཏེ་སྣང་རེས་མི་གནས་ཏེ་བྲལ་བར་སྣང་། །དང་པོའི་ལས་ཅན་གྱིས་བརྩོན་པས་བསྟུན་ཏེ་སྒོམ་མ་བྱུང་བར་དུ་གནས་པ་ལ་འབད། །དྲན་པའི་རྐྱེན་དང་ལྡན་པས་ཡིད་མི་གཡོ་བར་གནས་པ་ལ། །རྩོལ་བ་ཀློད་ཅིང་མ་བཅོས་ལྷུག་པར་གཞག །དེར་ནི་ཤེས་བྱ་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་རྒྱ་གཅད་ལ་འདས། །མཐོན་འཁོར་དམན་བྱང་ཆུབ་སྙིང་པོའི་ཀློང་ཆེན་པོར་མཉམ་པར་གནས་སོ། །དྲན་པ་ལ་སོགས་པ་གསལ་བྱེད་ཀྱི་རྐྱེན་ལ་མ་རག་པར་བརྟན། །ཡིད་དོན་ལ་མཉམ་པར་གནས་ཏེ་རྩོལ་བ་དང་བྲལ་བར་ཡེ་ཤེས་ལྷུན་གྱིས་གྲུབ་སྟེ་ལྷུག་པར་བཞུགས་པ་དང་བཞིའོ། །ཉམས་དེ་བཞི་གང་ཟག་རྒྱུ་ཐ་དད་ཡི་རིམ་པ་བཞིར་སྐྱེ་བའམ། །གང་ཟག་གཅིག་ལ་ཉམས་བརྟན་པའི་ཀྱི་རིམ་པར་སྐྱེ་པའི་ཚུལ་ལོ། ༈ །འཚོ་སྲོག་བསམ་གཏན་གྱི་བར་ཆོད་གསུམ་དང་བྲལ་བའི་རྟེན་གནས་བཟང་པོ་ཆུ་ཤིང་མོད་ལ་འཆགས་བདེ་བ་ནི། །ཉམས་བདེ་རིག་པ་གར་བསྐྱོངས་པ་ནི་གནས་ཀྱི་གྲོགས་དང་། །ཟས་གོས་ལ་སོགས་མཁོ་བའི་ཡོ་བྱད་ཆེ་ཆུང་རན་པར་ལྡན། །པ་ནི་ལས་དང་པོ་པའི་ལུས་དང་ཡིད་བདེ་བ་དང་ལྡན་པའི་གྲོགས་སོ། །ལུང་ཆོས་ཟབ་མོ་དང་བླ་མའམ་སྒོམ་ཉམས་ཅན་གྱི་སྤུན་༼༠༽ནི། །ཞོར་༼ཁ༽ སྣང་འཁྲུལ་པའི་འཕྲང་སོལ་ཅིང་ཡིན་དོན་ངེས་པར་འཆར་བའི་གྲོགས་སོ། །རྣལ་འབྱོར་པ་ལ་མོས་༼ཀ༽ གུས་བརྟན་ལྡན་རང་ཡིད་འཐད་པའི་གཟུངས་མ་ནི། །ཁམས་༼༠༽ ལུས་གསོ་བྱིང་བ་གསེང་སྐྱོ་བ་སེལ་རིག་པ་སྐྱོང་བའི་གྲོགས་སོ། །རང་༼ ག༽ཉིད་གཞི་དད་པ་གྲོགས་བརྩོན་འགྲུས་བརྩེར་གདུང་དམ་ཚིག་དང་ལྡན་པའི། །ཆུ་བོ་བཞིའི་རྒྱུན་དང་ལྡན་པ་ནི་རྩ་བའི་གྲོགས་དང་ལྔའོ། ༈ །མཐར་ཕྱིན་འབྲས་བུ་ཉི་འོད་གཟེར། ༈ །གནས་ལུགས་ཇི་ལྟ་བར་སྒྲིབ་བྱེད་དང་བྲལ་བར་མཐར་ཕྱིན་པ་ཉིད་ཆོས་ཀྱི་སྐུ་སྟེ། །རང་བྱུང་གི་ཡེ་ཤེས་རང་གསལ་ཅིར་ཡང་མི་རྟོག་སྙིང་པོར་ཤར་བའོ། །ཆོས་ཐམས་ཅད་བདེ་ཆེན་དུ་མངའ་མཛད་པས་ཉིད་ལོངས་སྤྱོད་རྫོགས་པའི་སྐུ། །སར་སྨིན་པ་རིག་འཛིན་བྱང་ཆུབ་སེམས་པའི་འཁོར་ལ་འོད་སྐུར་ཤར་བས་གཞན་ལོངས་སྐུ། །མོས་པས་སྤྱོད་ན་དང་པོའི་ཚེ། །ཐུགས་རྗེ་སྤྲུལ་པའི་གཟེར་གྱིས་འདྲེན་པ་སྤྲུལ་པའི་སྐུའོ། ༈ །ཡིན་ལུགས་ཀྱི་ངང་ལ་སྐུ་གསུམ་ཐ་དད་མི་གནས་པས། །སྙིང་པོ་དང་འོད་དང་གཟེར་དང་གསུམ་པོ་ཉིད་མཐུན་ནོ། ༈ །ཀྱེ་ཧོ་སྐྱེས་བུ་སྦྱངས་པ་ཅན། །རང་སོར་གཞག་པས་རྣལ་མའི་དོན་ལ་གནས་པར་འདོད་ན། །ལྷུན་གྲུབ་རིན་ཆེན་གླིང་ནས་རྟོགས་པ་སྦྱིན་གྱི་ནོར་བུ་ལོང་ཞིག །དེ་མེད་ན་གཞན་དབུལ་བ་སེལ་ནུས་པ་འགའ་ཡང་ཡོད་དམ་སྟེ་མེད་པ་དེས་ན། ༈ །རིག་པ་ཐམས་ཅད་དུ་རྒྱུ་རྐྱེན་མེད་པར་རང་གསལ་ལྟ་བ་འཁོར་འདས་མཉམ་ཉིད་ངང་ལ་ཕྱོགས་རིས་སྤྱོད་པ་མེད་པས་བལྟ་བྱ་ལྟ་བྱེད་མེད་པར་ལྟོས། །སྒོམ་པ་མ་དོན་ནོར་བའི་ངང་ལ་གནས་པས་བཅོས་སུ་མེད་དེ་ཡིན་དོན་རང་རྟོགས་པའི་སོར་ཞོག །དོན་ལ་གནས་པའི་སྒོ་གསུམ་མ་བཅིངས་པར་བག་ཡངས་སུ་སྤྱོད། །ཕྱོགས་རིས་ལས་གྲོལ་བའི་རྟོགས་པ་དེ་ཤིན་ཏུ་མཛེས་པས་རྒྱན་འབྲས་བུ་དང་བཅས་པའི་ངང་ལ་ཀུན་བརྟེན་པས་ལུས་ཚིག་རྗེས་མ་གཅོད་པར་ལྷུན་གནས་ཀྱི་དོན་ལ་རྟོན། ༈ །རང་བཞིན་༼༡༽ མཚན་༼༢༽ ཉིད་རྣམ་པ་༼༣༽ གསུམ་མ་ནོར་བར་བཞུགས་ཀྱང་། །དེ་མ་རྟོགས་ཏེ་ཡིད་༼༡༽ སྤྲོས་པ་སྣ་ཚོགས་སུ་འཕྲོས་ཉོན་ཡིད་ཀྱིས་ཉོན་༼༢༽ མོངས་སྒོ་ལྔས་ཡུལ་༼༣༽ལྔར་གཅད། །དཔའ་མོ་གནོད་སྦྱིན་མོས་སྤྲོས་༼༡༽ བྲལ་རང་༼༢༽ རིག་སྒྱུ་༼༣༽མར་ཐུག་ཕྲད་དུ་བསྟན་པ། །དེ་མཚོན་པར་བྱེད་པ་འདི་བྱས་པའི་དགེ་བ་འགྲོ་ཀུན་ལྷུན་གནས་ཀྱི་དོན་འདིར་གནས་པར་སྨོན། ༈ །དྲིན་ཚིག་བརྗོད་པ་ཨེ་མ་ཧོ་རེ་བདེ་རི་ཁྲོད་མ། དཔལ་ལྡན་རྣལ་འབྱོར་མས་ཀུ་ཀུ་རཱ་ཛ་བདག་བྱིན་གྱིས་བརླབས། །རིགས་མཉམ་གྲོལ་དང་མཐུན་པའི་རྟོགས་གོམས་ཀྱི་ལས་སྤྱོད་པས། །རྣལ་འབྱོར་ཆེན་པོའི་གཉིས་མེད་ལས་འཕགས་ཏེ་དོན་ལྷུན་གནས་སུ་གྲོལ་བར་བྱས་པ་དྲིན་ཆེའོ། ༈ །ཀྱེ་ཧོ་དཔལ་ལྡན་སེང་གེ་འོད་ཅན་རིགས་ཀྱི་བུ་ཁྱོད། །མཁས་པས་ཕྱོགས་མེད་ཀྱི་དོན་ལ་མི་འཁྱར་བར་བྱའི། །ཐ་སྙད་ཚིག་གི་རྗེས་སུ་མ་འབྲང་ཞིག་རྟོགས་པ་མི་སྐྱོང་བར། དོན་མེད་ཚིག་ཐ་སྙད་སྙན་པའི་རྗེས་སུ་འབྲང་བར་བྱ་བ་མིན་གྱི། །འོ་ན་ཡང་དོན་མཚོན་པར་བྱེད་པའི་ཚིག་ལམ་མ་དགག་ཅིག །རྟོགས་པའི་དོན་ལ་གནས་སམ་ངང་ལ་གནས་ནས་རྟོགས་པར་བྱའི། །ཞི་གནས་ཉམས་ལ་མ་ཞེན་ཅིག །མ་རྟོགས་པའི་ཉམས་ལ་ཞེན་པའི་གཏད་འཛིན་སྤང་གི། །དངོས་གྲུབ་གོམས་པའི་ཆུ་རྒྱུན་ཏིང་ངེ་འཛིན་མ་བཅད་ཅིག །དོན་འགྱུར་ལྷག་སྤྱོད་བཙུན་པར་བྱའི། །བཙུན་པའི་དྲེགས་པ་དང་མི་བཙུན་པ་གཞན་ལ་བརྙས་པ་མ་བྱེད་ཅིག །རང་དོན་སྒྲུབ་པའི་འཇུར་བུས་བསྡམ་པ་ནི་སྤང་གི། །དཀར་ནག་རྒྱུ་འབྲས་འདྲ་མོད་ཅེས་མ་ཟློག་ཅིག །ཡོད་མེད་གཉིས་གཉིས་མེད་ཀྱི་མཐའ་བཞིར་ཕྱོགས་ལྷུང་དགྲོལ་བར་བྱ། །རྟོགས་པར་བྱེད་པའི་ཐབས་མུ་བཞི་མ་དགག་ཅིག །མུ་བཞི་པོ་དེ་རང་ལྡེ་མིག་དང་འདྲ་བར་གཅིག་གིས་གཅིག་རང་གྲོལ་བར་བྱའི། །འབྲོས་པ་བདེ་བའི་ཕྱིར་ཁ་འབྱམ་དུ་མ་སྨྲ་ཞིག །ངེས་པར་རྟོགས་གོམས་གདེང་དུ་ཕེབས་པར་བྱ། །མི་ཤེས་ཤེས་ཚུལ་བྱས་ནས་རང་བསླུ་བར་མ་བྱེད་ཅིག །སློབ་དཔོན་དགེ་སློང་ཀུ་ཀུ་རཱ་ཛས་མཛད་པའི། བྱང་ཆུབ་ཀྱི་སེམས་ཉི་མའི་སྙིང་པོ་འོད་གཟེར་དང་ལྡན་པ་ཞེས་བྱ་བ། རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་ཏ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༈ །།ཚིག་རྐང་བརྒྱ་༼༡༽རྩ་༼དང་རྐང་པ་༽གཉིས་༼༡༽དང་ལྡན་༼ཏེ་དེས་ན།༽ ཤློ་ཉི་ཤུ་ཕྱེད་དང་༼རྩ་༽དྲུག་༼༡༽༼སྟེ།༽ དོན་༼༡༡༡༽གསུམ་༼ དང་༽ལྡན་པས་གཞུང་འདི་༼འི་༽ཚད་༼དོ།༽ ༈ །མཆན་བུ་སྔར་གྱི་ལས་ཉུང་ལ་གསལ་བར་སེའི་བནྡེ་འབྱུང་ལྡན་གྱིས་བཏབ་པའོ།། །།


previousབྱང་ཆུབ་སེམས་ཉི་མའི་འོད་ཟེར་ཀུ་ཀུ་རཱ་ཛའི་གསུང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།no next