Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
རིམ་པ་གསུམ་བསྡུས་པའི་མན་ངག་ཀླུའི་རྒྱལ་པོ་དགའ་བོས་མཛད་པར་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་ཅན།
   
   
   
   
   
   
   
   
   
   
   


 
previousརིམ་པ་གསུམ་བསྡུས་པའི་མན་ངག་ཀླུའི་རྒྱལ་པོ་དགའ་བོས་མཛད་པར་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་ཅན།next

རིམ་པ་གསུམ་བསྡུས་པའི་མན་ངག་ཀླུའི་རྒྱལ་པོ་དགའ་བོས་མཛད་པར་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་ཅན།

རིམ་པ་གསུམ་བསྡུས་པའི་མན་ངག་བཞུགས། །རྒྱ་གར་སྐད་དུ། ཏྲི་ནི་བ་ཏྲེ་ཤཱ་ཀྲ་མ། བོད་སྐད་དུ། སློབ་དཔོན་སློབ་མ་མན་ངག་རིམ་པ་གསུམ་བསྡུས་པའི་སྐལ་ལྡན་གྱིས་རྙེད་ན་ཚེགས་ཆུང་ལ་དོན་ཆེ་བས། མན་ངག ༈ །ཡང་སྤྲུལ་དགའ་རབ་རྡོ་རྗེ་ཉིད་ལ་ཕྱག་འཚལ་ལོ། ༈ །རང་བཞིན་རྒྱུད་མ་རྟོགས་ལྷན་ཤིང་བདག་ཀུན་ཏུ་བརྟགས་པའི་མཐུ་ལས་གཞན་དུ་སྣང་བའི་གཟུང་འཛིན་གྱིས། །ཆ་ལ། ཉོན་མོངས་པ་དུག་ལྔ་དང་ལས་གསུམ་ཀྱིས་རྟོགས་པའི་མང་ལ་འབྲེལ་པ་དྲྭ་བར་ཞུགས་པ་རྣམས། །བརྡ་དོན་སྤྲོད་པའི་ཡེ་གེ་དཀྱུས་ཀྱིས། བརྒྱུད་དམ་མ་ནོར་ངེས་པའི་བླ་མས་བརྡ་བྲལ་སྟོང་ཉིད་རང་གྲོལ་གྱིས་དངོས་སུ་རང་བཞིན་གྱི་རྒྱུད་ཀྱི་ངོ་ཤེས་ནས་དེའི་ངང་དུ་གོམས་པས་རྟོགས་པའི་དྲྭ་བ་ལས་གྲོལ། །བ་ནི། ངོ་བོ་ཆོས་ཉིད་ཀྱི་རིགས་པ་ཡིན་པའི་ཕྱིར་ན་ཚད་མས་གྲུབ་པའི་རིམ་པ་གསུམ་མང་བ་ཉུང་ངུའམ་འཐོར་བ་ཕྱོགས་གཅིག་ཏུ་བསྡུ་བར་བྱའོ། ༈ །གདམས་པ་བླང་པའི་ཡུལ་བླ་མ་དང་གདམས་པའི་གཏད་པ་རྟེན། །སློབ་མ་དང་གདམས་པ་དེ་ཡི་རིམ་པའོ་༈ སྔ་བ་བླ་མ་ལ་གཉིས། །སྣང་སྲིད་ཡེ་ཤེས་སུ་མཚོན་པའི་བརྡ་རུ་ཤེས་ནས་སློབ་མའི་སེམས་ཉིད་དོན་ལ་སྤྲོད་པ་དང་༼༠༽མ་ནོར་ངེས། །པའི་སློབ་དཔོན་གྱིས་ཡིན་དོན་བརྒྱུད་༼༠༽དང་དངོས་སུ་སྤྲོད་པའོ། ༈ །སྔགས་ཕྱི་ནང་གི་རྒྱུད་སྡེ་དྲུག་དང་མདོ་སྡེ་མཚན་ཉིད་ཀྱི་ཐེག་པ་གསུམ་ཐུགས་ལ་རྫོགས། །ཤིང་མ་ནོར་བར་མཁྱེན་པའོ། །རྒྱལ་བས་གསུངས་པའི་བཀའ་རྒྱུད་དང་སློབ་དཔོན་གྱི་གཞུང་དང་རིག་པའི་སོ་སོ་འདོད་པ་དང་བྲལ་བ་དོན་ལ་མཁས། །པ་བཅོས་མའི་དབང་དང་འོག་མའི་གྲུབ་མཐའ་ཤེས་ནས། དམན་པའི་བློ་སྤངས་པའོ། །ཁྱད་པར་འདི་ཉིད་ཀྱི་ལྟ་སྤྱོད་ལ་སོགས་པ་ཤེས། །རིག་པའི་ཡེ་ཤེས་ཕྱོགས་མེད་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་ཉིད་ལ་དུས་ཐམས་ཅད་དུ་མ་ཡེངས་པར་གནས། །ཟང་ཟིང་གི་རྫས་དང་འཇིག་རྟེན་གྱི་གཉེན་དང་འབྲེལ་བའི་ངོར་བདེན་པའི་དོན་མི་སྤྲོ། །བར་ཆུ་སྲིན་སྡེར་མོ་བཞིན་བསྡམ་མོ། །སྣོད་མེད་ལ་མན་ངག་མི་སྟེར་ཡང་ཐུགས་རྗེ་ཕྱོགས་རིས་མི་མངའ་བ་གང་གི་འདུལ་བ་ལྟར་ཀུན་ལ་སྙོམས་པར་དོན་མཛད། །རང་གི་རྒྱུད་ཀྱི་རྣམ་པར་རྟོག་པས། མ་བཅོས་པར་རྟོགས་པའི་གདེང་གིས་དེ་ཉིད་རྣམ་པར་དག་པ། །ལ་རྟོགས་པའི། དོན་དང་འབྲེལ་བའི་སྒྲ་ཚིག་གིས། །སློབ་མ་རང་ལ་གནས་པའི་མ་བཅོས་པའི་ཡེ་ཤེས་རང་རིག་པའི་ངོ་བོ་མངོན་དུ་སྟོན། །ནུས་པས་རང་བཞིན། མ་བཅོས་དོན་དེ་གྱི་བརྡ་དོན་དེ་ཉིད་དང་སྤྲོད། །རིན་ཆེན་གྱི་བརྒྱུད་པ་བར་མ་ཆད། །པའི་དབང་རྒྱུད་མན་ངག་གྲུབ་ཐོབ་ཀྱི། ཆུ་བོ་བཞི་རྫོགས་པའི་བླ་མ་དམ་པ་བསྟེན་ནོ། ༈ །མཚན་ཉིད་དེ་དག་དང་ལྡན་པ་དེ་མིན་བར་རིན་ཆེན་བརྒྱུད་པས་དབུལ་ཞིང་ཕོངས་བ་ཡི། །ཤེས་རབ་ཆུང་ཐོས་པ་ཆུང་ང་རྒྱལ་ཆེ་བ་ཅན། །མུ་མཐའི་ཕྱོགས་རིས་སུ་འཛིན་ང་བདག་ཏུ་རྟོག་ཅིང་རྨོངས་པའི་སློབ་དཔོན་བསྟེན་པ་ལ་དུས་ནམ་དུ་ཡང་རང་གྲོལ་བའི་མན་ངག་གི་དོན་མི་ལྡན། །པར་ལྡན་བ་སྐད་ཟེར་བའི་སློབ་དཔོན་བདག་ཉིད་ཕུང་གཞན་སློབ་མ་རླག་པར་བྱེད་པའི་སླུ་བྲིད་མཁན། །དེ་ཟང་ཟིང་འཁོར་དང་ལོངས་སྤྱོད་ཀྱིས་རྒྱུད་གདུངས་པས་རང་ཆེ་བཅོས་ནས་གཞན་སླུ། །བའི་སློབ་དཔོན་ནི་དུས་ནམ་དུ་ཡང་སྐད་ཅིག་ཙམ་ཡང་བསྟེན་པར་མི་བྱའོ། ༈ །དོན་མ་༼ཿ༽ནོར་བར་ངེས་པར་རྟོགས་པའི་རང་རིག་གི་གང་གིས་སློབ་དཔོན་གྱིས་ནི། །རང་ལས་རྒྱུད་ཐ་གང་ལ་བསྟན་དད་མ་ཡིན་པའི་སློབ་མ་དེ་ཉིད་ལ། །སྟོན་བྱེད་ཀྱི་ཐབས། སྒྲ་ཇི་ལྟར་ཡི་ཚད་མ་མིང་ཚིག་མི་མངའ་བར། །དེ་ཁོ་ན་ཉིད་ཇི་གང་བསྟན་བཞིན་བར་གནས་རིམ་པའི་ངོ་བོ་དེ་ཉིད་སྟོན། །དེ་མཚན་པའི་བརྡ་དང་བྲལ་བ་སྟོང་པ་ཉིད་ཀྱི་དོན་རང་ལ་བཟློག་སྟེ་སྟོན་པ། །དེ་མིན་ལས་ལྷུན་གནས་ཀྱི་དོན་དང་ཕྲད་པ་མ་ཡིན། ༈ །སློབ་དཔོན། དེ་ཡིས་གདམས་པ་གཏད་པའི་རྟེན་སློབ་མ་དག་ཀྱང་། །ཤེས་རབ་དང་སྙིང་རྗེ་ནོགས་ཐུབ་སྟེ་རྟོགས་པ་འཛིན་ནུས་པའི་སྣོད་ལྡན་དམ་ཚིག་ལ་གཅེས་སྤྲས་སུ་འཛིན་ཏེ། །སེམས་ཉིད་ལ་ཉེས་སྐྱོན་དག་པའི་གདེང་བཅས་ནས། །རྐྱེན་ཐུབ་སྟེ་སྡུག་བསྔལ་དང་ཉོན་མོངས་ལ་བཟོད་པ་ཆེར་ལྡན་པ། །སློབ་དཔོན་རིན་ཆེན་ལ་རང་གི་སྲོག་ལྟར་ཏུ་གཅེས་བར་འཛིན། །མན་ངག་རིན་ཆེན་སྣོད་མིན་ལ་མི་སྤྲོ་བར་གཏེར་ལྟར་དུ་འཆང་། །སྔར་ཐེག་པ་གཞན་ལ། སྦྱངས་སམ་རང་གི་ངོ་བོས་ཤེས་པའི་རྒྱུད་སྣོད་ལྡན་དུ་སྨིན། །རང་བཞིན་བཅོས་བསླད་མེ་བས་བཟང་ལ་རྒྱུད་ཅིས་ཀྱང་མི་འཁྲུག་པས་ངང་རིང་ཞིག །ཀུན་ཤོང་བས་ཁོང་ཡངས་རང་གི་རྒྱུད་ཀྱི་ཚུལ་གཞན་དུ་མ་བཅོས་པ། །རང་གི་སྲོག་བས་སྙན་ཁུང་བརྒྱུད་པའི་མན་ངག་ལྷག་པར་སེམས་པ་ཅན། །གཞི། དད་པ་ཅན་ལ་ཉོན་མོངས་པ་དུལ་བའི་སེམས། །རྫས་དང་སྤྱོད་ལམ་ལ་སོགས་པས་ཅི་ནས་ཀྱང་བླ་མ་མཉེས་པར་བྱེད། །པ་དེ་ནི་ཡང་དག་དོན་དང་ཕྲད་པའི་རིགས་སོ། ༈ །དེ་ལྟ་མིན་ཏེ་རྣ་བརྒྱུད་ཀྱི་སྐལ་བས་དབུལ་བ་ཡི། །གང་ཟག །དམ་ཚིག་དང་རྣམ་པར་དཀར་བའི་ལས་སྤངས་ཏེ་མི་སྲུང་བས་ཐ་མལ་བའི་སེམས། །ཡི་ལ་རང་གི་རྒྱུད་ངན་པས་རིགས་ཡོན་ཏན་ལོངས་སྤྱོད་ཀྱིས་དྲེགས་པས་བླ་མ་དང་གྲོགས་ལ་བརྙས་པ་དང་། །ཐེག་པ་སོ་སོ་མ་ཐོས་པས་རྨོངས་ཏེ་ཤེས་རབ་སྦྲམ་པས་མན་ངག་གི་བླང་དོར་མི་ཤེས་པ་དང་། །བླ་མའི་མན་ངག་གི་བཅུད་ཆེན་གཞན་ལ་སྤེལ་བས་འཛག་པ་དང་ཡེ་ནས་བློ་འཕངས་དམའ། །བས་ཤེས་རབ་གསུམ་ལ་མི་སྦྱོང་བ་དང་འཇིག་རྟེན་གྱི་ཁེ་དང་གྲགས་པའི་རྒྱུར་མན་ངག་སྒྲུབ་པ་དང་། །རིགས་པ་དང་མི་ལྡན་པར་ཁྭ་ལྟར་མུ་ཆོར་དུ་སྨྲ་ཞིང་མི་མཁས་ཀྱང་རང་མཁས་པ་བླ་མའི་ས་འཛིན་པར་འདོད། །བླ་མ་སྲོག་ཏུ་མི་འཛིན་པར་སྨོད་པར་བྱེད་མན་ངག་བསྒྲུབ་བྱར་མི་སེམས་པར་སྤེལ་བར་སེམས་པས་སྤོང་། །མཉེས་པ་མ་ཕུལ་བར་མན་ངག་ཐབས་ཀྱིས་འབྲུ་ཞིང་ཐོབ་ནས་གཞན་ལ་བཞོག་ངོམ་ཅན། །སྣོད་བརྟག་པའི་ཕྱིར་སྤྱོ་བ་བྱས་པ་དང་སྐྱོན་བཅོས་པའི་ཕྱིར་མཚང་འབྲུ་བ་ལ་སོགས་པ་མི་བཟོད་ཅིང་། །ངག་ལ་རིགས་མི་འགྱུར་བར་ངེས་ངེས་སྐད་ཟེར་ཞིང་བསམ་པ་ལ་མི་ངེས། །སློབ་དཔོན་དང་རྡོ་རྗེ་སྤུན་གྲོགས་སྨོད་པར་བྱེད་ཅིང་། །རང་ཆེ་བར་འདོད་པའི་དྲེགས་པས་གཞན་ལས་ཁྱད་འདོན་པའི་ཚིག་སྨྲ། །སེམས་ཅན་ཕལ་པ་ཐ་མལ་བའི་ལུས་ངག་གི་སྤྱོད་པ་ཚུལ་མིན་གྱིས་ཞེ་གཅོད་ཅིང་། །ཆོས་ལ་ཕྱོགས་རིས་ཆེ་ཞིང་ཉུང་ཤས་ཀྱིས་ཚིམ་པས་ངོམས་པ་སྐྱེན། །ཚིག་དོན་གཉིས་ཀ་ལ་ཐེ་ཙོམ་མ་ཆོད་ཀྱང་ཤེས་ཚུལ་བྱས། །ནས། ནན་ཏན་མི་ལྡན་ཞིང་ཕྱོགས་ཙམ་ལ་བློ་གཏོད་པ་ལ། ༈ །རྫོགས་པ་ཆེན་པོའི་རྣ་བརྒྱུད་ཀྱི་མན་ངག་བསྟན་བྱས་ན། །དཔེར་ན་ལྷོ་ནུབ་དམ་ཤོད་གླིང་གི་དུར་ཁྲོད་དུ། །མཁའ་འགྲོ་རྣ་ཉན་འདུ་བ་བཞིན། །དུ་དམ་ཅན་འདུས་ནས། འཆི་བའི་དུས་མ་ཡིན་པ་བརྒྱད་ཀྱིས་འཆི་བའི་དུས་མ་ཡིན་ཡང་དུས་ལྟར་འཆི་བའི་སྔོན་རོལ་དུ། །སྲོག་བཅད་དེ་ཤ་ཁྲག་དངོས་སུ་ཟ་བར་བྱེད། །བའི་སྐྱོན་ཡོད་དོ། ༈ །སྣོད་དང་ལྡན་པ་དང་ངང་རིང་བ་དང་ཚུལ་ཤིས་པ་དང་རང་བཞིན་བཟང་མོད་ཀྱང་། །བློ་ཡིས་འདིའི་དོན་མི་ཆོམ་སྟེ་མི་རྟོགས་པ་དེ་ལ་འང་སྦྱིན་པ་མིན། །དད་པའི་རིགས་མཆོག་ཏུ་གྱུར་པ་ཡོད་མོད་ཀྱང་། །ཉམ་བག་རོལ་པ་རྫོགས་པའི་དོན་ལ་བློ་མི་རྟོན་པ་དེ་ལ་འང་སྦྱིན་པ་མིན། །སློབ་དཔོན་ལ་ཐབས་དུ་མའི་སྒོ་ནས་སྨོད་ཅིང་རང་ངོས་ཆེ་སར་འབྱིན། །པར་འདོད་པའི་བྱས་པ། དྲིན་དུ་མི་གཟོ་བ་དེ་ལ་འང་སྦྱིན་པ་མིན། །རང་རྒྱུད་ཀྱི་སྐྱོན་ལ་མི་རྟོག་པར་དྲེགས་པས་གྲོགས་ལ་སྐུར་པ་འདེབས་པ་ཅན། །རང་བཞིན་རྒྱུད་ངན་ཞིང་མཆེད་ལ་བརྩེ་གདུང་སྤངས་པ་དེ་ལ་འང་སྦྱིན་པ་མིན། །དེ་ལྟ་བུ་ལ་སོགས་པ། ༈ གཞུང་ནས་གསུངས་པའི་ཡོན་ཏན་དང་ལྡན་པ་མ་ཡིན་པའི་སློབ་མ་ནི། །རང་གི་ལུས་ཀྱི་གྲིབ་མ་བཞིན་དུ་དྲུང་དུ་འཁོར་ཡང་དྲག་པོའམ་ཐབས་ཀྱིས་སྤང་། །གསོད་དོ་ཞེས། ལུས་སེམས་འབྲལ་བས་བསྡིགས་སུ་བྱུང་ཡང་མན་ངག་དད་པ་ཤེས་རབ་བརྩོན་འགྲུས་སྙིང་རྗེ་དམ་ཚིག་གཏོང་ཕོད། བཟོད་པ་ཆེ་བ། ཞེན་པ་དང་སེར་སྣ་ཆུང་བ་ལ་སོགས་པའམ། ཡང་ན་གོང་གི་སྐྱོན་ལས་བཟློག་༼ཀ༽པའོ། །ཁར་དབྱུང་བར་བྱ་བ་མིན། ༈ །ཡོན་༼ཁ༽ཏན་དེ་ལྡན་སློབ་མ་ནི། །ཤིན་ཏུ་ཉུང་བས་སྟོང་གསུམ་བཙལ་ཡང་འགའ་དང་ཟུང་། །ཅིག་ལས་མི་རྙེད་པས། ནུབ་པ་དང་རྩོད་པ་དང་། ཐེ་ཚོམ་གྱི་རྒྱུར་འགྱུར་བས་མན་ངག་རུའི་དགོངས་བ་འཆར་དུ་རུང་བའི། རྒྱལ་ཐབས་དབང་གི་རྒྱལ་འཐེབ་རིགས་ངེས་པ་གཅིག་ལ་གཏད། །དེ་ཇི་ལྟར། མང་དུ་ཟིན་ཡང་གསུམ་ལས་འདའ་བར་མི་བྱའོ། ༈ །མ་ནོར་ངེས་པའི་སློབ་མ་ནི། མ་ནོར་ངེས་པའི་བླ་མས་འི་སྐབས་ལ་ཤེས་སོ། ༈ །དྲོན་ཚེགས་ཆུང་བའི་མན་ངག་གི་རིམ་པ་ལ་རྣམ་པ་གྲངས་གཉིས་ཡིན་ཏེ། །གསལ་བའི་མིང་དེ་དོན་གཟུང་དང་བསྲུང་བའོ། ༈ །གཟུང་བའི་དོན་ལ་ལྟ་བ་རྟོགས་པའི་ཐབས་དང་དེའི་ངང་དུ་གོམས་པར་བྱ་བ་དང་། །དེ་གཉིས་ཀྱི་ཞོར་ལ་སྤྱོད་པ་དང་མཐར་ཕྱིན་འབྲས་བུ་བསྟན་པའོ། ༈ །ལྟ་བ་རྟོགས་པའི་ཐབས་ལ་གཉིས་ཏེ་བརྡ་དོན་བརྒྱུད་ནས་རྟོགས་པ་དང་བརྡ་དོན་དངོས། །སུ་རྟོགས་པའོ། ༈ །བརྡ་དོན། བརྒྱུད་ནས་རྟོགས་པའི་ཐབས་ཀྱི་མན་ངག་ཡི་གེ་རིས་དཀྱུས། །སུ་བྲིས་བ། རྒྱུད་ནས་གསུངས་པ་དང་འབྲེལ་པ་བྱ་བ་དང་བྲལ་བར་ཐམས་ཅད་རྫོགས་པར་སྟོན་པ་ལུང་། །གི་ཆོས་རྣམས་སོ། ༈ །དངོས་སུ་བརྡ་ཡིས་དོན་བསྟན་པ། །ནི་རྣམ་རྟོག་མ་ཟད་ན་སྣང་སྲིད་ཡེ་ཤེས་མཚོན་པའི་བརྡར་མ་གྱུར་པ་མེད་པས། བསམ་ཡས་ཀྱང་སྙན་ཁུང་བརྒྱུད་པ་བརྡ་དྲུག་གི་རྒྱ། །ས་གདབ་སྟེ། རྒྱུ་དང་འབྲས་བུའི་མཐར་གྲུབ་པ་མིན་རང་བྱུང་ཡེ་ཤེས་སུ་བརྡ། །ར་བཏགས། བཅོས་བསླད་ཀྱི་མཐར་གྲུབ་པ་མིན་པས་རྫོགས་པ་ཆེན་པོའི་ཞེས་བྱ་བ་བརྡ། །ར་བཏགས། གཞི་མ་བཅོས། ཇི་བཞིན་པ་ཉིད་དུ་གནས་པས་བྱང་ཆུབ་སེམས་ཞེས་ཚིག་ཀྱི་བརྡ། །ར་བཏགས་ཆེ་བའི་ཡོན་ཏན་གཞན་ནས་མི་འཚོལ་བས་ལྷུན་གྱིས་གྲུབ་པའི་ཞེས་ཚིག་གི་བརྡ། །ར་བཏགས། སྡུག་བསྔལ་གསུམ་གྱི་མཐར་གྲུབ་མིན་པས་བདེ་བ་ཆེན་པོའི་ཞེས་ཚིག་གི་བརྡ། །ར་བཏགས། ལྡོག་པ་གང་ཡང་མི་གནས་མུ་མཐའ་གང་གི་ཡང་ཕྱོགས་སུ་མ་ལྷུངས་པར། །སྒྲ། ཇི་བཞིན་མ་ཡིན་པར་མཚོན་པའི་བརྡ་ཡིས་དོན་དང་སྤྲད། །དོ། །དེ་དག་གི་དོན་སྒོ་གསུམ་གྱིས་བརྡ་ངག་མཉེས་པར་བྱས་ན་བླ་མས་སྟོན་པར་འགྱུར་གྱིས། ༈ །བརྡ་བརྒྱུད་ཐན་པས་ཅི་ཞིག་སྨྲ། །ཞེས་པས། བརྡ་བྲལ་སྟོང་ཉིད་རང་གྲོལ་དང་གོལ་ས་དང་སྒྲིབ་པ་རྣམས་རིག་པས་ཉམས་ཀྱི་ཚོད་ཟུང་། །ཞིག་པའོ། ༈ །བརྡ་ཡིས་རྟོགས་པའི་དོན་ཉིད་གོམས་པས་མཐར་དབྱུང་བའི་ཐབས་ནི། །སྔོན་དུ་འགྲོ་བ་དང་རང་སེམས་ངོ་བསྟན་པ་དང་རྟོགས་པའི་དོན་ལ་གོམས་པས་གཞག་པའི་ཚུལ་ལོ། ༈ །ཡེ་གནས་དང་སྤྱི་བླུགས་རྣལ་བཅོས་ཀྱི་དབང་བསྐུར་བ་དང་སྤྱོད་ལམ་དང་འཕྲུལ་ཚིག་སྒྲ་ཡིས་བླ་མས་སྣོད་བརྟག་བུས་རིག་དོན་འདོད་པར་གསོལ་བ་གདབ་བླ་མས་གནང་བ་སྦྱིན། །པ་རྣམས་རྒྱས་པར་རྩ་རྒྱུད་ལྔ་པ་ལྟར་རོ། ༈ །ཐུག་ཕྲད་གསུམ་སོགས་རང་སེམས་ངོ་བསྟན་ལ། ༈ །བསྟན་པའི་དོན་ལ་གཞག་ཚུལ་བསམ་ཡས་ཀྱང་སེམས་ཀྱིས་སེམས་ལ་བལྟ་བ་དང་ལྟ་བ་རྟོགས་པའི་རྗེས་སུ་བཞག་པ་དང་། །བློ་དམིགས་པ་གང་ལ་ཡང་གཞག་ཏུ་མེད་པའམ་མན་ངག་གི་སྐབས་འདིར་རྒྱ་གསུམ་ལས་མི་འདའ་བར་གདབ། །པ་ནི་དྲིན་གྱིས་རང་སེམས་བསྟན་པའི་ངང་ཉིད་མ་ཤོར་བ་ནི་སོ་མ་ཙམ། །ཆེད་དུ་འབྲས་བུ་དམིགས་ནས་བླང་བ་དང་སྒྲིབ་པ་དོར་བ་མིན་པ་ནི་ལྷུག་བ་ཙམ། །མི་མཐུན་པའི་སྐྱོན་རྣམས་གཉེན་པོས་བཅོས་པ་མིན་པ་ནི་རང་དང་དུ་ཞོག་ཅིག ༈ །དེ་ལྟར་གཞག་ཐབས་གསུམ་པོ། དེ་ཡང་བློས་དམིགས་པ་ལ་གཞག་ཏུ་མེད་པ་ལ་གཞག་པའི་ཐབས་ཞེས་བླ་དྭགས་ཙམ། །དུ་བརྗོད་པ་ཡིན་ཏེ། ཡེངས་པའི་རྟོག་པ་ཐམས་ཅད་མི་རྟོགས་པ་ཉིད་དུ་བྱུངས་ཐེབས་ནས་གནས་ཤིང་། །རང་རིག་པའི་ཉམས་ཚད་མས་ཆོས་ཉིད་མི་རྟོག་པ་ཉིད་མངོན་སུམ་དུ་གསལ་བར་རྟོགས་པའི་ཕྱིར་རོ། ༈ །བྱིང་བ་དང་རྒོད་པའི་རྟོགས་པ་ཤར་ན་རིག་པའི་མི་རྟོགས་པའི་ངང་ལས་མི་འགྱུར་བ་གཟེར་ཆེན་ཐོབ། ༈ །ཚིག་གིས་མི་ཕེབས་པས་གཞན་ལ་མ་འབྲི་བར་རང་རིག་པས་ཉམས་ཀྱི་ཚོད་ཟུང་ཞིག །དེ་ཡང་མ་ནོར་ངེས་པའི་བླ་མའི་སྒྲོ་སྐུར་དང་བྲལ་བ་ལུང་དང་བརྡ་བྲལ་སྟོང་ཉིད་རང་ལ་བཟློག་པའི་མན་ངག༼༅༽ །དེ་༼༅༽ ཉིད་སློབ་མས་ཀྱང་བརྡ་བྲལ་དེ་བཞིན་དུ་ལུང་མན་ངག་ནོས་ཤེས་བྱའོ། ༈ །ལྟ་སྒོམ་དེ་ཡི་ཞོར་ལས་བྱུང་བ་འདུ་བྱེད་སྤྱོད་པ་སྣ་ཚོགས་པའང་། །འགྲོ་འདུལ་ཐུགས་རྗེ་འདུལ་བྱ་དང་མཐུན་པར་འཇུག་པས་རྟོགས་གོམས་ལྷག་པའི་གདེངས་ལྡན་གྱིས་སྤྱོད་པ་ནི་གཞན་དཀར་སྤྱོད་ནག་སྤྱོད་གང་ལའང་བླང་དོར་མེད་བར་ཁྱབ་པར་སྤྱོད་པའོ། །ནམ་མཁའ་རྡོ་རྗེའི་སྤྱོད་པ་ནི་ལྟ་བ་གང་ལ་ཡང་དགག་སྒྲུབ་མེད་པར་རྟོགས་པའི་གདེང་གིས་ཟིན། །པས་སྤྱོད་ལམ་བཞི་པོ། ཅི་ལ་སྤྱོད་ཀྱང་རྟོགས་པའི་དོན་ལས་གོམས་པས་མ་ཡེངས་པར་དེ་ལྟར་དུ་ཞོག་ཅིག་པའོ། ༈ །ལྟ་སྒོམ་སྤྱོད་པ་མི་ཕྱེད་པ་དེས་ཡིན་ལུགས་དེ་མཐར་ཕྱིན་པའི་ལྡོག་ཆས་འབྲས་བུ་གཉིས་ཕྱེ་ཡི་དོན་ལ་གཞི་འབྲས་ཐ་དད་མིན། །འབྲས་བུའི་ཁྱད་པར་རྒྱས་པར་འདིར་སྤྲོ་བ་མིན་ཏེ་ཡིན་ལུགས་མངོན་དུ་གྱུར་པ་དེ་ཙམ་ཉིད་དུ་བས་བའོ། ༈ །ལྟ་སྒོམ་སྤྱོད་པ་དེའི་ངང་ཏིང་ངེ་འཛིན་ལ་གནས་པས་བསྟན་པ་དེ་བསྲུང་བ་ནི། ༈ །ཕྱི་ལྷ་སྐུ་ནང་སྟེང་སྒོ་གསང་བ་འོག་སྒོ་མཐར་ཕྱིན་པའི་དེ་ཁོ་ན་ཉིད་ཀྱི་གཤིན་རྗེ་གཤེད་པོ་བཞི་ལ་ལྟ་སྒོམ་གྱིས་གནས་པ་ལ་ལས་པྲ་ཁྲིད་ལག་ལེན་དུ་བྱས་ཏེ། ༈ །ནང་སྲོག་གི་སྙིང་པོ་འདིས་དབྱིངས་ནས་བསྐུལ་ལ་བར་ཆོད་ཟློག་ཅིག །ཨ་ཀྲོ་གཙོ་བོའི་དེ་བ་ར་ཧུ་ནག་པོ་ཙ་མ་རུ་དམར་པོ་ཙ་ཡཀྵ་མོན་པ་མུཉྩ། མོན་མོ་ཙཀྴ་ཛ་ཛ། རུ་མོ་བལ་མོ་ཛ་ཛ་ཞེས་བགྲང་། ༈ །མཚན་མ་ར་སྤྲུལ་པ་ལ་སོགས་པ་བྱུང་ན། ཚད་ལ་ཕེབས་པ་དང་། །དམིགས་པའི་ཡུལ་ལ་གདབ་པ་ནི། །སྐེར་ཕུར་འདི་མན་ཆད་ཀུན་ཨ་ཀྲོ་དེ་བ་ལ་བཏགས་ལ་བཟླས་སོ། །བ་ཙ་ར་ལ་རྦད། མོན་པ། མཆོག་ཕུར་ཙ་མུན་སྲོག་མོན་མོ་ལ་རྦད། སེང་ལྡེང་ཙུ་རུ་བལ་མོ་དྷི་ཙ་རྦད། གནས་ཀླད་པ། ༼མཆོག༽སྙིང་ཁ། ༼སྐེར་༽གསང་བ་༼སེང་ལྡེང་༽གསུམ་དུ་ཕུར་པ་གསུམ་གྱིས་བསྣུན་ནོ། ༈ །དེ་ནས་གྲི་མོན་མོ། གུག་གམ་ཁ་ཊྭཱཾ་མོན་པ་ཀའམ་རལ་བལ་མོ་གྲི་ཐོགས་ཏེ། །ཙི་མོན་བ་རུ་ཙ་ན་ལ་དུམ་ཛ་ལ་གདགས། རུ་ཙི་མོན་མོ་ཙུ་ན་ལ་དུམ། ཙ་རུ་དབུགས་ལ་དུམ་བལ་མོ་བུར་གཏུབ་པ་སྲོག་ས་མ་ཏི་དང་བཅས་པའོ། ༈ །དེ་ནས་གཏུབས་པའི་ཕྱེ་མ་དང་མིང་བྱང་དུ་བཅས་པ་ཁོ་རང་གི་ཕ་མེས་ཀྱི་རིགས་ཀྱི་ཐོད་པར་སྩལ་ལ། ཆུ་མིག་ལ་སོགས་པར་གནད་དུ་ཆུད་པར་གནན། ཛ་ཛ་ལ་གདགས་ཙ་པ་ཤ་ལྷན། རུ་ཙ་སྲོག་ལ་ལྷན། ཙིཏྟ་ལ་ལྷན། ༈ ཀླུའི་གཉེན་པོར་བྱ་ཁྱུང་ངམ་ཕྱག་རྡོར་བསྒོམ་ཤེས་པས་བསྲེགས་པའི་ཐལ་བ་ལ། ཛ་ཛ་ལ་གདགས་ནག་པོ་ཙིཏྟ་རཀྴ་ནཎ་ལྃ། དེས་དྲངས་ལ་ཆ་མིག་མཐའ་མ་བསྐོར་ཞིང་ཀླུའི་འབྲོས་རུ་གཅད། ༈ དུག་དགྲའི་རྨ་བྱ་མཁྲིས་པས་ལུས་བསྲུང་། བཅོམ་ལྡན་འདས་བཞུགས་པའི་དུས་ན་ཡོད་པའི་ཀླུ་རྒན་པོས་ཀླུ་གཞོན་ནུ་ལ་བསྐྱབས་པ་བཞིན་དུ་དང་། ཕྱག་གཡས་པའི་ཐ་མའི་གཉེན་པོ་བྱ་ཁྱུང་སྲོག་དབུགས་ཧ་ཡ་ༀ་ས་ཁྲི་ལྔ་དང་བཅས་པ་ནི་ཕྱིའི་ལུས་བསྲུང་བ་རབ་བོ། ༈ །ཛ་ཛ་ལ་གདགས་ནི་ལ་ཆུར་མི་ལ་ཙནྡྷ་སརྦ་མ་མ་བྷྱོ་བྷྱོ། ཟོར་བྱ་བཟློག་པའོ། ༈ །སྙན་བརྒྱུད་ཞུ་བའི་དང་ལ་དཔོན་སློབ་ཕན་ཚུན་སྣོད་དང་བཅུད་བརྟག་ཅིང་། སློབ་བུས་ཞུ་བླ་མས་གནང་བ་ལ་སོགས་པའི་སྔོན་འགྲོ་རྫོགས་པ་དང་། རྩ་བ་བཅོ་བརྒྱད་ཀློང་དགུ་ལ་སོགས་པ་བསམ་གཏན་ཕྲན་བུ་དང་བཅས་པ་བརྒྱུད་པ་ཡི། བྱ་བྲལ་རྫོགས་པའི་ལུང་དང་ཡི་གེའི་རིས་དཀྱུས་ཀྱི་མན་ངག་སྦྱིན། པས་ཤེས་པ་བློ་སྦྲམ་གྱི་རྒྱུད་ཁྲོལ་ཏེ་སྣོད་དུ་རུང་བར་བྱས་ལ། བཅོས་མའི་མ་འི་དབང་ལ་བརྟེན་ནས་རྣལ་མས་ངོ་སྤྲད་པའམ་རྣལ་མའི་དབང་ལ་བརྟེན་ནས་བཅོས་མའི་དབང་ཡེ་རྫོགས་སུ་བསྐུར་བའི་དབང་གང་རུང་རྫོགས་པར་བྱ། སྟེ་རྒྱལ་ཐབས་སྤྱི་བླུགས་དོན་དམ་ཚང་པའི་དབང་གི་རྣ་བརྒྱུད་ཞལ་གྱི་མན་ངག་བསྟན། པས་སྐུ་གསུམ་ཐུག་ཕྲད་དུ། ཚད་བསྟན་ཏེ་རྟོགས་པའི་དོན་ལ་གཞག་ཐབས་གསུམ་གྱིས་གོམས་པར་བྱའོ། ༈ །ད་འདི་གང་རུང་རུང་ལ་སྤེལ་ན། འདིའི་གོང་གི་སྔགས་རྣམས་ཀྱི་བདག་ཉིད་རྣམས་གིས་གཤེད་མར་གྱུར་ཅིག །གོང་དུ་གསུངས་པའི་ཚུལ་བཞིན་དུ་སྣོད་བརྟག་ཅིང་གང་རུང་རུང་ལ་མི་བསྟན་ཏེ། གལ་ཏེ་རྫས་དང་འབྲེལ་པའི་ངོར་བསྟན་ན། སྟོན་མཁན་གྱི་སློབ་དཔོན་དེས་འདིའི་བསྟན་པ་བཤིག་པ་ཡིན་ནོ། ༈ །སློབ་མ་གནོད་སྦྱིན་མོ་བྱང་ཆུབ་ཀྱིས་གནས་རྒྱ་མཚོའི་གླིང་དུ་སློབ་དཔོན་ཀླུའི་རྒྱལ་པོ་དགའ་བོ་ལ་ཡོན་གསེར་གྱི་དོང་ཙེ་བརྒྱ་རྩ་གཅིག་ཕུལ་ནས་གསོལ་བ་བཏབས་པ། དེས་ཡི་གེར་བསྒྲིགས་པ་ཡིན་ཏེ། ༈ ཞབས་སུ་ཐབས་གཅིག་ཤེས་རབ་གཅིག་ཏུ་བརྒྱུད་པར་གྱུར་ཅིག །བརྡ་ཡི་གེར་བཏོན་པ་ཕྱག་རྒྱ་གསུམ་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་བ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབས་པའོ། ༈ །སེའི་བནྡེ་འབྱུང་ལྡན་གྱིས་མཆན་བུ་བྱིན་སོ་རང་གི་རྣམ་རྟོག་དང་མཐུན་པར་བཏབ། བསྟན་པ་སྲུང་བའི་སྐབས་རྣམས་སེར་ཆུང་མ་ཇི་ལྟ་བ་བཞིན་བཏབ་སྟེ། འདིའི་གདམས་ངག་གཅིག་ལོགས་ན་ཡོད་དོ། །


previousརིམ་པ་གསུམ་བསྡུས་པའི་མན་ངག་ཀླུའི་རྒྱལ་པོ་དགའ་བོས་མཛད་པར་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་ཅན།next