Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་ཀྱི་སྤྱན་རྣམ་པར་འབྱེད་པའི་མན་ངག་སེའི་བནྡྷེ་འབྱང་ལྡན་གྱི་གསུང་།
   
   
   
   


 
previousཤེས་རབ་ཀྱི་སྤྱན་རྣམ་པར་འབྱེད་པའི་མན་ངག་སེའི་བནྡྷེ་འབྱང་ལྡན་གྱི་གསུང་།next

ཤེས་རབ་ཀྱི་སྤྱན་རྣམ་པར་འབྱེད་པའི་མན་ངག་སེའི་བནྡྷེ་འབྱང་ལྡན་གྱི་གསུང་།

ཤེས་རབ་ཀྱི་སྤྱན་རྣམ་པར་འབྱེད་པའི་མན་ངག་བཞུགས། མ་རིག་པའི་རབ་རིབ་ཀྱིས་ཤེས་རབ་ཀྱི་སྤྱན་མདོངས་པ་ལ་ཚིག་གི་ཐུར་མས་རྣམ་པར་འབྱེད་པ་ཞེས་བྱ་བའི་ཚེགས་ཆུང་ལ་དོན་ཆེན་པོ་འགྲུབ་པས་མན་ངག །འཁྲུལ་པ་མཉམ་པའི་ཀློང་དུ་བཅོམ་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་ལྡན་མུ་མཐའི་ཕྱོགས་རིས་ལས་འདས་གསང་སྔགས་སྐུ་ལྔའི་སྡུད་པ་མཛད་ཅིང་རང་གི་ཉེ་འཁོར་ལ་འཆད་པས་གསང་བའི་བདག་པོ་འགྲོ་བའི་དོན་མཛད་པས་དཔལ་ལས་ཀྱི་གནོད་སྦྱིན་འདུལ་བས་ཕྱག་གཡས་པ་ན་རྡོ་རྗེ་བསྣམས་པ་དེ་ལ་ཕྱག་འཚལ་ལོ། ༈ །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་གྱི་ཚོགས་དང་། རང་གི་དངོས་༼༡༽ཀྱི་དང་རྒྱལ་བ་རིག་འཛིན་གང་ཟག་བརྒྱུད་པའི་བླ་༼༡༡༡༽མ་དང་། །ལས་ཀྱིས་འབྲེལ་བའི་ཡི་དམ་གྱི་ལྷ་དང་བཀའ་སྲུང་མ་མོ་རྣམ་པ་གསུམ་ལ་སོགས་བསྟན་སྲུང་དང་། །བདག་གི་ཕྱག་གིས་མཆོད་པར་འོས་ཤིང་རིགས་པ་ཀུན་ལའང་ཐུན་མོང་དང་ཁྱད་པར་གྱི་སྒོ་ནས་ཕྱག་འཚལ་ལོ། ༈ །སེའི་བནྡེ་བདག་གིས་དངོས་དང་བརྒྱུད་པའི་གདུལ་བྱར་གྱུར་པ་ཡི། །རྒྱུད་དང་མན་ངག་གི་གཞུང་རྒྱས་པའི་ཚིག་གིས་འཇིགས་ཏེ་སློབ་པར་མི་ནུས་པའི་གང་ཟག་རྣམས་ལ། །སྙིང་བརྩེ་བའི་བསམ་པ་སེམས་ཀྱིས་ཀུན་བསླངས་ནས། །རྒྱས་པ་མ་ཡིན་པར་མདོ་ཙམ་ཞིག་རྗོད་ཀྱིས་ཁང་དུ་ཆུབ་པར་གྱིས་ཤིག་ཅེས་གདམས་པ། ཐམས་ཅད་རང་རྗོད་བྱ་སྣང་དུ་ཡེ་ནས་ལྷུན་གྱིས་གྲུབ་ཀྱང་མ་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་བརྟགས་པས་བསྒྲིབས་ནས་མི་གསལ་བ་དེ་རྗོད་བྱེད་སྟོན་བྱེད་གཞུང་རྣམ་པར་བཀོད་པ་འདི་ཉིད་ཀྱི་ངག་གིས་བརྗོད་བྱའི་དོན་དགོས་པ་རྟོགས་པའི་ངང་དུ་གོམས་པའི་ཐབས་ལས། །སྒྲིབ་བྱེད་རང་སར་གྲོལ་ཏེ་སྐུ་གསུམ་ཡང་དགོས་དུ་ལྷུན་གྱིས་གྲུབ་པ་ནི་ཐབས་བྱུང་གི་ཚུལ་དུ་འབྲེལ་པ་ཏེ་དགོས་འབྲེལ་དང་ལྡན་བས། །ཆོས་ཀྱི་རྗེས་སུ་འབྲང་བའི་རྟོག་ལྡན་འཇུག་པའི་ཡུལ་དུ་གྱུར་པའི་མན་ངག་འདི། ༈ །མདོ་སྡེ་དང་རྒྱུད་སྡེ་དང་བསྟན་བཅོས་མན་ངག་༼༠༽དག་ལས་བཏུས་པའི་ཚིག་ལས་གཞན་ན་མེད་པ་དེ་དག་གི་མཚམས་སྦྱོར་བ་ཙམ་ཞིག་རྟོག་གེ་པ་བདག་གི་ཚིག་༼༠༽ཡིན་ཀྱང་། །དེ་༼༠༽ཡིས་དེ་༼༠༽ལ་མི་གནོད་པའི་ཕྱིར་ཡང་མཚམས་སྦྱར་ཏེ་དེ་ལ་རྟེན་པ་ཡིན་པའི་ཕྱིར། །ཚད་མའི་སྟོན་པ་སངས་རྒྱས་ཀྱི་གསུང་བཞིན་དུ་གུས་པས་བླང་བར་རིགས་པ་ཡིན་ནོ། ༈ །རྩོམ་པ་པོ་འཇུག་པའི་བྱ་བ་དེ་དག་གི་རྗེས་སུ་ལུས་ཡན་ལག་རྒྱས་པ་ལ་ཁྱབ་པས་རྣམ་པར་གཞག་པ་ནི། སློབ་དཔོན་ཤྲཱི་སིདྷའི་རིན་པོ་ཆེ་ཕྲེང་བ་ལས། དང་པོ་རང་གི་ཤེས་རབ་ཀྱི་རྒྱུད་ཐོས་པས་བཀྲོལ་ནས། །རྟོགས་གོམས་རིག་པའི་རྩལ་སྦྱང་སྟེ་དེའི་བར་དུ་གཅོད་པའི་བདུད་བརྟག་ཅིང་། །ཞེས་འབྱུང་བས། བློ་སྦྲམ་གྱི་རྒྱུད་དགྲོལ་བའི་ཕྱིར་སྣང་བཞིའི་དོན་གཏན་ལ་དབབ་པ་དང་། རིག་པའི་རྩལ་སྦྱང་བའི་ཕྱིར་མན་ངག་གི་ཡན་ལག་སློབ་དཔོན་སློབ་མ་མན་ངག་གསུམ་བསྟན་པའོ། ༈ །དང་པོ་ནི་ཡེ་ཤེས་གསང་བའི་རྒྱུད་ལས། མ་བཅོས་པ་རང་བཞིན་རང་རིག་པ་མ་འགགས་པར་སྣང་བ་ནི་ཡེ་ནས་གཞིར་གནས་པ་ཡིན། །ཟུག་རྔུ་མེད་པས་བདེ་བར་མངོན་དུ་མཛད་པས་གཤེགས་པ་གདུལ་བྱའི་ངོ་ལ་སྣ་ཚོགས་སུ་སྣང་བ་ནི་ཉེས་པ་གཉིས་ཟད་པས་འབྲས་བུ་ཡིན། །གཞུང་བཤད་པའི་གོ་རིམ་གདུལ་བྱ་འཁོར་གྱི་བློ་དང་འཚམས་པར་བསྟན་པ་སྣང་བ་བྱང་ཆུབ་ཀྱི་སེམས་སུ་བློ་འཇུག་པས་ལམ་པ་སྟེ། །ཞེས་འབྱུང་བས། ཐམས་ཅད་འབྱུང་བས་གཞི་རང་བཞིན་གྱི་སྣང་བ་དང་། །མངོན་པར་རྟོགས་པའི་གོ་རིམ་ཤེས་ཐོབ་ཀྱི་བྱེད་པ་གཉིས་དང་ལྡན་པས་ལམ་གདུལ་བྱའི་སྣང་བ་དང་། །མཐར་ཕྱིན་བསྐྱེད་དུ་བྱར་མེད་པས་འབྲས་བུ་བདེ་བར་གཤེགས་པའི་སྣང་བའོ། ༈ །གསུམ་པོ་དེ་དག་ཐམས་ཅད་དུ་བདག་གཅིག །ཤེས་བྱ། ཤེས་བྱེད། ཐོབ་བྱ། འཐོབ་བྱེད་དུ་འབྲེལ་ཅིང་ཐམས་ཅད་ཚང་བའི་ཕྱིར་རྒྱུད་རྔམ་ཀློག་ལས། འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་གསུམ་དུ་ཡང་གསུངས་ཏེ། སངས་རྒྱས་གསང་བའི་ཐུགས་ཀྱི་ཐིགས་པ་ལས། རང་བཞིན་༼༡༽བདེ་གཤེགས་༼༡༽གདུལ་བྱ་ཡི།༼༡༽ །སྣང་༼༡༡༡༽བ་གསུམ་གྱི་ངོ་བོ་ཀ་ལ། །གཞི་ལམ་འབྲས་བུ་རྒྱུད་གསུམ་ཀྱི་དབྱེ་བ་རྣམ་པར་གཞག །ཅེས་འབྱུང་ངོ་། ༈ །དེ་དག་ངོ་བོ་ཉིད་གཅིག་པ་ལ་ཐ་དད་གསུམ་དུ་སྣང་བ་ནི་གང་གིས་ཕྱེ་ན། ཡང་། གཅིག་ལ་སྣང་བ་གསུམ་གྱི་ངོ་བོར་སྣང་བ་ཡང་། །དེ་མ་ཡིན་ལ་དེར་འཛིན་པས་འཁྲུལ་པའི་ལས་མི་མཐུན་པ་སྣ་ཚོགས་སུ་སྣང་བས་ཕྱེ་བས་གསུམ་དུ་འགྱུར་ལ། །དེས་ན་སྣང་བ་བཞི་དག་༼༡༽ཏུ། གང་ལས་ན་ལུང་༼༣༽རིགས་ཀུན་༼༠༽ལས་ཇི་ལྟར་ན་གསལ་བར་༼༢༽བཤད། ཅེས་པ་དང་། ཇི་ལྟར་ཕྱེ་ན་རིན་པོ་ཆེ་རྒྱན་ལས་ཀྱང་། མ་ནོར་བར་རང་བཞིན་གྱིས་སྣང་བ་ནི་བསྒྲིབས་པས་འཁྲུལ་སྣང་ཤར། །ལམ་བརྒྱུད་པའི་གདམས་པས་སྒྲིབ་བྱེད་དང་བྲལ་བར་མངོན་དུ་བྱས་ཏེ་མཐར་ཕྱིན་ཅིང་བརྟན་པ་ནི་འབྲས་བུར་སྣང་བའི་ལྡོག་ཆ་ཐ་དད་ལས་སྣང་བ་གསུམ་དུ་བགྲངས་ཀྱང་དོན་གྱིས་ངོ་བོ་གཅིག །ཅེས་པས། འཁྲུལ་པའི་སྣང་བས་༼༠༽ཕྱེ་བར་གསུངས་པའི་ཕྱིར། དེ་ཉིད་༼༠༽གཞིའི་ཞོར་ལ་བཤད་པས་སྣང་བ་བཞིར་༼༠༽འགྱུར་རོ། ༈ །དེ་༼༠༽ལ་རང་བཞིན་གྱི་སྣང་བ་ནི། ༈ །རིན་པོ་ཆེ་རྒྱན་ལས་ཡེ་ནས་གནས་པ་རང་བཞིན་གྱི་སྣང་བའི་ངོ་བོ་མཚོན་པའི་དཔེ། །མིང་དོན་ངེས་པའི་ཚིག་མིང་གི་རྣམ་གྲངས་བརྡར་བཏགས་པའི་དགོས་ཆེད་དང་། །ཡིན་ལུགས་ཀྱི་རང་བཞིན་མཚོན་པའི་མཚན་ཉིད་གནས་པའི་དུས། །བཞི་ཚན་གཉིས། ཞེས་གསུངས་པས། ༈ །བརྒྱད་པོ་དེ་ལ་དང་པོ་ངོ་བོ་ནི། རྒྱུ་རྐྱེན་མེད་པའི་རང་༼༠༽རིག་པ་ཅིའི་༼༠༽ངོ་བོར་ཡང་མ་གྲུབ་པ་ཉིད། །ཇི་ལྟར་༼༠༽བལྟས་པ་བཞིན་འཁོར་འདས་སམ་སྣོད་བཅུད་ཐམས་ཅད་དུ་རང་སྣང་ཡང་། རང་༼༡༽རིག་པ་ཁོ་ན་ལས་གཞན་པ་མེད་པ་སྟེ། དེ་སྐད་དུ་ལ་ཤན་ལས། རྒྱུ་རྐྱེན་མེད་པས་རང་༼༠༽བྱུང་ཐམས་ཅད་དུ་རང་སྣང་བ་ཉིད་བྱང་རང་བཞིན་ཆུབ་རྣམ་པ་སེམས་མཚན་ཉིད། །སྤྲོས་༼༠༽པ་ཐམས་ཅད་དང་བྲལ་བ་ནི་རང་རྒྱུད་པ་ཤེས་པ་ལྔའི་ཡུལ་མིན་ནའང་། །གྲུབ་པ་མེད་པ་ཉིད་ངོ་བོ་ཉིད་ཀྱི་རྒྱུ་བཏགས་༼༠༽སོ་ཅོག་ཏུ་ཆགས་གང་ལྟར་བསྒྲུབས་པར་འགྲུབ་པ་དེ་ཉིད། །རིག་པ་རང་སྣང་བ་ཡིན་པའི་ཕྱིར་ཕྱི་སྣོད་དང་ནང་བཅུད་ཀྱི་དངོས་པོ་ཀུན་ཏུ། །རང་སྣང་མཚན་ཉིད་མ་འདྲེས་པར་སོ་སོ་སྣང་བ་རྣམས་གཅིག་པར་སྟོན་པས་ཡང་ཞེས་བྱའོ། །སེམས་༼ ༡༽ཉིད་ཡིན་པའི་ཕྱིར་རང་བཞིན་གྱི་རྟགས་རྟོག་པ་མེད་ཅིང་མ་བསྒྲིབས་པས་འོད་གསལ་བའི། །སེམས་ཉིད་ལས་སེལ་མེད་པས་འབའ་ཞིག་ཁོ་ན་བས། །མུ་མཐའ་ཅིར་ཡང་སྣང་བ་ལ་ཕྱོགས་གཅིག་པ་གང་དུ་ཡང་གཟུང་དུ་མེད་པའོ། །ཞེས་གསུངས་ཏེ། ༈ །གཉིས་པ་དཔེ་ནི་དཔེར་ན་གསེར་༼ཀ༽ས་ལེ་སྦྲམ་ལ་བཟོའི་རྣམ་པས་ཐ་༼ ཁ༽དད་ཀྱང་ངོ་བོ་༼ག༽གསེར་དུ་གཅིག་པ་བཞིན་ནོ། །དེ་སྐད་དུ་ཡང་། དྷོ་བཞུ་བའི་རྒྱུ་༼ཀ༽རྐྱེན་དང་མགར་བའི་ལས་ཀྱིས་མ་བྱས་པའི། །གསེར་ས་ལེ་སྦྲམ་གྱི་གོང་བུ་ལས་བྱས་པའི་རྫས་ཤོལ་ཟངས་རྒྱན་སྐུ་རྣམས་ཀུན། །མིང་༼༡༽༼ཁ༽དབྱིབས་༼༡༽ལས་༼༡༽དངོས་༼༡༽པོ་ཐ་༼༡༡༡༡༽དད་དུ་གྲགས། སྣང་། བྱེད། འདུག་ཀྱང་། །ཐ་དད་བཞི་པོ་ངོ་༼ག༽བོ་གསེར་དུ་གཅིག་པ་ལྟར་ཏེ་མཐུན་དཔེའོ། །ཞེའོ། །སྤྱིར་ནི་རང་སྣང་དག་གི་ཡོན་ཏན་གྱི་ཕྱོགས་རེ་ནམ་མཁའ་རྒྱ་མཚོ་ལ་སོགས་པ་ཀུན་གྱིས་མཚོན་དུ་བཏུབ་ཀྱང་། དོན་ཇི་ལྟ་བར་དཔེ་གང་གིས་ཀྱང་མཚོན་དུ་མེད་པར་གཏེར་གཏད་ལས། ཀུན་ནས་མཚོན་པའི་དཔེར་ལས་འདས། །དམུས་ལོང་མར་གྱི་མདོག་མཚོན་འདྲ། །ཞེས་འོ། །གསུངས་སོ། ༈ །གསུམ་པ་ངེས་ཚིག་ནི་རང་བཞིན་ཞེས་པ་ལ་ནི་ཆོས་གསུམ་ཚང་དགོས་ཏེ་དེ་ཡང་ངོ་བོ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་ཡིན་ཏེ་རང་བཞིན་རྒྱུ་དང་རྐྱེན་ལས་ནི། འབྱུང་བར་རིགས་པ་མ་ཡིན་ནོ། །རྩ་ཤེ་ལས་སོ། །རྒྱལ་པོ་ཨིནྡྲ་བྷུ་ཏིའི་ལམ་རྣམ་བཀོད་ལས། རྒྱུ་དང་རྐྱེན་དང་བྱེད་པ་པོས་བྱས་པ་མིན་པར། །རང་བཞིན་གྱི་ངང་ཉིད་ཀྱི་སྣང་ཚུལ་གྱིས། །ཞེས་འབྱུང་བས། རང་བཞིན་གཞན་དུ་མི་འགྱུར་བ་ཡིན་ཏེ། རྩ་ཤེས་ལས། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་སོ། གསལ་བཀྲ་ལས། འགྲེ་ལོག་དང་སྤྱིའུ་ཚུགས་ཏེ་འཁོར་འདས་གར་སོང་ཡང་། །སྙིང་པོའི་གཤིས་ཀྱི་ཡིན་ལུགས་ཀྱི་དོན་ལས་འདའ་བ་རང་མི་སྲིད་པ་ཡིན། །ཞེའོ། །རྣམ་འཇོག་ཆོས་གཞན་ལ་མི་ལྟོས་པ་ཡིན་ཏེ་རྩ་ཤེ་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཅེས་སོ། །ནམ་མཁའ་ཆེ་ལས་ནམ་མཁའ་བཞིན་དུ་རང་བཞིན་མཐའ་མཉམ་ཞིང་བལྟོས་ས་ལྟོས་ཆོས་མེད། །གཞན་ལ་བལྟོས་པར་གྱུར་ན་ནི་རང་བཞིན་གྱི་ཆོས་མ་ཡིན། །ཞེའོ། །སྣང་བ་ནི། ཡེ་ཤེས་གསང་བའི་རྣམ་པ་མ་འགགས་པ་ནི། །འཁོར་འདས་སྣ་ཚོགས་སུ་སྣང་བས་སྣང་བ་ཞེས་དེ་ལ་ཅི་ལ་ཡང་ངོས་གཟུང་མེད། །ཅེའོ། །རིམ་གསུམ་ལས་འཁོར་འདས་ཀྱི་ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་པ་འབྱུང་བའི་ཕྱིར་ན་གཞི་ཞེས་བྱ། །ཞེས་པ་ནི་གཞིའི་མིང་དོན་ནོ། ༈ །བཞི་པ་མིང་གྲངས་ནི་གདུལ་བྱའི་ཞེན་པ་དགྲོལ་བའི་ཕྱིར་མིང་དུ་མར་བཏགས་ཏེ། ཡང་། རྒྱན་ལས་གདུལ་བྱའི་བློ་ཡི་འཚམ་ཚང་དུ་བཏགས་པ་ནི། །སྤྲོས་པ་རང་གསལ་བས་བྱང་སེམས་༼༡༽རྩོལ་བ་མེད་པས་ལྷུན་གྲུབ་༼༡༽ཟུག་རྔུ་མེད་པས་བདེ་ཆེན་༼༡༽དང་། །ཡུལ་མེད་པས་རང་སྣང་མཐའ་དང་བྲལ་བས་དབུ་མ་བཟང་ངན་མེད་པས་མཉམ་པ་ཉིད། །ལྷག་མ་མེད་པས་རྫོགས་པ་ཆེན་པོ་རྒྱུར་གྱུར་པས་ཆོས་ཀྱི་དབྱིངས། །ཐ་དད་མ་གྲུབ་པས་གཉིས་མེད་བློ་ལས་འདས་པས་བསམ་འདས་བྱེད་པ་པོ་མེད་པས་མ་བཅོས་བ་ཞེས་གྲགས་༼༡༡༡༽ཀུན་ལ་སྦྱར། །མིང་གྲངས་ལ་མཐའ་མེད་པས་རྒྱལ་བས་ཀྱང་རྗོད་པ་ལས་འདས། །ཞེས་དང་། བརྗོད་དུ་མེད་པས་ཐ་སྙད་དུ་བཏགས་པ་ཅིའི་ཡང་དོན་མིན་པ་སྟེ། །མིང་གི་རྣམ་གྲངས་ནི་གདུལ་བྱའི་ཞེན་པ་དགྲོལ་བའི་ཆེད་དུ་བཏགས་པར་ཟད། །ཅེས་ཀྱང་ལ་ཤན་ལས་གསུངས་སོ། ༈ །ལྔ་པ་དེ་ལྟར་དགོས་ཆེད་ཀྱི་དབང་གིས་མིང་དུ་མར་བཏགས་ཀྱང་རང་སྣང་གི་དགོས་ཆེད་རྣམ་པ་སྒྱུ་མ་དང་མཐུན་པས་གུད་ན་མེད་དོ། །འདིར་ཁྱད་པར་ལྷུན་གྲུབ་གསུམ་དུ་བཏགས་པ་ནི། རྒྱན་ལས་དགོས་ཆེད་གཉིས་ཕྱིར་བརྡར་བཏགས་ཏེ་མཐའ་གསུམ་བསལ་༼ཀ༽ཏེ་རྟོགས་པ་དོན་དུ་༼ཁ༽གཉེར། །ཐེར་༼ཀ༽ཟུག་རྟག་པར་འཛིན་པ་དང་རོལ་པའི་སྣང་བ་ཆད་པར་ལྟ་བ་དང་། རྟག་ཆད་གཉིས་དང་བྲལ་བ་ལ་བལྟོས་པའི་དབུས་འཛིན་པའི། །མཐའ་དེ་གསུམ་བསལ་ཕྱིར་རང་བཞིན། རྣམ་པ། མཚན་ཉིད་དུ་བརྡར་གདགས་༼༠༽ཀྱི་སྒྲ་ཇི་བཞིན་དུ་ཞེན་པ་ནི་མིན་ནོ། །ཤེས་༼ཁ༽བྱ་ཚོགས་བརྒྱད་ཉོན་ཡིད་ང་བདག་ལས་གཟུང་འཛིན་དང་། །ཡིད་སྤྲོས་པ་སྣ་ཚོགས་དང་། སྒོ་ལྔ་ཡུལ་ལ་མཚན་མ་ལྔར་འཛིན་པ་དང་གསལ་བ་སྐྱེ་ལུགས་གསུམ་པོ་རང་སྐུ་གསུམ་དུ་གྲོལ་བར་བསྟན་པའི་ཕྱིར་ཡང་ལྷུན་གྲུབ་གསུམ་དུ་བཏགས་ཀྱི་དེ་༼༠༽བཞིན་ནོ། །ཞེས་འབྱུང་བས་སྒྲ་ཇི་བཞིན་པར་ནི་དོན་མི་གཟུང་ངོ་། ༈ །དྲུག་པ་རང་བཞིན་ནི་མཚན་ཉིད་འཛིན་པའི་ཆོས་འཁོར་འདས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཏེ། ཡེ་ཤེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་ཡིས་ལུས་ཅན་ཀུན་ལ་ཁྱབ་པ་བཞིན་དུ་ཀུན་ལ་ཁྱབ། །ཅེས་དང་། ཡང་། ཡེ་ཤེས་གསང་བ་ལས་གཞི་དོན་ལྷུན་གྲུབ་རྣམ་གསུམ་ལ། །རྣམ་པ་༼༡༽སྒྱུ་མ་རང་བཞིན་༼༡༽སྤྲོས་བྲལ་མཚན་ཉིད་༼༡༽རང་རིག་རྣམས་ལྷུན་གནས་ཀྱི་བདེ་༼༡༡༡༽བ་ཆེན་པོར་ལྷུན་གྱིས་གྲུབ་པ་ལ། འདས། མ་འོངས། ད་ལྟར་དུས་གསུམ་གྱི་བདེ་བར་གཤེགས་པའི་ཡེ་ཤེས་དང་། །འགྲོ་བ་རིགས་དྲུག་གི་སེམས་ཀྱི་མ་བཅོས་པ། །ཐ་དད་པ་མ་ཡིན་ཏེ་རང་བཞིན་གཅིག །ཅེས་གསུངས་སོ། ༈ །བདུན་པ་མཚན་ཉིད་ཕྱོགས་གཅིག་པར་གཟུང་དུ་མེད་དེ། རིམ་གསུམ་ལས་མཚན་ཉིད་ནི་ཕྱོགས་གཅིག་པའི་མཐའ་རྣམས་ཀུན་དང་བྲལ་བས། །ཕྱོགས་ཅིར་ཡང་བློས་གཟུང་དུ་མེད་པའོ། །ཞེས་དང་། སྤྱན་འགྲེལ་ལས། དེ་ཡང་ངོ་བོ་དང་མཚན་ཉིད་རིལ་ལྷུན་གྱིས་གྲུབ་པའི་བདག་ཉིད། མུ་བཞི་མཐའ་དྲུག་ཀུན་དང་བྲལ་བས་ཐིག་ལེ་ཉག་གཅིག་མུ་མཐའ་ཇི་ཡང་མ་སྤངས་པ། ཕྱོགས་མེད་ཀྱང་ཕྱོགས་ཀུན་ཀྱི་དངོས་གཞི། རིས་ཅན་དུ་སྣང་ཡང་རིས་དང་བྲལ་བ་ནི། །སྒྲོན་མ་སངས་རྒྱས་ཉིད་ཀྱིས་ཀྱང་འདི་ལྟར་ཡིན་ཞེས་བརྟག་པར་མི་ཟིན་པ་ནི། །ཡོད་པར་སྒྲོ་འདོགས་མེད་པར་སྐུར་པ་འདེབས་པ་དང་ངང་གིས་བྲལ་བས་ན་སྐབས་ལས་ངེས་པའི་མཁའ་ཁྱབ་བྱང་སེམས་ཀྱི་ལུང་ཞེས་ཀྱང་བསྙད་དོ་ཞེས་གསུངས་སོ། ༈ །བརྒྱད་པ་དུས་ནི་རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་དུས་གསུམ་དུ་མི་འགྱུར་བ་མི་རྟག་པ་ཀུན་གྱི་ངོ་བོ་ཉིད་ཀྱི་ཡིན་ཀྱང་ཕྱོགས་གཅིག་ཏུ་མི་འགྱུར་བས་རྟག་པ་སྟེ། རྒྱན་རྒྱུ་ཡིས་བསྐྱེད་པ་ལ་མི་གནས་པར་རང་སྣང་ཡིན་བས། །ཐོག་མ་མེད་ཅིང་མཐར་མི་ནུབ། །ཅེས་གསུངས་སོ། ༈ །གཉིས་པ་འཁྲུལ་པའི་སྣང་བ་ནི། ཐུགས་ཀྱི་ཐིགས་པ་ལས། འཁྲུལ་གཞི་དངོས་པོའི་གནས་ལུགས་འཁྲུལ་ཚུལ་བློའི་སྣང་བ་དང་འཁྲུལ་ཀྱང་ཆོས་ཉིད་ལས་མི་འགྱུར་བའི་རང་བཞིན་གསུམ་གྱི། །སྡོམ་དེས་འཁྲུལ་སྣང་ངེས་པར་ཤེས་པར་བྱ། །ཞེས་འབྱུང་བས། ༈ །དང་པོ་འཁྲུལ་གཞི་ནི་མུ་བཞི་མཐའ་དྲུག་མཉམ་པ་ཉིད་དུ་གྲོལ་༼༠༽བ་ཉིད་ཡིན་ཏེ། དེ་སྐད་དུ། ལྟ་ཀློང་ལས་དེ་༼༠༽ཡེ་ནས་གནས་པས་ན་མཉམ་གྲོལ་དེ་ལ་གཞི་བྱས་པས། །དེ་ངོ་མ་ཤེས་ངར་འཛིན་པ་ལས་འཁྲུལ་པའི་རྟོག་པ་སྣ་ཚོགས་སུ་ཤར། །ཞེའོ། །མུ་མཐའི་ཕྱོགས་གཅིག་པ་ཡིན་ན་མུ་མཐའ་ཐམས་ཅད་དུ་འཆར་དུ་མི་རུང་སྟེ། ཡང་། ལྟ་ཀློང་མཉམ་གྲོལ་དེ་མིན་ཡོད་མེད་གཉིས་གཉིས་མེད་ཀྱི་མུ་བཞི་སྐྱེ་འགག་རྟག་ཆད་འགྲོ་འོང་གཅིག་ཐ་དད་ཀྱི་མཐའ་བརྒྱད་འཁོར་འདས་ཆོས། །ཅིར་ཡང་འཆར་བར་མི་རིགས་པ་ལ་འཆར་བ་དེ་ཡི་ཕྱིར། །ཆོས་ཅན་འཁོར་འདས་ཐམས་ཅད་ཀྱི་ཆོས་ཉིད་དུ་གནས་ལུགས་དེ་རིགས་སོ་འོས་སོ་གཤའོ་འཐད་དོ། །ཞེས་དང་། དགོངས་འདུས་ཡིན་ལུགས་ཅི་ཡང་མེད་པར་སྣང་ཚུལ་ཅིར་ཡང་རིག་པ་ཉིད་དོ། །ཞེས་གསུངས་སོ། ༈ །གཉིས་པ་འཁྲུལ་ཚུལ་ནི་སྤྱན་འགྲེལ་ལས། རྒྱུ་རྐྱེན་འབྲས་བུ་འབྱུང་བའི་དུས། །ཚུལ་དང་ཉེས་པ་འགྲུབ་པའི་བྱེད་པ་པོ་དང་། །ཉེ་བར་མཚོན་པའི་དཔེ་དང་བརྒྱད་ཀྱིས་རྣམ་པར་དབྱེ། །ཞེས་འབྱུང་བས། ༈ །རྒྱུ་ནི་བཤད་པ་བཞིན་དུ་རང་བཞིན་གྱི་སྣང་བ་ཡིན་ཀྱང་དེ་ཉིད་ཀྱི་ཕྱིར་ཡུལ་དུ་མ་གྲུབ་ཅིང་། རྟོགས་པའི་རྐྱེན་ལྷུན་གནས་རྒྱུ་ལ་བཤེས་གཉེན་བདག །སེམས་སྐྱེ་རིམ་པས་གོ་ཕྱེ་སྟེ། །རྫོགས་ལུང་དམིགས་པས་དོན་རིག་པ། །ཞེས་དལ་ཀློང་ངོ་། །བཞི་དང་བྲལ་བས་ངེས་པར་མ་བྱས་པ་༼ ༡༽ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱ་སྟེ། ཐོག་མ་འབྱུང་སྔ་བས་གནས་ལུགས་དང་མཚུངས་ལྡན་གྱི་རྒྱུའོ། །རྒྱུ་༼༡༽དེས་སྦྱོར་དོན་ལ་བདག་ཏུ་བཟུང་ཞིང་བདག་གཞན་ཐ་དད་དུ་སྣང་བ་༼༠༽ནི་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱ་སྟེ་ལྷན་ཅིག་བྱེད་པའི་རྒྱུའོ། ༈ །རྐྱེན་ནི་དེས་༼༠༽ཉོན་མོངས་པ་དུག་ལྔ་རྒྱས་ནས་ཞེ་སྡང་གིས་དམྱལ་བ་སེར་སྣས་ཡི་དྭགས། གཏི་མུག་གིས་དུད་འགྲོ། འདོད་ཆགས་ཀྱིས་མི། ཕྲག་དོག་གིས་ལྷ་མ་ཡིན། ང་རྒྱལ་གྱིས་ལྷར་སྐྱེ་བའི་རྐྱེན་བྱེད་པ་ལ་སོགས་པ་དང་། ཉོན་མོངས་པ་དེ་དག་གིས་ཀུན་ནས་བསླངས་ནས་ངན་འགྲོའི་ལུས་དང་ལོངས་སྤྱོད་ཡིད་དུ་མི་འོང་བ་ནི་བསོད་ནམས་མ་ཡིན་པ་སྟེ་འབྲས་མིང་རྒྱུ་ལ་བཏགས་པའི་ལས་མི་དགེ་བ་བཅུ་རྣམས་ཆེ་༼༠༽འབྲིང་༼༠༽ཆུང་༼༠༽བར་སྤྱད་པས་ངན་སོང་དམྱལ་༼༠༽ཡི་༼༠༽དུད་༼༠༽གསུམ་དུ་རིམ་པ་ལྟར་སྐྱེ་ཞིང་། ཡིད་དུ་འོང་བ་བསོད་ནམས་ཀྱི་༼༣༽ལུས་༼༤༽ངག །༼༣༽ཡིད་ཀྱི་ལས་དགེ་བཅུ་བྱིངས་ཆེ་༼༡༽ཆུང་༼༢༽གིས་འདོད་ཁམས་ཀྱི་ལྷ་༼༡༽དྲུག་དང་མིར་༼༢༽བཞི་འཕེན་པར་བྱེད་དེ་རྫོགས་བྱེད་ནི་དགེ་སྡིག་གང་གིས་རྫོགས་ངེས་པ་མེད་པས་མུ་བཞིར་འགྱུར། རྣམ་སྨིན་གཞན་དུ་མི་གཡོ་བའི་ལས་ཟག་པ་དང་བཅས་པའི་ཚད་མེད་བྱམས། སྙིང་། དགའ་བ། བཏང་སྙོམས། བཞི་བསམ་གཏན་རྟོག་དཔྱོད། དཔྱོད་པ་དགའ་བདེ་བཏང་སྙོམས་ཀྱིས་བཞིས་གཟུགས་ཁམས་ཀྱི་ལྟར་ཞིང་། ནམ་མཁའ། རྣམ་ཤེས་བི་མ། ཡོད་མིན་མེད་མིན་གྱི་སྙོམས་འཇུག་བཞིས་གཟུགས་མེད་ཀྱི་ལྷ་བཞིར་སྐྱེ་བའི་རྐྱེན་བྱེད་པར་མདོ་རྒྱུད་མན་ངག་ལས་གསུངས་སོ། ༈ །འབྲས་བུ་ནི་རྒྱུ་རྐྱེན་དེ་དག་གི་དབང་གིས་སྣོད་བཅུད་བསམ་གྱིས་མི་ཁྱབ་པར་སྣང་བ་སྟེ། དེ་སྐད་དུ་རྩ་རྒྱུད་ལས། སྣ་༼༡༡༡༡༽ཚོགས་པའི་ལུས་༼༡༽བཟང་ངན་དང་ལོངས་༼༡༽སྤྱོད་ཆེ་ཆུང་དང་། །གནས་༼༡༽མཐོ་དམན་དང་སྡུག་༼༡༽བསྔལ་ལས་ཉོན་མོངས་ལ་སོགས་པ། །བཤད་པ་དེ་དག་ལ་བདག་དང་བདག་གིར་སོ་སོར་འཛིན། ཅེས་གསུངས་པ་དེ་དག་ལ་བདེན་པར་གྲུབ་པ་ནི་རྡུལ་དང་སྐད་ཅིག་ཙམ་ཡང་མེད་པར་ལ་ཤན་ལས། དངོས་ཀུན་ལོག་རྟོག་ཙམ་ཉིད་ལས། ཕྲ་དང་སྐད་ཙམ་ཡོད་མ་ཡིན། །འཁྲུལ་པའི་སྣང་བ་ཞེས་སུ་གསུངས། །ཞེས་སོ། །རྩ་རྒྱུད་ལས་གསུངས་སོ། ༈ །དུས་ནི་ཡ་མཚམས་རྒྱས་པ་ལས། ཐོག་མ་མེད་ནས་སེམས་ཡན་བཏང་། འདི་ནས་འཁྲུལ་མེད་ཅིང་དུས་གསུམ་ཡང་དག་སྒྲོན་མ་ལས། དུས་གསུམ་ཐད་རང་མ་འཁྲུལ་ན། །འཁོར་བ་ཐོག་མ་ཡོད་པར་འགྱུར། །ཞེས་སོ། །ཐད་ཀར་འཁྲུལ་ཏེ། དལ་ཀློང་རྒྱན་ཚད་ལས་འདས་པས་ཐ་མའང་བྲལ་རྒྱུན་དུ་འཁོར། མི་ཟད་པར་རྒྱུན་དུ་མི་སྟོངས་པར་འབྱུང་བས་ཐོག་མཐའ་མེད་པར་གསུངས་ལ། རྒྱུ་རྐྱེན་གྱིས་བསྐྱེད་ཅིང་སྐད་ཅིག་མའི་སྐྱེ་འགག་དང་བཅས་པ་དང་། རྒྱུད་བླའི་འགྲེལ་པར་མདོ་ཁུངས་དྲངས་པ། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །ཞེས་སོ། །བདག་མེད་ཀྱི་ལམ་ཉམས་སུ་བླངས་པ་རྣམས་གྲོལ་བས་སྤྱན་འགྲེལ་ལས་བལྟོས་པའི་གློ་བུར་བ་ཡང་ཡིན་ནོ། །ཞེས་སོ། །དུ་རྫོགས་པ་འཁོར་བའི་ཤེས་པ་གློ་བུར་བ། རང་བཞིན་མ་ཡིན་རྐྱེན་གྱིས་སྣང་། །ཞེས། འབྱུང་བ་དང་། བྲམ་སྐོར་འཁོར་འདས་གཉིས་ལ་ཐོག་མཐའ་ཡོད། །ཅེས་སོ། །ཐོག་མཐའ་ཡོད་པར་གསུངས་པར་གོའོ། ༈ །འཁོར་བའི་ཚུལ་ནི་གཏེར་གཏད་ལས་གསུམ་གྱི་རླུང་དྲག་པོ་མཐུ་ཆེ་བས། །ཞེན་པ་འགྲོ་བ་དྲུག་གི་འཁོར་ལོ་ལས་ཀྱི་ཤུགས་ཀྱིས་ཡང་ནས་ཡང་དུ་བསྐྱར། །ཞེས་པས། རིས་དྲུག་ཏུ་འཁོར་ཚུལ་མཐར་ཆགས་སམ་ཡན་མན་མ་ངེས་པར་འཁོར་ཞིང་། རྟེན་འབྲེལ་བཅུ་གཉིས་ཀྱིས་འཁོར་ཚུལ་ནི། ཐུགས་ཐིགས་ལས་ཕྱི་དང་ནང་གི་རྟེན་འབྲེལ་གྱི་འཁོར་ལོས་རིགས་དྲུག་གི་གནས་སུ་བསྐྱོར་བའང་། །ཁམས་གསུམ་གྱི་ཆ་ཡིས་གྲངས་བཅུ་གཉིས་ཁོ་ནར་ངེས་པ་མེད། །ཅེས་གསུངས་པ་བཞིན་ནོ། ༈ །ཉེས་པ་ནི། རྒྱན་ལས་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པའི་སྣ་ཚོགས་པའི་ཉེས་པས་རང་གི་རྒྱུད་ཉེན། །གནས་སྐབས་ཐར་པ་དང་མཐར་ཐུག་བདེ་བ་ཆེན་པོའི་སྲོག་དང་བྲལ་བའོ། །ཞེས་པ་ཉིད་དོ། ༈ །བྱེད་པ་པོ་ནི་རྒྱུ་རྐྱེན་མེད་པའི་སེམས་ཉིད་ཐམས་ཅད་དུ་རང་སྣང་བ་ནི་མ་བཅོས་པའི་སྐད་ཅིག་མ་སྟེ་འཁོར་འདས་ཐམས་ཅད་ངོ་བོ་ཉིད་ཀྱི་བྱེད་པ་པོའོ། །དེ་སྐད་དུ་ཡང་། ཀུན་བྱེད་ལས་བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་ཀྱང་མ་བྱས། །ཀུན་བྱས་ཏེ་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་ཀྱང་མ་བྱས་པ་དེ་ཁོ་ན་ཉིད་ལ་བྱ་མི་དགོས། །ཞེས་པ་བཞིན་ནོ། །རྒྱུན་གྱི་སྐད་ཅིག་མ་རིག་༼༠༽མ་རིག་༼༠༽གཉིས་ཀྱིས་འཁོར་༼༠༽འདས་༼༠༽གཉིས་སུ་སྣང་བ་ལས། འདིར་མ་རིག་པ་རྒྱུན་གྱི་སྐད་ཅིག་མ་སྟེ། རིམ་གསུམ་རྒྱུན་དང་བཅས་པའི་སྐད་ཅིག་མ་ནི། ལས་ཀྱི་འཁོར་བའི་བྱེད་པ་པོར་བརྗོད་པའོ། །ཞེས་འབྱུང་ངོ་། ༈ །དཔེ་ནི་དུས་རྒྱུན་དུ་འཁོར་བ་ནི་རྒྱན་ལས། རྒྱུན་དུ་མི་སྟོང་འཁོར་ལོ་བསྐོར་ཟོ་ཆུ་བརྒྱུད་པའི་འཁོར་ལོ་ལྟར་ཞེས་སོ། །དང་འདྲ་ལ། དུ་མར་མཆེད་པ་ནི་རྒྱས་པ་ལས་རྩྭ་སོག་མེ་དཔེ་འཁོར་ལོ་བཞིན། ལོང་བཏགས་རྒྱས་ཤིང་བརྒྱུད་པར་འགྱུར། ཞེས་སོ། །གི་མེ་མཆེད་པ་དང་འདྲ་ཞིང་། མེད་བཞིན་ཕྱི་རོལ་དོན་དུ་སྣང་བ་ནི་དབང་པོ་རྒྱན་ལས། ཡོད་པ་མ་ཡིན་དོན་ལྟར་སྣང་། རྐྱེན་གྱིས་དཀྲུགས་པའི་དབང་པོ་བཞིན། ཞེས་སོ། །བསླད་པས་སྐྲ་ཟླ་ལ་སོགས་པ་སྣང་བ་བཞིན་ཏེ། ཆོས་ཉིད་རང་སྣང་ཡང་གཞན་ཕྱིན་ཅི་ལོག་དུ་འཛིན་པ་ནི་ལྟ་ཀློང་ལས་ཐག་པ་ལ་སྦྲུལ་དུ་འཛིན་པ་འཁྲུལ་བ་བཞིན། སྲིན་བུའི་ཁ་ཆུ་ལ་སོགས་པ་བཞིན་ནོ། ༈ །གསུམ་པ་རང་བཞིན་ནི་ཆོས་བརྒྱད་པོ་དེ་ལྟར་དུ་འཁྲུལ་པ་སྣ་ཚོགས་ཀྱིས་རྒྱུད་བསླད་ཀྱང་སེམས་ཉིད་པས་རང་བཞིན་གྱི་སྣང་བ་ལས་འགྱུར་ཞིང་ཉམས་པ་མེད་པ་སྟེ། དེ་ཡང་། ལམ་རིམ་ལས། རང་བཞིན་ཉིད་ལས་ཉམས་པ་མེད། །དེ་ལྟ་བུ་ཡིན་ནའང་དཔེར་ན། རྒྱལ་པོ་ཕྲུ་གུ་དམངས་སུ་འཁྱམས་ཀྱང་རྒྱལ་པོའི་ཤ་ཁྲག་རིགས་ལས་མི་འགྱུར་བ་དེ་བཞིན་དུ་རང་བཞིན་ཆོས་ཉིད་ཀྱི་རིགས་ལས་འགྱུར་བ་མེད་པས། ཤུལ་ལམ་གྱིས་བསྒྲུབས་པའི་དོན་འབྲས་བུ་རང་ལས་འབྱུང་གི་གཞན་ལས་མིན་ཕྱིར། །རྒྱས་པ་ལས་ངན་སོང་གསུམ་རྒྱུད་འགྲོ་བ་རིགས་དྲུག་སྣ་ཚོགས་པ་གཅིག་ནས་གཅིག་ཏུ་རྒྱུ་བ་ཡང་། །འཁྲུལ་པའི་ལོག་པའི་རྟོག་པ་བློ་ཉིད་སྣང་བ་སྟེ། །དེ་བཞིན་ཉིད་ཀྱི་དབྱིངས་ལ་འཁྲུལ་པ་འགྱུར་བ་མེད། །ཅེས་འབྱུང་ངོ་། ༈ །གདུལ་བྱའི་སྣང་བ་ནི། རིགས་པ་གཉིས་ཀྱིས་ཕྱེ་ནས་བསྟན་པ་གདུལ་བྱའི་བློ་དང་འཚམ་པར་སྣང་བ་སྟེ། ཐུགས་ཐིགས་ལས་རང་བཞིན་༼༡༽ལས་༼༢༽ཀྱིས་༼༡༽༼༠༽ཕྱེ་བ་ཡི། །ཆོས་༼༡༽ ཉིད་བྱ་༼༠༽བྱེད་རིགས་༼༡༽༼༠༽པ་ཡིས། །བློ་དང་མོས་པའི་སྣོད་ཐ་དད་པ་དང་བཅུད་སངས་རྒྱས་ཀྱི་བསྟན་པ་དང་སྦྱར་བའི་ཐེག་པ་བསམ་ཡས་པའང་། གདུལ་བྱའི་སྣང་བ་ཞེས་སུ་ངག་ཏུ་བརྗོད། །ཅེས་སོ། །དེའི་དོན་རྟོགས་ཤིང་ངེས་པར་བྱ་བ་ནི། དགོངས་འདུས་ལས། ཇི་ལྟར་ཅང་ཤེས་གྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིངས་གྱུར་པ། །བཀྲོལ་བྱས་བདེ་བླག་བཏང་གྱུར་ན། །ཅི་ལའང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་ཅང་ཤེས་དབང་པོ་འདི། །མི་ཤེས་བཅིངས་བས་བཅིང་གྱུར་པ། །དམ་པས་རྣམ་གྲོལ་སྒོ་ཕྱེ་ནས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །ཞེས་སོ། །ཕྲེང་བ་ལས་རང་རང་གི་འདོད་པ་ཤན་དབྱེ་སྤང་དུ་མེད་པར་ལ་བཟླས་པས་བློ་སྦྲམ་གྱི་རྒྱུད་ཁྲོལ་ལ། །སྙན་ཁུང་བརྒྱུད་པའི་གདམས་པས་ཆོས་ཉིད་མངོན་སུམ་དུ་སྟན་ཅིག །ཅེས་པས། རང་རང་གི་གྲུབ་པའི་མཐའི་སྐྱོན། གཏན་ལ་ཕབ་སྟེ་ཤན་དབྱེ་བ་དང་། མུ་བཞིར་བསྡུས་ཏེ་བྱང་ཆུབ་ཀྱི་སེམས་སུ་ལ་བཟླ་བ་སྟེ་རྫོགས་ཆེན་རང་གཞུང་བསྟན་པའོ། ༈ །དང་པོ་ནི། དགོངས་འདུས་ཀྱེ་གྲོགས་པོ་དག་ཐེག་པའི་སྒོ་ཤན་དབྱེ་བར་བྱ་བ་ནི་འདི་ལྟ་སྟེ། གཞི་ཆོས་ཉིད་ཇི་བཞིན་པ་ཡི་དེ་ཁོ་ན། །ཉིད་དུ་ངེས་པའི་ངོ་བོ་ལས་ལྟ་བ་ཐ་དད་འབྱུང་བ་ནི་གང་ཞེ་ན་རིག་༼༡༽པ་དང་མ་རིག་༼༠༽པ་༼༡༽རྣམ་༼༠༽པ་ཡིས། །ཆོས་ཀུན་༼༡༽གྱི་ཆོས་ཉིད་ཤེས་ནས་སྤྱོད་པ་འདས་པ་དང་ལས་འབྲས་དང་དེ་ཁོ་ན་ཉིད་ལ་ཀུན་༼༠༽ཏུ་རྨོངས་པ་འཇིག་རྟེན་པའི་ལྟ་བ་རྣམ་པ་གཉིས་སུ་སྣང་བ་ལས། ནང་རིས་སུ་དབྱེ་ན་ཐ་དད་དུ་མ་མང་པོར་འགྱུར། །ཞེས་པས། ༈ །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་ཏེ། ༈ །དང་པོའང་ལས་རྒྱུ་འབྲས་ལ་ཡོད་མེད་དུ་རྟོག་དཔྱོད་ཞུགས་པ་གྲུབ་མཐས་བློ་བསྒྱུར་མ་ཞུགས་པ་མ་བསྒྱུར་གྱིས་གཉིས་སུ་འགྱུར་ཏེ། དགོངས་འདུས་ལས། ལས་འབྲས་ལ་རྨོངས་པའི་ལྟ་བ་རྣམ་པ་གཉིས་སུ་སྣང་བ་ལས་རྒྱུ་འབྲས་ལ་མ་དཔྱད་པས་མི་ཤེས་པ་དང་དཔྱོད་ཀྱང་མཐར་ལྷུངས་པས་ལོག་པར་ཤེས་པའོ། ༈ །མི་ཤེས་པ་ལ་ཕྱལ་པ་ནི་ཆོས་ཐམས་ཅད་ལ་རྒྱུ་འབྲས་ཡོད་མེད་དུ་མ་རྟོགས་པའོ། །རྒྱང་འཕེན་ཞེས་བྱ་སྟེ་ཚེ་འདིའི་ཆེད་དུ་ཕན་པས་སམ། པ་ནི་ཚེ་སྔ་ཕྱི་མ་རྟོགས་ཤིང་གསང་ཚིག་ལ་བརྟེན་ནས་ཚེ་འདིའི་བཙན་ཕྱུག་དང་མཐུ་སྟོབས་སྒྲུབ་པའོ། །གཉིས་ཞེས་གསུངས་ལ། ༈ །ལོག་པར་རྟོག་པ་ལ་ཡང་། མུ་སྟེགས་རང་བཞིན་གྱིས་ལོག་དམུས་ལོང་དང་འདྲ་གཞན་གྱི་རྐྱེན་ཕྲལ་དུ་ལོང་བ་འདྲ་ལོག་པ་དེ་ཀ་ལ་ནང་པའི་ཐེག་པ་དགུའི་ཞར་ལས་བྱུང་བ་ཞེས་ཀྱང་བཤད། །ཅེས་པའི་བྱེ་བྲག་ལ་ཡང་། སྤྱན་རས་གཟིགས་བརྟུལ་ཞུགས་ནས། བརྒྱ་ཉི་ཤུ་ལ་དུས་གསུམ་གྱི་ཆས་ཕྱེ་བས་ལྟ་ལོག་སུམ་བརྒྱ་དྲུག་ཅུ་རྩ་གཉིས། གཟུགས་བདག་ཡིན། བདག་གི་ཡིན། བདག་ལ་གནས། བདག་དང་ལྡན། དེ་བཞིན་དུ་ཕུང་པོ་བཞི་ལའང་སྦྱར། ལོག་པའི་རི་བོ་ཉི་ཤུ། འཇིག་ཚོགས་སུ་ལྟ་བ་ལ་སོགས་པ་མཐར་འཛིན། ལོག་ལྟ། ལྟ་བ་ལ༴ ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། སྡེ་ལྔ། སྔོན་གྱི་མཐའ་ལ་རྟོག་པ་ཐམས་ཅད་རྟག་པར་རྟོག་པ་བཞི། ཁ་ཅིག་རྟག་པར་རྟོག་པ་བཞི། རྒྱུ་མེད་སྨྲ་བ་རྣམ་པ་གཉིས། མཐའ་ལ་རྟོག་པ་བཞི་དང་ནི། ལྷ་མི་སྤོང་བར་རྟོག་པ་བཞི། བཅོ་བརྒྱད་འདི་དག་སྔོན་གྱི་མཐའ། བཅོ་བརྒྱད། ཕྱི་མའི་མཐའ་ལ་རྟོག་པ་ཞེ་འདུ་ཤེས་ཅན་རྟོག་བཅུ་དྲུག་དང་། འདུ་ཤེས་མེད་པར་རྟོག་པ་བརྒྱད། འདུ་ཤེས་ཡོད་མིན་མེད་མིན་བརྒྱད། ཆད་པར་ལྟ་བདུན་མཐར་ལྟ་ལྔ། བཞི་བཅུ་རྩ་བཞི་ཕྱི་མའི་མཐའ། དྲུག་ཅུ་རྩ་གཉིས་བདེན་པར་ལྟ། ཞེའོ། །བཞི། དགོངས་འདུས་ལས། ཕྱོགས་ལྟོས་གཅོད་པ་གང་ཞེ་ན། ཕྱི་རོལ་༼བྱེ་ཐ་རང་ཕྲ་ཟབ་རྒྱ་རིག་༼༡༡༽བྱེད། སྤྱོད་༼༡༽ སྦྱོར་༼༡༽༽པ་དང་། ཡང་དག་པ། གསང་སྔགས་པ་དང་། གསང་ཆེན་༼བརྟུལ་ཞུགས། རྒྱལ་ཕོག་རྒྱལ་ཐབས༽པའོ། ། ལ་སྤྱིར་བཞི་ལས། དེ་རེ་རེ་ལའང་གསུམ་གསུམ་སྟེ་ནང་ཚན་བཅུ་གཉིས་ལ་སོགས་པ་བྱེ་བྲག་བརྗོད་ཀྱིས་མི་ལང་བ་ཡང་རྟག་ཆད་གཉིས་སུ་འདུས་ཏེ། དེ་ཡང་ལ་ཤན་ལས། ཤེས་པ་རང་བཞིན་གྱིས་ལོག་པ་དང་གཞན་རྐྱེན་གྱིས་ཆ་མཐུན་པར་གོལ་བའི་རྩ་བ་གཉིས་ལས། གོང་དུ་བསྟན་པའི་བྱེ་བྲག་དུ་མའང་གཉིས་སུ་འདུས་ཏེ། གང་ཞེ་ན། ཞེས་དང་། དགོངས་འདུས་ལས། ལོག་པར་རྟོག་པས་མཐའ་ཟད་ཅིང་ཕ་རོལ་ཏུ་མི་ཕྱིན་པས་མུར་ཐུག་མྱ་ངན་ལས་འདས་པའི་རྒྱ་མཚོར་འབབ་པའི་ལམ་གྱི་ཆུ་རྒྱུན་གྱི་མུ་ལ་རྟེན་འཆའ་བ་སྐད་དུ་ཟེར་བས། མུ་སྟེགས་གཉིས། ཞེས་པས་མངོན་ནོ། ༈ །དེ་ལ་ཆད་ལྟ་ནི། དོན་ལྷག་རྟོག་གེ་བ་མུར་ཐུག་ཆད་ལྟ་ལ་རིགས་གསུམ་ལས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས། །མི་འདོད་པར་ཚེ་འདི་ཙམ་སྟེས་དབང་ལས་གློ་བུར་དུ་བྱུང་བར་འདོད་པ་དང་། འགྲོ་བ་ཡང་མི་དང་དུད་འགྲོ་ལས་གཞན་མི་འདོད། ལ་ལ་སྔ་ཕྱི་ཙམ་འདོད་ལ་སེམས་ཅན་རྣམས་ཉོན་མོངས་པ་དུག་གསུམ་གྱི་རང་བཞིན་ཡིན་པས་དེ་ལས་གྲོལ་བའི། ཐར་པ་མྱ་ངན་ལས་འདས་པ་འཐད་པ་མིན་ཏེ་དུག་གསུམ་དང་སེམས་གཉིས་ཡོད་ན་མཉམ་ཆད་ན་ཆད་མཉམ་དུ་འདོད་པ་དང་རྒྱལ་བའི་ལུང་ལས་མུ་བཞིར་འཆར་བ་དང་། བྲལ་བ་མཉམ་པར་གསུངས་ལ། བྲལ་བའི་ཕྱོགས་ཀྱི་ངང་ཚུལ་ཟུར་ཙམ་བཟུང་ནས་ཁས་ལེན་ཐམས་ཅད་སྤངས་ཏེ་མ་ཡིན་པའང་མ་ཡིན་པར་འདོད་པའོ། །འདི་དག་གི་འདོད་པ་དབྲལ་དཀའ་ཡང་དག་པའི་དོན་ལ་གཟུད་པ་དཀའ་བས། ནང་པ་ལ་མོས་པའི་ལས་ཅན་ཐབས་འཛུད་བསྲེ་ཕྱོགས་སུ་ལྷུང་བ་རྣམས་ལོགས་ལྟའི་ཉེས་དམིགས་ཀྱི་ཉེན་གྱིས་བསྟང་། བློ་སྤྱི་སར་འཇོག་པ་ལ་རྟོག་གེ་ཚད་མ་གསུམ་གྱིས་སུན་དབྱུང་སྟེ་ཐབས་དུ་མས་ནང་པར་གཟུད་པ་དཔའ་བོས་གཏེར་གཏད་དུ་གསུངས། ཞེས་འབྱུང་བ་ལ། ༈ །སྤྱོད་པའི་དཀའ་ཐུབ་ནི་མེད་ལ། རྡོ་རྗེའི་རྒྱུད་འབྱུང་བ་གང་ལས་གྱུར་པའི་ལུས་དེ་ཞིག་པས། །ལུས་དང་སེམས་འབྱུང་བ་བཞིའི་བག་ལ་ཞ་སྟེ་གནས། །དུས་ཚེ་ཕྱིན་ཆད་ཕན་གནོད་ཀྱི་ཆོས་ལ་དགོས་པ་མེད་པའི་ཕྱིར། །ལུས་སེམས་གདུང་བའི་དཀའ་ཐུབ་ཀྱི་འབད་རྩོལ་མི་དགོས་སོ། །ཞེའོ། ༈ །འབྲས་བུ་ནི། ཁོ་རང་གི་ཞེ་འདོད་དང་མི་མཐུན་པར་ངན་སོང་ཁོ་ནར་འགྲོ་བར་འབྲས་ཀློང་། ཆད་ལྟ་འདོད་པས་ལུས་བྲལ་འདོད། ངང་ཚུལ་མི་བརྟན་ལྷུང་བའི་གནས། གསུངས་སོ། ༈ །རྟག་པར་ལྟ་བ་ནི། དོན་ལྷག་ལོག་པའི་ཤེས་པ་རྟག་པའི་དངོས་པོར་སྨྲ་བ་ནི་རིག་པ་༼༡༽རྡུལ་༼༡༽ཕྲ་རབ་ཀྱི། ཡོན་ཏན་གསུམ་གྱི་རང་བཞིན་༼༡༽། དབང་ཕྱུག་༼༡༽རྣམས་རྟགས་༼༡༡༡༡༽པ་གཅིག་པུ་བདེ་བ་རང་དབང་ཐོབ་པ། རྒྱུ་དེ་དག་ལས་བྱུང་བ་དང་བྱེད་པ་པོ་དེ་དག་གིས་བྱས་པའི་འབྲས་བུ་རྣམས་འགྱུར་བས་མི་རྟག་ཅིང་མི་གཙང་བའི་དྲི་མས་གོས་༼༠༽པར་འདོད། ཞེས་སོ། ༈ །དེ་དག་རྒྱུ་དང་འབྲས་བུ་ལ་ལོག་པར་ཡང་ལྟ་སྟེ། ལྟ་རིམ་དེ་ཡང་རྒྱུ་མེད་རྒྱུར་སྨྲ་བ། །རང་བཞིན་རྒྱུར་འདོད་དབང་ཕྱུག་རྒྱུ། །ངོ་བོ་ཉིད་ལ་རྒྱུར་སྨྲ་དང་། །རྡུལ་ཕྲན་རྒྱུ་རུ་འདོད་པ་དང་། །བྱེད་པོ་རྒྱུ་རུ་འདོད་པས་ལོག །ཅེས་པའོ། ༈ །སྤྱོད་པ་ནི། དགོངས་འདུས། རྒྱུར་ལྟ་བ་དེ་དག་ཁྲུས་དང་གཙང་སྦྲ་ལ་སྤྱད་པས་བདག་རྟག་པ་དེ་དག་པ་ཐོབ་པར་ལྟ། །ཡང་ན་འཚོ་བ་གཙང་བར་བཅོས་པ་ནང་པར་སྲུང་བ་སྟེ་སངས་རྒྱས་པ་ལས་དག་པར་ལྟ་བ་དང་། དུས་ཀྱི་རྒྱུན་ལ་ལྷྭམ་གྱི་ཆ་ལུགས་དང་གོས་ཀྱི་ཁ་དོག་བཅོས་པ་དང་། །སྐྲ་དང་ཁ་སྤུ་བྲེགས་པའམ་རལ་པར་བཅོས་དང་ལུས་ཐལ་བའམ་ཐོད་པའི་རྒྱན་ཆ་དང་། །དབྱུག་གུ་གསུམ་པ་ལ་སོགས་དབྱར་གྱི་ཞེས་དྲང་པ། དཀའ་ཐུབ་༼༡༽བསྟེན་༼༣༽པ་དྲག་༼༢༽པོའོ༼༤༽། །ཞེས་དང་། དེ་༼༠༽དག་པར་བྱ་བའི་ཕྱིར་རང་གི་ཚུལ་སྔ་མ་ལས་བསྒྱུར་བའི་ཁྱི་དང་བྱའི་བརྟུལ་ཞུགས་ངལ་ལ་འབྲས་བུ་མེད་པས་ལོག་ཆོས་སྤྱོད། །ཅེའོ། ༈ །འབྲས་བུ་ནི། ལོག་པར་ལྟ་བའི་གཅེར་བུ་པ་ནི་དབང་ཕྱུག་ཆེན་པོ་གདུགས་དཀར་པོ་བཟུང་བའི་དབྱིབས་འདྲ་བའི་ལུས། །ཚངས་པ་དང་ཁྱབ་འཇུག་གཉིས་ནི་ལྷ་ཆེན་པོའི་ལུས་པོ། །བྱེ་བྲག་པ་རྡུལ་ཕྲ་རབ་ལས་གྲུབ་པའི་སྙིང་གི་དཀྱིལ་གྱི་བདག་དེ་དྲི་མ་དང་བྲལ་བའི་ལུས། །གྲངས་ཅན་པ་སྤྱི་རྣམ་འགྱུར་གཙོ་བོ་ལ་ཐིམ་པས་གཟུགས་བདག་ཡ་བཀར་དུ་གནས་པས་ཐར་པ་ཆེན་པོའི་ལུས། །རིག་བྱེད་པ་རིག་པའི་དངོས་པོ་རྟག་པ་གཅིག་པུ་བདེ་བ། །རང་དབང་ཅན་དུ་གནས་པ་ཤེལ་ལྟ་བུ་དག་པའི་ལུས་སུ་འདོད། །དེ་དག་ཀྱང་གཟུགས་ཁམས་ཀྱི་རིས་ཀྱི་ལྷ་ཡི་བྱེ་བྲག་འགའ་ཞིག་དང་། །དངོས་སུ་གཟུགས་མེད་སྐྱེ་མཆེད་རིས་བཞི་ལ་གནས་པ་ཡིན། །འདས་པར་འདོད་ཀྱང་བདག་ཏུ་འཛིན་པ་ཡོད་པས་འཇིག་རྟེན་པ་དངོས་ཡིན་ནོ། །ཞེས་འབྱུང་སྟེ། ༈ །དེ་དག་ཀྱང་། དོན་ལྷག་ལྷ་ཆེན་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་གང་ཟག་དམ་པ་མ་ཡིན་པའི་ལུང་ལ་རང་གི་བསམ་གཏན་གྱི་ཉམས་ཀྱིས་སྒྲུབ་སྟེ། །ཟག་པ་ཉོན་མོངས་པ་དང་བཅས་པའི་མངོན་ཤེས་ཕྲ་མོས་རྣལ་འབྱོར་གྱི་མངོན་སུམ་དང་མི་དམིགས་པའི་རྟགས་ཀྱི་ངེས་པར་བཅད་ཀྱང་མི་འཐད་དེ། ༈ །ཁྱེད་འདོད་པའི་རྟག་པའི་དངོས་པོ་དེས་བདག་དང་གཞན་གྱི་དོན་སྒྲུབ་པ་ལ། །རིམ་དང་ཅིག་ཅར་དུ་བརྟགས་ན་མི་འཐད་འཁྲུལ་པར་ཤེས་པ་ཡིན་ནོ། །ཞེས་གསུངས་སོ། ༈ །འཇིག་རྟེན་པ་དེ་དག་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ནི། ལྷ་རྗེ་བདེ་གཤེགས་མཁས་པ་དག་གིས་རྩ་བ་ལྟ་བ་རྟག་ཆད་ཀྱི་མཐར་ལྷུང་མ་ལྷུང་གཅིག་ཡན་ལག་གསུམ་འཇིག་རྟེན་གྱི་ལྷ་ལ་སྐྱབས་སུ་འགྲོ་མི་འགྲོ། དཀོན་མཆོག་ལ་དད་མི་དད། ལོག་ཆོས་སྤྱོད་མི་སྤྱོད། སྒྲུབ་བྱེད་ཁམས་གསུམ་ལས་འདའ་མི་འདའ་འབྲས་བུ་ཁྱད་པར་དུ་གྱུར་པར་གསལ་སྒྲོན་དུ་གསུངས་ལ། ཉ་རི་པ་མདོར་ན་གྲུབ་མཐའ་འཛིན་ཚུལ་གྱི་ཁྱད་པར་ནི། སྡུད་པ་ལས། ཇི་ལྟར་གང་ཟག་གི་བདག་ཏུ་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་པ་འཁོར་བར་བསྟན། སེམས་ལ་བདག་དང་ཡུལ་ལ་བདག་གིར་མི་དམིགས་རྣམ་པར་བྱང་བ་མྱ་ངན་ལས་འདས་པར་གསུངས། ཞེས་འབྱུང་ལ། རྟེན་གྱི་གང་ཟག་གི་ཁྱད་པར་ནི། རིམ་གསུམ། རང་དབང་མེད་པར་སྐྱེ་རྒ་ན་འཆིའི་དུཿཁ་བཞི་ལྡན་པས་འཇིག་རྟེན་པ་ཞེས་བྱ། ཞེས་དང་། རྒྱུད་བླ། འཕགས་པས་འཆི་༼༡༽བ་དང་ན་བ་༼༡༽དང་། །རྒ་༼༡༽བའི་སྡུག་༼༡༡༡༽བསྔལ་རྩ་བ་ནས་སྤངས། །ལས་དང་ཉོན་མོངས་ཡོད་པའི་དབང་གིས་སྐྱེ་བའི་སྡུག་བསྔལ་འབྱུང་ཡང་། འཕགས་པ་དེ་ལ་ལས་དང་ཉོན་མོངས་པ་དེ་མེད་པའི་ཕྱིར་སྐྱེ་བ་དེ་མེད། །ཅེས་པ་ནི་ཁྱད་པར་རོ། ༈ །འདས་པའི་ཐེག་པ་དེ་ལའང་གྲངས་ཀྱི་རྐྱེན་རྣམ་གྲངས་པ་གཉིས་ཏེ། རང་སྤྱིའི་མཚན་མིང་ཉིད་མ་འདྲེས་པར་ཀྱི་བསྟན་པའི་ཐེག་པ་ནི་ལམ་འབྲས་བུ་དང་བཅས་པའོ། །རང་བཞིན་རྡོ་རྗེའི་ཐེག་པའོ། །དང་པོ་ལ་མཚན་ཉིད་གཙོར་སྟོན་པར་འདྲ་ཡང་སྐལ་བ་མོས་པ་དབང་པོའི་བྱེ་བྲག་གིས་གསུམ་སྟེ། འབྲས་བུ་ཐོབ་ཀར་ཡང་བཤེས་གཉེན་ལ་ཉན་ཅིང་ཐོས་པར་བྱེད་ཐོས་པའི་འབྲས་བུ་གཞན་ལ་སྒྲོགས་པས་ཐོས་སྒྲོགས་ཞེས་ཀྱི་ཐེག་པ་དང་། རང་དོན་དུ་འབྲས་བུ་སངས་རྒྱས་ཀྱི་བསྒྲུབ་པའི་ཐེག་པ་དང་། །འབྲས་བུ་བྱང་ཆུབ་ནི་གཞན་དོན་དུ་ཐོབ་པར་བྱ་བའི་ཕྱིར་སེམས་དཔའ་བའམ་བསྟན་པའི་ཐེག་པའོ། ༈ །དང་པོ་ལ་ལྔ་སྟེ། ལ་ཤན། ལྟ་སྒོམ་སྤྱོད་འབྲས་གཏན་ཚིགས་མདོ། ཞེས་པས་ལྟ་བ་དང་སྒོམ་པ་དང་སྤྱོད་པ་དང་འབྲས་བུ་དེ་དག་སུན་དབྱུང་ངོ་། ༈ །དང་པོ་ལྟ་བ་ནི། རྡུལ་ཕྲ་རབ་༼༡༽དང་སྐད་ཅིག་མ་ལ་ཕྱོགས་༼༡༽དང་དུས་ཀྱི་༼༡༽ཆ་ཤས་མེད་པ་ནི། གཞིག་གཞོམ་གྱིས་མི་གནོད་པས་དོན་དམ་པའི་བདེན་པར་གྲུབ་ལ། རགས་པར་སྣང་བ་དང་། རྒྱུན་ནི་ཀུན་རྫོབ་བོ། །དེ་ཡང་། དོན་བཞི། ཆོས་ཙམ་གཟུང་བའི་ཡུལ་༼༡༽འཛིན་པའི་སེམས་རྡུལ་༼༡༽ཕྲན་དང་སྐད་ཅིག་མར་ནི་གཞིག་གཞོམ་གྱིས་མི་གནོད་པས་དོན་དམ་པའི་བདེན་པར་གྲུབ་ལ། བློས་གཞིག་ཅིང་གཉེན་པོས་གཞོམ་དུ་རུང་བས་རགས་པ་དང་རྒྱུན་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན། ཅེས་འབྱུང་ངོ་། ༈ །བྱེ་བྲག་ཏུ་སྨྲ་བའི་བཤད་མཛོད་ཆེན་མོའི་རྗེས་སུ་འབྲང་བ་དང་། ཐེག་པ་ཆུང་ངུའི་མདོ་སྡེའི་རྗེས་སུ་འབྲང་བའི་མདོ་སྡེ་པའི་ལྟ་བ་མི་མཐུན་པ་ནི། དབང་པོ་དང་དོན་དུ་ཕྲད་པའི་བློ་ཡུལ་དྲུག་གི་རྣམ་པ་བཞག་པ་མེད་ཀྱང་ཐུག་ཕྲད་ལ་གཟུང་འཛིན་དུས་མཉམ་དུ་སྐྱེ་བ་སྟེ་གཞན་རིག་ཁོ་ནར་འདོད་པ་དང་། ཡུལ་གྱིས་བཞག་པའི་རྣམ་པ་དང་བཅས་པར་ཤེས་པ་སྐྱེ་སྟེ་སྔ་ཕྱིའི་གཟུང་འཛིན་འདོད་ཅིང་རང་མྱོང་བ་དང་གཞན་དམིགས་པས་འཛིན་པའི་བྱེ་བྲག་དང་། གོང་བུའི་མཚན་ཉིད་ལ་ཡང་རྡུལ་ཕྲ་རབ་རྣམས་སྐོར་བ་བར་དང་བཅས་པ་སྟེ། རླུང་གི་མཐུས་བསྡུས་པར་འདོད་པ་དང་། བར་མེད་ལ་འབྱར་བ་ཡང་མ་ཡིན་པ་པོ་ཏི་བསྡམས་པ་ལྟར་འདོད་པ་དང་། གཞན་ཡང་འདས་མ་འོངས་དང་དབྱིབས་དང་རིག་བྱེད་མ་ཡིན་པའི་གཟུགས་རྡུལ་ཕྲན་གྱི་རྫས་སུ་དང་འདུས་མ་བྱས། གསུམ་པོ་རྣམས་རྟག་པའི་རྫས་དང་མེད་དགག་དང་། མི་ལྡན་པའི་འདུ་བྱེད་རྣམས་གཟུགས། སེམས་སེམས་བྱུང་གསུམ་ལས་གཞན་པའི་རྫས་གསུམ་གྱི་གནས་སྐབས་རྫས་སུ་བྱེ་བྲག་པ་འདོད་པ་དང་མདོ་སྡེ་པ་མི་འདོད་པའི་བྱེ་བྲག་ཀྱང་ཡོད་དོ། །ཞེས་འབྱུང་ངོ་། །བྱེ་བྲག་ཏུ་སྨྲ་བ་ཉིད་ལ་ཡང་། གང་ཟག་རྫས་སུ་ནི་ཡོད། ཕུང་པོ་དང་གཅིག་གམ་ཐ་དད་རྟག་མི་རྟག་བརྗོད་དུ་མེད་པར་འདོད་པ་དང་དེ་ལྟར་མི་འདོད་པ་དང་། རྟེན་བཅས་ཀྱི་མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །བར་འདོད་པ་དང་མི་འདོད་པ་དང་། ཁ་ཆེ་དང་ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱང་ལྟ་བ་ཕྲ་མོ་མི་མཐུན་ནོ་ཞེས་འབྱུང་ངོ་། ༈ །སྒོམ་པ་ནི་བློ་གྲོས་རབ་འདུས་བྱས་ཐམས་ཅད་མི་རྟག །སྐྱེ་བ་ཐམས་ཅད་སྡུག་བསྔལ། རགས་པ་བདག་མེད། མྱ་ངན་ལས་འདས་པ་ཞི་བར་བསྒོམ་འབྲིང་རྣམ་རྟོག་གི་གཉེན་པོར་རླུང་ཐ་མ་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་གསུམ་གྱི་སྒོམ་ཚུལ་རྣམས་ལས་དང་པོ་བ་ཡིར་གསལ་ཏེ་སྒོམ་ཀློང་ནས་གསུངས་པ་བཞིན་ལ། སྤྱིར་ནི་ལྟ་ཕྲེང་ལས་འཕགས་པས་རྟོགས་ཤིང་ཁ་ཅིག་རང་བཞིན་ཡིན་པས་པའི་ཕྱིན་ཅི་མ་ལོག་པས་བདེན་པ་བཞི་སྒོམ་པའི་རིམ་གྱིས། །ཞེས་དང་། ཡང་། ཇི་ལྟར་སྒོམ་ན་རྒྱུད་བླ་མ་ལས། ནད་ནི་ངོ་ཤེས་པར་བྱ་བ་ལ་ནད་ཀྱི་རྒྱུ་ནི་སྨན་དང་དཔྱད་ཀྱིས་སྤང་བར་བྱ་ལ། ནད་དང་བྲལ་བའི་བདེ་བར་གནས་པ་དེ་ཐོབ་པར་བྱ་བའི་ཕྱིར་སྨན་ནི་བསྟེན་པར་བྱ་བ་ལྟར། སྡུག་བསྔལ་༼༠༽གྱི་བདེན་པ་དང་། དེའི་རྒྱུ་༼༠༽ཀུན་འབྱུང་དང་། དེ་དང་བྲལ་བ་འགོག་པ་དང་། དེ་བཞིན་དུ་འཐོབ་པར་བྱེད་པའི་ལམ༼༠༽། ཤེས་༼༠༽པར་བྱ། སྤང་༼༠༽བར་བྱ། རེག་༼༠༽པར་བྱ་ཞིང་། བསྟེན་༼༠༽པར་བྱ། ཞེས་འབྱུང་བ་བཞིན་དུ་སྒོམ་ཏེ། དེ་དག་རེ་རེ་ལ་བཞི་བཞི་རྣམ་པ་བཅུ་དྲུག་དང་ལྡན་པར་ཆོས་བཟོད་པ་དང་རྗེས་སུ་བཟོད་པ་དང་། ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་ཡེ་ཤེས་བདེན་པ་རེ་རེ་ལ་སྦྱར་བས་བཅུ་དྲུག་གིས་རྟོགས་པར་བྱའོ། ༈ །སྤྱོད་པ་ནི། ལྟ་ཕྲེང་ལས། དགེ་བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀུན་རྫོབ་ཤེས་པ་ལ་སྣང་བ་དང་དོན་དམ་ཡེ་ཤེས་ལའང་སྣང་པ་གཉི་གར་སོ་སོར་ཡོད་པར་ཕན་ཚུན་འགལ་བས་བདེན་པར་མིན་ཀྱང་ལྟ་བས། ལུས་ངག་གི་དགེ་བ་ནི་སྤྱོད་སྡིག་པ་ནི་སྤོང་བ་ནི་ཐ་པ་སའི་སྒྲས་གདུངས་པའི་དོན་ནི་དཀའ་ཐུབ་སྟེ་འབྲས་བུ་འདོད་པའི་ཕྱིར་ལུས་གདུང་བར་བྱེད་པ་དང་བྷ་དྭའི་སྒྲས་བསྒྱུར་བའི་དོན་ནི་བརྟུལ་ཞུགས་ཏེ་འབྲས་བུའི་ཡོན་ཏན་འདོད་པས་རང་གི་ཚུལ་སྔ་མ་ལས་སྒྱུར་བའི་སྤྱོད་པའོ། །ཞེས་དང་། ཡང་། དམ་ཚིག་གི་ཀློང་ལས། དགེ་བ་བཅུ་དང་སྡིག་པ་བཅུའི་ལས་ལ་ཡང་རྩ་བ་བཞི་གཙོ་བོར་བསྟན་ཅིང་། །སེམས་ཅན་གཞན་ལ་གནོད་པར་འགྱུར་བའི་སྦྱོར་བ་རྣམ་པ་ཀུན་ཏུ་སྤངས་ནས། །རྒྱུ་ཉེས་སྤྱོད་ཐ་དད་སྤངས་པས་འབྲས་བུ་རྣམ་སྨིན་སོ་སོར་ལས་ཐར་པ་ཡིན་དེས་ན་རང་དོན་གཙོ་བོ་རུ་སྒྲུབ་པས་སྒོ་གསུམ་གྱི་ཉེས་སྤྱོད་གཉེན་པོས་འདུལ། སྔོན་གྱི་འཕགས་པ་དགྲ་བཅོམ་པའི་རྗེས་སུ་སློབ་པ་ནི་སྤྱོད་པའོ། །ཅེས་པའོ། ༈ །འབྲས་བུ་ནི། འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་གྱི་རྒྱུན་ལ་ཞུགས་པས་རྒྱུན་དུ་ཞུགས་པ་དང་། འདོད་ཁམས་ཀྱི་ལྷ་མིར་ལན་རེ་སྐྱེ་བས་ལན་ཅིག་ཕྱིར་འོང་བ་དང་། འདོད་ཁམས་སུ་མི་སྐྱེ་བས། ཕྱིར་མི་འོང་བ་དང་། ཁམས་གསུམ་གྱི་སྲེད་པ་ཟད་པས་འདོད་ཆགས་ཅན་ཐམས་ཅད་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་པ་དང་བཞི་ལས་གསུམ་གནས་སྐབས་ཀྱི་འབྲས་བུ་དང་དགྲ་བཅོམ་མཐར་ཐུག་ཏུ་འགྱུར་ཏེ། དེ་བཞི་ལ་ཡང་། འབྲས་ཀླང་རྒྱུར་ཞུགས་པ་དང་འབྲས་བུར་གནས་པ་གཉིས་གཉིས་སུ་ཕྱེ་བས་ནི། །ཟུང་གཞི་ལ་ཡ་བ་བརྒྱད་ནི་ལུས་རྒྱན་ཆ་དང་བྲལ། །ཞེའོ། །དགྲ་བཅོམ་པ་ལ་ཡང་ཁམས་གསུམ་གྱི་ཉོན་མོངས་པ་ཟད་ཀྱང་ལུས་མ་དོར་པའི་ལྷག་བཅས་དང་། ཕུང་པོ་ལྔ་ཅར་འགགས་པའི་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་སྟེ། ལུས་མེད་གཟུང་འཛིན་ཕྲ་བ་ཙམ་མོ་ཞེས་འབྲས་ཀློང་ལས་ཡོད་པར་ནི་གསུངས་སོ། ༈ །སུན་དབྱུང་བ་ནི། དོན་བཞི། རགས་པ་ལ་བསྒྲིབས་མ་བསྒྲིབས་ལ་སོགས་པ་གཞིགས་ཕྲ་བ་ལ་ཕྱོགས་ཆས་གཞིགས་ཏེ་ཆ་མེད་བློས་གཞིག་པ་ལས་འདས་པའི་གཟུང་བ་མི་གནས་པས། དེ་ལ་འཛིན་པའི་སྐད་ཅིག་མའང་བདེན་པ་མིན་ལུང་དྲང་ལུང་ངེས་ལུང་གཉིས་གསུངས་པ་ལས། ནང་པ་རང་གི་རྒྱལ་བའི་ལུང་ལས་རྡུལ་ཕྲན་དང་སྐད་ཅིག་མ་གཉིས་ཀྱི་དོན་གྲུབ་པར་གསུངས་པ། ཐེག་པ་གོང་མ་ལ་འཇུག་པའི་ལམ་སྟེགས་དྲང་དོན་ཙམ་ལས་ངེས་དོན་ཡིན་པར་ག་ལ་འཐད། ཅེས་དང་། མྱ་ངན་འདས་པ་ཡང་མ་ཐོབ་པར་གསུངས་ཏེ། དེ་སྐད་དུ། རྒྱུད་བླ་མ། དེས་ན་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་མངའ་བའི་སངས་རྒྱས་མ་ཐོབ་པར། སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་རྟོགས་པ་མི་འཐོབ་སྟེ། དཔེར་ན། འོད་དང་འོད་ཟེར་སྤངས་ནས་མ་མཐོང་བས་ནི་ཉི་མའི་དཀྱིལ་འཁོར་བལྟ་བར་མི་ནུས་པ་བཞིན་ནོ། །ཞེས་འབྱུང་ངོ་། ༈ །དགེ་བཤེས་ལ་མི་ལྟོས་པར་རང་གིས་འབྲས་བུ་བྱང་ཆུབ་ཐོབ་པར་ཀྱི་དོད་པའི་ལྟ་བ་ནི། བྷི་བྷི་ཤ་ན་ལུང་བསྟན་པའི་མདོ། རྒྱུ་ལ་འབྲས་བུ་རྟེན་ཅིང་རྒྱུའི་རྗེས་སུ་འབྲས་བུ་འབྲེལ་བར་འབྱུང་བ་ཟབ་མོ་སྒྱུ་མ་ལྟ་བུའི་མཚན་ཉིད་དུ་མཐོང་བ་དང་། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་བརྗོད་པ་དང་བྲལ་བའི་དོན་རྟོགས་པའོ། །ཞེས་གསུངས་པ་དང་། ཡོ་ག་ཙརུའི་ཊཱི་ཀ་ལས། གཟུགས་ཀྱི་ཕུང་པོ་ལས་གཟུང་བའི་ཆོས་ལ་བདག་མེད་རྟོགས། ཞེས་འབྱུང་ལ། རྟོགས་པ་དེ་ཡང་། རྒྱས་པའི་རྒྱུད། དགེ་བཤེས་ལ་མི་སློབ་པར་རང་གི་རིག་པས་རྟོགས་པས་རང་རྒྱལ། ཞེའོ། །ཞེས་པས། དེ་ཡང་ཤེས་རབ་ཀྱི་དབང་པོ་རྣོན་པོ་སྟེ་ཉན་ཐོས་ལས་ལྟ་སྤྱོད་ཁྱད་པར་དུ་འཕགས་ཀྱང་། འོན་ཀྱང་བརྗོད་དུ་མེད་དོ་སྙམ་དུ་འདུ་ཤེས་འཇུག་པས་འཛིན་པ་ཆོས་ཀྱི་བདག་ནི་ངེས་པར་ཡོད་པ་ཉིད་དུ་ལྟའོ། ༈ །སྒོམ་པ་ནི། སྒོམ་ཀློང་ལས། བཅུ་གཉིས་ཀྱི་དང་པོ་མ་རིག་པ་བརྒྱད་པ་སྲེད་པ་དང་དགུ་པ་ལེན་པ་གསུམ་རྒྱུ། །གཉིས་པ་འདུ་བྱེད་དང་བཅུ་པ་སྲིད་པ་གཉིས་རྐྱེན་དུ་གནས་ཏེ། །རྣམ་ཤེས། མིང་གཟུགས། སྐྱེ་མཆེད་དྲུག །རེག །ཚོར། སྐྱེ་བ། རྒ་ཤི །བདུན་པོ་འབྲས་བུ་སྡུག་བསྔལ་ཉིད་དུ་གྲུབ་པས། །རྒྱུ་མ་རིག་པ་ནས་བཀག་པ་ནི་འབྲས་བུ་ཡིད་སྦྱིན་བདེ་བའི་མཆོག །ཅེའོ། ༈ །སྤྱོད་པ་སྤྱིར་ཉན་ཐོས་དང་འདྲ་ནི། སྐད་དགུ། སྟོད་ནས་མེ་འབར་བ་སྨད་ནས་ཆུ་འབྲུག་པ་ལ་སོགས་པ་སྤྱོད་པ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་གྱིས། །གཞན་གྱི་དོན་ཤས་འགའ་ཙམ་སྤྱོད་པའོ། །ཞེས་འབྱུང་ངོ་། ༈ །འབྲས་བུ་ནི། དབང་པོ་རྣོན་པོ་བསེ་རུ་ལྟ་བུ་གཅིག་པུར་གནས་པ་དང་རྟུལ་པོ་གཞན་ལ་ལྟོས་པས་སྡེ་དང་ཁྱུས་གནས་པ་ཚོགས་ན་སྤྱོད་པ་གཉིས་ཏེ། མཐར་ཡིད་སྦྱིན་བདེ་བ་མཆོག་གི་ས་ཐོབ་བོ་ཞེས་འབྱུང་ངོ་། ༈ །དེ་ཡང་འཐད་པ་མིན་ཏེ། གཏེར་གཏད ། གཟུང་བའི་ཡུལ་བདེན་པར་ཡོད་པ་མིན་ཀྱང་འཛིན་པ་ཡོད་པར་ལྟ་ན། ཡུལ་མེད་པས་ཤེས་པ་དེ་གང་ལ་ངེས་པར་འཛིན་པ་གདུང་ཆད་པའི་སྲས་བཞིན་དུ། རིགས་པས་འཐད་པའི་འཛིན་པ་ཡོད་པ་མ་ཡིན་ནོ། །ཞེས་འབྱུང་ངོ་། ༈ །བྱང་ཆུབ་སེམས་དཔའི་ཐེག་པ་ནི། མདོ་སྡེ་རྒྱན་ལས་བསྡུས་པ། ཐེག་པ་ཆེན་པོ་མདོ་སྡེ་མཐའ་ཡས་ལ། དམིགས་༼༡༽པས་དམིགས་པ་ཆེ། རང་གཞན་གྱི་དོན་སྒྲུབ་པས་སྒྲུབ་པ་ཆེ། བདག་མེད་གཉིས་རྟོགས་པས་ཡེ་ཤེས་༼༡༽ཆེན་༼༡༡༡༽པོ་དང་། བསྐལ་པ་གྲངས་མེད་གསུམ་དུ་དཀའ་བ་ལ་སྦྱོར་བས་བརྩོན་འགྲུས་ཆེ། མཐའ་གཉིས་ལ་མི་གནས་པས་ཐབས་ལ་མཁས་པ་༼༡༽དང་། སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་འགྲུབ་པས་གྲུབ་པ་༼༡༽འཁོར་བ་ཇི་སྲིད་པར་སངས་རྒྱས་ཀྱི་ཕྲིན་ལས་མཛད་པས། ཕྲིན་ལས་༼༡༽ཆེན་༼༡༡༡༡༽པོ་བདུན་དང་ལྡན་པས་ན། ཐེག་པ་ཆེན་པོ་ཞེས་བྱ་བར་ནི་ངེས་པར་བརྗོད། །ཅེས་དང་། མདོར་ན་བདག་མེད་གཉིས་རྟོགས་པས་ཤེས་རབ་དང་གཞན་དོན་གཙོར་སྤྱོད་ཀྱི་སྙིང་རྗེ་ཆེ་བའི་ཐེག་པ་ཆེན་པོ་ཞེས་བྱའོ། ༈ །ཐེག་ཆེན་དེའི་ལྟ་བ་ལ་ཡང་དབུ་སེམས་གཉིས་ལས། སེམས་ཙམ་ལས་ཕྱི་རོལ་གྱི་དོན་འགོག་པས་པ་ནི། འཇིག་རྟེན་ན་གྲགས་པ་དང་བསྟན་བཅོས་ལས་འབྱུང་བའི་བདག་དང་སྲོག་དང་སྐྱེ་བ་པོ་དང་ཤེད་ལས་སྐྱེ་བ་ལ་སོགས་པ། བདག་ཏུ་བརྗོད་པ་སྣ་ཚོགས་དང་། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ། ཆོས་སུ་ཉེ་བར་འདོགས་པ་སྣ་ཚོགས་པ་དུ་མ་དག་ནི། རྣམ་པར་ཤེས་པར་གྱུར་པ་ལས་ཕྱི་རོལ་ན་དོན་མེད་ལ། གྱུར་པའི་རྣམ་ཤེས་དེ་ཡང་ལས་ཀྱིས་འཕངས་པའི་འབྲས་བུ་རྣམ་པར་སྨིན་པ་ཀུན་གཞི་དང་། དེ་ལ་རྟག་ཏུ་ངར་སེམས་པའི་བདག་ཉོན་ཡིད་དང་ཡུལ་ལ་སོ་སོར་རྣམ་པར་རིག་པ་ཚོགས་དྲུག་དང་གསུམ་ཡིན་ནོ། །བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་བ། །དེ་ནི་རྣམ་པར་ཤེས་པར་གྱུར། །གྱུར་པ་དེ་ཡང་རྣམ་པ་གསུམ། །རྣམ་པར་སྨིན་དང་ངར་སེམས་དང་། །ཡུལ་ལ་རྣམ་པར་རིག་པའོ། །ཞེས་སུམ་ཅུ་པ་ལས་སོ། ཞེས་སུམ་ཅུ་པ་ལས་འབྱུང་ལ། ཚོགས་བརྒྱད་པོ་དེ་དག་སེམས་ལས་བྱུང་བ་ང་གཅིག་དང་བཅས་པས་རྣམ་པར་བརྟགས་པའི་ཡུལ་ཕྱི་སྣོད་དང་། ཡང་དག་མ་ཡིན་ཀུན་རྟོག་ནི། སེམས་དང་སེམས་བྱུང༴ ཞེས་དྲང་། བདག་དང་ཕུང་པོ་ཁམས་དང་སྐྱེ་མཆེད་གཟུགས་སྒྲ་ལ་སོགས་པའི་དངོས་པོ་དེ་དག་མེད་པས། སུམ་ཅུ་པ་ལས། རྣམ་པར་ཤེས་པ་གྱུར་པ་འདི། རྣམ་པར་རྟོག་པ་ཁོ་ན་ཡིན་ཏེ། དམིགས་པ་མེད་པའི་ཕྱིར་ཁམས་གསུམ་དང་འདུས་མ་བྱས་ཐམས་ཅད་རྣམ་པར་རིག་པ་ཙམ་ནི་དེ་ལས་ལྷག་པའི་ཡུལ་གཅོད་པའོ། །དུ་འདོད་ལ། དེ་ཉིད་ལ་ངོ་བོ་ཉིད་ཀུན་བརྟགས་དང་གཞན་དབང་དང་ཡོངས་སུ་གྲུབ་པའི་མཚན་ཉིད་དང་གསུམ་གྱི་རྣམ་པར་བཞག་ཐམས་ཅད་རྣམ་པར་རིག་པ་ཙམ། རྣམ་རྟོག་ཡིན་ཏེ་དེ་ཡིས་ནི། རྣམ་བརྟགས་དེ་མེད་དེས་ན་འདི། ཞེས་སོ། །པའང་མི་འགལ་བས་བྱེད་དོ། ༈ །དེ་ལ་ཡང་ཕྱི་རོལ་དོན་གྱི་རྣམ་པར་སྣང་བ་འདི། ཤེས་པའི་གོ་བོར་བདེན་པར་འདོད་པའི་རྣམ་པ་བདེན་པར་སྨྲ་བ་ཞེས་སྟེ། དབུ་མ་རྒྱན། ཕྱི་རོལ་གྱི་དོན་མེད་པ་དེ་ཕྱིར་ཡུལ་དུ་སྣང་བ་འདི་ནི་སེམས་པོ་ལས་ལོག་པའི་ཤེས་པ་ཡི་མྱོང་བ་རང་བཞིན་དུ་ཐ་མི་དད་པའི་བདག་ཉིད་ཡིན་པས་བདག་ཤེས་པར་རུང་བས་རང་རིག་པར་འདོད་དོ། །ཕྱི་རོལ་དོན་གྱི་རང་བཞིན་དུ་ཐ་མི་དད་པའི་ཤེས་པ་ལས་གཞན་དུ་གྱུར་པ་དག་ལ། །ཤེས་དེ་ཡིས་འབྲེལ་པ་མེད་པས་དོན་ཇི་ལྟར་ཤེས་པར་འགྱུར། །ཞེས་འབྱུང་ངོ་། །དེ་ལ་ཡང་ཤེས་པ་འདྲ་དུ་མ་མི་སྐྱེ་བར་བཤད་པས་ཤེས་པ་ལ་སྣང་དཀར་དམར་དུ་མར་སྣང་ཡང་བདེན་མིག་གི་ཤེས་པ་རྫས་གཅིག་གི་རང་བཞིན་ཏུ་བདེན་པར་སྨྲ་བ་ཤེས་རབ་འབྱུང་གནས་སྦས་པའི་ལུགས་དང་། རྣམ་པ་དང་ཤེས་པ་ཐ་མི་དད་པས་རྣམ་པ་ལ་གྲངས་གཅིག་དང་དུ་མ་ཇི་སྙེད་ཡོད་པ་བཞིན་ཤེས་པའི་གྲངས་ཀྱང་གཅིག་དང་དུ་མ་དེ་སྙེད་དུ་བདེན་པར་སློབ་དཔོན་ཤཱཀྱ་བློ་སྨྲ་བ་སྟེ་ནང་ཚེགས་གཉིས་ཡིན་ནོ་ཞེས་འབྱུང་ངོ་། ༈ །རྣམ་པ་བརྫུན་པར་སྨྲ་བ་ནི། གཟུགས་ལ་སོགས་དོན་གྱི་རྣམ་པར་སྣང་བ་རྣམས་ནི། ཀུན་ཤེས་གཉི་གར་མི་བདེན་པར་ཀུན་བརྟགས་དངོས་མེད་བརྫུན་པར་འདོད་དེ། དེ་སྐད་དུ། རབ་ཏུ་བྱེད་པ་ཉི་ཤུ་པ། ཁམས་གསུམ་པོ་འདི་དག་ཆོས་ཅན་རྣམ་པར་རིག་ཙམ་ཉིད་ཡིན་ཏེ་བསྒྲུབ་བྱ། བདེན་པར་ཡོད་པ་མ་ཡིན་ཀྱང་དོན་དུ་སྣང་བའི་ཕྱིར། །དཔེར་ན་རབ་རིབ་ཅན་གྱི་མིག་དག་གིས། །ནམ་མཁར་སྐྲ་ཤད་དང་ཟླ་བ་གཉིས་ལ་སོགས་པ་མེད་ཀྱང་མཐོང་བ་བཞིན་ནོ། །ཞེས་འབྱུང་ངོ་། །དེ་ལ་ཡང་། གཤིས་དག་ཀྱང་སྐྱེ་བོ་ལ་འཁྲུལ་པའི་རྣམ་པ་སངས་རྒྱས་ས་ན་ཡོད་པ་དྲི་མ་དང་བཅས་པ་དང་། རང་རིག་ལ་གཟུང་འཛིན་དྲི་མ་གདོད་ནས་མེད་པ་དག་པ་པ་གཉིས་སུ་འདོད། ཅེས་ཀྱང་གྲག་གོ། ༈ །དབུ་མ་པའི་ལྟ་བ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་སུ་འདོད་དེ། ༈ །དེ་ལ་ཀུན་རྫོབ་ནི། དོན་ལྷག །ཐ་སྙད་དུ་སྣང་འཇལ་གྱི་ཤེས་པའི་ངོར། འཁྲུལ་པའི་བློ་ལ་སྣང་བའི་ཡུལ་ཀུན་རྫོབ་ཙམ་ལ་དབྱེ་ན། རྣམ་པར་རྟོག་པས་ཀུན་ཏུ་བརྟགས་པ་དང་རྒྱུ་རྐྱེན་གཞན་གྱི་དབང་ནི་མ་དག་པ་གཟུང་འཛིན་སྣང་བའང་ཀུན་རྫོབ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཡུལ་ཇི་སྙེད་པ་དང་བཅས་པའང་ཀུན་རྫོབ། ༈ །སྣང་བ་ལ་དེ་དང་མཐུན་པར་དོན་བྱེད་ནུས་པ་ནི་ཡང་དག་པའི་ཀུན་རྫོབ་སྟེ་དེ་ལ་སྤང་བྱ་སྒྲིབ་པ་དང་། དེ་སྤོང་བྱེད་ཀྱིི་གཉེན་པོ་ཚོགས་སྦྱོར་མཐོང་སྒོམ་མཐར་ལམ་ལྔ་དང་། སྤངས་པའི་འབྲས་བུ་ཡེ་ཤེས་བཞི་དང་སྐུ་གཉིས་ཀྱང་ཀུན་རྫོབ། སྣང་བ་ཙམ་ལས་དོན་མེད་པས་གྲུབ་མཐའ་ངན་པས་བརྟགས་པའི་རྟོག་བཅས་༼༡༽དང་དབང་ཤེས་རྟོག་མེད་༼༡༽འཁྲུལ་༼༡༽པའི་ལོག་པའི་ཀུན་རྫོབ། ཞེས་གསུངས་སོ། ༈ །དེ་ལ་ཡང་། སློབ་དཔོན་ཞི་བ་འཚོ་ཀུན་རྫོབ་ཏུ་ཕྱི་རོལ་གྱི་དོན་མེད་པར་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། སློབ་དཔོན་བྷ་བྱ་དང་ཡེ་ཤེས་སྙིང་པོ་གཉིས་ཕྱི་ནང་གི་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ཙམ་དུ་ཡུལ་སེམས་ཐ་དད་དུ་འདོད་པའི་མདོ་སྡེ་སྤྱོད་པའི་དབུ་མ་གཉིས་ཀུན་རྫོབ་ཅུང་ཟད་མི་མཐུན་ཡང་། དབུ་མ་སྣང་བ་ལས། དབུ་མ་འདི་གཉིས་ཀུན་རྫོབ་ཏུ་ཅུང་ཟད་མི་མཐུན་ཡང་། ཟླ་བ་གྲགས་པས་འཇིག་རྟེན་གྲགས་ངོ་དང་བསྟུན་ནོ། །དོན་དམ་པར་ཕྱི་ནང་གི་དངོས་པོ་ཐམས་ཅད་རང་བཞིན་མེད་པར་འདོད་དུ་གསུམ་ཀ །འདྲ་བས་ན་འགལ་བ་མེད་དོ། །ཞེས་འབྱུང་ངོ་། །ཡང་དག་པའི་ཀུན་རྫོབ་དེ་དག་ཀྱང་ཆོས་ཉིད་ལམ་རིམ་ལས། སྒྱུ་མ་ལྟ་བུ་རྐྱེན་ལས་སྐྱེས། །ཕྲལ་སྣང་བྱ་བ་ཀུན་ཀྱང་བྱེད། །རྟོག་ཅན་རྣམས་ལ་མཐུན་པར་ཚད། །གཟུགས་བརྙན་འདྲ་ཕྱིར་བརྟགས་ན་དབེན། །དེ་ཕྱིར་ཐམས་ཅད་སྒྱུ་མ་ཙམ། །བཞི་དང་ལྡན་ཏེ། ཡང་དག་པའི་དོན་མཐོང་བ་ལ་བསྒྲིབས་པས་དེ་སྐད་དུ་ཀུན་རྫོབ་ཅེས་བྱའོ། ༈ །དོན་དམ་པ་ནི། དྲི་མེད་གསང་སྒྲོན་ལས། བརྟགས་པའི་སྐྱེ་བ་ལ་སོགས་པས་སྟོང་པ་རྣམ་གྲངས་ཀྱི་དོན་དམ་པ་ནི་རིགས་པའི་ཤེས་པས་སྣང་བ་ལ་གཞིགས་པས་སྤྲོས་པ་ཕྱོགས་རེས་སྟོང་པའོ། ༈ །བརྟགས་པའི་སྤྲོས་པའི་མཐའ་ཐམས་ཅད་ལས་གྲོལ་བའི་སྟོང་ཉིད་རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ནི། ཤེས་བྱེད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་ལས། ཤེས་བྱ༼༡༽། རྣམ་༼༣༽དག །ཆོས་༼༢༽དབྱིངས། འགྲོ་འོང་ལ་སོགས་སྤྲོས་༼༤༽པ་བརྒྱད་དང་བྲལ་བ་ལ། ཡུལ་དང་ཡུལ་ཅན་དུ་རྟོག་བཅས་ཀྱི་ཤེས་པས་བརྟགས་ཀྱང་། དོན་གྱི་ངོ་བོ་ཉིད་ལ་སྨྲ་བརྗོད་ཀྱི་མཐའ་ལས་འདས་པའི་སྟོང་པ་ཉིད་ཡིན། ཅེས་གསུངས་སོ། ༈ །དེ་ལྟར་གཞི་མ་གྲུབ་པ་ལ་ཁྱད་པར་གྱི་ཆོས་མི་འདྲ་བའི་དབྱེ་བ་མེད་དེ། དབུ་མ་འཇུག་པ་ལས། ཆོས་ཉིད་ཤེས་པ་དམ་པའི་ཡུལ་དོན་གྱི་བདེན་པ་དེ་ལ། གྲངས་ཀྱི་དབྱེ་བའི་སྤྲོས་པ་ཉེ་བར་ཞི་བ་ཡིན། ཞེས་འབྱུང་ངོ་། ༈ །དེའི་མིང་དོན་ནི། ལམ་རྣམ་བཀོད། ཤེས་པར་བྱ་བའི་ཡུལ་གྱི་མཆོག་ཏུ་གྱུར་པ་དོན་གྱི་དམ་པ་ཤེས་རབ་དམ་པ་ཡི། ཡུལ་ཡིན་བས་དམ་པའི་དོན་རྟོག་གེ་བའི་ཡུལ་མ་ཡིན་གྱི། མི་སླུ་བ་དང་ངེས་པའི་ཕྱིར་བདེན་པའི་སྒྲ་འཇུག་གོ། །ཞེའོ། ༈ །སྒྱུ་མ་རིགས་གྲུབ་པ་དང་སྟོང་པ་ཉིད་ལ་ཞེན་པའི་མཚན་མར་སྨྲ་བ་ནི་དབུ་མ་ཆེན་པོའི་དགོངས་པ་མ་ཡིན་ནོ། །ཞེས་འབྱུང་ངོ་། ༈ །དབུ་སེམས་དེ་དག་གི་ཏིང་ངེ་འཛིན་ནི་བསོད་ནམས་ཀྱི་ཚོགས་སོགས་པས་ཚོགས་ལམ་དུ་ལུས། སེམས། ཚོར་བ། ཆོས་དྲན་ཆུང་ངུ་པ་ནི་མཚན་ཉིད་མ་ནོར་བར་ཤེས་པའི་ལྷག་མཐོང་ཉེ་བར་གཞག་པ་ནི་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པའི་ཞི་གནས་བཞི་དང་། འབྲིང་པོ་ཡང་དག་པར་སྤོང་བ་བརྩོན་འགྲུས་ཀྱི་རང་བཞིན་བཞི་དགེ་བ་མ་སྐྱེས་པ་སྐྱེད། སྐྱེས་པ་སྤེལ། སྡིག་པ་མ་སྐྱེས་པ་མི་སྐྱེད། སྐྱེས་པ་སྤོང་བ་དང་། རྫུ་འཕྲུལ་གྱི་མངོན་ཤེས་ལྔ་ལ་དེར་འགྲོ་བའི་རྒྱུ་ཡིན་པས་རྐང་པ་བཞི་སྒོམ་མོས་དང་བརྩོན་འགྲུས་སེམས་དང་དཔྱོད་ལ། ༈ །མོས་པ་སྤྱོད་པའི་ས་སྦྱོར་བའི་ལམ་དུ་ཐར་པ་ཆ་མཐུན་གྱི་དགེ་བ་ལ་དབང་བས་དབང་པོ་དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ནི། ལྔས་སྣང་བ་ཐོབ་པས་དྲོད་དང་མཆེད་པ་རྩེ་མོར་གནས་ལ། །མི་མཐུན་པས་མི་ཉམས་པས་སྟོབས་ལྔས་དོན་གྱི་ཕྱོགས་གཅིག་ལ་ཞུགས་པས་བཟོད་པ་དང་འཇིག་རྟེན་དེ་མ་ཐག་པ་ཆོས་མཆོག་ཏུ་གྱུར་ཏེ། ལམ་དེ་གཉིས་ལྟ་བ་བདེན་གཉིས་ཀྱི་དོན་སྤྱིའི་རྣམ་པ་ཙམ་ལ་དམིགས་པས་ཞི་གནས་འབའ་ཞིག་སྒོམ་པ་ལ། བསྐལ་པ་གྲངས་མེད་པ་གཅིག་གིས་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ་རོ། ༈ །མཐོང་ལམ་ཐམས་ཅད་སྟོང་ཉིད་དུ་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཆོས་རྣམ་པར་འབྱེད་པ་སྟེ་དེ་ལ། ས་དང་པོ་རབ་ཏུ་དགའ་བའི་ས་ལ་གནས་པའི་ཚེ་བྱང་ཆུབ་ཅེས་བྱ་སྟེ་གཙོ་བོ་དང་ཡན་ལག་གཉིས་ཀའོ། །ཀྱི་ཡན་ལག་བདུན་དྲན་པ་དང་། རྣམ་པར་ཆོས་འབྱེད། བརྩོན་འགྲུས། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན། བཏང་སྙོམས་བདུན་དང་ལྡན་ལ། ༈ །ས་གཉིས་པ་ནས་དྲི་མ་མེད་པ། འོད་བྱེད་པ། འོད་འཕྲོ་བ། སྦྱང་དཀའ་བ། མངོན་དུ་གྱུར་པ་། རིང་དུ་སོང་བ་བརྒྱད་པ་མི་གཡོ་བའི་བར་མཐོང་སྤང་སྒོམ་སྤང་རིང་དུ་སྤངས་པས་འཕགས་པའི་དེར་འགྲོ་བའི་སྒོའམ་རྒྱུ་ལ་ལམ་གྱི་ཡན་ལག་བརྒྱད་ལྟ་བ། རྟོག་པ། ངག་དང་། ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན། བསྒོམ་མོ། ༈ །སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་བཞི་དང་བསམ་གཏན་བཞི་དང་ཚད་མེད་པ་བཞི་སྙོམས་འཇུག་བཞི། རྣམ་པར་ཐར་པ་བརྒྱད། མཐར་གྱིས་གནས་པ། ལ་སོགས་པ་ཡང་ལམ་གྱི་གྲོགས་ཙམ་དུ་གནས་སོ། ༈ །མཐོང་སྒོམ་གྱི་ལམ་པོ་དེ་དག་ལ་ཡང་བསྐལ་པ་གྲངས་མེད་གཅིག་གིས་སྒྲིབ་པར་རག་པ་སྦྱོང་ངོ་། ༈ །ས་བརྒྱད་པ་དང་ས་དགུ་པ་ལེགས་པའི་བློ་གྲོས་དང་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པའི་ཚེ། དེ་བཞིན་གཤེགས་པ་ལོངས་སྐུའི་ཞལ་བསྟན་པ་དང་ཕྱག་གིས་སྤྱི་བོར་བཀབ་པས་དབང་བསྐུར་ནས། འཚང་རྒྱ་བ་ལ་གང་གིས་ཀྱང་བར་ཆད་པ་མེད་པའི་ལམ་གཉེན་པོ་གཞན་མེད་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དྲི་མེད་དམ་པའི་ཤེས་རབ་གྱིས་ཤེས་བྱ་ཐམས་ཅད་མཁྱེན་པ་ཁོ་ན་ལ་སྒྲིབ་པ་ཤིན་ཏུ་ཆ་ཕྲ་བ་དེ་བསྐལ་པ་གྲངས་མེད་པ་གཅིག་གིས་རྒྱུན་བཅད་ནས་སངས་རྒྱས་ཀྱི་ས་ཐོབ་པ་ནི་བདག་གཞན་གྱི་དོན་མཐར་ཕྱིན་པའི་ལམ་མོ། ༈ །སྤྱོད་པ་ནི། སྡོམ་པ་ཉི་ཤུ་པ་ལས། འགྲོ་བ་འདུལ་བའི་རྐྱེན་དུ་འཚམ་པར་བཞིན་དུ་ཚར་མི་གཅོད་པ་དང་། རྫུ་འཕྲུལ་བསྟན་ནས་སྲིད་བསྡིགས་པ་སོགས་པ་སྦྱོར་བ་དམ་པ་མིན་པས་འདུལ་བཞིན་དུ་མི་བྱེད་ན་ཉམས་པར་འགྱུར། བསམ་པ་སྙིང་རྗེར་ལྡན་པའི་ཕྱིར་དང་བྱམས་པའི་ཕྱིར་དང་། སེམས་དགེ་བ་ལ་དགེ་སྡིག་གང་སྤྱད་ཀྱང་ཉམས་པའི་ཉེས་པ་མེད། ཅེས་འབྱུང་སྟེ། དེ་ཡང་། ཐོག་བསྡུས། ཐབས་བྱམས་སྙིང་རྗེ་ཆེན་པོ་རྣམས་དང་ལྡན་པ་ལ། །ཉོན་མོངས་པ་སྤྱོད་པ་ཉིད་བྱང་ཆུབ་ཐོབ་པའི་ཡན་ལག་ཏུ་འགྱུར། །ཞེས་དང་། སྤྱོད་འཇུག་ལས། ཐུགས་རྗེ་ཆེན་པོ་མངའ་བའི་གདུལ་བྱ་རིང་བ་ཕ་རོལ་གཟིགས་པས་ཉན་ཐོས་ལ་བཀག་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་གནང་། ཞེས་འབྱུང་བས། མདོར་བསྡུ་ན་ཅི་བྱེད་ཀྱང་སྙིང་རྗེས་གཞི་བཟུང་ནས་སྤྱོད་པའོ། ༈ །འབྲས་བུ་ནི། ས་ལམ་གྱི་ཀློང་ལས། སྐུ་གསུམ་ཆོས་ལོངས་སྤྲུལ་ཡེ་ཤེས་མེ། མཉམ། སོ། བྱའི། བཞི་ཡི་བདག་ཉིད་ཡིན་དེ། ཆོས་སྐུ་མཉམ་པར་བཞག་པ་ལ་གཟུགས་སྐུ་གཉིས་ཀྱི་རྗེས་ཐོབ་ཀྱི་ཚུལ་དུ་གནས་པའམ། སངས་རྒྱས་མཉམ་བཞག་འབའ་ཞིག་ཙམ་ཡིན་ལ་གཟུགས་སྐུ་གཉིས་པོ་འདུལ་བྱ་འཁོར་གྱི་བློ་ལ་སྣང་༼༠༽བས་སྒྲོ་འདོགས་པར་འདོད་པ་དང་། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཙམ་ཞིག་ཆོས་སྐུ་ཡིན་ལ་གཟུགས་སྐུ་གཉིས་དེ་༼༠༽བཞིན། ཀུན་རྫོབ་སྒྱུ་མ་ཙམ་དུ་རང་སྣང་གི་ཡེ་ཤེས་གནས་པར་འདོད་པའང་འཁོར་གྱི་སྣང་བ་དེའི། སྒྲིབ་པ་ཐམས་ཅད་སྤངས་པས་ཀུན་ཏུ་འོད་ཀྱི་ས་སྟེ་དེ་ལ་བཞག་པ་ཡིན། ཞེས་དགའ་རབ་ཀྱིས་གསུངས་པ་བཞིན་ནོ། ༈ །སུན་དབྱུང་བ་ནི། སེམས་ཙམ་པ་མྱོང་བ་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་པའི་བདེན་པར་འདོད་པ་ཡང་མི་འཐད་དེ། དེ་སྐད་དུ། དོན་ལྷག །རང་རིག་གཞན་དབང་ལས་སྐྱེ་བ་དེ་ཡང་རྟག་པ་ལས་སྐྱེའམ་མི་རྟག་པ་ལས་སྐྱེ་བར་འགྱུར་ཞེས་བརྟག་གྲང་ན། རྟག་པ་ལས་སྐྱེ་ན། རིམ་དང་ཅིག་ཅར་དུ་བརྟགས་པས། བྱེད་པ་པོར་མི་འཐད་ལ། མི་རྟག་པ་ལས་སྐྱེ་ན། དུས་གསུམ་གྱི་འདས་པ་ལས་སྐྱེའམ་མ་འོངས་པ་ལས་སྐྱེ། འདས་པ་ལས་སྐྱེ་ན་ཞིག་ནས་མེད་པས་སྐྱེད་བྱེད་ཀྱི་རྒྱུ་མིན། མ་འོངས་པ་ལས་སྐྱེ་ན་མ་སྐྱེས་པས་མེད་པ་དེ་དང་འདྲ་སྟེ་དངོས་མེད་དེ་གཉིས་ཀྱིས། ད་ལྟར་བ་ལ་ཕན་མ་བཏགས་པས་རྒྱུ་མིན་ནོ། །གལ་ཏེ་རྒྱུ་སྔ་མ་མ་ཞིག་ལ་སྐད་ཅིག་མ་གཞན་གྱིས་བར་མ་ཆོད་པར་འབྲས་བུ་ད་ལྟར་བ་སྐྱེ་འོ་ཞེ་ན་བདག་ཉིད་ཐམས་ཅད་ཀྱིས་བར་མ་ཆོད་དམ། ཕྱོགས་གཅིག་གིས་བར་མ་ཆོད། གཉིས་པ་ལྟར་ན། དེ་ཡང་སྐད་ཅིག་མ་སྔ་མ་འགགས་པའི་དུས་ན་ད་ལྟར་བ་རང་རང་སྐྱེ་བའི་ཕྱོགས་ཀྱི་དུས་དང་། སྐད་ཅིག་མ་ཕྱི་མ་སྐྱེད་པའི་དུས་སུ་ད་ལྟར་རང་འགག་པའི་ཕྱོགས་ཀྱི་དུས་དང་ཆ་གཉིས། ལྡན་ཏེ་ཕྱོགས་གཅིག་གིས་མ་ཆོད་ན་དུས་ཆ་ཡོད་པ་དེ་རྒྱུན་ཡིན་གྱི་དུས་མཐའི་སྐད་ཅིག་མའི་མིང་གི་དོན་དང་འགལ་བས་ན། དེ་ཡང་མི་འཐད་དོ། ༈ །དང་པོ་ལྟར་ན་སྔར་གྱི་རྒྱུ་འགག་དུས་ཀྱི་ད་ལྟར་བ་རང་སྐྱེ་བའི་ཕྱོགས་དང་། འབྲས་བུ་ཕྱིས་སྐྱེ་དུས་ཀྱི་ད་ལྟར་བ་རང་འགག་པའི་ཕྱོགས་གཉིས་གཅིག་སྟེ་བདག་ཉིད་ཐམས་ཅད་ཀྱིས་མ་ཆོད་ན་དེ་བཞིན་དུ་སྔ་ཕྱི་ཐམས་ཅད་དུས་མཐའི་སྐད་ཅིག་གཅིག་ལ་ཐིམ་པར་འགྱུར་བས་དུས་རྒྱུན་འཆད་དེ་བསྐལ་པ་ཡང་སྐད་ཅིག་ཉིད་དུ་ཐལ་པར་འགྱུར་རོ། །ངེས་དོན་གྱི་མདོ་ཟབ་ཅིང་རྒྱ་ཆེ་བ་ལས་སྐྱེ་འགག་གི་རྒྱུན་ལས་གྲོལ་བའི་ཡེ་ཤེས་བསྔགས། འཕགས་པ་རིགས་པ་ཅན་ཡབ་སྲས་གྱིས་དངོས་པོར་ལྟ་བ་ལ་ཤིན་ཏུ་སྨད། རྟག་ཏུ་སྐྱེ་ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། བྱིས་པའི་བློ་ཅན་མཚན་མར་འཛིན་པ་དག །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། ཅེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས་གསུངས་སོ། །ཅེས་དང་། ༈ །ལང་གཤེགས། བློ་ཡིས་དངོས་པོ་ལ་རྣམ་པར་གཞིགས་ན་ནི། རྒྱུ་རྐྱེན་གཞན་གྱི་དབང་གིས་སྐྱེ་བ་མེད་ཅིང་ཀུན་ཏུ་བརྟགས་པ་འང་མེད། ཡོངས་སུ་གྲུབ་པའི་དངོས་པོ་ཡང་བདེན་པར་མེད་ན། ཞེས་པ་རང་བཞིན་མེད་༼ངོ་༽ ཅིང་རྣམ་རིག་༼ཤེས་དྲུག༽མེད། །དངོས་༼ཉོན་༽པོ་མེད་ཅིང་ཀུན་གཞི་མེད། །རོ་མཚུངས་བྱིས་པ་རྟོག་གེ་བ། །ངན་པ་རྣམས་ཀྱིས་འདི་དག་བརྟགས། །མཚན་ཞི་མའི་དངོས་པོ་རྣམ་རིག་ཤེས་དང་། །ཉོན་ཡིད་ཀྱིས་གཡོ་བ་གང་ཡིན་ལས། །ང་ཡི་སྲས་རྣམས་རབ་འདས་ནས། །དེ་དག་རྣམ་པར་མི་རྟོག་དཔྱོད། །ཅེས་སོ། །ལ་སོགས་པ་འབྱུང་ངོ་། ༈ །དབུ་མ་པའི་ཀུན་རྫོབ་ཀྱི་བདེན་པ་མི་འཐད་པ་ནི། དོན་ལྷག །ལམ་དང་འབྲས་བུ་ཡེ་ཤེས་ཀུན་རྫོབ་ཏུ་འདོད་པ་ནི་ཀུན་རྫོབ་ཀྱི་མཚན་ཉིད་དང་ལམ་འབྲས་རིགས་པས་བརྟགས་ན་འགལ། དེས་ན་ཡང་དག་པའི་དོན་ལ་རྫོབ་ཅིང་ངེས་པའི་དོན་ལ་སྒྲིབ་པའི་ཕྱིར་མཚན་ཉིད་དེ་དང་། མཐོང་ལམ་དེས་རྟོགས་ནས་སྒོམ་ལམ་ངེས་དོན་ལ་གནས་པར་འདོད་པ་དེ་གཉིས་གཅིག་ཏུ་ག་ལ་རིགས། ཞེའོ། ༈ །དོན་དམ་མི་འཐད་པ་ནི། གཤིས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་དང་བྲལ་བའི་ངང་ཚུལ་ཡིན་པ་དེར་གྲོལ་བ་སངས་རྒྱས་སུ་བཟུང་བ། དེ་ལྟར་དུ་བདེན་ན་དང་པོ་འཁྲུལ་སྣང་འཆར་བའི་རྟེན་རང་སྣང་ཡང་མེད་པར་ཟད། སྤྲོས་བྲལ་དེ་འཇལ་བའི་རིགས་པའང་མི་རྙེད་ལ་ཡེ་ཤེས་དེ་རྒྱུན་གཅོད་པའི། གཉེན་པོའང་མི་འཐད་ལ་སངས་ཀྱི་ཡེ་ཤེས་མེད་ན་ལུང་ཡང་བརྫུན་པར་འགྱུར། འགྲོ་བའི་དོན་ནུས་པའི་གཞི་ཆོས་སྐུ་ལ་བཀག་པས་ཐེག་དམན་ཉན་རང་གི་འདོད་པ་དང་མཚུངས་པར་ལྡན། སྔོན་ལམ་དུ་སྨོན་ལམ་བཏབ་པ་དང་སེམས་བསྐྱེད་པ་དང་མོས་ཙམ་གྱིས་འགྲོ་དོན་དེ་འགྲུབ་པར་འདོད་པས་ཉན་རང་དང་མི་འདྲའོ་ཞེ་ན། དེང་སང་འགྲོ་བ་ཐམས་ཅད་རྒྱུན་ཆད་པར་ཐལ། སེམས་ཅན་བསྒྲལ་བར་དམ་བཅས་པའི་སྨོན་ལམ་མི་འགྲུབ་པའོ། །དངོས་སུ་ཆད་པར་ལྟ་བ་ཁས་བླངས་སོ། །འདིར་ཞེན་པའི་སྟོང་པ་ཉིད་ཀྱི་འདམ་ལས་སྔར་སུའང་མ་ཐོན། ཞེས་འབྱུང་ཞིང་། ༈ །དབུ་སེམས་དེ་དག་གི་འབྲས་བུ་ཡང་མཐར་ཐུག་གི་འབྲས་བུ་མ་ཡིན་ཏེ། ཐེག་ཆེན་སྒྲོ་མ། མཚན་ཉིད་པས་བསྐལ་པ་གྲངས་མེད་དུ་བསྒྲུབས་པས་གྲུབ་པའི་འབྲས་བུ་ཀུན་ཏུ་འོད་ཀྱི་ས་ནི། ཐེག་པ་ཆེན་པོ་གསང་སྔགས་ཀྱི་བསྟི་གནས་ཙམ་གྱི་ས་རུ་བསྟན། ཞེས་འབྱུང་བའོ། ༈ །དེ་དག་ལས་རྡོ་རྗེའི་ཐེག་པ་ཁྱད་པར་གོ་བ་མྱུར་བུལ། གཏན་ལ་འབེབས་ཚུལ་མཆན། གྲུབ་མཐའ་ལ། མཆན་མཐའི་སྐྱོན་གྱིས་གོས་མ་གོས། ཉམས་སུ་ལེན་ཚུལ་ཆོས་ཉིད་ཡུལ་དུ་བྱེད་མི་བྱེད། གདུལ་བྱ་ལ་དབང་པོ་རྣོ་རྟུལ། འགྲུབ་པའི་དུས་ཉེ་རིང་། འབྲས་བུ་ལ་གནས་སྐབས་མཐར་ཐུག །གཞུང་ལེགས་པར་བརྟགས་ཏེ་དོན་གསལ་བར་སྟོན་མི་སྟོན་དང་། བདུན་དང་། མདོ་རྒྱུད། ཕར་ཕྱིན། གསང་སྔགས། བླ་མེད། ཐབས། ཐེག་ཆེན་དང་། ཆེན་པོའི་ཆེན་པོ། རྒྱུ་མཚན་ཉིད་དང་། འབྲས་བུ་རྡོ་རྗེའི་མིང་གི་ཁྱད་པར་ལྔ་ཡིས་འཕགས་པར་མཁས་པ་ཉ་རི། རྔོད་ཕུ་བ་དག་གིས་གསུངས་ཀྱང་། དབུ་སེམས་དང་ཀྲི་ཡོག་ཡན་ཆད་ཀྱི་ཁྱད་པར་ཡིན། སྤྱིར་གྲངས་ངེས་མེད་ཀྱང་། མདོར་བསྡུ་ན་དོན་དམ་པ་རང་བཞིན་ཅི་ཡང་མ་ཡིན་པ་ལས། སློབ་དཔོན་པདྨས་ཐབས་ཞགས་ཀྱི་འགྲེལ་པར། ཆོས་ཐམས་ཅད་མཚན་མ་མེད་པ་ལས་བྱུང་བས་དོན་དམ་པ་ནི་རྒྱུའོ། །སྒྱུ་མ་ཙམ་དུ་སྣང་བས་ཀུན་རྫོབ་ནི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་སོ། །རྣམ་བཀོད་ལས། བཞིན་འགྱུར་བཞིན་ལས་གཡོས་མེད་ལྟར། །ཀུན་དངོས་རིག་པ་ཅིར་སྣང་ཕྱིར། །ངོ་བོ་ཉིད་ཀྱི་རྒྱུ་རུ་གཅིག །ཅེས་སོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པས་དངོས་སྟོང་གི་མཐར་མ་ལྷུངས་པ་དང་། ལམ་རིམ་ལས། ཐམས་ཅད་དག་ཅེས་བྱ་བ་ཡང་། དངོས་པོ་བསལ་དག་མ་ཡིན་ཏེ། སྣང་སྤྱོད་ཉིད་ན་རྣམ་པར་དག །དེ་ཕྱིར་ཀུན་རྫོབ་བརྫུན་མི་བལྟ། ཞེས་སོ། །དེ་ཉིད་ཅིར་ཡང་མི་འགག་པར་ལྷའི་དཀྱིལ་འཁོར་ལ་སོགས་པར་སྣང་བས། ཀུན་རྫོབ་འཁྲུལ་པའི་མཐར་མ་ལྷུངས་པས་ཁྱད་པར་དུ་གྱུར་པའོ། ༈ །རྡོ་རྗེའི་ཐེག་པ་དེ་ལ་ཕྱི་ནང་གཉིས་ལས་ལྟ་སྤྱོད་སྒྲུབ་པས་ཕྱི་པ་འདུལ་སྡོམ་ཐུབ་པར་སྲུང་པ་རྒྱུད་ལ་གསུམ་གྱི། ༈ །དང་པོ་ལུས་ངག་གི་བྱ་བ་གཙོར་སྟོན་པས་ཀྲི་ཡ་པ་ནི། དོན་དམ་པ་དག་པའི་ཆོས་ཉིད་ཡོད་མེད་རྟག་ཆད་ཀྱི་མཐའ་བཞིའི་སྤྲོས་པ་དང་བྲལ་བ་ལ། ཀུན་རྫོབ་ཏུ་མེ། མཉམ། སོ། བྱ། ཡེ་ཤེས་བཞིའི་ཡོན་ཏན་རིགས་དེ། པད། རྡོ་རྗེའི། གསུམ་གྱི་ཡེ་ཤེས་དལ་ཡེ་ཤེས་པ། རྗེ་བོ་དམ་ཚིག་པ་འབངས་ཀྱི་ཚུལ་དུ་ལྟ་བའོ། ༈ །ཏིང་ངེ་འཛིན་གྱིས་དམ་ཚིག་པ་མཚན་བཤེན་གསུམ། ཁ་དོག །དབྱིབས། རིགས། ཆོས་ཉིད་སྟོང་པ། གྲག་པ་སྒྲ་བརྙན་གྱི། གདན་ཟླ་བའི། གསུང་ཡིག་འབྲས་བུའི། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་དང་རྗེ་ལྷ་དྲུག་དང་ལྡན་པར་བསྐྱེད་དེ། སྒོམ་ཀློང་ལས། ཡེ་ཤེས་ཅན་རྗེ་བོའི་ཚུལ་དུ་སྤྱན་དྲངས་ཏེ། མཁའ་ཡི་རྟེན་གཟུགས་བརྙན་ལ་ཕྱག་རྒྱ་བཞིས་གཟུད། དེ་ལ་གཙང་མའི་མཆོད་པ་ལྔའམ་བདུན་གྱིས་མཆོད་ལ་མཉམ་བཞག་སྟེ། བདག་ལྷ་འཕྲོ་འདུའི་གསལ་བ་གསུམ་དང་ལྡན་པས་སྔགས་བཟླས་པའི་སྐྱོན་རྔམ་ཀློག་ལས། སྒྲ་ཆེ་མ་ཡིན་ཆུང་བ་མིན། །མགྱོགས་པར་ཡིན་བུལ་བར་མིན། །དྲག་པར་མ་ཡིན་དལ་བར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་མིན་གླལ་སགོས་བར་མ་ཆོད། །རྒྱུ་བའི་སེམས་པ་སྤངས་པ་དང་། །ཞེས་སོ། །བཅུ་སྤངས་ནས་ནི། ཐུན་མཚམས་སུ་ཡེ་ཤེས་སེམས་དཔའ་ལ་མཆོད་པ་དང་བསྟོད་པ་དང་བཤགས་པ་ལ་སོགས་ཟིན་པ་དང་ལྷ་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པའི་དཀྱིལ་འཁོར་བསྡུས་ནས་རྣལ་འབྱོར་པའི་སྤྱོད་ལམ་ཅི་བདེར་གནས་པར་བྱ། ཞེས་འབྱུང་བ་བཞིན་དུ་ཡེ་ཤེས་པའི་བྱ་བ་རྣམས་སོ། ༈ །དེ་ཡང་སྤྱོད་པ་ལུས་ངག་གི་བྱ་བྱེད་གཙོ་བོར་ལེན་ཏེ། བྱ་བ་ལ་གཙོར་བྱེད་པའི་ལམ་པས་མ་སྨས་པ་གཙང་མའི་ཁ་ཟས་༼༠༽དཀར་གསུམ་ལ་སོགས་པ། རས་གཙང་མ་ཁ་དོག་ཚོན་གྱིས་བསྒྱུར་བའི་གོས་གྱོན་དེ་ཡང་ཡར་ངོའི་ཚེས་བརྒྱད་ལ་སོགས་པའི་དུས་བཟང་ལ། གཟའ་༼༡༽ཕུར་བུ་དར་བ་དང་རྒྱུ་སྐར་༼༡༽རྒྱལ་བ་སོགས་བཟང་༼༡༡༽བའི་ཚེ་ལྷའི་གཟུགས་བརྙན་༼༠༽དང་། སྦགས་བཙོག་མེད་པར་གཙང་མའི་མཆོད་པ་ཡོ་བྱད་༼༠༽༼༠༽བསོགས་༼༠༽༼༠༽ནས་གདོང་ལ་སོགས་པ་ཁྲུས་བྱས་ཏེ། ཞེས་འབྱུང་ངོ་། ༈ །ཨུ་པ་ཡ་ནི། དོན་དམ་པ་སྟོང་པ་ཉིད་ལས་ཀུན་རྫོབ་ཏུ་ཡུལ་རྣམ་སྣང་དང་ཡུལ་ཅན་ནམ་མི་བསྐྱོད་པ་བྱ་བ་རིན་འབྱུང་བྱེད་པ་དོན་གྲུབ་གང་རུང་བསྡུས་པའི་ལྷ་རིགས་བཞི་ལ་ཡེ་ཤེས་པ་དཔོན་དམ་ཚིག་པ་གཡོག་གི་ཚུལ་ཏུ་བྱིན་རླབས་སྣང་བར་ལྟ་བ་ཙམ་མི་མཐུན་པ་ལས་གོང་མ་ཡོ་ག་འོག་མ་ཀྲི་ཡ་གཉིས་དང་མཐུན་ཏེ། སྒོམ་ཀློང་། གཉི་ག་དང་མཐུན་པར་སྤྱོད་པའི་རྒྱུད་ཀྱིས་བྱ་བ་དང་རྣལ་འབྱོར་པ། གཉི་གའི་མཐུ་ལས་འབྲས་བུ་གྲུབ་པར་འདོད་པ་ཡིན་ཞེའོ། ༈ །ཡོ་ག་པའི་ལྟ་བ་ནི། དོན་དམ་པར་རྣམ་པར་སྣང་མཛད་ཆེན་པོ་སྟོང་པ་ཉིད་དུ་འདོད་ལ། ཀུན་རྫོབ་ཏུ་སྣང་བ་འདི་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་ལྷ་རིགས་ལྔའི་དཀྱིལ་འཁོར་ཡིན་ཏེ། དེ་ལྟར་ཏིང་ངེ་འཛིན་གསལ་ན་ཡེ་ཤེས་པ་དང་དམ་ཚིག་པ་གྲོགས་པོའི་ཚུལ་དུ་ཐ་དད་ལ་བཟང་ངན་མེད་པར་ལྟའོ། ༈ །མངོན་པར་བྱང་ཆུབ་པ་ལྔ་དང་ཆོ་འཕྲུལ་བཞི་ཡན་ལག་དགུ་ལྡན་གྱི་བསམ་གཏན་གྱི་སྒོ་ནས། འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་དམ་ཚིག་ཐུགས། ཆོས་གསུངས། ཕྲིན་ལས། སྐུ་ཕྱག་རྒྱ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་གྱིས་འབྲས་བུ་གྲུབ་སྟེ། བདེན་པ་གཉིས་སྣང་སྟོང་རེས་འཇོག་ཏུ་ཉམས་སུ་ལེན་ཅིང་ལུས་ངག་གི་བྱ་བྱེད་ལ་གཙོ་བོར་མི་སྤྱོད་དོ། ༈ །ཕྱི་རྒྱུད་གསུམ་པོ་དེ་དག་གི་འབྲས་བུ་ནི། དོན་ལྷག །དོན་དམ་པར་སྤྲོས་པ་དང་བྲལ་བ་དེ་མངོན་དུ་བྱས་པ་ནི་ཆོས་ཀྱི་སྐུ་ཡིན་ལ་ཀུན་རྫོབ་ལྷའི་དཀྱིལ་འཁོར་མཚན་དང་དཔེ་བྱད་དུ་བསྟན་པ་མངོན་དུ་བྱས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ། ཐུགས་རྗེས་འགྲོ་བའི་དོན་དུ་སྣ་ཚོགས་སུ་སྤྲུལ་སྟེ་གདུལ་བྱའི་ངོར་ཅིར་ཡང་ཤར་བ་ནི་སྤྲུལ་སྐུའོ། ༈ །ཞེས་འབྱུང་སྟེ། ལོངས་སྐུ་དེ་ལ་ཡང་ཀྲི་ཡ་པ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་། ཨུ་པ་ཡ་རིགས་བཞི་རྡོ་རྗེ་འཆང་བ་དང་། ཡོ་ག་པ་རིགས་ལྔ་སྲབ་ཅར་དུ་མ་གྱུར་པས་སྟུག་པོ་བཀོད་པའི་སའི་བྱེ་བྲག་ཀྱང་ཡོད་དོ། ༈ །དེ་དག་སུན་དབྱུང་བ་ནི། སྐྲས་དགུ། ཀུན་རྫོབ་ཏུ་ལྷ་ཡེ་ཤེས་པ་དང་བདག་དམ་ཚིག་པ་གཉིས་རྗེ་ཁོལ་དུ་ལྟ། ཆོས་ཉིད་ཀྱི་ཡོན་ཏན་གྱི་ངང་ལ་བཟང་ངན་ཡོད་པར་འགྱུར་ཧེ་རུཿདང་ཁྱབ་པ་ཁས་བླངས་འདོད་ན་དོན་དམ་རང་བཞིན་གྱིས་མཐའི་དྲི་མ་དག་པར་གཅིག་པར་མི་རུང་ལ། ཀུན་རྫོབ་དང་དོན་དམ་གཉིས་ཐ་དད་དུ་འདོད་ཅེ་ན། ཀུན་རྫོབ་ལྷའི་དལ་ཡང་ཡེ་ཤེས་ཀྱི་སྐུ་མིན་པར་ཐལ་ཏེ་དོན་དམ་ལས་ཐ་དད་པའི་ཕྱིར་རོ། །དེ་ཡང་འདོད་ན་བསྒོམས་པས་ཀྱང་འབྲས་བུ་སྣང་བར་མི་རིགས་ཏེ་བསྒོམས་པ་དོན་མེད་དུ་ཐལ། ཞེས་དང་། ༈ །དམ་ཚིག་པ་དང་ཡེ་ཤེས་པ་གྲོགས་པོའི་ཚུལ་དུ་ལྟ་བར་བྱེད་པས། ལྷ་དང་བདག་ཏུ་ཐ་དད་དུ་འདོད་དེ་ཆོས་ཅན། བདག་གཅིག་པའི་འབྲེལ་པ་མེད་པས་ཡེ་ཤེས་པ་བསྒྲུབས་ཀྱང་མི་འགྲུབ་པར་ཐལ་བ་དང་། ཐ་དད་པ་དེས་ན་དོན་དམ་ཉིད་ལ་ཡང་སྐྱོན་ཡོད་པ་ནི། དོན་དམ་ཆོས་ཅན་གཉིས་པ་ཡོད་པར་འགྱུར་གལ་ཏེ་སྐྱོན་དེ་མེད་དེ་གཅིག་གོ་ཅེ་ན། རང་གཅིག་པུ་ལ་གྲོགས་སུ་ལྟ་བར་མི་རིགས་ཏེ་གྲོགས་སུ་འདོད་པའི་དམ་བཅའ་བུད། ཞེས་དང་། རྒྱ་མཚོའི་རྒྱུད། གདོད་མ་ནས་ཕྱོགས་བཅུ་དུས་བཞི་རྒྱལ་བའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་སྟེ། ཀཱ་བཱ་ཙི་མི་ཟད་པར་རྒྱན་གྱི་འཁོར་ལོ་རུ་རང་སྣང་བའི་དོན་དེ། མ་མཐོང་བས་རྨོངས་པའི་འཁྲུལ་པ་རྣམས། བརྒྱུད་པའི་བྱིན་རླབས་ཡོ་ག་ལྷ་དང་ཀྲི་ཡ་ཡོན་ཏན་ལྷར། སྣང་བར་འདོད་ཅིང་བདེན་པ་རེས་འཇོག་ཏུ་སེམས་ཤིང་སྒོམ་པར་འདོད་པ་ལ་སོགས་སྤྱོད་པ་བླང་དོར་ཐེག་པ་གཞན་ལས་འཕགས་པར་འདོད་པ་ནི་ནོར་བའི་ལམ་ཡིན་ཏེ། དཔེར་ན་མིག་མདོངས་བས་ནམ་མཁའ་ལ་འདོམ་གྱིས་བརྙབས་ཀྱང་མི་རྙོགས་པ་བཞིན་དུ། ནོར་བའི་ལམ་གྱིས་མ་ནོར་རྙེད་མི་འགྱུར། །ཞེས་དང་། ༈ །ལམ་རྣམ་བཀོད། ཀྲི་ཡ་པ་རིགས་གསུམ་དང་ཡོ་ག་པ་རིགས་ལྔར་འདོད་པ་དག་ནི། ལྟ་བས་བདག་ཉིད་ཆེན་པོ་དབྱེར་མེད་ཀྱི་དོན་མ་རྟོགས་པའི་ཕྱིར། ཐུན་མོང་གི་མཉམ་པ་ཡིན་པར་ཨིནྡྲ་བྷུ་ཏི་ང་སྨྲའོ། །ཞེས་དང་། ༈ །གཏེར་གཏད། སྣང་སྟོང་རེས་འཇོག་གི་བསམ་གཏན་གྱིས་འབྲས་བུ་གཅིག་སྒྲུབ་པ་ནི། དཔེར་ན་ཚ་རེག་དང་གྲང་རེག་ཐ་དད་པ་གཅིག་ཏུ་བསྡུས་ནས། །འབྲས་བུ་གཙོ་བསྲེག་ཕྱོགས་གཅིག་སྒྲུབ་པར་འདོད་པའི་བླུན་པོ་དང་འདྲ། །ཞེས་དང་། ༈ །ལམ་རིམ། ལམ་གྱི་རྩོལ་བས་ངལ་བ་རྣམས། བྲོད་པ་བསྐྱེད་པའི་ཕྱིར་ཀུན་ཏུ་འོད་དང་། རྡོ་རྗེ་འཛིན་སྟུག་པོ་བཀོད་པའི་ས་རྣམས་འབྲས་བུ་ཡིན་པར་བསྟན་པ་ཡིན་གྱི་མཐར་ཐུག་པ་མ་ཡིན་ནོ། །ཅེས་གསུངས་སོ། ༈ །ནང་པ་ནི། བདག་དང་ལྷ་སེམས་ཀྱི་ཆོ་འཕྲུལ་ལམ་རྩལ་དང་རང་འོད་དུ་འདོད་པས་ཐ་མི་དད་པར་ལྟ་བ་༼༠༽དང་། དེས་༼༠༽ན་དངོས་གྲུབ་རང་ལས་འབྱུང་བ་དང་། བྱང་སེམས་དྲི་ཆེན་ལ་སོགས་པ་དམ་རྫས་ལྔ་ལ་རྫོགས་པར་སྤྱོད་པས་ཕྱི་པ་ལས། ཁ་ཡར་བ་ལ་ཕྱི་པའང་སྤྱོད་པར་གསུངས་ཁྱད་པར་དུ་འཕགས་སོ། ༈ །དེ་ལ་གསུམ་ལས། བསྐྱེད་པ་གཙོར་སྟོན་པ་མ་ཧཱ་ཡོ་གའི་ལྟ་བ་ནི། དོན་དམ་པར་རིག་པ་སྤྲོས་བྲལ་ལ་འཕགས་པའི་དཀོར་ལམ་རིམ་ལས། དོན་མཆོག་ལྔ་འབྲས་ཡེ་ཤེས་དབྱིངས། །བདུན་དང་གསུམ་ཕྱིར་དོན་དམ་པ། །ཞེས་སོ། །བདུན་ལྷུན་གྱིས་གྲུབ་པ་དང་། ཀུན་རྫོབ་རྒྱས་པ། དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་སོ། ཆོས་ཐམས་ཅད་རང་རིག་པའི་སྐུ་དང་ཡེ་ཤེས་སུ་གསལ་བ་ལ་འབྲས་བུ་ལུས་པ་མེད་པར་རྫོགས་པའོ། །དེ་གཉིས་རེ་མོས་སུ་བརྗོད་ཀྱང་དབྱེར། རྒྱས་པ། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། མེད་ཀྱི་ངོ་བོར་སངས་རྒྱས་པར་འདོད་དེ། ༈ །གདུལ་བྱའི་མོས་པ་དང་སྦྱངས་པ་ཐ་དད་ཉོན་མོངས་པ་དང་ཤེས་རབ་ཆེ་ཆུང་གི་སྣང་བས་ལམ་གཉིས་སུ་ཡེ་ཤེས་གསང་བ་ལས། ཐབས་གཉིས་ལམ་དང་གྲོལ་ཡིན་ཏེ། ཕྱེ་བའི་ཐབས་ལམ་ལ་གཉིས་ལས་ཅིག་ཅར་བ་ནི། ཡེ་ནས་ལྷན་སྐྱེས་པའི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས། རི་མོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་མི་རྟེན་པར་ཐིག་ལེའི་བདེ་བ་ཉིད་ཡུམ་མཚན་ལྡན་གྱིས་རྫོགས་པ་སྟེ། བླ་མའི་ཞལ་དུ་རག་ལུས་པའོ། ༈ །རིམ་གྱིས་པ་ནི། རིམ་གསུམ། ངོ་བོ་ནུས་ཕན་གསང་དབང་དང་། ཤེས་རབ་ཡེ་ཤེས་བདེ་ཆེན་པོ། དབང་ལྔ་རིམ་པར་ནོས་ནས་སྟེང་འོག་གི་སྒོ་ལ་བརྟེན་པ་གཉིས་ཏེ། དེ་ཡང་གང་ཞེ་ན། རྒྱ་མཚོ་བྱེ་བྲག་ནི་རླུང་གིས་ཕྱེ་བ་ལས་གཉིས་སུ་གྱུར་པ་ཡི། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྱུང་བའི་སྟེང་༠༽འོག་༼༠༽སྒོ།༼ཿ༽ །དགུག་༠༽ དང་བཀུག་༼༠༽པའི་ཐབས་༼ཿ༽ཉིད་དེ། །འཁོར་ལོ་རྩ་བའི་བཞི། རྐྱེན་གཉིས་ཏེ་གསུམ་གཉིས་དྲུག་སྲོག་ཤིང་རྩ་གསུམ་གཡས་ནས་མེ་གཡོན་ནས་རང་འགྲོ་བས་ནམ་མཁའི་བ་ཐིག་ལེ། །བཞོ་བས་སྟེང་དུ་རྣམ་པར་རྩ་༼༡༽རླུང་༼༡༽ཐིག་ལེ་༼༡༽གྲགས། །བཀུག་༼༡༡༡༽པ་གསུམ་གྱིས་གཡོ་ལྡང་ལ་སོགས་པ་སེམས་ལྔའི་རིམ། །སྐྱེས་པ་ནི་དགའ་བ་བཅུ་དྲུག་གི་ས་ཐོབ་པའི། །རང་བཞིན་ལྷན་ཅིག་སྐྱེས་པ་མྱོང་བའི་ཕྱིར། །ཐབས་མེད་པས་སྤྱད་ན་འཆིང་བའི་ལས་ཉིད་ཀྱིས་འདིར་ཐར་པའི་ཐབས་ལམ། །ཞེས་གསུངས་སོ། ༈ །གྲོལ་ལམ་ལའང་གཉིས་ཀྱི་ཅིག་ཅར་བ་ནི། ལམ་རིམ་ལས། རིམ་གྱིས་པ་ལས་ལྷག་པར་གདེང་དང་ལྡན་པའི་སྐྱེས་བུ་ཡིས། །སྒོམ་པ་དེ། ཀུན། རྒྱ། སྤྲོས། རྣམ་པ་བཞི་ཟུང་འབྲེལ་དུ་ལྡན་པར། །དུས་གདོད་མ་ཉིད་ནས་གོམས་པར་བྱེད། །ཅེས་དང་། རྒྱས་པ་ལས། བློ་མ་བཅོས་པར་གཞི་ཇི་བཞིན་པའི་ངང་མ་ནོར་བར་བཞག་པ་དང་། །འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མངོན་གྱུར་དུ་འབྱུང་། །ཞེའོ། ༈ །སྤྱན་འགྲེལ། ལྷ་སྒོམ་པ་ལ་ཡང་སྙིང་པོ་བརྗོད་པའི་སྐད་ཅིག་གིས་གསལ་བས་དེ་ཉིད་སྟོབས་སུ་གྱུར་པས་མཐར་ཕྱིན་པ་ཞེའོ། ༈ །གཅིག་ཤོས་རིམ་གྱིས་པ་ཀྱང་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཆེན་པོའི་རྣལ་འབྱོར་དང་༼༡༽། མི་འབྱེད་པའི་སྙིང་རྗེ་རྣམ་པ་སྒྱུ་མ་ལྟ་བུའི་དང་༼༡༽། ཕྱག་རྒྱ་རྩ་བའི་ལྷ་གཅིག་པའི་༼༡༽ཡན་ལག་དགུ་པ་དང་། རྟོག་པ་ལྷ་ཞི་ཁྲོ་དུ་མར་སྤྲོས་པའི་༼༡༡༡༡༡༽རྣལ་འབྱོར་དང་། ཟག་མེད་དུ་སྦྱོར་བ་ལ་བར་ཆད་མེད་པར་ཞི་ཁྲོ་ཚོམ་བུ་གཅིག་གསུམ་ལྔ་པའི་ཚོགས་ཀྱི་ཡོ་བྱད་ལྔ་ལ་བརྟེན་ནས་སྒྲུབ་པ་དང་སྟེ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱི་ཡན་ལག་ལྔའོ། །ལམ་དེ་དག་ལ་བདག་དང་གཞན་གྱི་དོན་དུ་སྤྱོད་པ་ནི། ཅིག་ཅར་བ་ལ་བླང་དོར་མེད་པ་རིམ་གྱིས་པ་ལས་རྨད་དུ་བྱུང་བའི་སྤྱོད་པ་དང་། ཐོས་བསམ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལ་དད་བརྩོན་གྱི་སྤྱོད་པ་དང་། སྟོང་ཆེན་གྱིས་ཆོས་ཐམས་ཅད་ལ། རྐྱེན་འཇུག་པའི་ཏིང་ངེ་འཛིན་ལ། རང་བཞིན་མེད་པའི་མི་འབྱེད་པའི་སྙིང་ཐུགས་རྗེའི། ཕྱག་རྒྱ་གཅིག་གི་ཆོས་སྤྱོད་དགུའི་བྱ་བ་སྤང་། པ་རྣལ་འབྱོར་གྱི། སྤྲོས་པའི་ཏིང་ངེ་དང་བཅས་པའི། ཚོམ་བུ་ཚོགས་ཀྱི་དང་། རིག་འཛིན་གྱི་རྫུ་འཕྲུལ་གྱི་སྤྱོད་པ་དང་། ཐབས་ལམ་པའི་བརྟུལ་ཞུགས་ཀྱི་སྤྱོད་པའོ་ཞེས་སྤྱན་འགྲེལ་ལས་འབྱུང་ངོ་། ༈ །འབྲས་བུ་ནི། གནས་སྐབས་སུ་རྣམ་པར་སྨིན་པ་ཡི་དམ་ལྷར་གསལ་ལུས་ཀྱིས་བསྒྲིབས་པ། ལུས་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོར་སྦྱོར་བ་དང་། ཚེ་དང་རིག་པ་ལ་རང་དབང་སྒྱུར་བ་དང་། ལྷའི་ཕྱག་རྒྱ་ཆེན་པོ་གང་གོམས་ཀྱི་ལུས་སུ་གྱུར་པ་དང་། སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་བྱད་ཀྱིས་དེ་ཉིད་ཀྱི་རིག་འཛིན་དང་བཞི་འགྲུབ་ལ། ༈ །མཐར་ཐུག་གི་འབྲས་བུ་ནི། འབྲས་ཀློང་། སྟོང་གསལ་དབྱེར་མེད་ནི་ཆོས་སྐུ་དང་ཀུན་ཏུ་འོད་ཀྱི་ས་ལ། །འཁོར་འདས་ཀྱི་བདེ་བ་ལ་མ་ཆགས་པས་ཆེན་པོར་ལོངས་སྤྱོད་ཀྱི་སྐུ་པདྨ་སྤྱན་གྱི་ས་ལ། །ལོངས་སྐུ་དེ་ཡི་གཟུགས་བརྙན་ཐུགས་རྗེ་བསླང་བ་ནི། །ཐམས་ཅད་ལྷའི་འཁོར་ལོའི་ཚོགས་སུ་གསལ་བའི་ས་དེ་སྤྲུལ་པའི་སྐུ། རྟོག་ཚོགས་ཕུང་ཁམས་སྐྱེ་མཆེད་གནས་འགྱུར་བས་ལྷའི་གྲངས་རིགས་བརྒྱ་ལ་སོགས་པར་ངེས་པ་ཅན། །ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་ཅིང་ཆོ་འཕྲུལ་གྱིས་གཞན་དོན་རྫོགས། །ཞེས་འབྱུང་ངོ་། ༈ །དེའི་འདོད་པ་དེ་དག་དགག་པ་ནི། གསང་སྒྲོན། དེའི་ལྟ་བ་ཡང་བདེན་པ་གཉིས་སུ་མེད་ཅེས་མིང་དུ་བཏགས་པ་དེ་ཡང་། ཤེས་བྱའི་མུ་མཐའ་མཉམ་གྲོལ་གྱི་སྟེང་ནས་ཕྱོགས་གཅིག་པར་ངོས་བཟུང་བས་སྒྲོ་བཏགས་པ་ཉིད་ཡིན་ཀྱང་། དེར་ཞེན་ནས་སྒྲོ་འདོགས་ན་གོང་གི་དབུ་མ་དང་ཕྱི་རྒྱུད་ཀྱི་བདེནཔ་གཉིས་ཀྱང་ཞེན་ནས་གདགས་པས་ཁྱད་ཅི་ཡང་མེད་ལ་ཁྱེད་ཀྱི་གཉིས་མེད་ཕྱོགས་གཅིག་ཏུ་བཟུང་བ་ལ་གཤིས་ལ་ཕྱོགས་གཅིག་པས་སྟོང་། ཞེས་དང་། རིན་པོ་ཆེ་འོད། སྟེང་སྒོ་འཁོར་ལོའི་བདེ་བའམ་འོག་སྒོ་རིག་མའི་བདེ་བ་ཡིས། རང་གནས་ལྷན་སྐྱེས་ཀྱི་རིག་པ་ཚོལ་བའི་ཡེ་ཤེས་ཉིད། རང་གི་རྣམ་རྟོག་ཡིན་ཏེ་དོན་ལ་རྙེད་པ་མིན། །ཆགས་པའི་འདུ་ཤེས་ཅན་གྱི་གང་ཟག་དོན་དུ་དྲང་བའི་དོན་དུ་གསུངས་པ་ཡིན་གྱི་ངེས་པར་ནི་སྤྲོས་བྲལ་རང་བྱུང་གི་སེམས་ནི། །ཆགས་པའི་ལམ་གྱིས་ཤེས་པར་མི་འགྱུར། །གཙང་སྨེ་ལ་བླང་དོར་མེད་པར་སྤྱོད་པའི་བརྟུལ་ཞུགས་ཀྱང་། །དོན་ལ་ངེས་པར་བརྟགས་ན་དེ་ཡང་བླང་དོར་ཉིད་ཡིན། རང་རིག་པ་རྟོགས་པའི་བསམ་པ་དང་བྲལ་བར་བཞག་པ་དེ་ཡང་། །དོན་ལ་བདེ་བའི་དངོས་པོར་འཛིན་པའི་ཞེན་པར་གནས། །ཤེའོ། །ཡང་། ཡེ་ཤེས་གསང་བ། རང་སའི་འབྲས་བུ་ཐོབ་ཀྱང་བཅོས་མའི་ས། མཐར་ཐུག་མ་ཐོབ་པ་སྔ་མ་བསྟན་པ་བཞིན་ཏེ་འདིའི་དོན་ལ་འཇུག་དགོས་པ་འདྲ་བའི་ཕྱིར་རོ། །ཞེའོ། ༈ །ཨ་ནུ་ཡོ་གའི་ལྟ་བ་ནི། མཚན་ཉིད་འཛིན་པས་ཆོས་འཁོར་འདས་ཐམས་ཅད་ཡེ་ནས་སེམས་ཉིད་དུ་མ་སྐྱེས་པ་ནི་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་བྱ། ཆོས་ཀྱི་དབྱིངས་ཞེས་ཀྱང་བྱ། ཡུམ་ཀུན་ཏུ་བཟང་མོ་ཞེས། དེ་ཉིད་ཀྱི་རྩ་ལ་ཅིར་ཡང་མི་འགག་པར་ཐམས་ཅད་དུ་འཆར་བ་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རིག་པའི་ཡེ་ཤེས་ཡབ། དེ་གཉིས་ཐ་མི་དད་པའི་སྙིང་པོ་ནི་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གྱི་དབྱིངས་ཡེ་ཤེས་དབྱེར་མེད་སྲས་བདེ་བ་ཆེན་པོའི་ངང་དུ་ཡེ་ནས་སངས་རྒྱས་པར་དགོངས་འདུས་ལེའུ་བཅུ་དགུ་པ་ལས། སྐྱེ་བཞི་རྒྱུད་ལྔ་གང་སྣང་ཡང་། །སངས་རྒྱས་ཉིད་དེ་ཡེ་ཤེས་སྐུ། །ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགགས་མེད་པའི་སྙིང་པོ་ཡིན། །བྱ་བཙལ་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་བསྒྲུབས་ཟིན་ལྷུན་གྱི་གྲུབ། །ཅེས་སོ། །འདོད་དོ། །དེ་ཡང་ཇི་སྐད་དུ། དགོངས་འདུས་ཀྱི་ཁུངས་དྲངས་པ་ཀྱེ་བོད་པ་འཁོར་དུ་འདུས་པའི་ཚོགས་རྒྱལ་བའི་གདུང་འཚོབ་པའི་སྲས་རྣམས་རང་གི་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལྟ་བར་འདོད་ན། དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ཏུ་འཇུག་པར་བྱའོ་དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དལ་འབའ་ཞིག་གི་སྒོར་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དལ་ཆེན་པོ་གསུམ་དང་། རང་རང་གི་སེམས་ཀྱི་དེ་ཁོ་ན་ཉིད། སོ་སོ་མ་ཡིན་ཐ་མི་དད་དེ། དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དལ་དུ་འདུས་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་ཏེ། མདོར་ན་གཏེར་གཏད་གཉིས་མེད་དུ་འཛིན་པ་ལས་གྲོལ་བའི་བདེ་ཆེན་དུ་འདོད་དོ། །ཞེས་འབྱུང་ངོ་། ༈ །ཏིང་ངེ་འཛིན་ལ་གཉིས་ཀྱི་དེ་བཞིན་དུ་སྒོམ་པའི་ལའང་གཉིས་ཀྱི་རིམ་གྱིས་པ་ནི། དོན་བསྡུས་ལས། དེ་དག་ས་དང་རྣལ་འབྱོར་སྐབས། སེམས་༼༡༽དང་དཔེ་རྟགས་ལམ་༼༢༽རེ་རེའང་བཅུ་༼༡༽བཅུ་དང་ལྔ་༼༢༽ལྔ་ཞེས་བྱ། ཞེས་འབྱུང་བ་བཞིན་ནོ། ༈ །རིམ་གྱིས་པ་ལས་གཅིག་ཤོས་ཅིག་ཅར་བ་ནི། དོན་བསྡུས། གང་ཟག་གང་དག་བློ་ཆེ་ཞིར་ལྟ་བ་མངོན་སུམ་དུ་རྟོགས་པས། ཆོས་ཉིད་མཉམ་པ་ཉིད་ཡུལ་བྲལ་རང་གསལ་བའི་ངང་ལ་ཏིང་ངེར། མི་གཡོ་བར་ཅིག་ཅར་གང་འཇུག་པ་ལ་ནི། དགོངས་འདུས་ལེའུ་ང་བཞི་པ་ལས། དེ་བས་མཐའ་དབུས་མཉམ་ཉིད་ལ། །བཏུད་དེ་ཅིག་ཅར་གང་འཇུག་པ། །གང་འཕྲོ་ཡོད་དང་མེད་པ་དང་། །རྣལ་འབྱོར་གནས་ཡུན་རིང་ཐུང་དང་། །ནམ་ཞིག་སྙམ་པའི་ཁར་མ་ལུས། །ཞེའོ། །ས་དང་ལམ་བཅུ་དང་ལྔའི་གྲངས་དང་སྒྲུབ་པའི་རྩོལ་བ་མེད་ཅེའོ། ༈ །ལྷ་བའི་སྐུ། ལ་རིམ་གྱིས་སྒོམ་པ་ནི། དགོངས་འདུས་ལས། འཕྲོ་འདུའི་ཚད་བཅུ་དང་སྐུ་ཡི་ཁྱོན་བཅུ། ཚོམ་བུའི་གྲངས་ཀྱང་དེ་བཞིན་ནོ། །ཞེས་པས་དེ་དག་རིང་། ཆེ། མང་དུ། ས་བཅུར་རིམ་པར་སྤེལ་ནས་སྒོམ་པའོ། ༈ །རིམ་གྱིས་པ་ལས་གཞན་ཅིག་ཅར་བ་ཡང་། བརྟན་པ་སྣོད་གཡོ་བ་བཅུད་ཐམས་ཅད་ལྷའི་དཀྱིལ་འཁོར་ཕྱག་རྒྱ་རྫོགས། རྟོག་པ་དང་འཛིན་༼༠༽པ་ཐམས་ཅད་སྒྲའི་མཐའ་༼ཿ༽ཏིང་༼༠༽འཛིན་དུ་གསལ་སྔགས་༼ཿ༽སུ་གྲག །ཞེས་པ་བཞིན་སྐད་ཅིག་དྲན་རྫོགས་སུ་སྒོམ་པའོ། །དེ་དག་ཀྱང་ཐེག་ཆེན་སྒྲོན་མ་ལས། ཕྱེད་སྣང་གྲོང་ཁྱེར་སེམས་ཅན་རྣམས། །གྲོལ་བར་བྱ་ཕྱིར་ཡབ་ཡུམ་དང་། །སྲས་བཅས་དཀྱིལ་འཁོར་བསྒོམ་པར་གསུངས། །ཞེས་སོ། །འདོད་ཁམས་པའི་ཞེན་པ་དགྲོལ་བའི་ཕྱིར་ཡབ་ཡུམ་ཟུང་འབྲེལ་དུ་གསལ་བར་བྱའོ། ༈ །སྤྱོད་པ་ནི། བྱིན་རླབས་ཀྱི་སྤྱོད་པ་དང་། དབང་སྒྱུར་གྱི་སྤྱོད་པ་དང་། ཐབས་ཀྱི་སྤྱོད་པ་ལ་སོགས་པ་གསུམ་རིམ་པར། ནམ་མཁའ། རྒྱལ་པོའི་ས་ཁམས། མེ་དཔུང་དང་འདྲ། ལེའུ་དོན་གཅིག་པར་གསུངས་ཀྱང་། ལ་ཤན་གང་ཞིག་ལྟ་བ་དང་ཏིང་ངེ་འདི་ལ་མཐོང་གོམས་ཀྱིས་གནས་པར་གྱུར་ན། ལྟ་བའི་དམ་ཚིག་མཉམ་པའི་སྤྱོད་པ་མངའ་བས་གྲངས་བཏབ་ཀྱི་དམ་ཚིག་དང་རྩོལ་བའི་སྤྱོད་པ་ལ་སོགས་མ་ཧཱ་ལྟར་གཙོར་ལུང་གི་རྒྱུད་ལས་མ་གསུངས། ཞེས་འབྱུང་ངོ་། ༈ །དོན་བསྡུས་ལས། མཐར་ཐུག་གི་འབྲས་བུ་ཉིད་ནི་ཡང་དག་པར་རྫོགས་པའི། ལྟ་ངན་སངས་ཡེ་ཤེས་ཀྱིས་ཁྱབ་པས་རྒྱས། །རྟེན་བྱེད་པས་སྐུ་བརྡ་སྤྲོད་པས་གསུང་གཉིས་སུ་མེད་པས་ཐུགས་དང་རེ་བ་སྐོང་བས་ཡོན་ཏན་བྱ་བ་བྱེད་པས་ཕྲིན་ལས་ལྔ། །རེ་རེ་ལ་ཡང་ལྔ་ལྔ་ཉི་ཤུ་རྩ་ལྔས་བསྡུས་པ་ཡིན་ལ་རྒྱས་པ་མཐའ་ཡས་རྣམས། །ལྷུན་གྱིས་རྫོགས་པ་རྣམ་པ་ཀུན་མ་འདྲེས་ཡོངས་རྫོགས་སུ་མཁྱེན་པའོ། །ཞེས་པའོ། ༈ །དེ་དགག་པ་ནི། གཏེར་གཏད་ལས། དེ་ཡང་ལྟ་བ་བདེ་ཆེན་གྱི་ཕྱོགས་རིས་དང་བཅས་རྒྱུ་སྣང་བ་དབྱིངས་འབྲས་བུ་དྲན་རྟོག་ཡེ་ཤེས་སུ་འདོད་པ་ཅན། །གཉིས་མེད་ལས་གྲོལ་བའི་བདེ་ཆེན་དེ་ཡང་ཚིག་ཏུ་བརྗོད་པ་ཙམ་ལས་མཚན་ཉིད་རྩོལ་མེད་དང་བྲལ་བས། །ཤིན་ཏུ་རྣལ་མར་འབྱོར་པའི་དགོངས་པ་མིན། །ཞེས་དང་། ཡང་། འབྲས་བུ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས། །དེ་རང་འདོད་ཀྱི་འབྲས་བུ་ཐོབ་པ་ཡིན་མོད་ཀྱང་། །མཐར་ཐུག་གི་འབྲས་བུ་དེ་མ་ཡིན་ཏེ། །འབྲས་བུ་རང་ལ་གནས་པ་ལ་ངམ་པ་ཨེ་མའོ་མཐར་ཐུག་གི་འབྲས་བུ་ཡེ་ཤེས་གསང་བ་ཡེ་ཤེས་བླ་མའི་ས་ནི། རྩོལ་བའི་ཆུ་བོ་ཉེར་བཞིའི་ལམ་གྱིས་ཐོབ་པ་མ་ཡིན། ཞེས་འབྱུང་ངོ་། །དེ་ལྟར་བུང་བ་ཚང་ཚོལ་བ་བཞིན་དུ་སྒོ་ཀུན་ནས་བསྡུར་ནས་ཇི་ལྟར་བུང་བ་ཚང་ཚོལ་བ། །ཀུན་དུ་འཇུག་ཅིང་བྱུང་ནས་ནི། །རང་གི་གསེང་ཁུང་གང་ཡིན་པར། །ངེས་པར་འཇུག་ཅིང་གནས་པ་ལྟར། །རྣལ་འབྱོར་དོན་གྱི་རྗེས་ཚོལ་བ། །སྤྱོད་སྒོ་ཅི་ཡོད་བསྟུན་ཏེ་བསྡུར། །ལྟ་སྒོར་འཇུག་ཅིང་བརྟགས་བསྡུར་ནས། །དོན་དམ་ངེས་པའི་གསང་ཉིད་ལའོ། །ཞེའོ། །འགྲོ་དྲུག་སོ་སོ་སྐྱེ་བོ་དང་། མུ་སྟེགས་རྟག་པར་ལྟ་བ་དང་། ཉན་ཐོས་དང་། རང་རྒྱལ་དང་། སེམས་ཙམ་ལྔ་ནི་རིམ་པ་ལྟར། དངོས་པོར། བདག་ཏུ། ཆོས་ཙམ་དུ། འཛིན་པ། རང་རིག་ཏུ། སྒྲོ་འདོགས་ཀྱི་མཐར་གྱུར་ལ། མུར་ཐུག་ཆད་པར་ལྟ་བ་གསུམ་ནི་ཚེ་སྔ་ཕྱི་ལ། ཐར་པ་ལ། ཆོས་སྣང་ཐམས་ཅད་ལ་སྐུར་འདེབས་ཀྱི་མཐར་གྱུར་ཅིང་། དབུ་མ་དང་ཕྱི་རྒྱུད་གསུམ་བདེན་པ་དོན་དམ་ཀུན་རྫོབ་གཉིས་ཀྱི་མཐར་ལྷུང་ལ། ནང་པ་གཉིས་གཉིས་མེད་ཀྱི་མཐར་ལྷུང་བར་ལྟ་ཀློང་དུ་གསུངས་པས། ༈ །རྩོལ་མེད་ཀྱི་ལམ་འདི་ཉིད་ཀྱི་གོལ་ས་ཡིན་པས་ན་ཡིད་བརྟན་པར་དེ་དག་གང་ལ་ཡང་མི་བྱའོ་ཞེས་དེ་དག་གི་ཞེན་པ་དགྲོལ་བའི་དགོས་ཆེད་ཀྱི་དབང་གིས་བརྗོད་ཀྱང་། ངོ་བོ་ཉིད་ལ་གོལ་གཞི་གོལ་ས་གོལ་བ་པོ་གོལ་བ་རང་གི་ངོ་བོ་གང་གི་ཡང་རིས་སུ་མ་དམིགས་པས་དེ་དག་ལས་རང་གྲོལ་བར་ལ་བཟླ་སྟེ། དེ་ཡང་། གསང་སྒྲོན། ལ་བཟླ་བ་ནི་ཆོས་ཐམས་ཅད་མ་ནོར་བའི་ཆོས་ཉིད་རང་སྣང་བ་ཡིན་བས། །ཤན་དབྱེ་བ་དང་ནོར་བའི་དམིགས་བསལ་བ་དང་འདོད་པ་དགག་པ་དང་གོལ་ས་སྤང་བ་དང་མ་ཡིན་པ་བསྒྱུར་བ་ལ་རག་མ་ལས། །ཞེས་དང་། ཡོད་མེད་གཉིས་གཉིས་མེད་ཀྱི་གྲུབ་པའི་མཐའ་བཞི་མི་གནས་པར་རང་སར་གྲོལ་ཏེ་ཡེ་ནས་རྣམ་པར་དག་པས་བྱང་། །དེ་ལས་བཟློག་པས་མཐའ་བཞི་ཡོངས་སུ་རྫོགས་པར་སྙོམས་པར་ཁྱབ་པས་ཆུབ། །མཐའ་བཞིའི་མཚན་ཉིད་མ་འདྲེས་ལ་ཡེ་ཤེས་སུ་ཡོངས་སུ་རྫོགས་པས་ཡུལ་མེད་རང་གསལ་དུ་ཅིར་ཡང་མི་རྟོག་པས་སེམས། །ཞེས་གསུངས་སོ། །རྣལ་འབྱོར་རིག་པའི་ཉི་མ་ལས། དེ་ལྟར་ལ་བཟླས་པས་འོ་ན་རང་བཞིན་བྱང་རྣམ་པ་ཆུབ་ཀྱི་སེམས་མཚན་ཉིད་སྣང་བ་འབའ་ཞིག་ཏུ་བལྟའོ། །ཞེ་ན། དེ་ནི་རྟོག་གེ་པ་རྣམས་ཚིག་གང་ལྟར་བརྗོད་པ་ལྟར་དོན་སྤྱིའི་རྣམ་པའི་བློ་སྐྱེ་བ་སྟེ། མཐའ་བཞི་དང་བྲལ་ཅེས་ངག་ཏུ་བརྗོད་ན་ཡང་བློ་མཐའ་དང་བྲལ་བ་ཞིག་ཏུ་བློ་ལ་སྐྱེ་བར་བྱེད་དེ། མཐའ་བཞི་གང་ཡང་མ་སྤངས་པ་མ་མཐོང་། ཐམས་ཅད་མཁྱེན་པ་ཞེས་ངག་ཏུ་བརྗོད་ན་ཡང་སྣང་བ་གསལ་གསལ་པོ་ཞིག་ཏུ་ལྟ་བར་བྱེད་དེ། དེའི་ངོ་བོ་དམིགས་སུ་མེད་པ་མ་མཐོང་ངོ་། །མ་འདྲེས་ལ་ཡོངས་སུ་རྫོགས་པ་ཞེས་བརྗོད་ན་ཡང་། མ་འདྲེས་པས་གཅིག་གི་མཐའ་བསལ། ཡོངས་སུ་རྫོགས་པས་དུ་མའི་མཐའ་བསལ་ཏེ། གཅིག་དང་དུ་མ་དང་བྲལ་བར་ལྟ་སྟེ། དེ་ཉིད་ནི་གཅིག་དང་དུ་མ་ཀུན་གྱི་དངོས་གཞི་ཐུན་མོང་མ་ཡིན་པའི་ཉག་གཅིག་མུ་མཐའ་ཇི་ཡང་མ་སྤངས་པ། ཡན་ལག་མེད་པར་རྩིས་ལས་འདས་པས་ངག་ཏུ་སྨྲ་བ་དང་བློས་བསམ་པ་ལས་འདས་པ་མ་མཐོང་ངོ་། །ཞེས་གསུངས་སོ། །ཡང་། རིག་ཉི་ལས། སྐྱེས་བུ་ཡང་རབ་རྣམས་ནི་གང་བརྗོད་པ་ཐམས་ཅད་ནི་དེ་དང་མི་མཐུན་པ་དགྲོལ་བའི་དགོས་ཆེད་རེ་བའི་ཕྱིར་བརྗོད་པས། ཕྱོགས་རེའི་དོན་མཚོན་པར་ཁོང་དུ་ཆུད་པས། དེ་དག་ལྟར་ཕྱོགས་གཅིག་ལ་བློ་མི་གཏོད་དེ། དེ་བས་ན་ལྟ་བ་ལ་གཟའ་གཏད་མེད་དེ། གང་གཟའ་བ་ནི་རྩོལ་བའམ་བྱེད་པའོ། །གཏད་པ་ནི་དམིགས་པ་སྟེ། འདི་ལ་རྒྱུ་འབྲས་གཉིས་སུ་མེད་པའི་ཕྱིར་འབྲས་བུ་ཐོབ་པར་རྩོལ་བ་དང་། ཡུལ་ཆོས་ཀྱི་དབྱིངས་དང་ཡུལ་ཅན་རིག་པའི་ཡེ་ཤེས་གཉིས་སུ་འདོད་པ་ནི་འདིར་མེད་པའི་ཕྱིར་དམིགས་པ་གཏད་པ་དང་བྲལ་བའོ། །འོན་ཀྱང་གཟའ་གཏད་དམིགས་པའི་ལྟ་བ་གྲོལ་བར་བྱ་བའི་ཕྱིར་བརྗོད་ཀྱི། ངེས་པར་གཟའ་གཏད་དང་བྲལ་བ་ནི་དཔེར་ན་ཉི་མ་འོད་མི་ཚོལ་བ་ལྟར་འདོད་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟའ་གཏད་དང་བྲལ་བར་འདོད་པ་ཉིད་གཟའ་གཏད་ཡིན་པའི་ཕྱིར། ཞེས་འབྱུང་ངོ་། ༈ །ཏིང་ངེ་འཛིན་ནི། དབང་པོའི་སྤྱོད་ཡུལ་དྲུག་ཕར་སྣང་བ་དང་། རྣམ་པར་ཤེས་པ་དྲུག་ཚུར་ཡུལ་ལ་འཇུག་པ་ཡོད་པ་ལ། རང་གིས་བསྒོམས་ནས་ཡུལ་དང་ཡུལ་ཅན་དུ། མི་རྟོག་པ་ཙམ་ཡང་མ་ཡིན་གྱི། ངང་ངམ་རང་བཞིན་གིས་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར། བདག་གིས་བསྒོམ་མོ་བའི་འདུ་ཤེས་གང་ཡང་། ཡུལ་ཡུལ་ཅན་གྱི་རྟོག་པ་ཅིར་ཡང་མ་བརྟགས། སྣང་བའི་ཆོས་ཅན་མ་བསལ་སྣང་བ་མེད་པའི་ཆོས་ཉིད་མ་བསྒྲུབས་པར། བློའི་བསམ་པ་དང་ཡིད་ཀྱི་རྟོག་པ་རང་གྲོལ་དུ་འགྱུ་བ་ཆད་པར་འདུག་པས་སྒོམ་ཆོག་སྟེ། རྟོག་མེད་ལ་དགག་པ་དང་སྒྲུབ་པ་མ་བྱས་པར་ཡུལ་མེད་པར་རང་གསལ་བས། རང་བཞིན་ནམ་ངང་གིས་གཤིས་ཡིན་ལུགས་ཀྱི་ཐོག་ཏུ་བབ་སྟེ། གཤིས་ཐོག་ཏུ་བབ་སོ་བའི་རྟོག་པ་ཡང་མི་རྒྱུ་བའོ། །ཞེས་རིག་ཉིར་གསུངས་པ་བཞིན་ནོ། ༈ །རྟོགས་གོམས་དེའི་ངང་ལ་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་གནས་པ་ལ་བླང་བ་དང་དོར་བ་རང་གི་ངོ་བོས་མི་གནས་པ་ནི་བྱ་བྲལ་ངང་གནས་ཕྱོགས་མེད་ནམ་མཁའ་ལ། སྙིང་པོའི་ངང་ལ་འགྱུར་མེད་རྡོ་རྗེ་གནས། ཤེའོ། །ནམ་མཁའ་རྡོ་རྗེའི་སྤྱོད་པ་ཞེས་བྱ་ལ། གདུལ་བྱའི་ངོ་ལ་མཐུན་པ་བླང་བ་དང་མི་མཐུན་པ་དོར་བ་ལྟར་སྣང་ཡང་རྟོགས་སྒོམ་གྱི་དོན་གྱིས་མི་གནས་པ་ནི་འགྲོ་འདུལ་ཐུགས་རྗེའི་སྤྱོད་པའོ། ༈ །དེ་ལྟར་གནས་ན་རང་གིས་མྱོང་བའི་དྲོད་དང་གཞན་ལ་སྣང་བའི་རྟགས་དང་ཉམས་ཀྱི་རིམ་པ་བཞི་འཕེལ་བ་ལ་སོགས་པ་མང་དུ་རྒྱུད་དང་མན་ངག་ཏུ་གསུངས་ཏེ་སྐབས་འདིར་ཡི་གེ་མང་ན་རྣམ་པར་འཁྱམས་པར་འགྱུར་བས་མི་སྤྲོའོ། །མུ་བཞི་ཀུན་ཏུ་ཡེ་རྫོགས་ལ། །ཕྱོགས་སུ་ལྟ་བ་དེ་འཕྲུལ་བས། །ཐམས་ཅད་ལྷུན་གྱིས་རྫོགས་ལྟ་དང་། །ཀུན་ཡིན་ལྷུན་གྲུབ་དང་། གང་མིན་ཀར་དག་གིས་རྣལ་མའི་དོན་མ་རྟོགས་པར་ལྟ་ཀློང་དུ་གང་ཡང་མཐའ་རུ་མ་རེད་ལ། །ཕྱོགས་སུ་ལྟ་བ་འཁྲུལ་བས་ན། །ཕྱོགས་བྲལ་ཀ་ནས་དག་ལྟ་བ། །དེ་ཀུན་བལྟར་ཡོད་ཡུལ་ལྟའོ། །གསུངས་སོ། ༈ །འབྲས་བུ་དེ་བཞིན་གཤེགས་པའི་སྣང་བ་ནི། ཇི་ལྟར་ཐོབ་དང་བཞུགས་པའི་ཚུལ། ཡེ་ཤེས་ཀྱིས་མཁྱེན་དོན་མཛད་ཚུལ། ཞེས་པས། ཐོབ་ཚུལ་ནི། རྩ་རྒྱུད། གཞི་མངོན་དུ་མཛད་པས་ངོ་མཚར་ཡོན་ཏན་གྱི་ཆོ་འཕྲུལ་གཞན་ལ་མེད་པས་རྨད་དུ་གྱུར་པ་སངས་རྒྱས་ཀྱི་ཆོས་འགྲུབ་པ་ནི། གཞན་ནས་ཡོད་པ་ཞིག་ཚུར་བཀུག་ནས་འོངས་པ་དང་ཕར་བགྲོད་པ་དང་རྒྱུ་རྐྱེན་གྱིས་བྱས་པ་མ་ཡིན་ཏེ། གོམས་པའི་ཐབས་ལ་བརྟེན་ནས་རྟོགས་པ་བརྟན་པའི་ཤེས་རབ་ཉིད། དེ་ལྟ་བུ་ཡི་ངང་དུ་བྱུང་། ཞེས་དང་། ནམ་མཁའ་ཆེ་སངས་རྒྱས་ཀྱི་ཆེ་བའི་ཡེ་ཤེས་རྩོལ་བཅས་ཀྱི་ལམ་གྱིས་རྙེད་པར་དཀའ་བ། དེ་ཡང་གཟའ་གཏད་མེད་པར་རྟོགས་པའི་ཤེས་རབ་དམིགས་མེད་དུ་གོམས་པའི་ཐབས་ལ་བརྟེན་པས་འགྲུབ། མིང་དུ་བཏགས་པ་ཙམ་དུ་གཞན་ལམ་རྟོགས་གོམས་ལ་བརྟེན་པར་འདྲ་ཡང་། སངས་རྒྱས་མངོན་སུམ་དུ་གྱུར་པའི་སྡུག་བསྔལ་དང་རྩོལ་བ་ལས་གྲོལ་བའི་བདེ་བ་རང་ལས་འབྱུང་། ཞེས་དང་། ལྟ་བ་རིན་པོ་ཆེ་སྒྲོན་མ། བདག་ཉིད་ཡེ་ནས་ཆོས་ཀྱི་སྐུ་འབྲས་བུ་བྱང་ཆུབ་བསྒྲུབ་བྱའི་སྙིང་པོ་ཡིན་པ་མངོན་དུ་གྱུར་པ་ལས། གཞན་ནས་༼༡༡༽བཙལ་༼༡༽ཞིང་ཐོབ་༼༡༽པ་མ་ཡིན་ཡང་། །རྨི་ལམ་གཉིད་སད་ནས་རྨི་ལམ་གྱི་གཟུགས་མ་སྤངས་དང་བྲལ་བ་ཇི་བཞིན་དུ། །མ་རིག་པའི་གཉིད་སད་ནས་འཁྲུལ་པའི་སྣང་བ་རང་སར་གྲོལ་བ་ལ། སྒྲིབ་པ་སྤངས་ནས་བྱང་ཆུབ་ཐོབ་ཅེས་ཐ་སྙད་དུ་རྒྱལ་བས་མདོ་རྒྱུད་རྣམས་སུ་གསུངས། ཞེས་འབྱུང་བས་རང་གི་སེམས་ལས་གཞན་ནས་སངས་རྒྱས་ཐོབ་པ་མེད་དོ། ༈ །བཞུགས་ཚུལ་ནི། རྣམ་བཀོད་ལས། གལ་ཏེ་སྔ་ཕྱི་གཅིག་འགྲོ་ན། །སྟོང་པའི་མུར་ཐིམ་རིགས་པས་འགལ། །སོ་སོར་བསྒྲུབ་ཕྱིར་གཅིག་མི་རུང་། །ཞེས་པ་དང་། ཡང་། སྤྱན་དྲངས་བྱོན་དང་མ་བྱོན་འབྱུང་། །དོན་མཛད་རེ་མོས་འབྱུང་བར་འགྱུར། །ཞེས་སོ། །དགོངས་པའི་རྒྱུད་གཅིག་དང་ཐ་དད་དུ་འདོད་པ་ལ་ལུང་རིགས་པས་སྐྱོན་དུ་མ་གསུངས་པས། འདིར་ནི་འབྲས་ཀློང་སྐུ་གསུམ་ཆོས་ལོངས་སྤྲུལ་ལྷུན་གྱིས་གྲུབ་པའི་བདེ་བ་ཆེན་པོ་ངོས་གཟུང་དང་ཕྱོགས་རིས་ལས་གྲོལ་བ་ཉིད། ཡེ་ནས་ཆོས་ཀུན་གྱི་ངོ་བོ་ཉིད་ཀྱིས་རྟེན་བྱེད་པས་སྐུའང་མ་བཅོས་པ་དེ་བཞིན་པ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་སྟེ་དེ་ཉིད་མ་བཅོས་པར་ཡུལ་མེད་པར། །མངོན་སུམ་དུ་གསལ་བར་མཛད་པས་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཉིད། །ཆོས་སྐུ་ཡིན་པ་དེ་ཡིས་འཁོར་འདས་ཀྱི་ཆོས་ཀུན་རང་རིག་བདེ་ཆེན་དུ་སོ་སོར་རྟོག་པས་མ་འདྲེས་༼༡༽མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མཉམ་པར་༼༡༽མངའ་༼༡༡༽མཛད་པ་ནི་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ལ། བྱང་ཆུབ་སེམས་དཔའ་དག་གི་སྣང་ངོ་ལ་རྒྱལ་པོ་ལྟར་སྣང་ནས་དོན་མཛད་པ་ནི་གཞན་ལོངས་སྐུའོ། །ཆོས་སྐུ་དེ་ཡི་བྱིན་རླབས་རྩོལ་མེད་དུ་གདུལ་བྱའི་བྱ་བ་ཀུན་སྒྲུབ་པའི་ཡེ་ཤེས་དེས། ཐུགས་རྗེའི་རང་བཞིན་ཉིད་སྤྲུལ་པའི་སྐུ་གདུལ་བྱ་ཇི་ལྟར་འདོད་དགུར་སྣ་ཚོགས་སུ་ཤར་བའོ། །སྐུ་བཞི་ཡེ་ཤེས་ལྔ་མཚོན་ཚུལ་ནས་མ་འདྲེས་ལ་ངོ་བོ་དབྱེར་མེད་དུ་ཡོངས་སུ་རྫོགས་པས་ལྷུན་གྱིས་གནས་པའི་བདེ་བ་ཆེན་པོར་བཞུགས་པའོ། །ངོ་བོ་ཉིད་ཀྱི་སྐུ་ཡེ་ནས་གནས་པ་མངོན་དུ་མཛད་པའི་ཡེ་ཤེས་རང་ཤར་བ་ནི་ཆོས་སྐུ༼༡༽། དེ་༼༡༽ཡི་འོད་ཤར་བ་ལོངས་སྐུ་རིགས་ལྔ་དང་སྤྲུལ་པའི་སྐུར་བཅས་པའོ། །གདུལ་བྱ་ཞེན་ཆགས་ཅན་གྱི་ངོ་ལ་ལྷ་མོ་ཚོགས་དཔག་མེད་ཀྱི་བདག་པོར་ཤར་བ་དེ་ལ་ཡུལ་ཞེན་ཆགས་ཅན་གྱིས་ཤར་བ་ཡིན་གྱི་ངེས་པའི་དོན་ལ་བདེ་བ་མྱོང་བའི་ཚོར་བས་བསྡུས་པས་མ་གྲུབ་ལ། སྐུ་དང་གནས་ཕྱོགས་རིས་སུ་ཆད་པར་སྣང་བའང་དོན་དུ་བརྟགས་པའི་བག་ཆགས་སད་པའི་དབང་གིས་སྣང་བ་ཡིན་པས་དེ་ཡང་འཁྲུལ་པའི་དབང་གིས་སྣང་བས་སྦྱོར་བ་དོན་གྱི་ཀུན་གཞིར་ཟད། །གདུལ་བྱའི་བག་ཆགས་ཀྱི་སྣང་བ་སད་པས་སངས་རྒྱས་ལ་ཕྱོགས་རིས་སུ་མཐོང་ཚད་ལ། །རྒྱལ་བའི་དགོངས་པ་དེ་ལྟར་དུ་ངེས་པའི་དོན་དུ་སྣང་བར་བློས་བརྟགས་པ་ནི་མིན་ནོ། །ཞེས་གསུངས་པ་བཞིན་ནོ། ༈ །ཡེ་ཤེས་ཀྱིས་གདུལ་བྱ་མཁྱེན་ཚུལ་ནི། རྣམ་པར་མི་རྟོག་པ་དང་། དག་པ་འཇིག་རྟེན་པའི་ཡེ་ཤེས་ཡོད་པ་དང་། མེད་པར་ཕྱོགས་རེ་བར་འདོད་པ་ལ། མདོ་སྔགས་ཀྱི་ལུང་དང་དེ་ལ་བརྟེན་པའི་རིགས་པ་དུ་མས་ཕན་ཚུན་གནོད་པས། འདིར་ཡེ་ཤེས་ཡོད་མེད་ཀྱི་མཐའ་ལས་འདས་པར་འབྲས་ཀློང་དུ་གསུངས་ཏེ། རང་བཞིན་ཅིས་ཀྱང་སྟོང་པས་ཡོད་པའི་མཐའ་ལས་འདས། དེ་མཁྱེན་ཐམས་ཅད་རྫོགས་པས་མེད་པའི་མཐའ་ལས་འདས། མཚན་ཉིད་ཐ་དད་བྲལ་བས་གཉིས་ཀྱི་མཐའ་ལས་འདས། གཉིས་མེད་ངོས་བྲལ་རོལ་བས་དེར་འཛིན་མཐའ་ལས་འདས། ཡེ་ཤེས་ཡོད་མེད་མཐའ་ལས་འདས་པར་བཞུགས། ཞེས་སོ། །དེས་གདུལ་བྱ་ཇི་ལྟར་མཁྱེན་ཅེ་ན། རྣམ་བཀོད། དུས་བཞིའི་ཆོས་ཀུན་རང་བྱུང་ཡེ་ཤེས་ངོ་བོ་བདག་ཉིད་གཅིག་པའི་ཕྱིར༼༠༽། ཤེས་བྱ་ཀུན་མཁྱེན་དུས་བཞི་ཐད་ཀ་རུ་འཛིན་པའི་དམིགས་པའི་ཡུལ་ལས་གྲོལ་བ། དེ་༼༠༽ཕྱིར་སེམས་སྒོམ། ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན། ཅེས་སོ། །སྐད་ཅིག་སྐྱེ་འཇིག་གི་རྒྱུན་མེད། ཕར་འགྲོ་བ་དང་ཚུར་འོང་བ་ཡང་དེ་ལ་མེད། །གཉིས་མེད་ཀྱི་ཡེ་ཤེས་ལོག་པར་རྟོགས་ཏེ་ཕྱིན་ཅི་ལོག་ཏུ་བརྟགས་པའི་གཟུང་འཛིན་གློ་བུར་བ་རྣམ་པར་དག་ཅིང་། །སངས་རྒྱས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ལས་འགྲོ་དྲུག་མི་གཞན་པའི་ཕྱིར། །མི་འབྱེད་པའི་ཐུགས་རྗེ་ཆེན་པོས་ངོ་བོ་བདག་ཉིད་གཅིག་པར་འབྲེལ་བས་ན། །འགྲོ་བ་རིས་དྲུག་གི་དུས་དང་གནས་མ་ལུས་བ་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་སྣང་། །ཞེས་དང་། འབྲས་ཀློང་། རིག་པ་རང་གསལ་བ་རང་བྱུང་གི་ཡེ་ཤེས་འཁྲུལ་པ་རྣམ་པར་དག་པའི་བདེ་བ་ཆེན་པོ་དེས། །ཡུལ་གྱི་རྣམ་པ་ཡེ་ནས་རང་གསལ་བས་ཡུལ་དུ་གྲུབ་པ་མིན་པར་ཤེས་བྱ་ཐམས་ཅད་མཁྱེན་པའི་ཕྱིར། ཉིད་ཀྱི་དགོངས་པ་ལས་གཞན་སྣང་བ་མིན་ཏེ་སྣང་བ་དང་རིག་པ་ཅིར་ཡང་ཤར་བ་རྣམས་གསལ་ལོ། །ཞེས་འབྱུང་བས། ཉིད་ལས་མི་གཞན་པར་རྣམ་པ་ཐམས་ཅད་མཁྱེན་པའོ། ༈ །ཐུགས་རྗེས་འགྲོ་དོན་མཛད་ཚུལ་ནི། །རིམ་གསུམ་ལས། གཉིས་མེད་ཀྱི་ཐུགས་རྗེ་ཆེན་པོས་གདུལ་བྱའི་དོན་མཛད་པ་ལ་བཞི་སྟེ། རྟག་པ་རྒྱུན་གྱི་རང་བཞིན་ཤུགས་ཀྱི། བསྐུལ་ཞིང་གསོལ་བཏབ་པ་དང་། །ཡུལ་དང་ཕྲད་པས་ཐུགས་རྗེ་འབྱུང་བར་སྣང་། །ཞེས་དང་། འབྲས་ཀློང་། རང་སྣང་སངས་རྒྱས་ཀྱི་དགོངས་པ་ལ་གདོད་ནས་ཐ་མའི་ཕྱོགས་རིས་སུ་རྒྱ་མ་ཆད་པར། །ཐུགས་རྗེས་གཟུང་བར་བྱ་བའི་ཡུལ་གདུལ་བྱ་དང་སྨོན་ལམ་བཏབ་པས་འབྲེལ། །རྩོལ་བས་མ་བཙལ་བར་འགྲོ་དོན་རྒྱུན་ཆད་མེད་པར་རྟག་ཏུ་མཛད་པ་དེ་ཡང་། རང་བཞིན་ཤུགས་༼༡༽ཀྱིས་བསྐུལ་ཞིང་གསོལ་བ་བཏབ་བས༼༡༽ཕྲད་པའི་ཡུལ་གདུལ་བྱའི་དོན་རྫོགས་༼༡༡༡༡༽པའོ། །དེ་ལྟར་ལྷུན་གྱིས་གྲུབ་པར་སྐུ་གསུམ་ཡེ་ནས་ལྷུན་གྲུབ་པས། དཀ྄་ཤ་ཀ་ཡི་རྒྱན་བཞིན་ནོ། །སྤྱོད་ཀློང་ལས་གསུངས་སོ། །རྒྱུན་ཆད་མེད་པར་དོན་མཛད་པ་སངས་རྒྱས་མྱ་ངན༴ ཞེས་དྲང་དེ་ཡང་སྣ་ཚོགས་སུ་སྣང་སྟེ། དེ་སྐད་དུ། རྩ་རྒྱུད། ཞིང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ། གདུལ་བྱ་མཐའ་ཡས་པའི་ངོ་ལ་སྐུ་༼༡༽གསུང་༼༡༽ཐུགས་༼༡༽སྣ་ཚོགས་༼༡༡༡༽ཀྱི་མཛད་པ་གར་ཡང་མ་ངེས་ཏེ་པར་ཀུན་ཏུ་སྣང་བ་ཞེས་དང་། སངས་རྒྱས་མཉམ་སྦྱོར། དུས་དང་གནས་རེས་འགའ་ཞི་ལ་རེས་འགའ་དྲག །རེས་འགའ་གདོན་ཆེན་བགེགས་སུའང་མཛད་དེ། དེ་དག་ལ་སོགས་པ་མཐའ་ཡས་མཆོག །རི་དང་སྐྱེ་བོ་ཐམས་ཅད་དོ། །ཞེས་དང་། དྲི་མ་མེད་པར་གྲགས་པའི་མདོ་སྡེའི་མཛད་པ་སྟོན་པའི་སྐབས་ལས་ཀྱང་། ཐ་ན་ཉོན་མོངས། ཕུང་། འཆི། ལྷའི། བུའི། བདུད་བཞི་པོ་དང་ཉོན་མོངས་པ་དུག་གསུམ་དང་། ང་རྒྱལ་ཕྲག་དོག་གཉིས་བསྡོམས་བཞི་ལ་ནང་རིས་ལ་ཉི་ཁྲི་བཞི་སྟོང་དུ་ཕྱེ་བས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་རྣམས་ཀྱིས། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་བྱེད་པ་དེ་དག་གིས། དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་མཛད་པ་མི་བྱེད་པ་གང་ཡང་མེད་དོ། །ཞེས་གསུངས་པ་ལྟ་བུ་ཆོས་ཐམས་ཅད་སངས་རྒྱས་ཀྱི་མཛད་པར་གསུངས་པས་མངོན་ནོ། ༈ །རིག་པའི་རྩལ་སྦྱང་གི་ཡན་ལག་གསུམ་གྱི། སློབ་དཔོན་ནི། རིན་ཕྲེང་། དང་པོ་བླ་མ་དམ་པ་བཙལ། དམ་པ་རྙེད་ནས་ལུས་ངག་གི་དཀའ་བ་དུ་མས་བླ་མ་བསྟེན། མཉེས་པར་ཐུགས་གཟུང་ལ་གདམས་ངག་ཞུ། ཞེས་པས། ༈ །དང་པོ་བླ་མ་བཙལ་དགོས་ཏེ་གང་ཞེ་ན། དེ་ཡང་། དགོངས་འདུས་ལེའུ་དྲུག་ཅུ་བདུན་པ་ལས་འཐོར་བུ་བསྡུས་པ་བློ་གྲོས་ཀྱིས་རྒྱུད་དགྲོལ་བའི་དང་པོ་གདམས་ངག་དྲི་བའི་ཡུལ། །འགྲོ་བ་ལ་ཡང་དག་པའི་ལམ་སྟོར་བའི་ས་མཁན་དུ་ཁས་ལེན་པ་དགེ་བའི་བཤེས་གཉེན་སྡུག་བསྔལ་གྱི་མགོན། །མ་རིག་པའི་མུན་པ་སེལ་བའི་སྒྲོན་མ་རྟོགས་པའི་དགོས་འདོད་འབྱུང་བའི་རིན་པོ་ཆེ། །དོན་མཐོང་བར་བྱེད་པ་མིག་གི་དབང་པོ་ཡང་དག་པའི་དོན་ཤེས་པས་ཡིད་ཀྱི་རྣམ་ཤེས། །འཁོར་བའི་ཆུ་བོ་ཆེན་པོ་རབ་མེད་པ་བཞི་ལས་སྒྲོལ་བའི་གྲུ་དང་འདྲ་བའི་རྡོ་རྗེ་སློབ་དཔོན་བླ་མ་དེ། །བླ་མ་དམ་པར་བཟུང་པའི་ཚད་ལ་བབས་སམ་མ་བབས། །བརྟག་པའི་ཐབས་དང་དེའི་ཡན་ལག་བཅས་པ་ཡིས། །སློབ་དཔོན་དེའི་ཡུལ་མིན་པ་གཞན་གྱི་ཡུལ་ནས་ཡོན་ཏན་ཡོད་མེད་དྲི་ཞིང་བརྟག་པར་བྱའོ། ༈ །དམ་པར་གྱུར་པ་དེ་ཡི་རང་བཞིན་ཡང་། །ཡིད་བརྟན་སེམས་དང་ལྡན་པ་དང་ཁོང་དུལ་བ་དང་། །ཐུགས་དགོངས་ཚད་གཟུང་དུ་མེད་པར་ཡངས་པའི་བློ་གྲོས་དང་ལྡན་པ། ཉོན་མོངས་པ་དང་སྡུག་བསྔལ་གྱི་རྐྱེན་ཐུབ་པས་བཟོད་ལྡན། ༈ །དུས་ཀུན་ཏུ་དྲང་། ངག་གསོང་པོར་སྤྱོད་ལ། ༈ །སེམས་གྱ་གྱུ་མེད། ཤེས་པར་བྱ་བའི་ཡུལ་ནི་ཐེག་པ་མཐས་ཅད་ལ། །སློབ་བུ་ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །དུས་སྲིད་པར་ཞུས་ཡང་ཆོས་ཟད་མི་ཤེས། །བརྟགས་ཤིང་ཡོན་ཏན་ཕྱི་ཕྱིར་ཆེ་བ་འབྱུང་། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་དུ་སྒྲུབ་པར་བྱེད། །འཁོར་བའི་འདུ་འཛི་དང་དམན་པ་ཐ་མལ་པའི་ལས་རྣམས་སྤངས། །འཕྱོ་༼༡༽བ་དང་གཡེང་༼༡༽བ་དང་བྲལ་༼༡༡༽གང་ན་བཞུགས་པའི་གནས་གཅིག་ཏུ་རྟག །སེང་གེའི་སྤུ་ལྟར་གཅིག་པུར་གནས། །དགོན་པའི་རྒྱུད་དང་སེམས་དབེན་པའི་གནས་ལམ་འཛིན། །ཡོན་ཏན་འདི་དག་དང་གང་ལྡན་དམ་པའི་འོས། ༈ །དེ་མ་རྙེད་ན་གང་བསྟེན་ན་རང་བཞིན་གོང་གི་དེ་དག་དང་མི་ལྡན་ན་ཡང་། །དམ་པའི་ལྟ་སྤྱོད་དམ་ཚིག་མཛོད་དང་ལུང་མན་ངག་གི་གཉེར་དང་ལྡན་ན། །དེ་ཡང་བླ་མ་གཟུང་ཞིང་དམ་པར་བྱའོ། ༈ །སློབ་མ་བློ་ལྡན་དད་༼༡༽དང་གུས་པ་༼༡༡༽ཡིས ༼༡༽། །རུ་དམ་པར་གྱུར་ཏོ་འཚལ་རྣམས་ལ། །འདུན་པར་བྱ་བའི་སར་ལྷ་ཕྱག་ལན་གསུམ་གུས་པར་བྱས་ཏེ། ཞབས་གཉིས་ལ་སྤྱི་བོས་གཏུག་པར་བྱ། །བཀའ་ལུང་བྱུང་བ་རེ་ལ་ཚིག་གང་རྨེད་ཅིང་འདྲི་བ་ལ་འཕྲོས་ཏེ་འབེལ་གཏམ་བྱུང་བ་ལ། །ཡང་དང་ཡང་དུ་ཞེ་ས་སྤྱན་ཕྱག་འདུན་པའི་ཐབས་སུ་སྦྱར། །སྲི་ཞུ་གུས་པའི་སྒྲ་ཡིས་བཀའ་ལུང་དང་མན་ངག་གི་མཚམས་བཟུང་སྟེ། །བཀའ་ལུང་ལན་ནི་ཅི་བདེར་དུ་དགྱེས་པར་རམ་ངག་འཇམ་པར་བླན། །ངག་གསོང་པོར་སྨྲ་ཞིང་སེམས་གྱ་གྱུ་མེད། །རུའང་གང་ཟག་ཡིན་པས་དེའི་བཟང་༼༡༽བ་དང་ངན་༼༡༽པའི་སྤྱོད་༼༡༡༽པ་ལ། །ཐིང་སླད་ཀུ་རེ་ཙམ་དུ་སྨོད་པར་ཡོང་མི་བྱ། །རུ་ལ་ཞུ་བ་འབུལ་བ་༼༠༽དང་། བཀའ་དྲིན་ནོད་པ་༼༠༽དང་། །སྤྱན་སྔར་ཤོག་ཅིག་པའི་བཀའ་ལུང་བྱུང་ནས་འདུན་པར་གྱུར་ཏེ་འདུག་པ་༼༠༽དང་། །ཕྲིན་སྒྲུབ། ཟབ་མོ་ཉན་ཤད་དམ་པའི་སྤྱོད་༼༠༽པའི་༼༠༽དུས་༼༠༽དང་༼༠༽བཞི་༼༠༽མ་གཏོགས་པ། །དམ་པ་རུ་དག་དང་རང་གནས་གཅིག་ཏུ། །ཞམ་འབྲིང་བྱེད་པ་མ་གཏོགས་པ་དུས་ནམ་ཡང་བསྡད་པར་བྱ་བ་མིན། །སྐུ་ཡི་གྲིབ་མ་མི་འགོམ་ཞིང་། །ཞབས་ཀྱི་རྗེས་ལ་བརླམ་པར་མི་བྱའོ། །ན་བཟའ་༼༡༽དང་ཆགས་༼༡༽ལྷྭམ་དང་གདན་༼༡༽དང་རྒྱབ་རྟེན་༼༡༽གཟིམ་མལ་གསོལ་ཟས་ལ་སོགས། །དུས་ནམ་༼༡༡༡༡༽ཡང་འགོམ་པར་བྱ་བ་མིན། །དམ་པའི་ལས་སྤྱོད་གྱིས་ཤིག་པའི་བཀའ་ལུང་བྱུང་བ་རྣམས་སྲོག་དང་བསྡོས་ལ་མིང་གིས་བསྒྲུབ། །དམ་པའི་དཀོར་རྣམས་ལ་ཏིལ་འབྲུ་ཙམ་ཡང་མི་འབག་པར་རང་གི་སྲོག་བཞིན་དུ་བསྲུང་། །རུའི་སྤྱན་སྔར་མགོ་ལ་ཞྭ་དང་ཐོད་ཀྱི་ཟེ་ལྡིར་རང་ལ་གདུགས་ཕུབ་པ་ཐོགས་པ་དང་། །གུ་ལྗོ་བྱིས་པ། སྨྱོན་པ། ཀུན་ཏུ་རྒྱུ་ལྟ་བུའི། སྤྱོད་པ་དམ་པས་གཟིགས་པའི་ཡུལ་དུ་བྱ་བ་མིན། །ཁོང་འཇམ་པ་སྤྱོད་པ་དལ་བར་བྱས་པ་ནི་དུས་ཐོས་༼༡༽སུ་འཕྲིགས་༼༡༽སུ་དོགས་༼༡༡༽ པ་བཞིན་དུ་བྱ། །ལུས་ཀྱི་དོར་བ་གཤང་གཅི་གང་དག་ཀུན། །བླ་མས་མཐོང་ཞིང་ཚོར་བའི་ཡུལ་ནས་ཡོང་ཡེ་མི་བྱ། །འཕྱོ་བ་གཡེང་བ། རྫས་ལ་བརྐམ་པ་དང་སེམས་མ་ཞི་བའི། །སྤྱན་སྔར་མང་པོ་འདུས་ནས་རྩེད་མོ་རྟ་བགད་ལ་སོགས་པའི་བྱེད་སྤྱོད་རྣམས། །བླ་མའི་སྤྱན་སྔར་བྱ་བར་རིགས་པ་མ་ཡིན། །ཁམས་ལས་བྱུང་བའི་ལུས་སྤྱོད་གླལ་དང་གློ་སྦྲིད་རྣམས། །ཁ་ལ་གོས་ཀྱིས་བསྒྲིབས་སམ་མི་གཟིགས་པའི་ཕགས་སམ་སྐྱོར་མོས་ཁ་བཀབ་ནས་གཅོམ་བསྐྱུངས་ཏེ། དམ་པ་དེ་ལ་ཅི་མཛེས་སུ་བྱའོ། །རུའི་མཚན་ནས་དུས་ནམ་དུ་ཡང་མི་རྗོད་ཅིང་། །མཚན་དམ་པ༼༡༽། བླ་མ༼༡༽། བཤེས་གཉེན༼༡༽། ཞེས་ངག་ཏུ་རྗོད་པའི་མཐའ་མར་ཞུ་བའི་སྒྲ་འདོད་གཏམ་གཞུག །མི་གཞན་དང་ཁྱད་པར་ཅིས་ཀྱང་དབྱེ་བར་བྱ། །གནང་བའི་བཀའ་ལུང་བྱུང་བཀའ་བཞིན་དུ་ཞུ་ལགས་ཞེས་ངག་ཏུ་རྗོད། །ཐལ་མོ་སྦྱར་ལ་ཅི་གསུང་བ་དྲན་པས་གཟུང་བར་བྱ། །དམ་པའི་གདན་བསྐྱོད་ནས་གཤེགས་པའི་དུས་ན། །བདག་གིས་ཅི་ནས་བསྒྲིམས་ཏེ་སྔོན་འདུལ་གྱི་སྲིད་ཞུ་བྱའོ། ༈ །བླ་མ་མཉེས་པར་བྱེད་པའི་ཐབས་ཆེན་ཡང་། །སྐྱོ་བ་དང་དུབ་པ་མེད་པའི་དད་པ་དང་། །རྒྱུད་གྱོང་བ་དང་བློ་ཁེངས་བའི་བསམ་པ་མེད་པའི་གཉེན་ལྕུག་དང་། །སེར་སྣ་ཡིས་བཅིངས་པ་མེད་པའི་ཟང་ཟིང་དབུལ་བ་དང་། །སོམ་ཉི་དང་ཐེ་ཚོམ་མེད་པའི་སྲི་ཞུ་དང་། །གཡོ་དང་སྒྱུ་མེད་པའི་དྲང་ཞིང་མ ཁྲང་བ་དང་། །ངོ་དགའ་ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་པའི་བསམ་པའི་སེམས་དང་བརྒྱད། །བླ་མ་དམ་པ་དེ་ལ་བརྒྱད་ཀ་རྫོགས་པར་དབུལ་ལོ། །ལམ་རིམ་ལས། ཚུལ་དེ་ལྟར་དཀའ་བས་བླ་མ་བསྟེན་ན་རྡོ་རྗེ་རྒྱལ་པོ་བླ་མའི་ཉམས་ཀྱི་མན་ངག་གི་གནང་བ་འཐོབ་བར་འགྱུར་ཏེ། །ཐོབ་པ་དེའི་ཚེ་རྒྱུད་ཆེན་པོའི་གཞུང་ནས་བཤད་པ་བཞིན་དུ་ཡོན་རྒྱལ་སྲིད་ཅེས་དྲང་། ཕུལ་ན་རུའི་ཐུགས་ཀྱི་ཉིང་ཁུའི་མན་ངག་སྟེར། ཞེས་འབྱུང་བ་བཞིན་ནོ། ༈ །ཐེག་ཆེན་སྒྲོན་མ། གུས་པར་བྱེད་པའི་སློབ་མའི་མཚན་ཉིད་ནི། །དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་ལྡན་ཞིང་ངང་རིང་བ་ཚུལ་ཤིས་ལ་རང་བཞིན་བཟང་བ། །ཁོང་རྡིག་ཅིང་མན་ངག་སྣོད་མེད་ལ་གསང་ཐུབ་ཕྲལ་དུ་སྤྱོད་པ་དལ། །ཡ་རབས་ཀྱི་བག་དང་ལྡན་པ་བཞིན་བཟང་ཞིང་མཛེས་པའི་ཐབས་དང་ལྡན་པ། །ལུས་ངག་ཡིད་སྒོ་གསུམ་གྱི་བྱ་བ་བཟང་བར་སྤྱོད་པ་ལས་ཀྱི་མཐའ་མི་དགེ་བ་སྒོ་གསུམ་གྱི་མི་དགེ་བཅུ་སྡོམ་པ། །དམ་པ་བླ་མ་ཉིད་དང་ལུས་ངག་མཐུན་པར་སྤྱོད་ཅིང་། །སེམས་གསལ་ལ་བརྗོད་པ་དག་པས་གོ་བརྡ་ཕྱེད། །དེ་ལྟ་བུའི་ཤེས་པའི་རྒྱུད་ཐོབ་པས་དགྲོལ་བར་བྱ། །ཞེས་དང་། ༈ །དེ་ལས་གཞན་པའི་སྣོད་ངན་ཡང་། ལམ་རྣམ་བཀོད་ལས། རྩ་བ་ཡན་ལག་གི་དམ་ཚིག་མི་ལྡན་པ ར་ལུས་ངག་གི་སྤྱོད་པ་རྩིང་། །སྤྲོ་ཐུང་། འདོད་ཆགས་རབ་ཏུ་ཆེ། གཉིད་ཆེ། ཆང་དད། བརྩོན་འགྲུས་ཆུང་། ཆོས་སློབ་པ་ལ་མི་གུས། གདམས་ངག་ལ་ནན་ཏན་མེད། སློབ་དཔོན་ཡིད་ལ་མི་དྲན་སྤུན་གྲོགས་ལ་གདུང་སེམས་ཆུང་། །མུན་པ་དང་ལྐོག་དང་སྐྱེ་བོ་ལ། །གར་འཕྲད་པའི་མིས་དབེན་པར་འདོད་ཆགས་སྤྱོད་ཅིང་། །སྒོ་གསུམ་གྱི་དྲེགས་པ་དང་ངན་པའི་སྤྱོད་པ་དེ་དག་བརྟགས་པས། ༈ །བགས་ཀྱིས་སྣོད་སྐྱོན་ཚོར་ན་བླ་མ་དེས། །ལུང་མན་ངག་མི་ཟད་པས་གཏེར་མཛོད་རིག་པའི་སྒོ་སྡོམ་སྟེ། །མན་ངག་སྣོད་ངན་གྱིས་མི་ཐོབ་པའི་རྒྱུ་ཡིན་པས། །སྤྱོ་བ་དྲག་པོས་སྤང་ངམ་ཡང་ན་ནི། །ཚིག་གིས་བྲིད་ཅིང་ཡུལ་ཁམས་གཞན་དུ་བརྒྱངས་ལ་གཏང་། །ཐུགས་ཀྱི་བདེ་བའི་མན་ངག་མི་སྤྲོའོ། ༈ །གསང་སྙིང་། སློབ་མ་རྟོག་པ་ལ་རྨོངས་ལ་བློ་འཕྱར་བས་གལ་ཏེའམ་བརྒྱ་ལ་བྱིན་ན། །འཆི་བའི་དུས་མིན་པར་ནི་གནས་པའི་སྲོག་ཟད་ནས། །དམྱལ་བར་བསྲེག་དང་ཡི་དྭགས་སུ་སྦྲེབས་ལ་ཡུན་རིང་པོ་བསྐལ་པར་གནས་ཏེ་ཐོན་ནས། །ཞེས་འབྱུང་བའོ། ༈ །མན་ངག་ནི། རྩ་བ་ཀློང་དགུ། གཏེར་གཏད། རིག་འཛིན་གྱི་ཆོས་བཞི། ཉི་སྙིང་། རྒྱན་ཕྲེང་འོད་གསུམ་དུ་བླ་མ་དགེ་སློང་བཞེད། ཡང་ན་དགའ་རབ་ཀྱི་བཅུ་གཅིག །རིག་འཛིན་གྱི་ལྔ། ཀུ་ཀུ་རཱ་ཙའི་གཉིས་སོ། །བཅོ་བརྒྱད་དང་། སོ་བཞི་སེམས་སྡེ་བཅོ་བརྒྱད། ལ་ཤན། པྲ་ཁྲིད། དོན་བཞི་ལྷག་གཏན། གསང་བ་ཐུགས་སྒྲོན། གོང་གི་བཅོ་བརྒྱད་དེ་མན་ངག་གོ། །བཅུ་གཉེར་ཡིག་ལ་སོགས་པ་བསམ་གཏན་ཕྲན་བུ་ཡི་གེ་རིས་དཀྱུས་ཀྱི་མན་ངག་ཤིན་ཏུ་རྒྱས་པས་འདིར་མི་སྤྲོའོ། །སྙན་བརྒྱུད་ཞལ་གྱི་མན་ངག་ནི། དབང་། རྒྱུད། མན་ངག །གྲུབ་པའི་ཆུ་བོ་བཞི་རྫོགས་ཀྱི་བླ་མ་ལ་རག་ལས་ཤིང་། བརྡ་བྲལ་སྟོང་ཉིད་རང་སར་གྲོལ་བའི་མན་ངག་ནི། རང་གིས་མྱོང་དུ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་ལས་ཡི་གེར་བྲིར་མི་བཏུབ་པ་ཡིན་ནོ། ༈ །དེ་ལྟ་བུའི་གསང་སྔགས་ཀྱི་ཐེག་པའི་ཚིག་དོན་ལ་ངེས་པ་མ་རྙེད་པས་གཞན་ལ་བསྟན་ན། དགོངས་འདུས། གང་ཟག་གང་གིས་མཚམས་མེད་པས་དམྱལ་བར་སྐྱེ་བའི་ལས། ཕ་མ་དགྲ་བཅོམ་གསོད་པ་དང་། དགེ་འདུན་གྱི་དབྱེ་ན། དེ་བཞིན་གཤེགས་པ་ངན་སེམས་ཀྱིས་ཁྲག་འབྱིན་པ། ལྔ་བྱས་༼ཿ༽ པས། ཆོས་ལོག་པར་སྨྲ་བའི་སྡིག་དེ་དེ་༼ཿ༽བས་ལྕི་ལ། རང་དོན་ལ་ངེས་པར་རྟོགས་པའི་བློ་ཤེད་མ་བྱེ་བར། །ཚིག་གི་ལམ་ཡི་གེར་དོན་ཁྲིད་ནས་ནི། གང་ལ་ཡང་བློ་མ་ངེས་པར་དྲི་བའི་ལན་བརྗོད་ན། །སེམས་ཅན་སྲོག་ཆགས་པ་ཀུན་གྱི་སྲོག་ཕྲོགས་ཏེ་བཅད་པ་པས། །རང་གིས་མི་ཤེས་པའི་ཆོས་གཞན་ལ་བཤད་པ་དེ་སྲོག་བཅད་པ་དེ་བས་ལྕི། ༈ །རྩ་རྒྱུད། རང་གིས་རྟོགས་ནས་གཞན་ལ་སྨྲ་བར་གང་བྱེད་པ། །དེ་ཉིད་སྟོན་པ་སངས་རྒྱས་ང་ཡིན་པས་དབང་ལྔ་ཡང་རྫོགས། །ཞེས་པའི་ཡོན་ཏན་འབྱུང་བའོ། ༈ །སློབ་མའི་མ་རིག་པའི་རབ་རིབ་སེལ་བར་བྱེད་པས་ཐུར་མ་དང་འདྲ་བ་འདི། །བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་བྲལ་བ་དང་ཚད་མ་ལུང་རིགས་མན་ངག་གསུམ་དང་འགལ་བའི་སྐྱོན། །རྒྱལ་བ་རིག་འཛིན་གང་ཟག་དང་། དཀོན་མཆོག་གསུམ་ལ། །བཟོད་པར་གསོལ་ཞིང་གཉིས་སུ་མེད་པའི་ངང་དུ་བཤགས་སོ། །ངལ་བའི་དགེ་བ་འདིས་བདག་གིས་རྗེས་སུ་འབྲང་བ་རྣམས། །ཤེས་རབ་ཀྱི་བློ་མིག་གི་དབང་པོའི་རབ་རིབ་ཡོངས་སུ་དག་ནས། །ཐེག་པའི་བླང་དོར་གྱི་བྱེ་བྲག་ལེགས་པར་རྟོགས་ཤིང་། །ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་རང་རིག་མངོན་སུམ་དུ་མཐོང་བའི་ངང་ལ་རྒྱུན་དུ་གནས་པར་སྨོན་ཏོ། ༈ །ཤེས་རབ་ཀྱི་སྤྱན་རྣམ་པར་འབྱེད་པ་ཞེས་བྱ་བའི་མན་ངག །སེའི་བནྡྷེ་འབྱུང་ལྡན་གྱིས་བཀོད་པ། རྫོགས་སོ།། །།རྫོགས་ཆེན་ཀློང་དགུའི་རྒྱུད་དང་དེའི་མན་ངག་ཕྱོགས་རྟོགས་དང་བཅས་པའི་འོག་གི་དྲི་མ་སྲུང་བྱེད་ཀྱི་ལྡེབ་གཡོག་ཟླ་བའི་པར་ཁབ་བཞུགས།


previousཤེས་རབ་ཀྱི་སྤྱན་རྣམ་པར་འབྱེད་པའི་མན་ངག་སེའི་བནྡྷེ་འབྱང་ལྡན་གྱི་གསུང་།next