Nitartha Digital Library
Tibetan
སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས་བཞུགས་སོ། །


   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
ཁྲིད་རྐང་གནད་བསྡུས།


 
previousཁྲིད་རྐང་གནད་བསྡུས།no next

ཁྲིད་རྐང་གནད་བསྡུས།

ངོ་བོ་དལ་བ་ལ་ཞག་གསུམ། འབྱོར་པ་ཞག་བཞི། རྙེད་དཀའི་དཔེ་ཞག་གཅིགགྲངས་ཀྱི་ཁྱད་པར་ཞག་གཅིག འཕྲལ་རིས་གཉིས་ཞག་རེ་རེ། ཕྱི་སྣོད་མི་རྟག་པ་ཞག་གཅིག ནང་བཅུད་ཞག་གསུམ། དམ་པའི་སྐྱེས་བུ་ལ་ཞག་གཅིག སྐྱེ་དགུའི་བདག་པོ་ཞག་གཅིག དཔེ་དོན་སྣ་ཚོགས་ཞག་གསུམ། འཆི་རྐྱེན་ངེས་མེད་ཞག་གཅིག འདུན་པ་དྲག་པོ་ཞག་གཅིག འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་ཞག་གསུམ། ཚ་དམྱལ་ཞག་གཅིག གྲང་དམྱལ་ཞག་གཅིག ཉི་ཚེ་ཉེ་འཁོར་གཉིས་ཞག་གཅིག ཡི་དྭགས་བྱིང་གནས་ཞག་གཅིག མཁའ་རྒྱུ་ཞག་གཅིག དུད་འགྲོ་བྱིང་གནས་ཞག་གཅིག ཁ་འཐོར་བ་ཞག་གཅིག མི་ལ་སྡུག་བསྔལ་གསུམ་པོ་ཞག་རེ་རེར། སྐྱེ་རྒ་ན་འཆི་བཞི་ཞག་རེ་རེར། དགྲ་སྡང་བ་འཕྲད་པ་སོགས་བཞི་པོ་ཞག་རེ་རེར། ལྷ་མིན་ཞག་གཅིག ལྷ་ཞག་གཅིག མི་དགེ་བ་ཞག་གསུམ། དགེ་བ་ཞག་གསུམ། ཐམས་ཅད་ལས་ཀྱི་རང་བཞིན་ཞག་གསུམ། ཐར་པའི་ཕན་ཡོན་ཞག་གཅིག གཤེས་གཉེན་བསྟེན་པ་ཞག་གསུམ། ཐུན་དེ་དག་གི་སུམ་ཆ་ཕྱི་མ་རེ་ལ་སྐྱབས་འགྲོ། བྱམས་པ་ཞག་གསུམ། སྙིང་རྗེ་ཞག་གསུམ། དགའ་བ་ཞག་གསུམ། བཏང་སྙོམས་ཞག་གསུམ། སེམས་བསྐྱེད་ཀྱི་ངོ་བོ་དབྱེ་བ་བཅས་ཞག་གསུམ། བདག་གཞན་མཉམ་པ་ཞག་གསུམ། བརྗེ་བ་ཞག་གསུམ། གཞན་གཅེས་ཞག་གསུམ། ཕར་ཕྱིན་དྲུག་ཞག་གསུམ་རེ་ཡིན་ལགས། ཞེས་པ་འདིའང་ཀུན་མཁྱེན་བླ་མ་རིན་པོ་ཆེ་ངག་དབང་དཔལ་བཟང་ངམ་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་རྩལ་ཉིད་ཀྱི་ཕྱག་བྲིས་ལས་བཤུས་སོ། །དགེའོ། །དགེའོ། །དགེའོ།། །


previousཁྲིད་རྐང་གནད་བསྡུས།no next