Nitartha Digital Library
Tibetan
 
no previousno next

(༡)བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ཕྲིན་ལས་དགོས་འདོད་ཀུན་འབྱུང་བཞུགས་སོ༔

(༢)།།། བླ་མེད་དཀོན་མཆོག་གསུམ་ལ་འདུད༔ བདག་ཉིད་པདྨ་འབྱུང་གནས་ཀྱིས། ད་ལྟའི་མངའ་བདག་ཡབ་སྲས་དང་། མ་འོངས་སྐལ་ལྡན་དོན་ཆེད་དུ༔ རང་གི་སྒྲུབ་པ་རང་གིས་མཛད༔ དེ་དག་ཀུན་གྱི་ཡང་སྙིང་བཅུད༔ གུ་རུ་བདེ་བ་ཆེན་པོ་ཡི༔ ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ཕྲིན་ལས་དགོས་འདོད་ཀུན་འབྱུང་འདི༔ སུ་འཕྲད་དུས་གསུམ་ཀུན་ཏུ་དགེ༔ བསམ་པ་ཐམས་ཅད་འདི་ཡིས་འགྲུབ༔ དེ་ཕྱིར་ཕྱི་རབས་དང་ལྡན་རྣམས༔ འདི་ལ་རྟག་ཏུ་ནན་ཏན་མཛོད༔ ཨ་མ་ཡ༔ ཐོག་མར་བཀྲ་ཤིས་བྱིན་ཆགས་པའི༔ དབེན་གནས་བཙལ་ལ་ཡོ་བྱད་བསགས༔ དཀྱིལ་འཁོར་འདའ་གང་བཀོད་ལེགས་སྟེང་༔ སྐུ་གསུང་ཐུགས་རྟེན་ཡིད་འོང་དང་༔ སྨན་རག་གཏོར་ཚོགས་ཆོད་པ་བཤམས༔ བདེ་བའི་སྟན་འདུག་ལུས་གནད་བསྲང་༔ རླུང་རོ་བསལ་ལ་ངེས་འབྱུང་གི༔ བསམ་པ་དྲག་

(༣)རང་བྱུང་འོད་གསལ་བདེ་བ་ཆེན་པོའི་དབྱིངས། །བརྟན་གཡོའི་ཁྱབ་བདག་བླ་མོ་ཆོས་ཀྱི་སྐུ། །ཀུན་བཟང་འོད་དཔག་མེད་ལ་གསོལ་བ་འདེབས། །ཀ་དག་ལྟ་བུ་རྩལ་རྫོགས་བྱིན་གྱིས་རློབས། །དྭངས་མ་ལྔ་ལྡན་འོད་ལྔའི་ཞིང་ཁམས་སུ། །མ་བཅོས་རང་གསལ་བླ་མ་ལོངས་སྤྱོད་རྫོགས། །རྣམ་སྣང་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ལྷུན་གྲུབ་སྒོམ་པ་ཚད་ཕེབ་བྱིན་གྱིས་རློབས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཀློང་ཡངས་སུ། །བདེ་བ་ཆེན་པོ་བླ་མ་སྤྲུལ་པའི་སྐུ། །སངས་རྒྱས་པདྨའི་ཞབས་ལ་གསོལ་བ་འདེབས། །ཤུགས་འབྱུང་སྤྱོད་པ་ལམ་སློང་བྱིན་གྱིས་རློབས། །དུ་མ་རོ་གཅིག་གསང་བའི་མཛོད་ཁང་ན། །དབྱིངས་ཕྱུག་མཚོ་རྒྱལ་འཇམ་མགོན་ཁྲི་ལྡེའི་ཞབས། །དམ་འཛིན་ལྷ་ཡི་སྲས་པོར་གསོལ་བ་འདེབས། ལྷུན་རྫོགས་འབྲས་བུ་མངོན་གྱུར་བྱིན་གྱིས་རློབས། །དུ་མ་རོ་གཅིག་གསང་བའི་མཛོད་ཁང་ན། །དབྱིངས་ཕྱུག་མཚོ་རྒྱལ་འཇམ་མགོན་ཁྲི་ལྡེའི་ཞབས། །དམ་འཇིན་ལྷ་ཡི་སྲས་པོར་གསོལ་བ་འདེབས། །ལྷུན་རྫོགས་འབྲས་བུ་མངོན་གྱུར་བྱིན་གྱིས་རློབས། །བསམ་ཡས་ཡེ་ཤེས་ཡངས་པའི་རྒྱལ་ཁམས་སུ། །རྡོ་རྗེ་གཟི་བརྗིད་མཆོག་གྱུར་བདེ་ཆེན་གླིང་། །གཏེར་འབྱིན་གྲུབ་པའི་སྤྱི་རྗེར་གསོལ་བ་འདེབས། །འཁྲུལ་རྟོགས་བར་ཆད་སེལ་བར་བྱིན་གྱིས་རློབས། །ཡེ་ཤེས་འདོད་རྒུར་སྒྱུར་བའི་ཕོ་བྲང་དུ། །ལུང་ཟིན་ཆོས་ཀྱི་གཉེར་ཐོབ་རིག་པ་འཛིན། །རྩ་བརྒྱུད་དཔལ་

(༤)ལྡན་བླ་མར་གསོལ་བ་འདེབས། །བསམ་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཁྱབ་བརྡལ་ལྷུན་གྲུབ་དབྱིངས་རིག་དཀྱིལ་འཁོར་དུ། །རྩ་གསུམ་སྤྲུལ་འཁོར་བཀའ་སྡོང་ཆོས་སྐྱོང་ཚོགས། །གཏེར་སྲུང་དམ་ལྡན་རྣམས་ལ་གསོལ་བ་འདེབས། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །གཞི་ཡི་རིགས་སད་རང་རྒྱུད་ཞིང་ས་དུལ། །སྨིན་བྱེད་ས་བོན་གྲོལ་བྱེད་གདམས་པས་སྨིན། །རྡོ་རྗེའི་གསེང་ལམ་ཚེ་འདིར་མཐར་ཕྱིན་ཏེ། །སྐུ་ལྔའི་འབྲས་བུ་བདེ་བླག་བརྙེས་པར་ཤོག །འདིའང་མཆོག་གི་རིག་འཛིན་ཟུང་གིས་བྱིན་རླབས་རྗེས་གནང་ཐུན་མོང་མ་ཡིན་པ་ཐོབ་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་ཏུ་གསོལ་བ་བཏབ་པ་དགེ་ལེགས་འཕེལ། །མངྒ་ལཾ།། དགེའོ།།

(༥)པོས་ཀུན་བསླང་ནས༔ རྣལ་འབྱོར་ཟབ་མོར་འཇུག་པ་ལ༔ སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ དང་པོ་སྦྱོར་བའི་ཆོས་བདུན་ལས༔ ཐོག་མར་སྐྱབས་ཡུལ་སྔགས་འདིས་བསྐུལ༔ ན་མོ་རཏྣ་ཏྲ་ཡཱ་གུ་རུ་དྷེ་བ་དྷཱ་ཀི་ནི་བཛྲ་ས་མཱ་ཛ༔ མདུན་གྱི་ནམ་མཁར་བྱོན་པར་བསམ༔ གཉིས་པ་སྐྱབས་སུ་བཟུང་བ་ནི༔ བདག་གཞན་སྒོ་གསུམ་རྩེ་གཅིག་པས༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གསུམ་པ་སྨོན་འཇུག་སེམས་བསྐྱེད་ནི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་ཏུ༔ བླ་མ་སངས་རྒྱས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ བཞི་པ་ཡན་ལག་བདུན་པ་ནི༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་

(༦)གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་ཏུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལྔ་པ་ཚོགས་ཞིང་བསྡུ་བ་ནི༔ ཛཿཧཱུྃ་བཾ་ཧོཿ ཚོགས་ཞིང་རང་ལ་ཐིམ་པར་བསམ༔ གཉིས་པ་བགེགས་ལ་བཀའ་བསྒོ་བར༔ རྣམ་པ་ལྔ་ལས་དང་པོ་ནི༔ རང་ཉིད་དབང་ཆེན་སྐུ་རུ་གསལ༔ ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ གཉིས་པ་གཏོར་མའི་དངོས་པོ་སྦྱང་༔ རྃ་ཡྃ་ཁྃ༔ གསུམ་པ་འདོད་ཡོན་རྣམ་ལྔར་བསྒོམ༔ ཨོཾ་ཨཱཿཧཱུྃ༔ བཞི་པ་བགེགས་རིགས་དགུག་པ་ནི༔ ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛ༔ ལྔ་པ་བསྔོ་ཞིང་བསྐྲད་པ་ནི༔ ཨོཾ་སརྦ་བིགྷ།།།ན་བ་ལིངྟ་ཁཱ་ཧི༔ ཧཱུྃ༔ བླ་མ་རྣམས་ཀྱི་བྱིན་བརླབ་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས་ལོག་པར་འདྲེན་པའི་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ བྲག་སྔགས་བརྗོད་ཅིང་ཐུན་གྱིས་གཟིར༔ གསུམ་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་གྱི་ཐུགས་

(༧)ཀ་ནས༔ ཕྱག་མཚན་ལྔ་ཡི་ཚོགས་སྤྲོས་པས༔ སྲུང་བའི་འཁོར་ལོའི་གུར་ཆེན་པོ༔ ཡེ་ཤེས་མེ་ཕུང་འཕྲོ་བར་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་ཛྭ་ལ་རཀྵ་རཀྵ་ཧཱུྃ༔ བཞི་པ་བཤགས་པ་བྱ་བར་བཞི༔ དང་པོ་སྣང་སྲིད་དཀྱིལ་འཁོར་བལྟ༔ ཧཱུྃ་ཧྲཱི༔ མ་བཅོས་དབྱིངས་སུ་སྣང་སྲིད་ཀུན། །བླ་མ་རིག་འཛིན་འཁོར་ལོར་ཤར༔ ཡེ་ནས་རང་ལ་རྫོགས་པའི་ཕྱིར༔ རང་རིག་བརྡ་ཡི་སྒོ་དབྱེའོ༔ བྷྲཱུྃ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊྲ༔ གཉིས་པ་གསལ་གདབ་ཕྱག་འཚལ་ནི༔ ཧཱུྃ་ཧྲཱི༔ གདོད་ནས་རིག་སྟོང་བྱང་ཆུབ་སེམས༔ ལྷ་དང་དཀྱིལ་འཁོར་ཡིན་མོད་ཀྱང་༔ མ་རིག་འཁྲུལ་པའི་སྒྲིབ་བསལ་ནས༔ གཉིས་མེད་ཡེ་ཤེ་མཇལ་ཕྱག་འཚལ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ གསུམ་པ་ཉོན་མོངས་སྒྲིབ་བཤགས་ནི༔ ཧོཿ ཡེ་ཤེས་གཉིས་སུ་མེད་པ་ལ༔ གཉིས་འཛིན་རྟོག་པའི་གཞན་དབང་གིས༔ ཉོན་མོངས་ལས་སྒྲིབ་ཅི་བསགས་པ༔ མཉམ་ཉིད་དབྱིངས་སུ་བཤགས་པར་བགྱི༔ ས་མ་ཡ་ཤུདྡྷེ་ཨ༔ བཞི་པ་དམ་བཅའ་བཟུང་བ་ནི། །ཧཱུྃ༔ བདེ་ཆེན་ཡེ་ཤེས་བླ་མ་ལྷ༔ དེང་འདིར་བདག་གི་སེམས་སུ་རྟོགས༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ ཡང་དག་སྙིང་པོ་བཟུང་བར་བགྱི༔ བོ་

(༨)དྷི་ཙིཏྟ་བཛྲ་ཛྙཱ་ན་ཧཱུྃ༔ ལྔ་པ་བྱིན་ཆེན་འབེབས་པ་ནི༔ སྤོས་བསྲེག་རོལ་མོ་ཀླུ་དབྱངས་བྱ༔ གདུང་བའི་ཤུགས་བསྐྱེད་རྩེ་གཅིག་པས༔ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ རྩ་གསུམ་ལྷ་ཚོགས་གསང་བ་གསུམ༔ སྤྱན་དྲངས་བདག་གནས་རྫས་ལ་ཐིམས༔ བྱིན་བརླབས་གཟི་བྱིན་བསྐྱེད་པར་བསམ༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་མཐའ་དང་བྲལ་བའི་ཞིང་ཁམས་ནས༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ ཕྱི་ནང་མཁའ་འགྲོ་དམ་ཅན་མ་ལུས་པ༔ ཐུགས་རྗེའི་བརྩེ་བས་གནས་འདིར་གཤེགས་སུ་གསོལ༔ གསང་བའི་དཀྱིལ་འཁོར་དམ་རྫས་མ་ལུས་པ༔ སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་རློབས༔ འདིར་ཚོགས་རྣལ་འབྱོར་ལུས་ངག་ཡིད་གསུམ་ལ༔ དབང་བསྐུར་བྱིན་ཕོབས་རྡོ་རྗེའི་ཡེ་ཤེས་བསྐྱེད༔ ཨོཾ་ཨཱ༔ཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ༔ ཛཿཧཱུྃ་བཾ་ཧོཿ དྲུག་པ་མཆོད་རྫས་བྱིན་རླབས་ནི༔ ཧཱུྃ་ཧྲཱི༔ རྃ་ཡྃ་ཁྃ་གིས་མ་དག་དངོས་ཀུན་སྦྱངས༔ སྟོང་པའི་ངང་ལས་བྷནྡྷ་རྣམ་གསུམ་དུ༔ ཨོཾ་ལས་གཏོར་མ་འདོད་ཡོན་སྤྲིན་ཕུང་འཕྲོ༔ ཨཱཿལས་ཆགས་མེད་རཀྟའི་རྦ་ཀློང་འཁྱིལ༔ ཧཱུྃ་ལས་ཡེ་ཤེས་ལྔ་ལྡན་བདུད་རྩིའི་མཚོ༔ ཧྲཱིཿལས་ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ བསམ་གྱིས་མི་ཁྱབ་ནམ་མཁའ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་

(༩)སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མཧཱ་པ་ལིངྟ་ཏེ་ཛོྭ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱ་དྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནི་བི་ཏྱཱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ༔ ཨོཾ་བཛྲ་སྥ་ར་་ཁཾ༔ བདུན་པ་རང་རིག་གསལ་གདབ་ནི༔ བརྡ་སྒོ་ཕྱེས་པའི་ཡེ་ཤེས་པ༔ རང་དང་དབྱེར་མེད་ང་རྒྱལ་བཟུང་༔ ཧཱུྃ་ཧྲཱིཿ རང་རིག་གདོད་ནས་སྟོང་ཞིང་གསལ༔ ཟུང་འཇུག་སྐུ་དང་ཡེ་ཤེས་དང་༔ མ་བཅོས་སྤྲོས་བྲལ་དེ་བཞིན་གཤེགས༔ བླ་མ་རིག་འཛིན་ངོ་བོར་རྫོགས༔ ཨོཾ་མ་ཧཱ་གུ་རུ་ས་མ་ཡ་ཧཱུྃ༔ གཉུག་མ་དོན་གྱི་ལྷ་སྐུ་དང་༔ དབྱེར་མེད་རོ་མཉམ་ཆེན་པོར་བཞག༔ ས་མ་ཡ༔ རྒྱ་རྒྱ༔ སྤྱི་དོན་གཉིས་པ་དངོས་གཞི་ལ༔ རྣམ་བདུན་ཐོག་མར་བསྐྱེད་རིམ་ནི༔ ཧཱུྃ་ཧྲཱི༔ ཆོས་རྣམས་ཡེ་ནས་རྣམ་གྲོལ་དེ་བཞིན་ཉིད༔ སྨྲ་བསམ་བརྗོད་བྲལ་མཁའ་ལྟར་དག་པ་ལས༔ འོད་གསལ་ཡེ་ཤེས་ཀུན་ཏུ་སྣང་བའི་སྤྲིན༔ རང་བྱུང་བརྩེ་བའི་སྙིང་རྗེ་ཡོངས་ལ་ཁྱབ༔ དབྱིངས་རིག་ཟུང་འཇུག་རྒྱུ་ཡི་སྙིང་པོ་ཧྲཱིཿ དཀར་དམར་

(༡༠)མདངས་ལྡན་མཁའ་ལ་ཉི་ལྟར་ཤར༔ དེ་ལས་རྃ་ཡྃ་ཁྃ་འཕྲོས་སྣོད་བཅུད་སྦྱངས༔ ཚུར་འདུས་དྭངས་མ་འབྱུང་ལྔ་རིམ་བརྩེགས་སྟེང་༔ མི་ཕྱེད་རྡོ་རྗེ་སྲུངས་བའི་གུར་ཆེན་དབུས༔ རྒྱུ་ལས་བྷྲཱུྃ་འཕྲོས་རིན་ཆེན་གཞལ་མེད་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན༔ ཡེ་ཤེས་རིགས་བཞིའི་ཁ་དོག་རྣམ་པར་བཀྲ༔ རིམ་ལྔའི་རྩིག་པ་ཕ་གུ་དྲྭ་བ་དང་༔ དྲྭ་ཕྱེད་མདའ་ཡབ་ནོར་བུའི་ཏོག་གིས་སྤྲས༔ འདོད་སྣམ་དམར་པོར་བདེ་བའི་མཆོག་སྟེར་མ༔ བཅུ་དྲུག་རིག་མས་མཆོད་སྤྲིན་བསམ་ཡས་སྤྲོ༔ མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཞིང་ཁམས་ཆེ༔ འོག་མིན་པདྨ་དྲྭ་བའི་ཕོ་བྲང་དབུས༔ དགོས་འདོད་ཀུན་སྩོལ་རིན་ཆེན་ཟུར་བརྒྱད་དང་། ཡིད་འོང་པདྨ་འདབ་བཞིའི་སྙིང་པོ་རུ༔ སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ རྒྱུ་ཡི་ཧྲཱི་ཡིག་ཡོངས་གྱུར་སྐད་ཅིག་གིས༔ མ་ཧཱ་གུ་རུ་ཨོ་རྒྱན་ཐོད་ཕྲེང་རྩལ༔ དྲེག་པ་ཀུན་འདུལ་དཔལ་ཆེན་ཆེ་བའི་མཆོག༔ སྨུག་ནག་སྐུ་ནི་བརྗིད་པའི་ཉམས་དང་ལྡན༔ ཕྱག་གཡས་ཐོད་འཁར་གཡོན་པས་བྷནྡྷ་བསྣམས༔ ཞབས་གཉིས་བཞེངས་སྟབས་འཇའ་ཟེར་འོད་ཕུང་འབར༔ དྲེགས་པ་སྡེ་བཞི་ལས་བྱེད་ཕོ་ཉར་འགྱེད༔ ཤར་དུ་ཤིན་རྗེ་མཐིང་ནག་འཁོར་དང་

(༡༡)ཐོད་ཁྲག །ལྷོར་སྐོས་རྗེ་དྲང་དཀར་མཐིང་ག་ཁྲམ་ཤིང་དང་བདུད་ཞགས། ནུབ་ཏུ་ཡམ་ཤུད་དམར་པོ་མདུད་དར་དང་བཙན་ཞགས། བྱང་དུ་གང་བཟང་ནག་པོ་བེ་ཅོན་དང་ནད་རྐྱལ་འཛིན་པའོ། །འཁོར་འདས་ཟིལ་གནོན་བླ་མའི་སྐུ་རུ་གསལ༔ དེ་ཡི་སྤྱི་བོར་ཆུ་སྐྱེས་ཉི་ཟླའི་དབུས༔ རིགས་ཀྱི་བདག་པོ་པདྨ་སཾ་བྷ་བ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བླ་མའི་སྐུ༔ དུག་ལྔ་གནས་གྱུར་ཡེ་ཤེས་ལྔ་རྫོགས་པའི༔ མ་ཧཱ་གུ་རུ་བདེ་བ་ཆེན་པོ་ནི༔ དཀར་དམར་མདངས་ལྡན་རྗེས་སུ་ཆགས་པའི་ཉམས༔ མཚན་དཔེའི་གཟི་བྱིན་གདུལ་བྱའི་དཔལ་དུ་འབར༔ ཞལ་གཅིག་ཕྱག་གཉིས་ཏིང་འཛིན་ཕྱག་རྒྱའི་སྟེང་༔ བདེ་སྟོང་དབྱེར་མེད་བདུད་རྩིའི་ཐོད་པའི་དབུས༔ སྡུག་བསྔལ་ཀུན་སེལ་བཾ་ཡིག་དཀར་པོས་མཚན༔ སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ་དང་༔ ཕོད་ཆེན་མཐིང་ནག་ཆོས་གོས་རྣམ་གསུམ་དམར༔ ཟ་འོག་བེར་སྨུག་དབང་གི་མདོག་ཅན་གསོལ༔ དབུ་ལ་ཤེའུའི་སྙན་ཞུ་བརྗིད་པས་མཛེས༔ སྐུ་གསུམ་བདག་ཉིད་རྒྱལ་ཀུན་འདུས་པའི་གཟུགས༔ སྐུ་ཡིས་ཞིང་ཁམས་ཀུན་ཁྱབ་འོད་ཟེར་འབར༔ བདེ་བར་གཤེགས་པ་སྲས་བཅས་སྐུ་ལ་རྫོགས༔ འཇའ་ཟེར་ཐིག་ལེ་འོད་ལྔར་འཁྲུགས་པའི་ཀློང་༔ འཁོར་

(༡༢)འདས་མཉམ་ཉིད་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ བྱིན་རླབས་ཆར་འབེབས་བླ་མཱི་སྐུ་རུ་གསལ༔ ཕྱོགས་དུས་དཀོན་མཆོག་རྩ་གསུམ་ཆོས་སྲུང་བཅས༔ རེ་ལྟོས་སྐྱབས་རྣམས་ཐམས་ཅད་འདུས་པར་གྱུར༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ༔ ཤར་དུ་གུ་རུ་པདྨ་སྨན་གྱི་རྒྱས༔ བཻ་ཌཱུར་མདོག་ཅན་ཕྱག་གཡས་ཨ་ རུ་ར༔ གཡོན next hit་པས་མཉམ་བཞག་བདུད་རྩིའི་བྷནྡྷ་བསྣམས༔ རིགས་བཞིའི་དྲང་སྲོང་སྨན་མཆོག་འཛིན་པས་བསྐོར༔ ཉོན་མོངས་གདུང་སེལ་བླ་མའི་སྐུ་རུ་གསལ༔ ལྷོ་རུ་གུ་རུ་ནོར་ལྷ་དབང་གི་རྒྱལ༔ གསེར་མདོག་ཕྱག་གཡས་རིན་ཆེན་འབར་བ་དང་༔ རིག་པའི་ཡེ་ཤེས་དཀར་སེར་དམར་ལྗང་། གཡོན་པས་འདོད་རྒུའི་མཆོག་སྩོལ་ཐོད་པ་བསྣམས༔ ནོར་བདག་རིགས་བཞི་ཡི་བཞིན་བསམ་འཕེལ་འཛིན༔ དབུལ་བའི་གདུང་སེལ་བླ་མའི་སྐུ་རུ་གསལ༔ ནུབ་ཏུ་གུ་རུ་ཡི་དམ་དབང་གིས་རྒྱལ༔ རཱ་གའི་མདོག་ཅན་གཡས་པས་པདྨ་དང་༔ ཛམྦྷ་ལ་དཀར་སེར་དམར་ནག །གཡོན་པས་འཛད་མེད་ཏེར་གྱི་སྒྲོམ་བུ་བསྣམས༔ འཁོར་དུ་གཏེར་སྲུང་། གཟའ་མཆོག་དུད་ཁ་མདའ་གཞུ། མ་མོ་མཐིང་ན་ག་གཡུ་སྦྱང་། རྒྱལ་པོ་མཐིང་ག་དགྲ་སྟྭ་ཀླུ་བདུད་ནག་པོ་སྦྲུལ་ཞགས་བསྣམས་པ། སྡེ་བཞིས་དངོས་གྲུབ་སྟེར༔ འདོད་

(༡༣)དོན་ཀུན་སྩོལ་བླ་མའི་སྐྲ་རུ་གསལ༔ བྱང་དུ་གུ་previous hit རུ་སྒྲུབ་པའི་རེ་སྐོང་རྒྱལ༔ མ་རྒད་མདོག་ཅན་ཕྱག་གཡས་བ་དན་འཕྱར༔ གཡོན next hit་པས་ཕུར་པ་བར་ཆད་བགེགས་ལ་གཟིར༔ ཡུལ་ལྷ་དཀར་སེར་སྡེ་བཞི་བ་དན་འཛིན་པས་བསྐོར༔ ལམ་སྣ་འདྲེན་མཛད་བླ་མའི་སྐུ་དུ་གསལ༔ དེ་ཡི་ཕྱི་རིམ་རིན་ཆེན་ཆ་བརྒྱད་ལ༔ ཤར་དུ་གུ་རུ་དཔའ་བོ་གིང་གི་གཙོ༔ གཉན་ཆེན་དཀར། སྨུག་ ལྗང་གུ། དཀར་གསལ་ཕྱག་གཡས་ཐོད་པའི་ཌཱ་previous hit རུ་འཁྲོལ༔ གཡོན next hit་པས་བྷནྦྷ་བདུད་རྩིས་བཀང་བ་བསྣམས༔ དཔའ་བོ་གིང་བཞི་ཐོད་རྔ་དྲིལ་བུ་འཁྲོལ༔ གདུག་པ་ཀུན་འདུལ་བླ་མའི་སྐུ་རུ་གསལ༔ ལྷོ་རུ་གུ་previous hit རུ་འགྱུང་བཞི་དབང་སྒྱུར་རྒྱལ༔ མཐིང་གསལ་གཡས་པས་བུམ་པ་རེ་རབ་དང་། དཀར་སེར་དམར་ལྗང་། གཡོན next hit་པས་མེ་དང་རླུང་གི་ཞབས་པ་བསྣམས༔ འབྱུང་བཞིའི་ལྷ་མོས་སེར་སྔོ་དམར་ལྗང་ས་ཆུ་མེ་རླུང་འཛིན༔ བར་ཆད་ཀུན་སེལ་བླ་མའི་སྐུ་རུ་གསལ༔ ནུབ་ཏུ་གུ་previous hit རུ་མ་རུང་སྐྲོད་མཛད་ནི༔ དམར་གསལ་ཕྱག་གཡས་ལྕགས་ཀྱུ་ཞགས་པ་གདེངས༔ སེར་སྔོ་དམར་ལྗང་། གཡོན next hit་པས་ལྕགས་སྒྲོག་འཆིང་ཞིང་དྲིལ་བུ་འཁྲོལ༔ ཕྱག་རྒྱ་བཞི་ལྡན་ཁྲོ་ཆུང་ཕོ་ཉར་འགྱེད༔ དཀར་སེར་དམར་ལྗང་ལྕགས་

(༡༤)ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་པ། འཇིགས་པ་ཀུན་འདུལ་བླ་མའི་སྐུ་རུ་གསལ༔ བྱང་དུ་གུ་previous hit རུ་རྡོ་རྗེའི་གོ་ཆ་ཅན༔ སེར་གསལ་ཕྱག་གཡས་རལ་གྲི་འདེབས་པའི་ཚུལ༔ གཡོན next hit་པས་ལྕགས་ཀྱུས་གདུག་པའི་སྙིང་ནས་འཛིན༔ འཁོར་དུ་བདུད་འདུལ་ཁྲོ་མོ་རིགས་བཞིས་བསྐོར༔ མི་འགྱུར་མི་ཤིགས་བླ་མའི་སྐུ་རུ་གསལ༔ ཤར་ལྷོར་གུ་རུ་འཆི་བའི་སྡུག་བསྔལ་སེལ༔ དམར་པོ་ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱ་བརྒྱད༔ དཀར་སེར་དམར་ལྗང་རྡོ་རྗེ་ཕུར་བུ་འཛིན་པ། གཡོན་པས་མཆོག་སྦྱིན་བདུད་རྩིའི་ལྷུང་བཟེད་བསྣམས༔ འཁོར་དུ་འགྲོ་འདུལ་སེམས་དཔའ་རིགས་བཞིས་བསྐོར༔ བདེ་ཆེན་ཞིང་འདྲེན་བླ་མའི་སྐུ་རུ་གསལ༔ ལྷོ་ནུབ་གུ་རུ་བར་དོའི་འཁྲུལ་སྣང་འཇོམས༔ དམར་སེར་གཡས་པས་རྡོ་རྗེ་རྩེ་ལྔ་དང་༔ བྱམས་པ། འཇམ་དབྱངས། སྤྱན་རས་གཟིགས། ཕྱག་རྡོར་བཞི་ཀ་སྐུ་མདོག་དཀར་པོ་སྐྱབས་སྦྱིན་ཅན། གཡོན་པས་མེ་ལོང་རྨ་རྒྱའི་མདོངས་སྒྲོ་བསྣམས༔ གཟུང་འཛིན་རྩད་གཅོད་མི་གཡོ་རིགས་བཞིས་བསྐོར༔ འཁྲུལ་སྣང་རང་གྲོལ་བླ་མའི་སྐུ་རུ་གསལ༔ ནུབ་བྱང་གུ་རུ་སྐྱེ་བའི་སྡུག་བསྔལ་སྦྱོང་༔ དམར་ལྗང་ཕྱག་གཡས་གྲི་གུག་འབར་བ་དང་༔ དཀར། སེར། དམར། མཐིང་རལ་གྲི་ཞག་པ་འཛིན། གཡོན་པས་ཐོད་པ་བདུད་རྩིས་གང་བ་འཛིན༔

(༡༥)ངན་སོང་ཀུན་འདྲེན་གསང་བདག་རིགས་བཞིས་བསྐོར༔ སྐྱེ་གནས་ངན་སྐྱོང་བླ་མའི་སྐུ་རུ་གསལ༔ བྱང་ཤར་གུ་རུ་འགྲོ་དྲུག་ཀུན་གྱི་སྐྱབས༔ དཀར་ལྗང་གཡས་པས་རྡོ་རྗེ་རྩེ་དགུ་དང་༔ དཀར། སེར། དམར། སྔོ་རྡོ་དྲིལ་འཛིན་པ། གཡོན་པས་ཁ་ཊཱཾྭ་རྩེ་གསུམ་འཁར་བ་མཛད༔ མཁའ་འགྲོ་སྡེ་བཞི་རང་རྟགས་འཛིན་པས་བསྐོར༔ སྲིད་པའི་གདུང་སེལ་བླ་མའི་སྐུ་རུ་གསལ༔ དེ་ལྟར་རིག་འཛིན་རྩལ་འཆང་བཅུ་གསུམ་པོ༔ ཀུན་ཀྱང་ནང་དུ་གསང་གོས་དཀར་པོའི་སྟེང་༔ མཐིང་། སེ། དམར། ལྗང་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དང་གཡོན་ཐོད་པ། །ཕོད་ཆེན་མཐིང་ཀ་ཆོས་གོས་དམར་པོ་གསོལ༔ པདྨའི་ཞྭ་མནབས་་ཞབས་གཉིས་བཞེངས་སྟབས་ཀྱིས༔ པད་ཟླའི་སྟེང་ན་འགྲོ་འདུལ་སེམས་དཔའི་ཚུལ༔ དངོས་གྲུབ་ཆར་འབེབས་གཟི་བྱིན་ལམ་མེར་བཞུགས༔ སྒོ་བཞིར་པད་ཉི་བདུད་བཞི་བསྣོལ་བའི་སྟེང་༔ ཤར་སྒོར་ཧཱུྃ་མཛད་དཀར་པོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་མི་གཡོ་སེར་པོ་ཞགས་པ་བསྣམས༔ ནུབ་སྒོར་རྟ་མགྲིན་དམར་ནག་ལྕགས་སྒྲོག་འཛིན༔ བྱང་སྒོར་བདུད་རྩི་འཁྱིལ་ལྗང་དྲིལ་བུ་འཁྲོལ༔ ཀུན་ཀྱང་ཁྲོ་ཚུལ་ཕྱག་གཡས་སྡིག་མདུབ་སྒྲེང་༔ དུར་ཁྲོད་ཆས་རྫོགས་མེ་ཕུང་འབར་བའི་ཀློང་༔

(༡༦)སྤྲུལ་པའི་ཕོ་ཉ་འགྱེད་ཅིང་བར་ཆད་སྲུང་༔ གཞན་ཡང་དཀྱིལ་འཁོར་བར་འཁྱམས་ཐམས་ཅད་དུ༔ དུས་གསུམ་བདེ་གཤེགས་རྒྱལ་བ་སྲས་བཅས་དང་༔ བླ་མ་ཡི་དམ་རིག་འཛིན་དྷཱ་ཀིའི་ཚོགས༔ དམ་ཅན་རྒྱ་མཚོའི་ཕོ་ཉ་སྤྲིན་ལྟར་གཏིབས༔ མི་འགྱུར་མི་ཤིགས་འོད་གསལ་སྙིང་པོའི་ངང་༔ ཉོན་མོངས་རང་གྲོལ་ཡེ་ཤེས་ལྔ་དང་ལྡན༔ ཕུང་ཁམས་སྐྱེ་མཆེད་གདོད་ནས་རྣམ་དག་པའི༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་རྫོགས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཡེ་ཤེས་དགུག་པ་ནི༔ སྤོས་བསྲེག་ཐོད་རྔ་སྙན་པར་འཁྲོལ༔ མོས་གུས་གདུང་བའི་ཤུགས་བསྐྱེད་ལ༔ རྡོ་རྗེའི་དབྱངས་ཀྱིས་ཐུགས་དམ་བསྐུལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་འཛམ་གླིང་འདི་དག་གི༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་དབུས༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ བདེ་ཆེན་རྒྱལ་པོ་དབྱིངས་ནས་བཞེངས༔ ཕྱི་ནང་སྡུག་བསྔལ་ཀུན་སེལ་ཞིང་༔ འདོད་རྒུའི་དངོས་

(༡༧)གྲུབ་མཆོག་སྩོལ་བའི༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབས་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཿ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ རིན་ཆེན་གཞལ་ཡས་མཛེས་པ་འདིར༔ ཉི་ཟླ་པདྨའི་གདན་སྟེང་དུ༔ མ་ཧཱ་གུ་རུའི་ལྷ་ཚོགས་རྣམས༔ དགེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་ས་མ་ཡ་ཏིཥྛ་ལྷན༔ བཞི་པ་གུས་ཕྱག་འཚལ་བ་ནི༔ ན་མོ༔ སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ རིག་འཛིན་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲཏི་ཙྪ་ཧོཿ ལྔ་པ་མཆོད་པ་འབུལ་བ་ནི༔ དངོས་སུ་བཤམས་པའི་བརྡས་མཚོན་ཏེ༔ རང་གི་ཐུགས་ནས་ལྷ་མོའི་ཚོགས༔ ནམ་མཁའ་གང་བར་རབ་སྤྲུལ་ཏེ༔ ཕྱི་ནང་གསང་བ་ཁྱད་པར་གྱི༔ མཆོད་སྤྲིན་རྒྱ་མཚོ་མཆོད་པར་བསམ༔ ཧཱུྃ་ཧྲཱིཿ བླ་མ་ཡི་

(༡༨)དམ་མཁའ་འགྲོའི་ཚོགས་བཅས་ལ༔ ལྷ་རྫས་ལས་གྲུབ་མཆོད་ཡོན་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི་བཟང་ཆབ༔ ཞལ་ཟས་རོལ་མོ་ཕྱི་ཡི་མཆོད་པར་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ལྡན་ནང་གི་མཆོད་པར་འབུལ༔ བཅུ་དྲུག་རིག་མའི་དགའ་བཞིའི་རོལ་རྩེད་དང་༔ སྦྱོར་སྒྲོལ་ཟུང་འཇུག་གསང་བའི་མཆོད་པར་འབུལ༔ དུག་ལྔ་སེལ་བྱེད་འཆི་མེད་ཨ་མྲྀ་ཏ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་མཆོད་པ་འབུལ༔ ཆགས་མེད་དམར་ཆེན་ཆགས་པའི་ལྦུ་ཕྲེང་གཡོ༔ བདེ་སྟོང་རྒྱས་ཕྱིར་རཀྟའི་མཆོད་པ་འབུལ། སྣང་སྲིད་རྣམ་དག་འདོད་ཡོན་བ་ལི༚་ཏ༔ རྨད་དུ་བྱུང་བ་གཏོར་མའི་མཆོད་པ་འབུལ༔ ཆོས་ཉིད་རོལ་བའི་མཆོད་སྤྲིན་རྒྱ་མཚོ་འདིས༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་གྱུར་ཏེ༔ ཕྱི་ནང་གསང་བའི་སྡུག་བསྔལ་ཞི་བ་དང་༔ མཆོག་ཐུན་དངོས་གྲུབ་ཡིད་བཞིན་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷ་ཀི་ནི་ས་པ་རི་ཝ་ར་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པྤེ་ཨཱ་ལོ་ཀེ་གནྡྷེ་ནེ་བི་ནྱཱ་ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ༔ མ་ཧཱ་སུ་ཁ་པཉྩ་ཀཱ་མ་གུ་་ཏ་ན་ག་་པཱུ་ཛ་ཧོཿ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དྲུག་པ་བསྟོད་པ་བྱ་བ་ནི༔ ལྷ་ཚོགས་ཡོན་ཏན་རྗེས་དྲན་པས༔ རང་དང་

(༡༩)འོད་མཚན་སྟོང་འབར་འཆི་མེད་ཆོས་ཀྱི་སྐུ། །ངེས་པ་ལྔ་ལྡན་རྣམ་སྣང་ལོངས་སྤྱོད་རྫོགས། །ཨོ་རྒྱན་བླ་མ་བདེ་ཆེན་སྤྲུལ་པའི་སྐུར། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །བོད་འབངས་སྐྱོངས་བའི་མ་གཅིག་མཚོ་རྒྱལ་ཞབས། །བཀའ་དྲིན་མཉམ་མེད་འཇམ་མགོན་ཁྲིད་སྲོང་རྗེ། །གུ་རུའི་ཐུགས་སྲས་ཡེ་ཤེས་རོལ་པ་རྩལ། །སྨན་མཆོད་འབུལ་ལོ་དབང་དང་༴ རིགས་ཀུན་ཁྱབ་བདག་རྡོ་རྗེ་གཟི་བརྗིད་རྩལ། གཏེར་ཆེན་བླ་མ་མཆོག་གྱུར་བདེ་ཆེན་གླིང་། འཁོར་ལོའི་མགོན་པོ་པདྨ་གར་དབང་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས༴ སྨོན་ལམ་ལས་སད་སྨིན་གྲོལ་བདུད་རྩིའི་མཛོད། །བཀའ་བབ་ལུང་ཟིན་བསྟན་པའི་སྒྲོན་མེ་མཆོག །ཆོས་བདག་བརྒྱུད་འཛིན་རིམ་པར་བྱོན་རྣམས་ལ། སྨན་མཆོད་འབུལ་ལོ་དབང་དང་དངོས༴ །སྙིགས་དུས་སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེ་འཆང་། །ཡིད་བཞིན་ནོར་བུ་བླ་མའི་དཀྱིལ་འཁོར་པ། །རབ་འབྱམས་རྩ་གསུམ་སྲུང་མར་བཅས་རྣམས་ལ། །སྨན་མཆོད་འབུལ་ལོ་དབང་དང་དངོས་གྲུབ་སྩོལ། །ཞེས་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྨན་མཆོད་མཚན་དོན་སྦྱར་བ་འདིའང་སྨན་སྒྲུབ་སྐབས་ཉེར་མཁོའོ་ཆེད་དཔལ་ཀརྨ་པས་བྲིས།

(༢༠)

(༢༡)རྡོ་རྗེའི་ལྷ་མོ་རྣམས། ལྷན་ཅིག་བསྟོད་པའི་གླུ་བླངས་བསམ༔ ཧཱུྃ་ཧྲཱིཿ མ་བཅོས་ཀ་དག་ཆོས་སྐུའི་ངང་ཉིད་ལས༔ བདེ་ཆེན་ལྷུན་གྲུབ་འོད་གསལ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རིག་རྩལ་སྒྱུ་འཕྲུལ་དྲྭ་བའི་གར༔ སྐུ་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ ཀུན་གཞི་འོད་ཟེར་གསལ་རང་རིག་བྱང་ཆུབ་སེམས༔ ཡོན་ཏན་རྩལ་རྫོགས་དཀྱིལ་འཁོར་ཡོངས་ཀྱི་གཙོ༔ དུས་གསུམ་སངས་རྒྱས་ཀུན་འདུས་གུ་རུ་རྗེ༔ ཡིད་བཞིན་ནོར་བུ་བདེ་བ་ཆེན་པོའི་སྐུ༔ རང་བྱུང་ཡེ་ཤེས་མཚན་དཔེའི་ཕུང་པོར་འབར། དྲི་མེད་དཀར་གསལ་སྙིང་རྗེའི་དམར་མདངས་འཚེར༔ ཐིག་ལེའི་ཞལ་གཅིག་ཐབས་ཤེས་ཕྱག་གཉིས་ལྡན༔ མི་གཡོ་ཏིང་འཛིན་མཉམ་གཞག་ཕྱག་རྒྱའི་སྟེང་༔ སྣང་སྟོང་དབྱེར་མེད་འདོད་འབྱུང་ཀ་པཱ་ལ༔ ཟག་མེད་བདེ་ཆེན་བདུད་རྩིའི་བཅུད་ཀྱིས་བཀང་༔ སྡུག་བསྔལ་ཀུན་སེལ་མི་འགྱུར་བཾ་ཡིག་མཚན༔ ཐེག་དགུ་ཡོངས་རྫོགས་གསང་གོས་དཀར་པོའི་སྟེང་༔ ཕོད་ཆེན་མཐིང་ནག་ཆོས་གོས་དམར་པོ་གསོལ༔ སྣང་སྲིད་ཟིལ་གནོན་ཟབ་བེར་སྨུག་པོས་བཀླུབས༔ གདན་གསུམ་དབང་རྫོགས་སྙན་ཞུ་མཐོང་གྲོལ་བརྗིད༔ འཁོར་འདས་ཀུན་ཁྱབ་

(༢༢)འཇའ་ཟེར་ཐིག་ལེའི་ཀློང་༔ ཡིད་འཕྲོག་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་༔ བདེན་གཉིས་ཟུང་འཇུག་ཞབས་ཟུང་སྐྱིལ་ཀྲུང་བཞུགས། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི༔ སྐུ་དང་ཞིང་ཁམས་རྡོ་རྗེའི་སྐུ་ལ་རྫོགས༔ དམ་ཆོས་ཆར་འབེབས་རིག་འཛིན་འདུས་པའི་ཐུགས༔ ཡོན་ཏན་བསམ་འདས་ཕྲིན་ལས་མཁའ་ལྟར་ཁྱབ༔ དྲན་པས་གདུང་སེལ་བྱང་ཆུབ་ལམ་སྣ་འདྲེན༔ འདོད་རྒུའི་མཆོག་སྩོལ་པདྨ་སཾ་བྷ་བ༔ ཁྱབ་བདག་བདེ་བ་ཆེན་པོར་ཕྱག་འཚལ་བསྟོད།༔ ཧཱུྃ་ཧྲཱིཿ འོད་གསལ་ལྷན་སྐྱེས་ཡེ་ཤེས་གཅིག་ཉིད་ལས༔ རིག་རྩལ་མ་འགགས་འགྲོ་འདུལ་བཅུ་གསུམ་ཤར༔ བུམ་པ་བཟང་དང་དཔག་བསམ་ནོར་བུ་ལྟར༔ གདུལ་བྱ་མཐའ་ཡས་འདོད་པའི་རེ་བ་སྐོང་༔ ཧོར་སོག་དམག་ཟློག་གུ་རུ་ཆེ་བའི་མཆོག༔ ཉོན་མོངས་ནད་སེལ་གུ་རུ་སྨན་གྱི་བླ༔ ལོངས་སྤྱོད་ཆར་འབེབས་གུ་རུ་དབང་གི་རྒྱལ༔ དངོས་གྲུབ་ཀུན་སྩོལ་གུ་རུ་ལྷག་པའི་ལྷ། སྒྲུབ་པོའི་ལམ་སྟོན་གུ་རུ་ཐུགས་རྗེའི་གཏེར༔ འཇིགས་པ་སྐྱོབ་མཛད་གུ་རུ་གིང་གི་གཙོ༔ འབྱུང་བཞིར་དབང་སྒྱུར་གུ་རུ་ནམ་མཁའི་རྒྱལ༔ མ་རུངས་འཆིང་གུ་རུ་ཕྱག་རྒྱའི་བདག༔ བདུད་སྡེའི་གཡུལ་འཇོམས་གུ་རུ་རྡོ་རྗེའི་རྒྱལ༔ འཆི་བའི་

(༢༣)གདུང་སེལ་གུ་རུ་སྣང་མཐའ་ཡས༔ བར་དོ་རང་གྲོལ་གུ་རུ་དུས་གསུམ་མཁྱེན༔ ངན་སོང་ཀུན་འདྲེན་གུ་རུ་བདེ་ཆེན་རྒྱལ༔ འགྲོ་དུག་མགོན་སྐྱབས་གུ་རུ་ཐོད་ཕྲེང་རྩལ༔ ཆོས་ཀྱི་དབྱིངས་ལས་བརྩེ་བའི་སྐུར་བཞེངས་པ༔ གང་འདུལ་དེར་སྨད་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ སྐུ་ལྔ་མཚན་བརྒྱད་རྣམ་སྤྲུལ་བཅུ་གསུམ་སོགས༔ བླ་མ་རིག་འཛིན་ཚོགས་ལ་ཕྱག་འཚལ་བསྟོད༔ བདུད་བཞི་འཇོམས་མཛད་ཁྲོ་རྒྱལ་སྒོ་བ་བཞི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན༔ འཇིགས་དང་སྡུག་བསྔལ་བར་ཆད་ཐམས་ཅད་འཇོམས༔ དཔལ་ཆེན་མཐར་བྱེད་རྣམས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་ཕྱོགས་དུས་རྒྱལ་སྲས་རིག་པ་འཛིན། ཡིད་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྡུག་བསྔལ་ཀུན་སེལ་དངོས་གྲུབ་ཆར་ཆེན་འབེབས༔ ཆོས་ཀྱི་དབྱིངས་ནས་རོལ་ལ་ཕྱག་འཚལ་བསྟོད༔ བདུན་པ་ཛབྲ་ཀྱི་དགོངས་པ་ལ༔ རྣམ་པ་བཞི་ལས་དང་པོ་ནི༔ བྷྲཱུྃ་བཾ་ཤྭ་བི་ཤུདྡྷེ་སརྦ་མ་ཧཱ་གུ་རུ་ཕཊྲ་ཛ༔ རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་ཀྱིས༔ ཡེ་ཤེས་དཀྱིལ་འཁོར་མདུན་དུ་བྱེ༔ མེ་རི་འདབ་ཚུལ་ཉིད་དུ༔ དགྱེས་ཤིང་བརྟན་པར་བཞུགས་པར་བསལ༔ གཉིས་པ་ཛབྲ་ལ་བསྐུལ་བ་ནི༔

(༢༤)ཧཱུྃ་ཧྲཱིཿ མི་འགྱུར་སྙིང་པོ་འོད་གསལ་བླ་མའི་ཞིང་༔ རང་བྱུང་ལྷུན་གྲུབ་བདེ་ཆེན་གཞལ་ཡས་དབུས༔ པདྨ་ཉི་ཟླ་མཛེས་པའི་གདན་གྱི་སྟེང་༔ གདོད་མའི་མགོན་པོ་གུ་རུ་བདེ་བ་ཆེ༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ སྣང་སྟོང་མཛེས་སྐུ་དགྱེས་འཛུམ་མཚན་དཔེར་འབར༔ གྲགས་སྟོང་གསུང་དབྱངས་སྔགས་སྒྲ་འབྲུག་ལྟར་སྒྲོག༔ རིག་སྟོང་ཐུགས་མཆོག་མི་གཡོ་དགོངས་པའི་ངང་༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་ཏིང་འཛིན་མི་བཏང་ངོ་༔ མ་གཡེལ་ཐུགས་རྗེ་ཆེན་པོའི་རྩལ་བསྐྱེད་ལ༔ དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ་པར་མཛོད༔ གསུམ་པ་བཟླས་པའི་དམིགས་པ་ནི༔ ཧཱུྃ་ཧྲཱིཿ རིག་འཛིན་བླ་མ་རྣམས་ཀྱི་ཐུགས་ཀ་རུ༔ པད་ཟླའི་སྟེང་དུ་རྡོ་རྗེ་རྩེ་ལྔའི་སྦུབས། ཧྲཱི་ཡིག་རིགས་ཀྱི་ཁ་དོག་འབར་བའི་མཐར༔ གསུང་རབ་ཡན་ལག་བཅུ་གཉིས་འདུས་པའི་བཅུད༔ སྙིང་པོའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། འོད་ཟེར་དཔག་ཡས་ནམ་མཁའ་ཁྱབ་པར་འཕྲོས༔ རྒྱལ་བ་ཀུན་མཆོད་འགྲོ་བའི་ལས་སྒྲིབ་སྦྱངས༔ བདེ་གཤེགས་སྲས་བཅས་མཁྱེན་བརྩེའི་བྱིན་རླབས་བསྡུས༔ བདག་ལ་ཐིམ་པས་སྐུ་གསུང་ཐུགས་བྱིན་རླབས༔ ལྷ་དང་

(༢༥)བླ་མ་མཆོད་ཅིང་མཉེས་པར་བྱས༔ མཆེད་དང་ལྕམ་དྲལ་རྣམས་ཀྱི་ཉམས་ཆག་བསྐང་༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལས་ལ་བསྐུལ་༔ བོད་ཁམས་དཀར་ཕྱོགས་སྐྱོང་བའི་གཟི་བྱིན་བསྐྱེད༔ ནག་ཕྱོགས་ལྷ་འདྲེ་ཐམས་ཅད་དམ་ལ་གཟིར༔ དམ་སྲི་འབྱུང་པོ་དཔུང་བཅས་ཐལ་བར་བརླག༔ ཞི་རྒྱས་དབང་དྲག་ལས་བཞི་ལྷུན་གྱིས་གྲུབ༔ གྲུབ་ཆེན་བརྒྱད་དང་དབང་བཅུའི་ཡེ་ཤེས་སྤེལ༔ སྣང་སྲིད་རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲུར་འུར༔ རིག་པ་ཟང་ཐལ་འོད་གསལ་བདེ་ཆེན་དང་༔ བར་ཆད་ཀུན་ཞི་སྡུག་བསྔལ་རང་སར་གྲོལ༔ དངོས་གྲུབ་རྣམ་གཉིས་སྟན་ཐོག་འདི་ཉིད་དུ༔ མ་ལུས་ཡོངས་སུ་ཐོབ་བའི་བདག་ཉིད་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རང་བྱུང་རྡོ་རྗེའི་སྔགས་འདི་ནི༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ཏེ༔ མ་ཡེངས་རྩེ་གཅིག་བཟླས་པ་ཡིས༔ གྲངས་བསྙེན་འབུམ་ཕྲག་བཅུ་གཉིས་དང་༔ དུས་བསྙེན་ཟླ་བ་གསུམ་གྱི་ཚེ༔ མཚན་མ་རྟགས་ཀྱི་རིམ་པ་ནི༔ གུ་རུ་པདྨ་བདག་ཉིད་ཀྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྣམས༔ དབང་པོ་རབ་འབྲིང་ཐ་མ་ཡིས༔ དངོས་ཉམས་རྨི་ལམ་ཚུལ་དུ་མཐོང་༔ གཞན་ཡང་བག་དྲོ་བྱིན་ཆགས་

(༢༦)ཤིང་༔ མཁའ་འགྲོ་ཆོས་སྐྱོང་འདུས་པའི་ལྟས༔ བསམ་གྱིས་མི་ཁྱབ་འབྱུང་བར་འགྱུར༔ དེ་ཚེ་ཐོད་ཕྲེང་རྩལ་ཀྱི་ཛཔྲ༔ མཁའ་འགྲོ་དགྱེས་པའི་དབྱངས་སུ་བླང་༔ གར་སྟབས་འཁྲབ་བཅིང་བརྟུལ་ཞུགས་བསྐྱེད༔ སྣང་བ་བན་བུན་ལང་ལོང་དང་༔ རེ་དོགས་བྲལ་བའི་གདེངས་རྙེད་ན༔ བསམ་པ་ཐམས་ཅད་ངེས་པར་འགྲུབ༔ བཞི་པ་ཛཔྲ་ཁང་བསྡུ་བ་ནི༔ དབྱངས་གསལ་རྟེན་སྙིང་གཟུངས་བཟླས་ལས༔ སྔགས་ཀྱི་ནུས་པ་གོང་དུ་སྤེལ༔ ཧཱུྃ་ཧྲཱིཿ རིག་འཛིན་འདུས་པ་བླ་མའི་ལྷ་ཚོགས་ལ༔ ཕྱི་ནང་གསང་བ་ཛཔྲ་བསྙེན་མཆོད་པར་འབུལ༔ ཡོན་ཏན་རྗེས་དྲན་རྡོ་རྗེའི་གླུ་ཡིས་བསྟོད༔ ཉམས་ཆགས་ཀུན་བཤགས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བྷ་ལི༚་ཏ་ཁཱ་ཧི༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ འདོད་དོན་སྤྱི་དང་བྱེ་བྲག་ལ༔ རྩེ་གཅིག་གུས་པས་གསོལ་བ་གདབ༔ མདུན་བསྐྱེད་སོ་སོའི་ཐུགས་ཀ་ནས༔ རང་འདྲའི་སྐུ་དང་འོད་ཟེར་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ སྤྱིར་གསོལ་འདེབས་བསམ་པ་ལྷུན་གྲུབ་མཚར་བ་དང་། བྱེ་བྲག་ལས་ཚོགས་འབུ་གསུམ་སོ་སོར་རང་ཉིད་གང་འདོད་པ་དེ་གྲངས་གསོག་གོ། །གང་འདོད་དོན་ཀུན་ལྷུན་གྲུབ་བསམ༔ ཨོཾ་སརྦ་མ་ཧཱ་གུ་རུ་མཎྜལ་ཛཿཧཱུྃ་བཾ་ཧོ༔ མདུན་དུ་བཞུགས་པའི་ཡེ་ཤེས་ལྷ༔

(༢༧)ཐམས་ཅད་རང་ལ་རྣམ་པར་ཐིམ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ བྱེར་མེད་ཆེན་པོར་བྱིན་བརླབ་བསམ༔ ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་་ཀརྨ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ༔ ཡི་གེ་བརྒྱ་པས་བརྟན་པར་བྱ༔ རྫོགས་རིམ་རྒྱུན་གྱི་རྣལ་འབྱོར་ནི༔ ལུས་གནད་ཁོང་ལྷོད་དྲང་པོར་བསྲང་༔ མིག་གནད་བར་སྣང་ཧ་རེར་བལྟེ༔ རླུང་གནད་བར་ལུང་ཐད་ཀར་བརྒྱང་༔ ཡིད་གནད་དུས་གསུམ་རྟོག་བྲལ་དང་༔ མ་བཅོས་མ་སླད་གཉུག་མར་བཞག༔ སྐབས་སུ་ཧཱུྃ་ལྔའི་གླུ་ལེན་ཅིང་༔ སྣང་སྲིད་ཐམས་ཅད་སྒྱུ་མར་སྦྱང་༔ སྐབས་སུ་བཟོད་མེད་མོས་གུས་ཀྱིས༔ བླ་མར་གསོལ་བ་ཡང་ཡང་གདབ༔ སྐབས་སུ་མཁའ་ཁྱབ་འགྲོ་བ་ལ༔ སྙིང་རྗེའི་ཤུགས་བསྐྱེད་བཏང་ལེན་བསྒོམ༔ དེ་ལྟར་ཡང་ཡང་བརྩོན་པ་ཡིས༔ ཚེ་གཅིག་དོན་གྱི་བཙན་ས་ཟིན༔ བདེ་ཆེན་རྒྱལ་པོ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ སྤྱི་དོན་གསུམ་མ་རྗེས་རིམ་བདུན༔ དང་པོ་ཚོགས་ཀྱི་མཆོད་པ་ལ༔ རྣམ་བདུན་ཐོག་མར་བསང་སྦྱང་ནི༔ ཐབས་ཤེས་འདུ་བར་འོས་པའི་རྫས༔ རྡོ་རྗེའི་ལོངས་སྤྱོད་ཆེ་པོར་བཤམ༔ མེ་ལུང་གཡབ་ཅིང་བསང་ཆུས་བྲན༔ ཧཱུྃ༔ རང་རིག་རྩལ་ལས་རྃ་ཡྃཁྃ་འཕྲོས་ཏེ༔ ཚོགས་ཀྱི་དངོས་པོའི་བག་ཆགས་བསྲེག་གཏོར་བཀྲུས༔ གདོད་ནས་རྣམ་དག་འདུས་མ་བྱས་པའི་དབྱིངས༔

(༢༨)མ་བཅོས་གསལ་རྫོགས་ཆེན་པོའི་གནང་དུ་གྱུར༔ རྃ་ཡྃ་ཁྃ༔ གཉིས་པ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ སྟོང་གསལ་ངང་ལས་ཐབས་ཤེས་ཀ་པཱ་ལར༔ ཤ་ལྔ་བདུད་རྩི་ཡེ་ཤེས་རིགས་ལྔའི་དངོས༔ མེ་རླུང་སྦྱོར་བས་དམ་ཚིག་རྫས་སུ་ཞུ༔ འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ གསུམ་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཐོད་རྔ་འཁྲོལ་བའི་གདུང་དབྱངས་ཀྱིས༔ ཧཱུྃ་ཧྲཱིཿ མི་མངོན་དབྱིངས་ནས་བདེ་གཤེགས་རྒྱལ་བའི་ཚོགས༔ འགགས་མེད་མཁའ་ལས་འཇའ་ཚོན་ཤར་བ་ལྟར༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་ནས་ཀྱང་༔ འདོད་ཡོན་མཆོད་བཞེས་དངོས་གྲུབ་སྩལ་དུ་གསོལ༔ ཧཱུྃ་ཧྲཱིཿ ལྷོ་ནུབ་པདྨ་འོད་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་ཀུན་འདུས་བདེ་བ་ཆེ༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དགྱེས་པའི་སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསུང་གི་གདངས་གླུ་བརྡ་སྐད་དི་རི་རི༔ ཐུགས་ཀྱི་བདེ་ཆེན་ཡེ་ཤེས་ལམས་སེ་ལམ༔ དཔའ་བོ་མཁའ་འགྲོའི་ཚོགས་ཐིབས་སེ་ཐིབ༔ དྲི་ཞིམ་སྤོས་ཀྱི་དུད་སྤྲིན་ཐུ་ལུ་ལུ༔ འཇའ་འོད་ཐིག་ལེའི་ཟེར་ཐག་བྲེངས་སེ་བྲེང་༔ ལྷ་རྫས་མེ་ཏོག་ཆར་འབེབས་སི་ལི་ལི།

(༢༩)རྡོ་རྗེའི་གླུ་དང་རོལ་མོའི་བརྡས་མཚོན་ཏེ༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་༔ ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང་དུ་བསྒྱུར༔ རྣལ་འབྱོར་ལྷ་དང་ལྷ་མོར་དབང་མཆོག་བསྐུར༔ ཚོགས་རྫས་ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས༔ སྤྱོད་ལམ་ཐམས་ཅད་བདེ་ཆེན་རོལ་པའི་ངང་༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན༔ ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ བཞི་པ་ཚོགས་མཆོད་སྟོང་པ་ལ༔ དང་པོ་ཕུད་ཀྱིས་མཆོད་པ་ནི༔ ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་རྩ་གསུམ་དཀྱིལ་འཁོར་ལྷར༔ ཚོགས་མཆོད་འདོད་ཡོན་ལྔ་ལྡན་འབུལ་ལགས་ན༔ དགྱེས་པར་བཞེས་ལ་ཕྱི་ནང་གསང་བ་ཡི༔ བསམ་པ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་སརྦ་མ་ཧཱ་གུ་རུ་མཎྜལ་ས་པ་རི་ཝཱ་ར་ག་་ཙ་ཀྲ་པཱུ་ཛ་ཁཱ་ཧིཿ བར་པ་བསྐང་ཞིང་བཤགས་པ་ནི༔ ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་༔ སྒྲུབ་རྫས་གཉེན་པོ་ཚུལ་བཞིན་བཀྲམ་པ་འདིས༔ བླ་མ་རིག་འཛིན་ཐུགས་དམ་བསྐང་གྱུར་ཅིག༔ ཡི་དམ་ལྷ་ཚོགས་ཐུགས་

(༣༠)དམ་བསྐང་གྱུར་ཅིག༔ དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར་ཅིག༔ མཆོད་པར་འོས་རྣམས་ཐུགས་དམ་བསྐང་གྱུར་ཅིག༔ ཧཱུྃ་ཧྲཱི༔ ཀ་དག་དབྱིངས་སུ་ཡེ་ཤེས་འདུ་འབྲལ་མེད༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ལྷུན་གྲུབ་ངང་ལས་རིག་པ་བདེ་ཆེན་སྐུ༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ རང་རྩལ་སྤྲུལ་པས་འགྲོ་དྲུག་དོན་མཛད་པའི༔ གང་ཟག་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ སྨོན་ལམ་བཏབ་ནས་མཁའ་འགྲོའི་ལག་ཏུ་གཏད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགས་དམ་བསྐང་༔ ལས་འཕྲོའི་དབང་གིས་ཟབ་མོའི་གཏེར་ལ་སྤྱོད༔ བཀའ་བབས་གཏེར་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ གུ་རུ་ཞལ་ཚབ་གདམས་པ་ཀུན་ལ་སྤེལ༔ ཤོག་སེར་ཚིག་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཉན་བཤད་སྒོམ་སྒྲུབ་དོན་གཉིས་མཐར་ཕྱིན་མཛད༔ མན་ངག་བྱིན་རླབས་བརྒྱུད་པའི་ཐུགས་དམ་བསྐང་༔ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་༔ འགྲོ་ཀུན་ཞི་བདེའི་ངང་ལ་འདྲེན་མཛད་པའི༔

(༣༡)གསུང་རབ་དམ་ཚོས་རྣམས་ཀྱི་ཐུགས་དམ་བསྐང་༔ ས་དང་ལམ་ལ་གནས་ནས་བསྟན་པ་སྐྱོང་༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང་༔ ལྷ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ དངོས་གྲུབ་རྣམ་གཉིས་ཐོག་པ་མེད་པར་སྟེར༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་དམ་བསྐང་༔ སྒྲུབ་པ་པོ་ལ་ལོངས་སྤྱོད་འདོད་རྒུ་སྩོལ༔ ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐང་༔ དཀར་ཕྱོགས་སྐྱོང་ཞིང་སྣོད་བཅུད་གཟི་མདངས་སྐྱེད༔ གནས་བདག་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང་༔ སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཞིང་༔ སྲིད་ཞིའི་མགྲོན་གྱུར་ཀུན་གྱི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་རྫས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་སོགས༔ ལྷ་རྫས་ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་

(༣༢)སོགས༔ རང་བྱུང་ནག་གི་མཆོད་པས་ཐུགས་དམ་བསྐང་༔ གཉིས་མེད་བདེ་སྦྱོར་གཟུང་འཛིན་དབྱིངས་སུ་བསྒྲལ༔ ལྷན་སྐྱེས་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ བདུད་རྩི་སྨན་དང་རཀྟ་བ་ལི༚་ཏ༔ ཁྱད་པར་མཆོག་གི་མཆོད་པས་ཐུགས་དམ་བསྐང་༔ ཚོགས་ཀྱི་འཁོར་ལོ་འདོད་ཡོན་རྒྱ་མཚོའི་སྤྲིན༔ རྨད་བྱུང་དམ་ཚིག་མཆོད་པས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཟོད་བཞེས་ནས༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ཧོཿ ཡེ་ནས་གཉིས་མེད་ཆོས་སྐུར་དག་པ་ལ༔ མ་རིག་དབང་གིས་སྒྲོ་དང་སྐུར་བཏབ་པས༔ བདེ་དང་སྡུག་བསྔལ་འབྲས་བུ་སྣ་ཚོགས་སྨིན༔ དེ་ལྡོག་ཕྱིར་ན་རྒྱལ་བའི་དམ་མནོས་ཏེ༔ སོ་ཐར་བྱང་སེམས་སྔགས་ཀྱི་བསླབ་པ་རྣམས༔ ཚུལ་བཞིན་བཟུང་བར་ཁས་བླངས་བསྒྲུབས་ལགས་ཀྱང་། མི་ཤེས་ཉོན་མོངས་བག་མེད་མ་གུས་པས༔ དེ་དང་འགལ་བར་གྱུར་པ་གང་བགྱིས་པ༔ ཕྱི་ནང་གསང་བའི་ཚོགས་ཀྱི་མཆོད་པས་བཤགས༔ རབ་གནོང་འགྱོད་པའི་གདུང་བས་མཐོལ་ལགས་ན༔ ཉམས་ཤིང་ཆག་པ་ཐམས་ཅད་སོར་

(༣༣)ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཡི་གེ་བརྒྱ་བ་ཅི་མང་བཟླས༔ ཐ་མ་བསྒྲལ་ཞིང་བསྟབས་པ་ནི༔ ཧཱུྃ་ཞེས་བརྗོད་པས་སྐད་ཅིག་གིས༔ སྣང་སྲིད་ཁྲོ་བོའི་འཁོར་ལོར་བཞེངས༔ ཕོ་ཉ་སྤྲོས་པས་དགྲ་བགེགས་ཚོགས༔ མཚན་མའི་རྟེན་ལ་བསྟིམ་པར་བསམ༔ ཨེ་ནྀྲ་ཏྲི་སརྦ་ཤ་ཏྲཱུན་བིགྷ།།།ན་ཛཿཧཱུྃ་བཾ་ཧོ༔ གསལ་གསུམ་ལྡན་པས་སྟང་སྟབས་བསྒྱུར༔ ཕུར་པ་མཚོན་ཆ་ཐོགས་ཏེ་བསྒྲལ༔ ཧཱུྃ༔ བདག་ཉིད་པདྨ་དྲག་པོ་རྩལ༔ ཕྱག་ན་སྲས་མཆོག་ཕུར་པ་འདྲིལ༔ དགྲ་བགེགས་སྙིང་ལ་བཏབ་པ་ཡིས༔ རྡུལ་ཕྲན་བཞིན་དུ་བརླག་ནས་ཀྱང་༔ ཚེ་དང་བསོད་ནམས་རང་ལ་ཐིམ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར༔ ལྔ་ཕུང་དུག་ལྔའི་རྩད་བཅད་དེ༔ ཡེ་ཤེས་ཆེན་པོའི་བདུད་རྩིར་བསྒྱུར༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུན་བི་གྷ།།།ན་མཱ་ར་ཡ་ཕཊ༔ ཧཱུྃ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ བསྟན་ལ་གནོད་བྱེད་དགྲ་བགེགས་མ་ལུས་ཀུན༔ བསྒྲལ་བའི་ཤ་ཁྲག་བདུད་རྩིའི་མཆོད་པ་བཞེས༔ འཁོར་འདས་མཉམ་ཉིད་དབྱིངས་སུ་བསྒྲལ་བར་མཛོད༔ མ་ཧཱ་མཱཾ་ས་རཀྟ་ཀི༚་ནི་རི་ཏི་ཁཱ་ཧི༔ ལྔ་པ་ཚོགས་

(༣༤)ལ་ལོངས་སྤྱོད་ནི༔ བརྡ་དང་བརྡ་ཡི་འབུལ་ལེན་བྱ༔ ཧོཿ ཚོགས་ཀྱི་མཆོད་པ་རྒྱན་ཏུ་རོལ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ རང་ལུས་ལྷར་སྣང་འདོད་ཡོན་ཀུན༔ བདེ་བ་ཆེན་པོར་ལོངས་སྤྱད་པས༔ རྩ་ཁམས་བདུད་རྩིའི་དྭངས་མས་གང་༔ ལུས་དཀྱིལ་ལྷ་རྣམས་དགྱེས་པར་བསམ༔ ཚིམ་པར་ལོངས་སྤྱད་ཡེ་ཤེས་སྤེལ༔ དྲུག་པ་སྨོན་ལམ་གདབ་པ་ནི༔ ཧོཿ བླ་མ་རིག་འཛིན་དཀྱིལ་འཁོར་དུ༔ ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས༔ བདག་དང་མཁའ་མཉམ་འགྲོ་བ་ཀུན༔ བདེ་ཆེན་ཡེ་ཤེས་སྐུ་འགྲུབ་ཤོག༔ བདུན་པ་ལྷག་མ་ཀུན་བསྡུས་ལ༔ ཡས་མར་བསྲེས་ཤིང་ཞལ་ཆབ་བཏབ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ བརྡ་ཡི་སྐད་ཀྱིས་ལྷག་སྡུད་རྣམས༔ སྤྲིན་ཕུང་གཏིབ་ལྟར་བྱོན་པར་བསམ༔ ཨེ་ཨ་རལླི་ཧྲཱིང་ཧྲཱིང་ཕེ༚་ཕེ༚༔ ཧཱུྃ་ཧྲཱིཿ བླ་མ་རིག་འཛིན་སྤྱན་སྔ་རུ༔ ཁས་བླངས་མཁའ་འགྲོ་དམ་ཅན་རྣམས༔ ཐ་ཐིག་བཞིན་ཏུ་གནས་འདིར་འདུས༔ ཡེ་ཤེས་བདུད་རྩིའི་ལྷ་གཏོར་འདི༔ དགྱེས་པར་བཞེས་ལ་དམ་བཅས་བཞིན༔ ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད༔ ཨུ་ཙྪིཥྚབྷ་ལིདྷ་ཁཱ་ཧི༔ དེ་ལྟར་བར་ཆད་སེལ་བ་དང་༔ དངོས་གྲུབ་སྒྲུབ་པའི་ཐབས་ཆེན་པོ༔ ཚོགས་ཀྱི་འཁོར་ལོའི་མཆོད་པ་

(༣༥)ཡིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་བྱས་ནས༔ གཉིས་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་རང་རྩལ་རིག་འཛིན་བླ་མའི་ཚོགས༔ བདེ་གཤེགས་རྒྱལ་བ་ཞི་ཁྲོ་མ་ལུས་དང་༔ ཆོས་སྐྱོང་དམ་ཅན་ཚོགས་རྣམས་ཐུགས་དམ་སྐུལ༔ མ་གཡེལ་མ་འཕང་བཅོལ་བའི་ཕྲིན་ལས་མཛོད༔ ན་མོ། རིག་འཛིན་སོགས། སྤྱི་གཏམ། འོག་ལྡེབས་༥༨ གསུམ་པ་ཆད་ཐོ་བསྒྲག་པ་ནི༔ ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་དུ༔ ཆོས་སྐུའི་བླ་མ་ཀུན་ཏུ་བཟང་པོ་ཡིས༔ རང་སྣང་དགོངས་པའི་ཆོས་འཁོར་བསྐོར་བའི་ཚེ༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་གྱིས༔ ཡེ་ཤེས་སྐུ་མཆོག་གསལ་བར་བསྟན་ནས་ཀྱང་༔ ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བར༔ ཟག་མེད་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ༔ གཟུང་འཛིན་དབྱིངས་སུ་ཞི་བའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ འོད་གསལ་བཀོད་པ་ཆེན་པོའི་ཕོ་བྲང་དུ༔ བླ་མ་ལོངས་སྐུ་རིགས་ལྔ་ཡབ་ཡུམ་གྱིས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་བསྐོར་བའི་ཚེ༔ ཞི་ཁྲོ་རབ་འབྱམས་དཔའ་བོ་མཁའ་འགྲོ་ཡིས༔ རྡོ་རྗེའི་སྐུ་མཆོག་གསལ་བར་བསྟན་ནས་ཀྱང་༔ ཇི་ལྟར་ཞལ་

(༣༦)བཞེས་ཐུགས་དམ་མ་གཡེལ་བར༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ ཡེ་ཤེས་རིག་རྩལ་རྒྱས་པའི་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ཐ་མ་ལ༔ མ་ངེས་འགྲོ་བ་འདུལ་བའི་ཕོ་བྲང་དུ༔ བླ་མ་སྤྲུལ་སྐུ་པད་འབྱུང་བསམ་ཡས་ཀྱིས༔ གང་འདུལ་དེར་སྣང་ཆོས་འཁོར་བསྐོར་བའི་ཚེ༔ རྡོ་རྗེའི་ཆོས་སྲུང་མཐུ་རྩལ་ཅན་རྣམས་ཀྱིས༔ སོ་སོའི་གཟུགས་མཆོག་གསལ་བར་བསྟན་ནས་ཀྱང་༔ ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བར༔ ཐ་ཚིག་གཉེན་པོའི་མཆོད་གཏོར་འདི་བཞེས་ལ༔ མཐུན་རྐྱེན་ལེགས་ཚོགས་འདུ་བའི་ཕྲིན་ལས་མཛོད༔ ད་ལྟ་རྩོད་ལྡན་དུས་ཀྱི་ཐ་མ་འདིར༔ གུ་རུ་པདྨ་བདེ་བ་ཆེན་པོ་ཡིས༔ ཐུགས་སྒྲུབ་རྣམ་གཉིས་གཏེར་དུ་སྦས་པ་དང་༔ སྨོན་ལམ་དབང་གིས་དེ་ཉིད་བཏོན་ཅིང་སྤེལ༔ དེང་འདིར་བདག་གིས་ཚུལ་བཞིན་བསྒྲུབ་པའི་ཚེ༔ བཀའ་དང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ སོ་སོའི་ཐུགས་དམ་དབང་གིས་གཤེགས་ནས་ཀྱང་༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ དགྲ་བགེགས་ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ མི་མཐུན་ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ། བྷྱོ༔ བོད་ཁམས་སོགས་ལས་ཀྱང་། ༣༦ བཞི་པ་

(༣༧)ཟོར་དུ་འཕང་བ་ནི༔ ཧཱུྃ༔ བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་ཚོགས༔ མ་ལུས་ཐུགས་དམ་གཉེན་པོ་གནད་ནས་སྐུལ༔ མཁའ་འགྲོ་དམ་ཅན་རྒྱ་མཚོ་ལས་ལ་འདུས༔ ལྷ་སྲིན་སྡེ་བརྒྱད་བྲན་དང་ཕོ་ཉར་རྒྱུགས༔ བདག་གིས་བསྒྲུབས་པའི་གཏོར་ཟོར་གཉེན་པོ་འདི༔ གདུག་པའི་དགྲ་བགེགས་རྣམས་ཀྱི་སྟེང་དུ་འཕེན༔ བདུན་བརྒྱུད་རིགས་ཀྱང་རྩད་ནས་བརླག་པར་མཛོད༔ གཞན་ཡང་ཕྱི་ནང་གསང་བའི་སྡུག་བསྔལ་དང་༔ བྱང་ཕུར་རྦོད་གཏོང་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་དྲག་པོའི་གཏོར་མ་འདི་ཡིས་ཟློག༔ མངོན་སྤྱོད་དམོད་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་ཨ་ཡ་མ་དུ་རུ་ཙ་ཤ་ན་སརྦ་ས་མ་ཡ་བྷྱོ་བྷྷྱོ་ཟློག་ཟློག༔ ལས་མཁན་རྣམས་ཀྱིས་རྔམས་སྟབས་བཅས༔ གཏོར་མ་སྒྲུབ་ཁང་ཕྱི་རོལ་དཔག༔ རྣལ་འབྱོར་རྣམས་ཐམས་ཅད་ཀུན༔ དྲག་པོའི་ཆས་སུ་ཞུགས་ནས་ཀྱང་༔ གསེར་སྐྱེམ་བཏང་ཞིང་གཟུ་དཔང་གཟུག༔ གཏོར་མའི་ཟ་ལམ་དགྲ་ལ་བསྟན༔ དྲག་སྔགས་བཟླས་བཞིན་དགྲ་ཕྱོགས་འཕང་༔ ཐལ་མོ་དང་ནི་དུལ་མོ་བརྡབ༔ ཕྱི་མིག་མི་བལྟ་སླར་ལོག་སྟེ༔ སྒྲུབ་ཁང་སྒོ་དྲུང་སླེབས་པ་དང་༔ ལྔ་པ་བཤལ་ཆུའི་བདུད་རྩི་ཡིས༔ བརྟན་

(༣༨)མའི་ཚོགས་རྣམས་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ བྷྷྱོཿ བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ སྔོན་ཚེ་སློབ་དཔོན་པདྨ་དང་༔ རླངས་ཆེན་དཔལ་གྱི་སེང་གེ་ཡིས༔ ཡང་ལེན་ཤོད་ཀྱི་གནས་མཆོག་ཏུ༔ ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན༔ ཚུར་གཤེགས་ཚུར་གཤེགས་སྐྱོང་མའི་སྡེ༔ སྤྲུལ་པ་ཡང་སྤྲུལ་བཀའ་འཁོར་བཅས༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ བོད་ཁམས་མཐའ་དབུས་ཐམས་ཅད་ཀུན༔ ཕན་དང་བདེ་ལ་འགོད་པ་དང་༔ ཟབ་གཏེར་བསྟན་པ་རྒྱས་པར་མཛོད༔ པདྨ་དྷཱ་ཀི་ནཱི་ཨི་དཾ་བ་ལི༚་ཏ་ཁཱ་ཧི༔ དྲུག་པ་རྟ་བྲོ་བརྡུང་བ་ནི༔ གཏོར་གཞོང་རི་རབ་འབར་བའི་འོག༔ དམ་སྲི་འབྱུང་པོ་དགུག་ཅིང་བསྟིམ༔ ཨེ་ནྀྲ་ཏྲི་སརྦ་བིགྷ།།།ན་བི་ནཱ་ཡ་ཀ་ཛཿཧཱུྃ་བཾ་ཧོ༔ བརྟུལ་ཞུགས་གར་གྱིས་རྒྱས་གདབ་བྱ༔ ཧཱུྃ༔ རྟ་ཡི་བརྟུལ་ཞུགས་ཆེན་པོ་ནི༔ དབང་ཆེན་རྔམས་པའི་སྐུར་བཞེངས་ཏེ༔ རྟ་སྐད་འཚེར་ཞིང་མཚོན་ཆས་གཏུབས༔ དགྲ་བགེགས་དམ་སྲི་ཐལ་བར་བརླག༔ རྣམ་ཐར་གསུམ་གྱི་བྲོ་བརྡུངས་པས༔ དུག་གསུམ་མཚན་མ་རང་སར་དག༔ སྐུ་གསུང་ཐུགས་སུ་གྲོལ་

(༣༩)ནས་ཀྱང་༔ རྫོགས་པ་ཆེན་པོའི་ཀློང་དུ་ཐིམ༔ ཨོཾ་ཨཱ༔ཧཱུྃ་སྟཾྭ་བྷ་ཡ་ལཾ་ནན༔ བདུན་པ་རྗེས་ཀྱི་ཆོ་ག་ལ༔ རྣམ་པ་ལྔ་ལས་དང་པོ་ནི༔ རྩེ་གཅིག་གདུང་པས་དངོས་གྲུབ་གསོལ༔ ཧཱུྃ་ཧྲཱི༔ སྐུ་གསུམ་དབྱེར་མེད་རྩ་གསུམ་རྒྱ་མཚོའི་དངོས༔ དྲན་པས་གདུང་སེལ་གུ་རུ་བདེ་བ་ཆེན༔ རྒྱལ་བའི་རྣམ་འཕྲུལ་རིག་འཛིན་ཚོགས་དང་བཅས༔ བདག་ཅག་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ དང་པོར་བསྙེན་ཅིང་བར་དུ་རྩི་གཅིག་སྒྲུབ༔ དེང་འདིར་ཐུགས་རྗེ་བསྐུལ་བའི་དུས་ལགས་ན༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ བུམ་པ་བཟང་པོ་དགོས་འདོད་ཀུན་འབྱུང་དང་༔ ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ལྟར༔ མི་འགྱུར་མི་ཤིགས་རྡོ་རྗེའི་དངོས་གྲུབ་རྣམས༔ ད་ལྟ་ཉིད་དུ་བདག་ལ་བསྩལ་ནས་ཀྱང་༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ གཉིས་པ་མཆོད་བསྟོད་ནོངས་བཤགས་ནི༔ ཨོཾ་ཨཱཿཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྐུ་གསུང་ཐུགས་དང་

(༤༠)ཡོན་ཏན་ཕྲིན་ལས་བསྟོད༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལི༚་ཏ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཧོཿབདག་གིས་བསྙེན་སྒྲུབ་ཕྲིན་ལས་བརྩམས་པ་ལ༔ ཆོ་ག་ལྷག་ཆད་ནོར་འཁྲུལ་གང་གྱུར་ཀུན༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བཤགས་པར་བགྱི༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཡི་གེ་བརྒྱ་པ་མང་དུ་བཟླ༔ གསུམ་པ་དཀྱིལ་འཁོར་བསྡུ་བ་ནི༔ མདུན་བསྐྱེད་རྟེན་ཡོད་དེ་ལ་བསྟིམ༔ རྟེན་མེད་ཆོས་ཀྱི་དབྱིངས་སུ་གཤེགས༔ ཡང་ན་ཧཱུྃ་གིས་རང་ལ་བསྡུ༔ བཞི་པ་རྫོགས་རིམ་བསྡུ་ལྡང་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཐམས་ཅད་དཀྱིལ་འཁོར་འཁོར་ལོར་ཐིམ༔ དེ་ཉིད་བདག་ཐེམ་དེ་ཡང་ཧྲཱིཿལ་འདུས༔ ཧྲཱིཿཡིག་མི་དམིགས་འོད་གསལ་ཀློང་ཐིམ་ནས༔ གང་ཤར་སྤྲོས་པ་མེད་པའི་ངང་དུ་བཞག༔ ཕཊ་ཕཊ་ཕཊ༔ སླར་ཡང་བདག་ཉིད་བདེ་བ་ཆེན་པོའི་སྐུ༔ མི་འགྱུར་གསང་གསུམ་རྡོ་རྗེའི་གོ་དང་ལྡན༔ ཅིར་སྣང་བླ་མའི་འཁོར་ལོར་རྫོགས་པའི་ངང་༔ རྒྱུན་ཏུ་འགྲོ་བ་ཀུན་གྱི་དོན་ལ་འཇུག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙིརཀྵཱ་ཧཾ༔ ལྔ་པ་བསྔོ་སྨོན་ཤེས་བརྗོད་ནི༔ ཧོ༔ རིག་འཛིན་བླ་མ་བསྒྲུབས་པའི་འབྲས་བུ་ཡི༔ བསོད་ནམས་གང་མཆིས་འགྲོ་བའི་རྒྱུད་ལ་བསྔོ༔ ཀུན་ཀྱང་ས་ལམ་ཡོན་ཏན་མཐར་ཕྱིན་ནས༔ བདེ་ཆེན་རྒྱལ་པོའི་གོ་འཕང་མྱུར་འགྲུབ་ཤོག༔ ཨོཾ་དགེ་ལེགས་

(༤༡)ཀུན་གྱི་འབྱུང་གནས་རྫོགས་སངས་རྒྱས༔ ཉོན་མོངས་གདུང་སེལ་བདུད་རྩི་དམ་པའི་ཆོས༔ བསོད་ནམས་ཞིང་མཆོག་རྒྱལ་སྲས་འཕགས་པའི་ཚོགས༔ བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ བྱིན་རླབས་མཁའ་ལ་སྤྲིན་འཁྲིགས་བླ་མ་རྗེ༔ དངོས་གྲུབ་ཆར་འབེབས་ཡི་དམ་ཞི་དང་ཁྲོ༔ དགོས་འདོད་འབྲས་བུ་སྨིན་མཛད་མཁའ་འགྲོའི་ཚོགས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཡི་བཀྲ་ཤིས་ཤོག༔ མ་བཅོས་སྤྲོས་མེད་འོད་གསལ་ཆོས་ཀྱི་དབྱིངས༔ བདེ་ཆེན་ཡེ་ཤེས་རིགས་ལྔའི་སྤྲིན་ཕུང་འཕྲོ༔ གང་འདུལ་འགྲོ་བའི་དོན་མཛད་ཐུགས་རྗེའི་གཏེར༔ སྐུ་གསུམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ གནས་སྐབས་ཕྱི་ནང་རྒུད་པ་ཀུན་ཞི་ཞིང་༔ ཕན་བདེའི་བསམ་ཀུན་ལྷུན་གྱིས་འགྲུབ་པ་དང་༔ མཐར་ཐུག་སྐུ་དང་ཡེ་ཤེས་དབྱེར་མེད་པ༔ མཆོག་གི་དངོས་གྲུབ་འགྲུབ་པའི་བཀྲ་ཤིས་ཤོག༔ ཞེས་བརྗོད་མེ་ཏོག་ཆར་འབེབས་ཤིག༔ རོལ་མོའི་སྒྲ་སྦྱར་དགའ་སྟོན་སྤྱོད། སྤྱོད་ལམ་ཀུན་ཏུ་སྣང་གྲག་རིག༔ བླ་མའི་སྐུ་གསུང་ཐུགས་སུ་བལྟ༔ སྨ་ཡ༔ དེ་ལྟར་བླ་མའི་ཕྲིན་ལས་ནི༔ ཟབ་རྒྱས་བྱེ་བའི་སྙིང་པོའི་བཅུད༔ ཁ་ཚང་དོན་འདྲེལ་རྨད་བྱུང་འདི༔ རྩེ་གཅིག་ཉམས་སུ་ལེན་པ་དང་༔ ཁྱད་པར་ཡར་མར་ཚེས་བཅུའི་དུས༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ན༔ ཨོ་རྒྱན་

(༤༢)ང་ཉིད་ངེས་པར་འོང་༔ རབ་ཀྱིས་དངོས་སུ་མཐོང་ཡང་སྲིད༔ འབྲིང་ལ་ཉམས་སྣང་གསལ་པོར་འཆར༔ ཐ་མ་བ་སྤུ་གཡོ་བ་དང་༔ མཆི་མ་འཁྲུགས་པའི་མོས་གུས་འབྱུང་༔ དེ་ཚེ་བདག་ཉིད་འབྱོན་པའི་རྟགས༔ ཐེ་ཚོམ་མེད་པར་ངེས་བྱས་ཏེ༔ གང་འདོད་གསོལ་བ་བཏབ་པ་ན༔ སྒྲིབ་པ་ཀུན་དག་ཚོགས་རྫོགས་ཞིང་༔ དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ༔ གཞན་ཡང་འདི་ཡི་སྒྲུབ་མཆོད་ཙམ༔ གང་དུ་བགྱིས་པའི་ས་ཕྱོགས་དེར༔ རྡོ་རྗེའི་ཡེ་ཤེས་ཕབ་པའི་མཐུས༔ པདྨ་འོད་ཀྱི་ཞིག་དང་མཚུངས༔ ནད་མུག་འཁྲུགས་རྩོད་ཀུན་ཞི་ཞིང་༔ ཆར་ཆུ་དུས་འབབས་ལོ་ཕྱུགས་ལེགས༔ ཀུན་ཀྱང་བདེ་སྲིད་ལྡན་པར་འགྱུར༔ བསླུ་མེད་ཡིན་ནོ་ཐེ་ཚོན་སྤོངས༔ ངེས་པར་བསམ་པ་ལྷུན་གྱིས་འགྲུབ༔ དེ་ཕྱིར་མ་འོངས་ཕྱི་རབས་དོན༔ རྡོ་རྗེའི་བྲག་ལ་གཏེར་དུ་སྤོས༔ ལས་ཅན་དག་གིས་རྙེད་ནས་ཀྱང་༔ གཞན་དོན་འཕྲིན་ལས་མཐའ་རྒྱས་འགྱུར༔ ས་མ་ཡ༔ རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ དཔལ་ལྷའི་སྲས་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པའི་སྤྱན་སྔར། ཁོ་བོ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོའི་གསལ་སྣང་གི་ངེས་པ་བརྟན་པོར་ཡང་ནས་ཡང་དུ་ཤར་བས་མཚམས་སྦྱར་ཏེ་ལན་ཅིག་མ་ཡིན་པར་གསོལ་བ་བཏབ་པའི་རྟེན་འབྲེལ་ཟབ་མོས་སྒོ་དབྱེ་བ་ལས༔

(༤༣)མདོ་ཁམས་རྩི་སྐེ་འདུས་པའི་ནོར་བུ་སྤུན་གསུམ་གྱི་བྲག་ནས་རབ་བྱུང་བཅུ་བཞི་པའི་ས་རྟ་སྨིན་དྲུག་ཟླ་བ་བའི་དཀར་ཕྱོགས་ཀྱི་ཚེ་བཅུའི་ཉི་ཤར་ལ། གུ་རུའི་སྐུ་ཚབ་བདེ་བ་ཆེན་པོ་དངོས་གྲུབ་དཔལ་འབར་དང་ལྷན་ཅིག་ཏུ་སྤྱན་དྲངས་པའི་ཨོ་རྒྱན་རིན་པོ་ཆེའི་ཕྱག་བྲིས་མཐོང་གྲོལ་བདུད་རྩི་ལྔའི་འཕྲུལ་ཤོག་ལས། ལོ་དེ་ཉིད་ཀྱི་མགོ་ཟླའི་ཡར་ངོའི་ཚེས་བཅུར་མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་ལྷུན་འགྲུབ་སྟེང་གི་བྱང་ཕྱོགས་ལྕང་ལོ་ཅན་འཆི་མེད་རྡོ་རྗེ་བཀོད་པའི་དགའ་བའི་ཚལ་ཆེན་པོར་གཏན་ལ་ཕབས་རིམ་བཞིན་ཏུ་རྫོགས་པར་བྲིས་པའི་དགེ་བས་མཐའ་ཡས་ཡིད་ཅན་ཀུན་གྱི་ཕན་བདེའི་བསམ་རྒུ་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཾ་བྷ་བ་ཏུ། ༈ ཨོཾ་སྭ་སྟི་སིདྡྷཾ། མཚོ་སྐྱེས་པདྨའི་ཐུགས་རྗེ་བསྐུལ་བའི་ཐབས། རྨད་བྱུང་དགོས་འབྱུང་རིན་ཆེན་ཟ་མ་ཏོག །སྙིགས་དུས་སྐྱེས་རྒུའི་དཔུང་གཉེན་བླ་མེད་པའི། །བསམ་ཀུན་ལུན་འགྲུབ་སྒྲུབ་ཐབས་རྡོ་རྗེའི་གསུང་། །གཅིག་ལས་དུ་མར་འཇོ་བའི་པར་གྱི་འཕྲུལ། །འོག་མིན་མཚུར་ཕུར་བསྒྲུབས་པའི་ལེགས་བྱས་མཐུས། །རྒྱལ་དབང་ཡབ་སྲས་ཞབས་པད་བརྟན་པ་དང་། །ཐུགས་བཞེད་ཕྲིན་ལས་ལྷུན་གྱིས་འགྲུབ་གྱུར་ཅིག །

(༤༤)

(༤༥)བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས། བཀའ་སྲུང་མཆོད་པའི་ཕྲིན་ལས་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས་སོ། ན་མ༔ ཤྲཱི་གུ་རུ་མ་ཧཱ་སུ་ཁཱ་ཡ། འདིར་བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བཀའ་སྲུང་ཀླུ་བཙན་འབར་བ་སྤུན་བདུན་མཆོད་པའི་ཕྲིན་ལས་མདོར་བསྡུས་པ་ནི། སྣོད་གཙང་མར་བཤོས་བུ་དམར་པོ་ཟུར་གསུམ་པ་གཙོ་འཁོར་བདུན་གྱི་མཐར་ཐེབས་ཀྱུ་ཟས་སྣ་བཏུང་བ་སོགས་ཅི་འབྱོར་པས་གཏམས་པར་དར་ཟབ་སྣ་ཚོགས་ཀྱིས་བརྒྱན་པ་བཤམས། རྃ་ཡྃ་ཁྃ་གིས་བསངས། ཨོཾ་ཨཱཿཧཱུྃ་ཧོཿ ས་བྱིན་རླབས། རང་ཡི་དམ་དུ་གསལ་བའི་མདུན་དུ་ཀླུ་བཙན་འབར་བ་སྤུན་བདུན་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་པར་བསམ་ལ། ཀྱེ། སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་དམ་ཚིག་སྐྱོང་བ་ནི༔ ཀླུ་བཙན་འབར་བ་སྤུན་འདུན་རྣམས༔ ཚུར་གཤེགས་ཚུར་གཤེགས་རྟེན་ལ་བཞུགས༔ ཁས་བླངས་བཞིན་དུ་ཕྲིན་ལས་མཛོད༔ ཨོཾ་ནཱ་ག་ཙནྟྲ་ཙི་ར་ར་ཏྲི་གིངྐ་ར་ཡཀྵ་ས་མ་ཡ་ཙིཏྟ་ཧྲཱི༚་ཧྲཱི༚་ཛཿཛཿ ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཨཱ་ས་ན་ཏིཥྛནྟུ༔ མེ་ཏོག་བདུག་སྤོས་

(༤༦)མར་མེ་དང་༔ དྲི་ཆབ་ཞལ་ཟས་མཐུན་པའི་རྫས༔ གཏོར་མ་འདོད་ཡོན་མཁོ་དགུའི་ཚོགས༔ མ་ལུས་དགྱེས་པར་བཞེས་ནས་ཀྱང་༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཅི་བསམ་དོན་རྣམས་འགྲུབ་པ་དང་༔ ཕྱི་ནང་དགྲ་བགེགས་ཚོམ་ལ་ཕོབས༔ སངས་རྒྱས་བསྟན་པ་སྲུང་བ་དང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཨ་རྒཾྷ་སོགས་ཀྱིས་མཆོད། ཨོཾ་ནཱ་ག་ཙནྟྲི་ཙ་ར་ར་ཏྲི་ཀིང་ག་ར་ཡཀྵ་ཡཀྵ་ས་མ་ཡ་ཙིཏྟ་ཧྲཱི་ཧྲཱི་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་གཏོར་མ་འབུལ། ཀླུ་བཙན་འབར་བ་སྤུན་བདུན་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། །སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་

(༤༧)ཚིགས་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་གཏེར་གཞུང་ལས་ཟུར་དུ་ཕྱུངས་བ་དགེ། སརྦ་མངྒ་ལཾ། །

(༤༨)

(༤༩)དམ་ཅན་སྤྱིའི་གཏོར་མའི་ཆོ་ག་ཉུང་ངུར་བསྡུས་པ་བཞུགས་སོ། །

(༥༠)ཨོཾ་སིདྡྷི་རསྟུ། །བླ་མ་མཆོག་དང་དབྱེར་མེད་ཡི་དམ་ལྷ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་བཙལ་ནས། དེ་མཉེས་བྱེད་པའི་གཏོར་མའི་ལས་རིམ་དག །དང་པོའི་ལས་ཅན་དོན་དུ་ཉུང་ངུར་བྲི། །འདིར་དམ་ཅན་སྤྱིའི་གཏོར་མའི་ཕྲིན་ལས་ལ་འཇུག་པར་འདོད་པས་ཡིད་དང་མཐུན་པའི་གོ་ནས་སུ། སྐུ་རྟེན་སྤྱན་གཟིགས་སོགས་མཛེས་པར་བསྟར་ཞིང་གཏོར་སྣོད་གསུམ་གྱི་ནང་དུ་བླ་མ་ཡི་དམ་དབྱེར་མེད། ནག་པོ་ཆེན་པོ་ཡེ་ཤེས་དམ་ཅན་སྤྱི། གཏེར་སྲུང་གཞི་བདག་དང་བཅས་པའི་གཏོར་མ་རྒྱན་ལྡན། སྨན་རཀ་ཉེར་སྤྱོད་དང་བཅས་པ་བཤམ། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཐོད་རྔ། མེ་ཏོག་སོགས་མཁོ་བའི་ཡོ་བྱད་རྣམས་འཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་བཟླས་པའི་བར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཡྃ་ལས་རླུང་རྃ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བསྟེན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་དུ་བཅུད་ཐམས་ཅད་ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔར་གྱུར་པ་སོ་སོའི་ས་བོན་གྱིས་མཚན་པ་དང་བཅས་པའི་འོག་གི་རླུང་གཡོས་མེ་སྦར་རྫས་ཐམས་ཅད་ཞུ་ཞིང་འདྲེས་པའི་སྟེང་གི་ནམ་མཁའ་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ་གནས་པ་ལས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་ལས་དམ་ཚིག་གི་རྫས་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། ལག་གཡོན་

(༥༡)གདེངས། ཨོཾ་གྱིས་སྦྱང་། གཡས་གདེངས་ཨཱཿས་སྤེལ། སྟིམ་པ་བཀན་ཏེ་ཧཱུྃ་གིས་ཁ་དོག་དྲི་རོ་ཕུན་ཚོགས་པར་བྱས། མཁའ་ལྡིང་གི་རྒྱས་ཧོཿ ཞེས་ཟག་མེད་ཀྱི་བདུད་རྩི་བལྟས་ལ་བྱིན་གྱིས་བརླབ། དེ་ནས་མགྲོན་བསྡུ་བ་ནི། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་གྱི་རོལ་པ་ཞི་ཁྲོའི་ཉམས་དུ་མར་འཆར་བ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོ་མདུན་གྱི་ནམ་མཁའ་བཛྲ་ས་མཱ་ཛཿས་ས་སྤྱན་དྲངས་པར་བསམས་ཤིང་། ཧཱུྃ། ཆོས་དབྱིངས་མཁའ་ལྟར་དག་པའི་དབྱིངས། །མི་གཡོ་འོག་མིན་ཉམས་དགའི་གནས། །རྡོ་རྗེ་གདན་དང་མཱ་ལེནྡྲ། དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །དཔལ་ལྡམ་མགོན་པོ་ལྕམ་དྲལ་ནི། །བཀའ་སྡོད་དམ་ཅན་རྒྱ་མཚོར་བཅས། །བདག་གིས་དད་པས་སྤྱན་འདྲེན་ན། །སྔོན་གྱི་ཞལ་བཞེས་དམ་བཅས་ལྟར། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་སྤྱན་དྲངས་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་སྲུང་མཛད་དམ་ཚིག་ཅན། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས། །འདིར་ནི་དགྱེས་པར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཨཱ་ས་ན་ཏིཥྛནྟ། ཞེས་

(༥༢)བཞུགས་སུ་གསོལ། སྲུང་མ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག །བདུད་རྩི་ལྗགས་ལ་བྱིན་པར་མོས་ཏེ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་དམ་ལ་བཞག །ཧཱུྃ། ཐུན་མོངས་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ན། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨོཾ་ཤཱི་བཛྲ་དྷརྨ་པཱ་ལས་པ་རི་ཝཱ་ར་ཨརྒྷཾ་ཕྲ་ཏཱི་ཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་དྱཱ། ཤཔྡ་པྲ་ཏཱི་ཙྪ་སྭཱ་ཧཱ། ཞེས་མཆོད། མ་ཧཱ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། ཞེས་སྨན་རག་སྟོབ། གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ་རྡོར་ཐལ་ཁ་གྱེན་དུ་ཕྱེ་ནས། ཨོཾ་གུ་རུ་མཎྜ་ལ་དེ་ཝ་ག་་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་སུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་་ཧྲི་ད་ཧཱུྃ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཀྵི༚་ཀྵེ་ཏྲ་བི་གྷ།།།ན་བི་ན་ཡ་ཀ་ཧཱུྃ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ། ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛཿ ཨོཾ་མ་ཧཱ་དེ་ཝ་ཛ་ཨུ་མ་དེ་ཝཱི་ཧྲཱི༚་ཧ་རི་ནི་ས་པ་ཤཾ་ཀུ་རུ་ཧོཿ ཧྲི་ཤག་རུ་རག་རཾ་ན་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ཨོཾ་མ་ཧཱ་རཱ་ཛ་ས་མ་ཡ་བཻ་ཤྲ་མ་་ཡ་སརྦ་ཙིཏྟ་རཏྣ་ཧྲཱི༚་ཛཿ ཨོཾ་མ་མ་ར་ལི་ཕྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ཨཱ་དྷུ་ས་མ་ཡེ་བྷ་ག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་

(༥༣)ཡ་སཱ་དྷཱུ་ཏྲི་ཛཿཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་དྷཱ་ཀི་ནི་ཨཱ་ཡུཿཥི་ཤྭ་རི་ཧྲཱིཿམཱཾ་ལཱཾ་ཨཱཾ་ཏཱཾ། ཨོཾ་ནཱ་ག་ཙནྟི་ཙ་ར་ར་ཏྲི་གིང་ཀར་ཡཀྴ་ཡཀྴ་ས་མ་ཡ་ཙིཏྟ་ཧྲཱི༚་ཧྲཱི༚་ཛཿཛཿ ཞེས་སྙིང་པོ་ཀུན་གྱི་མཐར། ས་པ་རི་ཝཱ་ར་མན་ཆད་བཏགས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། །དུས་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། ནག་པོ་ཆེན་པོ་ཕྱག་བཞི་པ། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དཔལ་མགོན་མ་ནིང་ནག་པོ། མཐུ་ཆེན་དྲག་པོ་ཞལ་བཞི། རྡོ་རྗེ་ཕྲ་མན་ཤྭ་ན་ཆེན་མོ། མ་མོ་སྔགས་ཀྱི་སྲུང་མ། ལྷ་ཆེན་དབང་ཕྱུག་ཆེན་པོ། །ཁྱབ་འཇུག་དུག་གི་སྤུ་གྲི། རྒྱལ་ཆེན་རྣམ་མང་ཐོས་སྲས། ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ། ལས་གཤིན་འཆི་བདག་ནག་པོ། དམ་ཅན་རོད་རྗེ་ལེགས་པ། བཀྲ་ཤིས་ཚེ་རིང་མཆེད་ལྔ། བཙན་རྒོད་འབར་བ་སྤུན་བདུན་ལ་སོགས་ཏེ་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་

(༥༤)དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ། འཇིགས་བྱེད་ཁྲག་འཐུང་དཔལ་ལྡན་ནག་པོ་ཆེ། །བདུད་དཔུང་མཐར་བྱེད་དུར་ཁྲོད་སྒྲོལ་བའི་གིང་། །སྒྲུབ་པོའི་རེ་སྐོང་ལེགས་ལྡན་ཚོགས་ཀྱི་བདག །རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད། །མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོས་ཐུགས་རྗེའི་སྐུར་སྤྲུལ་པ། །མ་རུངས་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། དྲག་པོའི་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། གཏུམ་ཆེན་འབར་བ་མི་ཟད་ཧེ་རུ་ཀ །གདུག་པ་འདུལ་མཛད་ཐུགས་རྗེ་ཆེན་པོའི་སྐུ། ལོག་རྟོགས་རབ་འཇོམས་ཧཱུྃ་དང་ཕཊ་སྒྲ་ཅན། ཡེ་ཤེས་ཐུགས་ལྡན་འཁོར་དང་བཅས་ལ་བསྟོད། འཇིག་རྟེན་འདས་པའི་དུས་ནས་སྔོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །རབ་འཇིགས་དུར་ཁྲོད་བསྐལ་མེ་འབར་བའི་ཀློང་། །རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་ལྷ་ཆེ། །བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན། །དྲེགས་པ་ཀུན་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། རྡོ་རྗེ་གཞོན་ནུ་ཡབ་ཡུམ་མཁའ་ཀློང་ནས། །ཐུགས་རྗེ་དྲག་གཏུམ་ཁོས་པའི་འཕྲུལ་ལས། མི་སྲུན་མ་ཧཱ་ཀཱ་ཀ་ཤྭ་ན་ཆེ། ཕྲ་མན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཁྲག་འཐུང་ཡུམ། །ཡེ་ཤེས་མ་མོ་རྡོ་རྗེ་རལ་གཅིག་མ། །གསང་སྔགས་བཀའ་

(༥༥)ཡི་སྲུང་མ་མཐུ་མོ་ཆེ། །སྡེ་ལྔ་འཁོར་ཚོགས་ཕོ་ཉར་བཅས་ལ་བསྟོད། །སྤྱན་རས་གཟིགས་སྤྲུལ་དབང་ཕྱུག་ལྷ་ཆེན་པོ། །འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག །དངོས་གྲུབ་མཆོག་གི་སྩོལ་ཡོན་ཏན་རྫོགས་པའི་ལྷ། །རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད། ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ་པའི་སྲས། །འཇིགས་བྱེད་ནི་བཟད་སྡེ་བརྒྱད་དྲེགས་པའི་གཙོ། །དྲག་ཤུལ་ཕྲིན་ལས་ཀུན་སྒྲུབ་རཱ་ཧུ་ལ། །སྲིད་བཞི་སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད། །ས་བརྒྱད་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་འཕྲོག །ཡིད་བཞིན་འདོད་དགུའི་ཆར་འབེབས་དཔག་བསམ་ཤིང་། རྣམ་མང་ཐོས་སྲས་ལ་བསོས་པོ་ལ་བསྟོད། མི་འགྱུར་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །མ་རུངས་འདུལ་ཕྱིར་དྲག་མོའི་སྐུར་སྟོན་མ། སྒྱུ་འཕྲུལ་རྡོ་རྗེའི་གར་མཛད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། མྱུར་མགྱོགས་མཐུ་རྩལ་ཐོགས་མེད་ཕྲིན་ལས་ཀྱིས། །གདུག་ཅན་དགྲ་དང་བདུད་བགེགས་ཕམ་མཛད་པ། །གཤིན་རྗེ་གཤེད་པོའི་བཀའ་ཉན་དམ་ཚིག་ཅན། །བི་བྷ་ས་ཏ་འཁོར་དང་བཅས་ལ་བསྟོད། །སྔོན་ཚེ་ཤཱཀྱ་པའི་སྤྱན་སྔ་རུ། །བསྟན་པ་སྲུང་ཞིང་ལེགས་ཉེས་སྟོངས་འཛིན་པ། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་སྟེ། །འཇིག་རྟེན་སྐྱོང་བ་ཁྱོད་ལ་

(༥༦)ཕྱག་འཚལ་བསྟོད། ཡེ་ཤེས་སྐྱེས་མཛད་ཆོས་སྐུ་ཡུམ་ཆེན་མོ། རྒྱལ་ཀུན་རོད་རྗེའི་བཙུན་མོ་རྣལ་འབྱོར་མ། གངས་ཅན་སངས་རྒྱས་སྲུང་འཁོར་ལོའི་བདག །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ་ལ་བསྟོད། །དཀྱིལ་འཁོར་སློབ་དཔོན་པདྨ་སཾ་བྷ་ཝའི། །བཀའ་ཉན་དམ་ཚིག་རྗེས་དགོངས་གཏེར་གྱི་བདག །མཐུ་རྩལ་ཐོགས་མེད་རྣམ་བཞིའི་ཕྲིན་ལས་ཀྱིས། །དམ་ལྡན་རེ་སྐོང་བཙན་རྒོད་ཁྱོད་ལ་བསྟོད། ཧྲཱིཿ འོད་གསལ་སོགས་ཚེ་རིང་མཆེད་ལྔ་འོག་ལྡེབས་ ༦༥ །ཅེས་བསྟོད་ཅིང་། གཏེར་བདག་སྤྱིའི་གཏོར་འབུལ་ཞི། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་གཏེར་གྱི་བདག་པོ་འཁོར་བཅས་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་ཆེན་གཏེར་གྱི་བདག་པོ་ཆེན་པོ་རྣམས། །རང་རང་གཡོག་འཁོར་བཅས་པ་འདིར་གཤེགས་ཤིག །ནི་དྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡ་པྲ་ཏཱི་ཙྪ་སྭཱ་ཧཱ། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་མཆོད་པ་དང་སྨན་གཏོར་རཀྟ་རྣམས་འབུལ། ཟབ་གཏེར་སྲུང་མའི་དབང་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱི་ཕྲིན་ལས་བཅོལ། ཧཱུྃ། དུས་གསུམ་རྒྱལ་བའི་བཀའ་སྡོད་དཔའ་བོ་ཆེ། །རིག་འཛིན་ཀུན་གྱི་ཅི་བགྱིའི་དམ་ཚིག་ཅན། །ཟབ་གཏེར་བསྟན་པ་བསྲུང་བར་དམ་མནོས་པའི། །གཏེར་གྱི་བདག་པོ་འཁོར་དང་བཅས་ལ་བསྟོད། ཅེས་པས་བསྟོད། གཞི་བདག་སྤྱི་གཏོར་ནི། གཏོར་མ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་

(༥༧)པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་བརྗོད། བྷཱུ་མི་པ་ཏ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ས་སྤྱན་དྲང་། བྷཱུ་མི་པ་ཏི་ས་པྲི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཱཾ་ཨཱ་དྱ་ནུཏྤནྣ་ཏཱྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་དབུལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་ཕྱི་ནང་གིས་མཆོད། གཞི་བདག་གཉུག་མར་གནས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་གོང་བཞིན་དང་། གཞི་བདག་ཆེན་པོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། དཔལ་དང་ཞགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །

(༥༨)ཅེས་བརྗོད། དེ་ནས་འབུལ་གཏོར་ལ་དམིགས་བྱ་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། །དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛི་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་རྩམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་ཤཱ་ས་ནའི་མཐར་ནྀྲ་ཏྲི་བཛྲ་ཨཾངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོ༔ ཞེས་བསྟིམ། ཨཱོཾ་ཨཱཿཧཱུྃ་ཧོཿསབརླབ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀ་རི་་ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྣཱ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། །

(༥༩)གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་དི་ན་མེ་ཀེ་ན་ཧཱུྃ་ཕཊ། ས་པ་རི་ཝཱ་ར་སོགས་གསུམ་གྱིས་འཕྲུལ་ལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་པ། མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཕྱི་ནང་གསང་མཆོད་སྨན་རག་བ་ལི༚་ཏ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་དགུའི་རྫས། །སོ་སོའི་ཐུགས་ལ་ཅི་བཞད་དེར་འཆར་བའི། །རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི། །སྔར་མཛད་ལེགས་པའི་ལས་ཀྱི་གཏང་རག་དང་། སླད་ནས་གཡེལ་བ་མེད་པའི་ཕྲིན་ལས་བཞིའི། །འདོད་པའི་དངོས་གྲུབ་སྩོལ་སླད་འབུལ་ལགས་ན། །དགྱེས་པ་ཆེན་པོས་པ་ཞེས་ཤིང་རོལ་ནས་ཀྱང་། །བསྟན་དང་འགྲོ་བའི་ཕན་བདེ་ཀུན་སྤེལ་ཞིང་། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ནད་མེད་པ་དང་མི་འགྱུར་ཚེ་སྲོག་དཔལ། །གྲགས་དང་འབྱོར་པ་རྒྱ་མཚོ་མཐོ་བར་དང་། མ་རུངས་བདུད་དགྲའི་རྒོལ་བ་ཀུན་ཞི་ཞིང་། །རྣམ་མང་ཕྲིན་ལས་རྒྱ་མཚོ་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཕྱོར། །བྱང་ཆུབ་བར་དུ་སྲུང་ཞིང་སྐྱོང་བར་མཛོད། །ཅེས་གཏོར་མ་སྟོབ་ཅིང་འདོད་གོན་གསོལ། ཡང་ན་འབྲུ་གསུམ་གྱི་བྱིན་རླབས་དང་སྔགས་མཆོད་སྔོན་དུ་འགྲོ་བས། དམ་ཅན་རྒྱ་མཚོའི་ཚོགས་

(༦༠)རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་གཏོར་མ་གཙང་སར་བུལ་ནའང་རུང་ངོ་། གཏང་རག་དོན་དུ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་ཡ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་དང་། ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཞེས་མཆོད་ཅིང་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་འཆགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཞེས་པས་དམ་ཡེ་གཉིས་ཀ་བསྟིམ། མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྟིམ། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷཱ་ཝཱ་ནཱཾ་གྱིས་རང་གནས་སུ་བཏང་། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། གསང་

(༦༡)གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང་། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོ་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་དགུའི་ཆར་དུ་སྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེརུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཕྲིན་ལས་རྣམ་བཞིན་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤེས་བརྗོད་པར་བྱའོ། །དམ་ཅན་སྤྱིའི་གཏོར་མའི་ཆོ་ག་ཉུང་ངུར་ཧཱུྃ་ཧྲཱིཿ སྐུ་གསུམ། སོགས་ལས་བྱང་གོང་ལྡེབས། ༣༧ ཞི་ཁྲོ་མ་སྦྱར་སྐབས་གོང་གི་ཁ་སྐོང་རྣམས་ཀྱང་སྨིན་གླིང་མཁན་ཆེན། ཨོ་ཌཱི་ཡ་ནས་གསུངས་པ་དགེའོ། །

(༦༢)

(༦༣)བསྒྲལ་མཆོད་སྐབས་ལིངྒ་ལོགས་སུ་མ་བཅད་ན་ཚོགས་ཕུད་ཐ་མ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུ་བའམ། སྔར་བྱིན་རླབས་མ་བྱས་ཀྱི་གོང་དུ་བཅད་ན་ནི་དེར་ཟད་ལ། གང་ལྟར་ཡང་། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཀོ྅ཧཾཿ བདག་ཉིད་པདྨ་ཧེ་རུ་ཀའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣལ་འབྱོར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རིག་འཛིན་ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྀྲ་ཡཾ་ཛཿནིྲ་བཛྲ་ཨཾ་ཀུ་ཤ་ཛཿ ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཞེས་ལྕགས་ཀྱུའི་རྒྱན་རྒྱས་

(༦༤)བཀུགས་ལ། ཛཿཧཱུྃ་བཾ་ཧོཿ ས་དགུགས་བསྟིམ་པ་བཅིངས་བསྡམས་ནས་དགྱེས་པར་བྱས་ཏེ། ལས་ཕུར་ཐོགས་ནས། ཧཱུྃ༔ བདག་ཉིད་པདྨ་སོགས་ལས་གཞུང་ལྟར་བསྒྲལ་སྟབས་བྱའོ། །

(༦༥)བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ལསཿ བཀའ་སྲུང་ཚེ་རིང་མཆེད་ལྔའི་སྒྲུབ་ཐབས་བཞུགས་སོཿ ཿ

(༦༦)།།། ན་མོ་ཛྙཱ་ན་དྷཱ་ཀི་ནིཿ ཐུགས་སྒྲུབ་གསང་བའི་ཏིང་འཛིན་མཆོག༔ ལམ་དུ་ཁྱེར་བའི་རྣལ་འབྱོར་པསཿ བཀྲ་ཤིས་ཚེ་རིང་ཕྲིན་ལས་ཀུནཿ མྱུར་དུ་འགྲུབ་པར་བྱ་བའི་ཕྱིརཿ བོད་ཡུལ་ཞིང་སྐྱོང་ཀུན་གྱི་གཙོཿ ལྷན་ཅིག་སྐྱེས་མ་བསྒྲུབ་འདོད་ནཿ གཟའ་སྐར་བཟང་པོ་འཇོམས་པའི་ཉིནཿ དར་རས་ཀྲོ་ཤོག་དྲི་མེད་ལཿ གསེར་གྱི་འཁོར་ལོ་རྩིབས་བཞིའི་དབུསཿ ཚེ་བུམ་རྡོ་རྗེ་བརྩེགས་མར་བྲོཿ རྡོ་རྗེའི་ལྟེ་བར་ཧྲཱིཿཡིག་མཐརཿ ཧྲཱ་མ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥཱི་ཤྭ་རཱི་སྨ་ཡ་ཧོཿ ས་མ་ཡ་སྟཾྭཿ ཨཱཿཡུཿཔུཎྜེ་ཛྙཱ་ན་པུཥྚི༚་ཀུ་རུ་སྭཱ་ཧཱཿ ཞེས་བསྐོར་རྩིབས་ལ་མཾ་ལཾ་དང་༔ ཨཾ་ཏཾ་ཡི་གེ་འབྲུ་བཞིའི་མཐརཿ མཚན་དང་རང་རང་དངོས་གྲུབ་སྤེལཿ དེ་ཕྱིར་དབྱངས་གསལ་རྟེན་སྙིང་དང་ཿ ནོར་ཕྲེང་རྡོ་ར་མེ་རིས་བསྒོརཿ མུ་ཏིག་མུ་མེན་གསེར་ཐིག་དང་༔ པད་རཱག་གཡུ་གོང་སྐྱོན་མེད་ལ༔ རང་རང་སྲོག་ཡིག་མཚལ་དང་ནིཿ ཁྱེའུའི་བྱང་སེམས་དག་གིས་བྲིཿ བགེགས་

(༦༧)སྦྲང་ཁྲུས་གསོལ་ལེགས་བར་བལྟབཿ དར་སྣས་དྲིལ་ལ་རིན་ཆེན་གྱིཿ གའུར་རྒྱས་གདབ་སྐུ་གཟུགས་བཅསཿ དར་དཀར་ལ་།།།ལྟོང་ལྔ་ལྡན་པའི་མདའ་ལ་གདགསཿ དར་སྣམ་མེ་ལོང་དུང་གཡུས་བརྒྱནཿ དེ་མདུན་གཏོར་མ་གསེར་སྐྱེམས་དང་ཿ ཉེར་སྤྱོད་གཟིགས་རྒྱས་པར་བཤམསཿ ས་མ་ཡཿ དངོས་གཞི་རང་ཉིད་པདྨ་འབྱུང་ཿ སྣང་སྲིད་ཟིལ་གནོན་སྐུ་རུ་གསལཿ མདུན་ཏུ་སྨན་མོ་འཁོར་བཅས་བསྐྱེདཿ སྲོག་ནས་དྲངས་བསྟིམ་མཆོད་ཅིང་བསྙེནཿ ཧྲཱིཿ འོད་གསལ་སྟོང་ཉིད་ངང་ལས་སྐད་ཅིག་གིསཿ མདུན་ཏུ་མཐོན་མཐིང་རྒྱལ་མོའི་གངས་ཀྱི་རིཿ ལྷུན་སྟུག་མཛེས་ཤིང་བརྗིད་ཆགས་ནང་ཁོངས་སུཿ སྨན་ལྗོངས་མེ་ཏོག་བཀྲ་ཤིས་སྐྱེད་ཚལ་དབུསཿ དར་དཀར་ལྡིང་གུར་ཡངས་པར་པད་ཟླ་དང་ཿ སེང་གེ་དཀར་མོ་དྲེགས་པས་འགྱིང་བའི་སྟེང་ཿ ཧྲཱིཿལས་ཚེ་ཡི་དབང་ཕྱུག་སྐུ་

(༦༨)མདོག་དཀརཿ དར་དང་རིན་ཆེན་རྒྱན་ལྡན་ཞི་ཞིང་འཛུམཿ ཕྱག་གཡས་རྡོ་རྗེ་དང་བཅས་མདའ་དར་གཡོབཿ གཡོན་པས་འཆི་མེད་ཚེ་ཡི་བུམ་བཟང་བསྣམསཿ མཐིང་གི་ཞལ་བཟང་འཕྲུལ་གྱི་མེ་ལོང་ཐོགསཿ མཐིང་གསལ་རྒྱན་ལྡན་རྐྱང་བུ་ཁ་དཀར་ཆིབསཿ མ་གཡོ་གླང་བཟང་རོ་བརྒྱའི་ཟས་གཞོང་བསྣམསཿ གསེར་མདོག་བརྗིད་ཆགས་སྟག་མོ་གྲུས་མ་ཆིབསཿ ཅོད་པན་མགྲིན་བཟང་འདོད་འབྱུང་ནེའུ་ལེ་ཐོགསཿ རཱ་གའི་མདངས་འཚེར་ཤ་བ་ཡུ་མོ་ཆིབསཿ ཏ་ལ་དཀར་འགྲོ་བཟང་བཅུད་མཆོག་དཱུརྦ་བསྣམསཿ ལྗང་གསལ་ཁྲོ་འཛུམ་གཡུ་འབྲུག་སྔོན་པོ་ཆིབསཿ ཀུན་ཀྱང་ཕྱག་གཡས་རང་རང་དངོས་གྲུབ་ཚོགསཿ ཐོགས་མེད་མྱུར་དུ་འགུགས་པའི་མདའ་དར་གཡོབཿ རཏྣའི་རྒྱན་འཕྱང་དར་གྱི་ན་བཟས་བཀླུབསཿ འཁོར་དུ་བརྟན་མ་ལྷ་མོ་ཀླུ་མོ་དང་ཿ གནོད་སྦྱིན་དྲང་སྲོང་རིག་པ་འཛིན་པ་དང་ཿ མིའམ་ཅི་དང་དྲི་ཟ་སྨན་མོའི་ཚོགསཿ བསམ་གྱིས་མི་ཁྱབ་སྤྲིན་ཕུང་ལྟ་བུར་གཏིབསཿ རང་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལསཿ འོད་ཟེར་ལྕགས་ཀྱུས་ཡེ་ཤེས་སྤྱན་དྲངས་བསྟིམཿ ཀྱེཿ ཉི་མ་ནུབ་ཕྱོགས་ཕ་གི་ནཿ བལ་བོད་གཉིས་ཀྱི་སོ་མཚམས་སུཿ མཐོན་མཐིང་རྒྱལ་མོའི་གངས་ཀྱི་རིཿ ཤིན་ཏུ་ཉམས་དགའི་གནས་མཆོག་

(༦༩)ནསཿ བོད་ཡུལ་ཞིང་སྐྱོང་གཙོ་མོ་ནིཿ ལྷན་ཅིག་སྐྱེས་པའི་བདེ་སྟེར་མཿ ཚེ་རིང་མཆེད་ལྔ་འཁོར་དང་བཅསཿ སྔོན་གྱི་ཐ་ཚིག་རྗེས་དགོངས་ལཿ རྣལ་འབྱོར་གདུང་བས་འབོད་པའི་ཚེཿ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་ཕྱིརཿ ནམ་མཁའི་དབྱིངས་ནས་འདིར་གཤེགས་ལཿ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབསཿ བཛྲ་ས་མ་ཡ་ཛཿཛཿ ཀྱེཿ དམ་ཚིག་དག་པའི་གནས་འདི་རུཿ ཞིང་སྐྱོང་ཆེན་མོ་ལྷན་ཅིག་སྐྱེསཿ མཆེད་ལྔ་འཁོར་དང་བཅས་པ་རྣམསཿ དགྱེས་ཤིང་བརྟན་པར་བཞུགས་ནས་ཀྱང་ཿ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀཿ བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང་ཿ གསང་བདག་དཔའ་བོ་སེང་གེའི་གདོང་ཿ ཁྱད་པར་པདྨ་ཐོད་ཕྲེང་གིསཿ ཁ་ལ་རོང་སྒོའི་གནས་རྣམས་སུཿ དམ་ལ་བཞག་ཅིང་བཀའ་བསྒོས་ལྟརཿ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥཱི་ཤྭ་རཱི་ཧྲཱིཿམཾ་ལཾ་ཨཾ་ཏཾ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿ ཧྲཱིཿ སྨན་གྱི་ཡོན་ཆབ་ཆར་ལྟར་འབེབསཿ འོ་མའི་བཏུང་བ་མཚོ་ལྟར་བསྐྱིལཿ རིན་ཆེན་མེ་ཏོག་གཅལ་དུ་བཀྲམཿ སྤོས་སྤྲིན་དུད་པས་འབག་བཙོག་བསངསཿ འོད་འབར་སྣང་གསལ་ཀུན་ཏུ་ཁྱབཿ དྲི་བཟང་བྱུགས་པ་ལྷ་ཡི་ཆབཿ བཅུད་ལྡན་ཞལ་ཟས་རོ་བརྒྱ་པཿ ཿ

(༧༠)ཡན་ལག་འབུམ་ལྡན་རོལ་མོ་འཁྲོལཿ ཟག་མེད་བདུད་རྩི་སྨན་གྱི་ཕུདཿ ཆགས་བྲལ་རཀྟས་དགའ་བཞི་བསྐྱེདཿ བདེ་སྟོང་དབྱེར་མེད་ཡེ་ཤེས་ཀྱིསཿ སྨན་བཙུན་འཁོར་བཅས་མཉེས་གྱུར་ཅིགཿ གཏོར་མ་ཟག་མེད་བདུད་རྩིའི་མཆོགཿ འདོད་ཡོན་རྒྱ་མཚོའི་མཆོད་སྤྲིན་འདིཿ སྨན་བཙུན་ཆེན་མོ་འཁོར་བཅས་ལཿ འབུལ་ལོ་བཞེས་ནས་དངོས་གྲུབ་སྩོལཿ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱཿ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་མ་ཧཱ་སུ་ཁ་བ་ལི༚་ཏ་བྷཱུཉྫ་ཧོཿ བདག་གི་ཐུགས་ཀའི་ས་བོན་ལསཿ འོད་འཕྲོས་གཙོ་མོའི་ཐུགས་ཀ་རུཿ ཟླ་སྟེང་རྡོ་རྗེ་ཧྲཱིཿ ས་མཚན་པརཿ སྲོག་གི་སྙིང་པོས་བསྐོར་བ་ལཿ ཕོག་པས་སྔོན་གྱི་དམ་བཅའ་དྲནཿ གང་འདོད་ཕྲིན་ལས་བསྒྲུབ་པར་བསམཿ ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རཱི་ས་མ་ཡ་ཛཿ ཨཱ་ཡུར་པུཎྱེ་པུཥྚི༚་ཀུ་རུ་སྭཱ་ཧཱཿ སླར་ཡང་གཙོ་མོའི་ཐུགས་ཀ་ནསཿ འོད་འཕྲོས་འཁོར་གྱི་ལྷ་མོ་བཞིའིཿ ཐུགས་རྒྱུད་བསྐུལ་ཏེ་རང་རང་གིཿ ལས་ཀྱི་དངོས་གྲུབ་སྩོལ་བར་བསམཿ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་མཾ་ལཾ་ཨཾ་ཏཾ་སརྦ་སིདྡྷི་ཧཱུྃ་ཧཱུྃཿ དེ་ལྟར་རྟགས་བྱུང་བར་དུ་བཟླཿ རྟགས་ནེ་བུད་མེད་མཛེས་མ་ཡིསཿ ཟས་སྟེར་སྟོངས་གྲོགས་བྱེད་པའམཿ མ་སྲིང་ཆུང་མའི་ཚུལ་དུ་འདུཿ ཡང་ན་དངོས་སུ་ཞལ་སྟོན་འགྱུརཿ དེ་ལྟར་བྱུང་ནས་ལས་ཀུན་

(༧༡)འགྲུབཿ ཡ་མ་ཡཿ ཐུན་མཚམས་གཏོར་མ་འབུལ་བ་སྟེཿ ཇི་ལྟར་འབྱེར་བའི་གཏོར་མ་ནིཿ བྱིན་གྱིས་བརླབ་སྟེ་རྩ་སྔགས་མཐར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཝཱི་ཤྭ་རཱི་ཧྲཱིཿམྃ་ལྃ་ཨྃ་ཏྃ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཕྱག་རྒྱར་བཅས་ཏེ་ལན་བདུན་དང་ཿ གསུམ་སོགས་ཕུལ་མཐར་འདོད་དོན་གསོལཿ དཔལ་ཞིང་ལས་སྐྱེས་པའི་དྷཱ་ཀིའི་དབང་ཕྱུག་མཿ དབྱིངས་ཆོས་སྐུ་སྤྲོས་པ་དང་བྲལ་བ་ལས་མ་གཡོས་བཞིན་དུཿ རིག་པ་རང་སྣང་ལོངས་སུ་སྐུ་ཡེ་ཤེས་མཁའ་འགྲོ་རྣམ་པ་ལྔ་ཡི་ཚུལ་དུ་བཞེངས་ཏེཿ སྤྲུལ་སྐུ་སྨན་མོའི་ཚུལ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཇོ་མོ་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མཿ མཐིང་གི་ཞལ་བཟང་མཿ མི་གཡོ་གླང་བཟང་མཿ ཅོད་པན་མགྲིན་བཟང་མཿ ཏལ་དཀར་འགྲོ་བཟང་མཿ འཁོར་སྲིད་པ་གསུམ་གྱི་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་ལ་གསོལ་ལོཿ མཆོད་དོཿ འབུལ་ལོཿ མཉེས་རབ་ཀྱི་མཆོགཿ དགྱེས་རབ་ཀྱི་ཕུལ་དམ་པར་གྱུར་ཏེཿ རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་དགྱེས་པའི་ཞལ་སྟོནཿ འཛུམ་པའི་མདངས་ཕྱུངསཿ ལུས་དང་གྲིབ་མ་བཞིན་ཏུ་མི་འབྲལ་བར་འགྲོགས་ཏེ་ཆོས་དང་མཐུན་པའི་ལོངས་སྤྱོད་རྒྱ་ཆེན་པོ་སྩལ་བ་དང་ཿ རྒྱལ་པོའི་ཆད་པའི་འཇིགས་པ་

(༧༢)སོགས་འབྲལ་རྐྱེན་ངན་པ་ཐམས་ཅད་ཞི་བ་དང་ཿ ཅི་བསམ་བའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་ཏུ་འགྲུབ་པར་མཛད་དུ་གསོལཿ དེ་ནས་སྙན་པའི་དབྱངས་ཀྱིས་བསྟོདཿ ཀྱེཿ ཡེ་ཤེས་བསྐྱེད་མཛད་ཆོས་སྐུ་ཡུམ་ཆེན་མོཿ རྒྱལ་ཀུན་རྡོ་རྗེའི་བཙུན་མོ་རྣལ་འབྱོར་མཿ ལོངས་སྐུ་རིགས་ལྔའི་ཡུམ་མཆོག་དབྱིངས་ཕྱུག་ལྔཿ ཁྲག་འཐུང་དགྱེས་སྡེ་ཀྲོ་དྷཱི་ཤྭ་རཱིར་སྣང་ཿ སྤྲུལ་སྐུ་བདེ་གཤེགས་རྡོ་རྗེ་རིན་པོ་ཆེཿ པདྨ་ལས་ཀྱི་མཁའ་འགྲོའི་གར་མཛད་པསཿ གནས་ཡུལ་དུར་ཁྲོད་ཀུན་ཏུ་སྣ་ཚོགས་གཟུགསཿ གངས་ཅན་སངས་རྒྱས་བསྟན་སྲུང་འཁོར་ལོའི་བདགཿ ལྷན་ཅིག་སྐྱེས་མའི་ཡེ་ཤེས་རྣམ་རོལ་ལསཿ དངོས་གྲུབ་མཆོག་སྩོལ་སྨན་བཙུན་མཆེད་སྡེ་ལྔ༔ གསང་སྔགས་ཚུལ་བཞིན་སྤྱོད་ལ་ཐར་པ་སྟེརཿ རིག་འཛིན་ལ་འབྱོར་ཀུན་གྱི་དགྱེས་སྡེ་མོཿ དམ་ཉམས་རྣམས་ལ་བཀའ་ཡི་ཆད་པ་གཅོདཿ བོད་སྐྱོང་བྲོ་དོར་ཡོངས་ཀྱི་གཙོ་མོའི་ཚུལཿ མཐོན་མཐིང་རི་ཡི་རྒྱལ་པོར་གནས་བཅས་ཏེ༔ ལྷ་ཀླུ་གནོད་སྦྱིན་དྲི་རྦ་མི་འམ་ཅིཿ རིག་འཛིན་མ་བྱེ་བའི་ཚོགས་ཀྱིས་བསྟེནཿ སྤང་ལྗོངས་ནགས་ཚལ་མེ་ཏོག་རྒྱས་པའི་གཞིརཿ ཆུ་ཀླུང་དབྱངས་སྙན་དྲི་ཞིམ་ངད་པ་འཐུལ༔ གངས་དཀར་ཤེལ་རི་དགུང་

(༧༣)ལས་རྩེ་མཐོ་བརཿ དར་དཀར་ལྗིང་གུར་གསེར་གྱི་ཀ་བ་ཅནཿ མུག་ཏིག་ཁྱོན་ཐག་དུང་གི་ཕུར་པས་གཏོདཿ དར་གྱི་བླ་བྲེ་རིན་ཆེན་མཛེས་ཁྲིར་ལྡན༔ དེ་ན་སྨན་གཅིག་ཚེ་ཡི་དབང་ཕྱུག་མཿ མཛེས་པའི་ཕུལ་ཕྱིན་སྐུ་མདོག་ཟླ་ལྟར་དཀརཿ རིན་ཆེན་དོ་ཤལ་དར་ཟབ་ན་བཟས་བརྒྱན༔ གཡས་པས་མི་འགྱུར་རང་རྟགས་རྡོ་རྗེ་འཛིན༔ གཡོན་པས་འཆི་མེད་ཚེ་ཡི་བུམ་བཟང་བསྣམསཿ དགུ་སྐྲ་གནག་སྣུམ་ནུ་འབུར་སྨིན་ལེགས་མཿ མཐོང་ན་དགའ་བ་བསྐྱེད་པའི་ཡིད་འཕྲོག་ཉམསཿ ཞབས་གཉིས་བཙུན་མོ་རོལ་སྟབས་འཇོ་སྒེག་ཚུལཿ མི་འཇིགས་སེང་གེའི་ཁྲི་ལ་རྣམ་པར་འགྱིང་ཿ འོད་ཟེར་དཔག་མེད་འཕྲོ་བའི་བརྗིད་ཀྱིསཿ འཁོར་འདས་བརྟན་གཡོའི་དྭངས་བཅུད་དབང་དུ་མཛདཿ ཁྱོད་ལ་བསྟོད་དོ་བཀྲ་ཤིས་ཚེ་བསོད་དཔལཿ ཉམས་རྟོགས་ཡེ་ཤེས་འཕེལ་བའི་གྲོགས་མཛོད་ཅིགཿ མཐིང་གི་ཞལ་བཟང་སྣང་གསལ་པྲ་ཡི་བདགཿ མི་གཡོ་གླང་བཟང་བཅུད་ལྡན་ཟས་ཀྱི་བདགཿ ཿཅོད་པན་མགྲིན་བཟང་བང་མཛོད་ནོར་གྱི་བདགཿ ཏལ་དཀར་འགྲོ་བཟང་རྐང་བཞི་ཕྱུགས་ཀྱི་བདགཿ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབཿ སྣང་སྲིད་དྷཱ་ཀི་ཀུན་གྱི་འཁོར་ལོས་སྒྱུརཿ

(༧༤)བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་ཚོགས་རྣམས་ལཿ གུས་པས་བསྟོད་འདོད་དགུའི་དངོས་གྲུབ་སྩོལཿ ཨོཾ་ཧ་ཡ་གྲཱི་བ་སོགས་རྫས་བྱིན་རླབས་འོག་སྡེབས་༨༥ ཅེས་བསྟོད་གང་འདོད་ཕྲིན་ལས་གསོལཿ གཏོར་མ་དང་ནི་མཆོད་བསྟོད་ལཿ བརྩོན་ན་སྨན་བཙུན་གྲིབ་བཞིན་འགྲོགསཿ ཤིན་ཏུ་དགྱེས་པས་དངོས་གྲུབ་ནིཿ ནོར་བུའི་མཛོད་ཕྱེ་བཞིན་འབྱུང་ཿ དེ་ཕྱིར་གསོལ་མཆོད་རྟག་ཏུ་གཅེསཿ ས་མ་ཡཿ ལྷ་མོའི་སྲོག་དབང་སྦྱིན་པ་དང་ཿ བསྙེན་སྒྲུབ་དུས་གཏོར་ལ་སོགས་ཚེཿ ཐུགས་དམ་སྐོང་བའི་ཆོ་ག་ནིཿ བསྐང་རྫས་ཡོ་བྱད་ལེགས་པར་བཤམསཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབསཿ དེ་ནས་སྙན་པའི་དབྱངས་དང་བཅསཿ ཏིང་འཛིན་གསལ་ཞིང་ཐུགས་དམ་བསྐང་ཿ །ཧཱུྃ་ཧྲཱིཿ འོད་གསལ་ག་དག་དབྱིངས་ཀྱི་ངང་ཿ རིག་པའི་ཡེ་ཤེས་ཅིར་ཡང་ཤརཿ བཀོད་པ་ཆེན་པོའི་ཆོ་འཕྲུལ་ལསཿ གནས་ཁང་བཀྲ་ཤིས་གཞལ་མེད་ཁང་ཿ ཤིན་ཏུ་ཉམས་དགའ་བྱིན་རེ་ཆགསཿ རང་བྱུང་དགའ་བའི་གླུ་ལེན་ཅིང་ཿ དགེ་ལེགས་ཤིས་བའི་རོལ་མོ་འཁྲོལཿ འདོད་ཡོན་མཆོད་པས་མདུན་བདར་ཏེཿ བོད་ཁམས་དཀར་ཕྱོགས་སྐྱོང་བའི་གཙོཿ ཿལྷན་སྐྱེས་ཡེ་ཤེས་བདེ་སྟེར་མཿ བཀྲ་ཤེས་ཚེ་ཡི་དབང་ཕྱུག་ནིཿ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅསཿ རྩེ་གཅིག་གུས་པས་འབོད་ལགས་ནཿ མ་ཐོགས་མྱུར་དུ་ད་ཚུར་བྱོནཿ རང་

(༧༥)བགང་སྲུང་ཚེ་རིང་མའི་གཏོར་འབུལ་མཇུག་ཏུ་བསྐང་བའི་ཐོག་མར་བསྐང་རྫས་བྱིན་གྱིས་བརླབས་པ་ནི། ཨོཾ་ཧ་ཡ་གྲཱི་བ་ཧཱུྃ་ཕཊྲ་ཀྱིས་བསངས། ཤྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་ཕུན་སུམ་ཚོགས་པའི་ཞིང་ཁམས་བསམ་གྱིས་མི་ཁྱབ་བར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་བསྐང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་།།།པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། །ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཁཾ་ཨུཏྒ་ཏེ་སྥ་ར་་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། །ལན་གསུམ། བཛྲ་སྤ་ར་་ཁཾ། ཞེས་པས་བྱིན་གྱིས་བརླབ་ཅིང་ཟད་མི་ཤེས་བར་སྤེལ་ལ། ཧཱུྃ་ཧྲཱིཿ འོད་གསལ་ཀ་དག་སོགས་གཞུང་ལྟར་འཁྲུགས་སྐོང་དང་བཅས་པའི་མཐར་བསྟོད་པ་བྱའོ། ། ཚེ་རིང་མ་གོང་ལྡེབས་ ༧༢

(༧༦)

(༧༧)སྣང་དག་པའི་གནས་འདིར་བཞུགསཿ དགྱེས་ཤིང་འཛུམ་པའི་མདངས་ཕྱུངས་ལཿ རྣམ་བཞིའི་ལས་ཀྱི་ཕྲིན་ལས་མཛོདཿ ཧཱུྃ་ཧྲཱིཿ ཆོས་དབྱིངས་མི་འགྱུར་དཔལ་གྱི་ཡུམཿ སྨན་བཙུན་བཀྲ་ཤིས་ཚེ་རིང་མཿ རིགས་ཀྱི་ཚོམ་བུ་སྤྲུལ་འཁོར་བཅསཿ ཐུགས་དམ་སྐོང་བའི་དམ་རྫས་ནིཿ རིན་ཆེན་མཛེས་པའི་གཞལ་མེད་ཁང་ཿ ནོར་བུའི་རྒྱན་ཕྲེང་ཡིད་དུ་འོང་ཿ དར་ཟབ་སྣ་ཚོགས་བླ་བྲེ་དང་ཿ བ་དན་རྒྱལ་མཚན་ལྷུན་རེ་སྟུག༔ ཉེ་བར་སྤྱོད་བའི་མཆོད་སྤྲིན་ནིཿ ཀུན་བཟང་སྨོན་ལམ་སྟོབས་ཀྱིས་སྤྲུལཿ འདོད་པའི་ཡོན་ཏན་བསམ་མི་ཁྱབཿ བདེ་ཆེན་ལོངས་སྤྱོད་འདུ་འབྲལ་མེདཿ ཐུགས་དང་མཐུན་པའི་དམ་ཚིག་རྫསཿ གང་བཞེད་འབྱོར་བ་སྤྲིན་ལྟར་གཏིབསཿ སྨན་གཏོར་རཀྟ་ཚོགས་ཀྱི་བཅུདཿ རྡོ་རྗེའི་དབང་པོའི་རྒྱན་ཏུ་ཤརཿ སྦྱོར་སྒྲོལ་བརྟུལ་ཞུགས་གྲུབ་པའི་གང་ཿ རྣལ་འབྱོར་མཆོག་གི་སྐལ་བར་ཆེཿ འཁོར་གསུམ་མི་དམིགས་འོད་གསལ་ངང་ཿ གཟུང་འཛིན་རྟོག་ཚོགས་དབྱིངས་སུ་ཐིམཿ མདོར་ན་སྣང་སྲིད་གཞིར་བཞེངས་ཀྱིཿ སྲིད་ཞི་དབྱེར་མེད་མཆོད་སྤྲིན་ཆསཿ ཐུགས་རྗེ་ཐུགས་དམ་གཉན་པོ་བསྐང་ཿ དམ་ཚིག་ཉམས་ཆགས་ཉེས་ལྟུང་

(༧༨)བཤགས༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ དངོས་གྲུབ་ཕྲིན་ལས་སྩལ་དུ་གསོལ༔ ཧཱུྃ་ཧྲཱིཿ རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ༔ ལྷ་མོ་མཐིང་གི་ཞལ་བཟང་མཿ རིགས་ཀྱི༴ ཐུགས་དམ༴ རིན་ཆེན་མཛེས་པའི་སོགས༴ ཧཱུྃ་ཧྲཱིཿ རིན་ཆེན་མི་འགྱུར་དཔལ་གྱི་ཡུམཿ ལྷ་མོ་མི་གཡོ་གླང་བཟང་མཿ རིགས་ཀྱི་སོགས༴ ཧཱུྃ་ཧྲཱིཿ པདྨ་མི་འགྱུར་དཔལ་ཀྱི་ཡུམ༔ ལྷ་མོ་ཅོད་པན་མགྲིན་བཟང་མཿ རིགས་ཀྱི་སོགས། ཧཱུྃ་ཧྲཱིཿ ལས་རབ་མི་འགྱུར་དཔལ་གྱི་ཡུམཿ ལྷ་མོ་ཏལ་དཀར་འགྲོ་བཟང་མཿ རིགས་ཀྱི་སོགས། ཧཱུྃ་ཧྲཱིཿ གཞལ་ཡང་རྡོ་རྗེའི་མཎྜ་ལརཿ དམ་ཚིག་ཐུགས་རྗེས་འཁོད་པ་ཡིཿ དཔའ་བོ་མཁའ་འགྲོ་ཤུགས་འགྲོ་དང་ཿ ཆོས་སྲུང་ནོར་ལྷ་གཏེར་གྱི་བདགཿ མ་ལུས་ལུས་པ་མེད་པ་ཀུནཿ ཐུགས་དམ་སྐོང་བའི་སོགས། ཡི་གེ་བརྒྱ་པས་ཉམས་ཆགས་སྦྱངསཿ གལ་ཆེར་གཏོར་མ་བརྒྱ་རྩ་ཕུལཿ ཕུད་ཀྱིས་སྐོང་བརྒྱ་ཆེར་བྱཿ འདིས་ནི་དམ་ཚིག་ཉམས་ཆགས་སྦྱོང་ཿ ཐུགས་དམ་བསྐང་ཞིང་ཕྲིན་ལས་མྱུརཿ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུརཿ ས་མ་ཡཿ སྣང་སྲིད་མ་མོ་ལ་བརྟེན་ནསཿ དལ་ཡམས་ཆེན་པོ་གཅོད་པ་ནིཿ ནལ་བུའི་ཐོད་པ་མཚན་ལྡན་ནང་ཿ ཤ་ལྔ་བདུད་རྩི་རྣམ་ལྔ་དང་ཿ བཟང་པོ་དྲུག་སོགས་སྨན་སྣ་

(༧༩)ཚོགསཿ ཁྱད་པར་ཤ་དག་གླ་རྩི་དང་ཿ ཧོང་ཡེན་ཡུང་བཀུ་གུལ་ནགཿ ཨུཏྤལ་ཙནྡན་དཀར་པོར་བཅསཿ མ་ཉམས་ཆང་ཕུད་གཙང་མར་སྦྱར༔ དེ་སྟེང་མེ་ལོང་དྭངས་པ་ལཿ སིནྡྷུ་ར་ཡིས་བྱུགས་བྱས་ཏེཿ དབུས་སུ་ཧྲཱིཿ དང་མཐའ་བསྐོར་དུཿ ཧ་རི་ནི་ས་སརྦ་མ་མ་བྷྷྱོ་ཧྲཱི༚་ཛ་བི་ཤུདྡྷེ་སྭཱ་ཧཱཿ ཞེས་བྲིས་དར་གྱི་ལྡིང་གུར་ཕུབཿ ཚོགས་གཏོར་མཆོད་པ་རྒྱས་པར་བཤམཿ རྩ་བ་གསུམ་གྱི་གཞུང་བསྲང་ལཿ མདུན་ཏུ་བདུད་རྩིའི་དཀྱིལ་འཁོར་སྟེང་ཿ སྨན་བཙུན་ཆེན་མོ་མཆེད་ལྔ་ནིཿ སྲིད་པ་མ་མོའི་འཁོར་བཅས་བསྐྱེདཿ མཆོད་བསྟོད་སྐོང་བཤགས་རྒྱས་པར་བྱཿ ཁྱད་པར་ཉམས་ཆགས་སྦྱངས་བ་ནིཿ རང་གི་ཐུགས་ནས་འོད་འཕྲོས་པསཿ རླུང་མེ་ཐོད་སྒྱེད་ལ་གནས་པའིཿ བྷནྡྷའི་བདུད་རྩིའི་བཅུད་ལ་ཕོགཿ རླུང་གཡོས་མེ་སྦར་རྫས་ཞུ་ནསཿ མ་དག་རླངས་པའི་རྣམ་པར་ཐོནཿ དག་པ་ཡེ་ཤེས་ཨ་མྲྀ་ཏཿ ཁ་དོག་དྲི་རོ་ནུས་ལྡན་པཿ བདེ་བ་ཆེན་པོའི་ཐིག་ལེར་འཁྱིལཿ དེ་ལས་དྭངས་མའི་སྨན་གྱི་བཅུདཿ སྟེང་གི་ནམ་མཁར་སྤྲིན་ལྟར་འཁྲུགསཿ སྨན་བཙུན་ཆེན་མོ་མཆེད་ལྔ་དང་ཿ སྲིད་པ་མ་མོའི་ཚོགས་རྣམས་ཀྱིཿ ཞལ་དུ་ཞུགས་ཤིག་སྐུ་ལ་ཐིམཿ དབང་པོའི་ལོངས་སྤྱོད་དགྱེས་དགུར་གྱུརཿ དམ་ཚིག་ཉམས་ཆགས་ཉེས་ལྟུང་གིཿ གྲིབ་

(༨༠)དང་མི་གཙང་ཕོག་པ་སྦྱངསཿ ཟག་མེད་བདེ་བས་རབ་མཉེས་ཏེཿ དགྱེས་པ་ཆེན་པོའི་འོད་ཟེར་གྱིསཿ སྣོད་ལ་ཕོབ་པས་ཉམས་གྲིབ་སྦྱངསཿ བཅུང་ལ་རེག་པ་ནད་ཡམས་གསོསཿ བདུད་རྩིར་ཐིམ་པས་ནད་རྣམས་ཀུནཿ སེལ་བྱེད་སྨན་གྱི་མཆོག་ཏུ་བསམཿ ཨོཾ་བྷྲཱུྃ་སྭཱ་ཧཱཿ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་ས་མ་ཡ་ཤུདྡྷ་ཧཱུྃ་ཧྲཱིཿཋཿ མ་མ་སརྦ་རོ་ག་ཤཱནྟི༚་ཀུ་རུ་སྭཱ་ཧཱཿ ཿསྐབས་སུ་སྨན་ཕུད་སྤྲེང་ལ་མཆོདཿ ཚོགས་དང་གཏོར་མས་ཐུགས་དམ་བསྐང་ཿ བྷྷྱོཿ སྣང་སྲིད་གོད་ནས་ཡུམ་ལྔའི་ཀློང་ཿ མ་མོ་མཁའ་འགྲོའི་དཀྱིལ་འཁོར་ལཿ མ་མོ་འཁྲུགས་པའི་ཆོ་འཕྲུལ་སྟོནཿ སྣོད་ཀྱི་འབྱུང་བ་རྒུད་པར་བྱེདཿ བཅུད་ཀྱི་སེམས་ཅན་རྣམ་རྟོག་སྒུལཿ མི་ཕྱུགས་ནད་ཡམས་སྤྲིན་ལྟར་འཁྲིགསཿ ལོ་ཉེས་སད་སེར་འཐབ་རྩོད་ལྡང་ཿ དེ་དག་ཐམས་ཅད་འབྱུང་བའི་རྒྱུཿ བཅས་ངད་རང་བཞིན་སྡིག་པའི་ལསཿ བག་མེད་འཆོལ་བར་སྤྱོད་པ་ཡིསཿ དམ་གྲིབ་མི་གཙང་ཕོག་ལས་བྱུང་ཿ སྡིག་པའི་ལས་རྣམས་འགྱོད་

(༨༡)པས་བཤགསཿ དམ་ཚིག་ཉམས་ན་ཚོགས་ཀྱིས་བསྐང་ཿ ཉམས་གྲིབ་བདུད་རྩིའི་ནུས་པས་སྦྱངསཿ །ཐུགས་དང་འགལ་བ་དབྱིངས་སུ་མཐོལཿ འཁོར་འདས་གདོད་ནས་བདུད་རྩི་ལྔཿ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཡེ་ཤེས་རིགས་ལྔར་རྣམ་དག་པའིཿ དག་མཉམ་ཆེན་པོའི་ཕུད་ཀྱིས་མཆོདཿ བདུད་རྩིའི་ཟེར་ལས་བྱུང་བ་ཡིཿ སྣོད་བཅུད་གཞིར་བཞེངས་འདོད་ཡོན་སྤྲིན༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཀྱིས༔ རྟག་པ་རྒྱུན་ཏུ་ཐུགས་དམ་བསྐང་ཿ ཡེ་ཤེས་དབྱིངས་ཀྱི་མ་མོ་ལཿ ཁྲོ་དང་འཁྲུགས་པ་མི་མངའ་ཡང་ཿ རྣམ་འགྱུར་འཇིག་རྟེན་མ་མོའི་ཚོགས༔ ཁྲོས་ཤིང་འཁྲུགས་པ་ཞི་བ་དང་ཿ དགྱེས་པ་ཆེན་པོའི་ཕྲིན་ལས་ཀྱིསཿ ནད་དང་གནོད་པ་དབྱིངས་སུ་སྦྱོངསཿ ཚེ་དང་བསོད་ནམས་སྙན་གྲགས་སྤེལཿ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོདཿ དེ་ལྟར་དུས་དྲུག་བརྩོན་པ་ཡིསཿ ཉམས་གྲིབ་དག་པའི་རྟགས་བྱུང་ནཿ ཡེ་ཤེས་མ་མོ་བདུད་རྩིར་བསྟིམཿ འཇིག་རྟེན་མ་མོ་དབྱིངས་སུ་གཤེགསཿ སྨན་ཕུང་ཡུལ་གྱི་ཆུ་མགོ་དང་ཿ གནས་རྟེན་བྱིན་ཅན་ཀུན་ལ་འཐོརཿ མི་ཕྱུགས་རྣམས་ཀྱི་ཁོང་དུ་བཏང་ཿ རིལ་བུར་བྱས་ཏེ་མགུལ་དུ་གདགསཿ བསང་ཤིང་དུད་པར་སྦྱང་ལ་བདུགཿ ཿ

(༨༢)བསྐལ་པ་འཇིག་པའི་ནད་ཡམས་་ཀྱང་། སྐད་ཅིག་ཉིད་ལ་ཞི་བར་འགྱུརཿ དེ་དག་ཚུལ་བཞིན་མ་གྲུབ་ཀྱང་ཿ ཚོགས་གཏོར་བདུད་རྩི་ཙམ་ཉིད་ལཿ བརྟེན་ནས་སྐོང་བཤགས་བགྱིས་པས་ཀྱང་ཿ བློ་བུར་ནད་ཡམས་འཕྲལ་དུ་ཞིཿ སྔོན་ཆད་གཞན་དུ་མ་བསྟན་པའིཿ ཕན་པ་ཆེན་པོའི་ཕྲིན་ལས་སོ༔ ས་མ་ཡཿ སྨན་བཙུན་ཆེན་མོ་མཆེད་ལྔ་དང་ཿ བོད་སྐྱོང་བརྟན་མ་བཅུ་གཉིས་པོཿ ངོ་བོ་ཆོས་ཀྱི་དབྱིངས་སུ་གཅིགཿ རྣམ་པ་གཅིག་དང་ཐ་དད་ཀྱིཿ སྒྱུ་མའི་རོལ་པ་ཅིར་ཡང་སྟོནཿ དེ་ཕྱིར་དེ་དག་མཆོད་པ་ལསཿ བོད་ཁམས་བདེ་བའི་ཕྲིན་ལས་ནིཿ འབྱོར་ན་མདོས་གཏོར་རྒྱས་པར་བཤམསཿ མ་གྲུབ་ཕུད་མཆོད་ཙམ་ལ་བརྟེནཿ ཧཱུྃ་བྷྷྱོཿ ཕྱི་ལྟར་བོད་ཁམས་སྐྱོང་བའི་གཙོཿ བདུད་དང་གནོད་སྦྱིན་སྨན་མོའི་རིགསཿ རྟེན་འབྲེལ་ལོ་ཟླ་དུས་སྦྱོར་ཁམསཿ བརྟན་མ་ཆེན་མོའི་རྣམ་པར་སྣང་ཿ ནང་དུ་འཕོ་བ་བཅུ་གཉིས་ཀྱིཿ རྩ་དང་རླུང་དང་ཐིག་ལེའི་ཚོགསཿ རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་དུཿ གདོད་ནས་ཡོངས་གྲུབ་ཆེན་པོར་རྫོགསཿ དོན་ལ་མ་རིག་ལ་སོགས་པའིཿ འཁྲུལ་པ་ལུགས་ལྡོག་འོད་གསལ་དབྱིངསཿ བདེན་དོན་ཡན་ལག་བཅུ་གཉིས་ཀྱིཿ རིག་པ་ཡེ་ཤེས་ཆེན་པོར་ཤརཿ དེ་ཕྱིར་བསམ་གྱིས་མི་ཁྱབ་པའིཿ ཆོས་ཅན་ཆོས་ཉིད་བདེན་པ་དང་ཿ རྒྱུ་འབྲས་རྟེན་འབྱུང་

(༨༣)བསླུ་མེད་མཐུས༔ དམ་ཚིག་གསང་བའི་དཀྱིལ་འཁོར་འདིརཿ བོད་སྐྱོང་བརྟན་མ་ཆེན་མོའི་ཚོགསཿ སོ་སོའི་འཁོར་གཡོག་སྤྲུལ་པར་བཅསཿ རང་རང་གནས་ནས་མྱུར་དུ་བྱོནཿ ཕྲིན་ལས་མཛད་ཕྱིར་དགྱེས་པར་བཞུགསཿ སྣང་སྲིད་གཞིར་བཞེངས་མཆོད་པའི་སྤྲིནཿ བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་ཀྱིསཿ ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགསཿ རྣམ་བཞིའི་ལས་ཀྱི་དངོས་གྲུབ་སྩོལཿ ཧཱུྃ་བྷོྷྱཿ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་དང་ཿ དབྱིངས་ཀྱི་མཁའ་འགྲོ་སེང་ཧ་མས༔ འདའ་དཀའ་རྡོ་རྗེའི་གཉེར་གཏད་ནསཿ དམ་ཚིག་ཕོག་པ་དུས་འདིར་དགོངསཿ བར་དུ་རུ་བཞིའི་སོ་མཚམས་དང་ཿ ཁ་ལ་རོང་སྒོའི་གནས་རྣམས་སུཿ བདག་ཉིད་པདྨ་ཐོད་ཕྲེང་ལཿ གཡར་དམ་བཅས་པའི་ཕྲིན་ལས་སྒྲུབསཿ ཐ་མ་པདྨའི་སྔགས་རྒྱུད་ཀྱིསཿ རྒྱུན་དུ་མཆོད་ཅིང་བསྟེན་པ་ཡིཿ ལས་ཀྱི་འབྲས་བུ་དེང་འཚལ་བསཿ མ་གཡེལ་མ་མོ་བརྟན་མའི་ཚོགསཿ ཐུགས་དམ་མཐུ་རྩལ་དཔུང་བསྐྱེད་ལཿ བོད་ཡུལ་རུ་བཞིའི་སོ་ཁ་སྲུངསཿ ཀླ་ཀློ་གདུག་པའི་འཚེ་བ་ཟློགཿ སྣོད་བཅུད་ཉམས་པ་དབྱིངས་སུ་སོལཿ གངས་ཅན་བསྟན་འགྲོའི་

(༨༤)ལེགས་ཚོགས་སྤེལཿ རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱིཿ འཁོར་སྲུངས་རྐྱེན་ཟློག་བསམ་པ་སྒྲུབསཿ ཆོས་འཁོར་གཙུག་ལག་དབེན་གནས་སྐྱོངས༔ དགེ་འདུན་ལྡེ་གཉིས་མངའ་ཐང་སྐྱེདཿ ཆོས་ལྡན་རྒྱལ་བློན་འབངས་བཅས་ཀྱིཿ ཡིད་ཀྱི་རེ་བ་འགྲུབ་པ་དང་ཿ ཕན་བདེའི་འདོད་དགུ་རྒྱས་པར་མཛོདཿ རྣལ་འབྱོར་གསང་བའི་གྲོགས་མཛོད་ལཿ རྩ་རླུང་ཐིག་ལེའི་མདུད་པ་དཀྲོལཿ བདེ་སྟོང་ཡེ་ཤེས་མངོན་གྱུར་ནསཿ བདེན་དོན་གྲུབ་པའི་རྟེན་འབྲེལ་སྒྲིགསཿ མདོར་ན་ཡིད་ལ་འདོད་རྒུའི་ཚོགསཿ ཐོགས་མེད་མྱུར་དུ་འགྲུབ་པར་མཛོདཿ ཅེས་བརྗོད་ཕུད་གཏོར་རོལ་མོ་འཁྲོལཿ ལྷ་རྒྱལ་འབོད་ཅིང་དགའ་སྟོན་བྱཿ དེ་ལྟར་དུས་དང་རྒྱུན་ཏུ་བརྩོནཿ བོད་ཁམས་སྤྱི་དང་བྱེ་བྲག་ལཿ བདེ་བ་ཆེན་པོའི་ཕྲིན་ལས་སོ༔ ས་མ་ཡཿ ཁྱད་པར་ཟབ་གཏེར་སྲུང་མའི་མཆོགཿ དབང་གི་ལྷ་མོ་ཙཎྜི་ཀཱཿ ཁ་རག་གངས་ལ་གནས་བཅས་པའིཿ རྡོ་རྗེ་ཁྱུང་བཙུན་མཆོད་པ་ནིཿ ཚོགས་གཏོར་གསེར་སྐྱེམས་རྒྱས་པར་བཤམསཿ བསང་གསུང་རོལ་མོའི་སྒྲས་བསྐུལ་ཏེཿ ཧཱུྃ་བྷོྷྱཿ ཡུལ་གྱི་མིང་ནི་བོད་ཡུལ་དབུསཿ བཀྲ་ཤིས་བྱིན་ཆགས་རོང་གོ་མདོཿ ཁ་རག་རི་ལ་གནས་བཅས་པའིཿ ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམཿ སྐུ་མདོག་དམར་སེར་སྒེག་པའི་

(༨༥)ཉམསཿ ཉི་མ་བྱེ་བའི་གཟི་འོད་འབརཿ ཕྱག་གཡས་ཐོད་པའི་ཌཱ་previous hit རུ་འཁྲོལཿ སྣང་སྲིད་ཐམས་ཅད་དབང་དུ་སྡུདཿ གཡོན ་པས་དངུལ་དཀར་མེ་ལོང་བསྣམསཿ འཇིག་རྟེན་ཀུན་གྱི་ལེགས་ཚོགས་སྤེལཿ དར་དང་རིན་ཆེན་རྒྱན་གྱིས་མཛེསཿ སྒྲུབ་པ་པོ་ལ་དངིས་གྲུབ་སྟེརཿ ཆིབས་སུ་རྩལ་ཆེན་ཁྱུང་ལ་ཞོནཿ མཐུ་སྟོབས་ནུས་པ་བསམ་མི་ཁྱབཿ འཁོར་དུ་མ་མོ་འབུམ་གྱིས་བསྐོརཿ བཀའ་བཙན་བྱིན་ཆེ་ལས་ལ་མྱུརཿ ཚུར་གཤེགས་ཚུར་གཤེགས་གནོད་སྦྱིན་མོཿ མ་ཐོགས་མྱུར་དུ་གནས་འདིར་བྱོནཿ ཨོཾ་བཛྲ་མ་ཏི་ཧཱུྃཿ སརྦ་ས་མ་ཡ་ཛ་ཛཿ ཧྲཱི༚་ཧྲཱུཾ་ཕེ༚་ཕེ༚ཿ ཧཱུྃ་བྷོྷྱཿ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཐུགས་དམ་མཐུན་པའི་གཏོར་མ་དང་ཿ མཁོ་རྒུའི་ལོངས་སྤྱོད་འདི་བཞེས་ལཿ དགྱེས་པ་ཆེན་པོས་ཕྲིན་ལས་མཛོདཿ སྔོན་ཚེ་ཧེ་རུ་ཀ་ཡི་ཡུལཿ ཁ་ལ་རོང་སྒོའི་གནས་མཆོག་ཏུཿ སློབ་དཔོན་པདྨ་ཐོད་ཕྲེང་དང་ཿ ཡེ་ཤེས་དྷཱ་ཀི་་མཚོ་རྒྱལ་མའིཿ སྤྱན་སྔར་ཁས་བླངས་དམ་བཅས་ལྟརཿ ཨོ་རྒྱན་རྗེས་འཇུག་རིག་འཛིན་དང་ཿ བསྟན་པ་མཆོད་པའི་ཡོན་བདག་གིཿ ཕྱི་ནང་གསང་བའི་བར་ཆད་སོལཿ མི་མཐུན་དུས་ཀྱི་རྒུད་པ་ཟློགཿ སྣང་སྲིད་ཐམས་

(༨༦)ཅད་དབང་དུ་སྡུས༔ འཇིག་རྟེན་དགེ་བའི་ལེགས་ཚོགས་སྤེལཿ མཐུ་དང་རྫུ་འཕྲུལ་ཤུགས་བསྐྱེད་ལཿ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལཿ མདོར་ན་ཡིད་ལ་གང་འདོད་པའིཿ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོདཿ ཅེས་བརྗོད་ཕུད་ཀྱི་མཆོད་པར་བྱཿ གསང་རྟེན་གཏའ་རུ་གཟུག་པ་ནིཿ དངུལ་དཀར་མེ་ལོང་སོར་བཞིའི་དབུསཿ སིནྡྷུ་ར་དང་བྱང་སེམས་ཀྱིསཿ ཿཨོཾ་བཛྲ་མ་ཏི་ཧཱུྃཿ སརྦ་མ་མ་པྲ་མོ་ཧ་ཙིཏྟ་ཧྲཱི༚་ཧྲཱི༚་དུང་དུང་ཛ་ཛ་ཛཿཧཱུྃ་བཾ་ཧོཿ ཞེས་བྲིས་དུང་མགྲོན་རྨ་བྱའི་མདངསཿ བཀྲ་ཤིས་དཱུརྦའི་མྱུ་གུ་དང་ཿ དོན་རྣམས་འགྲུབ་པའི་བི་ལྦར་བཅསཿ རིན་པོ་ཆེ་ཡི་སྒྲིམ་དུ་གཞུགཿ ནོར་སྣ་འབྱོར་ཚད་ཕུད་དང་ནིཿ གནས་ཆེན་མ་ཉམས་ས་རྡོས་བཀང་ཿ ལྷ་མོར་བསྐྱེད་བསྟིམ་ཕྲིན་ལས་གསོལཿ བཟླས་པ་སྔགས་ཀྱི་།ཐུགས་དམ་བསྐུལཿ དེ་ཚེ་སྒྲ་འོད་བྱུང་བའམཿ ཉམས་དགའ་ཟིལ་ཆེའི་རྟགས་མཐོང་ནཿ ལུས་ལ་དྲོད་དང་མ་བྲལ་བཅང་ཿ ཡང་ན་མཛོད་ཀྱི་ཕུག་ཏུ་གཞུགཿ ལྷ་མོ་ལུས་དང་གྲིབ་བཞིན་གོང་གི་མེ་ལོང་ལ་བཀོད་པ། འགྲོགསཿ ཚེ་རིང་ནད་མེད་འབྱོར་པ་རྒྱསཿ སྣང་སྲིད་དབང་འདུས་བསམ་རྐུ་འགྲུབཿ བཀའ་བཙན་བྱིན་ཆེ་ལེགས་ཚོགས་འཕེལཿ གྲུབ་པ་ཆེན་པོའི་ཕྲིན་ལས་སོ༔ ས་མ་ཡཿ སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་ཟླ་ཉིན་ཁ་ལ་རོང་སྒོའི་

(༨༧)བྲས་དཔལ་ཆེན་པོའི་རྡོ་རྗེའི་ཞབས་འོག་ནས་སྤྱན་དྲངས་པའི་གཏེར་གཞུང་རྩ་བ་ལས། འདོན་ཆ་ཉེར་མཁོ་ཁོ་ན་ཟུར་དུ་ཕྱུངས་པ་སྟེ། ཉེས་འགལ་མཆིས་ན་བཤགས་ཤིང་། དགེ་བས་འཇིག་རྟེན་གསུམ་ན་བཀྲ་ཤིས་ཀྱི་སྣང་བས་དུས་རྟག་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

(༨༨)

(༨༩)།ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་གཏེར་སྲུང་མའི་གཏོར་བསྔོ་བསྡུས་པ་བཞུགས་སོ། ཨོཾ་སྭ་སྟི། གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བཀའ་སྲུང་ཚེ་རིང་མཆེད་ལྔ་དང་། གཏེར་སྲུང་ཁྱུང་བཙུན་མའི་གཏོར་བསྔོ་ཉུང་བསྡུས་ནི། གཏོར་མ། རྃ་ཡྃ་ཁྃ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧོཿཞེས་པ་བྱིན་བརླབ། རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བཀའ་སྲུང་བཀྲ་ཤེས་ཚེ་རིང་མཆེད་ལྔ་དང་། གཏེར་སྲུང་རྡོ་རྗེ་ཁྱུང་བཙུན་མ་འཁོར་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། ཨོཾ་བཛྲ་དྷཱ་ཀཱི་ནཱི་ཨཱ་ལུ་ཥེ་ཤྭ་རཱི་ཧྲཱིཿམྃ་ལྃ་ཨྃ་ཧྃ་ཙིཏྟ་ཧྲཱིང་ཧྲཱིང་ཛཿཛཿ ཞེས་ཐུགས་དམ་བསྐུལ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ར་ཀྟ་མ་ཧཱ་སུ་ཁ་བ་ལི༚་ཏ་བྷུཉྫ་ཧོཿ ཞེས་པས་མཆོད། སྨན་བཙུན་མཆེད་ལྔ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཀྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རཱི་ས་མ་ཡ་ཛ༔ ཨཱ་ཡུ་པུཎྱེ་པུཥྚི༚་ཀུ་རུ་སྭཱ་ཧཱ། ཨོཾ་ཛྙཱ་ན་དྷཱ་ཀི་ནི་མྃ་ལྃ་ཨྃ་ཏྃ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་མ་ཏི་ཧཱུྃ། ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ། །དཔལ་ཞིང་ལས་སྐྱེས་བའི་དྷཱ་ཀིའི་དབང་ཕྱུག་མཿ དབྱིངས་ཆོས་སྐུ་སྤྲོས་པ་དང་བྲལ་བ་ལས་མ་གཡོས་བཞིན་ཏུ༔ རིགས་པ་རང་སྣང་ལོངས་སྐུ་ཡེ་ཤེས་།།།

(༩༠)འགྲོ་རྣམ་པ་ལྔ་ཡི་ཚུལ་དུ་བཞེངས་ཏེཿ སྤྲུལ་སྐུ་སྨན་མོའི་ཚུལ་གྱིས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་མཛད་པ་ཇོ་མོ་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ༔ མཐིང་གི་ཞལ་བཟང་མ༔ མི་གཡོ་གླང་བཟང་མ༔ ཅོད་པན་མགྲིན་བཟང་མ༔ ཏལ་དཀར་འགྲོ་བཟང་མ༔ ཁ་རག་ཁྱུང་བཙུན་མ༔ འཁོར་སྲིད་པ་གསུམ་གྱི་སྨན་མོ་འབུམ་ཕྲག་ཡངས་པའི་ཚོགས་དང་བཅས་པ་ལ་གསོལ་ལོ། མཆོད་དོ༔ འབུལ་ལོ༔ མཉེས་རབ་ཀྱི་མཆོག༔ དགྱེས་རབ་ཀྱི་ཕུལ་དམ་པར་གྱུར་ཏེ༔ རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་དགྱེས་པའི་ཞལ་སྟོན༔ འཛུམ་པའི་མདངས་ཕྱུངས༔ ལུས་དང་གྲིབ་མ་བཞིན་ཏུ་མི་འབྲལ་བར་འགྲོགས་ཏེ་ཆོས་དང་མཐུན་པའི་ལོངས་སྤྱོད་ཆེན་པོ་སྩལ་བ་དང་༔ རྒྱལ་པོའི་ཆད་པའི་འཇིགས་པ་སོགས་འཕྲལ་རྐྱེན་དན་པ་ཐམས་ཅད་ཞི་བ་དང་༔ ཅི་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པ་ཡིད་བཞིན་ཏུ་འགྲུབ་པར་མཛད་དུ་གསོལ༔ ཀྱཻ། ཡེ་ཤེས་སྐྱེད་མཛད་ཆོས་སྐུ་ཡུམ་ཆེན་མོ༔ རྒྱལ་ཀུན་རྡོ་རྗེའི་བཙུན་མོ་རྣལ་འབྱོར་མ༔ ལོངས་སྐུ་རིགས་ལྔའི་ཡུམ་མཆོག་དབྱིབས་ཕྱུག་ལྔ༔ ཁྲག་འཐུང་དགྱེས་སྡེ་ཀྲོ་དྷཱི་དྭ་རཱིར་སྣང་༔ སྤྲུལ་སྐུ་བདེ་གཤེགས་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་ཀྱི་མཁའ་འགྲོའི་

(༩༡)གར་མཛད་པས༔ གནས་ཡུལ་དུར་ཁྲོད་ཀུན་ཏུ་སྣ་ཚོགས་གཟུགས༔ གངས་ཅན་སངས་རྒྱས་བསྟན་སྲུང་འཁོར་ལོའི་བདག༔ ལྷན་ཅིག་སྐྱེས་མའི་ཡེ་ཤེས་རྣམ་རོལ་ལས༔ དངོས་གྲུབ་མཆོག་སྩོལ་སྨན་བཙུན་མཆེད་སྡེ་ལྔ༔ སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་མི་ཁྱབ༔ སྣང་སྲིད་དྷཱ་ཀི་ཀུན་གྱི་འཁོར་ལོས་སྒྱུར༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་ཚོགས་རྣམས་ལ༔ གུས་པས་བསྟོད་དོ་འདོད་དགུའི་དངོས་གྲུབ་སྩོལ། ཅེས་བསྟོད་ཅིང་ཕྲིན་ལས་གསོལ་ལོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བ་ནས་བསྡུས་ཏེ་བཀོད་པ་དགེ་ལེགས་སུ་གྱུར་ཅིག །གཏེར་གསར་ཚེ་རིང་མའི་གཏོར་མ་འབུལ་བའི་འདོད་གསོལ་བཞུགས་སོ། །ཧྲཱིཿ འོད་གསལ་དབྱིངས་ལས་བདེ་ཆེན་ཡེ་ཤེས་མདངས། །ཞིང་སྐྱོང་ལྷ་སྨན་རྒྱལ་མོ་མཆེད་ལྔ་དང་། །རིགས་ཀྱི་ཚོམ་བུ་འབུམ་སྡེ་འཁོར་བཅས་ཀྱིས། །གཏོར་མ་གསེར་སྐྱེམས་ཕུད་མཆོད་དགྱེས་བཞེས་ལ། །རྒྱལ་བའི་བསྟན་སྲུང་བླ་མའི་སྐུ་ཚེ་སྲིངས། འདུས་པའི་སྡེ་རྒྱས་འཕགས་པའི་ནོར་གྱིས་ཕྱུག །རྣལ་འབྱོར་ཚེ་དབང་འབྱོར་པ་སྙན་གྲགས་སྤེལ། །བདེ་སྟོང་ཡེ་ཤེས་སྐྱེད་པའི་གྲོགས་མཛོད་ཅིག །གཞི་བྱེས་ཉིན་དང་མཚན་མོ་དུས་རྟག་ཏུ་

(༩༢)བདག་འཁོར་ཡོན་བདག་བྱམས་པའི་ཐུགས་ཀྱིས་སྐྱོངས། །འཇིགས་དང་བར་ཆད་འཚེ་བ་ཀུན་ལས་སྐྱོབས། །བཀྲ་ཤིས་དགེ་ལེགས་དབྱར་མཚོ་ལྟར་རྒྱས་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུགས་ཞི། །ལོ་ཕྱུགས་ལེགས་ཤིང་དགེ་བའི་ཆོས་སྤྱོད་འཕེལ། །སྐྱེད་དགུའི་མོས་སྣང་དམ་པའི་ཆོས་ལ་སྒྱུར། །དག་པ་མཁའ་སྤྱོད་གནས་སུ་བསུ་སྐྱེལ་མཛོད། །ཐུགས་དམ་མ་བསྐྱེལ་བརྩེ་གདུང་མ་ཆུང་བར། །མདོར་ན་འཇིག་རྟེན་འདས་པ་ཡི། །ལས་དང་དངོས་གྲུབ་ཇི་ལྟར་བསམ་པའི་དོན། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཐུགས་དམ་མ་བསྙེལ་བརྩེ་གདུང་མ་ཆུང་བར། །མདོར་ན་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ལས་དང་དངོས་གྲུབ་ཇི་ལྟར་བསམ་པའི་དོན། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་ཀུན་མཁྱེན་འཇམ་དབྱངས་བླ་མའི་བཀའ་བཞིན་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ། །


no previousno next