Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
སྙན་རྒྱུད་ཡིད་བཞིན་ནོར་བུའི་སྨིན་ལམ་རྒྱས་པ་དངོས་གྲུབ་གན་མཛོད།
   
   
   


 
previousསྙན་རྒྱུད་ཡིད་བཞིན་ནོར་བུའི་སྨིན་ལམ་རྒྱས་པ་དངོས་གྲུབ་གན་མཛོད།next

སྙན་རྒྱུད་ཡིད་བཞིན་ནོར་བུའི་སྨིན་ལམ་རྒྱས་པ་དངོས་གྲུབ་གན་མཛོད།

སྙན་རྒྱུད་ཡིད་བཞིན་ནོར་བུའི་སྨིན་ལམ་རྒྱས་པ་དངོས་གྲུབ་གན་མཛོད་ཅེས་བྱ་བ་བཞུགས་སོ། །གང་གི་སྙིང་ག་བླ་མའི་བཀའ་དྲིན་བདུད་རྩིས་བརླན་པས་གདོད་མའི་སོན། །མ་ལུས་པ་འདི་དཀྱིལ་འཁོར་ཆེན་པོའི་པདྨར་ཁ་འབུས་དེ་རྒྱས་པ། །དབང་བསྐུར་མཆོག་གི་སྦྲང་རྩིའི་གནས་གྱུར་རྡོ་རྗེའི་སར་ཆས་རྐང་དྲུག་པའི། །དཔྱིད་ཀྱི་དཔལ་དེར་ཕྱག་བྱས་ནས་ནི་བདེ་ལེགས་དྲི་བསུང་ཅི་དགར་འགྱེད། །འདིར་དཔལ་འཁོར་ལོ་སྡོམ་པའི་སྙན་བརྒྱུད་ཀྱི་སྨིན་ལམ་ཡིད་བཞིན་ནོར་བུ་ལས་ཆོ་ག་རྒྱས་པ་ལ་མོས་པ་དག་གི་ངོར་ཕྱག་བཞེས་སུ་མཛད་པ་དེ་བཤད་པར་བྱའོ། དེ་ཡང་སྔོན་དུ་འགྲོ་བ་དང་། དངོས་གཞི། རྗེས་གསུམ་ལས་སྔོན་འགྲོ། ས་ཆོག །སྟ་གོན་གྱི་རིམ་པ། ཐིག་ཚོན་གྱི་ཆོ་ག་རྣམས་ཟུར་དུ་དབྱེས་པ་ལས་ཤེས་པར་བྱ་ཞིང་། གནས་བརྒྱན་ཏེ་སྒྲུབ་པ་ནི། བྲིས་ཟིན་པའི་དལ་འཁོར་གྱི་སྟེང་དུ་བླ་རེ་ལ་སོགས་ལྡ་ལྡི་མདའ་དར་རལ་གྲི་བརྒྱད་དང་མེ་ལོང་ཚོན་སྐུད་ཀྱི་དྲ་བ་བྱ། བུམ་པ་དགུ་ན་གཙོ་བུམ་དབུས་དེའི་སྟེང་དུ་རྣམ་རྒྱལ་ཆེན་པོ། གཞན་བརྒྱད་སྒོའི་གཡས་གཡོན། ལས་ཐམས་ཅད་པ་ཤར་སྒོ་དང་ཉེ་བའི་མཉྫྱིའི་ཁར་བཞག །མཐར་ཤོག་བསྐོར་མཆོད་པའི་ཡོ་བྱད་ཅི་འབྱོར་བ་བཤམ། སློབ་དཔོན་ཕྱག་རྒྱ་དྲུག་དང་ལྡན་པའི་ཧེ་རུ་ཀའི་ཆས་སུ་ཞུགས་པའི་མདུན་དུ་ཆང་དང་། གཏོར་མ་དང་ ཚོགས་ཀྱི་འཁོར་ལོར་འོས་པའི་ཡོ་བྱད་ཐམས་ཅད་ཚང་བའི་བར་རོ། །བདེ་བའི་སྟན་ལ་འདུག་པས། དེ་ལྟར་བདག་ཉིད་རབ་བསྲུང་ཞིང་། །སྔགས་དང་ཕྱག་རྒྱས་རྣམས་བརྒྱན་ནས། །དངོས་གྲུབ་ཆེན་པོ་རབ་སྟེར་བའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །ཞེས་དང་། དེ་ནས་བུམ་པ་བཅའ་བ་ནི། །ཞེས་གོ་རིམ་བཞིན་གསུངས་པས། དང་པོ་བསྐྱེད་རིམ་རྒྱས་པ་བཞིན་བཟླས་པའི་བར་བྱ། དེ་ནས་རྡུལ་ཚོན་ནམ་རས་བྲིས། ཨོཾ་ཁཎྜྻ་རོ་ཧི་ཧཱུྃ་ཧཱུྃ་ཕཊ྄་ཀྱིས་བསངས། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། རས་བྲིས་སམ་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ཉིད། ཨེ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་ཡཾ་རཾ་བཾ་ལཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བརྩེགས་པའི་སྟེང་དུ། སུཾ་ལྗང་ཁུ་ལས་རི་རབ་གྱི་རྩེ་མོར། པཾ་ལས་སྣ་ཚོགས་པདྨར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ། བྷྲཱུྃ་ལས་རྣམ་སྣང་རིག་མ་དང་བཅས་པ་འོད་དུ་ཞུ་བའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་པ་བརྩེགས་པ། གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཚང་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། ནང་ཕྱོགས་མདོག་ཅན་གྱི་དབུས་སུ་བདེ་ཆེན་གྱི་འཁོར་ལོ་སྡོང་བུ་དང་བཅས་གྱེན་དུ་འཕགས་པའི་རིན་པོ་ཆེའི་པདྨ་འདབ་མ་བརྒྱད་པ་ཕྱོགས་དམར་མཚམས་སེར་ནག་ལྗང་མཐིང་ཀ །མུ་ཁྱུད་གྲི་གུག་གི་ཕྲེང་བ་ཅན་གྱི་ལྟེ་བར་ཉི་གདན་ལ་འཇིགས་བྱེད་ནག་པོ་ལག་པ་བཞི་པའི་རོ་ཁ་བུབ་པ་དང་། དུས་མཚན་མ་གསོན་མོ་གན་རྐྱལ་བསྒྱེལ་བ། པདྨའི་འོག་གི་ནམ་མཁར་མཁའ་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན། ཐུགས་ཀྱི་འཁོར་ལོ་སྔོན་པོ་རྡོ་རྗེའི་མུ་ཁྱུད་ཅན། ས་གཞིའི་ཐད་དུ་ས་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན་གསུང་གི་འཁོར་ལོ་དམར་པོ་པདྨའི་མུ་ཁྱུད་ཅན་ས་འོག་ཏུ་ས་འོག་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན་སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་མུ་ཁྱུད་ཅན། ཐམས་ཅད་རྩིབས་བརྒྱད་པ་ལྷ་གནས་ཐམས་ཅད་དུ་ཉི་མ་དང་རོ་གདན། ལྟེ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ། ཨིན་དྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན་གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེང་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། །བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཨིནྟྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ལྷ་མོ་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱྃ་ག་འཛིན་པ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་ཅུའི་དོ་ཤལ་ཅན་སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། །ཐུགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཕྱོགས་གཡོན་སྐོར་དུ། དཔའ་བོ་ཐོད་པའི་དུམ་བུ་དང་དཔའ་མོ་རབ་གཏུམ་མ། ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། ཀེང་རུས་དང་འོད་ལྡན་མ། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། མེ་ནས་གཡས་བསྐོར་གྱིས་ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ། འོད་དཔག་མེད་དང་མིའུ་ཐུང་མ། རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། རྡོ་རྗེའི་ལུས་དང་ཤིང་གྲིབ་མ་རྣམས་སྔོན་པོ། རིམ་པ་དེ་ཉིད་ཀྱིས་གསུང་གི་འཁོར་ལོའི་ཕྱོགས་ལ། མྱུ་གུ་ཅན་དང་ས་སྲུངས་མ། རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། མཚམས་སུ་རབ་ཏུ་བཟང་པོ་དང་སྔོ་བསངས་མོ། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། འཇིགས་བྱེད་དང་རྟ་རྣ་མ། མིག་མི་བཟང་དང་བྱ་གདོང་མ་ཐམས་ཅད་དམར་པོ། སྐུའི་འཁོར་ལོའི་ཕྱོགས་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་རྟ་མགྲིན་དང་ཆང་ཚོང་མ། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མཚམས་ལ་ཧེ་རུ་ཀ་དང་བཞིན་བཟང་མ། པདྨ་གར་དབང་དང་སྟོབས་ཆེན་མ། རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་ཐམས་ཅད་དཀར་པོ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་ཐུགས་ཀྱི་གཡས་རྡོ་རྗེ་དང་། གསུང་གི་པདྨ་སྐུའི་འཁོར་ལོ། གཡོན་དེ་སོ་སོས་ཡུ་བ་བྱས་པའི་དྲིལ་བུ་བཟུང་སྟེ་དཔའ་མོ་ལ་འཁྱུད་པ། ལྷག་མ་གཉིས་ཌཱ་མ་རུ་དང་ཁཊྶཱྃ་ག་འཛིན་པ། སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན་མི་མགོ་སྐམ་པོའི་དབུ་རྒྱན་དང་། རློན་པའི་དོ་ཤལ་ཅན་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའི་པང་ན་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་ཅིང་སྐྲ་གྲོལ་བ་ཕྱག་རྒྱ་ལྔས་བརྒྱན་པའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་གུ ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་ཅན་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱྃ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་ཅུའི་དོ་ཤལ་ཅན་སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། །གཙོ་བོ་དང་ལྷ་མོ་རྣམས་བྱང་ཆུབ་ཀྱི་ཕྱོགས་སོ་བདུན་སོ་སེན་ལ་སོགས་པའི་ཁམས་རྣམས་དཔའ་བོ་ཉེར་བཞིར་རྣམ་པར་དག་པའོ། ཨོཾ་ཧཿ གཙོ་བོའི་སྙིང་གར་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཌཱ་མ་རུ་ཚངས་མགོ །གཡོན་གསུམ་དྲིལ་བུ་ཐོད་པ་ཁ་ཊྶཱྃ་ག་བསྣམས་པ། ན་མ་ཧི། དཔྲལ་བར་རྣམ་པར་སྣང་མཛད་སེར་པོ། སྭ་ཧ་ཧུ། སྤྱི་བོར་རིན་ཆེན་འབྱུང་གནས་དམར་པོ། བཽ་ཥཊ་ཧེ། ཕྲག་པ་གཉིས་ལ་ཧེ་རུ་ཀ་ནག་པོ །ཧཱུྃ་ཧཱུྃ་ཧོཿ སྤྱན་གསུམ་ལ་འོད་དཔག་མེད་མཐིང་ག །ཕཊ྄་ཧཾ། ཡན་ལག་ཐམས་ཅད་ལ་དོན་ཡོད་གྲུབ་པ་ལྗང་གུ། དེ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། འཁོར་ལོ། རིན་པོ་ཆེ། རྡོ་རྗེ། པདྨ། སྣ་ཚོགས་རྡོ་རྗེ་དང་དེའི་དྲིལ་བུ་ཐུགས་ཀར་བསྣོལ་བ། ལྷག་མ་གཉིས་ཌཱ་མ་རུ་དང་ཐོད་པ། དཔའ་བོའི་ཆས་ཀྱིས་བརྒྱན་ཏེ་གཡས་བརྐྱང་གིས་བཞུགས་པ། ཨོཾ་ཧཿ ན་མ་ཧི། སྭ་ཧ་ཧུ། བཽ་ཥཊཧེ། ཧཱུྃ་ཧཱུྃ་ཧོཿཕཊ྄་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབས། ཨོཾ་བཾ། ཡུམ་གྱི་ལྟེ་བར་ཕག་མོ་དམར་མོ་དམར་ལྗང་སེར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག ཁ་ཊྶཱྃ་ག །ལྕགས་ཀྱུ་གཡོན་གསུམ་ཐོད་པ། ཚངས་མགོ །ཞགས་པ་བསྣམས། ཧཾ་ཡོཾ་སྙིང་གར་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་མགྲིན་པར་རྨོངས་བྱེད་མ་དཀར་མོ་སྲིཾ་སྲིཾ་མཚོག་མར་སྐྱོད་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྤྱི་གཙུག་ཏུ་སྐྲག་བྱེད་མ་ལྗང་གུ། ཕཊ྄་ཕཊ྄་ཡན་ལག་ཐམས་ཅད་ལ་ཙཎྜྻི་ཀ་དུད་ཁ། དེ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་གྲི་གུག་དང་ཐོད་པ། ལྷག་མ་གཉིས་ཁ་ཊྶཱྃ་ག་དང་ཌཱ་མ་རུ་དཔའ་མོའི་ཆས་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་བཞུགས་པ། ཨོཾ་བཾ། ཧཾ་ཡོཾ། སྲིཾ་མོཾ། སྲིཾ་སྲིཾ། ཧཱུྃ་ཧཱུྃ། ཕཊ྄་ཕཊ྄ཀྱིས་བྱིན་གྱིས་བརླབ་བོ། འབར་བའི་ཕྱག་རྒྱ་མིག་གཡོན་གྱི་སྟེང་དུ་བསྐོར་ལྟ་སྟངས་དེར་གཏད་རྐང་པ་གཡས་པས་གཡོན་པའི་བོལ་མནན། སྙིང་ཁའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་དབང་ལྷ་རིགས་ལྔ་དང་བཅས་པ་ཕེཾ། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མདུན་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། དེ་དག་གིས་སྤྲོས་པའི་གཟུགས་མ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་འཛིན་པས། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་པས་དབང་བསྐུར་བས། ཆུ་དེ་ལས་བྱུང་བའི་རིགས་ཀྱི་བདག་པོ་གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང་། བདེ་ཆེན་གྱི་ལྷ་མོར་རིན་འབྱུང་། །ཐུགས་ལ་མི་བསྐྱོད་པ། གསུང་ལ་སྣང་མཐའ། སྐུ་ལ་སྣང་མཛད། དམ་ཚིག་ལ་དོན་གྲུབ། སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་སྤྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྐུལ་བས་སེམས་ཅན་གྱི་དུག་གསུམ་སྦྱང་བར་མཛད་དེ་འོད་ཟེར་དང་ལྷན་ཅིག་ཡི་གེ་གསུམ་ལ་ཞུགས་པས་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རིག་མ་དང་བཅས་པར་གྱུར་པའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར་ བར་བདག་བསྐྱེད་ལྟར་དང་། མཆོད་པ་ནི། གལ་ཏེ་དངོས་གྲུབ་མཆོག་འདོད་ན། དྲི་དང་མེ་ཏོག་དེ་བཞིན་སྤོས། །ཆོ་ག་བཞིན་དུ་དེ་བཞིན་མཆོད། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང་། །ཞེས་དང་། རྒྱལ་མཚན་དམར་དང་དེ་བཞིན་སེར། །དཀར་དང་ནག་དང་སེར་སྐྱ་དང་། །མེ་ཏོག་ཕྲེང་བ་དུ་མ་དང་། །དེ་བཞིན་གོས་ནི་སྣ་ཚོགས་དང་། །བླ་བྲེས་དང་ནི་ཡོལ་བ་དག །མཛེས་པ་ཇི་ལྟ་དེ་བཞིན་སྟེར། །དེ་བཞིན་བཟའ་བཅའ་བཏུང་བ་ཡིས། །རབ་མཉམ་གཞག་སྟེ་མཆོད་པར་བྱ། །ཞེས་པ་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱ་ལ། དེ་ཡང་། མཆོད་བཞི་དཔའ་བོ་ཆེན་པོ་ནི། །འདོད་པའི་དངོས་གྲུབ་སྒྲུབ་བྱེད་པ། །ཞེས་འབྱུང་བས། སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཐོགས་པ་རྣམས་ཀྱིས། ཨོཾ་ཤྲཱི་ཧེ་རུ་ཀ་པྲ་ཝར་སཏྐྲ་ར་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་པ་དྱཾ་མ་མ་ཏཏྟཾ་གྲྀ་སིདྷི་མྨེ་པྲ་ཡཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་ས་ཏུཏྐྲ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། རྒྱས་པར་སྤྲོ་ན་། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པ། །གཟུགས་མཛེས་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པ། །ཡིད་འོང་དུད་ཁ་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་དྷུ་པེ་ཧཱུྃ་ཧཱུྃ་ཕཊ྄། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པ། །ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུ་དང་། །མར་མེས་གང་བའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་དི་པཾ་ཧཱུྃ་ཧཱུྃ་ཕཊ྄། དཀྱིལ་འཁོར་ཀུན་ཏུྎ གདུང་སེལ་ལྗང་གུྎ དྲི་མཆོག་བྱུག་པའིྎ ནམ་མཁའ་གངྎ ཨོཾ་ཨཱཿབཛྭ་གནྡྷེྎ དཀྱིལ་འཁོར་ཀུན་ཏུྎ ཞལ་ཟས་སེར་མོྎ བདུད་རྩིས་གངྎ ནམ་མཁའ་གངྎ ཨོཾ་ཨཱཿབཛྭ་ནཻཝིདྱྎ དཀྱིལ་འཁོར་ཀུན་ཏུྎ སྒྲ་སྙན་སྣ་ཚོགསྎ པི་ཝང་གླིང་བུ་རྔ་ཆེན་སོགས་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་ཤཔྟ་ཧཱུྃ་ཧཱུྃ་ཕཊ྄། རྒྱས་པར་སྤྲོ་ན། ཛཾ་བུའི་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཙཀྲ་རཏྣ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཐལ་དཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡུད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོའི་སྐ་རགས་ཅན་བསྐོར་བའི། །གླང་པོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཧསྟི་རཏྣ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམས་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཨ་ཤྭ་རཏྣ་པྲ་ཏཱི་ཙྪ་ཧཱུྃ་སྭཱ་ཧཱ། ཀུན་ཏུ་སྔོ་བ་སྣང་བྱེད་བཻཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱངས་ཆ་བརྒྱད་པ། །ནོར་བུ་རིན་ཆེནྎ ཨོཾ་མ་ཎིྎ འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་བྱ་མཆོག་གིས་ལུས་སེམས་བརྟས་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་སྟེར། །བཙུན་མོ་རིན་ཆེནྎ ཨོཾ་ཧླིྎ ཕུར་བུའི་བློ་ལྡན་མཛངས་ཤིང་ཡིད་གཞུང་བ། །འཁོར་ཡུག་གཏེར་གྱིས་འདོད་དགུར་འཛུད་བྱེད་ཅིང་། །དེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། ཁྱིམ་བདག་རིན་ཆེནྎ ཨོཾ་པུ་རུ་ཥྎ སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །བརཏལ་ཕོད་ཡིད་ལ་རྒྱུས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པ། །བློན་པོ་རིན་ཆེནྎ ཁཱུྎ འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལཧྭམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམས་ཆ་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཨུ་པ་རཏྣ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་རྒྱལ་སྲིད་བདུན་དང་། པད་ཅན་དུང་ལྟར་རབ་དཀར་ཟླ་བཞིན་མ། །དཔལ་གྱི་བེའུ་ཐོགས་ནས་སྙེམས་པ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཨོཾ་ཤྲཱི་བཏྶྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། །འཇིགས་བྱེད་ཀུནྡའི་འོད་ཅན་ལུས་ཕྲ་མ། །གསེར་གྱི་འཁོར་ལོ་འཆང་བའི་རྣམ་འགྱུར་གྱིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཨོཾ་སུ་ཝརྞ་ཙཀྲ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། འོད་ཅན་མཐོན་མཐིང་བཅུ་དྲུག་ལང་ཚོ་མ། །རིན་ཆེན་འདབ་བརྒྱ་བཟུང་ནས་རོལ་རྩེད་ཀྱིས། །འཕགས་མཆོགྎ བཀྲ་ཤིསྎ པདྨ་ཀུནྫ་རྎ རྣམ་རྒྱལ་སྔོ་སྐྱ་འདོད་པའི་དབྱངས་མཁས་མ། །རྒྱལ་མཚན་བསྒྲེངས་ཤིང་ག་མ་ཀས་བཅིངས་གླུས། །འཕགས་མཆོགྎ བཀྲ་ཤིསྎ ཀུནྡ་དྷྭ་ཛྎ མདངས་ལྡན་ལི་ཁྲིའི་རྡུལ་འཆང་མིག་ཡངས་མ། །མུ་ཏིག་གདུགས་དཀར་བསྐོར་ཞིང་ཟུར་མིག་མདས། །འཕགས་མཆོགྎ བཀྲ་ཤིསྎ སི་ཏ་ཏ་པ་ཏྲེྎ །དཀར་ཤམ་མཚམས་སྤྲིན་མདོག་ཅན་གཟུགས་མཛེས་མ། །གཏེར་གྱི་བུམ་པས་ལག་བྲེལ་རྩེ་འཇོ་ཡིས། །འཕགས་མཆོགྎ བཀྲ་ཤིསྎ ནི་དྷི་གྷ་ཊྎ དྲི་མེད་མརྒད་མདངས་ལྡན་དཔལ་ལྡན་མ། །གཡས་སུ་འཁྱིལ་བའི་དུང་བསྣམས་འཇོག་སྒེག་གིས། །འཕགས་མཆོགྎ བཀྲ་ཤིསྎ ཤངྑ་ཝརྟྎ ཡིད་གཞུང་རྨ་བྱའི་མགྲིན་འདྲ་དགའ་སྐྱེད་མ། །གསེར་གྱི་ཉ་འཛིན་འགྱིང་གཟུགས་གློག་འདྲ་བས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཨོཾ་ཀ་ན་ཀ་མཏྶྱ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱིས་མཆོད་པ་རྣམས་ཕྱི་མཆོད། མཐོན་མཐིང་འོད་ཆགས་རྡོ་རྗེ་པི་ཝང་མ། །རྒྱུད་མང་སྙན་པའི་སྐད་ཀྱིས་ཡིད་སྒྱུར་བྱེད། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་ཨཱཿབཛྭ་ཝཱི་ནི་ཧཱུྃ་ཧཱུྃ་ཕཊ྄། མཆོག་གི་གསེར་མཚུངས་རྡོ་རྗེ་གླིང་བུ་མ། །སྙན་འགྱུར་རིན་ཆེན་གླིང་བུའི་སྒྲ་དབྱངས་ཅན། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་ཨཱཿབཛྭ་ཝཾ་ཤེ་ཧཱུྃ་ཧཱུྃ་ཕཊ྄། བིམ་པ་ལྟར་དམར་རྡོ་རྗེ་རྫ་རྔ་མ། །སྐད་སྙན་ལྷ་རྫས་བཟང་པོའི་རྫ་རྔ་འཁྲོལ། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ མུ་རཉྫྱེྎ མརྒད་མདོག་མཚུངས་རྡོ་རྗེ་རྔ་ཆེན་མ། །རྔ་ཆེན་ཆེར་སྒྲོགས་ནམ་མཁའི་ཕྱོགས་ཀུན་འགེངས། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ མྲྀ་ཏཾ་གེྎ པདྨ་རཱ་གའི་མདངས་ལྡན་བཞད་པ་མོ། །འཛུམ་ཞལ་དགྱེས་པའི་བཞིན་གྱིས་ཀུན་དགའ་སྐྱེད། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ ཧཱ་ཀྵྼྎ མཐོན་ཀ་ཆེན་མོའི་འོད་འཛིན་རབ་སྒེག་མ། །རྡོ་རྗེ་དྲིལ་འཆང་དཀུར་བརྟེན་སྙེམས་པའི་ཚུལ། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ ལཱ་ཀྵྼྎ བཙོ་མའི་གསེར་མདོག་རྡོ་རྗེ་གླུ་དབྱངས་མ། །ཤེས་རབ་དབྱངས་སྙན་རྣ་བའི་བཅུད་ལེན་མཁན། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ གཱི་ཏིྎ རྨ་བྱའི་སྤུ་ལྟར་སྔོ་ལྗང་གར་མཁན་མ། །མཉེན་ལྕུག་ཡན་ལག་མཆོག་གིས་བྲོ་གར་སྒྱུར། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ ནྲྀ་ཏྱྎ སྟོན་ཟླ་ལྟར་དཀར་རྡོ་རྗེ་མེ་ཏོག་མ། །ལྷ་རྫས་མེ་ཏོག་བྱེ་བའི་ཆར་འབེབས་བྱེད། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ པུཥྤེྎ སྔོ་སྐྱ་དུད་སྤྲིན་རྡོ་རྗེ་བདུག་པ་མ། །མཁའ་ཁྱབ་དྲི་ཞིམ་བདུག་པའི་སྤོས་དྲི་ཅན། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ དྷུ་པེྎ གུར་གུམ་གཞོན་ནུའི་ལུས་ཅན་སྣང་གསལ་མ། །རིན་ཆེན་སྣང་བས་ཕྱོགས་བཅུའི་མུན་སེལ་བྱེད། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ དི་པཾྎ འཆར་ཀའི་མདངས་ལྟར་དམར་སྐྱ་བྱུག་པ་མ། །ལེགས་སྦྱར་དྲི་མཆོག་དགེ་བས་རྙོག་པ་སེལ། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ གྷནྡྷེྎ ཁ་བ་དུང་ལྟར་རྣམ་དཀར་གཟུགས་ཅན་མ། །རྣམ་དག་རིན་ཆེན་དངུལ་དཀར་མེ་ལོང་གཡོབ། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ རཱུ་པྎ ལེ་བརྒན་རྩི་ལྟར་ལུས་དམར་རོ་ལྡན་མ། །བདུད་རྩིའི་བཅུད་ལྡན་ལྷ་ཡི་ཞལ་ཟས་འཛིན། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ རཱ་ཀྵྼྎ དཱུར་བའི་འདབ་ལྟར་ལྗང་སེར་རེག་བྱ་མ། །རེག་པས་བདེ་བ་མཆོག་སྟེར་ན་བཟའ་འཛིན། །རྡོ་རྗེ་རིག་མྎ ཧེ་རུ་ཀ་ཁྱོདྎ སྤརྴེྎ ཀུནྡ་ཀུ་མུཏ་རྒྱས་འདྲ་ཆོས་དབྱིངས་མ། །རྒྱལ་བ་ཀུན་སྐྱེད་སྐྱེ་གནས་ཕྱག་རྒྱ་ཅན། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེ་ཡིད་དགྱེས་མཛོད། །ཨོཾ་ཨཱཿབཛྭ་དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། ཞེས་མཆོད་པ་ནང་། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། རྩ་བརྒྱུད་ཀྱི་རྗེ་བཙུན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ྄། ཌཱ་ཀི་ནཱི་ཛཱ་ལ་སྃ་བ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ལཱ་མ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་རཱུ་པི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཀ་ར་ཀ་ར་ཁཎྜྻ་ཀ་པཱ་ལ། པྲ་ཙཎྜྻེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀཱ་ལ། ཙཎྜྻ་ཀྵེ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བནྡྷ་བནྡྷ་ཀཾ་ཀཱ་ལ། པྲ་བྷཱ་ཝ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཏྲ་ས་ཡ་ཏྲ་ས་ཡ་བི་ག་ཊ་དཾ་ཥྚཎ། མ་ཧཱ་ནཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་པཱུ་ཛ་ཁཱ་ཧི། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སཱུ་ར་ཝཱཻ་ཏི། བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲཽཾ་སྲཽཾ་ཨ་མྲྀ་ཏ་བྷེ་བ། ཁརྦ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲཿསྲཿ བཛྭ་པྲ་བྷ་ཝ། ལངྐེ་ཤྭ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཕེཾ་ཕེཾ་བཛྭ་དེ་ཧ། དྲུ་མཙྪ་ཡེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཕཊ྄་ཕཊ྄་ཨངྐུ་རཱི་ཀ། ཨཻ་རཱ་བ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ད་ཧ་ད་ཧ་བཛྭ་ཛ་ཊི་ལ། མ་ཧཱ་བྷཻ་ར་ཝི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་པ་ཙ་པ་ཙ་མ་ཧཱ་ཝི་ར་ཝཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་ཝ་ལམྦི་ནི་བཛྭ་ཧཱུྃ་ཀ་ར་སུ་ར་བྷཀྵི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་གྲྀ་གྲྀ་སཔྟ་པཱ་ཏཱ་ལ་ག་ཏ་བྷཱུ་ཛངྒཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་སུ་བྷ་དྲ་ཤྱུ་མ་དེ་ཝཱི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨ་ཀཌྣ་ཨ་ཀཌྣ་བཛྭ་པྲ་བྷ། སུ་བྷ་དྲེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲཱིཾ་སྲཱིཾི་མ་ཧཱ་བྷཻ་ར་བ། ཧ་ཡཱ་ཀརྞེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཛཎཽཾ་ཛཎཽཾ་རཱུ་པཱཀྵ། ཁ་གཱ་ན་ནེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁ་ཧི། ཨོཾ་ུཾ་ུཾ་མ་ཧཱ་བ་ལ། ཙཀྲ་བེ་གེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱཾ་ཧཱཾ་རཏྣ་བཛྭ་ཁཎྜྻ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱིཾ་ཧཱིཾ་ཧ་ཡ་གྲྀ་བ་ཤཽཎྜྻི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱུྃ་ཧཱུྃ་ཨཱ་ཀ་ཤ་གརྦྷ། ཙཀྲ་ཝརྨི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨྎ ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ །སུ་བཱི་རཱི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སི་ལི་སི་ལི་པདྨ་ནིརྟི་ཤྭ་ར། མ་ཧཱ་བ་ལེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧི་ལི་ཧི་ལི་བཻ་རོ་ཙ་ན། ཙཀྲ་ཝརྟི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་དྷི་ལི་དྷི་ལི་བཛྭ་སཏྭ། མ་ཧཱ་བཱིརྻ་ཡེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཀ་ཀཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨུ་ལཱུ་ཀཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཤྭ་ནཱ་ཀ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སཱུ་ཀ་རཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཡ་མ་ད་དྷཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཾཥྚི་ཎི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐཱ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨྎ དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོག་གི་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨརྎ གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་པའི་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། གསང་མཆོད། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་བའི་མི་འགྱུར་བདེ་བས་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱས། བསྟོད་པ་ནི། ཧཱུྃ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཧཱུྃ། ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་ཅིང་། །ཆོས་དབྱིངས་རྣམ་དག་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་མ་དང་མཉམ་པར་སྦྱོར། །ཞེ་སྡང་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ་མཆོག་རྡོ་རྗེ་ལས་བྱུང་ཆར་སྤྲིན་མདོག །དགའ་བ་རྣམ་དག་དྲག་པོའི་ཞལ་བཞིར་སྣང་། །གར་གྱིས་ཉམས་དགུས་གདུག་པ་འདུལ་མཛད་པའི། །ཧཱུྃ་མཆོག་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་བསྟོད། །རྟེན་འབྲེལ་བཅུ་གཉིས་དག་ཅིང་ས་རྣམས་རྫོགས། །བཅུ་གཉིས་ཕྱག་གིས་མཚོན་ཆ་སྣ་ཚོགས་འཛིན། །ཡུལ་དང་ཡུལ་ཅན་རྣམ་རྟོག་གཅོད་མཛད་པའི། །ངོ་མཚར་མཚོན་ཆ་བསྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ་གི་ང་རོས་སྲིད་གསུམ་སྐྲག་མཛད་ཅིང་། །རྔམ་པའི་རྐན་སྒྲ་ཕཊ྄་ཅེས་སྒྲ་སྒྲོག་པ། །བདུད་དང་བགེགས་སོགས་གདུག་པ་མ་ལུས་འདུལ། །རྣམ་རྟོག་བདུད་བགེགས་འཇོམས་ལ་ཕྱག་འཚལ་བསྟོད། །སྤྲོས་བྲལ་བདེ་ཆེན་པདྨ་རཱ་གའི་མདོག །སྟོང་ཉིད་འོད་གསལ་དུས་གསུམ་བདེ་གཤེགས་ཀློང་། །རྣམ་རྟོག་དྲྭ་བ་མ་ལུས་འཇོམས་མཛད་པའི། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ས་ཆུ་མེ་རླུང་འབྱུང་བ་རྣམ་པར་དག །དག་པའི་ཞལ་བཞི་རིགས་ཀྱི་ཡུམ་དུ་སྣང་། །དྲན་པ་ཉེར་གཞག་ཡེ་ཤེས་ངོ་བོ་ཉིད། །མཁའ་འགྲོ་མ་སོགས་ཡུམ་ལ་ཕྱག་འཚལ་བསྟོད། །སེམས་ཀྱི་རྣམ་དག་ས་བླའི་སྲིད་པ་སྦྱོང་། །ཞེ་སྡང་རྣམ་དག་ཐུགས་ཀྱི་འཁོར་ལོ་སྣང་། །ཐོད་པའི་དུམ་བུ་རབ་གཏུམ་མ་ལ་སོགས། །གནས་དང་ཉེ་གནས་བཞུགས་ལ་ཕྱག་འཚལ་བསྟོད། །གསུང་གི་ང་རོས་ས་ཡི་སྲིད་པ་བཅོམ། །འདོད་ཆགས་རྣམ་དག་གསུང་གི་འཁོར་ལོ་སྣང་། །མྱུ་གུ་ཅན་དང་ས་སྲུངས་མ་ལ་སོགས། །ཞིང་དང་ཉེ་ཞིང་བཞུགས་ལ་ཕྱག་འཚལ་བསྟོད། །སྐུ་ཡི་རོལ་པས་ས་འོག་སྲིད་པ་བཅོམ། །གཏི་མུག་རྣམ་དག་སྐུ་ཡི་འཁོར་ལོ་སྣང་། །སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་སོགས། །འདུ་སོགས་གནས་ན་བཞུགས་ལ་ཕྱག་འཚལ་བསྟོད། །ཡང་དག་ལས་མཐའ་འཚོ་བ་རྩོལ་དང་བྲལ། །བདེ་ཆེན་དག་ལ་མོས་དང་གཙོ་ལ་ཕྱོགས། །གདུག་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པའི། །སྒོ་བཞིའི་མ་མོར་སྣང་ལ་ཕྱག་འཚལ་བསྟོད། །བརྩོན་འགྲུས་རྣམ་དག་ཡང་དག་སྤོངས་བ་བཞི། །གཤིན་རྗེ་བརྟན་མ་ལ་སོགས་མ་མོར་སྣང་། །ཕྱོགས་གཉིས་འཛིན་པའི་སྐུ་མདོག་མ་མོའི་མཆོག །རྒྱལ་བའི་ཡུམ་དུ་སྣང་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་བརྒྱད་ནི་རྒྱལ་བའི་སྤྲུལ་པར་བསྟན། །བདག་མེད་འཁོར་ལོར་དུར་ཁྲོད་བརྒྱད་དུ་སྣང་། །བྱང་ཆུབ་རྟེན་དུ་ཤིང་བརྒྱད་མངོན་པར་འབྱོང་། །འཇིག་རྟེན་ཆོས་བརྒྱད་སྲེག་ལ་ཕྱག་འཚལ་བསྟོད། ཞེས་སམ། རྐང་པ་བརྒྱད་པས་བསྟོད། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་སྔོན་དུ་སོང་ནས་ལག་མཆོད་ནི། ལག་པ་གཡོན་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བ་ལ་ཨོཾ་བཾ་ཕག་མོ་དམར་མོ། མདུན་ནས་གཡོན་བསྐོར་གྱིས་ཧཾ་ཡཽཾ་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། སྲིཾ་སྲིཾ་སྲེག་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ། ཕཊ྄་ཕཊ྄་ཙཎྜྻི་ཀ་དུད་ཁ། མཐེ་བོང་ལ་ཨོཾ་ཧཿརྡོ་རྗེ་སེམས་དཔའ་དཀར་པོ། མཛུབ་མོ་ལ་ན་མ་ཧི་རྣམ་པར་སྣང་མཛད་སེར་པོ། གུང་མོ་ལ་སྭ་ཧ་ཧུ་རིན་ཆེན་འབྱུང་ལྡན་དམར་པོ། སྲིན་ལག་ལ་བཽ་ཥཊ་ཧེ་ཧེ་རུ་ཀ་ནག་པོ་མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿའོད་དཔག་མེད་མཐིང་ག སེན་མོ་རྣམས་ཀྱི་ངོས་ལ་ཕཊ྄་ཧཾ་རྟ་མཆོག་ལྗང་ག ཨོཾ་བཾ། ཧཾ་ཡོཾ། སྲིཾ་མོཾ། སྲིཾ་སྲིཾ། ཧཱུྃ་ཧཱུྃ། ཕཊ྄་ཕཊ྄། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏིཙྪ་སྭཱ་ཧཱ། དྷུ་པེྎ ཨ་ལོ་ཀེྎ གནྡྷེྎ ནཻ་ཝིདྱཱྎ ཤཔྟ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་ཧཿ ན་མ་ཧི། སྭ་ཧ་ཧུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ྄་ཧཾ། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་གོང་ལྟར་དང་། མཛེས་མ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིག་པའི་བརཏལ་ཞུགས་མཐར་ཕྱིན་ཤོག །ཅེས་རིག་མ་དང་། བཟའ་བཏུང་། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧིས་མཆོད། དེ་ནས། སོར་མོའི་ལྷ་རྣམས་ལག་མཐིལ་དུ་བྱོན་ཏེ་ཡབ་ཡུམ་རྗེས་སུ་ཆགས་པ་མཛད་པ་ལག་པའི་རྒྱབ་ཏུ་མེ་ལོང་དྭངས་པའི་གཟུགས་བཞིན་དུ་གསལ་བར་སྣང་། དེ་ནས། ཡབ་ཡུམ་དེ་དག་ས་ལ་སོགས་པ་ཁམས་དྲུག་གི་ལྷ་མོར་སོང་ཆང་གི་ཁུ་བས་བྱུགས་ཏེ། ལག་པ་དེ་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི་ངོ་བོ་ཡུལ་ཉི་ཤུ་རྩ་བཞིར་གྱུར་པ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཛ་ཊཱ་མ་ཀུ་ཊོཏྐྲ་ཊཱ་ཡ་དྃཥྚུ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྶཱཾ་ག་དྷཱ་རི་ཎེ། བྱཱ་གྷྲ་ཛི་ནཱམྦྷ་ར་དྷ་རཱ་ཡ། མ་ཧཱ་དྷཱུ་མབྲནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏིཙྪ་སྭཱ་ཧཱ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤཔྟ་པྲ་ཏིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དེ་ནས་ཕུལ་བའི་མེ་ཏོག་སྟེ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲ་ས་ཡ་ཏྲ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། སྲཽཾ་སྲཽཾ། སྲཿསྲཿ ཕཻཾ་ཕཻཾ། ཕཊ྄་ཕཊ྄། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་བ་ས་རུ་དྷི་རནྟྲ་མཱ་ལཱ་བ་ལྃ་བི་ནི། གྲྀ་གྲྀ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒཾ་སརྦྦཾ་བཱ་ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྣ་ཨཱ་ཀཌྣ། སྲཱིཾ་སྲཱིཾ། ཛཎཽཾ་ཛཎཽཾ། ུྃ་ུྃ། ཧཱྃ་ཧཱྃ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ྄་ཅེས་པའི་མཐར་དཀྱིལ་འཁོར་དུ་དོར། ཡང་བླངས་ནས་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་མགོ་བོར་བཞག་གོ ལྷའི་འཁོར་ལོ་དེ་ལས་ཆ་གཅིག་འཕྲོས་པ་བདག་ཉིད་ལ་ཞུགས་པར་གྱུར། ཨོཾ། ཧེ་རུ་ཀ་དཔལ་དམ་ཚིག་རྗེས་སུ་སྐྱོང་། །ཧེ་རུ་ཀ་དཔལ་ཉིད་ཀྱིས་ཉེ་བར་གནས། །བདག་ལ་བསྟན་དགྱེས་ཆགས་ཤིང་དགྱེས་པར་མཛོད། །དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ། །ལས་ཀུན་ལ་ཡང་བདག་སེམས་ངེས་ལེགས་མཛོད། །ཧཱུྃ་ཧ་ཧ་ཧ་ཧ་ཧོཿ བཅོམ་ལྡན་ཁྱོད་དང་དེ་བཞིན་གཤེགས་ཀུན་གྱིས། །རྡོ་རྗེའི་བར་དུ་བདག་ནི་རྣམ་གྲོལ་མཛོད། །རྡོ་རྗེ་ཅན་དངོས་དམ་ཚིག་སེམས་དཔའ་ཆེ་ཨཱཿ དེ་ནས་ཕྱོགས་ཀྱི་བདག་པོ་རྣམས་ལ་གཏོར་མ་སྦྱིན་པའི་ཕྱིར། ཕྱི་རོལ་དུ་སོང་ནས། ཤར་དུ། ཨིནྡྲ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་བཀུག ཨོཾཾ་ཨཱཿཧཱུྃ་གིས་གཏོར་མ་བྱིན་གྱིས་བརླབས་ནས། ཨིནྡྲ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་གསུམ་ལ་སོགས་པས་ཕུལ། སཾ་ཏྲིཔྟ་སརྦ་དེ་ཝ་ཏཱ་སཱ་ད་ཀ་ཀྵྼེ་ཤིནྟཾ་ཀུ་རུ་སརྦ་ཀརྻནྟུ་སིདྡྷི་རྦི་ཏི་ཡ་ཐ་སུ་ཁཾ་སུ་ཥེ། ཧཱུྃ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད། མེར། ཨགྣི་ས་པ་རིྎ ལྷོར། ཡ་མ་ས་པ་རིྎ ལྷོ་ནུབ་ཏུ། རཀྵ་ས་པ་རིྎ ནུབ་ཏུ། ཝ་རུ་ཎ་ས་པ་རིྎ ནུབ་བྱང་དུ། བཱ་ཡུ་ས་པ་རིྎ བྱང་དུ། ཀུ་བེ་ར་ས་པ་རིྎ དབང་ལྡན་དུ། མ་ཧཱ་བྷཱུ་ཏ་ས་པ་རིྎ སྟེང་དུ། ཙནྡྲ་སཱུརྻ་བྲ་ཨཱརྻ་དེ་ཝ་ཏ་ས་པ་རིྎ འོག་ཏུ། བཻ་ཙི་ཏྲི་པྲི་ཐི་ཝཱི་དེ་ཝ་ཏ་ས་པ་རིྎ གཞན་འདྲ། རྒྱས་པ་ལ། པུཥྚིཾ་ཀུ་རུྎ སོགས་འདོན་པ་བསྒྱུར་བ་ཙམ་མོ། ནང་དུ་ཞུགས་ནས་ཅང་ཏེའུ་འཁྲོལ་ཞིང་། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ནས་ལེགས་བྱུང་བའི། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨ་ལ་ནི་རྡོ་རྗེས་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕྱོགས་ཀྱི་པདྨའི་འདབ་མ་ལ། །རིགས་ཀྱི་ཡུམ་བཞི་དཔའ་བོའི་ཕྱོགས་ཀྱི་ཞལ་ལ་གཟིགས། །པདྨའི་མུ་ཁྱུད་གྲི་གུག་ཕྲེང་བས་རྣམ་པར་བརྒྱན། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཚམས་ཀྱི་པདྨའི་འདབ་མ་ལ། །བྱང་ཆུབ་སེམས་དང་ཙནྡན་དྲི་ཆེན་གུར་གུམ་ཆུས། །གང་བའི་སྣོད་བཞི་ཞལ་གྱི་རེག་པས་རྣམ་པར་སྤྱོད། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ནམ་མཁའི་དབྱིངས་ན་ལེགས་སྤྱོད་པའི། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་མུ་ཁྱུད་རྡོ་རྗེའི་ཕྲེང་། །གནས་དང་ཉེ་གནས་ལ་སོགས་དཔའ་བོ་རྣལ་འབྱོར་གཉིས་མེད་རོལ། །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་ས་སྟེང་དག་ན་ལེགས་སྤྱོད་པའི། །འཁོར་ལོ་དམར་པོ་རྩིབས་བརྒྱད་མུ་ཁྱུད་པདྨའི་ཕྲེང་། །ཞིང་དང་ཉེ་ཞིང་ལ་སོགས་དཔའ་བོ་རྣལ་འབྱོར་གཉིས་མེད་རོལ། །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་ངན་འགྲོའི་གནས་ན་ལེགས་སྤྱོད་པའི། །འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འཁོར་ལོའི་ཕྲེང་། །འདུ་དང་ཉེ་འདུ་ལ་སོགས་དཔའ་བོ་རྣལ་འབྱོར་གཉིས་མེད་རོལ། །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་དཀྱིལ་འཁོར་སྒོ་བཞི་མཚམས་རྣམས་སུ། ཁྭ་གདོང་ལ་སོགས་ལྷ་མོ་ཡིད་འོང་གཟུགས་གཉིས་ལྡན། །ཐུགས་རྗེས་འགྲོ་བའི་དོན་མཛད་གདུག་པ་ཀུན་འདུལ་བའི། །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང་། །ཡང་དག་སྤོང་བ་རྫུ་འཕྲུལ་དབང་པོ་སྟོབས་ལ་སོགས། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པའི། །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་གཞལ་ཡས་ཁང་། །འདོད་པ་ལྔ་ཡི་ལོངས་སྤྱོད་མཆོག་ནི་རབ་ཏུ་བཀོད་པ་དང་། །མུ་ཏིག་དྲྭ་བ་རིན་ཆེན་ཉི་ཟླ་གསེར་གྱི་དྲིལ་བུ་དཔྱངས། །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་རྟ་བབས་ཆོས་ཀྱི་འཁོར་ལོ་གདུགས་ཀྱིས་ཕུབ། །མཛེས་པའི་རི་དྭགས་བ་དན་བཅུ་དྲུག་ལེགས་འཕྱར་བའི། །རླུང་གིས་བསྐྱོད་པའི་དྲིལ་བུ་དག་ལས་ཆོས་ཀྱི་སྒྲ་ཆེན་སྒྲོག །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་དུར་ཁྲོད་ར་བ་བརྒྱད་ཀྱིས་ཡོངས་བསྐོར་ཞིང་། །བྱང་ཆུབ་ཤིང་མཆོག་བརྒྱད་ནི་རབ་ཏུ་བྱུང་བ་ལས། །ཤ་ཟའི་གདོང་ཅན་བརྒྱད་པོ་དག་ནི་ལེགས་གནས་པའི། །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་ཡེ་ཤེས་མེ་ཆེན་བརྒྱད་ནི་འབར་བར་གྱུར་པ་དང་། །བྱང་ཆུབ་སེམས་ཀྱི་རང་བཞིན་སྤྲིན་ཆེན་བརྒྱད་ནི་འདུས་པར་གྱུར་པ་ལ། །དགའ་བོ་ལ་སོགས་ཀླུ་ཆེན་སྡེ་བཅས་བརྒྱད་པོ་དག་ནི་ལེགས་གནས་པའི། །བདེན་པ་དེས་ཀྱངྎ བཀྲ་ཤིས་གང་ཞིག་ཐུགས་རྗེའི་རང་བཞིན་ཆུ་ཆེན་བརྒྱད་ནི་འབབ་པར་གྱུར་པ་དང་། །བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བརྒྱད་པོ་རྣམས་ཀྱིས་རབ་ཏུ་བསྐོར་གྱུར་ཅིང་། །རྣལ་འབྱོར་པ་དང་རྣལ་འབྱོར་མ་ནི་དུར་ཁྲོད་རྣམས་ཀྱི་ནང་ན་མཛེས། །བདེན་པ་དེས་ཀྱང་བདེ་བ་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཅེས་པའི་གླུ་ལེན་ཅིང་དཀྱིལ་འཁོར་གྱི་ས་གཞི་དེ་ལ་ལན་གསུམ་དུ་བསྐོར་རོ། །དེ་ནས་བུམ་བསྐྱེད་ནི། ཨོཾ་ཁཎྜྻ་རོ་ཧི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷཱརྨྨུ་སྭ་བྷཱ་བ་ཤུདྡྷོ་ཱཧཾ། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་དང་ཐོད་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁང་པ་བརྩེགས་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པའི་མཚན་ཉིད་ཚང་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། ནང་ཕྱོགས་མདོག་ཅན་གྱི་དབུས་སུ་བདེ་ཆེན་གྱི་འཁོར་ལོ་སྡོང་བུ་དང་བཅས་གྱེན་དུ་འཕགས་པའི་རིན་པོ་ཆེའི་པདྨ་འདབ་མ་བརྒྱད་པ་ཕྱོགས་དམར་མཚམས་སེར་ནག་ལྗང་མཐིང་ཀ །མུ་ཁྱུད་གྲི་གུག་གི་ཕྲེང་བ་ཅན་གྱི་ལྟེ་བར་ཉི་གདན་ལ་འཇིགས་བྱེད་ནག་པོ་ལག་པ་བཞི་པའི་རོ་ཁ་བུབ་པ་དང་། དུས་མཚན་མ་གསོན་མོ་གན་རྐྱལ་བསྒྱེལ་བ་པདྨའི་འོག་གི་ནམ་མཁར་མཁའ་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན། ཐུགས་ཀྱི་འཁོར་ལོ་སྔོན་པོ་རྡོ་རྗེའི་མུ་ཁྱུད་ཅན། ས་གཞིའི་ཐད་དུ་ས་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན་གསུང་གི་འཁོར་ལོ་དམར་པོ་པདྨའི་མུ་ཁྱུད་ཅན། ས་འོག་ཏུ་ས་འོག་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན་སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་མུ་ཁྱུད་ཅན། ཐམས་ཅད་རྩིབས་བརྒྱད་པ་ལྷ་གནས་ཐམས་ཅད་དུ་ཉི་མ་དང་རོ་གདན། ལྟེ་བའི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ། ཨིན་དྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་གུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། །དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། །གཤེ་བ་དང་། རྔམ་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེང་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱྃ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཨིནྟྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་ཅུའི་དོ་ཤལ་བྱས་པ་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་གྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་དང་ལས་བུམ་དུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱྃ་ག་འཛིན་པ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་ཅུའི་དོ་ཤལ་ཅན་སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ཐུགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཕྱོགས་གཡོན་བསྐོར་དུ། དཔའ་བོ་ཐོད་པའི་དུམ་བུ་དང་དཔའ་མོ་རབ་གཏུམ་མ། ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། ཀེང་རུས་དང་འོད་ལྡན་མ། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། མེ་ནས་གཡས་བསྐོར་གྱིས་ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ། འོད་དཔག་མེད་དང་མིའུ་ཐུང་མ། རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། རྡོ་རྗེའི་ལུས་དང་ཤིང་གྲིབ་མ་རྣམས་སྔོན་པོ། རིམ་པ་དེ་ཉིད་ཀྱིས་གསུང་གི་འཁོར་ལོའི་ཕྱོགས་ལ། མྱུ་གུ་ཅན་དང་ས་སྲུངས་མ། རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། མཚམས་སུ་རབ་ཏུ་བཟང་པོ་དང་སྔོ་བསངས་མོ། རྡོ་རྗེ་བཟང་པོ་དང་ཤིན་དུ་བཟང་མོ། །འཇིགས་བྱེད་དང་རྟ་རྣ་མ། མིག་མི་བཟང་དང་བྱ་གདོང་མ་ཐམས་ཅད་དམར་པོ། སྐུའི་འཁོར་ལོའི་ཕྱོགས་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། རྟ་མགྲིན་དང་ཆང་ཚོང་མ། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མཚམས་ལ་ཧེ་རུ་ཀ་དང་བཞིན་བཟང་མོ། པདྨ་གར་དབང་དང་སྟོབས་ཆེན་མ། རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་ཐམས་ཅད་དཀར་པོ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་ཐུགས་ཀྱི་གཡས་རྡོ་རྗེ་དང་། གསུང་གི་པདྨ་སྐུའི་འཁོར་ལོ། གཡོན་དེ་སོ་སོས་ཡུ་བ་བྱས་པའི་དྲིལ་བུ་བཟུང་སྟེ་དཔའ་མོ་ལ་འཁྱུད་པ། ལྷག་མ་གཉིས་ཌཱ་མ་རུ་དང་ཁཊྶཱྃ་ག་འཛིན་པ། སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན། མི་མགོ་སྐམ་པོའི་དབུ་རྒྱན་དང་། །རློན་པའི་དོ་ཤལ་ཅན་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའི་པང་ན་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་ཅིང་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་གུ །ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་ཅན་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁཊྶཱྃ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ་ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་ཅུའི་དོ་ཤལ་ཅན་སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། གཙོ་བོ་དང་ལྷ་མོ་རྣམས་བྱང་ཆུབ་ཀྱི་ཕྱོགས་སོ་བདུན། སོ་སེན་ལ་སོགས་པའི་ཁམས་རྣམས་དཔའ་བོ་ཉེར་བཞིར་རྣམ་པར་དག་པའོ། ཨོཾ་ཧཿ གཙོ་བོའི་སྙིང་གར་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཌཱ་མ་རུ་ཚངས་མགོ །གཡོན་གསུམ་དྲིལ་བུ་ཐོད་པ་ཁཊྶཱྃ་ག་བསྣམས་པ། ན་མ་ཧི་དཔྲལ་བར་རྣམ་པར་སྣང་མཛད་སེར་པོ། སྭ་ཧ་ཧུ། སྤྱི་བོར་རིན་ཆེན་འབྱུང་གནས་དམར་པོ། བཽ་ཥཊ་ཧེ་ཕྲག་པ་གཉིས་ལ་ཧེ་རུ་ཀ་ནག་པོ། ཧཱུྃ་ཧཱུྃ་ཧོཿ སྤྱན་གསུམ་ལ་འོད་དཔག་མེད་མཐིང་ག །ཕཊ྄་ཧཾ། ཡན་ལག་ཐམས་ཅད་ལ་དོན་ཡོད་གྲུབ་པ་ལྗང་གུ། དེ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། འཁོར་ལོ། རིན་པོ་ཆེ། རྡོ་རྗེ། པདྨ། སྣ་ཚོགས་རྡོ་རྗེ་དང་དེའི་དྲིལ་བུ་ཐུགས་ཀར་བསྣོལ་བ། ལྷག་མ་གཉིས་ཌཱ་མ་རུ་དང་ཐོད་པ། དཔའ་བོའི་ཆས་ཀྱིས་བརྒྱན་ཏེ་གཡས་བརྐྱང་གིས་བཞུགས་པ། ཨོཾ་ཧཿ ན་མ་ཧི། སྭ་ཧ་ཧུ། བཽཥཊ་ཧེ། ཧཱུྃ་ཧཱུྃ་ཧོཿ ཕཊ྄་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབས། ཨོཾ་བཾ། ཡུམ་གྱི་ལྟེ་བར་ཕག་མོ་དམར་མོ་དམར་ལྗང་སེར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག ཁ་ཊྶཱྃ་ག །ལྕགས་ཀྱུ། གཡོན་གསུམ་ཐོད་པ། ཚངས་མགོ ཞགས་པ་བསྣམས་པ། ཧཾ་ཡོཾ་སྙིང་གར་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་མགྲིན་པར་རྨོངས་བྱེད་མ་དཀར་མོ། སྲིཾ་སྲིཾ་མཚོག་མར་སྐྱོད་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྤྱི་གཙུག་ཏུ་སྐྲག་བྱེད་མ་ལྗང་གུ །ཕཊ྄་ཕཊ྄་ཡན་ལག་ཐམས་ཅད་ལ་ཙཎྜྻཱི་ཀ་དུད་ཁ། དེ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་གྲི་གུག་དང་ཐོད་པ། ལྷག་མ་གཉིས་ཁ་ཊྶཱྃ་ག་དང་ཌཱ་མ་རུ་དཔའ་མོའི་ཆས་གྱིས་བརྒྱན་ཏེ་གཡོན་བརྐྱང་གིས་བཞུགས་པ། ཨོཾ་བཾ། ཧཾ་ཡོཾ། སྲིཾ་མོཾ། སྲིཾ་སྲིཾ། ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཀྱིས་བྱིན་གྱིས་བརླབ་བོ། འབར་བའི་ཕྱག་རྒྱ་མིག་གཡོན་གྱི་སྟེང་དུ་བསྐོར་ལྟ་སྟངས་དེར་གཏད་རྐང་པ་གཡས་པས་གཡོན་པའི་བོལ་མནན། སྙིང་ཁའི་འོད་ཟེར་གྱིས་ལྕགས་ཀྱུས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་དབང་ལྷ་རིགས་ལྔ་དང་བཅས་པ་ཕེཾ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། དེ་དག་གིས་སྤྲོས་པའི་གཟུགས་མ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་འཛིན་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་དབང་བསྐུར་བས། ཆུ་དེ་ལས་བྱུང་བའི་རིགས་ཀྱི་བདག་པོ་གཙོ་བོ་ལ་མི་བསྐྱོད་པ། །ཡུམ་ལ་རྣམ་སྣང་། བདེ་ཆེན་གྱི་ལྷ་མོར་རིན་འབྱུང་། ཐུགས་ལ་མི་བསྐྱོད་པ། གསུང་ལ་སྣང་མཐའ། སྐུ་ལ་སྣང་མཛད། དམ་ཚིག་ལ་དོན་གྲུབ། སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་བྱའོ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་སྤྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྐུལ་བས་སེམས་ཅན་གྱི་དུག་གསུམ་སྦྱང་བར་མཛད་དེ་འོད་ཟེར་དང་ལྷན་ཅིག་ཡི་གེ་གསུམ་ལ་ཞུགས་པས་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རིག་མ་དང་བཅས་པར་གྱུར་པའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར་བར། ཡིད་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས། ཨོཾ་ཤྲཱི་ཧེ་རུ་ཀ་པྲ་ཝར་སཏྐྲ་ར་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་པ་དྱཾ་མ་མ་ཏཏྟཾ་གྲྀ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་ས་ཏུཏྐྲ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ་ཞེས་མཆོད་པ་ཆུ་གསུམ་སྔོན་དུ་འགྲོ་བས། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏིཙྪ་སྭཱ་ཧཱ། ཙནྡན་གུར་གུམ་སྦྱར་བ་ཡི། །དྲི་མཆོག་བདུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། དྷུ་པེྎ མར་མེ་འོད་བཟང་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་བྱེད་ཅིང་། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེྎ དཱི་པཾྎ སྣ་ཚོགས་ལྷ་ཡི་དྲི་དང་ལྡན། །སྣ་ཚོགས་ག་པུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུྃ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དགྎ གནྡྷེྎ ཁ་དོག་དྲི་དང་རོ་ལྡན་པ། །བཟའ་བའི་བྱེ་བྲག་སྣ་ཚོགས་པ། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུྎ ནཻ་ཝིདྱཱྎ པ་ཊ་ཧ་དང་ཅང་ཏེའུ་དང་། །རྔ་དང་དུང་སོགས་སྒྲ་དབྱངས་ཅན། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་པ། །ཧེ་རུ་ཀ་དཔལ་ཚོགས་ལ་འབུལ། །ཨོཾ་ཨཱཿབཛྭ་ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞིང་འདིར་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་འཇོ་བའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་མཆོད། །ཨོཾ་ཨཱཿརཏྣ་སཔྟ་ཧཱུྃ་ཧཱུྃ་ཕཊ྄། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །བརྒྱད་གཉིས་ལང་ཚོ་དཔལ་འབྲས་ནུ་འབུར་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །ཉ་རྒྱས་ཟླ་བ་དག་པའི་བཞིན་རས་མ། །ཚིམ་ཞིང་གསལ་བ་བདུད་རྩིའི་འོད་ལྡན་མ། །རྡོ་རྗེ་རིག་མ་ལྷ་མོས་དེང་མཆོད་ན། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །ཨོཾ་ཨཱཿབཛྭ་ཝཱི་ནི་ཧཱུྃ་ཧཱུྃ་ཕཊ྄། ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེྎ བདེ་མཆོགྎ རྒོད་དང་དྲེགས་ལྡན་གླུ་དབྱངས་བྲོ་གར་མཁན། །ཟུར་མིག་འཕེན་མཁས་འདོད་པའི་མདའ་འཕེན་མ། །འཆི་མེད་ན་ཆུང་སྒྱུ་མའི་འཇོ་སྒེག་མ། །ཡིད་འཕྲོག་དཔའ་མོ་རྡོ་རྗེའི་གླུ་དབྱངས་མ། །འགྱིང་གཟུགས་གློག་འདྲ་གར་དགུའི་རྩེད་འཇོ་མ། །རྡོ་རྗེ་རིག་མ་ལྷ་མོས་དེང་མཆོད་ན། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །ཧཱ་ཀྵྼྎ ལཱ་ཀྵྼྎ གཱི་ཏིྎ ནྲྀཏྱྎ བདེ་མཆོགྎ མེ་ཏོག་བདུག་པ་སྣང་གསལ་དྲི་ཆབ་འཛིན། །རྣམ་རྒྱལ་པད་དཀར་གཞོན་ནུའི་ཞལ་མཛེས་མ། །དྲི་ཞིམ་མ་ལི་གསར་པའི་དྲི་ལྡན་མ། །མཚར་སྡུག་འོད་ཀྱིས་ཕྱོགས་ཆ་རྣམ་འགེངས་མ། །ག་པུར་ཙནྡན་ཤིང་ལྟར་གདུང་སེལ་མ། །རྡོ་རྗེ་རིག་མ་ལྷ་མོས་དེང་མཆོད་ན། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །པུཥྤེྎ དྷུ་པེྎ དཱི་པཾྎ གནྡྷེྎ བདེ་མཆོགྎ གཟུགས་བཅུད་རེག་བྱ་ཆོས་ཀྱི་ལྷ་མོ་ནི། །མཛེས་སྡུག་དཔེ་བྱད་བཟང་པོའི་དཔལ་ལྡན་མ། །མ་མཆུ་བདུད་རྩི་གཙང་མའི་རོ་ལྡན་མ། །རེག་བྱས་དབང་པོ་ཀུན་ནས་ཚིམ་བྱེད་མ། །བསམ་ཡས་ལྷན་ཅིག་སྐྱེས་དགའི་འབྱུང་གནས་མ། །རྡོ་རྗེ་རིག་མ་ལྷ་མོས་དེང་མཆོད་ན། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །རཱུ་པྎ རཱ་ཀྵྼྎ སྤརྴེྎ ཨོཾ་ཨཱཿབཛྭ་དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། མཆོད་དོ་བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུྎ ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་རྔམ་པའི་ཞལ། །སྐུ་ལ་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་ཧྶ་ཞགས་པ་ཁ་ཊྶཱྃ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུག་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །སྔགས་གཟུངས་ཐག་ལ་འཁྲིལ་ཏེ་རྣམ་རྒྱལ་ཆེན་པོའི་ལྷ་རྣམས་ཀྱི་ཐུགས་ཀར་ཐིམ་པར་གྱུར། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ྄། ཌཱ་ཀི་ནཱི་ཛཱ་ལ་སྃ་བ་རྃ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཨོཾ་བཛྭ་བེ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ལཱ་མ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་རཱུ་པི་ཎཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཀ་ར་ཀ་ར་ཁཎྜྻ་ཀ་པཱ་ལ། པྲ་ཙཎྜྻེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀཱ་ལ། ཙཎྜྻ་ཀྵེ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བནྡྷ་བནྡྷ་ཀཾ་ཀཱ་ལ། པྲ་བྷཱ་ཝ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ག་ཊ་དཾ་ཥྚ་ཎ། མ་ཧཱ་ནཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཀྵོ་བྷ་ཡ་ཀྵོ་ཡ་སཱུ་ར་ཝཱཻ་ཏི། བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲཽཾ་སྲཽཾ་ཨ་མྲྀ་ཏ་བྷ་བ། ཁརྦ་རི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲཿསྲཿབཛྭ་པྲ་བྷ་ཝ། ལངྐེ་ཤཱ་རི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཕེཾ་ཕེཾ་བཛྭ་དེ་ཧ། དྲུ་མཙྪ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཕཊ྄་ཕཊ྄་ཨངྐུ་རཱི་ཀ །ཨཻ་རཱ་བ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ད་ཧ་ད་ཧ་བཛྭ་ཛ་ཊི་ལ། མ་ཧཱ་བྷཻ་ར་ཝི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་པ་ཙ་པ་ཙ་མ་ཧཱ་ཝི་ར། ཝཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་ཝ་ལམྦི་ནི་བཛྭ་ཧཱུྃ་ཀ་ར། སུ་ར་བྷཀྵི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་སུ་བྷ་དྲ་ཤྱུ་མ་དེ་ཝཱི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨ་ཀཌྣ་ཨ་ཀཌྣ་བཛྭ་པྲ་བྷ། སུ་བྷ་དྲེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲཱིཾ་སྲཱིཾ་མ་ཧཱ་བྷཻ་ར་བ། ཧ་ཡཱ་ཀརྞེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཛཎཽཾ་ཛཎཽཾབི་རཱུ་པཱཀྵ། ཁ་གཱ་ན་ནེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ུཾ་ུཾ་མ་ཧཱ་བ་ལ། ཙཀྲ་བེ་གེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱཾ་ཧཱཾ་རཏྣ་བཛྭ་ཁཎྜྻ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱིཾ་ཧཱིཾ་ཧ་ཡ་གྲྀ་བ། ཤཽནྜི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱུྃ་ཧཱུྃ་ཨཱ་ཀ་ཤ་གརྦྷ། ཙཀྲ་ཝརྨི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ །སུ་བཱི་རཱི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སི་ལི་སི་ལི་པདྨ་ནིརྟི་ཤྭ་ར། མ་ཧཱ་བ་ལེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧི་ལི་ཧི་ལི་བཻ་རོ་ཙ་ན་ཙཀྲ་ཝརྟྟི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་དྷི་དྷི་ལི་བཛྭ་སཏྭ། མ་ཧཱ་བཱིརྻ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཀ་ཀཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨུ་ལཱུ་ཀཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཤྭ་ནཱ་ཀ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སཱུ་ཀ་རཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་ད་དྷཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཱུ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཾ་ཥྚི་ཎི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐཱ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ལན་གསུམ། དེ་བུམ་པར་བླུགས་པས་དེའི་རྐྱེན་གྱིས་ལྷ་ཐམས་ཅད་བདུད་རྩིའི་ངོ་བོར་ལྟེམ་གྱིས་ཞུ་བར་གྱུར། ལས་བུམ་ནི། ཨོཾ་ཁཎྜྻ་རོ་ཧི་ཧཱུྃ་ཧཱུྃ་ཕཊ྄། ལན་བདུན། ཁཎྜྻ་རོ་ཧི་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར། རྡོ་རྗེའི་ཚིག་རྐང་འདིར་གསུང་། བདག་འཇུག་བྱ་བ་ནི། གཞན་ལ་ཇི་ཙམ་བསྐུར་བ་དེ་ཙམ་བླང་བར་གསུངས། དམ་ཚིག་གསོ་བའི་དབང་ལ་ཐམས་ཅད་ལེན་པ་ཕྱག་བཞེས་སོ། དེ་ལྟར་འཇུག་པ་དང་དངོས་གཉིས་ལས། འཇུག་པ་ལ། ཕྱི་ནང་གསང་འཇུག་གསུམ། ཕྱིར་འཇུག་ ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་པས་ཁྲུས་བྱ་བགེགས་ལ་གཏོར་མ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱ་ནུ་ཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱས་བྱིན། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཅི་ཡང་། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེའི་བདག་པོ་སྐུ་ཡིས་ནི། །ལུས་སྲུལ་ལ་སོགས་འགས་བྱ་སྟེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོར་འཇུག་ཅིང་དབང་ཞུ་བ་ལ་བར་དུ་གཅོད་པ། གང་སུ་ཡང་རུང་བ་ས་ཕྱོགས་འདི་ན་གནས་པའི་ལྷ་དང་། ཀླུ་དང་ལྷ་མ་ཡིན་དང་། །གནོད་སྦྱིན་དང་སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་པ་འཛིན་པ་ལ་སོགས་པ་རྒན་པོ་དང་རྒན་མོ་དང་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །འདི་ལྟར་རྡོ་རྗེ་འཛིན་པའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུྃ་ཀཱ་ར་ཤིན་ཏུ་ཁྲོས་པ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་གྲྀ་པ་ཡ་གྲྀ་པ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ྄་ཀྱིས་བགེགས་བསྐྲད། ཨོཾ་མེ་དཱི་ནི་བཛྭི་བྷ་ཝ་བཛྭ་བནྡྷ་ཧཱུཾབཾ་ཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྭ་པྲཱ་ཀཱ་ར་ཧཱུྃ་པཾ་ཧཱུྃ། རྡོ་རྗེའི་ར་བ། ཨོཾ་བཛྭ་པཉྫྱཱ་ར་ཧཱུྃ་ཡཾ་ཧཱུྃ། རྡོ་རྗེའི་གུར། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། རྡོ་རྗེའི་བླ་རེ། ཨོཾ་བཛྭ་ཤཿར་ཛཱ་ལ་ཏྲཾ་སཾ་ཏྲཾ། རྡོ་རྗེའི་མདའ་ཡི་དྲྭ་བ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་ཏུ་རྡོ་རྗེའི་མེའི་ར་བ་རབ་ཏུ་འབར་བས་བསྐོར་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་གདོང་གཡོགས། ཨཿཁཾ་བཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་རྣམས་ལ་བདག་ཕྱག་འཚལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་མཛོད། ཀྱཻ། ཁྱོད་སུ་ཞིག་ཅེས་དྲི་བདག་ནི་སྐལ་བཟང་ངོ་། ཞེས་ལན་གདབ། ནང་འཇུག་ དེ་ནས་སློབ་དཔོན་གྱིས། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་ཉིད་རབ་ཏུ་གཞུག་པར་བགྱི། །ཤར་སྒོ་ནས་ཞུགས་ཏེ་ལྷ་རྣམས་ལ་དམིགས་ནས། ཨོཾ་ན་མཿཏེ་ཧཱུྃ། ན་མཿམི་ཧཱུྃ། ན་མོ་ན་མཿཧཱུྃ། ཤར་སྒོར། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་པཥྛུ་ནཱ་ཡ། ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་ཌཱ་ཀི་ནཱི་ཨ་དྷི་ཏིཥྛ་སྭ་མཱཾ། མཁའ་འགྲོ་མས་རྡོ་རྗེ་གཅིག་གནང་བ་སྙིང་གར་ཐིམ། དེ་ནས་བྱང་གི་སྒོ་རུ་ཕྱིན། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ལཱ་མ་ཨབྷི་ཥིཉྩྨ་ཏུ་མཾ། ལཱ་མས་རྡོ་རྗེ་རྒྱ་གྲམ་སྦྱིན་པ་དཔྲལ་བར་ཐིམ། ནུབ་སྒོར། ཨོཾ་སརྦྦ་བཱི་ར་ཡོ་གི་ནཱི་པཱུ་ཙ་པྲ་ཝརྟྟུ་ནཱ་ཡ་ཨཏྨ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཁཎྜྻ་རོ་ཧི་ནིརྻུ་པྲ་ཝརྟྟ་ཡཱ་མཾ། ཁཎྜྻ་རོ་ཧིས་པདྨ་གཅིག་སྦྱིན་པ་མགྲིན་པར་ཐིམ། དེ་ནས་ལྷོ་སྒོར་སོང་སྟེ། ཨོཾ་སརྦ་བཱི་ར་ཡོ་གི་ནི་པཱུ་ཛ་ཀརྨ་ཎེ་ཨཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་རཱུ་པི་ནི་ཨཱཏྨ་ཀརྨ་ཀུ་རུ་ཏུ་མཱཾ། གཟུགས་ཅན་མས་རིན་པོ་ཆེ་སྦྱིན་པ་སྤྱི་བོར་ཐིམ། ཤར་ཁྱམས་སུ་བཞག ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ལན་གསུམ་བརྗོད། སུ་ར་སྟེ་ས་མ་ཡ་སྟཾ་ཧོཿསིཌྣ་བཛྭ་ཡ་ཐཱ་སུ་ཁཾ། ཞེས་རྡོ་རྗེ་སྙིང་ཁར་གཏུགས་པས་བྱིན་གྱིས་བརླབས། འདི་ཙམ་དབང་མི་ཞུ་བར་འཇུག་པ་ཙམ་དོན་དུ་གཉེར་བ་ལ་ཡང་བྱ་སྟེ། སྡོམ་འབྱུང་ལས། སྐྱེ་བ་སྔོན་བསགས་སྡིག་པ་རྣམས། །དཀྱིལ་འཁོར་མཐོང་བས་བྱང་བར་འགྱུར། །ཞེས་པའི་དགོས་པས་སོ། །གསང་བའི་འཇུག་པ། རྒྱུད་དེར། སྐུ་གསུང་ཐུགས་ཀྱི་སྡོམ་པའང་བྱིན། རིགས་གསུམ་གྱི་དམ་ཚིག་དང་། འང་གིས་རིན་པོ་ཆེ་དང་། ལས་རིགས་ཀྱང་སྟེར་བར་བཤད་པས། སློབ་མས་འཇུག་ཡོན་དང་བཅས་ཏེ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་ཡོན་དུ། ཨོཾ་བཛྭ་བྷཱུ་མི་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། །ཨོཾ་བཛྭ་རེ་ཥེ་ཨཱཿཧཱུྃ། ཕྱི་ལྕགས་རིའི་ཁོར་ཡུག་གིས་བསྐོར་བའི་དབུས་སུ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། །ལྷོ་ཛམ་བུའི་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས་ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། །བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ། ཚང་ཞིང་ཡིད་དུ་འོང་བ་དང་བཅས་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜྻ་ལ་ཀཾ་ནིརྻ་ཏཱ་ཡ་མི། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག །སྩལ་ནས་མགོན་པོས་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་མཆོག་གི་དམ་ཚིག་ནི། །སྡོམ་པ་གསང་བ་བླ་ན་མེད། །རྟག་ཏུ་སེམས་ཅན་ཀུན་དོན་ཕྱིར། །སློབ་དཔོན་དུ་འགྱུར་བདག་ལ་གསུངས། །ལན་གསུམ། སློབ་དཔོན་གྱིས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུང་། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་བསྒྲག །སློབ་མས། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་ཁས་བླངས། རྡོ་རྗེ་སྤྱི་བོར་བཞག དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། །ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་ཡིས་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ། རྡོ་རྗེ་སྙིང་གར་བཞག་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། མནའ་ཆུ་བླུད་པ། བདུད་རྩི་རིལ་བུ་ཆང་དང་སྦྱར་བ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏོཏྟ་ཀ་ཧཱུྃ། དེ་ནས་སློབ་དཔོན་གྱིས་དམ་བསྒྲགས་པ་ནི། འདི་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་གང་བྱོས་ཤིག་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་བར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། ཡེ་ཤེས་མེད་པ་མི་བཙལ། ཡོད་པ་མི་སྤང་། མ་བྱུང་བ་ལ་འདུན་པ་མི་བསྐྱེད། བྱུང་བའི་ཉམས་གང་ཡང་མི་དགག་པར་ཤེས་པ་ལྷོད་གློད་ལ་ཞོག་ཅིག་བྱས། བདུད་རྩི་ལྔ། བྱི་ལའི་བྲུན། བུད་མེད་བཟང་མོའི་ཟླ་མཚན་སྦགས་པའི་རས་བསྲེགས། རོལ་མོའི་སྒྲ། བླ་མ་དང་གཙོ་བོ་མི་ཕྱེད་པའི་གནས་གསུམ་ལས་འོད་ཟེར་འཕྲོས་རང་གི་གནས་གསུམ་དུ་ཞུགས་པས་ལུས་མེར་གྱིས་ཞུ་བར་བསམ། ཨོཾ་ཏིཥྛ་མ་ཧཱ་ཀྲོ་ཏ་ཨཱ་བེ་ཤ་ཡ་ཧཱུྃ། ཨོཾ་ཤྲཱི་ཧེ་རུ་ཀཱ་ཡ་བིདྱཱ་མ་ཧེ་བིདྱཱ་རཱ་ཛཱ་དྷཱིཿམ་ཧེ་སྭཱ་ཧཱ། ཞེས་བཟླས། ཡང་དག་པར་ནི་ཞུགས་པ་དག །དང་། བསྒྲུབ་འདོད་ཤིན་ཏུ་མཉམ་གཞག་པས། ཞེས་འབྱུང་བས་སོ། ཕེབས་ན་ཏིཥྛ་བཛྭ་ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པར་བཞག་སྟེ་བརྟན་པར་བྱའོ། དེ་ནས་དཀྱིལ་འཁོར་གྱི་ཁ་དོག་ཅིར་མཐོང་ཞེས་དྲི། དཀར་པོ་ལ་སོགས་པ་སྣ་ཚོགས་སུ་མཐོང་བས་ ཕྲིན་ལས་བཞི་འགྲུབ་པར་བརྡ་སྤྲད། ལྷོའི་ཕྱོགས་སུ་གནས་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་ཉིད་རབ་ཏུ་གཞུག་པར་བྱ། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡིས་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་སློབ་དཔོན་གྱིས་བདེན་པའི་སྟོབས་བརྗོད། སློབ་མས་བུམ་པའི་མཚན་མའམ་ལྷ་གྲངས་ཀྱི་ཚོམ་བུ་ལོགས་སུ་བྱས་པ་སྐད་ཅིག་གིས་ལྷར་དམིགས་པ་ལ། པྲ་ཏིཙྪ་བཛྭ་ཧོཿཞེས་པས་དོར། ལྷ་དེའི་མཚན་མ་དང་དེ་དང་ཉེ་བར་བབས་ནའང་དེའི་རིགས་སུ་ཤེས་པར་བྱའོ། །ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བ་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྭ་ནེ་ཏྲཱ་ཨ་པ་ཧ་ར་པ་ཏྲ་ལཾ་སྲཱིཿ ཞེས་པས་གདོང་གཡོགས་བསལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར། རྣམ་དག་ནི། རི་མོ་ཉི་ཤུ་ཕྱོགས་བཞི་པ། །དེ་ནི་དཔའ་བོའི་རྣམ་པའོ། །འཁོར་ལོའི་རྩིབས་ནི་རྣལ་འབྱོར་མ། །ལྟེ་བ་རྡོ་རྗེ་ཕག་མོ་སྟེ། །ས་བོན་ཞེས་གྲགས་ཁྲག་འཐུང་མཆོག །འདབ་མ་མཁའ་འགྲོ་མའི་རང་བཞིན། །དཀྱིལ་འཁོར་དཀྱིལ་འཁོར་རྣམས་ཀྱི་མཆོག །སུམ་ཅུ་རྩ་བདུན་རྣམ་དག་པའོ། །ཞེས་པས་ལྷ་དང་གཞལ་ཡས་ཁང་གཉིས་སུ་མེད་པས་དེ་དག་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་བཞག་པ་བཤད་པར་བྱ་བའོ། དེ་ནས་ཧེ་རུ་ཀ་དཔལ་རྒྱུད། །སེམས་རྒྱུད་དྲི་མེད་ཡིན་པར་བཤད། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་བྱུང་། །མེ་ལོང་ལ་སོགས་རྣམ་པ་བཞི། །པདྨའི་འདབ་གནས་རྣལ་འབྱོར་མ། །མཁའ་འགྲོ་མ་སོགས་པདྨར་གནས། །མཱ་མ་ཀཱི་སོགས་བཟང་མོ་ཡིན། །ཐོད་པའི་དུམ་བུ་སོགས་འཁོར་གསུམ། །ཉི་ཤུ་རྩ་བཞི་གཉིས་མེད་ཡིན། །སེམས་ཅན་འཁོར་བ་ལས་སྒྲོལ་བས། །དཔའ་བོ་ཉིད་ནི་ཡིན་པར་བཤད། ཁྲོ་བོ་རྣམ་རྒྱལ་ལ་སོགས་ཀུན། །སྒོ་དང་མཐའ་ཡི་མཚམས་རྣམས་སུ། །སྣ་ཚོགས་འདུལ་བའི་ཐབས་ཅན་གྱིས། །སེམས་ཅན་དོན་ལ་བརྩོན་པར་མཛད། ཅེས་ལྷའི་དག་པ་བཤད། དབང་བསྐུར་བ་ལ། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། བཞི་པའི་དབང་བཞི། དང་པོ་ལ། རྡོ་རྗེ་སློབ་མའི་དབང་། །སློབ་དཔོན་གྱི་དབང་གཉིས་ཀྱི་དང་པོ། སྡོམ་འབྱུང་ལས། ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་གི་དབང་བསྐུར་ཏེ། །དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །ཅེས་པའི་ཆུ་དབང་ནི། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེ་སྩོལ་ཞིག །ལན་གསུམ་གྱིས་གསོལ་བ་གདབ། ལྷོ་སྒོར་སེང་གེའི་ཁྲི་རང་ཉིད་འཁོད་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ། དེར་སྔར་གྱི་མེ་ཏོག་ཕོག་པའི་ལྷས་སྔར་ཕུལ་བའི་མེ་ཏོག་གི་ཕྲེང་བ་འདི། ཨོཾ་པྲ་ཏཱི་གྲི་ཧྶཾ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་པས་སྤྱི་བོར་བཅིངས། སློབ་དཔོན་ནུས་པ་དང་ལྡན་པས་དཀྱིལ་འཁོར་ལྷ་མངོན་དུ་སྤྲུལ་དེས་སམ། ཡང་ན་བུམ་པ་སྔགས་ཡུངས་ཀར་གྱིས་བསྐུལ་བས་དེ་ཉིད་ནམ་མཁའ་ལ་འཕགས་པས་སམ། གཞན་དུ་སྙིང་གའི་ས་བོན་གྱིས་དབང་ལྷ་བཀུག་ནས་བསྐུར་བར་བྱའོ། དེ་ལ་ཨོཾ་ཁཎྜྻ་རོ་ཧི་ཧཱུྃ་ཧཱུྃ་ཕཊ྄་ཀྱིས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཐུགས་ཀྱི་བདེ་མཆོག་དེ་ལྟ་བུ་དང་དང་དབང་ལྷ་དེ་བཞིན་གཤེགས་པ་ལྔ་ཛཿཧཱུྃ་བཾ་ཧོཿདབང་ལྷ་སྤྱི་བོར་ཕོ་བྲང་བཏབ་སྟེ་བཞུགས་པ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས། བུམ་པ་ཐམས་ཅད་ཀྱི་ཆུ་རྣམ་རྒྱལ་དུ་བསྡུས་ཏེ། རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བུམ་པ་དེ་སྤྱི་བོར་བཞག །གཡོན་པས་དྲིལ་བུ་འཁྲོལ་བས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱིས་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཏུ་མཱཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཁྲུས་བྱས། རྣམ་ཤེས་ཕུང་པོ་རྣམ་དག་པའི། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། ཞེས་དགོས་པ་བཤད། ཁཎྜྻ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་གྱི་ཅོད་པན་དར་དཔྱངས་དང་བཅས་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྡོ་རྗེ་ཉི་མ་སྐུ་མདོག་དམར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡོན་ཏན་གྱི་བདེ་མཆོག་དེ་ལྟ་བུ་དང་དབང་ལྷ་དེ་བཞིན་གཤེགས་པ་ལྔ་ཛཿཧཱུྃ་བཾ་ཧོཿ དབང་ལྷ་སྤྱི་བོར་ཕོ་བྲང་བཏབ་སྟེ་བཞུགས་པ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་དར་དཔྱངས་གྱིས་མཛེས་པས། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས། །རིན་ཆེན་དག་གིས་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩྨ་ཏུ་མཾ། ཚོར་བའི་ཕུང་པོ་རྣམ་དག་པ། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། ཁཎྜྻ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། བདག་དབང་རྫས་ཀྱི་རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་འོད་དཔག་མེད་སྐུ་མདོག་མཐིང་ག་པདྨ་དང་དྲིལ་བུ་འཛིན་པ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གསུང་གི་བདེ་མཆོག་དེ་ལྟ་བུ་དང་དབང་ལྷ་དེ་བཞིན་གཤེགས་པ་ལྔ་ཛཿཧཱུྃ་བཾ་ཧོཿ དབང་ལྷ་སྤྱི་བོར་ཕོ་བྲང་བཏབ་སྟེ་བཞུགས་པ་རྣམས་གྱི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱིས་རྡོ་རྗེ་གཡས་སུ་གཏད། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་གཟུང་། །ཨོཾ་བཛྭ་ཨ་དྷི་པ་ཏི་སྟཾ་ཨ་བྷི་ཥིཉྩྨ་མི་ཏིཥྛ་བཛྭ་ས་མ་ཡ་ཧྶཾ། འདུ་ཤེས་ཕུང་པོ་རྣམ་དག་པ། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པ། །སོ་སོར་རྟོག་པའི་ཡེ་ཤེས་གྱིས། །དཔལ་ལྡན་གསུང་གི་དབང་བསྐུར་རོ། ཁཎྜྻ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། བདག་དང་དབང་རྫས་ཀྱི་དྲིལ་བུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྟ་མཆོག་སྐུ་མདོག་ལྗང་ག་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྲིན་ལས་ཀྱི་བདེ་མཆོག་དེ་ལྟ་བུ་དང་དབང་ལྷ་དེ་བཞིན་གཤེགས་པ་ལྔ་ཛཿཧཱུྃ་བཾ་ཧོཿ དབང་ལྷ་སྤྱི་བོར་ཕོ་བྲང་བཏབ་སྟེ་བཞུགས་པ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱིས་དྲིལ་བུ་གཡོན་དུ་གཏད། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བར་བཞེད། །ཨོཾ་བཛྭ་སཏྭ་ཨ་དྷི་པ་ཏིཧྶཾ། ཨ་བྷི་ཥིཉྩྨ་མི་ཏིཥྛ་བཛྭ་ས་མ་ཡ་ཧྶཾ། འདུ་བྱེད་ཕུང་པོ་རྣམ་དག་པ། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་ནན་ཏན་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། ཁཎྜྻ་རོ་ཧིས་བསངས། སྭཱ་བྷཱ་ཝས་སྦྱངས། བདག་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་རྣམ་པར་སྣང་མཛད་སྐུ་མདོག་སེར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྐུའི་བདེ་མཆོག་དེ་ལྟ་བུ་དང་དབང་ལྷ་དེ་བཞིན་གཤེགས་པ་ལྔ་ཛཿཧཱུྃ་བཾ་ཧོཿ དབང་ལྷ་སྤྱི་བོར་ཕོ་བྲང་བཏབ་སྟེ་བཞུགས་པ་རྣམས་ཀྱིས་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱིས་མགོ་བོར་རྡོ་རྗེ་དང་དྲིལ་བུ་འཛིན་པས། སངས་རྒྱས་ཀུན་གྱིས་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ནས་རབ་སྒྲུབ་ཕྱིར། །རྡོ་རྗེ་མིང་འདི་ཁྱོད་ཀྱིས་ལོངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མི། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ་མེ་ཏོག་ཕོག་པ་དེའི་མིང་བཏགས་སོ། གཟུགས་ཀྱི་ཕུང་པོ་རྣམ་དག་པ། །ཉོན་མོངས་གཏི་མུག་སྦྱོང་བྱེད་ཅིང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །དེ་ལྟར་དབང་བསྐུར་བ་འདི་ཐོབ་པའི་རྟགས་ཀྱི་འཆར་ཚུལ་མ་རིག་པ་དང་མི་མཐུན་པའི་རིག་པ་བསྐྱེད་པས། ཕུང་པོ་ཐ་མལ་དུ་རྟོགས་པ་ལས་ལོག་ནས་ལྷ་སྐུ་སྒྱུ་མ་ཙམ་དུ་འཆར་བ་དེའི་ལྟ་བ་ནི་སྣང་སེམས་དབྱེར་མེད་དུ་ཤེས་པ། སྒོམ་པ་སེམས་སྟོང་རྐྱང་དུ་མི་འཇོག་པར་གསལ་བ་ལྷའི་འཁོར་ལོ་སློང་བ་སྤྱོད་པ་ཀུན་ཏུ་བཟང་པོ། དམ་ཚིག་བདུད་རྩི་ལྔ་བསྟེན་ཏེ་འདོད་ཡོན་ལམ་དུ་ཁྱེར་བ། སྡོམ་པ་ཐ་མལ་གྱི་སྣང་བ་སྡོམ་པའོ། །དེའི་ཕྱིར་འདི་ཙམ་གྱིས་དབང་བསྐུར་བས་ཀྱང་ཕྱི་རྣལ་འབྱོར་གྱི་རྒྱུད་མན། འཆད་པ་ལ་དབང་བ་ཡིན་ནོ། །སློབ་དཔོན་དུ་འགྱུར་བ་དེ་ཡང་དང་པོ་སྔགས་ཀྱི་སྐུ་བསྒྲུབས་ནས་ཕྱིས་ཡེ་ཤེས་ཀྱི་སྐུ་སྒྲུབ་པར་འོས་པའི་སློབ་མ་དག་ལ་ཡིན་ལ། འདི་ལ་འདིའི་མཐར་མཐའ་བརྟེན་བཞི་སྦྱིན་པར་གསུངས་ཏེ། མཆོག་བསྒྲུབ་པའི་བསྐྱེད་རིམ་གྱི་རྡོ་རྗེ་སློབ་དཔོན་དུ་མི་འོས་པའི་ཕྱིར་དང་། དེ་ཙམ་གྱིས་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་སྣོད་དུ་འགྱུར་བས་སོ། །དེའི་ཕྱིར་བུམ་པའི་དབང་རང་ལ་ཡང་། རྣལ་འབྱོར་རྒྱུད་དངོས་ཟིན་དང་མཐུན་པ་དང་ཁྱད་པར་གཉིས་སུ་ཤེས་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རིར་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀངས་ཤིང་། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་ཕུལ་བས། ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜྻ་ལ་ཀཾ་ནིརྻ་ཏཱ་ཡ་མི། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། སྡོམ་འབྱུང་ལས། ཕྱིར་མི་ལྡོག་པའང་སྦྱིན་བྱ་སྟེ། །གདུགས་དང་གདན་དང་རིག་པ་སོགས། །རྡོ་རྗེ་དྲིལ་སོགས་ཡང་དག་ལྡན། །ཡང་དག་རྫོགས་པའི་སློབ་དཔོན་དབང་། །རྡོ་རྗེ་སེམས་དཔའ་ཕྱིར་མི་ལྡོག །སྦྱིན་བྱ་བུམ་པ་ཡང་དག་ལྡན། །ཞེས་རིག་སྦྱོར་གྱི་དབང་། བུམ་དབང་། སློབ་དཔོན་རབ་འབྱམས་ཀྱི་དབང་གསུམ་དངོས་གཞི། འདོགས་བཞི་མཐའ་བརྟེན་ནོ། །དང་པོར་རིག་སྦྱོར་གྱི་དབང་ནི། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་དེ་ཉིད་གསུམ་པོ་འདི་ཤེས་ན། སློབ་དཔོན་དུ་འོས་པས་དེ་གསུམ་བསྒྲུབ་པའི་ཕྱིར་ཡིན་པས། སློབ་མ་ཆེར་གྱུར་ཤེས་ནས་ནི། །སྟོན་པས་དེ་ལ་གནང་བ་སྦྱིན། །ཞེས་བརྟག་གཉིས་ཀྱི་ལུང་འཕྲོ་དེ་ཉིད་དུ་བྱུང་བས། གཉིས་པ་དེར་བསྐོ་བ་དང་། གསུམ་པ་བསྐོས་པ་དེ་ལ་བྱ་བ་འདི་ལྟ་བུ་བྱེད་དགོས་སོ་ཞེས་བརྗོད་པ་ཡིན་པ་ལ། སྡོམ་འབྱུང་དུ་དཀྲུགས། །རྩ་བའི་རྒྱུད་བཞིན་འགྲེལ་བས་འཁྲུགས་བསལ་བ་ཡིན་ནོ། དེའི་ཕྱིར་བརྟག་གཉིས་ལས། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་གཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་གསུངས་པའོ། སྐུ་སྐྱེ་མེད་ཀྱི་དབང་འཁྱུད་པའི་ཕྱག་རྒྱ་བཅའ། ཡིད་ཀྱི་ལུས་ནི་བརྟན་བྱེད་པ། །དེ་ནི་ཕྱག་རྒྱ་ཞེས་སུ་བསྒྲགས། །གང་གི་ལུས་ཀུན་བརྟན་བྱེད་པ། དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། ཞེས་དང་རིག་མ། གསུང་བརྗོད་མེད་ཀྱི་དབང་། དྲིལ་བུ་གཡོན་དུ་གཏད། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །བསྲུབ་བྱ་དེའི་སྐྱེ་གནས། ཐུགས་རྟོག་མེད་ཀྱི་དབང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །སྲུབ་བྱེད་རང་གི་རྟགས། སྲུབ་བྱེད་འདིས་མཚོན་ནས་ཆོས་ཐམས་ཅད་ཟུང་འཇུག་ཏུ་བརྡ་སྤྲོད་པའོ། །དེའི་ཕྱིར་སྡོམ་འབྱུང་ལས། དྲིལ་སོགས་ཡང་དག་ལྡན་གྱི་སོགས་སྒྲ་ནི་མཉམ་པར་སྦྱོར་བ་སྟེ་ཐབས་ཤེས་ཟུང་འཇུག་ཏུ་རྟོགས་ན་སྔགས་ཀྱི་སློབ་དཔོན་གྱི་འོས་སོ་ཞེས་སྟོན་པ། ད་ནི་བུམ་དབང་སློབ་དཔོན་འོས་པ་དེ་ལ། འོག་ཏུ་སེངྒེའི་ཁྲི་པདྨ་དང་ཉི་མའི་གདན། སྟེང་དུ་གདུགས་ཕུབ་པའི་འོག་ཏུ། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་རློན་པ་ལྔ་ཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེང་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱྃ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཨིནྟྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་ཅུའི་དོ་ཤལ་བྱས་པ་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཨོཾ་ཧཿ གཙོ་བོའི་སྙིང་གར་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཌཱ་མ་རུ་ཚངས་མགོ །གཡོན་གསུམ་དྲིལ་བུ་ཐོད་པ་ཁཊྶཱྃ་ག་བསྣམས་པ། ན་མ་ཧི། དཔྲལ་བར་རྣམ་པར་སྣང་མཛད་སེར་པོ། སྭ་ཧ་ཧུ། སྤྱི་བོར་རིན་ཆེན་འབྱུང་གནས་དམར་པོ། བཽ་ཥཊ་ཧེ། ཕྲག་པ་གཉིས་ལ་ཧེ་རུ་ཀ་ནག་པོ། ཧཱུྃ་ཧཱུྃ་ཧོཿ སྤྱན་གསུམ་ལ་འོད་དཔག་མེད་མཐིང་ག །ཕཊ྄་ཧཾ། ཡན་ལག་ཐམས་ཅད་ལ་དོན་ཡོད་གྲུབ་པ་ལྗང་གུ །དེ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། འཁོར་ལོ། རིན་པོ་ཆེ། རྡོ་རྗེ་པདྨ། སྣ་ཚོགས་རྡོ་རྗེ་དང་དེའི་དྲིལ་བུ་ཐུགས་ཀར་བསྣོལ་བ། ལྷག་མ་གཉིས་ཌཱ་མ་རུ་དང་ཐོད་པ། དཔའ་བོའི་ཆས་ཀྱིས་བརྒྱན་ཏེ་གཡས་བརྐྱང་གིས་བཞུགས་པ། ཨོཾ་ཧཿ ན་མ་ཧི། སྭ་ཧ་ཧུ། བཽ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོཿཕཊ྄་ཧཾ། ཨོཾ་བཾ། ཡུམ་གྱི་ལྟེ་བར་ཕག་མོ་དམར་མོ་དམར་ལྗང་སེར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག ཁཊྶཱྃ་ག ལྕགས་ཀྱུ། གཡོན་གསུམ་ཐོད་པ། ཚངས་མགོ །ཞགས་པ་བསྣམས་པ། ཧཾ་ཡོཾ་སྙིང་གར་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་མགྲིན་པར་རྨོངས་བྱེད་མ་དཀར་མོ། སྲཱིཾ་སྲཱིཾ་མཚོག་མར་སྐྱོད་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྤྱི་གཙུག་ཏུ་སྐྲག་བྱེད་མ་ལྗང་གུ། ཕཊ྄་ཕཊ྄་ཡན་ལག་ཐམས་ཅད་ལ་ཙཎྜྻཱི་ཀ་དུད་ཁ། དེ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་གྲི་གུག་དང་ཐོད་པ། ལྷག་མ་གཉིས་ཁཊྶཱྃ་ག་དང་ཌཱ་མ་རུ་དཔའ་མོའི་ཆས་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་བཞུགས་པ། ཨོཾ་བཾ། ཧཾ་ཡོཾ། སྲིཾ་མོཾ། སྲིཾ་སྲིཾ། ཧཱུྃ་ཧཱུྃ། ཕཊ྄་ཕཊ྄། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ། བཾ་ལས་ནོར་བུ་དམར་པོ་ཕཊ྄་སེར་པོས་བུ་ག་བཀག་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་ཨོཾ་ལས་ཟེའུ་འབྲུ་སྔོན་པོ་ཕཊ྄་སེར་པོས་བུ་ག་བཀག་པ། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཐུགས་ཀྱི་བདེ་མཆོག་དེ་ལྟ་བུ་དང་དབང་ལྷ་དེ་བཞིན་གཤེགས་པ་ལྔ་ཛཿཧཱུྃ་བཾ་ཧོཿ དབང་ལྷ་སྤྱི་བོར་ཕོ་བྲང་བཏབ་སྟེ་བཞུགས་པ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་མཁའ་འགྲོ་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཏུ་མཾ། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཁྲུས་བྱ་འདི་སྡོམ་འབྱུང་ལས་རིག་པ་སོགས་ཀྱི་སོགས་སྒྲས། ཆས་སུ་བཅུག་པ། ཕྱག་མཚན་གྱིས་སྤྱོད་པའི་བརཏལ་ཞུགས་སྦྱིན་པ་བཤད་དེ། རྩ་བའི་སྔགས་ཀྱི་དཔའ་བོ་གང་། །ཚངས་པའི་སྐུད་ལ་སོགས་པ་བཏག །ལྷ་ཡི་སྙིང་པོའི་གསང་སྔགས་ཀྱི། །བརྒྱ་ཕྱེད་ཕྲེང་བས་བརྒྱན་པ་ཡིན། །ཐོད་པའི་དུམ་བུ་ལ་སོགས་ཀུན། །ལུས་ཀྱི་ཁམས་སུ་བཏག་པར་བྱ། །དཔའ་བོའི་གོ་ཆ་དྲུག་གིས་ནི། །རྒྱ་ནི་ལུས་ནི་མཛེས་པ་ཡིན། །རྡོ་རྗེ་ཕག་མོ་སོགས་སྔགས་གང་། །མགུལ་ཆུ་མགྲིན་པ་མཛེས་པ་སྟེ། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མའི། །པགས་པའི་གོས་ནི་འཛིན་པའི་མཆོག །ཡི་གེ་བདུན་གྱི་གསང་སྔགས་ཀྱི། །རྣ་ཆས་སྙན་ནི་མཛེས་པ་ཡིན། །རྣལ་འབྱོར་མ་དྲུག་གསང་སྔགས་གང་། །སྐ་རགས་རྒྱས་པས་བརྒྱན་པ་ཡིན། །འཁོར་ལོ་ཀུན་གྱིས་རྣལ་འབྱོར་མའི། །སྔགས་ནི་ལག་པའི་ཐོད་པ་ཡིན། །རྣམ་པར་སྣང་མཛད་ཡུམ་སྔགས་གང་། །ཐོད་པས་མགོ་བོ་བརྒྱན་པ་ཡིན། །ཞེས་པས་ཆས་རྣམས་གཏད། ཁ་ཊྶཱྃ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་རུ་བཤད། །བརྗོད་པ་ཕྱག་མཚན་གྱིས། ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །མཚན་མོ་བཅོམ་ལྡན་མ་བརྟག་བྱ། །མི་བྱ་ཅི་ཡང་ཡོད་མ་ཡིན། །རྟག་ཏུ་མི་བསམ་ཡོད་མ་ཡིན། །མི་ཟ་ཅི་ཡང་ཡོད་མིན་ལ། །དགེ་དང་མི་དགེ་མི་སྨྲ་མེད། །བདག་ཉིད་ཇི་བཞིན་འགྲོ་དེ་བཞིན། །བདག་ཇི་འདྲ་བར་གཞན་དེ་བཞིན། །དེ་ལྟར་རྣམ་བསམས་རྣལ་འབྱོར་བདག །འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །དཔའ་བོ་སེངྒེ་བཞིན་དུ་སྤྱོད། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཧེ་རུ་ཀ་དཔལ་གཞིར་གནས་པའི། །ཡན་ལག་བསྐྱོད་པ་ཇི་སྙེད་དང་། །ཚིག་ཏུ་བརྗོད་པ་ཇི་སྙེད་པ། །དེ་སྙེད་ཕྱག་རྒྱ་གསང་སྔགས་ཡིན། །རིགས་ལྔའི་ཀུན་ཏུ་སྤྱོད་པ་ནི། །རིགས་གཅིག་ཏུ་ནི་སྤྱད་པར་བྱ། །དེ་ལྟར་ཤེས་པའི་བདག་ཉིད་ཅན། །གོ་འཕང་མཆོག་ཏུ་འགྲོ་བར་འགྱུར། །ཞེས་སྤྱོད་པའི་བརཏལ་ཞུགས་སྦྱིན། སློབ་དཔོན་རབ་འབྱམས་ཀྱི་དབང་ལ། ནོར་བུ་གཏད་དེ། གཟུང་བྱ་རྣམ་ཤེས་ཡེ་ཤེས་ནི། །བླ་མས་བསྟན་ལ་བརྩོན་བྱ་སྟེ། ཕྱི་རོལ་གྱི་ནི་བསྟན་བཅོས་པ། །ལམ་དེ་ཤིན་ཏུ་རིང་བ་ཡིན། །རྣལ་འབྱོར་པ་རྣམས་ཐམས་ཅད་ཀྱིས། །བླ་མའི་བསྙེན་བཀུར་ལ་བརྩོན་གྱིས། །བརྒྱུད་པ་ཡིད་བཞིན་ནོར་བུས་གཞན་རྗེས་སུ་འཛིན་ཚུལ་ལོ། མར་སྦྲང་བགོས་པའི་མིག་ཐུར་གྱིས་མིག་འབྱེད་པའི་ཚུལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་སེལ། །ཆོས་ཐམས་ཅད་ལ་བལྟ་བ་མེ་ལོང་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་རིགས་སྐྱེ། །ཆོས་དེ་དག་ཀྱང་སྒྱུ་མ་ཙམ་དུ་ཤེས་པར་བྱ་བ། །དུང་འཁོར་ལོ་པོ་ཏི་གཏད། བྱ་བ་སྤྱོད་པ་མདོ་སྡེ་དང་། །རྣལ་འབྱོར་གསང་སོགས་དབྱེ་བ་ཉིད། །འཇིག་རྟེན་ཀུན་ལ་བཤད་པ་ནི། །བྱང་ཆུབ་དོན་གྱི་རྒྱུ་ཉིད་ཡིན། །ང་ཡིས་འཇུག་པར་བཤད་པ་ནི། །ཚོགས་གཉིས་གཉིས་སུ་མེད་པ་ཡིན། །སྐས་གཏད། ཐམས་ཅད་བདེན་པ་གཉིས་ལ་ནི། །བརྟེན་པར་ངས་ནི་སྔོན་བཤད་པ། །རྣལ་འབྱོར་པ་ཡི་དངོས་གྲུབ་ཀྱི། །བསྒོམ་པ་མངོན་དུ་འགྱུར་བ་ཡིན། །ཞེས་སྨིན་ལམ། གྲི་གུག་གཏད། སྤྲོས་པ་ཀུན་ལ་དམིགས་ནས་ནི། །སྤྲོས་པས་སྤྲོས་པ་མེད་པར་བྱ། །རྒྱུད་རྣམས་ཀུན་ཏུ་གསང་བ་གང་། །སྤྲུལ་པ་རྣམས་ཀྱིས་དེ་ཉིད་བསྟན། །གྲོལ་ལམ། ཟས་ཀྱིས་གང་བའི་ཐོད་པ་གཏད། གཉིས་མེད་ཡེ་ཤེས་སེམས་ལྡན་པས། །མི་བྱ་བ་ནི་ཅི་ཡང་མེད། །མི་རྟོག་བདག་ཉིད་སེམས་ཀྱིས་ནི། །འདོད་པའི་ཡོན་ཏན་ལྔ་རྣམས་སྤྱད། །ཚོགས། སྦྲུལ་དང་མི་གཟུགས་གཏད། སེམས་ནི་གནས་གྱུར་རྣལ་འབྱོར་པ། །མྱ་ངན་འདས་པ་རྟག་མི་བྱ། །དེ་ལྟར་སྤྱོད་པའི་སྐྱེས་མཆོག་ནི། །སྡིག་པ་ཐམས་ཅད་རྣམ་དག་འགྱུར། །འཇིག་རྟེན་འདིའམ་ཕ་རོལ་ཏུ། །འདིས་ནི་སངས་རྒྱས་ཉིད་མཐོང་འགྱུར། །ཇི་ལྟར་སྔར་བཤད་སྡིག་པ་རྣམས། །སྤང་བར་བྱ་བའི་མཚན་ཉིད་ཡིན། །གང་གི་འདི་བསྒོམ་རྣལ་འབྱོར་པ། །འདོད་པའི་བདེ་བ་ཐམས་ཅད་སྟེར། །སྡིག་པ་སྤང་དགེ་བ་བསྒྲུབ། ཉི་མ་གཏད། གཉིད་ལོག་མ་ལོག་ལྡང་བ་དང་། །ཟའམ་འགྲོ་བའི་ཆོས་སྤྱོད་པ། །གང་ཡིན་དེ་ནི་རྣམ་དགོད་ན། །འཇིག་རྟེན་གསུམ་ཡང་མི་གཡོའོ། །དགག་སྒྲུབ་མི་བྱ་བའི། མཚོ་གཏད། ཇི་ལྟར་ནང་གི་བདག་ཉིད་ཤེས། །ཕྱི་ཡི་དཀྱིལ་འཁོར་དམ་པ་ཡིན། །རྣམ་དགོད་ཇི་ལྟར་སྦྱར་བ་ནི། །སྙིང་པོ་ཐམས་ཅད་བསྡུས་པ་སྟེ། གནས་སོགས་ལུས་སུ་ལྟ་བ། དེ་ནས། མི་བཟད་ལས་ནི་གང་གང་གིས། །སྐྱེ་བོ་རྣམས་ནི་འཆིང་འགྱུར་བ། །ཐབས་དང་བཅས་པ་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །འཁོར་བའི་ཕ་རོལ་བརྒལ་ནས་ནི། །ཅི་འདོད་ཡེ་ཤེས་ཅན་དུ་འགྱུར། །མ་དག་པ་ཐབས་ཀྱིས་ཟིན་པ་ལས་དག་སྣང་གཞན་མེད་པར་ངོ་སྤྲད། དཔག་བསམ་གྱི་ཤིང་གཏད། དེ་ནས་ཕ་རོལ་ཕྱིན་དྲུག་དང་། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །གནས་སོགས་ས་ནི་བཅུ་རྣམས་དང་། །ཆེ་མཆོག་ལྷ་ཡི་བདག་ཉིད་ཅན། །དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་ནི་དེ་ཡི་དངོས་འགྱུར་ཏེ། །སྣ་ཚོགས་གཟུགས་ནི་ནོར་བུ་འདྲ། །ལྷ་བསྒོམ་པ། ཕྲེང་བ་གཏད། ཨཱ་ལི་ཀཱ་ལི་མ་གཏོགས་པར། །གལ་ཏེ་ཆོས་འདི་འདོད་ན་ནི། །དེ་ཡི་ངལ་བ་དོན་མེད་དེ། །འབྲས་བུ་ཐོབ་པར་མི་འགྱུར་རོ། །བཟླས་པ། པདྨ། འབད་དེ་འདོད་བྱ་དམིགས་ནས་ནི། །དེ་བཞིན་ཉིད་བདག་རྣལ་འབྱོར་པས། །ཇི་ལྟར་ཧེ་རུ་ཀ་ཡེ་ཤེས། །ཇི་འདོད་པ་ནི་ཡོངས་སུ་སྤྱོད། །རྫོགས་རིམ། འཁོར་ལོ་གཏད། རྣ་བས་རིང་ནས་ཐོས་པ་དང་། །སྐད་ཅིག་གིས་མཐོང་རྣལ་འབྱོར་པ། །ཆོས་འདི་ཇི་ལྟར་ཤེས་ན་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་ཡིན། །ཆོས་སྟོན་པ། མདའ་གཞུ་གཏད། རྒྱུད་འདི་ཡི་ནི་རྣལ་འབྱོར་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །སེམས་ཅན་ཐམས་ཅད་བསད་ནས་ནི། །ལོངས་སྤྱོད་ཀུན་ལ་ཉེར་སྤྱོད་བྱ། །བདུད་འདུལ་བ། མཆོད་རྫས་གཏད། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་ལའང་གཟུང་བར་བྱ། །གཉིས་མེད་གཉིས་མེད་འཁོར་ལོ་བཅས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །རྒྱ་གྲམ། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང་། །བསད་དང་བསྐྲད་པ་དེ་དག་སྟེ། །ཕྲིན་ལས་ཐམས་ཅད་སྒྲུབ་པར་གྱིས། །རལ་གྲི། རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལཧྭམ་དེ་བཞིན་རིལ་བུ་དང་། །མི་སྣང་བ་དང་བཅུད་ཀྱིས་ལེན། །དེ་དག་ཅི་དགར་སྒྲུབ་པར་གྱིས། །དུང་བྱིན། ཇི་ལྟར་སྔོན་གྱི་རྒྱལ་བ་ལྟར། །སྙན་པ་ཕྱོགས་བཅུར་སྒྲོག་པར་གྱིས། །མཐར་བརྟེན། སྡོམ་འབྱུང་ལས། བརཏལ་ཞུགས་དང་ནི་ལུང་བསྟན་ཉིད། །རྗེས་གནང་དང་ནི་དབུགས་དབྱུང་དང་། །ཞེས་བཤད་པ་བཞིའི་དང་པོ་རྡོ་རྗེའི་བརཏལ་ཞུགས་ནི། རང་ཉིད་ཧེ་རུ་ཀ་ནག་པོར་གྱུར་པ་ལས། །འདི་སྟེ་དཔའ་བོ་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་ཡི་བརཏལ་ཞུགས་བསྟན། །ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ཧྶཾ་སིདྡྷྱ་བཛྭ་ས་མ་ཡ་ཏིཥྛ། ཨེ་ཥ་ཡ་ཧྶཾ་དྷཱ་ར་ཡཱ་མི་བཛྭ་སཏྭ་སྲཱིཿཧི་ཧི་ཧི་ཧི་སྭཱ་ཧཱ། སློབ་དཔོན་ཤཱཀྱ་ཐུབ་པར་བསམ་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་གཡོན་ཀྱིས་བཟུང་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས། ཁྲག་འཐུང་རྡོ་རྗེ་དེ་བཞིན་གཤེགས། །ངས་ནི་ཁྱོད་ལ་ལུང་བསྟན་བྱ། །སྲིད་པ་ངན་འགྲོ་ལས་བཏོན་ཏེ། །སྲིད་པ་ཤིན་ཏུ་དག་ཕྱིར་རོ། །སརྦ་ཏ་ཐཱ་ག་ཏ་སིདྡྷྱ་ས་མ་ཡ་ཧྶཾ་བྷཱུར་བྷཱུ་བཿསྭཿ ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་པ། མཁའ་འགྲོ་དང་མཁའ་འགྲོ་མ་ཀུན་གྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བྱེད་དེ་དད་པར་བྱའོ། ཞེས་བརྗོད་པ་ལུང་བསྟན་ནོ། དེ་ནས་འཁོར་ལོ་སྡོམ་པ་རིགས་ལྔར་གསལ་བཏབ་སྟེ། འཁོར་ལོ་ལ་སོགས་པ་གཏད་ནས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །རྡོ་རྗེའི་འཁོར་ལོ་བསྐོར་བར་བགྱི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །རིན་ཆེན་འཁོར་ལོ་བསྐོར་བར་གྱི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །པདྨའི་འཁོར་ལོ་བསྐོར་བར་བགྱི། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །རལ་གྲིའི་འཁོར་ལོ་བསྐོར་བར་བགྱི། །ཞེས་རིགས་ལྔའི་རྗེས་གནང་ངོ་། གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཆོག་ཏུ་རབ་ཞུགས་མཐོང་བས་ན། །དེང་ཁྱོད་སྡིག་པ་ཐམས་ཅད་ལས། །རྣམ་གྲོལ་བཟང་པོར་གྱུར་པས་གནས། །སྡིག་པ་དག་པར་དབུགས་ཕྱུང་། སངས་རྒྱས་ཀུན་གྱིས་མཉམ་གསུངས་པའི། །རྗེས་གནང་མཆོག་ཏུ་དབུགས་དབྱུང་བ། །དངོས་གྲུབ་དམ་ཚིག་སྡོམ་པ་ནི། །འདི་དག་རྟག་ཏུ་སྲུང་བར་གྱིས། ཕྱིར་མི་ལྡོག་པར་དབུགས་ཕྱུང་། སློབ་མས་ཕྱག་བྱས་ནས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །རང་གི་ལུས་ཀྱང་ཡོན་དུ་འབུལ་དགོས་ན། །བདོག་པ་ཐམས་ཅད་བཏང་བ་ལྟ་ཅི་སྨོས་ཞེས་བསམས་ནས་མཉེས་པར་བྱས་ཏེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་ཁས་བླངས་པ་བརྗོད་དོ། གསང་དབང་གི་ཕྱིར་མ་རྡོ་རྗེ་སློབ་དཔོན་དུ་འོས་ཕུལ་ལ། སློབ་དཔོན་ཡབ་ཡུམ་གྱིས་ཚོགས་ཀྱི་དཀྱིལ་འཁོར་ལེགས་པར་བསྒྲུབས་ལ། དེར་བླ་མ་ལོངས་སྐུའི་བདག་ཉིད་ཅན་ལ་གསང་དབང་ཞུ་བའི་ཡོན་དུ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རིའི་བརྒྱན། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀངས་ཤིང་། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་ཕུལ་བས། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜྻ་ལ་ཀཾ་ནིརྻ་ཏཱ་ཡ་མི་ཞེས་མཎྜྻལ་ཕུལ། གསོལ་བ་གདབ་པ་ནི། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །ཕྱིར་མི་ལྡོག་པའི་དབང་བསྐུར་ཐོབ། །དེ་རིང་གསང་བའི་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་སོ། གསང་དབང་ལ་བཞི་སྟེ། བླ་མ་གསལ་སྟོང་གི་དབང་། སྣང་སྟོང་འཛིན་མེད་ཀྱི་དབང་། བྱང་སེམས་བདེ་སྟོང་གི་དབང་། ཐིག་ལེ་སྟོང་པ་བརྗོད་མེད་ཀྱི་དབང་ངོ་། དང་པོ། དཀྱིལ་འཁོར་གྱི་གཙོ་བོ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེང་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁཊྶཱྃ་ག བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཨིནྟྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་ཅུའི་དོ་ཤལ་བྱས་པ་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། གཙོ་བོའི་སྙིང་གར་ཨོཾ་ཧཿ དཔྲལ་བར་ན་མ་ཧི། སྤྱི་བོར་སྭ་ཧ་ཧུ། ཕྲག་པ་གཉིས་ལ་བཽ་ཥཊ་ཧེ། སྤྱན་གསུམ་ལ་ཧཱུྃ་ཧཱུྃ་ཧོཿ ཡན་ལག་ཐམས་ཅད་ལ་ཕཊ྄་ཧཾཿ གཙོ་མོའི་ལྟེ་བ་ཨོཾ་བཾ། སྙིང་གར་ཧཾ་ཡོཾ། མགྲིན་པར་སྲིཾ་མོཾ། དཔྲལ་བར་སྲིཾ་སྲིཾ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ། བཾ་ལས་ནོར་བུ་དམར་པོ་ཕཊ྄་སེར་པོས་བུ་ག་བཀག་པ། ཡུམ་གྱི་མཁའ་ཨཿལས་པདྨ་དམར་པོ་ཨོཾ་ལས་ཟེའུ་འབྲུ་སྔོན་པོ། ཕཊ྄་སེར་པོས་བུ་ག་བཀག་པ། སྟོང་པ་ཉིད་གསལ་བར་ལངས་པ་དེ་ཡང་སྒྱུ་མ་ཙམ་དུ་ལྟ་བའོ། རྒྱས་པར་ན་ཚོགས་ཀྱི་དཀྱིལ་འཁོར་བསྒྲུབས། དེར་སློབ་མ་གཞུག་པ་ཡིན་ནོ། གཉིས་པ། སྙོམས་པར་ཞུགས་པས་ཡབ་ཡུམ་གྱི་ནཱ་ཌི་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་བས་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་ཐམས་ཅད་ཞུ་བའི་ཐིག་ལེ་གཉིས་ཤོར་གཉིས་མཉམ་གྱི་སྐབས་སོ། །གསུམ་པ། དེ་བྷ་གར་བཏང་། སློབ་དཔོན་གྱིས། སྦྲང་རྩི་ཁྲག་དང་ག་པུར་བཅས། །ཙན་དན་དམར་པོ་སྦྱར་བྱས་པ། །རྡོ་རྗེའི་ཆུ་དང་བསྲེས་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའི། །དེ་དག་བདུད་རྩི་ལྔར་ནི་གྱུར། །མཐེ་བོང་སྲིན་ལག་སྦྱར་བ་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་བཟའ། །ཞི་བའི་བཏུང་བ་བཞིན་མྱངས་ན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་བརྗོད། སློབ་མ་རྟོག་པ་ཆུང་ན་བྷ་ག་ནས་ཁས་བླང་། ཆེ་ན་རྫས་གཞན་དང་བསྲེས་པ་ཉ་ལྕིབས་སོགས་སུ་བྱིན་ཞེས། དངོས་སུ་ད་ལྟ་ཐོད་པའི་བདུད་རྩི་དམ་ཚིག་གིས་རིལ་བུ་སྦྱངས་པ་ནས་སོ། སློབ་མས་ཁར་འཐུང་དུས། ལྕེ་སྟེང་དུ་ཐོད་པ། སྣ་རྩེར་ཐིག་ལེ་དཀར་པོ། སྨིན་མཚམས་སུ་ཐིག་ལེ་དམར་པོ་དེ་དག་སྦྱོར་བ་བྱས་པས་མཆེད་པའི་ཐིག་ལེས་ཀ་པཱ་ལ་གང་། དེ་ལུད་པས་ལུས་གང་བར་བསམ་བཏུང་ངོ་། བཞི་པ། བར་སྣང་དུ་ཧེ་རུ་ཀ་ཡབ་ཡུམ་སྦྱོར་བ་མཛད་པའི་མཚམས་ནས་བྱང་སེམས་ལྷུང་བ་བདག་གི་ཁར་བབས། དེ་ནས་ཁོང་དུ་སོང་བས་གཉིས་སུ་འཛིན་པ་གྲོལ་ནས་སྒྱུ་མ་ལྟ་བུས་དམ་ཚིག་ཐམས་ཅད་བསྟེན་པར་བྱ་སྟེ། ལས་རྣམས་ཀུན་ལ་ཐབས་བཅས་ཤིང་། །དོགས་པ་མེད་པར་གང་སྤྱོད་དང་། །རྣམ་པར་མི་རྟོག་བསྒོམ་པ་ནི། །བརཏལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །ཅེས་བསྒོ་བར་བྱའོ། བླ་མ་ཆོས་སྐུའི་བདག་ཉིད་ཅན་ལ་དབང་གསུམ་པ་ཞུ་བའི་ཡོན་དུ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རིར་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀངས་ཤིང་། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་འབུལ་ན། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜྻ་ལ་ཀཾ་ནིརྻ་ཏ་ཡ་མི། ཞེས་མཎྜྻལ་ཕུལ། གསོལ་བ་གདབ་པ་ནི། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །གསང་བའི་དབང་བསྐུར་ལེགས་པར་ཐོབ། །དེ་རིང་ཤེས་རབ་ཡེ་ཤེས་དབང་། །མགོན་པོས་བདག་ལ་སྩལ་དུ་གསོལ། །གསུམ་པ་འདི་ལ་བཞི། ཟག་བཅས་བསྐུལ་བའི་དབང་། ཟག་མེད་སྲུབ་པའི་དབང་། བདེ་ཆེན་འཇོ་བའི་དབང་། རྟོག་མེད་ངོ་སྤྲོད་ཀྱི་དབང་ངོ་། དང་པོ། དབང་རྟེན་ལོ་ཉི་ཤུ་མན། པདྨ་ཅན་རྙེད་ན་རབ། ཕྱག་རྒྱ་མ་དེ་སངས་རྒྱས་ཐམས་ཅད་དཔང་པོར་བཞག་སྟེ། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཡེ་ཤེས་མཆོག །རྙེད་དང་བདེ་བ་ཀུན་མོས་པས། །ངན་པར་སྤྱོད་པའང་འགྲུབ་པར་འགྱུར། །ནམ་མཁར་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །སྣ་ཚོགས་ཀུན་ཏུ་ཕྱག་རྒྱ་ནི། །སྣ་ཚོགས་ཀུན་གྱི་སྡོམ་པ་ཡིས། །མཁའ་འགྲོ་མ་ཀུན་མཉམ་སྦྱོར་བ། །རྡོ་རྗེ་མཁའ་འགྲོ་ཞེས་བྱར་གྲུབ། །དེ་ཉིད་མེད་སེམས་རྣལ་འབྱོར་པ། །ལྷ་ལ་དམིགས་པར་བྱེད་པ་དག །ཀུན་ཏུ་གཟུགས་ཅན་ཉིད་ཀྱིས་ནི། །ལུགས་སོགས་རྣལ་འབྱོར་སྐྱེ་བ་མིན། །ཞེས་པས་སློབ་མ་ལ་གཏད། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པ་གསལ་བ་ལ་ཨོཾ་ཧཿན་མ་ཧིཿསྭ་ཧ་ཧུ། བཽཥཊ་ཧེཿ ཧཱུྃ་ཧཱུྃ་ཧོཿཕཊ྄་ཧཾཿ ཨོཾ་བཾ་ཧཾ་ཡོཾ་སྲཾ་མོཾ་སྲིཾ་སྲིཾ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ། བཾ་ལས་ནོར་བུ་དམར་པོ་ཕཊ྄་སེར་པོས་བུ་ག་བཀག་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་ཨོཾ་ལས་ཟེའུ་འབྲུ་སྔོན་པོ་ཕཊ྄་སེར་པོས་བུ་ག་བཀག་པ། གཉིས་ཀའི་མཆན་ཁུང་གཡས་དང་སྲིན་ལག་ཉི་མ་ལ་སྲཱིཿདམར་པོ། མཆན་ཁུང་གཡོན་དང་སྲིན་ལག་ཟླ་བ་ལ་ཨཱཿདཀར་པོ། ཕན་ཚུན་འཁྱུད་དེ་བསྣོལ་བས་མཆན་རྩ་བསྡམ། གཉིས་ཀ་ནས་འོད་ཟེར་དཀར་དམར་བྱུང་ཏེ་དབུ་མར་ཐིམ་པར་གྱུར། སྙོམས་པར་ཞུགས་པས་རྩ་ཐམས་ཅད་བསྐུལ་ཏེ་དུང་ཅན་ཀུན་འདར་གཉིས་འཕྲད་པའི་གདོང་དུ་དབབ་པར་བྱའོ། །གཉིས་པ་དེ་ནས་སློབ་དཔོན་གྱིས། བྱང་ཆུབ་སེམས་ཆེན་རྣལ་འབྱོར་གང་། །རྣལ་འབྱོར་དབང་ཕྱུག་རང་ཉིད་གཙོ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་རང་བཞིན་ནོ། །ཞེས་བརྗོད་ནས། སྐྱེས་པའི་རྩ་སྣ་མཐེ་བོང་སྟེ་ཉི་མ་ལ་ཧཱུྃ་སྔོན་པོ། །བུད་མེད་ཀྱི་རྩ་སྲིན་ལག་སྟེ་ཟླ་བ་ལ་ཨཱཿདཀར་པོ་སྲིན་ལག་གིས་མཐེ་བོང་མནན་ཆགས་པ་དང་ཆགས་བྲལ་འདྲེས་པའི་གནས་སྐབས་དེ་ལ་ཤེས་པ་མ་བཅོས་པར་བཞག་པས་བདེ་བ་དེ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པར་འཆར་ཏེ། དེའི་ཚེ། འགྲོ་བའི་རྩ་ལག་རང་བཞིན་གྱིས། །སྣ་ཚོགས་གཡོགས་ཏེ་བདེ་བར་བཞུགས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །སྣ་ཚོགས་ཚུལ་གྱིས་མཆོད་པར་བྱ། ཞེས་ངོ་སྤྲད། གསུམ་པ། སྟོང་ཉིད་དུ་ཤར་དུས་ལྕེ་ལ་ཨ་དམར་པོ། ལྕེའུ་ཆུང་གི་གཡས་གཡོན་དུ་ཧཱུྃ་སྔོན་པོ་གཉིས། ཨ་ལས་འོད་འཕྲོས་ཧཱུྃ་ལ་ཕོག །འོད་ཟེར་བ་ཐག་འདྲ་བས་སྦྲེལ་ཏེ་འོད་ཟེར་དཀར་དམར་ཡར་བྲེང་མར་བྲེང་བྱེད་འཕྲོ་ལ་ལྟེ་བར་ཁྱུར་སོང་ནས་བདེ་བ་ཙམ་དུའང་མི་འཛིན་རྟོག་མེད་དུ་བློ་ལྷོད་བཞག་པས་རྣམ་པ་དེ་ཐམས་ཅད་རྣམ་པ་མེད་པའི་བདེ་ཆེན་དུ་འཆར་ཏེ། འདིས་སྐད་ཅིག་གིས་བྱང་ཆུབ་སེམས་ཀྱི་མྱུ་གུ་ཁ་གྱེན་དུ་བལྟས་ཏེ་སྔ་མ་དཔེ་དང་འདི་དོན་དམ་པ་སྟེ། ཤེས་རབ་ཀྱི་ཡེ་ཤེས་གཉིས་པོ་དེ། སློབ་དཔོན་གྱིས། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་ཉིད་ཡིན་ཏེ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །ཞེས་ངོ་སྤྲད། བཞི་པ། བླ་མ་སྤྱི་བོར་བསྒོམ། ཉོན་མོངས་པ་ལྔའི་རང་བཞིན་གྱི་སེམས་ནམ་མཁའ་སྟེ་དྷཱུ་ཏཱིར་བལྟ། ཉི་མའི་རྩར་ཀཱ་ལི་དམར་པོ་འོད་སྔོན་པོས་སྦྲེལ་བ། ཟླ་བའི་རྩར་ཨཱ་ལི་དམར་པོ་འོད་སྔོན་པོས་སྦྲེལ་བ། མཐེ་བོང་དང་གུང་མོས་མགྲིན་པའི་རྦ་རླབས་བསྟིམ་གཉིད་ལོག་གདབ། དེས་གཉིས་སྣང་ཐམས་ཅད་བཙན་ཐབས་སུ་ནུབ་པའི་རྟོག་པ་མེད་པ་མངོན་དུ་བྱེད་དོ། དེ་སད་ནས་སློབ་དཔོན་གྱིས། འདི་ཡིས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་ཐམས་ཅད་ཉིད་དང་ནི། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་དུ་འགྲུབ་འགྱུར་ཞེས། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་ལྡན་བཅོམ་ལྡན་འདས་ཀྱིས་གསུངས། །ཞེས་བརྗོད་པར་བྱའོ། བླ་མ་ངོ་བོ་ཉིད་སྐུའི་བདག་ཉིད་ཅན་ལ་དབང་བཞི་པ་ཞུ་བའི་ཡོན་དུ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རིར་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀངས་ཤིང་། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་ཕུལ་བས། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་ནས་བསྐྱབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜྻ་ལ་ཀཾ་ནིརྻ་ཏཱ་ཡ་མི། ཞེས་མཎྜྻལ་ཕུལ། གསོལ་བ་གདབ་པ་ནི། ཁྱེད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ། །སླར་ཡང་ཤེས་རབ་ཆེན་པོའི་དབང་། །མགོན་པོས་བདག་ལ་སྩལ་དུ་གསོལ། བཞི་པ་འདི་ལའང་བཞི་སྟེ། ཡུལ་དུ་བྱེད་པའི་བཞི་པ། ཆོས་ཉིད་དོན་གྱི་བཞི་པ། འདྲ་བ་མཚོན་པའི་བཞི་པ། དཔེ་དོན་བསྲེ་བའི་བཞི་པའོ། དང་པོ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། ཁམས་གསུམ་པོ་ནི་མ་ལུས་པའི། །འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན། །སྔར་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་ལ་དམིགས་པས་དེ་ཐམས་ཅད་ཉེ་བར་ཞི་བ་དེ་ནི། །ཡུལ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་སུ་མཐོང་བའོ། །ཞེས་བརྡ་སྤྲད། གཉིས་པ། བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་རིག་པའི་དངོས། །ཐམས་ཅད་སྒྱུ་མ་ཇི་བཞིན་ནོ། །དེ་ལྟར་མཐོང་བའི་ཡུལ་ཡུལ་ཅན་ཡང་། །ཉེ་བར་ཞི་བ་ཉིད་ཀྱི་ཕྱིར། །ཡུལ་དང་ཡུལ་ཅན་དུ་ལྟ་བ་ཡང་མི་བདེན་པས་སྒྱུ་མ་ལྟ་བུའོ། །ཞེས་བརྡ་སྤྲད། གསུམ་པ། གང་གིས་བླུན་པོ་འཆིང་འགྱུར་བ། །འདི་སྟེ་མཁས་རྣམས་རྣམ་པར་གྲོལ། །དེ་ལྟར་ཡུལ་ཡུལ་ཅན་གྱི་གཉིས་འཛིན་ཞིག་ནས་ཆོས་ཐམས་ཅད་ཆོས་ཉིད་དུ་འདུའོ། །འདི་ཁ་བདེ་སྟོང་སྦྱར་བའི་ལྷན་སྐྱེས་སུ་གཅིག་གོ །ཞེས་བརྡ་སྤྲད། བཞི་པ་ ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་བར་བྱ། །གལ་ཏེ་གཞན་དུ་སྦྱོར་བ་ནི། །མ་ཚང་མར་མེ་ལྟ་བུར་འདའ། །ཞེས་སློབ་པའི་སར་སྒྱུ་མ་ཇི་སྣང་བ་གཉིས་མེད་དུ་ཟོས་པས་རྫོགས་པའི་སངས་རྒྱས་ལྷག་མ་མེད་པའི་དགྲ་བཅོམ་ཆེན་པོ་ཐོབ་བོ། །དེ་ཡང་གང་ཞེ་ན། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པ་ཡི་ནི་ལྷ་གཅིག་ཉིད། །འབྱུང་གནས་སྒྲ་ཚུལ་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །འཇིག་རྟེན་གསུམ་དུ་རྙེད་དཀའ་བ། །ཐོག་མ་དབུས་མཐར་ཡང་དག་གནས། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་པ་དེའོ་ཞེས་བརྡ་སྤྲད་དོ། མཐར་ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་དམ་ཚིག་བསྒྲག ནམ་མཁའི་དབྱིངས་རྣམས་ཀུན་ནས་གང་བའི་སྤོས་ཀྱི་ཆུ་གཏེར་འདོད་དགུའི་དཔལ་འབྱུང་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་རྒྱས་པས་ཁྱབ་པའི་སྙིང་པོར་ནོར་བུའི་འཁོར་ཡུག་གི །ནང་ན་ཞིང་ཁམས་རྒྱ་མཚོ་ས་གཞི་རིན་ཆེན་ལས་གྲུབ་རིམ་གྱིས་གཞོལ་བ་བཀོད་ལེགས་མ་ལུས་བཀོད་པའི་ཕུལ་གྱིས་འཇིག་རྟེན་ཁམས་རེའང་འདོད་ཡོན་རྨད་བྱུང་འཕྱུར་བ་གང་། །མཐའ་ཡས་སངས་རྒྱས་ཞིང་གིས་བསྐོར་ཞིང་ཀུན་བཟང་མཆོད་སྤྲིན་མ་ཚང་མེད་པའི་རྒྱན་གྱིས་རྣམ་པར་བརྒྱན་པའི་རྡུལ་རེར་རྒྱལ་བ་སྲས་བཅས་མཛད་པ་ཐམས་ཅད་སྣང་བ་ཅན། །གཅིག་ཏུ་འདུ་ཞིང་སོ་སོར་མ་འདྲེས་བྱིན་གྱིས་བརླབས་པའི་རྣམ་འཕྲུལ་ཇི་བཞིན་དེ་དག་བདག་གི་དགེ་བའི་སེམས་ཀྱིས་སྤྲུལ་ཏེ་དཔལ་ལྡན་བླ་མར་དད་པས་འབུལ་བར་བགྱི། །ཞིང་ཁམས་རྒྱ་མཚོར་རྡུལ་རེར་རྡུལ་སྙེད་ཀྱི། །སངས་རྒྱས་ཞིང་དང་ཀུན་བཟང་མཆོད་པའི་སྤྲིན། །ཀུན་གྱིས་རྒྱན་ལྡན་ཇི་སྙེད་འོད་འཕྲོའི་རྩེར། །རྒྱལ་བ་སྲས་བཅས་རྣམ་ཐར་ཀུན་སྣང་ཞིང་། །འཁོར་ཞིའི་འདོད་དགུ་མ་ཚང་མེད་འདུས་པ། །ཆོས་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་འཕྲུལ། །ནམ་མཁའི་ཁམས་ཁྱབ་སྲིད་པའི་མཐར་གནས་ནས། །ཆོས་ཀྱི་རྒྱལ་པོ་མཆོད་པས་མཉེས་གྱུར་ཅིག །གུ་རུ་ཨི་དཾ་མཎྜྻ་ལ་ཀཾ་ནིརྻ་ཏ་ཡ་མི། ཅེས་མཎྜྻལ་ཡོན་དང་བཅས་པས་གཏང་རག་བཏང་། ཚོགས་ཀྱི་འཁོར་ལོའི་སྟོན་མོ་གཉིས་གང་བྱེད་ཀྱང་རུང་། བདག་བསྐྱེད་བཞིན་གཏོར་མ་བཏང་ ཚོགས་ཀྱི་བདག་པོའི་མདུན་དུ་སྟག་ལ་སོགས་པའི་གཡང་གཞིའི་སྟེང་དུ་ཆང་དང་བཟའ་བ་རྣམས་བཤམས་ཏེ། བདུད་རྩི་རིལ་བུ་བཏབ་པ་བྱིན་གྱིས་བརླབས་པའི་ཆང་གིས་བསང་གཏོར་བྱས་ལ། །དེ་ནས་ལག་པ་གཡོན་བཀབ། ཨོཾ་ཡིག་གིས་སྦྱང་བར་བྱའོ། ལག་པ་གཡས་བཀབ། ཨཱཿཡིག་གིས་རྟོགས་པར་བྱའོ། སྙིམ་པ་བཀབ་སྟེ། ཧཱུྃ་ཡིག་གིས་སྦར་བར་བྱའོ། མཁའ་ལྡིང་གི་ཕྱག་རྒྱ་དང་། ཧོཿཡིག་གིས་ཞུ་བ་དང་བདུད་རྩིར་བྱའོ། ཧཱུྃ། དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །དཔལ་རྡོ་རྗེ་ཡན་ལག་མ་མོའི་འཕྲུལ། །མཚན་ཀུན་ལྡན་ཡེ་ཤེས་ཀཱ་པ་ལ། །དེ་བསམ་གྱི་མི་ཁྱབ་ནམ་མཁའ་ཙམ། །ཨཱ་ར་ལི་རྣལ་འབྱོར་གྱི་འདུས་པ་ལ། །འདོད་ཡོན་གྱི་ལོངས་སྤྱོད་མི་ཟད་པ། །ཧ་ཧོཿསྲིཿཁ་དོག་དྲི་རོའི་ཚོགས། །མཆོག་རྣམ་པ་ཀུན་ལྡན་སྟོང་པའི་དཔྱིད། །ཨོཾ་ཨཱཿཧཱུྃ་སྦྱངས་རྟོགས་སྦར་བས་ན། །དཔལ་མི་འགྱུར་བདེ་བ་ཆེན་པོའི་གནས། །ས་ཧ་ཛ་སོ་སོ་རང་རིག་གིས། ཁ་སྦྱོར་གྱི་འཁོར་ལོ་གཅིག་ཏུ་སྡོམ། །ཞེས་བྱིན་གྱིས་བརླབས་ཏེ། ཆང་གི་ཐིག་ལེས་གཡོན་པའི་མིང་མེད་ཀྱི་རྩེ་མོས་ས་ལ་ཆོས་འབྱུང་གྲུ་གསུམ་བྱས་ལ། དེའི་དབུས་སུ་ཐིག་ལེ་ལྟར་ཟླུམ་པོར་བསྐོར་ལ། ཧཱུྃ། ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །གསུང་ཆོས་ཀྱི་འཁོར་ལོ་ཐམས་ཅད་པ། །སྐུ་རྣམ་པ་ཀུན་ལྡན་ཚོགས་ཀྱི་མཆོག །སྐྱབས་གསུམ་གྱི་འདུས་པ་བླ་མ་རྗེ། །འཁོར་བརྒྱུད་པའི་བླ་མ་ཉི་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིང་ངེ་ངེ་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་རྣམས་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །ཡབ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །དཀྱིལ་འཁོར་གྱི་པདྨའི་སྙིང་པོ་ཀུན། །རིས་མེད་པ་རྒྱལ་བའི་ཟེའུ་འབྲུས་བཀང་། །དངོས་གྲུབ་ཀྱི་ཟིལ་མངར་ཅི་དང་ཅི། །ཡིད་བཞིན་དུ་འབྱུང་བ་ལྷག་པའི་ལྷ། །འཁོར་ཡི་དམ་ལྷ་ཚོགས་ཉི་ལི་ལི། །སྐུྎ གསུངྎ ཐུགསྎ ངེདྎ བཅུདྎ མཆོགྎ ལྷ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །ནང་ཡེ་ཤེས་ཉི་མ་ཟླ་བའི་རྫུ། །བར་ཆད་ཀྱི་མུན་པ་མཐར་བྱེད་ཅིང་། །ཡིད་སྐྱོབ་ཀྱི་སྣང་བ་ཀུན་སྟོན་པ། །ཡུམ་རྡོ་རྗེ་བཙུན་མོ་རིགས་ལྔའི་སྡེ། །འཁོརྎ སྐུྎ གསུངྎ ཐུགསྎ ངེདྎ བཅུདྎ མཆོགྎ མ་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། ཁོང་བདུད་བཞིའི་གཡུལ་ངོ་རླག་བྱེད་དུ། །དཔལ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་སྟོབས། །ལྷ་མི་བཟད་ཁྲོས་པ་དཔའ་བོའི་སྡེ། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་རྣམས། །འཁོར་དྲེགས་པའི་ལྷ་སྲིན་ཉི་ལི་ལི། །སྐུྎ གསུངྎ ཐུགསྎ ངེདྎ བཅུདྎ མཆོགྎ མགོན་ཁྱེད་དང་མཉམ་པའི་དངོས་གྲུབ་ཞུ། །ཞེས་སྤྱན་དྲངས་ནས། ཆོས་འབྱུང་ནམ་མཁའི་ཁམས་ཁྱབ་པ་ཙམ་དུ་སོངས་བའི་སྟེང་གི་ཆར་བླ་མ། འོག་གི་ཆར་ཡི་དམ་བསྒོམ་པ་བཞིན་ལ་གསང་སྔགས་ཀྱི་ལྷ་ཐམས་ཅད་གནས་གསུམ་གྱི་མཁའ་འགྲོ་དང་མཁའ་འགྲོ་མ། འོག་ཏུ་དམ་པ་ཆོས་སྐྱོང་བའི་སྲུང་མ་ཞིང་སྐྱོང་ཕོ་མོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསམ་ལ། ལས་ཀྱིས་རྡོ་རྗེས་ཕྱག་གསུམ་བཙལ། ཚོགས་ཕུད་དང་པོ་འབུལ་བ་ལ་ཐུགས་གཏད་པར་ཞུ་བྱས་ལ། ཧཱུྃ། རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །ཆུ་ཟླ་བཞིན་འགོག་པ་མེད་ཤར་བ། །དཔལ་དང་པོའི་མགོན་པོ་བླ་མའི་ཞབས། །བཀའ་བརྒྱུད་ཀྱི་རྗེ་བཙུན་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། ཚོགས་ཕུད་གཉིས་པ་ལ། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ྄། ཌཱ་ཀི་ནི་ཛཱ་ལ་སྃ་བ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ལཱ་མ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་རུ་པི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཀ་ར་ཀ་ར་ཁཎྜྻ་ཀ་པཱ་ལ། པྲ་ཙཎྜྻེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀཱ་ལ། ཙཎྜྻ་ཀྵི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བནྡྷ་བནྡྷ་ཀཾ་ཀཱ་ལ། པྲ་བྷ་ཝ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ག་ཊ་དཾཥྚུ། མ་ཧཱ་ནཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སཱུ་ར་ཝཱཻ་ཏི། བཱི་ར་མ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲཽཾ་སྲཽཾ་ཨ་མྲྀ་ཏ་བྷ་བ། ཁརྦ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲ་སྲ་བཛྭ་པྲ་བྷ་ཝ། ལངྐེ་ཤྭ་རཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཕེཾ་ཕཻཾ་བཛྭ་དེ་ཧ་དྲུ་མཙྪ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཕཊ྄་ཕཊ྄་ཨངྐུ་རཱི་ཀ། ཨེ་རཱ་བ་ཏཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ད་ཧ་ད་ཧ་བཛྭ་ཛ་ཊི་ལ་མ་ཧཱ་བྷཻ་ར་ཝི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་པ་ཙ་པ་ཙ་མ་ཧཱ་ཝི་ར་ཝཱ་ཡུ་བེ་གེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་ཝ་ལམྦི་ནི་བཛྭ་ཧཱུྃ་ཀ་ར། སུ་ར་བྷཀྵི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་གྲྀ་གྲྀ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་སུ་བྷ་དྲ། ཤྱུ་མ་དེ་ཝཱི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་ཀཌྣ་ཨཱ་ཀཌྣ་བཛྭ་པྲ་བྷ་སུ་བྷ་དྲེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྲཱིཾ་སྲཱིཾ་མ་ཧཱ་བྷཻ་ར་བ། ཧ་ཡཱ་ཀརྞེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཛཎཽཾ་ཛཎཽཾ་བི་རཱུ་པཱཀྵ། ཁ་གཱ་ན་ནེ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ུཾ་ུཾ་མ་ཧཱ་བ་ལ། ཙཀྲ་བེ་གེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱཾ་ཧཱཾ་རཏྣ་བཛྭ་ཁཎྜྻ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱིཾ་ཧཱིཾ་ཧ་ཡ་གྲྀ་བ། ཤཽཎྜྻཱི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧཱུྃ་ཧཱུྃ་ཨཱ་ཀ་ཤ་གརྦྷ་ཙཀྲ་ཝརྨི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ། སུ་བཱི་རཱི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སི་ལི་སི་ལི་པདྨ་ནིརྟི་ཤྭ་ར། མ་ཧཱ་བ་ལེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཧི་ལི་ཧི་ལི་བཻ་རོ་ཙ་ན། ཙཀྲ་ཝརྟྟི་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་དྷི་ལི་དྷི་ལི་བཛྭ་སཏྭ། མ་ཧཱ་བཱིརྻ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཀཱ་ཀཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨུ་ལཱུ་ཀཱ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྭ་ནཱ་ཀ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སཱུ་ཀ་རཱ་ཀྵྼེ་ཧཱུྃ་ཧཱུྃ། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཡ་མ་ད་དྷཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཱུ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཾཥྚི་ཎི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐཱ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་ལྷ་སྔགས་བཞི་རེའི་མཚམས། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི་བཏགས་པས་དཀྱིལ་འཁོར་ལ་ཕུལ། གསུམ་པ་ལ། ཧཱུྃ། ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སྒྱུ་འཕྲུལ་གྱི་ཟློས་གར་ལ་ཤར་ནས། །དཀྱིལ་འཁོར་གྱི་འཁོར་ལོའི་མགོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་རྒྱ་མཚོ་ལ། །མི་བདག་གིྎ སྔགས་གསང་བྎ ཅི་སྤྱད་ཀྱངྎ འདོད་ཡོན་གྱིྎ ཚོགས་གཉིས་ཀྱིྎ སྒྲིབ་གཉིས་ཀྱིྎ དཔལ་ཀུན་ཏུྎ ནམ་མཁའ་སྲིད། དེ་མན་སྔར་བཞིན་ཕུལ། བཞི་པ། འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །གཉིས་མེད་ལས་གཉིས་སུ་སྟོན་མཛད་པའི། །སྲས་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །དཔའ་བོ་དང་ཌཱ་ཀི་རྒྱ་མཚོ་ལ། །མི་བདག་གིྎ སྔགས་གསང་བྎ ཅི་སྤྱད་ཀྱངྎ འདོད་ཡོན་གྱིྎ ཚོགས་གཉིས་ཀྱིྎ སྒྲིབ་གཉིས་ཀྱིྎ དཔལ་ཀུན་ཏུྎ ནམ་མཁའ་སྲིདྎ ལྔ་པ། བདུད་ཚོགས་ལ་བདུད་དང་ཆོས་པར་གཉེན། །སྙིང་རྗེ་ལས་རྣམ་པ་ཐམས་ཅད་པ། །ཁྲག་འཐུང་གི་རྒྱལ་པོ་དགའ་མར་བཅས། །དམ་ཅན་གྱི་ཆོས་སྐྱོང་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བའི། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་ནི། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། ཞེས་པས་ཕུལ། ཨོཾ་ཡིག་དང་དབུས་སུ་མིང་། ཡུལ་འདིའི་གཞི་བདག་གནས་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ལ་ཨོཾ་ཨཱཿཧཱུྃ། ཨི་དཾ་བ་ལིཾ་ཏ་གྲྀ་སརྦ་སཏྭཱ་ནཱཾ་ཤནྟིཾ་ཙིཏྟ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཡུལ་དེའི་ཞིང་སྐྱོང་དང་གྲོང་གི་བདག་པོ་ལ། དབུས་སུ་མིང་ཞེས་པ། དེ་དག་གི་མིང་འབྲུ་བཞི་ཡོད་ན་མཉམ་པས་ཡི་གེ་དང་པོ་མིང་ཡིན་པས་དེ་འཇུག །གསུམ་ན་མི་མཉམ་པ་ལ་གསུམ་པ་མིང་དུ་འགྱུར་བས་དེ་འཇུག་པ་ཡིན་ནོ། དེས་འགྲེའོ། ཨོཾ་ཧཱ་རཱི་ཏི་པཎྜྻི་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། འཕྲོག་མའི་ཆངས་བུའི་སྔགས། ཨོཾ་དཱུ་ཏཱི་ཀེ་ཨ་གྲཱ་གྲ་སཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཞེས་བསྔགས་ནས་བཟའ་བའི་མཐའ་ཇི་སྲིད་པ་ལ་བཞག་གོ །དེ་ནས་ལས་ཀྱི་རྡོ་རྗེས་བཟའ་བ་སྡེར་དུ་འབུལ་ཞིང་བཏུང་བ་པདྨའི་སྣོད་དུ་ཕུལ་ཏེ་བསྐོར་བ་གསུམ་བྱས་ནས། དྲི་དང་། བདུག་པ་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ནས་གསོལ་བ་གདབ་པར་བྱ་སྟེ། བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཐོབ་པར་གྱུར་ཅིག །ཅེས་པས་སོ། དེ་ནས་ལོངས་སྤྱོད། བརྟག་གཉིས་བཞིན་རྡོ་རྗེའི་གླུ་དང་གར་བྱ། ལྷག་མ་བསྡུས། རྡོ་རྗེ་སློབ་དཔོན་གྱིས་འབར་བའི་ཕྱག་རྒྱ་དང་བཅས་པས་ཁ་ཕྲུ་བཏབ་སྟེ། ཧཱུྃ། མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །འཁོར་གནས་དང་ཕོ་ཉ་འཇིག་རྟེན་པ། །དམ་ཚིག་དང་ཤ་ཟའི་ཌཱ་ཀི་མ། །མདངས་དཀར་སེར་དམར་ལྗང་སྔོ་དང་ཁྲ། ལུས་གློག་འཁྱུག་མེ་དཔུང་འུ་རུ་རུ། །ངག་བཤུག་གླུ་ཞུད་པོ་དི་རི་རི། །ཡིད་སངས་རྒྱས་བསྟན་ལ་དུང་ངེ་ངེ་། །ལས་སྲིད་གསུམ་མྱུལ་ལ་ཤ་ར་ར། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །དམ་ཉམས་པའི་སྟེང་དུ་ཐོག་ཏུ་འབབ། །བར་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་འཕུར། །དགྲ་ཐོ་ལུམ་འབར་བའི་རོ་རུ་ཟ། །དམའ་རྒྱ་མཚོའི་ཀློང་ནས་གྱེན་ལ་རྒྱུག །མི་དམ་ཉམས་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་བདག །ཕོ་མཚར་པོ་ཀུན་གྱི་སྙིང་ལ་འཇུག །མོ་མཆོར་མོ་ཐམས་ཅད་ཞེ་ཡིས་གནོན། །གནས་དབེན་པར་སྒོམ་པའི་དྲོད་ཚད་མྱུལ། ཁྱོད་དགྱེས་པའི་ལྷག་གཏོར་བཤམས་ནས་འབུལ། །ངེད་སྐལ་ལྡན་དགའ་བའི་དངོས་གྲུབ་ཞུ། །ཨོཾ་ཨུཙྪིཥྚ་བྷཀྵ་བྷྱཿསྭཱ་ཧཱ། ཚོགས་ཞིང་གཏོར་མགྲོན་ཡེ་ཤེས་པ་ ཨོཾ་ཁྱེད་ཀྱིས་སོགས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་རང་ངམ་རྟེན་ལ་བསྡུ། འཇིག་རྟེན་པ་སརྦ་གཙྪས་སེ་གོལ་བརྡབས་ཏེ་གཤེགས། །གཞོན་ནུ་མའི་ཚོགས་ཀྱི་མཆོད་པ་ཡང་ནུས་ན་བྱའོ། ཧེ་རུ་ཀ་ཡི་སོགས། ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཉེས་ལྟུང་དྲི་མས་མ་གོས་ཤིང་། །རླབས་ཆེན་སྤྱོད་པ་རྫོགས་པ་དང་། །ཧེ་རུ་ཀ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་གྱུར་ཅིག །འཁོར་འདས་ཀུན་གྱིས་དུས་གསུམ་བསགས་པ་དང་། །ཡོད་པའི་དགེ་བ་མ་ལུས་གཅིག་བསྡུས་ཏེ། །བདེ་ཆེན་བྱང་ཆུབ་མཆོག་གི་དཀྱིལ་འཁོར་དུ། །སྐུ་གསུམ་རྒྱལ་སྲིད་ཆེན་པོ་ཐོབ་ཕྱིར་བསྔོ། དེ་ནས་དཀྱིལ་འཁོར་ལ་མཆོད་བསྟོད་བསྡུས་པ་བྱ་བ་སྟེ།། ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། པ་དྱཾྎ ཨཉྩྨ་མ་ནཾྎ པུཥྤེྎ དྷུ་པེྎ དཱི་པཾྎ གནྡྷེྎ ནཻ་ཝིདྱྎ ཤཔྟ་ཧཱུྃ་ཧཱུྃ་ཕཊ྄། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་གཙེགས་དྲག་ཤུལ་རྔམ་པའི་ཞལ། །སྐུ་ལ་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་ཧྶ་ཞགས་པ་ཁཊྶཱྃ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུག་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཤྲཱི་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀཌྷྜྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེཔྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཧེ་རུ་ཀ་མཱ་མེ་མུཉྩྨ། ཧེ་རུ་ཀ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ བཟོད་པར་གསོལ་བ། མ་འབྱོར་པྎ ལྷག་པྎ ཁྱེད་ལ་མཆོདྎ བླ་མ་སྐུ་ཁམསྎ འཇིག་རྟེན་བདེྎ འཇིག་རྟེན་འདིའམྎ རྡུལ་ཚོན་ཡིན་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་ཧྶཾ། རས་བྲིས་ཡིན་ན་ འདིར་ནི་གཟུགས་དང་སོགས་ཀྱིས་བརྟན་བཞུགས་བྱ་ བདག་བསྐྱེད་བསྡུ་ལྡང་དང་དགེ་བ་བསྔོ། ཤིས་པ་བརྗོད། ༄༅། །དཀྱིལ་འཁོར་བསྡུ་ཆོག་ཉིན། སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཐོགས་པ་རྣམས་ཀྱིས། ཨོཾ་ཤྲཱི་ཧེ་རུ་ཀ་པྲ་ཝར་སཏྐྲ་ར་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་པ་དྱཾ་མ་མ་ཏཏྟཾ་གྲྀ་སིདྡྷི་མྨེ་པྲ་ཡཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་ཧེ་རུ་ཀ་ས་ཏུངྐ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པ། །གཟུགས་མཛེས་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། དཀྱིལ་འཁོར་ཀུན་ཏུྎ ཡིད་འོང་དུད་ཁྎ བདུག་སྤོས་འཐུལྎ ནམ་མཁའ་གངྎ ཨོཾ་ཨཱཿབཛྭ་དྷུ་པེྎ དཀྱིལ་འཁོར་ཀུན་ཏུྎ ཀུན་སྣང་དམར་སེརྎ མར་མེས་གངྎ ནམ་མཁའ་གངྎ ཨོཾ་ཨཱཿབཛྭ་དི་པཾྎ དཀྱིལ་འཁོར་ཀུན་ཏུྎ གདུང་སེལ་ལྗང་གུྎ དྲི་མཆོག་བྱུགྎ ནམ་མཁའ་གངྎ ཨོཾ་ཨཱཿབཛྭ་གནྡྷེྎ དཀྱིལ་འཁོར་ཀུན་ཏུྎ ཞལ་ཟས་སྣ་ཚོགསྎ བདུད་རྩིས་གངྎ ནམ་མཁའ་གངྎ ཨོཾ་ཨཱཿབཛྭ་ནཻ་ཝི་དྱཱྎ དཀྱིལ་འཁོར་ཀུན་ཏུྎ སྒྲ་སྙན་སྣ་ཚོགསྎ པི་ཝང་གླིང་བུ་རྔ་ཆེན་སོགས་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་ཤཔྟ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཙཀྲ་རཏྣ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཧསྟིྎ ཨོཾ་ཨ་ཤྭྎ ཨོཾ་མ་ཎིྎ ཨོཾ་ཧླིྎ ཨོཾ་པུ་རུ་ཥྎ ཨོཾ་ཁཱུྎ ཨོཾ་ཨུ་པ་རཏྣ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཤྲཱི་བཏྶྱ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་སུ་ཝརྞ་ཙཀྲྎ ཨོཾ་པདྨ་ཀུནྫ་རྎ ཨོཾ་ཀུནྡ་དྷྭ་ཛྎ ཨོཾ་སི་ཏ་ཏ་པ་ཏྲེྎ ཨོཾ་ནི་དྷི་གྷ་ཊྎ ཨོཾ་ཤངྑ་ཝརྟྎ ཨོཾ་ཀ་ན་ཀ་མཏྶྱ་པྲ་ཏིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་ཨཱཿབཛྭ་ཝཱི་ནེ་ཧཱུྃ་ཧཱུྃ་ཕཊ྄། ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེྎ ཧཱ་ཀྵྼྎ ལཱ་ཀྵྼྎ གཱི་ཏིྎ ནྲྀ་ཏྱྎ པུཥྤེྎ དྷཱུ་པེྎ དི་པཾྎ གནྡྷེྎ རཱུ་པྎ རཱ་ཀྵྼྎ སྤརྴེྎ ཨོཾ་ཨཱཿབཛྭ་དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་དེ་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་བའི་མི་འགྱུར་བདེ་བས་མཆོད། ཧཱུྃ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟ་བུ་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་བཙེགས་དྲག་ཤུལ་རྔམ་པའི་ཞལ། །སྐུ་ལ་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་ཧྶ་ཞགས་པ་ཁཊྶཱྃ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུག་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡྎ མ་ཧཱ་ས་མ་ཡ་སཏྭ་ཨཱཿ མ་འབྱོར་པ་དངྎ ལྷག་པ་དང་ནིྎ ཁྱེད་ལ་མཆོད་བསྟོདྎ བླ་མ་སྐུ་ཁམསྎ ཕན་བདེ་འབྱུང་བའིྎ ཆོས་རྔ་ཆེན་པོའིྎ འཇིག་རྟེན་བདེ་ཞིངྎ འཇིག་རྟེན་འདིའམྎ ཐམས་ཅད་ནམ་མཁའྎ བྱང་ཆུབ་སེམས་མཆོགྎ ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་དག །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །གཏན་ཏུ་བདེ་བ་ཐོབ་པར་ཤོག །བདག་སོགས་རྣམསྎ དགེ་བ་འདི་ཡིྎ འཁོར་ལོ་སྡོམ་པ་འགྲུབྎ འགྲོ་བ་གཅིག་ཀྱངྎ དེ་ཡི་ས་ལ་འགོད་པར་ཤོག །མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་འདིར་ནི་རྟེན་དངྎ ཨོཾ་སུ་པྲ་ཏིཥྛ་བཛྭ་ཡེ་སྭཱ་ཧཱ། ཞེས་པས་རྟེན་གསུམ་ལ་བསྟིམ་ཏེ་རབ་གནས་མཛད་པ་ཕྱག་རྒྱུན་ལ་བཞུགས་ཤིང་གཞན་དུ་ན་གཤེགས་སུ་གསོལ་བ་སོགས་ཀུན་མཁྱེན་གསུང་བཞིན་སྐབས་དང་བསྟུན་ནོ། ༢ །རྡུལ་ཚོན་ཨ་ཀཱ་རོའི་སྔགས་བརྗོད་ཅིང་ཀུ་ཤས་འཕྱག །དྲི་བཟང་པོའི་ཆུས་ཐིག་དབྱི་བུམ་ཆུ་དང་ལྷན་ཅིག་བླུགས། རྒྱལ་མཚན་ལ་སོགས་པའི་མཆོད་པ་དང་གདུགས་ཕུབ་རྟེན་ཁེབས་ཀྱིས་གཡོགས་ཏེ། འབབ་ཆུའམ་ཆུ་མིག་ཏུ་སྤྱན་དྲངས། དེར་ཚོམ་བུ་དགུ་པ་མཐའ་ཉེར་མཆོད་དང་དཀར་གསུམ་མངར་གསུམ་གྱི་གཏོར་མ་བཤམ། ཁཎྜྻ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས་ཚོམ་བུའི་དཀྱིལ་འཁོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཕུཿདགུ་ལས། ཆུ་བདག་ཝ་རུ་ཎ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བ། དེ་ཐམས་ཅད་སྟོད་ལྷའི་གཟུགས་ཐལ་མོ་སྦྱར་བ། གདེངས་ཀ་བདུན་པ། སྨད་སྦྲུལ་གྱི་མཇུག་མ་རྐན་རིས་ཁྲ་བོ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝ་རེ་ས་མ་ཡ་ཧཱུྃ་ཛ་ཛཿ སྤྱན་དྲངས་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿབཛྭ་ཨརྒྷཾ་ནས། པུཥྤེ་སོགས། ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཨ་ཀཱ་རོྎ ལན་གསུམ། མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་དང་ནི་དུང་སྐྱོང་དང་། །པདྨ་དང་ནི་དཔལ་གྱི་འོད། །ཆུ་བདག་འཁོར་དང་བཅས་པ་རྣམས། །མཛེས་པའི་དཀར་གསུམ་གཏོར་མ་དང་། །མངར་གསུམ་འོ་མའི་རྒྱ་མཚོ་ཆེ། །རིན་ཆེན་ཕྲེང་བའི་ཐེམ་སྐས་ཅན། །ཀླུ་ཡི་གནོད་པ་སྐྱོབ་བྱེད་པ། །མཐུན་པའི་རྫས་སུ་འདི་འབུལ་ལོ། །གཅེས་པའི་རིན་ཆེན་འདི་སྣོམས་ལ། །བདག་ཅག་འཁོར་དང་བཅས་པ་དང་། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །འདོད་པའི་དོན་ཀུན་གྲུབ་པར་མཛོད། །མ་འབྱོར་པ་སོགས། གོང་གི་དཀྱིལ་འཁོར་བསྡུ་ཆོག་སྐབས་ལྟར་ལ། ཀླུ་རྒྱལ་དགའ་བོའི་མཐའ་བར། རྡུལ་ཚོན་རིན་པོ་ཆེའི་རྒྱུར་རྒྱ་མཚོ་ཆེན་པོར་བསྣམས་ཏེ་གཤེགས་པར་གྱུར། སརྦ་གཙྪ་སེ་གོལ་བརྡབ་བོ། དེ་ལྟར་སྙན་བརྒྱུད་ཀྱི་སྨིན་ལམ་གྱི་ཆོ་ག་རྒྱས་པ་རྩ་བཤད་ཀྱི་རྒྱུད་ཀྱི་འཁྲུག་སྡེབས་ཚུལ་ལ་མཁའ་འགྲོ་མས་གསང་བ་བྱིན་པ་པདྨ་དཀར་པོས་ཙ་རི་ཏྲའི་གནས་སྒོ་བྱར་ཡུལ་གྱི་དབུས་ན་མོར་སྦྱར་བའི། ཡི་གེ་པ་ནི་རིན་ཆེན་བསྟན་པ་རྒྱལ་མཚན་ནོ། །འདིའི་དགེ་བས་ཐམས་ཅད་རྡོ་རྗེ་ཐེག་པར་འཇུག་པར་གྱུར་ཅིག །། །བདེན་པ་མིན་པ་རྣམས་ཀྱི་རྒྱུད་བཅད་ནས། །བདེན་ངེས་ཁྲིམས་ཀྱི་སྲོལ་ལུགས་ཆེར་སྒྲོག་པ། །བདེན་དོན་གྲངས་ལས་གཅིག་དམན་མགྲིན་པ་ཅན། །བདེན་སྨྲ་པདྨ་དཀར་པོ་སྲོང་བཙན་བཞིན། །། སརྦ་མངྒ་ལཾ།། སྙན་བརྒྱུད་རྡོ་རྗེ་རྣལ་འབྱོར་མ་ཞེས་བྱ་བ་བཞུགས་སོ།། །རྒྱ་གར་སྐད་དུ། ཀརྣ་ཏནྟྲ་བཛྭ་ཡོ་གི་ནཱི་ནཱ་མ། བོད་སྐད་དུ། སྙན་བརྒྱུད་རྡོ་རྗེ་རྣལ་འབྱོར་མ་ཞེས་བྱ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཡང་དག་གསང་བ་མཆོག །བདེ་ཆེན་རྒྱལ་པོ་ཐིག་ལེ་མཆོག་གི་ལམ། །ཚིག་ཏུ་བརྗོད་པ་ཀུན་དང་བྲལ་བའི་དོན། །ཐེག་ཆེན་སྐྱེ་མེད་རང་སྒྲ་འདི་སྐད་ཐོས། །རྡོ་རྗེ་འཆང་ངས་སྐལ་ལྡན་དོན་དུ་བཤད། །གུས་བཏུད་ནས་ནི་ཡེ་ཤེས་མཁའ་འགྲོ་ཉོན། །བསླབ་གསུམ་བརྒྱུད་ལྡན་ཉམས་མྱོང་བླ་མ་མཆོག །དད་བརྩོན་ཤེས་རབ་སྙིང་རྗེའི་སློབ་མ་འོ། །ཉེས་དམིགས་དྲན་པས་ཚེ་འདིའི་བྱ་བ་བཏང་། །ཐོག་མར་འཁོར་ལོ་སྡོམ་པ་ལ་བརྟེན་ནས། །དྲུག་ཅུ་རྩ་གཉིས་དཀྱིལ་འཁོར་དབང་བཞི་བསྐུར། །ལྷ་མོ་བཅོ་ལྔ་དབང་བཞི་བརྡ་ཡིས་མཚོན། །སྨིན་པར་བྱས་ནས་ཐབས་ཤེས་ཟུང་དུ་སྦྲེལ། །རྒྱལ་པོ་བློན་དམངས་རྣལ་འབྱོར་བདུན་ལ་འབད། །བསྲེ་བ་རོ་སྙོམས་དམ་ཚིག་གསུམ་ལ་སྦྱར། །གཏུམ་མོ་བདེ་དྲོད་རང་འབར་ལམ་གྱི་གཞུང་། །ལུས་གནད་བདུན་ལྡན་ལྷ་སྐུ་སྟོང་ར་གནད། །དྷུ་ཏཱི་ལ་ལ་ར་སཱ་འཁོར་ལོ་བཞི། །ཨ་ཧཾ་འབར་འཛག་སྲོག་རྩོལ་ཐུར་སེལ་གཅུད། །རྡོ་རྗེའི་བཟླས་པ་རྩ་བའི་རླུང་ལྔ་བསྒོམ། ཟིན་དང་བརྟན་པས་ཤེས་རབ་སྙོམས་པར་འཇུག །དགའ་བཞིར་གོམས་པས་རྩ་རླུང་ཐིག་ལེར་བསྲེ། །དྷུ་ཏཱིར་རླུང་སེམས་ཚུད་པས་མི་རྟོག་པ། །ཉོན་མོངས་རང་ཞི་བདེ་གསལ་རྒྱུན་མི་འཆད། །ངོ་བོ་མཐོང་ནས་ཆོས་སྐུའི་ངང་དུ་གནས། །བོགས་འདོན་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ནི། །འཁོར་འདས་ཐམས་ཅད་སྒྱུ་མར་ཤེས་བྱ་སྟེ། །སྒྱུ་མའང་འཇའ་ཚོན་ཆུ་ཟླ་ལྟ་བུའོ། །འདི་ལྟར་སྣང་བའི་དངོས་པོའི་ཆོས་རྣམས་ནི། །བདེན་ཞིང་རྟག་ན་འགྱུར་བར་ག་ལ་རིགས། །འཁྲུལ་གཟུགས་ཡིན་ཕྱིར་དོན་ལ་གྲུབ་པ་མེད། །གཟུགས་རྣམས་སྣང་སྟོང་སྒྲ་རྣམས་བྲག་ཆར་ལྟོས། །གཉིས་སྣང་ཞིག་པས་ཆགས་སྡང་ཀུན་དང་བྲལ། །དེ་ལྟར་ཤེས་པས་སྣ་ཚོགས་འཛིན་མེད་སྤྱོད། །འཇའ་ལུས་ཆོས་ཀྱི་སྐུ་ནི་ཐོབ་པར་འགྱུར། །མཚན་དུས་རྨི་ལམ་འཁྲུལ་པ་རང་སངས་ནི། །སྒོ་གསུམ་འབད་པས་དྲན་པའི་ལྕགས་ཀྱུས་བཟུང་། །ཟིན་སྦྱང་སྤེལ་བསྒྱུར་སྤྲུལ་ཞིང་གེགས་རྣམས་བསལ། །ཉི་ཟླ་ཞོན་ནས་ཞིང་ཁམས་མཐའ་དག་བགྲོད། །བཟང་ངན་སྒྱུ་མ་ཅིར་སྣང་རང་གྲོལ་འགྱུར། །མཐར་ཕྱིན་ས་བཅུ་ནོན་ནས་བདེ་ཆེན་ཐོབ། ཁྱད་པར་འོད་གསལ་མ་རིག་མུན་བྲལ་ནི། །ལུས་གནད་ཐབས་ལྡན་ཏིང་འཛིན་བཞི་ལ་སྦྱར། །ཐིག་ལེར་གུས་ལྡན་དུག་གསུམ་འཛིན་མེད་ལྟོས། །གཉིད་དང་རྨི་ལམ་རྣམ་རྟོག་བར་ནས་བཟུང་། །རིམ་པ་བཞིན་དང་ཉིན་མཚན་བསྲེ་ཞིང་བསྒོམ། །གསལ་སྟོང་འཛིན་བྲལ་ལྷན་སྐྱེས་ཡེ་ཤེས་ཏེ། །བརྗོད་དུ་མེད་པའི་འོད་གསལ་རྒྱུན་མི་འཆད། །མ་རྟོགས་སྦྱང་ཞིང་ཕྱག་རྒྱ་ཆེན་པོར་བལྟ། །འཕོ་བ་གསེར་འགྱུར་མ་བསྒོམས་སངས་རྒྱས་ནི། །འཆི་ལྟས་ཤར་ཚེ་དགའ་ཞིང་ཞེན་པ་གཏོང་། །སྒོ་དགུ་བཀག་ལ་རྫས་དང་སྨོན་ལམ་བརྒྱན། །ཧཱུྃ་དང་རླུང་སེམས་དབྱེར་མེད་དྷཱུ་ཏཱིར་དྲང་། །ཀྵ་ཡིག་གསལ་ལ་ཚངས་པའི་ལམ་ནས་འཕང་། །ཆོས་སྐུ་བླ་མ་རྒྱལ་བའི་ཞིང་དུ་འཕོ། །ལྷག་པར་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ནི། །རླུང་སེམས་དབང་ཐོབ་བསྐྱེད་རྫོགས་བརྟན་པ་ཡིས། །སྐྱོན་མེད་རོ་ལ་རྣམ་ཤེས་ཡིག་འབྲུ་འཕང་། །དུས་ཡུལ་རྫས་དང་གྲོགས་གནད་མངོན་དུ་གྱུར། །ཐེ་ཚོམ་བྲལ་བའི་སྐྱེས་བུས་གཞན་དོན་སྤྱོད། །མཁའ་འགྲོའི་གསང་སྒྲོག་བདེ་བ་ཆེན་པོ་ནི། །བཅུ་གཅིག་ཉེར་ལྔའི་བར་གྱི་རིག་མ་དག །པདྨ་རི་དྭགས་དུང་ཅན་ལ་སོགས་པའི། །ཕྱག་རྒྱ་མཚན་ལྡན་རྡོ་རྗེ་རྣལ་འབྱོར་མ། །སྐལ་ལྡན་སྐྱེས་བུ་ཧེ་རུ་ཀ་རུ་བལྟ། །གཉིས་མེད་འཁྲིལ་སྦྱོར་ཟག་བཅས་ཟག་མེད་རོལ། །ཐིག་ལེ་དབབ་གཟུང་ལྡོག་དགྲམ་གནས་སུ་སྤེལ། །དགའ་བ་བཞི་གསུམ་བཅུ་གཉིས་དོན་ལ་བལྟ། །ལྷན་སྐྱེས་ཡེ་ཤེས་རང་བཞིན་དབྱེར་མེད་སྟོན། །སྣང་སྲིད་ཐམས་ཅད་ཟག་མེད་བདེ་བར་འཆར། །གསང་བ་ཕྱག་རྒྱ་བདུད་རྩིའི་རིལ་བུའི་ཕྱིར། །ཐིག་ལེ་བཅུ་དྲུག་ཕྱེད་ཕྱེད་བཞི་ཆ་སྦྱིན། །བཞི་གསུམ་འཁོར་ལོ་དག་ལ་དགྲམ་པར་བྱ། །བག་མེད་འདོད་སྲེད་གཞན་དབང་ཆང་གིས་མྱོས། །དོན་ལས་ཉམས་ཤིང་སླར་ཡང་ངན་སོང་ལྟུང་། །དེས་ན་རྡོ་རྗེའི་ལུས་ལ་གནད་དུ་བསྣུན། །ཚེ་འདིར་སངས་རྒྱས་སྟེར་བར་ཐེ་ཚོམ་མེད། །ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ནི། །སྒོ་གསུམ་གཡོ་མེད་སྒོ་ལྔ་ཧར་གདངས་བཞག །བལྟས་པས་མཐོང་མེད་སེམས་ཀྱི་མཚན་ཉིད་ལྟོས། །དམིགས་སུ་མེད་པས་མ་བཅོས་རང་སར་ཞོག །གཞན་དུ་མ་ཚོལ་ངོ་བོ་རྟོགས་པར་གྱིས། །གཞི་གནས་མ་བཅོས་ཡེ་ནས་ལྷུན་གྲུབ་ལ། །ཐ་མལ་རང་ལུགས་ཆེན་པོར་བཞག་པ་ན། །འཕོ་འགྱུར་མེད་པ་ནམ་མཁའི་ཀློང་ཡངས་སུ། །སྐྱེ་ཤི་མེད་པ་ཆོས་སྐུའི་ལུས་ཐོབ་འགྱུར། །ཕྱི་རོལ་ཡུལ་སེམས་ཆོས་རྣམས་ཇི་སྙེད་པ། །རང་སེམས་ཡིན་ཕྱིར་གཞན་དུ་གྲུབ་པ་མེད། །འཁྲུལ་རྟོག་གཉིས་འཛིན་རྣམ་པ་གང་ཤར་ཡང་། །ཅིར་སྣང་གཞི་མེད་རང་བྱུང་རང་ལ་ལྟོས། །སེམས་ཉིད་སྐྱེ་མེད་སྟོང་པ་ཆོས་ཀྱི་སྐུ། །འགག་མེད་གསལ་དྭངས་གང་ཤར་སྤྲུལ་པའི་སྐུ། །གནས་མེད་བདེ་ཆེན་ཟུང་འཇུག་ལོངས་སྤྱོད་རྫོགས། །ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། །རྒྱ་ནི་འཁོར་བའི་མདུད་པ་གྲོལ་བ་སྟེ། །ཆེན་པོ་ཟུང་འཇུག་སྒྲོན་མེ་བལྟམས་པ་ལ། །གཞན་གྱིས་མ་ཡིན་རང་གྲོལ་ཆོས་སྐུའོ། །སྒྲིབ་གཉིས་རང་དག་གཟུང་འཛིན་མཐའ་དང་བྲལ། །འདུ་ཤེས་བློ་དང་འཁོར་འདས་ཆོས་རྣམས་ཟད། །མཁྱེན་བརྩེའི་ཡོན་ཏན་ཇི་སྙེད་རང་ལ་རྫོགས། །བསམ་བརྗོད་བློ་འདས་སངས་རྒྱས་རང་འཁྲུངས་ཡིན། །བར་དོ་ངོ་སྤྲོད་ཡང་དག་ཟབ་དོན་བསྟན། །སྐྱེ་ཤི་རྨི་ལམ་སྲིད་པའི་བར་དོ་གཅོད། །བལྟར་མེད་བལྟས་པས་མཐོང་མེད་མཐོང་བའི་མཆོག །རང་རིག་གསལ་སྟོང་མི་རྟོག་སྒྲིབ་གཡོགས་བྲལ། །བདེ་ཆེན་ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རང་བཞིན་དབྱེར་མེད་སྐུ་གསུམ་རང་ཤར་ལྟོས། །མ་རྟོགས་ལུས་ལྡན་བར་དོ་རྣམ་གསུམ་ལ། །བསྐྱེད་རིམ་སྒྱུ་ལུས་འོད་གསལ་ཆོས་སྐུ་བསྲེ། །ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། །བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །དཀར་དམར་སེམས་གསུམ་ཆུ་སྐྱེས་ནང་དུ་འཛོམ། །འོད་གསལ་ངོས་ཟིན་མ་བུ་དབྱེར་མེད་འདྲེས། །ཆོས་སྐུར་འཚང་རྒྱ་དབང་པོ་ཡང་རབ་བོ། །དེ་མ་ཟིན་ན་རླུང་གསུམ་རྐྱེན་གྱིས་འཆིང་། །འབྲིང་པོ་ཆུ་ལས་ཉ་ལྟར་ལོངས་སྐུར་ལྡང་། །རྩལ་ལྔ་ཟེར་ལྔ་དུག་གསུམ་ལས་ཀྱི་དབང་། །ཆགས་སྡང་གཉིས་ཀྱིས་མངལ་དུ་འཇུག་གྱུར་ན། །བསྲེ་བ་ལྔ་ལྡན་ལམ་ཁྱེར་ཕྱག་རྒྱ་བཞི། །སྔར་སྦྱང་ལྡན་པས་བར་དོ་རང་གྲོལ་འགྱུར། །ཐ་མ་ཆགས་སྡང་གྲོལ་ནས་སྤྲུལ་སྐུ་ཐོབ། །གདམས་པ་སྤྱི་ལ་གེགས་བསལ་བདུད་ངོས་གཟུངས། །རྩ་བ་དྲུག་ལ་ཡན་ལག་སོ་དགུ་ཡི། །རྡོ་རྗེའི་ལུས་ཀྱི་འཁྲུལ་འཁོར་གནད་དུ་བསྣུན། །བྱ་སྤྱོད་ཐམས་ཅད་ཚོགས་སུ་བསྒྱུར་བར་བྱ། །གོ་རིམ་ཇི་བཞིན་ཉམས་སུ་བླངས་གྱུར་ན། །སྐད་ཅིག་བཞི་ཡིས་དགའ་བ་གསུམ་སོན་ཏེ། །དྭངས་མ་ཡས་བྱོན་འགྱུར་མེད་མས་བརྟན་པས། །རྩ་མདུད་རིམ་པར་གྲོལ་ནས་དྷཱུ་ཏཱིར་འགྱུར། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྩ་བ་ལྔའི། །རླུང་དང་ཉོན་མོངས་འགགས་ནས་ཡེ་ཤེས་འགྱུར། །གནས་དང་ཉེ་གནས་ཉི་ཤུ་བཞི་ལ་སོགས། །པུལླི་ར་མ་མན་ཆད་གང་བར་འགྱུར། །སྤྲུལ་སྐུ་ལོངས་སྐུ་ལ་སོགས་ཞལ་མཐོང་ཞིང་། །མངོན་ཤེས་ཡོན་ཏན་བརྒྱ་དང་རབ་བཀྲམ་ཐོབ། །དུས་འདིར་ས་ལམ་རིམ་པར་བགྲོད་བྱས་ཏེ། །རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་འགྱུར། །བཅུ་གསུམ་བར་དུ་ཆིག་བརྒྱུད་རྒྱ་ཡིས་བཏབ། །མདོ་རྒྱུད་ཀུན་གྱི་སྙིང་པོ་འདི་ཡིན་པས། །སྐལ་ལྡན་གྲོལ་ཕྱིར་གསང་བའི་ངེས་དོན་མཛོད། །ཅེས་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་གདམས་པ་སྙན་རྒྱུད་རྡོ་རྗེ་རྣལ་འབྱོར་མ་ཞེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་མཁས་པ་ནཱ་རོ་པཎ་ཆེན་གྱི་ཞལ་སྔ་ནས་དང་། །བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུཥྤ་ཧ་རིའི་གནས་ཆེན་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། རྗེ་ངག་དབང་བཟང་པོའི་གསོལ་འདེབས་ཡིད་ཀྱི་མུན་སེལ་བཞུགས་སོ།། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲུལ། །སྐྱེ་དགུའི་མོས་པ་ཇི་ལྟར་དེར་ཤར་ནས། །གདུལ་བྱ་ཀུན་མཁྱེན་ས་ལ་འགོད་མཛད་པའི། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །གནས་ཚུལ་གདོད་མའི་དབྱིངས་དེར་ཁྱབ་གདལ་བ། །སྣང་ཚུལ་གདུལ་བྱའི་ངོ་ན་སྡོམ་གསུམ་ལྡན། །ཉེས་ལྟུང་དྲི་མས་མ་གོས་བཙུན་པའི་མཆོག །རྗེ་བཙུན་བླ་མའི་ཞབསྎ ཀུན་མཁྱེན་འབྲུག་པའི་ཞབས་པད་ཐོད་བཞིན་དུ། །མཛད་པས་བྱིན་རླབས་འཕོ་བའི་དབང་ཐོབ་ནས། །སྙིང་པོའི་དོན་ལ་སྐྲག་པ་མི་མངའ་བའི། །རྗེ་བཙུན་བླ་མའི་ཞབསྎ སྤང་བྱ་འཁོར་བའི་ཆོས་དང་མྱ་ངན་འདས། །དབྱེར་མེད་རོ་མཉམ་གྱུར་པའི་བརཏལ་ཞུགས་ཀྱིས། །ཉོན་མོངས་བདུད་བཞིའི་དཔུང་རྣམས་འཇོམས་མཛད་པའི། །རྗེ་བཙུན་བླ་མའི་ཞབསྎ དེ་ལྟར་རྩེ་གཅིག་གུས་པས་གསོལ་འདེབས་ན། །གདུལ་བྱའི་འཁོར་གྱི་རེ་བ་མ་རྫོགས་བར། །རྗེ་བཙུན་བླ་མས་རྗེས་སུ་ཉེར་བཟུང་ནས། །ཆོས་ཉིད་མངོན་སུམ་རྟོགས་པའི་བཀའ་དྲིན་སྩོལ།། ན་མ་ཙ་ཀྲ་སཾ་བྷ་ར་ཡ། སྒྱུ་འཕྲུལ་སྣ་ཚོགས་གཟུགས་བརྙན་མེ་ལོང་དུ། །ཞི་ཆགས་ཁྲོ་བོའི་རོལ་རྩེད་ཐམས་ཅད་པ། །དཀྱིལ་འཁོར་འཁོར་ལོར་ཤར་བ་བདེ་བའི་མཆོག །རྣམ་ཀུན་བདེ་བའི་རོལ་རྩེད་མཛད་དེར་འདུད། །སྙིང་རྗེའི་གང་བ་བཅུ་དྲུག་ཆ་རྫོགས་པ། །གཟུང་འཛིན་རྣམ་རྟོག་གཅོད་པའི་མཚོན་ཆ་ཅན། །དག་པའི་ཆོས་ཀྱི་རི་མོར་ཆགས་པའི་དཔྱིད། །རྡོ་རྗེ་ཡན་ལག་མ་ཡིས་སྐྱོང་གྱུར་ཅིག །རྡུལ་བྲལ་སྟོང་པའི་རང་གཟུགས་རྣམ་མང་པོའི། །མོས་པ་ལ་ཆགས་མཐོ་རིས་ས་དང་ནི། །ས་འོག་གནས་ཀྱི་འཁོར་ལོས་སྒྱུར་བ་པོ། །གཉིས་མེད་དཔའ་བོ་ཌཱ་ཀིའི་ཚོགས་ལ་བསྟོད། །རང་རིག་ཡེ་ཤེས་དབྱིངས་སུ་དབྱེར་མེད་ཀྱང་། །མ་རྟོགས་གདུལ་བྱའི་མོས་པ་ལྟར་སྣང་བའི། །དཀྱིལ་འཁོར་མཆོད་བསྙེན་གསང་རྒྱུད་བཀླག་པའི་མཐུས། །གདོད་མའི་ཁྲག་འཐུང་མགོན་པོ་ཁྱོད་འགྲུབ་ཤོག །ལུས་ངག་ཡིད་དང་ཡེ་ཤེས་སྙིགས་མའི་ཁམས། །སྒྲིབ་བྲལ་མི་ཤིགས་ཐིག་ལེར་སྦྱངས་པ་ཡིས། །རྡོ་རྗེ་གསུམ་གྱི་གསང་བ་མངོན་བྱང་ཆུབ། །སྐུ་གསུམ་འབྲས་བུ་སྨིན་པའི་མཆོག་ཐོབ་ཤོག །གཞི་ཡི་གནས་ལུགས་ཕུང་པོ་ལྔའི་དྲི་མ། །ཉོན་མོངས་ཡེ་ཤེས་ལྔ་རུ་ལམ་ཁྱེར་བས། །འབྲས་བུ་བདེ་གཤེགས་ལྔ་ཡི་རང་བཞིན་དུ། །ཡོངས་སུ་གྲོལ་བའི་ལམ་གྱིས་ཚིམ་གྱུར་ཅིག །མཉམ་ཡངས་དབུ་མའི་ལམ་གྱི་འཁོར་ལོ་ལ། །ཐབས་ཤེས་ཉི་ཟླའི་བགྲོད་པ་ཡོངས་རྫོགས་ནས། །ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རོལ་རྩེད་ལ། །འགོག་མེད་རྡོ་རྗེ་འཛིན་པའི་དཔལ་ཐོབ་ཤོག །དེ་ལྟར་སྡོམ་པའི་རྣལ་འབྱོར་ལ་གཞོལ་བའི་སྨོན་ལམ་འདི་ནི་སྐྱབས་མཆོག་དགེ་ལེགས་བཞད་པའི་དཔལ་གྱི་གསུང་གི་གསང་བའོ།།


previousསྙན་རྒྱུད་ཡིད་བཞིན་ནོར་བུའི་སྨིན་ལམ་རྒྱས་པ་དངོས་གྲུབ་གན་མཛོད།next