Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
སྙན་བརྒྱུད་ཡིད་བཞིན་གྱི་ནོར་བུའི་བསྐྱེད་པའི་རིམ་པ་རྒྱས་པ་འདོད་པའི་རེ་སྐོང་།
   
   


 
previousསྙན་བརྒྱུད་ཡིད་བཞིན་གྱི་ནོར་བུའི་བསྐྱེད་པའི་རིམ་པ་རྒྱས་པ་འདོད་པའི་རེ་སྐོང་།next

སྙན་བརྒྱུད་ཡིད་བཞིན་གྱི་ནོར་བུའི་བསྐྱེད་པའི་རིམ་པ་རྒྱས་པ་འདོད་པའི་རེ་སྐོང་།

སྙན་བརྒྱུད་ཡིད་བཞིན་གྱི་ནོར་བུའི་བསྐྱེད་པའི་རིམ་པ་རྒྱས་པ་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ། །བདེ་བའི་མཆོག་གཅིག་སྔོན་གྱི་སྨོན་ལམ་གྱིས། །སྣ་ཚོགས་མོས་ངོར་འཕངས་པས་རྣམ་མང་བའི། །དཀྱིལ་འཁོར་འཁོར་ལོའི་ནང་ནས་གསང་བའི་མཐའ། གང་དེར་བཏུད་ནས་དེ་ཡི་སྒྲུབ་ཐབས་བྲི། །འདིར་དཔལ་འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་ཇོ་བོ་ནཱ་རོ་ཏ་བའི་རྒྱ་གཞུང་ཇི་ལྟ་བ་ཉམས་སུ་བླང་བར་འདོད་པས། ཚངས་པའི་གནས་པ་བཞི་དང་། བླ་མ་ལ་གསོལ་བ་གདབ་པ་དང་། ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་བརླབ་པ་དང་། སྲུང་བའི་འཁོར་ལོ་དང་། ཡེ་ཤེས་ཀྱི་ཚོགས་དང་། རྟེན་དཀྱིལ་འཁོར་དང་། རྒྱུ་དུས་ཀྱི་ཧེ་རུ་ཀ་དང་། འབྲས་བུའི་ཧེ་རུ་ཀར་བཞེད་པ་དང་། ཕྲ་མོའི་ཏིང་ངེ་འཛིན་དང་། གོ་བགོ་བ་དང་། ཡེ་ཤེས་པ་དགུག་བསྟིམ་དང་། དབང་བསྐུར་བ་དང་། གནས་གསུམ་བྱིན་གྱིས་བརླབ་པ་དང་། མཆོད་པ་དང་། བཟླས་པ་དང་། ཏིང་ངེ་འཛིན་བསྒོམ་པ་དང་། ཕྲིན་ལས་བསྐུལ་བའི་གཏོར་མ་དང་བཅུ་བདུན་ལ་བསླབ་པར་བྱའོ། །དང་པོ། རེ་ཞིག་མལ་ནས་ལངས་ཏེ་གདོང་ལ་སོགས་བ་བཀྲུས་ནས་འཇིག་རྟེན་གསུམ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་འབྱུང་པོའི་ཚོགས་འདྲེས་པ་དང་། གཡོ་བའི་ཀེང་རུས་དང་ལྡན་པའི་ཕྱིར་དུར་ཁྲོད་དུ་བལྟས་ཏེ་བདེ་བའི་སྟན་ལ་འདུག་ནས་ཁ་ལྷོར་བལྟ་བས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པར་འདོད་པ་རྩེ་གཅིག་པས། སྐྱབས་སེམས། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །ཡི་དམ་དཔའ་བོ་རྣལ་འབྱོར་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་མགོན་མེད་བདག །བྱང་ཆུབ་སྙིང་པོ་མ་ཐོབ་བར། །འཁོར་བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་རྣམས་བསྐྱབ་པའི་ཕྱིར། །རྐང་གཉིས་གཙོ་བོ་སྐུ་གསུམ་བདག །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དང་ནི་རྣལ་འབྱོར་མ། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །སླན་ཆད་སྡིག་ལས་ལྡོག་པར་བགྱི། །དེང་ནས་ཁྱེད་ཀྱི་འབངས་སུ་མཆི། །ཁྱེད་ཀྱི་བསླབ་བྱར་རྗེས་སུ་སློབ། །ཁྱེད་ཀྱི་བཀའ་ལས་མི་འདའ་བས། །ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ།། ཞེས་སྐྱབས་སུ་སོང་ལ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། དམ་པ་བདག་གིས་བསྐྱེད་པར་བགྱི། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་སྒྲོལ། །མ་གྲོལ་བ་རྣམ་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་བྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། རྡོར་སེམས་བསྒོམ་བཟླས། རང་གི་སྤྱི་བོར་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། །གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ བཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ལོ། ཨོཾ་བཛྭ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྭ་སཏྭ་ཏེ་ནོ་པ་ཏཱིུདྲི་ཌྷྜྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏ་བཛྭ་མཱ་མེ་མུཉྩྨ། བཛྭཱི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཡིག་བརྒྱ་ཅི་ནུས་བཟླ། མཐོལ་བཤགས་འབུལ་བ་ནི། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག གཙོ་བོ་རྡོ་རྗེ་འཛིན་པ་ཆེ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ལོ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པར་གྱུར། བརྒྱུད་འདེབས་ནི། རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ། །དེ་སྲས་ཏིལླི་ནཱ་རོ་དང་། །ལྔ་བརྒྱའི་གཙུག་རྒྱན་མར་མི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རས་ཆུང་ཞབས་དང་ཁྱུང་ཚང་པ། མ་གཅིག་ཀོང་ཇོ་ལོ་ཆེན་ཞང་། །དྷ་ར་ཤྲཱི་བསོད་ནམས་མཚན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀུན་ལྡན་རས་མ་བདེ་ལེགས་དཔལ། །ཀུན་དགའི་དཔལ་དང་རྒྱལ་བའི་དབང་། །ངག་དབང་ཆོས་ཀྱི་རྒྱལ་པོ་ལ། །གསོལ་བྎ རྡོ་རྗེ་སེམས་དངོས་པད་དཀར་ཞབས། །རྒྱལ་བའི་རྒྱལ་ཚབ་ལྷ་རྩེ་བ། །རྗེ་བཙུན་དཔག་བསམ་དབང་པོ་ལ། །གསོལ་བྎ འཇམ་དཔལ་དབྱངས་དངོས་བུདྡྷའི་མཚན། །མ་ལུས་འགྲོ་བའི་ཡོངས་འཛིན་རྗེ། །མཆོག་གཟིགས་ཡར་འཕེལ་དབང་པོ་ལ། །གསོལ་བྎ ཁྱབ་བདག་ཐུགས་ཀྱི་རྡོ་རྗེ་དང་། །ཧེ་རུ་ཀ་དཔལ་བདེ་ཆེན་སྐུ། །རྡོ་རྗེ་ཉི་མ་དྲིན་ཅན་རྗེར། །གསོལ་བྎ ཀུན་མཁྱེན་ཆོས་ཀྱི་སྣང་བ་ཆེ། །སྙིང་པོའི་བསྟན་འཛིན་ཡེ་ཤེས་གྲུབ། །ངེས་དོན་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བྎ ཤེས་བྱ་ཀུན་གཟིགས་མཁྱེན་པའི་གཏེར། །གྲུབ་བརྙེས་བསྟན་པའི་ཉི་མ་མཆོག །མཐུ་ཆེན་ཆོས་ཀྱི་རྒྱ་མཚོ་ལ། །གསོལ་བྎ འདྲེན་མཆོག་འཇམ་དཔལ་ནོར་བུའི་ཞབས། །ཆོས་དབྱིངས་བདེ་ཆེན་རྡོ་རྗེ་རྩལ། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡང་། །གང་གི་རོལ་རྩེད་ཡིན་ཤེས་ནས། །རྗེ་བཙུན་བླ་མ་ཁྱེད་མིན་པའི། །སྐྱབས་གཞན་བདག་ཅག་རྣམས་མི་ཚོལ། །དེ་ཕྱིར་ཉམ་ངའི་འཁོར་བ་ནས། །འགྲོ་བ་འདྲེན་པའི་ཐུགས་རྗེའི་མཐུ། །བསྐུལ་བའི་གསོལ་བ་འདེབས་ལགས་ན། །བསམ་པ་ལྷུན་གྱིས་གྲུབ་པར་མཛོད། །སྨིན་བྱེད་དབང་གི་རྒྱུད་བསྲོས་ནས། །གྲོལ་ལམ་གསེར་འགྱུར་རྩིས་བྲན་པས། །མི་གཙང་ལུས་འདི་རྒྱལ་བའི་སྐུ། །རིན་ཆེན་མཆོག་ཏུ་གྱུར་ཅིག་གུ། །ཤྲཱི་ཧེ་རུ་ཀ་ཞེས་བརྗོད་ཅིང་། བདག་ཉིད་བཅོམ་ལྡན་འདས་ཡབ་ཡུམ་དུ་གྱུར་པའི་ཞལ་ནས། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵཿཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཡིག་འབྲུའི་ཚོགས་དཀར་ལ་དམར་བའི་མདངས་ཆགས་པ་དཔག་ཏུ་མེད་པ་འཕྲོས། སེམས་ཅན་གྱི་དོན་བྱས་ཏེ་ལུས་ཀྱི་གནས་ཐམས་ཅད་གང་བར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། ཡང་དག་པའི་ལམ་ལ་གནས་ན་ཅི་མ་རུང་སྙམ་པའི་བཏང་སྙོམས་ལ་གནས་པར་བྱའོ། །གཉིས་པ། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་སྟེང་གི་ཆར་བླ་མ་བཞུགས་པ་སྤྱན་དྲངས་པ་ལ། ན་མཿཏེ་ཧཱུྃ། ན་མཿམི་ཧཱུྃ། ན་མོ་ན་མཿཧཱུྃ་གིས་ཕྱག་བྱས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གི་ལུས་འབུལ་བར་བགྱིའོ།། ཞེས་བརྗོད་དེ་བདག་གིར་འཛིན་པ་བཏང་། སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས། ཨོཾ་ཨཱཿབཛྭ་བཱི་ནི་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱ་བཛྭ་ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེྎ ཧཱ་ཀྵྼྎ ལཱ་ཀྵྼེྎ གཱི་ཏཱིྎ ནྲི་ཏྱེྎ པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ རཱུ་པྎ རཱ་ཀྵྼྎ སྤརྴེྎ དྷརྨ་དྷཱ་ཏུྎ ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ལྷ་མོ་དེ་དག་དང་གཉིས་སུ་མེད་པ་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཚིམ་པར་བསམ། གང་གི་དྲིན་གྱིས་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བ་གང་། བླ་མ་རིན་ཆེན་ལྟ་བུའི་སྐུ། རྡོ་རྗེ་ཅན་ཞབས་པད་ལ་འདུད། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། བསྐལ་པའི་མེ་ཆེན་ལྟར་བུར་རབ་ཏུ་འབར། རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། མཆེ་བ་རབ་གཙིགས་དྲག་ཤུལ་རྔམ་པའི་ཞལ། སྐུ་ལ་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། དགྲ་ཧྶ་ཞགས་པ་ཁ་ཊྶཱྃ་མདུང་བསྣམས་ཤིང་། རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། སྐུ་ཆེན་དུཿཁ་བགེགས་མཐར་མཛད་ལ་འདུད། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། འབྱུང་པོའི་འཇིག་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། རྨུག་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་འཛད་པ་མོ། རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། འཇིག་རྟེན་བྱ་བ་རབ་འཇུག་མ། དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། སྡིག་པ་མི་དགེ་སོ་སོར་བཤགས། སླན་ཆད་གཅོད་ཅིང་སྡོམ་པའང་བགྱིད། དགེ་བ་ཀུན་ལ་རྗེས་ཡི་རང་། །འགྲོ་ཀུན་བྱང་ཆུབ་འགོད་བྱའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །ཇི་སྲིད་འཁོར་བ་མ་སྟོངས་པར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །བླ་མ་སྡོམ་པའི་ལྷ་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་་སེམས་བསྐྱེད་ཅིང་། །ལམ་ཆེན་དམ་པ་བརྒྱུད་ལ་བསྟེན། །འགྲོའི་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་ཤྲཱི་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ་ཤྲཱི་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་ོདྲྀ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏ་བཛྭ་མཱ་མེ་མུཉྩྨ། ཧེ་རུ་ཀ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཡིག་བརྒྱ་བརྗོད། པད་ཀོར་གྱི་མཐར་འཁྱུད་སྟངས་བྱས། ཚོགས་ཞིང་རང་ལ་བསྡུའོ། གསུམ་པ། བདག་ཉིད་གཙོ་བོར་བསྒོམས་པའི་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་དབང་། འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ། ཡེ་ཤེས་ཀྱི་ཕུང་པོ་དཔལ་ཧེ་རུ་ཀ ས་ཁམས་ལྟུང་བྱེད་མ། ཆུ་གསོད་བྱེད་མ། མེ་འགུགས་བྱེད་མ། རླུང་གར་གྱི་དབང་ཕྱུག་མ། ནམ་མཁའ་པདྨ་དྲྭ་བ་ཅན་མ། ཡེ་ཤེས་ཀྱི་ཁམས་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ལྕེ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། ཡིད་དབང་ཕྱུག་རྡོ་རྗེ། ཞེས་ལས་དང་པོ་པས་མོས་པ་བརྟག་ལ་གོམས་ནས་རྣམ་པ་ལ་སྦྱང་བའང་བཤད་དོ། །བཞི་པ། གཡོན་པའི་ལག་པས་སེ་གོལ་བརྡབ་ཅིང་། རྩ་བའི་ཞལ་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ྄། སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་པ་ཁ་དོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་ར་བ་ལྟ་བུར་བསྐོར་པའི་རྩེར། ཁྭ་གདོང་མ་ཤར་དུ་གཡོན་ཞལ་ནས། ཨོཾ་གྲྀ་ཧཱུྃ་ཧཱུྃ་ཕཊ྄། སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་པ་ཁ་དོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་ར་བ་ལྟ་བུར་བསྐོར་བའི་རྩེར། འུག་གདོང་མ་བྱང་དུ། །རྒྱབ་ཞལ་ནས་ཨོཾ་གྲྀུ་པ་ཡ་གྲྀ་ུ་པ་ཡ་ཧཱུྃ་ཧཱུྃ་ཕཊ྄། སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་ཁ་དོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་ར་བ་ལྟ་བུར་བསྐོར་བའི་རྩེར། ཁྱི་གདོང་མ་ནུབ་ཏུ། གཡས་ཞལ་ནས་ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝན་བཛྭ་ཧུཾ་ཧཱུྃ་ཕཊ྄། སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་པ་ཁ་དོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་རྭ་བ་ལྟ་བུར་བསྐོར་བའི་རྩེར་ཕག་གདོང་མ་ལྷོར། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ྄། རྩ་ཞལ་ནས་མེར་སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་པ་ཁ་དོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་རྭ་བ་ལྟ་བུར་བསྐོར་བའི་རྩེར། གཤིན་རྗེ་བརྟན་མ། ཨོཾ་གྲྀ་གྲྀ་ཧུཾ་ཧཱུྃ་ཕཊ྄། གཡས་ཞལ་ནས་སྲིན་པོར་སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་པ་ཁ་དོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་རྭ་བ་ལྟ་བུར་བསྐོར་བའི་རྩེར། གཤིན་རྗེ་ཕོ་ཉ་མོ། ཨོཾ་གྲྀ་པ་ཡ་གྲྀ་པ་ཡ་ཧཱུཾ་ཧཱུྃ་ཕཊ྄། རྒྱབ་ཞལ་ནས་རླུང་དུ་སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་པ་ཁ་དོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་རྭ་བ་ལྟ་བུར་བསྐོར་བའི་རྩེར། གཤིན་རྗེ་མཆེ་བ་ཅན་མ། ཨོཾ་ཨཱ་ན་ཡ་ཧོཿ བྷ་ག་ཝཱན་བཛྭ་ཧུཾ་ཧཱུྃ་ཕཊ྄། གཡོན་ཞལ་ནས་དབང་ལྡན་དུ་སྔགས་ཀྱི་ཡིག་འབྲུ་རི་རབ་ཙམ་པ་ཁ་དོག་དམར་ནག་འོད་ཟེར་རབ་ཏུ་འབར་བ་རྭ་བ་ལྟ་བུར་བསྐོར་བའི་རྩེར། གཤིན་རྗེ་འཇོམས་མ། ལྷ་མོ་རྣམས་ཕྱག་བཞིའི་དང་པོ་གཉིས་ལྕགས་ཀྱུ་དང་ཞགས་པ། འོག་མ་གཉིས་རྡོ་རྗེའི་ཐོ་བ་དང་ཕུར་བུ། ཚངས་པའི་འཇིག་རྟེན་གྱི་བར་དུ་ཁྱབ་པའི་ཁྲོ་མོའི་སྐུ་དམར་ནག་འཇིགས་པའི་མེ་འབར་བའི་དབུས་ན་ཞལ་ཕྱིར་གཟིགས་ཏེ་གནས་པ། རྭ་བ་ཆེན་པོ་དེ་ཡོངས་སུ་གྱུར་པ་ལས། ཨོཾ་མེ་དཱི་ནི་བཛྭི་བྷ་ཝ་བཛྭ་བནྡྷ་ཧཱུྃ་བྃ་ཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྭ་པྲཱ་ཀཱ་ར་ཧཱུྃ་པཾ་ཧཱུྃ་རྡོ་རྗེའི་རྭ་བ། ཨོཾ་བཛྭ་པཉྫྱ་ར་ཧཱུྃ་ཡཾ་ཧཱུྃ། རྡོ་རྗེའི་གུར། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། རྡོ་རྗེའི་བླ་རེ། ཨོཾ་བཛྭ་ཤཿར་ཛཱ་ལ་ཏྲཾ་སཾ་ཏྲཾ། རྡོ་རྗེའི་མདའི་དྲ་བ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐཀ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་དུ་རྡོ་རྗེའི་མེའི་རྭ་བ་རབ་ཏུ་འབར་བས་བསྐོར་བར་གྱུར། ལྷ་མོ་རྣམས་ཀྱི་ཞབས་ཀྱི་འོག་ཏུ་བྲུབ་ཁུང་འཇིགས་སུ་རུང་བ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚུན་ཕཊ྄། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པྃ་ཕཊ྄། ཧཱུྃ་ཧཱུྃ་ཧཱུྃ་བཛྭ་དྷཱ་ར་ཨཱཛྙྱཱ་པ་ཡ་སྟི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྭ་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཅེས་བཀའ་བསྒོས་པས་ལྷ་མོ་རྣམས་ཀྱི་བགེགས་རྣམས་ལྕགས་ཀྱུས་བཀུག་ཞགས་པས་བཅིངས་ཏེ་བྲུབ་ཁུང་དུ་དོར་བའི་སྤྱི་བོར་རྡོ་རྗེ་ཕུར་བུས་བཏབ། ཨོཾ་བཛྭ་མཱུུ་ར་བཛྭ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ྄། ཐོ་བ་ཕུར་པའི་མགོ་བོར་བསྣུན་པས་བགེགས་རྣམས་གདུག་པའི་སེམས་དང་བྲལ་ནས་ཟག་པ་མེད་པའི་བདེ་བས་མྱོས་པར་གྱུར། ལྷ་མོ་རྣམས་འོད་ཟེར་གྱི་རྣམ་པས་རྭ་གུར་ལ་ཐིམ་པས་དེ་སྐུ་གསུམ་ཡེ་ཤེས་ལྔའི་ནུས་པ་དང་ལྡན་པར་གྱུར། ལྔ་པ། བདག་ཉིད་ཀྱི་སྤྱི་བོར་ཧེ། མགྲིན་པར་རུ། སྙིང་གར་ཀ དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་གཞི་སྐུ་གསུམ་བག་ཆགས་སད། ལམ་རྣམ་ཐར་སྒོ་གསུམ་ལ་གནས་པར་བྱས་ཏེ། སླར་ལོག་སྟེ་ཡི་གེ་གསུམ་ལ་ཐིམ། ཧེ་ཆོས་ཐམས་ཅད་རྒྱུ་དང་བྲལ་བ། རུ་ཆོས་ཐམས་ཅད་རྟོག་པ་མེད་པ། ཀ་ཆོས་ཐམས་ཅད་གང་དུ་ཡང་མི་གནས་པའོ། །དེ་ལྟར་མ་ཤེས་པས་སེམས་ཅན་རྣམས་འཁོར་བར་ལྟུང་བར་གྱུར་ན། བདག་དཔལ་ཧེ་རུ་ཀར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱིས་ཚུལ་འདི་ལྟ་བུར་ཤེས་པར་བྱའོ། སྙམ་དུ་ཆོས་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་བསྐྱེད་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། བདག་དང་ཡི་གེ་གསུམ་ཡོངས་སུ་གྱུར་པའི་འོག་ཏུ་ཨོཾ། དེའི་སྟེང་དུ་ཨཱཿདེའི་སྟེང་དུ་ཧཱུྃ། དེ་གསུམ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་དེ་གསུམ་ལ་ཐིམ། ཨོཾ་ཨཱཿཧཱུྃ། ཧཱུྃ་གི་ཞབས་ཀྱུ་ཧ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་ལ། དེ་ལས་ཨོཾ་ཤཱུནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཱཧཾ། རང་སྒྲ་བྱུང་དེའི་རྐྱེན་གྱིས་ནཱ་ད་དེ་ཡང་ཇེ་ཕྲ་ཇེ་ཕྲར་གྱུར་ནས་མཐར་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་པ་ལ་ཅུང་ཟད་མཉམ་པར་གཞག་གོ དྲུག་པ། དེ་ནས་སྔར་གྱི་ཚད་མེད་པ་བཞིའི་འཕེན་པས་འགྲོ་བའི་དོན་མཛད་པའི་སྲུང་འཁོར་གྱི་དབུས་སུ། ཨེ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བའི་ནང་དུ། །ཡཾ་རཾ་བཾ་ལཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བརྩེགས་པའི་སྟེང་དུ། སུཾ་ལྗང་ཁུ་ལས་རི་རབ་ཀྱི་རྩེ་མོར། པཾ་ལས་སྣ་ཚོགས་པདྨར། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ། བྷཱུྃ་ལས་རྣམ་སྣང་རིག་མ་དང་བཅས་པ་འོད་དུ་ཞུ་བའི་རིན་པོ་ཆེ་སྣ་ཚོགས་ཀྱིས་ཁང་པ་བརྩེགས་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཚང་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ནང་ཕྱོགས་མདོག་ཅན་གྱི་དབུས་སུ་བདེ་ཆེན་གྱི་འཁོར་ལོ་སྡོང་བུ་དང་བཅས་གྱེན་དུ་འཕགས་པའི་རིན་པོ་ཆེའི་པདྨ་འདབ་མ་བརྒྱད་པ་ཕྱོགས་དམར་མཚམས་སེར་ནག་ལྗང་མཐིང་ཁ། མུ་ཁྱུད་གྲི་གུག་གི་འཕྲེང་བ་ཅན་གྱི་ལྟེ་བར་ཉི་གདན་ལ་འཇིགས་བྱེད་ནག་པོ་ལག་པ་བཞི་པའི་རོ་ཁ་བུབ་པ་དང་། དུས་མཚན་མ་གསོན་མོ་གན་རྐྱལ་བསྒྱེལ་བ། པདྨའི་འོག་གི་ནམ་མཁར་མཁའ་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན། ཐུགས་ཀྱི་འཁོར་ལོ་སྔོན་པོ་རྡོ་རྗེའི་མུ་ཁྱུད་ཅན། ས་གཞིའི་ཐད་དུ་ས་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན་གསུང་གི་འཁོར་ལོ་དམར་པོ་པདྨའི་མུ་ཁྱུད་ཅན། ས་འོག་ཏུ་ས་འོག་སྤྱོད་ཀྱི་ཡུལ་བརྒྱད་ཀྱི་རང་བཞིན་སྐུའི་འཁོར་ལོ་དཀར་པོ་འཁོར་ལོའི་མུ་ཁྱུད་ཅན། ཐམས་ཅད་རྩིབས་བརྒྱད་པ། ལྷ་གནས་ཐམས་ཅད་དུ་ཉི་མ་དང་རོ་གདན། བདུན་པ། ལྟེ་བའི་གདན་གྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ དབྱངས་ཚར་གཉིས་གཡོན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་ཡ་ར་ལ་ཝ་ཌ་ཌྷྜྷ་གསལ་བྱེད་གཉིས་གཡས་སུ། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་ཁ་སྦྱར་གྱི་དབུས་སུ་ཧཱུྃ་དངུལ་ཆུ་ལྟ་བུ་དང་ཨ་ལི་ཁྲི་ལྟ་བུ་ལས་འཕྲོས་པའི་འོད་ཟེར་གྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བསྒྱུར་ཞིང་ཚུར་འདུས་པས་རྡོ་རྗེ་ཧཱུྃ་དང་གྲི་གུག་ཨས་མཚན་པ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་དཀར་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ། གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཨནྟྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པ་དང་སྙིང་གར་ཉི་མ་ལ་ཨཱཿདང་ཧཱུྃ། སྐེད་པའི་མཚམས་སུ་སྭ། འདོམས་སུ་ཨཱཿ བརླ་ཟུར་ལ་ཧའོ། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་དཀར་པོ། བཾ་ལས་ནོར་བུ་དམར་པོ་ཕཊ྄་སེར་པོས་བུ་ག་བཀག་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ། ཨོཾ་ལས་ཟེའུ་འབྲུ་དཀར་པོ་ཕཊ྄་སེར་པོས་བུ་ག་བཀག་པ། ཡབ་ཡུམ་སྙོམ་པར་ཞུགས་པའི་བདེ་བའི་སྒྲ་དང་ཐུགས་ཁའི་འོད་ཟེར་གྱིས་རང་བཞིན་གྱི་གྲུབ་པ་དང་། སེམས་ཅན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་སྦྱངས་པ་རྣམས་སྤྱན་དྲངས། མདུན་གྱི་ནམ་མཁར་དེ་དག་སྙོམ་པར་ཞུགས་པས་བདེ་བ་ཆེན་པོར་ཞུ་བ་ཞལ་ནས་ཞུགས་ཏེ་ཨ་ཝ་དྷུ་ཏཱི་བརྒྱུད་རྡོ་རྗེ་ནོར་བུ་དང་ཡུམ་གྱི་ཟེའུ་འབྲུ་འདྲེས་པར་ལྟུང་བས་ཡབ་ཡུམ་བདེ་བའི་གོང་བུར་ཞུ་བ་དངུལ་ཆུའི་རྣམ་པ་ལྟ་བུ། བརྒྱད་པ། དེ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། ཨོཾ་མ་ཧཱ་སུ་ཁཾ་བཛྭ་སཏྭ་ཛཿཧཱུྃ་བཾ་ཧོཿསུ་ར་ཧྶཾ་དྲྀ་ཥྱ་ཧོཿ ཞེས་པའི་གླུས་སྐུལ་བས་དེ་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་བྲད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་གུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན། གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུར་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ། གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ནི་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཨནྟྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་བྱས་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པ་དང་སྙིང་གར་ཉི་མ་ལ་ཨཱཿདང་ཧཱུྃ། སྐེད་པའི་མཚམས་སུ་སྭ། འདོམས་སུ་ཨཱཿ བརླ་ཟུར་ལ་ཧའོ། གནས་ལྔ་མཁའ་གསང་བྱིན་གྱིས་བརླབ་པ་ནི། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་སྔོན་པོ། བཾ་ལས་ནོར་བུ་དམར་པོ་ཕཊ྄་སེར་པོས་བུ་ག་བཀག་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ། ཨོཾ་ལས་ཟེའུ་འབྲུ་སྔོན་པོ་ཕཊ྄་སེར་པོས་བུ་ག་བཀག་པ། ཡབ་ཡུམ་སྙོམ་པར་ཞུགས་པའི་བདེ་བའི་སྒྲ་དང་ཐུགས་ཀའི་འོད་ཟེར་གྱིས་ཞེས་པའི་བར་སྔར་བཞིན་ནོ། །དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག །སྨིན་མཚམས་ནས་ཞུགས་ཏེ་ཐུགས་ཀར་ཕྱིན་པ་དང་རྗེས་ཆགས་ཀྱིས་ཞུ། ཨ་ཝ་དྷཱུ་ཏཱི་བརྒྱུད་རྡོ་རྗེ་ནོར་བུ་ནས་ཡུམ་གྱི་བྷ་གར་ལྷུང་བ་འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་རྟེན་དཀྱིལ་འཁོར་བརྟེན་པ་ལྷའི་རོལ་མོ་མིག་འབྲས་སུ་སྣང་བའི་གཟུགས་ལྟ་བུར་གྱུར་པ་ལས་རྟེན་གཞལ་ཡས་ཁང་འཐོན་ཏེ་ཕྱིའི་གཞལ་ཡས་ཁང་ལ་ཐིམ། དེ་ནས་གཙོ་བོ་ཡབ་ཡུམ་འཐོན་ནས་བདག་ཉིད་ལ་ཐིམ་ཞིང་། དེ་ནས་རིམ་པ་བཞིན་འཐོན་པས། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། ལྷ་མོ་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན་སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ཐུགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཕྱོགས་གཡོན་སྐོར་དུ། དཔའ་བོ་ཐོད་པའི་དུམ་བུ་དང་དཔའ་མོ་རབ་གཏུམ་མ། ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། ཀེང་རུས་དང་འོད་ལྡན་མ། མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། མེ་ནས་གཡས་བསྐོར་གྱིས་ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ། འོད་དཔག་མེད་དང་མིའུ་ཐུང་མ། རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། རྡོ་རྗེའི་ལུས་དང་ཤིང་གྲིབ་མ་རྣམས་སྔོན་པོ། རིམ་པ་དེ་ཉིད་ཀྱིས་གསུང་གི་འཁོར་ལོའི་ཕྱོགས་ལ། མྱུ་གུ་ཅན་དང་ས་སྲུང་མ། རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། མཚམས་སུ་རབ་ཏུ་བཟང་པོ་དང་སྔོ་བསངས་མོ། རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། འཇིགས་བྱེད་དང་རྟ་རྣ་མ། མིག་མི་བཟང་དང་བྱ་གདོང་མ་ཐམས་ཅད་དམར་པོ། སྐུའི་འཁོར་ལོའི་ཕྱོགས་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། རྟ་མགྲིན་དང་ཆང་འཚོང་མ། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མཚམས་ལ་ཧེ་རུ་ཀ་དང་བཞིན་བཟང་མ། པདྨ་གར་དབང་དང་སྟོབས་ཆེན་མ། རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་ཐམས་ཅད་དཀར་པོ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་ཐུགས་ཀྱི་གཡས་རྡོ་རྗེ་དང་། གསུང་གི་པདྨ་དང་སྐུའི་འཁོར་ལོ། གཡོན་དེ་སོ་སོས་ཡུ་བ་བྱས་པའི་དྲིལ་བུ་བཟུང་སྟེ་དཔའ་མོ་ལ་འཁྱུད་པ། ལྷག་མ་གཉིས་ཌཱ་མ་རུ་དང་ཁ་ཊྶཱཾ་ག་འཛིན་པ་སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན། མི་མགོ་སྐམ་པོའི་དབུ་རྒྱན་དང་། རློན་པའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའི་པང་ན་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་ཅིང་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་གུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བསྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མོ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན་སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། གཙོ་བོ་དང་ལྷ་མོ་རྣམས་བྱང་ཆུབ་ཀྱི་ཕྱོགས་སོ་བདུན། སོ་སེན་ལ་སོགས་པའི་ཁམས་རྣམས་དཔའ་བོ་ཉེར་བཞིར་རྣམ་པར་དག་པའོ།། དགུ་པ། སྙིང་གར་ཆུ་སྐྱེས་འདབ་མ་བརྒྱད་ཀྱི་ལྟེ་བར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་སོར་བཞི་ཙམ། ཕྱོགས་ཀྱི་འདབ་མ་བཞི་ལ་སྙིང་པོའི་རྣལ་འབྱོར་མ་དང་མཚམས་ལ་མཆོད་པ་བཞིའི་གཟུགས། གནས་ཉེར་བཞིར་ལག་པ་གཡོན་པའི་སྲིན་ལག་རེག་ཅིང་། པུཾ་ཛཱཾ་ཨོཾ་ཨཾ་གོཾ་རཾ་དེཾ་མཱཾ་ཀཱཾ་ཨོཾ་ཏྲཾ་ཀོཾ་ཀཱཾ་ལཾ་ཀཱཾ་ཧིཾ་པྲེཾ་གྲེཾ་སཽཾ་སུཾ་ནཾ་སིཾ་མཾ་ཀུཾ། ཡི་གེ་དེ་དག་འོད་དུ་ཞུ་བ་ལས་འོད་ཀྱི་གུར་ཁང་འཚོག་མ་པུ་ལི་ར་མ། སྤྱི་གཙུག་ཛཱ་ལནྡྷ་ར། རྣ་བ་གཡས་ཨོ་རྒྱན། ལྟག་པ་ཨརྦུ་ཏ། བཞི་གནས་ཏེ་ས་རབ་ཏུ་དགའ་བ། རྣ་བ་གཡོན་གོ་དཱ་ཝ་རི་དང་། སྨིན་མཚམས་ར་མེ་ཤྭ་རཱི། མིག་དེ་ཝི་ཀོ་ཊ། ཕྲག་པ་གཉིས་མཱ་ལ་ཝ་བཞི་ཉེ་བའི་གནས་ཏེ་ས་དྲི་མ་མེད་པར་རིམ་པ་ཇི་ལྟ་བའི་ཐུགས་འཁོར་གྱི་དཔའ་བོ་དཔའ་མོ་བརྒྱད། མཆན་ཁུང་ཀཱ་མ་རཱུ་པ། ནུ་མ་གཉིས་ཨོ་ཊེ། གཉིས་ཞིང་ས་འོད་བྱེད་པ། ལྟེ་བ་ཏྲི་ཤ་ཀུ་ནེ། སྣ་རྩེ་ཀོ་ས་ལ་གཉིས་ཉེ་ཞིང་ས་འོད་འཕྲོ་བ། ཁ་ཀ་ལིངྐ་མགྲིན་པ་ལམྤཱ་ཀ་གཉིས་ཚནྡོ། ས་སྦྱང་ཀ་བ། སྙིང་ཀཱཉྩྨི་ཀ །འདོམས་ཧི་མ་ལ་ཡ། གཉིས་ཉེ་བའི་ཚནྡོ། ས་མངོན་དུ་གྱུར་པར་རིམ་པ་ཇི་ལྟ་བའི་གསུང་འཁོར་གྱི་དཔའ་བོ་དཔའ་མོ་བརྒྱད། མཚན་མ་པྲེ་ཏ་པུ་རི། བཤང་ལམ་གྲྀ་ཧ་དེ་ཝ་གཉིས་འདུ་བ། ས་རིང་དུ་སོང་བ། བརླ་གཉིས་སྭོ་རཥྚ་དང་། བྱིན་པ་གཉིས་སུ་ཝརྞ་དྭཱི་བ་གཉིས་ཉེ་བའི་འདུ་བ། ས་མི་གཡོ་བ། སོར་མོ་ཕལ་པ་རྣམས་ན་ག་ར། བོལ་གོང་གཉིས་སིནྡྷུ། གཉིས་དུར་ཁྲོད། ས་ལེགས་པའི་བློ་གྲོས། མཐེ་བོང་མ་རུ། པུས་མོ་གཉིས་ཀུ་ལུ་ཏ་གཉིས་ཉེ་བའི་དུར་ཁྲོད། ས་ཆོས་ཀྱི་སྤྲིན། རིམ་པ་ཇི་ལྟ་བའི་སྐུ་འཁོར་གྱི་དཔའ་བོ་དང་དཔའ་མོ་བརྒྱད། ཁ་སྣ་སྒོ་རྟགས་བཤང་ལམ། རྣ་བ་གཡོན། མིག་གཉིས། རྣ་བ་གཡས་ཀྱི་བུ་གར་སྒོ་མཚམས་མ་བརྒྱད། འཁོར་ཐམས་ཅད་མཚོན་གང་བ། ཨོཾ་ཨཱཿཧཱུྃ། སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་བཛྭ་ཤུདྡྷཿ སརྦ་དྷརྨཱཿ བཛྭ་ཤུདྡྷཱོཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་འགྱུར་བའི་ང་རྒྱལ་གཟུང་ངོ་། །བཅུ་པ། ཨོཾ་ཧཿ གཙོ་བོའི་སྙིང་གར་རྡོ་རྗེ་སེམས་དཔའ་དཀར་པོ་དཀར་སེར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་ཌཱ་མ་རུ་ཚངས་མགོ གཡོན་གསུམ་དྲིལ་བུ་ཐོད་པ་ཁ་ཊྶཱཾ་ག་བསྣམས་པ། ན་མ་ཧི། དཔྲལ་བར་རྣམ་པར་སྣང་མཛད་སེར་པོ། སྭ་ཧ་ཧུ། སྤྱི་བོར་རིན་ཆེན་འབྱུང་གནས་དམར་པོ། བཽ་ཥ་ཊ་ཧེ། ཕྲག་པ་གཉིས་ལ་ཧེ་རུ་ཀ་ནག་པོ། ཧཱུྃ་ཧཱུྃ་ཧོཿ སྤྱན་གསུམ་ལ་འོད་དཔག་མེད་མཐིང་ཁ། ཕཊ྄་ཧཾ་ཡན་ལག་ཐམས་ཅད་ལ་དོན་ཡོད་གྲུབ་པ་ལྗང་གུ། དེ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་འཁོར་ལོ། རིན་པོ་ཆེ། རྡོ་རྗེ། པདྨ། སྣ་ཚོགས་རྡོ་རྗེ་དང་དེའི་དྲིལ་བུ་ཐུགས་ཀར་བསྣོལ་བ། ལྷག་མ་གཉིས་ཌཱ་མ་རུ་དང་ཐོད་པ། དཔའ་བོའི་ཆས་ཀྱིས་བརྒྱན་ཏེ་གཡས་བརྐྱང་གིས་བཞུགས་པ། ཨོཾ་ཧཿན་མ་ཧི་སྭ་ཧ་ཧུ། བཽ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོཿ ཕཊ྄་ཧཾ། ཞེས་བརྗོད་པས་བྱིན་གྱིས་བརླབ། ཨོཾ་བཾ། ཡུམ་གྱི་ལྟེ་བར་ཕག་མོ་དམར་མོ་དམར་ལྗང་སེར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་གྲི་གུག ཁ་ཊྶཱཾ་ག ལྕགས་ཀྱུ། གཡོན་གསུམ་ཐོད་པ། ཚངས་མགོ ཞགས་པ་བསྣམས་པ། ཧཾ་ཡོཾ་སྙིང་གར་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་མགྲིན་པར་རྨོངས་བྱེད་མ་དཀར་མོ། སྲེཾ་སྲེཾ་འཚོགས་མར་སྐྱོད་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྤྱི་གཙུག་ཏུ་སྐྲག་བྱེད་མ་ལྗང་ཁུ། ཕཊ྄་ཕཊ྄་ཡན་ལག་ཐམས་ཅད་ལ་ཙཎྜྻཱི་ཀ་དུད་ཁ། དེ་ཐམས་ཅད་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་གྲི་གུག་དང་ཐོད་པ། ལྷག་མ་གཉིས་ཁ་ཊྶཱཾ་ག་དང་ཌཱ་མ་རུ་དཔའ་མོའི་ཆས་ཀྱིས་བརྒྱན་ཏེ་གཡོན་བརྐྱང་གིས་བཞུགས་པ། ཨོཾ་བཾ། ཧཾ་ཡཽཾ། སྲིཾ་མོཾ། སྲེཾ་སྲེཾ། ཧཱུྃ་ཧཱུྃ། །ཕཊ྄་ཕཊ྄་ཀྱི་བྱིན་གྱིས་བརླབ་བོ། བཅུ་གཅིག་པ། འབར་བའི་ཕྱག་རྒྱ་མིག་གཡོན་གྱི་སྟེང་དུ་བསྐོར་ལྟ་སྟངས་དེར་གཏད་རྐང་པ་གཡས་པས་གཡོན་པའི་བོལ་མནན། སྙིང་ཁའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་དབང་ལྷ་རིགས་ལྔ་དང་བཅས་པ་ཕེཾ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། བཅུ་གཉིས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། དེ་དག་གིས་སྤྲོས་པའི་གཟུགས་མ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་འཛིན་པས་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་པས་དབང་སྐུར་བས། ཆུ་དེ་ལས་བྱུང་བའི་རིགས་ཀྱི་བདག་པོ་གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང་། བདེ་ཆེན་གྱི་ལྷ་མོར་རིན་འབྱུང་། ཐུགས་ལ་མི་བསྐྱོད་པ། གསུང་ལ་སྣང་མཐའ། སྐུ་ལ་སྣང་མཛད། དམ་ཚིག་ལ་དོན་གྲུབ། སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་བྱའོ། །བཅུ་གསུམ་པ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུྃ་ལས་འོད་ཟེར་སྤྲོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བསྐུལ་བས་སེམས་ཅན་གྱི་དུག་གསུམ་སྦྱོང་བར་མཛད་དེ་འོད་ཟེར་དང་ལྷན་ཅིག་ཡི་གེ་གསུམ་ལ་ཞུགས་པས་སྐུ་རྡོ་རྗེ་གསུང་རྡོ་རྗེ་ཐུགས་རྡོ་རྗེ་རིག་མ་དང་བཅས་པར་གྱུར་པའི་འོད་ཀྱིས་ལུས་ཐམས་ཅད་ཁྱབ་པར་གྱུར། བཅུ་བཞི་པ། སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས། རབ་མཛེས་བལྟ་བས་མི་ངོམ་ལང་ཚོ་ཅན། དགའ་བའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མས། རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། ཨོཾ་ཨཱཿབཛྭ་ཝཱི་ནི་ཧཱུྃ་ཧཱུྃ་ཕཊ྄། ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེ་ཧཱུྃ་ཧཱུྃ་ཕཊ྄། རབ་མཛེས་བལྟ་བས་མི་ངོམ་ལང་ཚོ་ཅན། མཆོག་དགའི་ཉམས་བཞིས་སྒེག་ཅིག་འགྱིང་བའི་གཟུགས། །བཞེད་དང་དྲེགས་ལྡན་གྲུ་དབྱངས་གར་མཁན་མས། རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། ཨོཾ་ཨཱཿབཛྭ་ཧཱ་ཀྵྼ་ཧཱུྃ་ཧཱུྃ་ཕཊ྄། ལཱ་ཀྵྼྎ གཱི་ཏཱིྎ ནྲྀ་ཏྱྎ རབ་མཛེས་བལྟ་བས་མི་ངོམ་ལང་ཚོ་ཅན། ཁྱད་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་མས། རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། དྷཱུ་པེྎ དི་པཾྎ གནྡྷེྎ རབ་མཛེས་བལྟ་བས་མི་ངོམ་ལང་ཚོ་ཅན། ལྷན་སྐྱེས་དགའ་བཞིས་སྒེག་ཅིང་འགྱིང་བའི་གཟུགས། གཟུགས་བཅུད་རེག་བྱ་ཆོས་དབྱིངས་རྡོ་རྗེ་མས། རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། ཨོཾ་ཨཱཿབཛྭ་རཱུ་པ་ཧཱུྃ་ཧཱུྃ་ཕཊ྄། ར་ཀྵྼྎ སྤརྴེྎ དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། ཞེས་རིག་མ་བཅུ་དྲུག་དང་། མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་མགོ་བོ་གསུམ་ལ་གནས་པའི་ཡི་གེ་ཨ་རྣམ་པར་གྱུར་པ་ལས་ཐོད་པའི་ནང་དུ་གོ་ཀུ་ན་ཧ་ད་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། རང་རང་གི་ས་བོན་དེ་དག་གིས་མཚན་པའི་ཁར་ཨོཾ། དེ་ཐམས་ཅད་ཀྱི་མ་དག་པ་སྦྱང་། ཨཱཿལས་བྱུང་བའི་ཟླ་བའི་སྟེང་དུ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཁ་ཊྶཱྃ་ག་དཀར་པོ་ཐུར་དུ་ལྟ་བས་ཁ་བཅད། རླུང་གིས་མེ་སྦར་རྫས་རྣམས་རོ་གཅིག་ཏུ་འདྲེས་པའི་རྒྱུན་ཉི་མ་འཆར་ཁ་ལྟ་བུ་ལ་རྡོ་རྗེ་ཁ་ཊྶཱྃ་ག་དང་བཅས་པའི་ཟླ་བ་ལ་དཔའ་བོ་དང་རྣལ་འབྱོར་མའི་དབང་ཕྱུག་རྣམས་སྤྱན་དྲངས། སྙོམས་པར་ཞུགས་ནས་ཐིམ་པ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ནས་བབས་པས་མི་ཟད་པའི་རྒྱ་མཚོ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། བདུད་རྩི་གཏོར་མ་བྱིན་གྱིས་བརླབས་ཏེ། སྤྱན་མ་མཱ་ཀཱི་གོས་དཀར་སྒྲོལ་མ་རྣམས། །རང་རང་སྐུ་ཡི་མཆོད་པ་ཡང་དག་ལྷན། །རུས་པའི་རྒྱན་ལྡན་ཐོད་པ་བདུད་རྩིས་གང་། །རྗོད་པ་མེད་པ་འདྲེན་པ་འཁོར་བཅས་མཆོད། །ཡབ་ཡུམ་གཉིས་ཀའི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པ་དང་སྙིང་ཁར་ཉི་མ་ལ་ཨཱཿདང་ཧཱུྃ། རྐེད་པའི་མཚམས་སུ་སྭ། འདོམས་སུ་ཨ། བརླ་ཟུར་ལ་ཧའོ། ཡབ་ཀྱི་གསང་བར་ཧཱུྃ་ལས་རྡོ་རྗེ་སྔོན་པོ། བཾ་ལས་ནོར་བུ་དམར་པོ་ཕཊ྄་སེར་པོས་བུ་ག་བཀག་པ། ཡུམ་གྱི་མཁའ་ཨ་ལས་པདྨ་དམར་པོ། ཨོཾ་ལས་ཟེའུ་འབྲུ་སྔོན་པོ་ཕཊ྄་སེར་པོས་བུ་ག་བཀག་པ། རང་གི་ལྟེ་སྙིང་དུ་ཟླ་བ་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞཎ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ་སྭཱཧཱ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ་སྭཱཧཱ། ཡུམ་གྱི་སྙིང་པོ་ཉེ་སྙིང་། ལྐོག་མ་དང་སྤྱི་བོར་ཉི་མ་ལ། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཡབ་ཀྱི་སྙིང་པོ་ཉེ་སྙིང་། ཡུམ་གྱི་ལྟེ་སྙིང་དུ་ཉི་མ་ལ། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཡབ་ཀྱི་སྙིང་པོ་ཉེ་སྙིང་། ལྐོག་མ་དང་སྤྱི་བོར་ཟླ་བ་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞཎ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄་སྭཱཧཱ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄་སྭཱཧཱ། ཡུམ་གྱི་སྙིང་པོ་ཉེ་སྙིང་བསམ། སྔགས་དེ་དག་ཁ་དོག་དམར་པོ་འོད་ཟེར་དུ་མ་འཁྲིགས་པ། ཡབ་ཀྱི་གསང་བ་ནས་ཡུམ་གྱི་མཁར་བརྒྱུད་དེ་ཞལ་ནས་ཞལ་དུ་འཁོར་བར་དམིགས་ལ་རྗེས་སུ་ཆགས་པས་མཆོད་པར་བྱས་ལ། མཐར་ལྷན་སྐྱེས་ཀྱི་ཡེ་ཤེས་ངོས་བཟུང་། ནས་དེ་ལ་མཉམ་པར་གཞག་པར་བྱ་སྟེ་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། དེ་ནས་ཕྱི་ནང་གི་ལྷ་མོ་རྣམས་ཀྱིས། ཡབ་ཡུམ་གྱི་རྐང་པ་བརྒྱད་པའི་སྔགས། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཛ་ཊཱ་མ་ཀུ་ཊོཏྐྲ་ཊ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་དྃཥྚྲུ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁ་ཊྶཱཾ་ག་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བྱཱ་གྷྲཱ་ཛི་ནཱམྦྷ་ར་དྷ་རཱ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་མ་ཧཱ་དྷཱུ་མྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྭ་བཱ་རཱ་ཧི་བཾ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱརྻ་པ་རཱ་ཛི་ཏེ་ཏྲཻ་ལོཀྱཱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སརྦ་བྷཱུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྭེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བཛྭ་པ་ནི་ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནེ་ཏྲ་བྷྲ་མ་ཎི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཤོ་ཥ་ཎ་རོ་ཥ་ཀྲོ་དྷ་དེ་ཀ་རཱ་ལེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཏྲ་པ་ནི་མཱ་ར་ཎ་སུ་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཛ་ཡེ་བི་ཛ་ཡེ་ཛམྦྷ་ནིི་སྟམྦྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བཛྭ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུྃ་ཧཱུྃ་ཕཊ྄། རྐང་པ་བརྒྱད་པས་བསྟོད་པ་ཐུན་མོང་པ་དང་། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞཎ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄་སྭཱཧཱ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄་སྭཱཧཱ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ལཱ་མ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་རུ་པི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀ་ར་ཀ་ར་ཁཎྜྻ་ཀ་པཱ་ལ། པྲ་ཙཎྜྻེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀཱ་ལ། ཙཎྜྻཱ་ཀྵེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བནྡྷ་བནྡྷ་ཀཾ་ཀཱ་ལ། པྲ་བྷཱ་ཝ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ག་ཊ་དཾཥྚ་ཎ། མ་ཧཱ་ན་ཀྵྼེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སཱུ་ར་ཝཻ་ཏཱི། བཱི་རི་མ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སྲཽཾ་སྲཽཾ་ཨ་མྲྀ་ཏ་བྷ་བ། ཁ་བ་རཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སྲཿསྲཿབཛྭ་པྲ་བྷ་ཝ། ལངྐེ་ཤྭ་རཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཕེཾ་ཕེཾ་བཛྭ་དེ་ཧ་དྲུ་མཙྪ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཕཊ྄་ཕཊ྄་ཨངྐུ་རཱི་ཀ ཨེ་རཱ་པ་ཏཱ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ད་ཧ་ད་ཧ་བཛྭ་ཛ་ཊི་ལ་མ་ཧཱ་བྷཻ་ར་ཝི་ཧུཾ་ཧཱུྃ་ཕཊ྄། ཨོཾ་པ་ཙ་པ་ཙ་མ་ཧཱ་ཝཱི་ར་ཝཱ་ཡུ་བེ་གེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་ཝ་ལམྦི་ནི་བཛྭ་ཧཱུྃ་ཀ་ར། སུ་ར་བྷཀྵི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་སུ་བྷ་དྲ། ཤྱུ་མ་དེ་ཝི་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་བཛྭ་པྲ་བྷ་སུ་བྷ་དྲེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སྲཱིཾ་སྲཱིཾ་མ་ཧཱ་བྷཻ་ར་བ། ཧ་ཡ་ཀརྞེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཛྣྭཽཾ་ཛྣྭཽཾ་བི་རཱུ་པཱཀྵ། ཁ་གཱ་ན་ནེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ུཾ་ུཾ་མ་ཧཱ་བ་ལ། ཙཀྲ་བེ་གེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧཾ་ཧཾ་རཏྣ་བཛྭ་ཁཎྜྻ་རོ་ཧེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧཱིཾ་ཧཱིཾ་ཧ་ཡ་གྲྀ་བ། ཤོཎྜྻི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧཱུྃ་ཧཱུྃ་ཨཱ་ཀཱ་ཤ་གརྦྷ་ཙཀྲ་ཝརྨི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ །སུ་བཱི་རཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་སི་ལི་སི་ལི་པདྨ་ནིརྟི་ཤྭ་ར། མཧཱ་བ་ལེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧི་ལི་ཧི་ལི་བཻ་རོ་ཙ་ན། ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་དྷི་ལི་དྷི་ལི་བཛྭ་ས་ཏྭ། མཧཱ་བཱིརྻ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨུ་ལཱུ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཤྭ་ནཱ་ཀ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སུ་ཀ་རཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་ད་དྷཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཾཥྚི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། སོ་སོའི་སྔགས་ཀྱིས་བསྟོད་པ་ཐུན་མོང་མིན་པའོ། །བཅོ་ལྔ་པ། ཡེ་ཤེས་སེམས་དཔའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་ཡིག་ཏིང་ངེ་འཛིན་སེམས་དཔའ་དེའི་ཐིག་ལེ་སངས་རྒྱས་ལྔའི་རང་བཞིན་གྱི་འོད་ཟེར་འཇའ་ཁྱིམ་ལྟ་བུའི་དབུས་སུ་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་ཞིང་གསལ་བ་དང་རླུང་ཕྱིར་འཕྲོ་དུས་འོད་ཟེར་སྣ་ལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་བཞུགས་པ་སྤྲོས་པས་སྣོད་གཞལ་ཡས་ཁང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཉིད་དང་མཚུངས་པའི་དཀྱིལ་འཁོར་དུ་སྦྱངས་པ། སླར་དེར་བསྡུས་པ་སྔར་བཞིན་དུ་ཡང་ཡང་བསྒོམ། དེ་བརྟན་པ་དང་ཡབ་ཡུམ་གྱི་གསང་བའི་རྩེ་ཕྲད་པའི་དབུས་སུ་ཏིང་ངེ་འཛིན་སེམས་དཔའ་དེ་ལ་སྔར་བཞིན། དེ་ལ་གོམས་ནས་ཀུན་རྫོབ་ཀྱི་སྣ་རྩེར་ཏིང་ངེ་འཛིན་སེམས་དཔའ་བཀོད་པ་ལ་བྱ་སྟེ། འདིས་རླུང་སེམས་ཅན་ཐམས་ཅད་དབུ་མར་མི་ཕྱེད་པར་འགྱུར་ཏེ། དེ་ཁོ་ན་བཟླས་པའི་མཆོག་གོ དེ་ནས་བཟླས་བརྗོད་ཀྱི། སྔགས་འོད་ཟེར་དང་བཅས་པ་ཐུགས་ཁའི་ཧཱུྃ་ལས་ཐོན་ཏེ་ཡེ་ཤེས་སེམས་དཔའ་དང་བདག་གི་ཨ་ཝ་དྷཱུ་ཏཱི་ནས་རྡོ་རྗེའི་ལམ་བརྒྱུད་ལྷ་མོའི་པདྨ་ནས་ཞལ་དང་ཞལ་དུ་འཁོར་བ་ཁྱོགས་ཀྱི་བཟླས་པ། དེ་གོ་བཟློག་པ་ཁྲོ་བོ། དེ་གཉིས་ཀ་འཕྲེང་བ་ལྟ་བུར་བཟླས་པ། སྙིང་གར་སྔགས་ཀྱི་འཕྲེང་བས་སྐོར་བའི་འོད་ཀྱི་རྩེར་ལྷའི་སྤྲོ་བསྡུ་དམ་ཚིག་གི་བཟླས་པ་སྟེ། སྔགས་ཤུབ་བུར་བཟླས་པར་བྱའོ།། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞཎ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄་སྭཱཧཱ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄་སྭཱཧཱ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ལཱ་མ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་རུ་པི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀ་ར་ཀ་ར་ཁཎྜྻ་ཀ་པཱ་ལ། པྲ་ཙཎྜྻེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀཱ་ལ། ཙཎྜྻཱ་ཀྵེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བནྡྷ་བནྡྷ་ཀཾ་ཀཱ་ལ། པྲ་བྷཱ་ཝ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ག་ཊ་དཾཥྚ་ཎ། མ་ཧཱ་ན་ཀྵྼེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སཱུ་ར་ཝཻ་ཏཱི། བཱི་རི་མ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སྲཽཾ་སྲཽཾ་ཨ་མྲྀ་ཏ་བྷ་བ། ཁ་བ་རཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་སྲཿསྲཿབཛྭ་པྲ་བྷ་ཝ། ལངྐེ་ཤྭ་རཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཕེཾ་ཕེཾ་བཛྭ་དེ་ཧ་དྲུ་མཙྪ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཕཊ྄་ཕཊ྄་ཨངྐུ་རཱི་ཀ ཨེ་རཱ་བ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ད་ཧ་ད་ཧ་བཛྭ་ཛ་ཊི་ལ་མ་ཧཱ་བྷཻ་ར་ཝི་ཧུཾ་ཧཱུྃ་ཕཊ྄། ཨོཾ་པ་ཙ་པ་ཙ་མ་ཧཱ་ཝཱི་ར་ཝཱ་ཡུ་བེ་གེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་ཝ་ལམྦི་ནི་བཛྭ་ཧཱུྃ་ཀ་ར། སུ་ར་བྷཀྵི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ་སུ་བྷ་དྲ། ཤྱུ་མ་དེ་ཝི་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་བཛྭ་པྲ་བྷ་སུ་བྷ་དྲི་ཧུཾ་ཧཱུྃ་ཕཊ྄། ཨོཾ་སྲཱིཾ་སྲཱིཾ་མ་ཧཱ་བྷཻ་ར་བ། ཧ་ཡ་ཀརྞེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཛྣྭཽཾ་ཛྣྭཽཾ་བི་རཱུ་པཱཀྵ། ཁ་གཱ་ན་ནེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ུཾ་ུཾ་མ་ཧཱ་བ་ལ། ཙཀྲ་བེ་གེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧཾ་ཧཾ་རཏྣ་བཛྭ་ཁཎྜྻ་རོ་ཧེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧཱིཾ་ཧཱིཾ་ཧ་ཡ་གྲྀ་བ། ཤོཎྜྻི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧཱུྃ་ཧཱུྃ་ཨཱ་ཀཱ་ཤ་གརྦྷ་ཙཀྲ་ཝརྨི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀི་ལི་ཀི་ལི་ཧེ་རུ་ཀ །སུ་བཱི་རཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་སི་ལི་སི་ལི་པདྨ་ནིརྟི་ཤྭ་ར། མཧཱ་བ་ལེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧི་ལི་ཧི་ལི་བཻ་རོ་ཙ་ན། ཙཀྲ་ཝརྟི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་དྷི་ལི་དྷི་ལི་བཛྭ་ས་ཏྭ། མཧཱ་བཱིརྻ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨུ་ལཱུ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཤྭ་ནཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སུ་ཀ་རཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་ད་དྷཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཾཥྚི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐཱ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཧཿ ན་མ་ཧི། སྭ་ཧ་ཧུ། བཽ་ཥྚ་ཧེ། ཧཱུྃ་ཧཱུྃ་ཧོཿ ཕཊ྄་ཧཾ། ཨོཾ་བཾ། ཧཾ་ཡོཾ། སྲིཾ་སྲིཾ། ཧཱུྃ་ཧཱུྃ། ཕཊ྄་ཕཊ྄། དེ་ལྟར་དམིགས་པ་དང་བརྗོད་པའི་བཟླས་པ་གཉིས་བསྐྱེད་པའི་རིམ་པ་ནས་བསྒོམ་པར་བྱ་བ་ཡིན་ལ། ལྷག་མ་གཉིས་ནི་རྫོགས་པའི་རིམ་པའི་བསྒོམ་བྱར་བཤད་དོ། བཅུ་དྲུག་པ། སྣ་གཡས་པའི་ཨཱ་ལི་དང་ཀཱ་ལི་འོད་ཟེར་ལྔ་དང་ལྡན་པའི་རྩེར་འཁོར་ལོ་གསུམ་གྱི་ལྷ་བཞུགས་པ་སྤྲོས། ས་གསུམ་པོ་སྦྱངས་ནས་དེ་གསུམ་གྱི་རང་བཞིན་དུ་བྱས་ཏེ་གདོད་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་མཉམ་དུ་སྣ་གཡོན་པའི་བུ་ག་ནས་ཞུགས་ཏེ་ལྟེ་བའི་ཐད་དུ་ཕྱིན་པས་ཨཱ་ལི་ཀཱ་ལི་ལས་ཟླ་བ་དཀར་ལ་དམར་བའི་མདངས་ཆགས་པ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ལས་ཧཱུྃ་དཀར་ལ་དམར་བ་བལྟས་ཏེ། སླར་དེ་བཅོམ་ལྡན་འདས་ཕྱག་གཉིས་པ་ཡབ་ཡུམ་རྗེས་སུ་ཆགས་པའི་རོལ་མོ་མཛད་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བའི་སྒྲས། དམ་ཚིག་གི་དཀྱིལ་འཁོར་རྣམས་བསྐུལ་བས་བདེ་བ་ཆེན་པོས་ཚིམ་སྟེ་དུར་ཁྲོད་ནས་རིམ་གྱིས་ལྟེ་བའི་ཡབ་ཡུམ་ལ་བསྡུ། དེ་གཉིས་ཀྱང་ཞུ་ནས་ཟླ་བ་ཧཱུྃ་དང་བཅས་པ་དེར་གྱུར་ཅིང་། དེ་ཡང་ཟླ་བ་ཧཱུྃ་ལ་ཐིམ། དེ་ནཱ་དའི་བར་དུ་སྔར་བཞིན་བསྡུས་ནས། ཧཱུྃ་གི་ཞབས་ཀྱུ་ཧ། དེ་མགོ་བོ། དེ་ཟླ་ཚེས་དེ་ཐིག་ལེ། དེ་ནཱ་ད་ལ་ཐིམ། ནཱ་ད་ལ་ཅུང་ཟད་སེམས་བཅིང་ངོ་། དེས་ནཱ་ད་དེ་ཡང་ཇེ་ཕྲ་ཇེ་ཕྲར་ཡལ་ནས་དམིགས་པ་ཐམས་ཅད་དང་བྲལ་བའི་བསམ་གྱིས་མི་ཁྱབ་པ་ལ་འཇུག་པར་བྱའོ། །དེ་ལས་སྐྱོ་བ་དང་ནཱ་ད་དང་ཧཱུྃ་དེ་ལས་སྐད་ཅིག་གིས་དཀྱིལ་འཁོར་དུ་ལྡང་བར་བྱའོ། ༈ མདུན་བསྐྱེད་དང་འབྲེལ་ཚེ་འདི་ནས་བཞུག རྡུལ་ཚོན་ལ་ཉིན་གཉིས་པ་ནས།ཨོཾ་བཛྭ་ཨུཏྟིཥྛ་དཀྱིལ་འཁོར་ཆེན་པོ་སྐད་ཅིག་གིས་ནམ་མཁའ་ལ་འཕགས་པར་གྱུར།རས་བྲིས་དང་འབྲེལ་བའི་སྐབས་གཏན་ནས་མི་དགོས། བཅུ་བདུན་པ། གཏོར་མ་བཤམས་བསང་གཏོར་བྱས། མདུན་དུ་རླུང་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་མགོ་བོ་གསུམ་ལ་གནས་པའི་ཡིག་གེ་ཨ་རྣམ་པར་འགྱུར་བ་ལས་ཐོད་པའི་ནང་དུ་གོ་ཀུ་ན་ཧ་ད་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། རང་རང་གི་ས་བོན་དེ་དག་གིས་མཚན་པའི་ཁར་ཨོཾ། དེ་ཐམས་ཅད་ཀྱིས་མ་དག་པ་སྦྱངས། ཨཱཿལས་བྱུང་བའི་ཟླ་བའི་སྟེང་དུ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ཁ་ཊྶཱཾ་ག་དཀར་པོ་ཐུར་དུ་བལྟ་བས་ཁ་བཅད་རླུང་གིས་མེ་སྦར་རྫས་རྣམས་རོ་གཅིག་ཏུ་འདྲེས་པའི་རྒྱུན་ཉི་མ་འཆར་ཀ་ལྟ་བུ་ལ་རྡོ་རྗེ་ཁ་ཊྶཱཾ་ག་དང་བཅས་པའི་ཟླ་བ་ལ་དཔའ་བོ་དང་རྣལ་འབྱོར་མའི་དབང་ཕྱུག་རྣམས་སྤྱན་དྲངས་སྙོམ་པར་ཞུགས་ནས་ཐིམ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་ནས་བབས་པས་མི་ཟད་པའི་རྒྱ་མཚོ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་གྱུར། འབར་བའི་ཕྱག་རྒྱ་དང་ལྟ་སྟངས་རྐང་པ་གཡས་ཀྱིས་གཡོན་མནན། ཕེཾ་ཕེཾ་ཕེཾ་གུ་རུ་ཤྲི་བཛྭ་ཡོ་གི་ནཱི་ཨཱ་ཀཌྜྷྱ་ཡ་ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ་སརྦ་བཛྭ་ཌཱ་ཀི་ནཱི་སྲྀ་ད་ཡ། ཨ་པ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿ ཨོཾ་ཨཱཿཧཱུྃ། སརྦ་བཱི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་དཀྱིལ་འཁོར་ཆེན་པོའི་འཇིག་རྟེན་པ་ཐམས་ཅད་ཀྱིས་བཤུལ་འབྲང་བ་དང་བཅས་ནམ་མཁའ་དང་ས་གཞི་བར་སྣང་ཐམས་ཅད་གང་བར་བྱོན། ལག་པ་པད་ཀོར་བྱས་ཏེ། ས་མ་ཡ་ཧྶཾ། ས་མ་ཡ་ཧོཿ ལན་གསུམ། མཆོད་བྱ་དང་མཆོད་བྱེད་གཉིས་མེད་དུ་བྱས། ཨོཾ་ཨཱཿཧཱུྃ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ལག་པ་གཡོན་ཟླ་བ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ལག་པ་གཡས་ཉི་མ། ཁ་སྦྱོར་གྱི་བར་དུ་ཧཱུྃ། ཨོཾ་ཨཱཿ ཨ་ནྱོ་ནྱ་ཨ་ནུ་ག་ཏཿ སརྦ་དྷརྨཿ པ་ར་སྤ་ར་ཨ་ནུ་པྲ་བིིཥྚཿསརྦ་དྷརྨ། ཨ་ཏྱནྟ་ཨ་ནུ་པྲ་བིཥྛ་སརྦ་དྷརྨ་ཨོཾ་ཨཱཿཧཱུྃ། ཉི་ཟླ་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པས་རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་དབུས་སུ་གཏོར་མ་བཞག་སྟེ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། བདེན་པ་དེས་ཀྱང་ལྷ་མོ་དེ་དག་རྣམས། བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ཨོཾ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿབཛྭ་ཌཱ་ཀི་ནཱི་ས་མ་ཡ་ཧྶཾ་དྲྀ་ཏྱ་ཧོཿ ལྔའམ་བདུན་གྱིས་བཅོམ་ལྡན་འདས་རིག་མར་བཅས་པ་དང་། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། སྲཽཾ་སྲཽཾ། སྲཿསྲཿ། ཕེཾ་ཕེཾ། ཕཊ྄་ཕཊ྄། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་ཝ་ལམྦི་ནི། གྲྀ་གྲྀ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒཾ་སརྦྦཾ་བཱ་ཏརྫ་ཡ་ཏརྫ་ཡ། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། སྲཱིཾ་སྲཱིཾ་། ཛྣྭཽཾ་ཛྣྭཽཾ། ུཾ་ུཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱཱུུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཕཊ྄། ཞེས་འཁོར་ལོ་གསུམ་གྱི་ལྷ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵ་ས་བྷཱུ་ཏ། པྲེ་ཏ། པི་ཤཱ་ཙོནྨ་དཱ་པ་སྨཱ་ར། བཛྭ་ཌཱ་ཀ་ཌཱ་ཀི་ནྱཱ་དཱ་ཡ། ཨི་མཾ་བ་ལིཾ་གྲྀ་ནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེ་ཥྚཾ། བྷུཉྫྱ་ཐ་ཁཱ་ད་ཐ། པི་ཝ་ཐ། ཛི་གྷྲ་ཐ། མཱ་ཏི་པྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སཏ་སུ་ཁཾ་བི་བྲྀ་དྷ་ཡེ་སཏ་ཧ་ཡི་ཀཱ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ྄། དུར་ཁྲོད་ཀྱི་ཕྱོགས་སྐྱོང་ཞིང་སྐྱོང་ཐམས་ཅད་ལ་ཕུལ། ཨོཾ་ཨཱཿབཛྭ་ཝཱི་ནི་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་ཨཱ་བཛྭ་ཝཾ་ཤེ་ཧཱུྃ་ཧཱུྃ་ཕཊ྄། མུ་རཉྫྱེྎ མྲྀ་ཏཾ་གིྎ ཧཱ་ཀྵྼྎ ལཱ་ཀྵྼྎ གཱི་ཏིྎ ནྲྀ་ཏྱྎ པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ རཱུ་པྎ རཱ་ཀྵྼྎ སྤརྴེྎ དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། གང་དྲིན་ཤྭ་ལོ་ཀ་དང་། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟར་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་རྒྱན་དུ་བཅིངས། །མཆེ་བ་རབ་བརྩེགས་དྲག་ཤུལ་རྔམ་པའི་ཞལ། །སྐུ་ལ་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་ཧྶ་ཞགས་པ་ཁ་ཊྶཱྃ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིག་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུག་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་འཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད།། ཞེས་རྐང་པ་བརྒྱད་པས་བསྟོད། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་རྟོག་པ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།། ཞེས་དཀྱིལ་འཁོར་ལ་འདོད་གསོལ་བྱས། འཇིག་རྟེན་པ་རྣམས་ལ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡིས། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད།། ཅེས་པའི་འཕྲིན་ལས་བཅོལ། ཨོཾ་ཤྲཱི་ཧེེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ་ཤྲི་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷྜྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏ་བཛྭ་མཱ་མེ་མུཉྩྨ། ཧེ་རུ་ཀ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ལྷག་ཆད་བསྐང་། ཉེར་བསྡུའི་ཕྱག་རྒྱའི་མཐར་སེ་གོལ་བརྡབ་ཅིང་། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ཨོཾ་བཛྭ་མུཿགཏོར་མགྲོན་གཤེགས་སུ་གསོལ། བདག་བསྐྱེད་རྐྱང་པའི་སྐབས།འདིར་རྡོ་རྗེའི་ཚིག་རྐང་གསུང་། དེ་ནས་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་ཐམས་ཅད་སྣང་བར་བྱས་ཏེ་ཐམས་ཅད་འོད་ཀྱི་རང་བཞིན་དུ་བདག་ལ་ཐིམ། དེ་ཡུམ་བཅས་ཡེ་ཤེས་སེམས་དཔའ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱཿཡོ་ག་ཤུདྡྷཱོཧཾ། པདྨའི་ལག་ཀོར་གྱིས་མཉེས་པར་བྱས་ཏེ། དེ་ཧཱུྃ་ལ་ཐིམ། ཧཱུྃ་ཐུན་མཚམས་ཀྱི་ཧེ་རུ་ཀ་ཕྱག་གཉིས་པར་བཞེངས། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ། འདུ་ཤེས་པདྨ་གར་དབང་། འདུ་བྱེད་རྡོ་རྗེ་རྒྱལ་པོ། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ། ཡེ་ཤེས་ཀྱི་ཕུང་པོ་དཔལ་ཧེ་རུ་ཀ ས་ཁམས་ལྟུང་བྱེད་མ། ཆུ་གསོད་བྱེད་མ། མེ་འགུགས་བྱེད་མ། རླུང་གར་གྱི་དབང་ཕྱུག་མ། ནམ་མཁའ་པདྨ་དྲ་བ་ཅན་མ། ཡེ་ཤེས་ཀྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་དབང་ཕྱུག་མ། མིག་གཏི་མུག་རྡོ་རྗེ། རྣ་བ་ཞེ་སྡང་རྡོ་རྗེ། སྣ་སེར་སྣ་རྡོ་རྗེ། ལྕེ་འདོད་ཆགས་རྡོ་རྗེ། ལུས་ཕྲག་དོག་རྡོ་རྗེ། ཡིད་དབང་ཕྱུག་རྡོ་རྗེ། ཞེས་ཕུང་ཁམས་རྣམ་པར་དག་པ་དཔའ་བོ་དང་། ཕྱག་རྒྱ་སྔགས་དང་ཁ་ཊྶཱཾ་གའི་དག་པ་བྱས། གོ་ཆ་ཆེན་པོས་བསྲུངས་ཏེ། སྣང་གྲགས་དྲན་རྟོག་ཐམས་ཅད་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་རོལ་པར་བརྟག་པ་ལ་ནན་ཏན་བྱའོ། དགེ་བ་བྱང་ཆུབ་ཏུ་བསྔོའོ། ཤིས་པ་བརྗོད། དེ་ལྟར་སྙན་བརྒྱུད་ཡིད་བཞིན་ནོར་བུའི་བསྐྱེད་པའི་རིམ་པ་རྒྱས་པ་སྟེ། ནཱ་རོ་པ་ཆེན་པོའི་གཞུང་དཔང་པོར་བཞག་པ་འདི་ཡང་། པདྨ་དཀར་པོས་བྱར་ཡུལ་གྱི་སའི་ཐིག་ལེར་བཀོད་པའོ། ཞར་བྱུང་མཆན་བུ། ཀུན་མཁྱེན་ཆེན་པོ། མཁའ་འགྲོ་དགའ་བ་རྒྱུད་སྡེའི་སྡེའི་སྙིང་པོའི་ནང་དུ། འདིའི་སྔགས་བྱང་སྐོར་བཤད་མཛད་པའི་ནང་། དཔའ་བོ་དང་དཔའ་མོའི་སྔགས་རྣམས། ཧུྃ་དང་པོ་ཐུང་ངུ་དང་། ཕྱི་མ་རིང་པོ་སྟེ། དེའི་མཐར་ཕཊ྄་ཡིག་གོ ཅེས་གསུངས། ཧུཾ་ཐུང་སྐུ་གསུམ་དང་། ཧཱུྃ་རིང་སྐུ་སྔ་འཚོན་པས་ཟླ་ཚེས་ཡོད་མེད་དེ་དེའི་ཡིན་ཞེས་རྒྱལ་བ་མདོ་ཁམས་བརྒྱད་པས་གསུངས།། །།


previousསྙན་བརྒྱུད་ཡིད་བཞིན་གྱི་ནོར་བུའི་བསྐྱེད་པའི་རིམ་པ་རྒྱས་པ་འདོད་པའི་རེ་སྐོང་།next