Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
དཔལ་མཁའ་འགྲོ་སྙན་བརྒྱུད་ལས་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འབྲིང་པོ་རྣལ་འབྱོར་བཞི་པའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འདོད་འཇོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousདཔལ་མཁའ་འགྲོ་སྙན་བརྒྱུད་ལས་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འབྲིང་པོ་རྣལ་འབྱོར་བཞི་པའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འདོད་འཇོ།next

དཔལ་མཁའ་འགྲོ་སྙན་བརྒྱུད་ལས་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འབྲིང་པོ་རྣལ་འབྱོར་བཞི་པའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འདོད་འཇོ།

དཔལ་མཁའ་འགྲོ་སྙན་བརྒྱུད་ལས་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འབྲིང་པོ་རྣལ་འབྱོར་བཞི་པའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །དཔལ་མཁའ་འགྲོ་སྙན་བརྒྱུད་ལས་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འབྲིང་པོ་རྣལ་འབྱོར་བཞི་པ་ཞེས་བྱ་བ་བླ་མ་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཐམས་ཅད་པ་ཞེས་རྣམ་པའི་འཁོར་ལོ་འོད་གསལ་དབྱིངས་སུ་སྡོམ་མཛད་ཤྲཱི་ཧེ་རུ་ཀའི་དོན། །སྲིད་གསུམ་འདི་བའི་ཐ་སྙད་བརྡ་དང་མཚན་མར་བྱེད་པ་ཁ་སྦྱོར་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །དབུ་མར་གནས་པའི་སྙིང་རྗེའི་གང་བས་འགག་པ་མེད་པའི་མཆོག་གི་འཕྲིན་ལས་དུས་གསུམ་འཆར་བ་གང་། །མ་ལུས་པ་ཡི་བདག་པོ་ཆེན་པོ་རྡོ་རྗེ་སེམས་དཔར་འདུད་དོ་དེ་ཡིས་དེང་འདིར་དགེ་ལེགས་སྩོལ། །སྤྲོས་འོས་ཧ་ཅང་མིན་འདོད་ལ། །རྡོ་རྗེ་བཙུན་མོས་སྦྱིན་པའི་ལུང་། །རྣམ་ངེས་བྱེད་པ་བདག་འོས་ཅེས། །གསོལ་བའི་ངོར་འདི་བྱ་བ་སྤྲོ།། འདིར་བཅུ་གསུམ་གྱི་ལྷའི་འཁོར་ལོ་སྡོམ་པ་སྒོམ་པར་འདོད་པ་དག་ལ། བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། དང་པོ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་ལ་སྲུང་འཁོར། ཚོགས་བསགས། འབྱུང་བརྩེགས། པདྨ་སྒོམ་པ་བཞིའི་དང་པོ་ནི། རྒྱུད་ནས་མཆོག་བསྒྲུབ་པར་བསྔགས་པའི་གནས་སུ་རྣལ་འབྱོར་གྱི་ཡོ་བྱད་བསགས་པ་འམ། ཀུ་སཱ་ལི་པ་ཞིག་ན་ཡིད་ཀྱིས་ཚང་བར་བསམ་ལ། དེ་ལ་དང་པོར་བརྒྱུད་པའི་གསོལ་འདེབས་ནི། རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ། །དེ་སྲས་ཏིལླི་ནཱ་རོ་དང་། ལྔ་བརྒྱའི་གཙུག་རྒྱན་མར་མི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། རས་ཆུང་ཞབས་དང་ཁྱུང་ཚང་པ། །མ་གཅིག་ཀོང་ཇོ་ལོ་ཆེན་ཞང་། །དྷ་ར་ཤྲཱི་བསོད་ནམས་མཚན། །གསོལ་བྎ ཀུན་ལྡན་རས་མ་བདེ་ལེགས་པ། །ཀུན་དགའ་དཔལ་དང་རྒྱལ་བའི་དབང་། །ངག་དབང་ཆོས་ཀྱི་རྒྱལ་པོ་ལ། །གསོལྎ མ་བགྲངས་བཅུ་གསུམ་ས་བགྲོད་དེ། །རྡོ་རྗེ་འཆང་དབང་རྒྱལ་ཚབ་ཏུ། །མཁའ་འགྲོའི་ལུང་བསྟན་པདྨ་དཀར། །གསོལ་བྎ རྒྱལ་ཚབ་དམ་པ་ལྷ་རྩེའི་ཞབས། །སྙིང་རྗེའི་དབང་ཕྱུག་དཔག་བསམ་དབང་། །འཇམ་དབྱངས་བུདྡྷ་ཀུན་དགའ་རྗེ། །གསོལ་བྎ མཁས་མཆོག་ཡར་འཕེལ་ཐུགས་རྡོ་རྗེ། །བདེ་ཆེན་ཞབས་དང་འཇམ་པའི་དཔལ། །ཀུན་གཟིགས་ཆོས་ཀྱི་སྣང་བ་ལ། །གསོལ་བྎ མཚུངས་མེད་མཁས་གྲུབ་ཆོས་ཀྱི་རྗེ། །འཇམ་དཔལ་ཡེ་ཤེས་གྲུབ་པ་དང་། །ངེས་དོན་ཆོས་ཀྱི་རྒྱ་མཚོའི་ཞབས། །གསོལ་བྎ རྡོ་རྗེ་སློབ་དཔོན་མཚུངས་མེད་རྗེ། །འཇམ་དཔལ་ཤེས་བྱ་ཀུན་མཁྱེན་དང་། །ངག་དབང་ཆོས་ཀྱི་རྒྱལ་མཚན་མཆོག །གསོལ་བྎ རིགས་བརྒྱའི་ཁྱབ་བདག་འབྲུག་བ་རྗེ། འཇིགས་མེད་མི་ཕམ་ཆོས་ཀྱི་དབང་། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བྎ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡང་། །གང་གི་རོལ་རྩེད་ཡིན་ཤེས་ནས། །རྗེ་བཙུན་བླ་མ་ཁྱེད་མིན་པའི། །སྐྱབས་གཞན་བདག་ཅག་རྣམས་མི་འཚོལ། །དེ་ཕྱིར་ཉམ་ངའི་འཁོར་བ་ནས། །འགྲོ་བ་འདྲེན་པའི་ཐུགས་རྗེའི་མཐུ། །བསྐུལ་བའི་གསོལ་བ་འདེབས་ལགས་ན། །བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །སྨིན་བྱེད་དབང་གིས་རྒྱུད་གསོས་ནས། །གྲོལ་ལམ་གསེར་འགྱུར་རྩིས་སྦྲན་པའི། །མི་གཙང་ལུས་འདི་རྒྱལ་བའི་སྐུ། །རིན་ཆེན་མཆོག་ཏུ་གྱུར་ཅིག་གུ། དབང་བཞི་ནི། སྒྱུ་འཕྲུལ་ཞིང་ཁམས་རྒྱ་མཚོ་སོགས། ཚིག་གི་དབུ་མར་མཛད་པར་བྱིན་གྱིས་རློབས།། ཡང་ན་དབང་བཞི་ཞུ་བ་ནི། ཨོཾ་ཨཱཿཧཱུྃ་ཧོཿ མཚན་རྣམས་ཡོངས་རྫོགས་བླ་མའི་སྐུ། །སྤྱི་བོར་ལུས་ཀྱི་ཐིག་ལེ་ལ། །ཞུགས་ནས་བུམ་དབང་དགའ་བའི་ཆུས། །སད་པའི་སྒྲིབ་པ་སྦྱང་དུ་གསོལ། །ལོངས་སྤྱོད་རྫོགས་པ་ཀུན་གྱི་སྐད། །མགྲིན་པར་ངག་གི་ཐིག་ལེ་ལ། །ཞུགས་ནས་གསང་དབང་མཆོག་དགའི་མེས། །རྨི་ལམ་བག་ཆགས་སྲེག་ཏུ་གསོལ། །དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །སྙིང་ཁར་ཡིད་ཀྱི་ཐིག་ལེ་ལ། །ཞུགས་ནས་ཤེས་རབ་ཡེ་ཤེས་ཉིས། །གཉིད་སྟུག་མུན་པ་བསལ་དུ་གསོལ། །མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །ལྟེ་བར་ཡེ་ཤེས་ཐིག་ལེ་ལ། །ཞུགས་ནས་བཞི་པའི་དབང་བསྐུར་བས། །འཕོ་མེད་ཐོབ་པར་བྱིན་གྱིས་རློབས།། དྲུག་པ་ཞུ་བསྟིམ་སྨོན་ལམ་ནི། དེ་ལྟར་བདག་དང་འགྲོ་རྣམས་ཀྱི། །ལུས་ངག་ཡིད་དང་ཡེ་ཤེས་ཚོགས། །རྡོ་རྗེ་བཞི་དང་མཉམ་སྦྱོར་བས། །སྐུ་བཞིའི་དབང་ཕྱུག་ཐོབ་པར་ཤོག། སྐྱབས་འགྲོ་ནི། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་མགོན་མེད་བདག །སྙིང་པོ་བྱང་ཆུབ་མ་ཐོབ་པར། །འཁོར་བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་རྣམས་སྐྱབས་པའི་ཕྱིར། །རྐང་གཉིས་གཙོ་བོའི་སྐུ་གསུམ་བདག །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །ཕྱིན་ཆད་སྡིག་ལས་ལྡོག་པར་བགྱི། །དེང་ནས་ཁྱེད་ཀྱི་འབངས་སུ་མཆི། །ཁྱེད་ཀྱི་བསླབ་བྱ་རྗེས་སུ་སློབ། །ཁྱེད་ཀྱི་བཀའ་ལས་མི་འདའ་བར། །ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ།། ལན་གསུམ། སེམས་བསྐྱེད་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་ལན་གསུམ། རང་གི་སྤྱི་བོར་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨཱ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿབཅོམ་ལྡན་འདས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཨོཾ་བཛྭ་སཏྟྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྭ་སཏྟྭཏྭེནོཔཏིཥྛ། དྲྀཌྷྜྷོ་མེ་བྷབ། སུཏོཥྱོ་མེ་བྷབ། སུ་པོཥྱོ་མེ་བྷབ། ཨ་ནུ་རཀྟོ་མེ་བྷབ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷགབན྄་སརྦ་ཏ་ཐཱ་ག་ཏ་བཛྭ་མཱ་མེ་མུཉྩྨ། བཛྭཱི་བྷབ། མཧཱ་ས་མ་ཡ་སཏྟྭ་ཨཱཿ བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་ཁམས་གསུམ་ན་གནས་པའི་བདུད་བགེགས་གདོན་ཐམས་ཅད་མདུན་དུ་བཀུག་པ་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱནུཏྤནྣཏྭཱཏ྄། ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། གཏོར་མ་བྱིན་རློབས། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཅི་ཡང་། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེ་བདག་པོ་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་འགས་བྱས་ཏེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་སྒྲུབ་ཅིང་མཆོད་པར་བྱེད་པ་ལ་བར་དུ་གཅོད་པར་བརྩམ་པ་གང་སུ་ཡང་རུང་བ་ས་ཕྱོགས་འདི་ན་གནས་པའི་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། རྗེད་བྱེད་དང་། འབྱུང་པོ་དང་། ནམ་མཁའ་ལྡིང་དང་མིའམ་ཅི་དང་རིག་པ་འཛིན་པ་ལ་སོགས་པ་རྒན་པོ་དང་རྒན་མོ་དང་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག འདི་ལྟར་རྡོ་རྗེ་འཛིན་པའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག གང་དག་མི་འགྲོ་བ་དེ་དག་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུྃ་ཀ་ར་ཤིན་ཏུ་ཁྲོས་པ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་པར་གྱུར་ཏ་རེ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་གྲྀ་ཧུཾ་ཧཱུྃ་ཕཊ྄། ཨོཾ་གྲྀ་པ་ཡ་གྲྀུ་པ་ཡ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝན་བཛྭ་ཧུཾ་ཧཱུྃ་ཕཊ྄། ཞལ་བཞི་ནས་ཁ་གདོང་མ་ལ་སོགས་པ་བཞི། ཐུགས་ཀ་ནས་གཤིན་རྗེའི་བརྟན་མ་ལ་སོགས་པ་བཞི། ལྟེ་བ་ཡན་ཁྲོ་མོ། མན་རྡོ་རྗེ་རྩེ་གཅིག་པའི་དབྱིབས་སུ་གནས་པའི་ཕུར་བུའི་རྣམ་པར་ཕྱུང་སྟེ། ཨོཾ་བཛྭ་ཌཱ་ཀི་ནི་སརྦ་བིགྷྣན་ཨ་ནུཙྪེད་ཡེ་ཀཱི་ལ་ཡེ་ཧཱུྃ་ཕཊ྄། རང་གི་སེམས་ལས་གྱུར་པའི་ཕྱོགས་མཚམས་ཀྱི་བགེགས་ཀྱི་གཙོ་བོ་རྣམས་ཀྱི་སྙིང་གར་བཏབ་ནས་བཞུགས་པའི་འོད་ཀྱིས་བགེགས་ཀྱི་ཚོགས་ལྷག་མ་ཐམས་ཅད་བསྲེག་པར་གྱུར། དེ་ནས་ཆོས་ཐམས་ཅད་ལ་དམིགས་པ་རབ་ཏུ་མི་གནས་པར་གྱུར་བའི་སྟོང་པ་ཉིད་ལ་ཅུང་ཟད་བཞག་གོ །སྟོང་པ་དེ་ལས་ཨོཾ་མེ་དེ་ནི་བཛྭཱི་བྷ་ཝ་བཛྭ་བྷནྡྷ་ཧཱུྃ་བཾ་ཧཱུྃ། རྡོ་རྗེའི་ས་གཞི། ཨོཾ་བཛྭ་པྲཱ་ཀ་ར་ཧཱུྃ་བཾ་ཧཱུྃ། རྡོ་རྗེའི་རྭ་བ། ཨོཾ་བཛྭ་པཉྫྱཱ་ར་ཧཱུྃ་ཡཾ་ཧཱུྃ། རྡོ་རྗེའི་གུར། ཨོཾ་བཛྭ་བི་ཏཱ་ན་ཧཱུྃ་ཁཾ་ཧཱུྃ། རྡོ་རྗེའི་བླ་རེ། ཨོཾ་བཛྭ་ས་ར་ཛྷ་ལ་ཏྲཱཾ་སཾ་ཏྲཱཾ། རྡོ་རྗེ་མདའི་དྲ་བ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལཱརྐཀ་ཧཱུྃ་ཧཱུྃ་ཧཱུྃ། ཕྱི་རོལ་དུ་མེ་རི་རྣམ་པ་ལྔ་རབ་ཏུ་འབར་བས་བསྐོར་བར་གྱུར། དེ་ནས་ལག་མཆོད་བཀོད་ནས། ལག་པ་གཡོན་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བ་ལ་ཨོཾ་བཾ་དམར་པོ། འདབ་མ་ལ་གཡོན་སྐོར་གྱི་ཧཾ་ཡཽཾ་སྔོན་མོ། སྲཱིཾ་མོཾ་དཀར་མོ། སྲིཾ་སྲིཾ་སེར་མོ། ཧཱུྃ་ཧཱུྃ་ལྗང་ཁུ། ཕཊ྄་ཕཊ྄་དུད་ཁ། དཔའ་མོ་དྲུག་གི་རང་བཞིན་མཐེ་བོང་ལ། ཨོཾ་ཧཿདཀར་པོ། མཛུབ་མོ་ལ་ན་མ་ཧི་སེར་པོ། གུང་མོ་ལ་སྭཱ་ཧཱ་ཧུ་དམར་པོ། སྲིན་ལག་ལ་བཽཥྚ་ཧེ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿམཐིང་ཁ། སེན་མོའི་ངོས་ལ་ཕཊ྄་ཧཾ་ལྗང་ཁུ། དཔའ་བོ་དྲུག་གི་རང་བཞིན། ལག་པའི་བོལ་ལ་འདི་དག་ཉིད་ཀྱི་གཟུགས་བརྙན། ལག་པའི་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པ་བཞིན་ལྟུང་བྱེད། གསོད་བྱེད། འགུགས་བྱེད། གར་གྱི་དབང་ཕྱུག་པདྨ་དྲ་བ་ཅན་མ་རྣམས་ཀྱི་རང་བཞིན་ནོ།། དེ་ནས་ཆང་ཨོཾ་ཨཱཿཧཱུྃ་གིས་ཕུལ་ཞིང་སྟེར་མཆོད། བཟའ་བཏུང་ཐམས་ཅད་རྐང་པ་བརྒྱད་པའི་སྔགས་ཀྱིས་འབུལ་བ་ནི། ཨོཾ་ན་མོ་བྷག་བ་ཏེ་བཱི་རེ་ཤཱ་ཡ། མཧཱ་ཀལྤཱགྣི་སནྣིབྷཱཡ། ཛ་ཊཱ་མ་ཀུ་ཊོཏྐྲཊཱཡ། དཾཥྚུ་ཀ་རཱ་ལོ་གྲ་བྷཱིཥ་ཎ་མུ་ཁཱ་ཡ། །ས་ཧ་སྲ་བྷུཛ་བྷཱསུ་རཱ་ཡ། པར་ཤུ་པཱ་ཤོདྱཏ་ཤཱུ་ལ་ཁཊྶཱཾག་དྷཱརི་ནི། བྱཱགྷྲཱ་ཛི་ནཱམྦར་དྷརཱ་ཡ། མཧཱ་དྷཱུམྲཱནྡྷཀཱར་ཝ་པུ་ཥཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྭ་ཝཱ་རཱ་ཧི་བཾ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱཱ་རཱ་མ་ཏེ་མ་ཧཱ་བི་དྱེ་ཤྭ་ར་ཧུཾ་ཧཱུྃ་ཕཊ྄། ཨོཾ་སརྦ་བྷུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྭེ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་བཛྭ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་བེ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ནི་ལི་ནཱི་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཏྲ་ས་ནི་མ་ར་ནི་སུ་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཛ་ཡེ་བི་ཛཾ་ཡེ་ཛཾ་བྷ་ནི་སྟཾ་བྷ་ནི་མོ་ཧ་ནི་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཝཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཀ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུྃ་ཕཊ྄། མ་ཚང་བ་ཁ་བསྐང་བའི་དོན་དུ། ཨོཾ་ཤྲཱི་ཧེ་རུ་ཀ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། ཤྲཱི་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ་སོགས་བརྗོད། དེ་ནས་ལག་མཐིལ་དུ་ཡོད་པའི་ཁུ་བ་སྲིན་ལག་གིས་བླངས་ནས་སྙིང་ལྕེ་མགོ་བོ་རྣམས་སུ་ཧཱུྃ་ཨཱཿཨོཾ་བརྗོད་པས་བྱུག་ཅིང་། ངོ་བོ་ལྷ་རྣམ་པ་ཡི་གེར་བཞུགས་པ་དེ་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པར་གྱུར། ལྷག་མ་བདུད་རྩིའི་ནང་དུ་བླུག་ཅིང་བསྙེན་པ་བཞིན་དུ་བྱིན་གྱིས་བརླབ་བོ།། མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དེའི་སྟེང་དུ་ཨཱ་ལས་པདྨའི་སྣོད་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་ཐོད་པ་གསུམ་གྱི་སྒྱེད་པུ་ལ་གནས་པའི་ནང་དུ་ཨོཾ་ཨཱཾ་ཏྲཱཾ་ཁཱཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཾ་ལས་བདུད་རྩི་ལྔ་དང་སྒྲོན་མེ་ལྔ་རླུང་གིས་བསྐུལ་བས་མེ་འབར་ཐོད་པ་བསྲོས་པས་རྫས་རྣམས་ཞུ་བ་ཉི་མ་འཆར་ཁའི་ཁ་དོག་ཅན་དེའི་སྟེང་དུ་དངུལ་ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྶཱཾ་ག་དཀར་པོ་ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་དུ་ཞུ་བས་རོ་གཅིག་པར་གྱུར་པ་རྣམས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཱཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵཿཡ་ར་ལ་ཝ་ཌ་ཌྷྜྷ། ཨཱ་ལི་གཡོན་སྐོར། ཀཱ་ལི་གཡས་སྐོར་དུ་སོང་བ་ཡོངས་སུ་གྱུར་པ་ལས་ཨོཾ་ཨཱཿཧཱུྃ་གི་ཡི་གེ་བརྩེགས་མར་གནས་པ་དེ་དག་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོས། འགྲོ་བའི་དོན་བྱས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བའི་འོད་དུ་ཞུ་ནས་ཡི་གེ་གསུམ་ལ་རིམ་པ་བཞིན་ཐིམ། ཨོཾ་ཡིག་ཏུ་ཞུ་བས་སྦྱངས། ཨཱཿཡིག་གིས་མང་པོར་སྤེལ། ཧཱུྃ་ཡིག་གིས་སྦར་བ་དང་ཡེ་ཤེས་ཀྱི་བདུད་རྩིར་བྱས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་སོ། །དེ་ནས་བདུད་རྩི་དེ་སྲིན་ལག་གིས་དཀྱིལ་འཁོར་ལ་འཐོར་ཞིང་། པུ་ཛཱ་ཨོཾ་ཨཱ་གོ་ར་དེ་མཱ་ཀཱ་ཨོཾ་ཏྲཱི་ཀོ་ཀཱ་ལཾ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཡི་གེ་ཉི་ཤུ་རྩ་བཞི་དེ་ཡོངས་སུ་གྱུར་པ་ལས་པུ་ལི་ར་མ་དང་ཛཱ་ལན་དྷ་ར་དང་། ཨོ་ཌི་ཡཱ་ན་དང་། ཨརྤཀྵྭ་ཏ་བཞི་གནས་ཏེ་ས་རབ་ཏུ་དགའ་བ། གོ་དཱ་ཝ་རི་དང་། ར་མེ་ཤཱར་དང་། དེ་ཝི་ཀོ་ཊ་མཱ་ལ་ཝ་བཞི་ཉེ་བའི་གནས་ས་དྲི་མ་མེད་པ་ཀཱ་མ་རུ་དང་ཨོ་ཏྲ་གཉིས་ཞིང་ས་འོད་བྱེད་པ། ཏྲི་ཤ་ཀུ་ནེ་དང་། ཀོ་ས་ལ་གཉིས་ཉེ་ཞིང་། ས་འོད་འཕྲོ་བ། ཀ་ལིདྒ་དང་། ལམ་པ་ཀ་གཉིས་ཚནྡྷོ། ས་སྦྱང་དཀའ་བ། ཀཱཉྩྨི་དང་ཧི་མ་ལ་གཉིས། ཉེ་བའི་ཚནྡྷོ། ས་མངོན་དུ་གྱུར་པ་པྲེ་ཏ་པུ་རི་དང་། གྲི་ཧ་དེ་ཝ་གཉིས་འདུ་བ། ས་རིང་དུ་སོང་བ། སཽ་རཥྚ་དང་། སུ་ཝརྞ་དཱི་པ་གཉིས་ཉེ་བའི་འདུ་བ། ས་མི་གཡོ་བ། ན་ག་ར་དང་། སིནྡྷུ་གཉིས་དུར་ཁྲོད། ས་ལེགས་པའི་བློ་གྲོས། མ་རུ་དང་ཀུ་ལུ་ཏ་གཉིས་ཉེ་བའི་དུར་ཁྲོད་ས་ཆོས་ཀྱི་སྤྲིན། ཞེས་བརྗོད་ཅིང་། ཡུལ་དེ་དག་ཏུ་གནས་པའི་མཁའ་འགྲོའི་ཚོགས་དང་བཅས་པར་གྱུར། སྤྲུལ་སྐུའི་རྣལ་འབྱོར་རོ། །དེ་ནས་ཛམྦུ་གླིང་གི་ཡུལ་ཇི་ལྟ་བར་སྣང་བ་དེ་སྦྱང་བའི་ཕྱིར། ཨོཾ་ཁཎྜྻ་རོ་ཧི་ཧུཾ་ཧཱུྃ་ཕཊ྄། ཨོཾ་སྭ་བྷཱ་ཝས་སྦྱངས་རས་བྲིས། ཚོམ་བུའམ་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡཾ་རཾ་བཾ་ལཾ་སུཾ་པཾ་ཧཱུྃ་པཾ་བརྩེགས་པ་རིམ་པ་བཞིན་ཞུ་བ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གཾ་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བརྩེགས་པའི་སྟེང་དུ་རི་རབ་དང་། སྣ་ཚོགས་པདྨ་ལྷུན་པོའི་ཁ་ཁྱབ་པའི་དཀྱིལ་དུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ། དེའི་ལྟེ་བར་པདྨའི་སྡོང་པོ་གྱེན་དུ་འཕགས་པ་འདབ་མ་བརྒྱད་པའི་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ། གེ་སར་དམར་སེར། ལྟེ་བ་མཐིང་ཁ་གྲི་གུག་གི་འཕྲེང་བས་མུ་ཁྱུད་བྱས་པ། རང་གི་སྙིང་ག་ནས་ཧཱུྃ་ཡིག་འཐོན་དེའི་ལྟེ་བར་འཁོད། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་པདྨ་ནང་མའི་ཕྱི་ལ་རང་བཞིན་གྱིས་རྣམ་པར་སྣང་མཛད་རྣམས་ཡོངས་སུ་གྱུར་པའི་རིན་པོ་ཆེའི་གཞལ་ཡས་ཁང་དཀར་སེར་དམར་ལྗང་སྔོ་བའི་བརྩིགས་པ་དྭངས་ཤིང་གསལ་ལ་སྒྲིབ་པ་མེད་པ་ཁ་དོག་བཀྲ་བ་འོད་ཟེར་གྱི་ཕུང་པོར་འབར་བ་གྲུ་བཞི་པ། རྒྱ་ཁྱོན་མཉམ་པ་རྨང་གི་ཕྱིར་འདོད་པའི་སྣམ་བུ་དམར་པོ། ཁ་ཁྱེར་ལ་རིན་པོ་ཆེའི་སྣམ་བུ་སེར་པོ། རྩིག་སྟེང་དུ་མུན་པའི་སྣམ་བུ་དྲ་བ་དང་དྲ་ཕྱེད་དར་དཔྱངས་ཀྱིས་སྤྲས་པ། བྱ་འདབ་ཀྱི་སྣ་ལ་ཐུར་དུ་ཤར་བུ་རྩིག་པའི་སྟེང་ཐད་དུ་མདའ་ཡབ་དཀར་པོ་པདྨ་ཕྱེད་པའི་དབྱིབས་ཅན། ཁང་པ་བརྩེགས་མ་སྟེང་མའི་དབུས་འཕྱུར་བུ་རྡོ་རྗེ་རིན་པོ་ཆེའི་ཏོག་ལོགས་བཞིར་སྒོ་བཞི་ཏྭ་ར་ནས་མཛེས་པ་དེའི་སྟེང་དུ་པདྨ་ལ་གསེར་གྱི་འཁོར་ལོ་རྩིབས་སྟོང་གདུགས་དང་བཅས་པ་ལ་གཡས་གཡོན་ནས་རི་དྭགས་རུ་རུ་ཟུང་མིག་མི་འཛུམ་པར་བལྟ་བ་རྒྱན་ཐམས་ཅད་ཀྱིས་སྤྲས་པ། རི་རབ་ཀྱི་ཕྱིར་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་། ཞིང་སྐྱོང་། ཀླུ། རྣལ་འབྱོར་པ། ཤིང་། མེ། ཆུ། སྤྲིན། རི་བརྒྱད་བརྒྱད་རོ་དང་ལྕེ་སྤྱང་ཤ་ཟ་དང་སྲིན་པོ་ཟ་བྱེད་ཀྱི་མཁའ་འགྲོ་མ་སོགས་ཀྱིས་གང་ཞིང་འཇིགས་སུ་རུང་བས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ཆེན་པོའི་དབུས་ཀྱི་པདྨའི་ལྟེ་བ་ཉི་གདན་ལ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ། ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་སྙིང་ག་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་རྒྱན་དང་། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུབ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམས་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཨན་ཏྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཤར་སྒོར་ཁཱ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་ན་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉིའི་སྟེང་རོ་ཡི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ལྷ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། གཙོ་བོའི་སྙིང་གར་ཨོཾ་ཧཿདཔྲལ་བར་ན་མ་ཧི། སྤྱི་བོར་སྭཱ་ཧཱ་ཧུ། ཕྲག་པ་གཉིས་སུ་བཽ་ཥ་ཊ་ཧེ། སྤྱན་གསུམ་ལ་ཧཱུྃ་ཧཱུྃ་ཧོཿཡན་ལག་ཐམས་ཅད་ལ་ཕཊ྄་ཧཾ། གཙོ་མོའི་ལྟེ་བར་ཨོཾ་བཾ། སྙིང་གར་ཡཾ་ཡཽཾ། མགྲིན་པར་སྲཱིཾ་མོཾ། དཔྲལ་བར་སྲིཾ་སྲིཾ། སྤྱི་བོར་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། ཅེས་གོ་ཆའི་བར་སྒྲུབ་ཐབས་བཞིན་བརྗོད། དེ་ནས་འབར་བའི་ཕྱག་རྒྱ་བསྐོར་ཞིང་ཅང་ཏེའུ་ལ་སོགས་པའི་རོལ་མོའི་སྒྲ་དྲག་ཏུ་འཁྲོལ་བས། ཕེཾ་ཕེཾ་ཕེཾ་ཨོཾ་གུ་རུ་བཛྭ་ཤྲཱི་ཧེ་རུ་ཀ་ཨཱ་ཀཌྜྷྱཡ། ཨཱ་ཀཌྜྷྱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀི་ནཱི་སྲི་ད་ཡ། ཨ་པ་ཏོ་ཥ་ཡ། ཛ་ཧཱུྃ་བཾ་ཧོཿཨོཾ་ཨཱཿཧཱུྃ། སརྦ་ཝཱི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་སོགས་ཀྱི་སྤྱན་དྲངས་པའི་སྔགས་ལན་གསུམ་བརྗོད་ཅིང་དེ་བས་ཏིང་ངེ་འཛིན། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས་པས་འོག་མིན་གྱི་ཞིང་ནས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡེ་ཤེས་ཀྱི་འཁོར་ལོ་ཆེན་པོ་མདུན་གྱི་ནམ་མཁར་སྤྱན་དྲངས། སྟ་གོན་གྱི་དུས་བཏེག་པ་དང་གཉིས་སུ་མེད་པར་གྱུར། དེ་ལ་ཁྲུས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། མགོན་པོ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཨཉྩྨ་མཱ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱདྱཾ། ཨོཾ་ཨ་བཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄། དེ་བཞིན་ཉེར་མཆོད་ལྷག་མ་རོལ་མོ་དང་བཅས་པ་འབུལ། བཟའ་བཏུང་། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་བདག་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། རིག་མ། མཛེས་མ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིགས་པའི་བརཏལ་ཞུགས་མཐར་ཕྱིན་ཤོག །ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་པའི། །དགའ་བ་བླ་ན་མེད་པས་མཆོད། །ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུྃ་ཕཊ྄ ཞེས་པ་ནས། ཨོཾ་བཛྭ་བཱ་ར་ཧི་མ་ཧཱ་ཡོ་གི་ནཱི་ཀ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུྃ་ཕཊ྄། ཅེས་གོང་བཞིན་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དོ། །ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱས་ཛཿཡེ་ཤེས་པ་རྣམས་དམ་ཚིག་གི་འཁོར་ལོའི་སྟེང་དུ་བཀུག ཧཱུྃ་དེ་དག་ལ་བཞུག བཾ་གཉིས་མེད་དུ་བཅིངས། ཧོ་རོ་གཅིག་ཏུ་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། ཕྱོགས་བཅུའི་ཞིང་ནས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་ཡབ་ཡུམ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་དབང་བསྐུར། ལུས་གང་དྲི་མ་དག ཆུའི་ལྷག་སྤྱི་བོར་འཁྱིལ་བ་ལས་གཙོ་བོ་ལ་མི་བསྐྱོད་པ་ཡུམ་ལ་རྣམ་སྣང་། ཕྱོགས་མ་བཞི་ལ་རིན་འབྱུང་། སྒོ་མ་བཞི་ལ་སྣང་མཐའ། མཚམས་མ་རྣམས་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། རྣལ་འབྱོར་བདུད་རྩི་རོ་གཅིག་གསོལ་བའི་ཐུགས་ནི་རྣམ་པར་དག་པ་སྟེ། །གནས་ལ་སོགས་པའི་ཡུལ་དུ་བགྲོད་པའི་སྐུ་ནི་རྣམ་པར་དག་པ་ཡི། །དཔལ་ལྡན་གནས་ཀྱི་དབུས་ཀྱི་དཀྱིལ་འཁོར་འཁོར་ལོ་མཆོག་གི་མགོན་པོ་ནི། །བླ་མ་མཆོག་ལ་རྟག་ཏུ་མགོ་བོས་བཏུད་དེ་གུས་པས་ཕྱག་འཚལ་ལོ། །དཔའ་བོ་ཀུན་གྱི་སྐུ་ནི་རྟག་ཏུ་མཛེས་པ་སྟེ། །ལྷ་མོ་རྣམས་ཀྱི་རིན་ཆེན་སྐུ་ཡིས་འཁྱུད་པས་བརྒྱན། །འཁོར་ལོ་གནས་མགོན་ལྷན་ཅིག་སྐྱེས་དགའ་དྲི་མེད་པའི། །རྣལ་འབྱོར་སྙིང་པོ་བདེ་མཆོག་ལ་ཡང་རྟག་ཕྱག་འཚལ། །སངས་རྒྱས་ཀུན་མཁྱེན་ཤིན་ཏུ་རྣམ་པར་དག་པའི་གནས། །ལྷ་མོ་རྣམས་ནི་ལྷན་ཅིག་སྐྱེས་པའི་གནས་ཀྱི་མཛེས། །འདྲེན་པ་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བ་སྟེ།དྲི་མེད་ལྷན་ཅིག་སྐྱེས་པ་མཆོག་ལ་བདག་ཕྱག་འཚལ། ཞེས་ཕྱག་འཚལ། ཨོཾ་ཨཱཿཧཱུྃ། པྲོཀྵ་ནན་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ལས་ཐམས་ཅད་པའི་ཆུས་འཐོར་འཐུང་། ཨོཾ་ཨཱཿཧཱུྃ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། མཆོད་ཡོན། ཨོཾ་ཨཱཿཨཉྩྨ་མ་ནཾ་པྲ་ཏཱིཙྪ་ཧཱུྃ། པཱདྱཾ། ཞབས་བསིལ་དང་། དེ་ནས་གཙོ་བོ་ནས་གཤིན་རྗེ་འཇོམས་མའི་བར་ལ། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནཱི་ཛྷ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་སྲཱི་ཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཉེར་མཆོད་ལྔ་འབུལ་བ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བཏགས་ལ་འབུལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྭ་ཝརྞ་ནི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། པུཥྤེ། སོགས་གོང་བཞིན། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ལཱ་མེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧེ་ཧཱུྃ་ཕཊ྄། ཨོཾ་རུ་པི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། གོང་བཞིན་ཉེར་མཆོད་ལྔ། ཨོཾ་ཀཱ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨུ་ལུ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཤྭ་ནཱ་ཀ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སཱུ་ཀ་རཱ་ཀྵྼ་ཧུཾ་ཧཱུྃ་ཕཊ྄། གོང་བཞིན་ཉེར་མཆོད། ཨོཾ་ཡ་མ་དཱ་དྷི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཾཥྚི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། པུཥྤེ། སོགས་གོང་བཞིན་ཉེར་མཆོད་ལྔ་བཏགས་པ་ལ་ཕྱོགས་གཡོན་བསྐོར། མཚམས་གཡས་བསྐོར་གྱིས་ཕུལ། ཛམྦུ་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཙཀྲ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཐལ་ཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡིད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོའི་སྐ་རགས་ཅན་བསྐོར་བའི། །གླང་པོ་རིན་ཆེནྎ ཧསྟི་རཏྣྎ སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམས་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེནྎ ཨ་ཤྭ་རཏྣྎ ཀུན་ཏུ་སྔོ་བ་སྣང་བྱེད་བཻ་ཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱངས་ཆ་བརྒྱད་པ། །ནོར་བུ་རིན་ཆེནྎ མ་ནི་རཏྣྎ འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་བྱ་མཆོག་གིས་ལུས་སེམས་བདེ་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་སྟེར། །བཙུན་མོ་རིན་ཆེནྎ ཧླིུ་རཏྣྎ ཕུར་བུའི་བློ་ལྡན་མཛངས་ཤིང་ཡིད་གཞུང་པ། ཁོར་ཡུག་གཏེར་གྱི་འདོད་དགུར་འཛུད་བྱེད་ཅིང་། །ངེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། །ཁྱིམ་བདག་རིན་ཆེནྎ པུ་རུ་ཥ་རཏྣྎ སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །རཏལ་ཕོད་ཡིད་ལ་རྒྱས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པ། །བློན་པོ་རིན་ཆེནྎ ཁཌྒྱ་རཏྣྎ འོད་ཟེར་གྱིས་སྔོ་རལ་གྲི་ལྤགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམ་ཆྎ ཨུ་པ་རཏྣྎ ཕྱི་མཆོད་དོ།། མཐོན་མཐིང་འོད་ཆགས་རྡོ་རྗེ་པི་ཝཾ་མ། །རྒྱུད་མངས་སྙན་པའི་སྐད་ཀྱིས་ཡིད་བསྒྱུར་བྱེད། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེའི་ཡིད་དགྱེས་མཛོད། །ཨོཾ་ཨཱཿབཛྭ་ཝི་ཎི་ཧཱུྃ་ཧཱུྃ་ཕཊ྄། །མཆོག་གི་གསེར་མཚུངས་རྡོ་རྗེ་གླིང་བུ་མ། །སྙན་འགྱུར་རིན་ཆེན་གླིང་བུའི་སྒྲ་དབྱངས་ཅན། །རྡོ་རྗེྎ ཧེ་རུ་ཀྎ ཝཾ་ཤེ་ཧཱུྃ་ཧཱུྃ་ཕཊ྄། བིམ་པ་ལྟར་དམར་རྡོ་རྗེ་རྫ་རྔ་མ། །སྐད་སྙན་ལྷ་རྫས་བཟང་པོའི་རྫ་རྔ་འཁྲོལ། །རྡོ་རྗེྎ ཧེ་རུྎ མུ་རཉྫྱེྎ མརྒད་མདོག་མཚུངས་རྡོ་རྗེ་རྔ་ཆེན་མ། །རྔ་ཆེན་ཆེར་སྒྲོག་ནམ་མཁའི་ཕྱོགས་ཀུན་འགེངས། །རྡོ་རྗེྎ ཧེ་རུྎ མྲྀ་ཏཾ་གེྎ པདྨ་རཱ་གའི་མདངས་ལྡན་བཞད་པ་མོ། །འཛུམ་ཞལ་དགྱེས་པའི་བཞིན་གྱིས་ཀུན་དགའ་བསྐྱེད། །རྡོ་རྗེྎ ཧེ་རུྎ ཧཱ་ཀྵྼེྎ མཐོན་ཀ་ཆེན་མོའི་འོད་འཛིན་རབ་སྒེག་མོ། །རྡོ་རྗེ་དྲིལ་འཆང་དཀུར་བརྟེན་སྙེམས་པའི་ཚུལ། །རྡོ་རྗེྎ ཧེ་རུྎ ལཱ་ཀྵྼེྎ བཙོ་མའི་གསེར་མདོག་རྡོ་རྗེ་གླུ་དབྱངས་མ། །ཤེས་རབ་དབྱངས་སྙན་རྣ་བའི་བཅུད་ལེན་མཁན། །རྡོ་རྗེྎ ཧེ་རུྎ གཱི་ཏཱིྎ རྨ་བྱའི་སྤུ་ལྟར་སྔོ་ལྗང་གར་མཁན་མ། །མཉེན་ལྕུག་ཡན་ལག་མཆོག་གི་བྲོ་གར་བསྒྱུར། །རྡོ་རྗེྎ ཧེ་རུྎ ནྲི་ཏྱེྎ སྟོན་ཟླ་ལྟར་དཀར་རྡོ་རྗེ་མེ་ཏོག་མ། །ལྷ་རྫས་མེ་ཏོག་བྱེ་བའི་ཆར་འབེབས་བྱེད། །རྡོ་རྗེྎ ཧེ་རུྎ པུཥྤེྎ སྔོ་སྐྱ་དུད་སྤྲིན་རྡོ་རྗེ་བདུག་སྤོས་མ། །མཁའ་ཁྱབ་དྲི་ཞིམ་བདུག་པའི་སྤོས་སྤྲིན་ཅན། །རྡོ་རྗེྎ ཧེ་རུྎ དྷཱུ་པེྎ གུར་གུམ་གཞོན་ནུའི་ལུས་ཅན་སྣང་གསལ་མ། །རིན་ཆེན་སྣང་བས་ཕྱོགས་བཅུའི་མུན་སེལ་བྱེད། །རྡོ་རྗེྎ ཧེ་རུྎ དཱི་པཾྎ འཆར་ཀའི་མདོག་ལྟར་དམར་སྐྱས་བྱུག་པ་མ། །ལེགས་སྦྱར་དྲི་མཆོག་དགེ་བས་རྙོག་པ་སེལ། །རྡོ་རྗེྎ ཧེ་རུྎ གནྡྷེྎ ཁ་བ་དུང་ལྟར་རྣམ་དཀར་གཟུགས་བརྙན་མ། །རྣམ་དག་རིན་ཆེན་དངུལ་དཀར་མེ་ལོང་གཡོབ། །རྡོ་རྗེྎ ཧེ་རུྎ རཱུ་པྎ ལེབ་རྒན་རྩི་ལྟར་ལུས་དམར་རོ་ལྡན་མ། །བདུད་རྩིའི་བཅུད་ལྡན་ལྷ་ཡི་ཞལ་ཟས་འཛིན། །རྡོ་རྗེྎ ཧེ་རུྎ རཱ་ཀྵྼེྎ དུར་བའི་འདབ་ལྟར་ལྗང་སེར་རེག་བྱ་མ། །རེག་པའི་བདེ་བ་མཆོག་སྟེར་ན་བཟའ་འཛིན། །རྡོ་རྗེྎ ཧེ་རུྎ སྤརྴེ་ཧཱུྃ་ཧཱུྃ་ཕཊ྄། ཀུནྡ་ཀུ་མུཏ་རྒྱས་འདྲ་ཆོས་དབྱིངས་མ། །རྒྱལ་བ་ཀུན་བསྐྱེད་སྐྱེ་གནས་ཕྱག་རྒྱ་ཅན། །རྡོ་རྗེ་རིག་མ་དགའ་བའི་རོལ་པ་འདིས། །ཧེ་རུ་ཀ་ཁྱོད་རྡོ་རྗེའི་ཡིད་དགྱེས་མཛོད། །ཨོཾ་ཨཱཿབཛྭ་དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། ནང་མཆོད་དོ།། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྩ་རྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནཱི་ཛྷ་ལ་སམྦྷ་རཾ་སྭཱ་ཧཱ། ཨོཾ་སྲཱི་ཧ་ཧ་ཧུཾ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྭ་ཝརྞ་ནི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་བེ་རོ་ཙ་ནི་ཡེ་ཧུཾ་ཧཱུྃ་ཕཊ྄། པཉྩྨ་ཨྎ ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ལཱ་མེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་རཱུ་པི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀྎ ཨོཾ་ཀཱ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨུ་ལླཀྵྭ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཤྭ་ན་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སཱུ་ཀ་ར་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀྎ ཨོཾ་ཡ་མ་ད་དྷཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཾ་ཥྚི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་པཉྩྨ་ཨ་མྲྀ་པཱུ་ཛ་ཁཱ་ཧི། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པའིྎ དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་མོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པའིྎ གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་ལྷ་མ་སྲིན་སྡེ་བརྒྱད་འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པུ་ཛ་ཁཱ་ཧི། གསང་མཆོད་དོ།། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །འཕེལ་བའི་མི་འགྱུར་བདེ་བས་མཆོད། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད།། ཅེས་པ་སྔོན་དུ་བཏང་ནས། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་བརྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་རྔམས་པའི་ཞལ། །སྐུ་ཡི་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊྶཱཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་བགེགས་མཐར་བསྐྲད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགསཔ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད།། བུམ་བསྐྱེད་ནི། རིན་པོ་ཆེའམ་རྫའི་བུམ་པ་མཚན་ཉིད་དང་ལྡན་པ་དགུ ལས་བུམ་དང་བཅས། མེད་ན་གཉིས་གཙང་མར་བཀྲུས། སྤོས་ཀྱིས་བདུག་མགུལ་རས་བཟང་པོས་དཀྲིས། ལྷའི་མཚན་མ་བཀོད། གདན་ཀུ་ཤ་འམ་མེད་ན་རས་བཟང་པོའི་ཁར་བཞག རྣམ་རྒྱལ་གྱི་ཁར་རྣམ་རྒྱལ་ཆེན་པོའི་ཐོད་པའམ། མེད་ན་དུང་ཆོས། དེའི་ཁར་རྡོ་རྗེ་གཟུངས་ཐག་བཏགས་པ་བཞག ཐམས་ཅད་ཀྱི་ཁ་རྒྱན་བཀྲ་ཤིས་པའི་ཤིང་ལོའམ་ཀུ་ཤ་ནང་དུ་ལྔ་ཚན་ཉེར་ལྔ་བཏབ་པའི་རྒྱུན་བཅས་ཀྱི་ཆུས་གསུམ་གཉིས་བཀང་། དེ་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་བུམ་པ་བཟང་པོའི་ནང་དུ་པད་ཉི་ལ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་སྙིང་ག་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་རྒྱན་དང་། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུབ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམས་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཨན་ཏྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཤར་གྱི་འདབ་བ་མ་ལ་མཁའ་འགྲོ་མ་སྐུ་མདོག་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་དང་ལས་བུམ་དུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཤར་སྒོར་ཁཱ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་ན་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉིའི་སྟེང་རོ་ཡི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུ་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། ལྷ་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུྃ། གཙོ་བོའི་སྙིང་གར་ཨོཾ་ཧཿདཔྲལ་བར་ན་མ་ཧི། སྤྱི་བོར་སྭཱ་ཧཱ་ཧུ། ཕྲག་པ་གཉིས་སུ་བཽཥ་ཊ་ཧེ། སྤྱན་གསུམ་ལ་ཧཱུྃ་ཧཱུྃ་ཧོཿཡན་ལག་ཐམས་ཅད་ལ་ཕཊ྄་ཧཾ། གཙོ་མོའི་ལྟེ་བར་ཨོཾ་བཾ། སྙིང་གར་ཡཾ་ཡཽཾ། མགྲིན་པར་སྲཱིཾ་མོཾ། དཔྲལ་བར་སྲིཾ་སྲིཾ། སྤྱི་བོར་ཧཱུྃ་ཧཱུྃ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་དབང་ལྷ་རིག་ལྔ་དང་བཅས་པ་ཕེཾ། འབར་བའི་ཕྱག་རྒྱ་མིག་གཡོན་པའི་སྟེང་གི་དཔྲལ་བའི་ཐད་ཀར་བསྐོར་མིག་གྱེན་དུ་ལྡོག་པ་རྐང་པ་གཡས་བརྐྱང་གཡོན་པས་བོལ་གོང་མནན། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་དེ་བཞིན་གཤེགས་པ་ཐམས་ཅད་གྱིས་བུམ་བསྐྱེད་ཀྱི་ལྷ་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཁྲག་འཐུང་ཆེན་པོ་རིགས་ལྔས་བདུད་རྩི་ལྔས་གང་བའི་ཀ་པཱ་ལས་སྤྱི་བོ་ནས་མངོན་པར་དབང་བསྐུར་བའི་བདུད་རྩིའི་རྒྱུན་གྱིས་ལུས་ངག་ཡིད་ཡེ་ཤེས་ཀྱི་དྲི་མ་དག བུམ་གསང་ཤེས་རབ་བཞི་པའི་དབང་ཐོབ། སྐུ་བཞིའི་ཧེ་རུ་ཀ་རྫོགས་པ་ཉིད་ཀྱི་སྤྱི་བོར་མི་བསྐྱོད་པ། ཡུམ་ལ་རྣམ་སྣང་། ཕྱོགས་མ་བཞི་ལ་རིན་འབྱུང་། སྒོ་མ་བཞི་ལ་སྣང་མཐའ། མཚམས་མ་རྣམས་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཞེས་རྒྱས་བཏབ་པར་བྱ། སྙིང་གའི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄། ཙནྡན་གུར་གུམ་སྦྱར་བ་ཡི། །དྲི་མཆོག་བདུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །དྷཱུ་པེྎ མར་མེ་འོད་བཟང་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་བྱེད་ཅིང་། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ་བཞེས་སུ་གསོལ། །དཱི་པཾྎ སྣ་ཚོགས་ལྷ་ཡི་དྲི་དང་ལྡན། །སྣ་ཚོགས་ག་བུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུཾ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དགྎ གནྡྷེྎ ཁ་དོག་དྲི་དང་རོ་ལྡན་པ། །བཟའ་བའི་བྱེ་བྲག་སྣ་ཚོགས་དང་། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུྎ ནཻ་ཝཱི་དྱྎ ཞིང་འདི་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་འཇོ་བའི་ཕྱིར། །ཉིན་བཞིན་ཤེས་རབ་ཅན་གྱིས་མཆོད། །ཨོཾ་ཨཱཿརཏྣ་སཔྟ་ཧུཾ་ཧཱུྃ་ཕཊ྄། ཕྱི་མཆོད་དོ།། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །བརྒྱད་གཉིས་ལང་ཚོ་དཔལ་འབྲས་ནུ་འབུར་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །ཉ་རྒྱས་ཟླ་བ་དག་པའི་བཞིན་རས་མ། །ཚེམ་ཞིང་གསལ་བ་བདུད་རྩིའི་འོད་ལྡན་མ། །རྡོ་རྗེའི་རིག་མ་ལྷ་མོས་དེང་མཆོད་ནས། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །ཨོཾ་ཨཱཿབཛྭ་ཝི་ཎི་ཧུཾ་ཧཱུྃ་ཕཊ྄། དེ་བཞིན། ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེྎ བདེ་མཆོག་སྒྱུ་མའིྎ རྒོད་དང་དྲེགས་ལྡན་གླུ་དབྱངས་རོལ་གར་མཁན། །ཟུར་མིག་འཕེན་མཁས་འདོད་པའི་མདའ་འཕེན་མ། །འཆི་མེད་ན་ཆུང་སྒྱུ་མའི་འཇོ་སྒེག་མ། །ཡིད་འཕྲོག་དཔའ་མོ་རྡོ་རྗེའི་གླུ་དབྱངས་མ། །འགྱིང་གཟུགས་གློག་འདྲ་གར་དགུའི་རྩེད་འཇོ་མ། །རྡོ་རྗེ་རིག་མྎ མཆོག་ཏུྎ ཧཱ་ཀྵྼེྎ ལཱ་ཀྵྼེྎ གཱི་ཏཱིྎ ནྲྀཏྱེྎ བདེ་མཆོགྎ མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་འཛིན། །རྣམ་རྒྱས་པད་དཀར་གཞོན་ནུའི་ཞལ་མཛེས་མ། །དྲི་ཞིམ་མར་མེ་གསར་པའི་དྲི་ལྡན་མ། །མཚར་སྡུག་འོད་ཀྱིས་ཕྱོགས་ཆ་རྣམ་འགེངས་མ། །ག་བུར་ཙནྡན་ཤིང་ལྟར་གདུང་སེལ་མ། །རྡོ་རྗེྎ མཆོག་ཏུྎ པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ བདེ་མཆོགྎ གཟུགས་བཅུད་རེག་བྱ་ཆོས་ཀྱི་ལྷ་མོ་ནི། །མཛེས་སྡུག་དཔེ་བྱད་བཟང་པོའི་དཔལ་ལྡན་མ། །མ་མཆུ་བདུད་རྩི་གཙང་མའི་རོ་ལྡན་མ། །རེག་བྱས་དབང་པོ་ཀུན་ནས་ཚིམ་བྱེད་མ། །བསམ་ཡས་ལྷན་ཅིག་སྐྱེས་དགའི་འབྱུང་གནས་མ། །རྡོ་རྗེྎ མཆོགྎ རཱུ་པྎ ར་ཀྵྼྎ སྤརྴེྎ ཨོཾ་ཨཱཿབཛྭ་དྷརྨ་དྷཱ་ཏུ་ཧུཾ་ཧཱུྃ་ཕཊ྄། ནང་མཆོད་བྱིན་གྱིས་བརླབས་པའི་བདུད་རྩི་མཐེབ་སྲིན་གྱིས་འཐོར་ཞིང་། ཨོཾ་ཤྲཱི་བཛྭ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནཱི་ཛྷ་ལ་སཾ་ཝ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་བཛྭ་ཝརྞ་ནི་ཡེྎ ཨོཾ་བཛྭ་བཻ་རོ་ཙ་ནི་ཡེྎ ཨོཾ་ཨཱཿཧཱུྃ། ཨོཾ་ཌཱ་ཀིྎ ཨོཾ་ལཱ་མེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧེྎ ཨོཾ་རུ་པི་ཎི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱཿཧཱུྃ། ཨོཾ་ཀཱ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨུ་ལླཀྵྭྎ ཨོཾ་ཤྭ་ན་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སཱུ་ཀ་རཱ་ཀྵྼེྎ ཨོཾ་ཨཱཿཧཱུྃ། ཨོཾ་ཡ་མྎ ཨོཾ་ཡ་མ་དཱུ་ཏཱི་ཡེྎ ཨོཾ་ཡ་མ་དཾཥྚི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐ་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨཱཿཧཱུྃ། གསང་མཆོད་དོ། །དེ་ནས་མཉམ་པར་བཞག་སྟེ། རང་རྫས་མཛེས་པ་ཉིད་ཀྱི་རྫས། །སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོའི་རྒྱུ་དེ་ཡིས། །ཐམས་ཅད་སྟོང་པ་མངོན་སུམ་དུ། །བྱས་ལ་བདེ་ཆེད་སྐད་ཅིག་གིས། །རྫོགས་པར་བྱས་ལ་མཆོད་པར་བྱ།། དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་ནས། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་བརྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་རྔམས་པའི་ཞལ། །སྐུ་ཡི་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊྶཱཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་བགེགས་མཐར་བསྐྲད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད།། ཞེས་ཚིག་སྦྲེལ་གྱི་རྐང་པ་བརྒྱད་པ་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནིྎ དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད།། དེ་ནས་གཙོ་བོ་ཡབ་ཡུམ་ལས་བུམ་ལ་བརྒྱ་རྩ་བརྒྱད། ལྷ་གཞན་ལ་ཉི་ཤུ་རྩ་གཅིག་བཟླས། དེ་དུས། སྔགས་འཕྲེང་བདག་གི་ཁ་ནས་འཐོན་གཟུངས་ཐག་ལ་འཁྲིལ། རྣམ་རྒྱལ་ཆེན་པོ་དང་བུམ་པའི་ནང་དུ་སོང་བས་ལྷ་རྣམས་ཆགས་པ་བདོ་ནས། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་དང་ལྷ་མོ་རྣམས་ཀྱི་བྷ་ག་ནས་བདུད་རྩིའི་རྒྱུན་ཆི་ལི་ལི་བབས་པས་བུམ་པ་གང་བར་གྱུར། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནི་ཛྷ་ལ་སཾ་ཝ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ྄། ཨོཾ་སརྦ་བུདྡྷ་ཌཱ་ཀཱི་ནཱི་ཡེ་བཛྭ་ཝརྞ་ནི་ཡེྎ ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེྎ ཨོཾ་ལཱ་མེྎ ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་རཱུ་པི་ནཱི་ཡེྎ ཨོཾ་ཀ་ཀཱ་ཀྵྼེྎ ཨོཾ་ཨུལླཀྵྭ་ཀཱ་ཀྵྼེྎ ཨོཾ་ཤྭ་ན་ཀ་ཀྵྼེྎ ཨོཾ་སཱུ་ཀ་རཱ་ཀྵྼེྎ ཨོཾ་ཡ་མ་ད་དྷཱིྎ ཨོཾ་ཡ་མ་དཱུ་ཏི་ཡེྎ ཨོཾ་ཡ་མ་དཾཥྚི་ནཱི་ཡེྎ ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། སོགས་བཟླས་པའི་མཐར། རྣམ་རྒྱལ་ཆེན་པོའི་ལྷ་རྣམས་བདུད་རྩི་ཞུ་བས་བུམ་ནང་གི་ལྷ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་བུམ་ཆུ་དང་གཉིས་མེད་དུ་གྱུར་པར་བསམ་མོ། རྣམ་རྒྱལ་ཆེན་པོའི་ཆུ་དེ་དག་ཏུ་ཅུང་ཟད་རེ་བླུག་པར་བྱའོ། །དེ་ནས། ཨོཾ་ཁཎྜྻ་རོ་ཧེ་ཧུཾ་ཧཱུྃ་ཕཊ྄། བཟླས། དེ་ནས་ཕྱི་གཏོར་ནི། ཕྱི་རོལ་དུ་སོང་ནས་ཤར་དུ། ཨིནྡྲ་ས་པ་རི་ཝཱ་ར་ཎ་ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་བཀུག ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བྱིན་གྱིས་བརླབས་ནས། ཨིནྡྲ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་ལ་སོགས་པས་ཕུལ། སཾ་ཏྲིཔྟ་སརྦ་དེ་ཝ་ཏཱ་སཱ་དྷ་ཀཱ་ཀྵྼེ་ཤནྟིཾ་ཀུ་རུ་སརྦ་ཀདྱནྟུ་སིདྡྷི་རྦ་ཏི་ཡ་ཐཱ་སུ་ཁཾ་སུ་ཁེ། མེར། ཨགྣ་ཡེ་ས་པ་རི་ཝཱ་ར་ཎ་ཨ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོཿཨོཾྎ ཨགྣ་ཡེ་ས་པ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། སཾ་ཏྲིཔྟ་སརྦ་དེ་ཝ་ཏཱ་ས་དྷཱ་ཀཱ་ཀྵྼེ་ཤིནྟཾ་ཀུ་རུ་སརྦ་ཀདྱནྟུ་སིདྡྷི་རྦ་ཏི་ཡ་ཐཱ་སུ་ཁཾ་སུ་ཁེ། ལྷོར། ཡམ་ས་པ་རིྎ ཨོཾ་ཨཱཿཧཱུྃ་ཡ་མ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། སཾ་ཏྲིཔྟ་སོགས་པུཥྚིཾ་ཀུ་རུ་སོགས་གཞན་ལ་རིགས་འགྲེ་ལྷོ་ནུབ་ཏུ། རཀྵ་ས་པ་རི་ཝཱ་ར་ཎ་སོགས་ས་དྷ་ཀ་ཀྵྼེ་པུཥྚིཾ་སོགས་གོང་བཞིན་ནུབ་ཏུ། ཝ་རུ་ནཱྎ ཨ་ཀརྵ་ཡ་སོགས་སཱ་དྷ་ཀཱ་ཀྵྼེ་ཝ་ཤཾ་ཀུ་རུྎ ནུབ་བྱང་དུ། བཱ་ཡུ་ས་པ་རི་ཝཱ་རྎ ས་དྷ་ཀ་ཀྵྼེ་ཝ་ཤཾ་ཀུ་རུྎ བྱང་དུ། ཀུ་བཻ་རཱ་ས་པ་རི་ཝཱ་རྎ མཱ་ར་ཡ་སརྦ་ཀདྱནྟུྎ དབང་ལྡན་དུ། མཧཱ་བྷུ་ཏ་ས་ནས་མཱ་ར་ཡ་སྟེང་དུ་ཙནྡྲ་སུརྻ་བྲ་ཨཱརྻ་དེ་བ་ཏ་ས་པ་རིྎ ཤིནྟཾ་ཀུ་རུ་སརྦྎ འོག་ཏུ། བེ་ཙེ་ཏྲི་པྲི་ཐི་ཝཱི་དེ་ཝ་ཏ་ས་པ་རི་ཝཱ་རྎ སཱ་དྷ་ཀ་ཀྵྼེ་ཤིནྟཾ་ཀུ་རུ་སརྦ་ཀཏྱནྟུ་སིདྡྷི་རྦ་ཏི་ཡ་ཐཱ་སུ་ཁཾ་སུ་ཁེ། དེ་ནས་འདོད་གསོལ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང་། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད།། ནང་དུ་ཕེབས་ནས་ཅད་ཏེའུ་འཁྲོལ་ཞིང་། སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བའི་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། །ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླགས། །གང་ཞིག་འཁོར་ལོ་རབ་ཏུ་བསྐོར་ཞིང་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་ཕྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོའི་དབང་གྱུར་འཕགས་པ་རྣམས་ཀྱི་རྟག་ཏུ་མྱུར་བར་བཀྲ་ཤིས་ཡིན།། ཞེས་པའི་གླུ་ལེན་ཞིང་དཀྱིལ་འཁོར་གྱི་ས་གཞི་དེ་ལ་ལན་གསུམ་དུ་བསྐོར། ལོངས་སྐུའི་རྣལ་འབྱོར་རོ། །བཅུ་པ་ནི་དབང་བསྐུར་བ་ལ་སྔོན་དུ་དཀྱིལ་འཁོར་གྱི་སྒོ་ཕྱེ་སྟེ། ཕྱི་དབང་བསྐུར་བ་གཉིས་ལས། དང་པོ་ནི། དཀྱིལ་འཁོར་ཡོལ་བས་བཅད་པའི་ཕྱིར་སློབ་མ་རྣམས་བོས། ཁྲུས་བྱས། ཨོཾ་བཛྭ་ཨརྒྷ་ཊ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པས་དཀྱིལ་འཁོར་གྱི་སྒོ་ཕྱེ་སྟེ། ཇི་ལྟར་བལྟམས་པྎ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཅི་ཡང་། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེ་བདག་པོ་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་འགས་བྱས་ཏེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོར་འཇུག་ཅིང་དབང་ཞུ་བ་ལ། བར་དུ་གཅོད་པར་བྱེད་པ་གང་སུ་ཡང་སོགས་བགེགས་བསྐྲད། ཐུགས་ཀ་ནས་འཕྲོས་པའི་ཧཱུྃ་ཡོངས་སུ་གྱུར་པ་ཞེས་པ་ནས་མེ་རི་རྣམ་པ་ལྔ་རབ་ཏུ་འབར་བས་བསྐོར་བར་གྱུར། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོར་འཇུག་པ་ཞུ་བའི་ཡོན་དུ་ཨོཾ་བཛྭ་བྷཱུ་མི་ཨཱཿཧཱུྃ་སོགས་མནྜལ་ཕུལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། ཨ་ཁཾ་བི་ར་ཧཱུྃ་གིས་ཅོད་པན་གཏད་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་རྣམས་ལ་བདག་ཕྱག་འཚལ། །སློབ་མ་ཞེས་པ་དོན་དམ་སྨྲ་བའི་སེང་གེ་ཡིས། །ཉོན་མོངས་སྲིད་པའི་ཉེས་པ་སྐྱེ་བའི་ས་གཞོམ་ཕྱིར། །རྣལ་འབྱོར་ཆོ་གས་ཉོན་མོངས་གཡོས་པ་གཅོད་པ་ཡི། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་འགྲུབ་པར་མཛོད།། ཅེས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་གསོལ་བ་གདབ་བོ།། ཀྱེ་ཁྱེད་སུ་ཞིག་ཅེས་དྲི་བདག་ནི་སྐལ་བཟང་ངོ་།། ཞེས་ལན་གདབ། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ལན་གསུམ། སུ་ར་ཏེ་ས་མ་ཡཧྶཾ་ཧོཿསིདྡྷི་བཛྭ་ཡ་ཐ་སུ་ཁཾ་ཞེས་རྡོ་རྗེ་སྙིང་གར་གཏུགས་པས་བྱིན་གྱིས་བརླབ་ཨ་ཁཾ་བཱི་ར་ཧཱུྃ་གིས་དངོས་སུ་ཡོལ་བའི་ནང་དུ་ཁྲིད་སྐད་ཅིག་གིས་དེ་ཉིད་རྡོ་རྗེ་རྣལ་འབྱོར་མར་བསྐྱེད། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་རྣམ་པར་སྣང་མཛད་དུ་གསལ་བར་གྱུར། དེ་ནས་སློབ་དཔོན་གྱིས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་ཉིད་རབ་ཏུ་གཞུག་པར་བགྱི། ཞེས་ལྷ་ལ་གསོལ་བཏབ་གནང་བ་ཐོབ་ནས་ཤར་སྒོར་བཅུག་ལྷ་རྣམས་ལ་དམིགས་ནས། ཨོཾ་ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་པཧྨུ་ནཱ་ཡ། ཨཱཏྨ་ནཾ་ནིརྻ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཌཱ་ཀི་ནཱི་ཨདྷི་ཏིཥྛ་སྭ་མཱཾ། མཁའ་འགྲོ་མས་རྡོ་རྗེ་གཅིག་གནང་བ་སྙིང་གར་ཐིམ། དེ་ནས་བྱང་གི་སྒོ་རུ་ཕྱིན། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ། ཨཱཏྨ་ནཾ་ནིརྻུ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ལཱ་མ་ཨ་བྷི་ཥིཉྩྨ་ཏུ་མཱཾ། ལཱ་མས་རྡོ་རྗེ་རྒྱ་གྲམ་གཅིག་སྦྱིན་པ་དཔྲལ་བར་ཐིམ། ནུབ་སྒོར་ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་པྲ་ཝརྟ་ནཱ་ཡ། ཨཱཏྨ་ནཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་ཁཎྜྻ་རོ་ཧི་ནིརྻུ་པྲ་ཝརྟ་ཡ་མཱཾ། ཁཎྜྻ་རོ་ཧིས་པདྨ་གཅིག་སྦྱིན་པ་མགྲིན་བར་ཐིམ། དེ་ནས་ལྷོ་སྒོར་སོང་སྟེ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་ཀརྨ་ཎེ། ཨཱཏྨ་ནཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་རཱུ་པི་ནི་ཨཱཏྨ་ཀརྨཱ་ཀུ་རུ་མཱཾ། གཟུགས་ཅན་མས་རིན་པོ་ཆེ་གཅིག་སྦྱིན་པ་སྤྱི་བོར་ཐིམ། སླར་ཤར་ཁྱམས་སུ་བཞག སློབ་མ་འཇུག་ཡོན་དང་བཅས་ཏེ། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག །སྩལ་ནས་མགོན་པོས་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ལས་རྣམས་དང་། །སངས་རྒྱས་མཆོག་གི་དམ་ཚིག་ནི། །སྡོམ་པ་གསང་བ་བླ་ན་མེད། །རྟག་ཏུ་སེམས་ཅན་ཀུན་དོན་ཕྱིར། །སློབ་དཔོན་དུ་འགྱུར་བདག་ལ་གསུངས།། ལན་གསུམ། སློབ་དཔོན་གྱིས། དཀྱིལ་འཁོར་བ་ལ་ཆེ་གེ་མོ་ཞེས་བྱ་བ་འདི། རྡོ་རྗེ་འཛིན་པ་དེང་བདག་འདིར། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཞིང་། །གསང་བའི་དོན་གྱི་འཁོར་ལོ་འདིར། །དམ་ཚིག་སྡོམ་ལ་འཇུག་པར་འཚལ།། ཞེས་གསོལ། དེ་ནས་སློབ་མར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ།། ཞེས་བརྗོད། སློབ་མས་ཀྱང་། བདག་ནི་རབ་ཏུ་དེ་འཚལ་ལོ།། ཞེས་ཁས་བླངས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ།། ཞེས་དམ་ཚིག་སྒྲག ཐུན་མོང་གི་སྡོམ་པ་བླང་བ་སློབ་མས། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ངེས་མཛད་པའི། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་ལན་གསུམ། ཐུན་མོང་མ་ཡིན་པའི་སྡོམ་པ་བླང་བ། དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་ནི་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་བཟུང་ནས། །ཇི་སྲིད་གཉིས་མེད་ལ་གནས་པ། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །ཉི་ཤུ་རྩ་གཉིས་ལེགས་པར་གསུངས།། ལན་གསུམ། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱི། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་བས། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། རྡོ་རྗེ་སྙིང་གར་བཞག་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས།། མནའ་ཆུ་བླུད་པ་བདུད་རྩིའི་རིལ་བུ་ཆང་དང་སྦྱར་བ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩྨ་ཨམྲྀ་ཏོ་ད་ཀ་ཧཱུྃ། དེ་ནས་སློབ་དཔོན་གྱིས་དམ་ཚིག་བསྒྲགས་པ་ནི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ང་ཡིན་གྱིས། ངས་གང་བྱོས་ཤིག་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་བཏབ་པ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། དངོས་པོ་དང་མཚན་མ་གང་ལའང་མ་ཞེན་པར་བླ་མ་དང་ཡི་དམ་ལ་མོས་པ་རྩེ་གཅིག་པའི་སྒོ་ནས་རང་གི་སྤྱི་བོར་བླ་མ་དཔལ་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་བབས། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་ཁེངས་པར་གྱུར། བྱི་ལའི་བྲུན་དང་བུད་མེད་བཟང་མོའི་ཟླ་མཚན་གྱིས་སྦགས་པའི་རས་བདུད་རྩི་ལྔ་སྟེ། བདུན་བསྲེས་པའི་སྤོས་བདུག རོལ་མོའི་སྒྲ་དྲག་པོས། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུྃ། ཨོཾ་ཤྲཱི་ཧེ་རུ་ཀ་བིདྱ་མ་ཧཱ་བིདྱ་རཱ་ཛ་དྷཱིཿམ་ཧེ་སྭཱ་ཧཱ། ཞེས་བཟླས་ཕེབས་ན། ཏིཥྛ་བཛྭ་ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པར་བཞག་སྟེ་བརྟན་པར་བྱའོ། །དེ་ནས། དཀྱིལ་འཁོར་གྱི་ཁ་དོག་ཅི་མཐོང་།། ཞེས་དྲི། སྣ་ཚོགས་སུ་མཐོང་ངོ་།། དཀར་པོ་སོགས། འཕྲིན་ལས་བཞི་འགྲུབ་པ་ཡིན་ནོ།། བརྡ་སྤྲད་ལྷོ་ཕྱོགས་སུ་གནས་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་ཉིད་རབ་ཏུ་གཞུག་པར་བྱ། །ལྷ་ཡི་རིགས་ཀྱི་རིམ་པ་དག །བསོད་ནམས་ཇི་ལྟར་དེ་བཞིན་ཤོག །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག། ཅེས་སློབ་དཔོན་གྱིས་བདེན་པའི་སྟོབས་བརྗོད་སློབ་མས་བུམ་པའི་མཚན་མའི་ལྷ་གྲངས་ཀྱི་ཚོམ་བུ་ལོགས་སུ་བྱས་པ་སྐད་ཅིག་གི་ལྷར་དམིགས་པ་ལ། པྲ་ཏཱིཙྪ་བཛྭ་ཧོཿཞེས་པས་དོར། ལྷ་དེའི་མཚན་མ་དང་དེ་དང་ཉེ་བར་བབས་ནའང་དེའི་རིགས་སུ་ཤེས་པར་བྱའོ།། ལྷ་དེས་སླར་མེ་ཏོག་གི་འཕྲེང་བ་དངོས་གྲུབ་ཀྱི་དོན་དུ་མགོ་བོར་བཅིངས་པར་གྱུར། པྲ་ཏི་གྲི་ཧྶཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བརྗོད། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། །མིག་འབྱེད་པ་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྭ་ནི་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་སྲཱིཿ ཞེས་བརྗོད་པས་གདོང་གཡོག་བསལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །འགྲོ་བའི་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་ཁྱོད་མངོན་དུ་འགྱུར།། རྣམ་དག་ནི། རི་མོ་ཉི་ཤུ་ཕྱོགས་བཞི་པ། །དེ་ནི་དཔའ་བོའི་རྣམ་པའོ། །འཁོར་ལོའི་རྩིབས་ནི་རྣལ་འབྱོར་མ། །ལྟེ་བ་རྡོ་རྗེ་ཕག་མོ་སྟེ། །ས་བོན་ཞེས་གྲགས་ཁྲག་འཐུང་མཆོག །འདབ་མ་མཁའ་འགྲོ་མའི་རང་བཞིན། །དཀྱིལ་འཁོར་དཀྱིལ་འཁོར་རྣམས་ཀྱི་མཆོག །སུམ་ཅུ་རྩ་བདུན་རྣམ་དག་པའོ། །དེས་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་རྒྱུད་དྲི་མེད་ཡིན་པར་བཤད། །དག་པའི་ཆོས་ཀྱི་སྤྲུལ་བ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་བྱུང་། །མེ་ལོང་ལ་སོགས་རྣམ་པར་བཞི། །པདྨའི་འདབ་གནས་རྣལ་འབྱོར་མ། །མཁའ་འགྲོ་མ་སོགས་པདྨར་གནས། །མཱ་མ་ཀི་སོགས་བཟང་མོ་ཡིན། །ཁྲོ་བོ་རྣམ་རྒྱལ་ལ་སོགས་ཀུན། །སྒོ་དང་མཐའ་ཡི་མཚམས་རྣམས་སུ། །སྣ་ཚོགས་འདུལ་བའི་ཐབས་ཅན་གྱིས། །སེམས་ཅན་དོན་ལ་བརྩོན་པར་མཛད།། ཅེས་བཤད་དོ། །དབང་བསྐུར་བ་ལ་བཞི་སྟེ། བུམ་དབང་གསང་བ་ཤེས་རབ་ཡེ་ཤེས་བཞི་པའོ། །དང་པོ་ལ་སློབ་མའི་དབང་ལྔ་སློབ་དཔོན་གྱི་དབང་ལ་དྲུག་སྟེ་བཅུ་གཅིག གོང་མ་གསུམ་བསྣན་བས་དབང་བསྐུར་བཅུ་གཅིག་གསུངས་སོ། །དང་པོ་དབང་ལྔའི་དོན་དུ་མཎྜྻལ། རིག་པའི་དབང་ཞུ་བའི་ཡོན་དུ། རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ལྕགས་རི་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀང་སྟེ། །བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་འབུལ་ན། །ཐུགས་རྗེ་ཆེན་པོས་དགོངས་ནས་བཞེས་ཏེ་བསྐྱབ་ཏུ་གསོལ། །གུ་རུ་རཏྣ་མཎྜྻལ་ཀཾ་ནིརྻ་ཏ་ཡ་མི། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་བསྩལ། །དེ་བཞིན་བདག་ལ་དེ་སྩོལ་ཞིག། ལན་གསུམ་གྱིས་གསོལ་བ་གདབ། ཨོཾ་ཁཎྜྻ་རོ་ཧི་ཧུཾ་ཧཱུྃ་ཕཊ྄། ཨོཾ་སྭ་བྷཱ་ཝས་སྦྱངས། དབང་རྫས་ཀྱི་བུམ་ཆུ་དང་བདག་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས་སླར་འདུས་པ་ལས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པའི་ཡུམ་མཱ་མ་ཀི་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། བཅོམ་ལྡན་འདས་མས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བས་དབང་བསྐུར། མཁའ་འགྲོ་མ་ལ་སོགས་པ་བཞིས་བཀྲ་ཤིས་ཀྱི་གླུ་ལེན་ཞིང་གུར་གུམ་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབས། སྒོ་མཚམས་ཀྱི་ཁྲོ་མོ་རྣམས་ཀྱིས་བགེགས་ཀྱི་ཚོགས་རིང་དུ་སྐྲོད་པར་གྱུར། བུམ་པ་གཞན་གྱི་ཆུ་རྣམ་རྒྱལ་དུ་བསྡུས། དེས་དངོས་སུ་དབང་བསྐུར་ཞིང་། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཏུ་མཾ། མི་བསྐྱོད་པའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བས་རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པ། ཆུ་མཱ་མ་ཀི་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རྣམ་པར་དག་པ་ཡིན་ནོ།། ཞེས་དབང་དོན་བཤད། དེ་བཞིན་དུ་ཅོད་པན་དར་དཔྱངས་དང་བཅས་པ་དང་སློབ་མ་ཐིག་ཏུ་བཤད་པ་བཞིན་རིན་འབྱུང་ཡབ་ཡུམ་དུ་བསྐྱེད། ཨོཾ་ཁཎྜྻ་རོ་ཧིས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། དབང་རྫས་ཀྱི་ཅོད་པན་དར་དཔྱངས་དང་བཅས་པ་བདག་ཉིད་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར་སྟོང་པའི་དང་ལས་ཏྲཱཾ་ལས་རིན་པོ་ཆེ་ཏྲཱཾ་གྱིས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས། རིན་ཆེན་འབྱུང་ལྡན་སེར་པོ་ཞལ་གཅིག་ཕྱག་གཉིས་པ་རིན་པོ་ཆེ་དང་རིན་པོ་ཆེའི་དྲིལ་བུ་འཛིན་པས་ཡུམ་དབྱིངས་ཕྱུག་མ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཆ་གཉིས་ཛཿཧཱུྃ་བཾ་ཧོཾཿདམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། རིན་ཆེན་འབྱུང་ལྡན་ཞུ་བའི་ཅོད་པན་དུ་གྱུར། དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། བཅོམ་ལྡན་འདས་མས་རིན་པོ་ཆེའི་ཅོད་པན་དར་དཔྱངས་དང་བཅས་པས་དབང་བསྐུར། མཁའ་འགྲོ་མ་ལ་སོགས་པ་བཞིས་བཀྲ་ཤིས་ཀྱི་གླུ་ལེན་ཞིང་གུར་གུམ་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབས་སྒོ་མཚམས་ཀྱི་ཁྲོ་མོ་རྣམས་ཀྱིས་བགེགས་ཀྱི་ཚོགས་རིང་དུ་སྐྲོད་པར་གྱུར། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། ཞེས་ཡུམ་གྱི་སྙིང་པོ། ཨོཾ་སརྦ་བྷུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ྄། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཅོད་པན་གྱིས་དབང་བསྐུར་བས། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་རྣམ་པར་དག་པ་ཡིན་ནོ།། དེ་བཞིན་རྡོ་རྗེ་དང་སློབ་མ་སྣང་མཐའ་ཡབ་ཡུམ་དུ་བསྐྱེད། ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་སྭ་བྷཱ་ཝྎ དབང་རྫས་ཀྱི་རྡོ་རྗེ་དང་བདག་ཉིད་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྲཱིཿལས་པདྨ་སྲཱིཿཡིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས་སླར་འདུས་པ་ལས་སྣང་བ་མཐའ་ཡས་དམར་པོ་ཞལ་གཅིག་ཕྱག་གཉིས་པ་པདྨ་དང་པདྨའི་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ་གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཆ་གཉིས་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། སྣང་བ་མཐའ་ཡས་ཞུ་བའི་རྡོ་རྗེ་གྱུར། དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། བཅོམ་ལྡན་འདས་མས་རྡོ་རྗེས་དབང་བསྐུར། མཁའ་འགྲོ་མ་ལ་སོགས་པ་བཞིས་བཀྲ་ཤིས་ཀྱི་གླུ་ལེན་ཞིང་གུར་གུམ་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབས། སྒོ་མཚམས་ཀྱི་ཁྲོ་མོ་རྣམས་ཀྱིས་བགེགས་ཀྱི་ཚོགས་རིང་དུ་སྐྲོད་པར་གྱུར། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །དེ་རིང་ཁྱོད་ལ་དབང་བསྐུར་གྱིས། །རབ་ཏུ་སྒྲུབ་ཕྱིར་རྡོ་རྗེ་བཟུང་། །འོད་དཔག་ཏུ་མེད་པའི་རང་བཞིན་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རྡོ་རྗེའི་དབང་བསྐུར་བས་འདུ་ཤེས་ཀྱི་ཕུང་པོ་འོད་དཔག་མེད། མེ་གོས་དཀར་མོ་འདོད་ཆགས་སོ་སོརརྟོགས་པའི་ཡེ་ཤེས་སུ་རྣམ་པར་དག་པ་ཡིན་ནོ།། དྲིལ་བུ་དང་སློབ་མ་དོན་གྲུབ་ཡབ་ཡུམ་དུ་བསྐྱེད། ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་སྭ་བྷཱ་ཝྎ དབང་རྫས་ཀྱི་དྲིལ་བུ་དང་བདག་ཉིད་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱ་ལས་རལ་གྲི་ཨཱས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་དོན་ཡོད་གྲུབ་པ་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ་རལ་གྲི་དང་རལ་གྲིའི་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཆ་གཉིས་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། དོན་ཡོད་གྲུབ་པ་ཞུ་བའི་དྲིལ་བུར་གྱུར། དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། བཅོམ་ལྡན་འདས་མས་དྲིལ་བུས་དབང་བསྐུར། མཁའ་འགྲོ་མ་ལ་སོགས་པ་བཞིས་བཀྲ་ཤིས་ཀྱི་གླུ་ལེན་ཞིང་གུར་གུམ་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབས་སྒོ་མཚམས་ཀྱི་ཁྲོ་མོ་རྣམས་ཀྱིས་བགེགས་ཀྱི་ཚོགས་རིང་དུ་སྐྲོད་པར་གྱུར། ཨོཾ་བཛྭ་ས་ཏྭ་ཨ་དྷི་པ་ཏི་ཧྶཾ། ཨ་བྷི་ཥིཉྩྨ་མི། ཏིཥྛ་བཛྭ་ས་མ་ཡཧྶཾ། དོན་ཡོད་གྲུབ་པའི་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དྲིལ་བུའི་དབང་བསྐུར་བས། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ། རླུང་དམ་ཚིག་སྒྲོལ་མ། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་རྣམ་པར་དག་པ་ཡིན་ནོ།། སློབ་མ་རྣམ་སྣང་ཡབ་ཡུམ་དུ་བསྐྱེད། ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་སྭ་བྷཱ་ཝྎ བདག་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས་སླར་འདུས་པ་ལས་རྣམ་པར་སྣང་མཛད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པས་ཡུམ་སངས་རྒྱས་སྤྱན་མ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། བཅོམ་ལྡན་འདས་མས་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་འཛིན་པའི་མིང་གི་དབང་བསྐུར་མཁའ་འགྲོ་མ་ལ་སོགས་པ་བཞིས་བཀྲ་ཤིས་ཀྱི་གླུ་ལེན་ཞིང་གུར་གུམ་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབས། སྒོ་མཚམས་ཀྱི་ཁྲོ་མོ་རྣམས་ཀྱིས་བགེགས་ཀྱི་ཚོགས་རིང་དུ་བསྐྲད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་ཨ་དྡྷི་པ་ཏི་ཧྶཾ། ཨ་བྷི་ཥིཉྩྨ་མི་ཤྲཱི་ཧེ་རུ་ཀ་ན་མ་ཨ་བྷི་ཥེ་ཀ་ཏ། མེ་ཏོག་ཕོག་པའི་རིགས་དེའི་མིང་ཐུགས་ཀྱི་རྡོ་རྗེ་སོགས་གདགས། ཀྱེ་དཔལ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་མིང་གི་དབང་བསྐུར་བས། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད། ས་སངས་རྒྱས་སྤྱན་མ། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་རྣམ་པར་དག་པ་ཡིན་ནོ། །དེ་རྣམས་ཀྱིས་མ་རིག་པ་ལྔ་ལས་བཟློག་ནས་རིག་པའི་ཡེ་ཤེས་ལྔ་བསྐྱེད་པས་རིག་པའི་དབང་ཐོབ་པ་ཞེས་བྱའོ། །དབང་འདིའི་རྣལ་འབྱོར་ཆེན་པོའི་རྒྱུད་ཉན་པ་དང་། ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་དང་། རྣལ་འབྱོར་རྒྱུད་མན་ཆད་འཆད་པ་ལ་དབང་བ་ཡིན་ནོ།། དྲུག་པ་ཕྱིར་མི་ལྡོག་པའི་ཕྱིར། ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཡོན་དུ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །གུ་རུ་ཨི་དཾྎ ཏ་ཡཱ་མི། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་འགྱུར། ཞེས་ལན་གསུམ་གྱིས་གསོལ་བ་བཏབ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཕུབ་པར་གྱུར། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་སྙིང་ག་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ །རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་རིན་པོ་ཆེའི་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་དང་། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུབ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཨིནྟྲས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་དང་བཅས་པའི་སྡིག་མཛུབ་སྟེང་གི་ནམ་མཁའ་ལ་འཕྱར་བ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླ་གཉིས་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། དཀྱིལ་འཁོར་གྱི་གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། བཅོམ་ལྡན་འདས་མས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔའི་ཆུས་གང་བས་དབང་བསྐུར་མཁའ་འགྲོ་མ་ལ་སོགས་པ་བཞིས་བཀྲ་ཤིས་ཀྱི་གླུ་ལེན་ཞིང་གུར་གུམ་ལ་སོགས་པའི་མཆོད་རྫས་ཀྱི་ཆར་འབེབས། སྒོ་མཚམས་ཀྱི་ཁྲོ་མོ་རྣམས་ཀྱིས་བགེགས་ཀྱི་ཚོགས་རིང་དུ་སྐྲོད་པར་གྱུར། དེ་ནས་ཆུ་དབང་ནི། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ད་ཀ་ཨ་བྷི་ཥིཉྩྨ་ཏུ་མཾ། ཆུ་རྒྱུན་སྤྱི་བོར་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ།། ཞེས་རྡོ་རྗེ་ལག་གཡས་པར་གཏད་ཐུགས་ཀྱི་དམ་ཚིག་གོ། ཨཱ་ལས་སྐྱེས་པའི་དྲིལ་བུ། འདི་ནི་རྣལ་འབྱོར་མ་ཀུན་གྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བར་བཞེད།། དྲིལ་བུ་གཡོན་དུ་སྦྱིན། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར།། ཞེས་པས་དཀྲོལ་གསུང་གི་དམ་ཚིག་འཁྱུད་སྟངས་བྱས། རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། །གཡོན་སྙེམས་པ་དང་སྒྲོལ་འདོན་འཆང་། །གཉིས་མེད་གཉིས་མེད་རྣལ་འབྱོར་བདག །ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབས། །ཡིད་ཀྱི་ལུས་ནི་བསྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་བརྗོད་དོ། །གང་གི་ལུས་ཀུན་བསྟན་བྱེད་པ། །དེའི་ནི་ཕྱག་རྒྱ་རབ་ཏུ་གྲགས། །སྐུའི་དམ་ཚིག རྡོ་རྗེ་སེམས་དཔའི་རང་བཞིན་སྟོང་པ་ཉིད་ཡེ་ཤེས་ཀྱི་རྡོ་རྗེས་དབང་བསྐུར་བས། ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའ། རོ་ཆེན་པོའི་ཁམས་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། རྣམ་པར་ཤེས་པའི་ཆོས་ཐམས་ཅད་སྟོང་ཉིད་ཡེ་ཤེས་རྡོ་རྗེའི་དག་པ་ཡིན་ནོ།། སྔགས་དབང་ནི། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་འཐོན་རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བའི་ཞལ་ནས་ཞུགས་ཏེ་སྙིང་གར་ཉི་མའི་སྟེང་གི་ཧཱུྃ་སྔོན་པོའི་མཐར་སྲཾ་མེ་འཁོར་བར་གྱུར། འཕྲེང་བ་གཏད། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནཱི་ཛྷ་ལ་སམྦྷ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྭ་ཝརྞཱ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ལཱ་མེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཁཎྜྻ་རོ་ཧི་ཧུཾ་ཧཱུྃ་ཕཊ྄། ཨོཾ་རཱུ་པི་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཀཱ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཨུ་ལཱུ་ཀ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཤྭ་ནཱ་ཀཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སཱུ་ཀ་རཱ་ཀྵྼེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་ད་དྷཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་དཾཥྚིུ་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་ཡ་མ་མ་ཐཱ་ཎི་ཡེ་ཧུ་ཧཱུྃ་ཕཊ྄། ཨོཾ་ན་མོ་བྷག་བ་ཏེ་བཱི་རེ་ཤཱ་ཡ། མཧཱ་ཀལྤཱགྣི་སནྣི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐྲ་ཊཱ་ཡ། དཾཥྚུ་ཀ་རཱ་ལོ་གྲ་བྷཱིཥ་ཎ་མུ་ཁཱ་ཡ། །ས་ཧ་སྲ་བྷུཛ་བྷཱ་སུ་རཱ་ཡ། པར་ཤུ་པཱ་ཤོདྱཏ་ཤཱུ་ལ་ཁ་ཊྶཱཾ་ག་དྷཱ་རི་ནི། བྱཱགྷཱ་ཛི་ནཱམྦར་དྷ་རཱ་ཡ། མཧཱ་དྷཱུམྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ། རྐང་པ་ཉེར་བཞི་པ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོབྷཡ་ཀྵོབྷཡ། སྲཽཾ་སྲཽཾ། སྲཿསྲཿ། ཕེཾ་ཕེཾ། ཕཊ྄། ཕཊ྄། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། པས་རུདྷིརཱནྟྲ་མཱ་ལཱ་བ་ལམྦིནེ། གྲྀ་གྲྀ། སཔྟ་པཱ་ཏཱ་ལ་བྷུཛཾགཱཾ་སརྤཾ་ཝཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། སྲཱིཾ་སྲཱིཾ། ཛཎཽཾ་ཛཎཽཾ། ུཾ་ུཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ྄། ཨོཾ་ཧཿན་མ་ཧི། སྭ་ཧ་ཧུ། བོ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོཿཕཊ྄་ཧཾ། ཨོཾ་བཾ། ཧཾ་ཡཽཾ། སྲིཾ་མཽཾ། སྲིཾ་སྲིཾ། ཧཱུྃ་ཧཱུྃ། ཕཊ྄་ཕཊ྄། ལན་གསུམ་བཟླས། རྡོ་རྗེ་དང་མེ་ཏོག་སློབ་མའི་སྤྱི་བོར་བཀོད་དེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ།། ཞེས་བརྗོད། སློབ་མས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ལན་གསུམ་བྱ། མཐར་རྟེན་བཞི་སྟེ། བརཏལ་ཞུགས། རྗེས་གནང་། ལུང་བསྟན། གཟེངས་བསྟོད། དེ་ལས་བརཏལ་ཞུགས་ལ། རྡོ་རྗེ། སྤྱོད་པ། རིག་མའི་བརཏལ་ཞུགས་གསུམ་ལས་དང་པོ། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་དེ་ཞུ་བའི་རྡོ་རྗེ། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །ཕྱག་ན་རྡོ་རྗེའི་བརཏལ་ཞུགས་བསྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཏིཥྛ་ཨེ་ཥ་ཧྶཾ་དྷཱ་ར་ཡཱ་མི་ཧི་ཧི་ཧི་ཧི་སྭཱ་ཧཱ། སྤྱོད་པའི་བརཏལ་ཞུགས་ནི། རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་གསལ་བ་ལ་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ ཞེས་བསྟིམ། རྩ་བའི་སྔགས་ཀྱིས་རྐུན་པོའི་སྐྲ་ལས་བྱས་པའི་ཅོད་པན་མགོར་ཚངས་སྐུད་སྟོད་དུ། དོ་ཤལ་རྡོ་རྗེའི་རྒྱན། ཨོཾ་ན་མོ་བྷ་ག་ཝ་ཏེ་ནས་དྷི་ལི་དྷི་ལི་བར་ལན་གསུམ། ཡུམ་གྱི་ཉེ་སྙིང་ཐོད་པ་ལྔ་ལ། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ལྔ། ཡི་གེ་བདུན་པའི་རྣ་རྒྱན་ལ། ཨོཾ་སྲཱི་ཧ་ཧ་ཧུཾ་ཧཱུྃ་ཕཊ྄། ལན་གཉིས་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ཀྱིས་མགུལ་རྒྱན་དང་ལྤགས་པའི་གོས་གཉིས། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཕཊ྄་གསུམ་གཙོ་བོའི་སྙིང་པོས་མི་མགོའི་དོ་ཤལ། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄་ཌཱ་ཀི་ནཱི་ཛྷ་ལ་སཾ་ཝ་རཾ་སྭཱ་ཧཱ། ལན་གཅིག དཔའ་བོའི་གོ་ཆས་གདུབ་བུ་གཉིས། ཨོཾ་ཧཿན་མ་ཧི་སྭ་ཧ་ཧུ་བཽ་ཥ་ཊ་ཧེ་ཧུཾ་ཧཱུྃ་ཧོཿཕཊ྄་ཧཾ། ལན་གཉིས་དཔའ་མོའི་གོ་ཆས་སྐེ་རགས་ལ། ཨོཾ་བཾ། ཧཾ་ཡཽཾ། སྲཱིཾ་མཽཾ། སྲིཾ་སྲིཾ། ཧཱུྃ་ཧཱུྃ་ཕཊ྄་ཕཊ྄། ཚར་གཅིག་ལྷ་གཞན་རྣམས་ཀྱི་སྙིང་པོས་ལག་པར་ཐོད་པ། ཨོཾ་ཌཱ་ཀི་ནི་ནས་ཡ་མ་མཱ་ཐ་ནི་ཡེ་ཧུཾ་ཧཱུྃ་ཕཊ྄། ཚར་གཅིག་བརྗོད། རྩ་སྔགས་ཀྱིས་ཁ་ཊྶཱཾ། ཅང་ཏེའུ་གཏད་པས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ་ནས་དྷི་ལི་དྷི་ལི་ཧུཾ་ཧཱུྃ་ཕཊ྄། ལན་གསུམ་རིག་མའི་བརཏལ་ཞུགས་ནི། ཤེས་རབ་ཀྱི་ལག་པ་སློབ་མའི་ལག་པར་སྦྱིན། དེ་གཉིས་རང་གི་ལག་པ་གཡོན་པས་བཟུང་ནས། འདི་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས། སངས་རྒྱས་ཐམས་ཅད་དཔང་པོར་བྱས།། སློབ་མ་ལ་འདི་བསྒོ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརཏལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད།། ཅེས་པས་སོ། །གཉིས་པ་རྗེས་གནང་ལ་མར་སྦྲང་བགོས་པའི་གསེར་གྱི་ཐུར་མས་མིག་འབྱེད་པའི་ཚུལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་སེལ།། སེམས་རིག་སྟོང་དུ་ངོ་སྤྲད། མེ་ལོང་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་བླ་མེད་བྱོས། །འོན་ཀྱང་རྣལ་འབྱོར་མ་རིགས་སྐྱེ། །ཡུལ་སྣང་སྟོང་དུ་ངོ་སྤྲད། ཨཱ་ལས་སྐྱེས་པའི་དྲིལ་བུ། ཨཱ། བཟླས་པས་དཀྲོལ་དུ་གཞུག ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་ཀྱང་མཉམ་པ་ཉིད་དུ་གསལ།། སྒྲ་གྲགས་སྟོང་དུ་ངོ་སྤྲད། རིག་ལྔ་རིམ་པ་བཞིན་དུ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་དག་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། འཁོར་ལོ་གཏད། འདོན་པ་ཅུང་ཟད་བསྒྱུར་ཏེ་རྡོ་རྗེའི་འཁོར་ལོ་སོགས་ཀྱི། རྡོ་རྗེ་རིན་ཆེན་པདྨ་རལ་གྲི་གཏད་རིགས་ལྔའི་རྗེས་གནང་ངོ་། །དེ་ནས། ཨོཾ་བཛྭ་ཧེ་ཏུ་མཾ་གྱིས་འཁོར་ལོ་རྐང་པའི་བར་དུ་བཞག ཨོཾ་བཛྭ་བྷ་ཥ་རཾ་གྱིས་དུང་ལག་གཡས་སུ་སྦྱིན། དྲིལ་བུ་དང་པོ་ཏི་གཡོན་དུ་གཏད་ནས་ཀློག་ཏུ་གཞུག དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་ཏུ་གང་བར་བགྱི། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ནི་འཛིན་གྱུར་བ། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་གསུང་། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར།། མཆོད་རྫས་གཏད་དེ། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བཟུང་བར་བྱ། །གཉིས་མེད་གཉིས་མེད་འཁོར་ལོ་བཅས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཤ་དང་ཆང་སོགས་གང་ཅིའང་རུང་། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་བར་ན་གནས། །ཧེ་རུ་ཀ་དཔལ་རྟག་མཆོད་དོ།། དགང་གཟར་བླུགས་གཏད། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང་། །བསད་དང་བསྐྲད་པ་དེ་དག་སྟེ། །འཕྲིན་ལས་ཐམས་ཅད་སྒྲུབ་པར་བགྱི།། རལ་གྲི་གཏད། རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷམ་དེ་བཞིན་རིལ་བུ་དང་། །མི་སྣང་བ་དང་བཅུད་ཀྱི་ལེན། །དེ་དག་ཅི་དགར་སྒྲུབ་པར་གྱིས།། རྗེས་སུ་གནང་བ་ཐམས་ཅད་སྒྲུབ་པར་ཁས་ལེན་པ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི།། ཞེས་ལན་གསུམ་བྱའོ། །གསུམ་བ་ལུང་བསྟན། སློབ་དཔོན་ཤཱཀྱ་ཐུབ་པར་བསམ་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་གཡོན་གྱིས་བཟུང་། གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས། ཁྲག་འཐུང་རྡོ་རྗེ་དེ་བཞིན་གཤེགས། །ངས་འདིར་ཁྱོད་ལ་ལུང་བསྟན་བྱ། །སྲིད་པ་ངན་འགྲོ་ལས་འཐོན་ཏེ། །སྲིད་པ་ཤིན་ཏུ་དག་ཕྱིར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷྱ་ས་མ་ཡ་ཧྶཾ་བྷུར་བྷུ་བཿསྭཿཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་པས་མཁའ་འགྲོ་དང་མཁའ་འགྲོ་མ་ཀུན་གྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་དེ་དད་པར་བྱའོ།། བཞི་བ་དབུགས་དབྱུང་། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །མཐོང་བ་དང་ནི་ཞུགས་པ་ཡིས། །སྡིག་པ་ཀུན་ལས་ངེས་གྲོལ་བས། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ།། ཞེས་དགའ་བ་བརྗོད་པར་བྱའོ།། དེ་རྣམས་ཀྱིས་ཕྱིའི་རྡུལ་ཚོན་ནམ་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་རིམ་བསྒོམ་པ་དང་། ཚོགས་ལ་རྒྱུད་བཤད་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེའི་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། དེ་ནས་གསང་དབང་གི་དོན་དུ་ཤེས་རབ་མ་བླ་མ་ལ་ཕུལ་ཏེ། གསང་དབང་ཞུ་བའི་ཡོན་དུ། མཎྜྻལ། སྐུ་གསུམ་ཡོངས་རྫོགསྎ སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །ལྟོས་མེད་ཐུགས་རྗེ་ཆེན་པོ་ཡིས། །བདག་ཅག་རྣམས་ཀྱི་མགོན་མཛོད་ཅིག །ཀྱེ་ཧོ་མགོན་གཙོ་ཁྱེད་རྣམས་ཀྱིས། །ཐེག་ཆེན་ཏིང་འཛིན་ཇི་ལྟ་བར། །འཁོར་བའི་འདམ་གྱི་མཚོ་ནང་དུ། །བདག་བྱིང་འདི་ལས་བདག་ལ་སྐྱོབས། །ཨོཾ་ཨཱཿཧཱུྃ་གིས་གདོང་བཅིངས། དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་ཆགས་པ་ཆེན་པོས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨ་ནས་སྦྱིན་པར་གྱུར། སྲཱིཿཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །རྡོ་རྗེ་འཛིན་སོགས་དབང་བསྐུར་ལྟར། །བྱང་ཆུབ་སེམས་ནི་མཛེས་པ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ།། སློབ་མས་ཀྱང་སངས་རྒྱས་རྣམས་ཞུ་བའི་རྫས་སུ་རིག་ནས། ཨ་ཧོ་སུ་ཁ་ཞེས་བཏུང་བར་བྱའོ། །དངོས་སུ་བདུད་རྩི་སྦྱིན། དེ་ནས་ཕན་ཡོན་བརྗོད་པ་ནི། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །དབང་བསྐུར་ཆོ་ག་མཆོག་གྱུར་པ། །གསུང་གི་རྡོ་རྗེ་རྣམ་དག་པས། །སྔགས་རྣམས་ཐམས་ཅད་འགྲུབ་པར་གྱུར།། གདོང་དཀྲོལ། དེས་རྡོ་རྗེ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་བའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། དེ་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཡོན་དུ། མནྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་སྐྱོབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ།། ཅེས་གསོལ་གདབ། མིག་དར་བཅིངས། སློབ་མ་གཙོ་བོར་བསྐྱེད་པ་ནི། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོའི་སྙིང་ག་མནན་པ་གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ་རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་བའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་རྒྱན་དང་། རློན་པ་ལྔ་བཅུས་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུབ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་སྒེག་པ་དང་། འཇིགས་སུ་རུང་བ་དང་། གསུང་རྒོད་པ་དང་། གཤེ་བ་དང་། རྔམས་པ་དང་། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། རིག་མ་རྡོ་རྗེ་ཕག་མོར་གསལ་བར་གྱུར། ཕྱག་རྒྱ་རྡོ་རྗེ་ཕག་མོ་དེའི་ལག་པ་ནས་བླ་མས་བཟུང་སྟེ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་མ། །བླངས་ནས་བུ་ཡིས་དུས་ཀུན་ཏུ། །བླ་ན་མེད་པའི་མཆོད་པར་གྱིས།། ཞེས་གཏད་ཕྱག་རྒྱ་དེས། དཔའ་བོ་བུ་ཁྱོད་ཅི་ལ་སྤྲོ། །བྱང་ཆུབ་སེམས་ནི་བཟའ་བ་དང་། །རིགས་ལྔ་ལས་ནི་རབ་ཏུ་བྱུང་། །རིག་མ་གུས་པས་ཡང་དག་མཆོད། །བཤང་གཅི་སྟོབས་དང་དྲི་ཆེན་སོགས། །དེ་ནི་སོ་སོར་བཟའ་བ་དང་། །གཞན་ཡང་མཛེས་པའི་དམ་ཚིག་རྣམས། །ཇི་ལྟར་སྤྲོ་བ་བུ་ཡི་སྨྲོས།། ཞེས་དྲི་བ་ལ་ཇི་ལྟར་གསུངས་པའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དམ་ཚིག་ཐམས་ཅད་བསྐྱངས་པའི་ཕྱིར། །པདྨ་རྟག་ཏུ་ཅིས་མི་མཆོད།། དེ་ནས་དེའི་རང་གི་བྷ་ག་རྒྱས་པ་ལག་པས་ཕྱེ་སྟེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་བསྟེན་ན། །བདག་ནི་དེ་ཡི་མདུན་གནས་ཏེ། །བདེ་བའི་ཆོ་ག་ཐམས་ཅད་ནི། །ཇི་ལྟར་བྱ་བ་པདྨས་བགྱི།། ཞེས་བརྗོད་ཅིང་དེའི་ནང་གི་རྩ་སོར་མོས་བསྐུལ་ཏེ། མཁའ་སྲཱིཿལས་པདྨ་དང་ཟེའུ་འབྲུ་ཨཱས་མཚན་པ། རྟགས་ཧཱུྃ་ལས་རྡོ་རྗེ་དང་ནོར་བུ་ཨོཾ་གྱིས་མཚན་པ། དཾ་དང་བྱེ་ཡིས་ཐིག་ལེ་རྒྱུ་བའི་བུ་ག་བཀག་སྟེ་སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་རིམ་པ་གཉིས་མངོན་དུ་བྱའོ།། མིག་དར་དཀྲོལ། དེས་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་དབང་གསུམ་པ་ཐོབ། ཡིད་ཀྱི་དྲི་མ་དག ཕོ་ཉའི་ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དབང་བཞི་པ་ཞུ་བའི་ཡོན་དུ། མཎྜྻལ་ཕུལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བཀའ་དྲིན་གྱིས་ནི་བསྐྱང་དུ་གསོལ།། ཅེས་གསོལ་པ་གདབ། གསུམ་པའི་དུས་སྐྱེས་པ་སྟེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་ཆོ་གའི་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །ལྟར་མེད་བརྗོད་དུ་མེད་པའོ།། ཞེས་ཚིག་གིས་བརྡ་སྤྲད་པ་བཞི་པའོ།། དེས་རང་སེམས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། དམ་ཚིག་འབོགས་པ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་བསྟེན་པར་བགྱི།། བཅུ་གཅིག་པ་ཡོན་འབུལ་བ་ནི། བཅོམ་ལྡན་འདས་དཔལ་མཁའ་འགྲོ་དྲ་བ་སྡོམ་པའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོའི་དབང་བཞི་ཡོངས་སུ་རྫོགས་པའི་སྐུ་དྲིན་གཏང་རག་གི་ཡོན་དུ། ཨོཾ་བཛྭ་བྷུ་མི་ཨཱཿཧཱུྃ་སོགས་དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ།། ཞེས་གླང་པོ་ཆེ་དང་རྟ་དང་རིན་པོ་ཆེ་དང་ས་ལེ་སྦྲམ་དང་དངུལ་དང་གོས་དང་རྒྱན་དང་བ་གླང་དང་མ་ཧེ་དང་བྲན་ཕོ་དང་བྲན་མོ་དང་ལས་བྱེད་ལ་སོགས་པ་དང་སྡུག་པའི་ཆུང་མ་དང་བུ་དང་བུ་མོ་ལ་སོགས་པ་རྣམས་ཀྱང་ཅི་ལྟར་ནུས་པས་བླ་མ་ལ་བཀུར་བསྟི་བྱའོ། །དབང་བསྐུར་བ་འདི་ཡང་དཀྱིལ་འཁོར་བྲི་མ་ནུས་ན་ཡིད་ཀྱིས་ཆོ་ག་ཇི་ལྟ་བ་བསྒོམ་པ་མངོན་པར་རྟོགས་པའི་ཚོམ་བུ་བཀོད་པའི་རས་བྲིས་སོགས་སུ་ཡང་རུང་ངོ་། །བདག་བསྐྱེད་ནི། ལག་གཡོན་དུ་ཚོམ་བུ་བཀོད་ནས། ལག་པ་གཡོན་པའི་མཐིལ་དུ་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བ་ལ་ཨོཾ་བཾ་དམར་མོ། འདབ་མ་ལ་གཡོན་བསྐོར་གྱིས་ཧཾ་ཡཽཾ་སྔོན་མོ། སྲིཾ་མཽཾ་དཀར་མོ། སྲིཾ་སྲིཾ་སེར་མོ། ཧཱུྃ་ཧཱུྃ་ལྗང་ཁུ། ཕཊ྄་ཕཊ྄་དུད་ཁ། དཔའ་མོ་དྲུག་གི་རང་བཞིན་མཐེ་བོང་ལ། ཨོཾ་ཧཿདཀར་པོ། མཛུབ་མོ་ལ་ན་མ་ཧི་སེར་པོ། གུང་མོ་ལ་སྭཱ་ཧཱ་ཧུཾ་དམར་པོ། སྲིན་ལག་ལ་བོཥྚ་ཧེ་ནག་པོ། མཐེའུ་ཆུང་ལ་ཧཱུྃ་ཧཱུྃ་ཧོཿམཐིང་ཁ། སེན་མོའི་ངོས་ལ་ཕཊ྄་ཧཾ་ལྗང་ཁུ། དཔའ་བོ་དྲུག་གི་རང་བཞིན། ལག་པའི་བོལ་ལ་འདི་དག་ཉིད་ཀྱི་གཟུགས་བརྙན། ལག་པའི་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པ་བཞིན་ལྟུང་བྱེད། གསོད་བྱེད་འགུགས་བྱེད་གར་གྱི་དབང་ཕྱུག་པདྨ་དྲ་བ་ཅན་མ་རྣམས་ཀྱི་རང་བཞིན་ནོ། །ཨོཾ་ཧཿན་མ། ན་མ་ཧ་ན་མ། སྭཱ་ཧཱ་ཧཱུྃ་ན་མ། བཽ་ཥྚ་ཧེ་ན་མ། ཧཱུྃ་ཧཱུྃ་ཧོ་ན་མ། ཕཊ྄་ཧཾ་ན་མ། ཨོཾ་བཾ་ན་མ། ཧཾ་ཡཽཾ་ན་མ། སྲིཾ་མཽཾ་ན་མ། སྲིཾ་སྲིཾ་ན་མ། ཧུཾ་ཧཱུྃ་ན་མ། ཕཊ྄་ཕཊ྄་ན་མ། ཨོཾ་ཧ། ན་མ་ཧི། སྭཱ་ཧ་ཧཱུྃ། བཽ་ཥྚ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ྄་ཧ། ཨོཾ་བཾ། ཧཾ་ཡཽཾ། སྲིཾ་མོཾ། སྲིཾ་སྲིཾ། ཕཊ྄་ཕཊ྄། པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་ལག་པའི་འཁོར་ལོ་ལ་ཞུགས། གནས་གསུམ་དུ་སྲིན་ལག་གིས་བདུད་རྩི་བྱུགས། ཧཱུྃ་ཨཱཿཨོཾ་ཞེས་བརྗོད་པསའཁོར་ལོ་དེ་ཡང་བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པར་གྱུར། དེ་ནས་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་སོགས་ཞེས་ཚད་མེད་བཞི་བསྒོམས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་འཇུག་པར་བྱའོ་སྙམ་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཿསྭ་བྷཱ་ཝ་ཤུ་དྡྷཱོཧཾ། ཕྱི་རོལ་གྱི་དོན་མེད་པ་ཐམས་ཅད་སེམས་ཙམ། ཨོཾ་ཤཱུ་ནྱ་ཏ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། སེམས་དེ་ཡང་གཟུང་འཛིན་གྱིས་སྟོང་པ་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་འགག་པ་མེད་པ་ནཱ་ད་ཙམ། ཡཾ་རཾ་བཾ་ལཾ་སུཾ་པཾ་ཧཱུྃ་བཾ་བརྩེགས་པ་རིམ་པ་བཞིན་ཞུ་བ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་གམ། མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་བརྩེགས་པའི་སྟེང་དུ་རི་རབ་དང་། སྣ་ཚོགས་པདྨ་ལྷུན་པོའི་ཁ་ཁྱབ་པའི་དཀྱིལ་འཁོར་དུ་སྣ་ཚོགས་རྡོ་རྗེ་རྭ་བ་བཅུ་གཉིས་པ་དེའི་ལྟེ་བར་པདྨའི་སྡོང་པོ་གྱེན་དུ་འཕགས་པ་འདབ་མ་བརྒྱད་པའི་ཕྱོགས་བཞི་དམར། མེ་རླུང་སེར། བདེན་བྲལ་ལྗང་། དབང་ལྡན་སྔོ། གེ་སར་དམར་སེར། ལྟེ་བ་མཐིང་ཁ། གྲི་གུག་གི་འཕྲེང་བས་མུ་ཁྱུད་བྱས་པ། གཉིས་པ་ལ་རྣལ་འབྱོར་རྗེས་སུ་རྣལ་འབྱོར་ཤིན་ཏུ་རྣལ་འབྱོར་ཆེན་པོ་བཞི་ལས་དང་པོ་ནི། ཨ་ཨཱ་ནས་ཨཾ་ཨཿབར་ཚན་གཉིས་གཡོན། ཀ་ཁ་ག་གྷ་ང་ནས་ཌ་ཌྷྜྷ། གཉིས་པ་གཡས། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཟླ་བ་དཀར་པོ་དང་དམར་པོ། གཉིས་པ་ནི། ཁ་སྦྱོར་གྱི་དབུས་སུ་སྔར་གྱི་ནཱ་ད་ཞུགས། དེ་ལས་ཐིག་ལེ། དེ་ལས་མགོ་བོ། དེ་ལས་ཁོག་པ། དེ་ལས་ཞབས་ཀྱུ་སྟེ་ཧཱུྃ་རྡོ་རྗེ་འཆང་གི་ངོ་བོ་འོད་ཟེར་ལྔ་འཕྲོ་བ་དེ་ལས་འཁོར་ལོ་སྡོམ་པའི་ལྷ་ཚོགས་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་འཁོར་ལོ་སྡོམ་པའི་གོ་འཕང་ལ་བཀོད། སླར་འདུས་ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྙོམས་པར་འཇུག་པས་ཞུ་བ་རྣམས་དང་ལྷན་ཅིག་ཧཱུྃ་གི་ནཱ་ད་ལ་ཞུགས་པ་མཆོག་ཏུ་དགའ་བའི་རང་བཞིན་ཟླ་བ་ཁ་སྦྱོར་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་པདྨ་ནང་མའི་ཞེས་པ་ནས་ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄། ཞེས་པའི་བར་གཞུང་བཞིན་བརྗོད། སྙིང་གའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམ་པ་ཇི་ལྟ་བའི་ཡེ་ཤེས་ཀྱི་འཁོར་ལོ་དབང་ལྷ་དང་བཅས་པ་ཕེཾ་འབར་བའི་ཕྱག་རྒྱ། མིག་གཡོན་པའི་སྟེང་གི་དཔྲལ་བའི་ཐད་ཀར་བསྐོར་མིག་གྱེན་དུ་ལྡོག་རྐང་པ་གཡས་བརྐྱང་བས་གཡོན་པའི་བོལ་གོང་མནན། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་ཁྲག་འཐུང་ཆེན་པོ་རིགས་ལྔའི་བདུད་རྩི་ལྔས་གང་བའི་ཀ་པཱ་ལས་སྤྱི་བོ་ནས་མངོན་པར་དབང་བསྐུར་བའི་བདུད་རྩིའི་རྒྱུན་གྱིས་ཡེ་ཤེས་ཀྱི་དྲི་མ་དག བུམ་གསང་ཤེས་རབ་བཞི་པའི་དབང་ཐོབ། སྐུ་བཞིའི་ཧེ་རུ་ཀ་རྫོགས་པ་ཉིད་ཀྱི་སྤྱི་བོར་མི་བསྐྱོད་པ། ཕྱོགས་མ་བཞི་ལ་རིན་འབྱུང་། སྒོ་མ་བཞི་ལ་སྣང་མཐའ། མཚམས་མ་རྣམས་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། སྙིང་གའི་ཧཱུྃ་ཡིག་གིས་བསྐུལ་བའི་འདོད་པའི་སྣམ་བུ་ལ་གནས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་ཅིང་། །མཛེས་ལྡན་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བའི་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄། དཀྱིལ་འཁོར་ཀུནྎ ཡིད་འོང་དུད་ཁའི་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའྎ དྷཱུ་པེྎ དཀྱིལ་འཁོརྎ ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུྎ མར་མེ་གང་བའིྎ ནམ་མཁའྎ ཨཱ་ལོ་ཀེྎ དཀྱིལ་འཁོརྎ གདུང་སེལ་ལྗང་ཁུ་རྡོ་རྗེྎ དྲི་ཆབ་བྱུག་པའི་རིནྎ ནམ་མཁའྎ གནྡྷེྎ དཀྱིལ་འཁོརྎ ཞལ་ཟས་སེར་མོ་རྡོ་རྗེ་དྲིལ་བུྎ བདུད་རྩིས་གང་བའི་རིན་ཆེནྎ ནམ་མཁའྎ ནཻ་ཝིདྱྎ དཀྱིལ་འཁོརྎ སྒྲ་སྙན་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། །པི་ཝང་གླིང་བུ་རྔ་ཆེན་སོགས་འཛིན་མ། །ནམ་མཁའྎ གྷཎྜྻ་རཏྣ་ཧུཾ་ཧཱུྃ་ཕཊ྄། རྒྱལ་བ་ཀུན་གྱི་འདོད་འབྱུང་ལྷ་མོའི་ཚུལ། །གཟུགས་མཛེས་དཀར་མོ་མེ་ལོང་པདྨའི་སྣོད། །ཅང་ཏེའུ་སྒྲ་འཁྲོལ་ཁ་ཊྶཱཾ་ལ་བརྟེན་པ། ནམ་མཁའ་གང་བའི་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་ཨཱ་དརྴ་ཧུཾ་ཧཱུྃ་ཕཊ྄། རྒྱལ་བ་ཀུན་གྱི་འདོད་འབྱུང་ལྷ་མོའི་ཚུལ། །སྒྲ་སྙན་སྔོན་མོ་པི་ཝཾ་པདྨའི་སྣོད། །ཅང་ཏེའུྎ ཝི་ཎིྎ རྒྱལ་བྎ དྲི་ལྡན་སེར་མོ་སྤོས་ཁང་པདྨའི་སྣོད། །ཅང་ཏེའུྎ གནྡྷེྎ རྒྱལ་བྎ རོ་ལྡན་དམར་མོ་བཟའ་བཏུང་པདྨའི་སྣོད། ཅང་ཏེའུྎ རཀྵྼེྎ རྒྱལྎ རེག་ལྡན་ལྗང་ཁུ་རས་བཟང་པདྨའི་སྣོད། །ཅང་ཏེའུྎ སྤརྴམ་ཧུཾ་ཧཱུྃ་ཕཊ྄། དེ་ནས་བདུད་རྩི། མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱ་ལས་པདྨའི་སྣོད་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་ཐོད་པ་གསུམ་གྱི་སྒྱེད་པུ་ལ་གནས་པའི་ནང་དུ། ཨོཾ་ཨཱཾ་ཏྲཱཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རླུང་གིས་བསྐུལ་བས་མེ་འབར་ཐོད་པ་བསྲོས་པས་རྫས་རྣམས་ཞུ་བ་ཉི་མ་འཆར་ཀའི་ཁ་དོག་ཅན། དེའི་སྟེང་དུ་དངུལ་ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྶཱཾ་ག་དཀར་པོ་ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་དུ་ཞུ་བས་རོ་གཅིག་པར་གྱུར་པ་རྣམས་ཨ་ཨཱྎ ནས། ཌ་ཌྷྜྷ། ཨཱ་ལི་གཡོན་བསྐོར། ཀཱ་ལི་གཡས་བསྐོར་དུ་སོང་བའི་ཡོངས་སུ་གྱུར་པ་ལས་ཨོཾ་ཨཱཿཧཱུྃ་གི་ཡི་གེ་བརྩེགས་མར་གནས་པ་དེ་དག་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོས། འགྲོ་བའི་དོན་བྱས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་འོད་དུ་ཞུ་ནས་ཡི་གེ་གསུམ་ལ་རིམ་པ་བཞིན་ཐིམ། ཨཾ་ཡིག་ཞུ་བས་སྦྱངས་ཨཱ་ཡིག་གིས་མང་པོར་སྤེལ། ཧཱུྃ་ཡིག་གིས་སྦར་བ་དང་ཡེ་ཤེས་ཀྱི་བདུད་རྩིར་བྱས་ཨོཾ་ཨཱ་ཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས། ལྷ་མོ་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པ་རྡོ་རྗེ་དཀར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གསོལ་བར་གྱུར། དེ་ནས་སྒྲ་སྙན་ལྟ་བུའི་ལྷ་ཚོགས་ཀྱིས་བསྟོད་པ་བྱེད་པས་བལྟས་ཏེ། ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཁྱོད་ནི་རང་གི་ཐུགས་ཀྱི་ཡོངས་སུ་མཉེས་ལྡན་པ། །ཁྱོད་ནི་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་སྦྱངས་ཤིང་། །སེམས་ཅན་རྣམས་ལ་ཐུགས་རྗེའི་མཐུ་སྟོབས་མཛད་པའོ། །སྒྱུ་མའི་སྤྲོས་པ་རྣམས་ལ་རྡོ་རྗེ་འབེབས་མཛད་ཅིང་། །ཨེ་མ་ཧོ་མཉེས་ལྡན་ཐུགས་ཀྱི་རྡོ་རྗེ་ཧེ་རུ་ཀ་དཔལ་བསྟོད།། དེ་ལྟར་མ་སུན་གྱི་བར་དུ་བསྒོམ་ལ་དེ་ནས། བདག་གི་གསང་བ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བུ་ག་ཡི་གེ་དཾ་གྱིས་བཀག་པ། ཡུམ་གྱི་མཁའ་ཨཱ་ལས་པདྨ་འདབ་བརྒྱད་བྱེ་ཡིས་བཀག་པ། སྙོམས་པར་ཞུགས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་བའི་བྱང་ཆུབ་ཀྱི་སེམས་པདྨའི་སྣ་རྩེར་ལྷུང་བ་ཆོས་འབྱུང་གི་ནང་དེར་རྟེན་གཞལ་ཡསཁང་། བརྟེན་པ་ལྷའི་དཀྱིལ་འཁོར། བསྒོམ་པས་རླུང་སེམས་དབུ་མར་གཞུག་པར་གྱུར། འདི་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའི་རྡོ་རྗེའི་བཟླས་པའོ། །དེ་ལས་འཕྲོ་ན། ངག་གིས་བཟླས་པར་བྱ་སྟེ། སྔགས་ཀྱི་འཕྲེང་བ་བདག་གི་རྡོ་རྗེའི་སྒོ་ནས་ལྷ་མོའི་པདྨའི་སྒོ་དང་། ལྷ་མོའི་ཁའི་སྒོ་ནས་བདག་གི་ཁའི་སྒོར་འཇུག་པ་ཡིན་ནོ། །ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནཱི་ཛྷ་ལ་སྭཾ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞཱ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ཡབ་ཡུམ་སྙིང་པོ་ཉེ་སྙིང་ངོ་། ཨོཾ་ཌཱ་ཀི་ནཱི་ཡེྎ ཨོཾ་ལཱ་མེྎ ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་རཱུ་པི་ཎིྎ ཨོཾ་ཀ་ཀཱ་ཀྵྼེྎ ཨོཾ་ཨུལླཀྵྭ་ཀ་ཀྵྼེྎ ཨོཾ་ཤྭ་ན་ཀཱ་ཀྵྼེྎ ཨོཾ་སཱུ་ཀ་རཱ་ཀྵྼེྎ ཨོཾ་ཡ་མ་དྎ ཨོཾ་ཡ་མ་དྷུྎ ཨོཾ་ཡ་མདཾྎ ཨོཾ་ཡ་མ་མ་ཐཱ་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ལྷ་མོ་རྣམས་ཀྱི་སྔགས་སོ། །རྐང་པ་བརྒྱད་པ། ཨོཾ་ན་མོ་བྷག་བ་ཏེ་བཱི་རེ་ཤཱ་ཡ། མཧཱ་ཀལྤཱགྣི་སནྣིབྷཱཡ། ཛ་ཊཱ་མ་ཀུ་ཊོཏྐྲཊཱཡ། དཾཥྚུ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། །ས་ཧ་བྷུཛ་བྷཱསུ་རཱ་ཡ། པར་ཤུ་པཱ་ཤོདྱཏ་ཤཱུ་ལ་ཁཊྶཱཾག་དྷཱརི་ནི། བྱཱགྷཱ་ཛི་ནཱ་མྦར་དྷརཱ་ཡ། མཧཱ་དྷཱུམྲཱནྡྷཀཱར་ཝ་པུ་ཥཱ་ཡ། རྐང་པ་ཉེར་བཞི་པ། ཀར་ཀར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། སྲཽཾ་སྲཽཾ། སྲཿསྲཿ། ཕེཾ་ཕེཾ། ཕཊ྄། ཕཊ྄། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུདྷིརཱནྟྲ་མཱ་ལཱ་བ་ལམྦིནེ། གྲྀ་གྲྀ། སཔྟ་པཱ་ཏཱ་ལ་བྷུཛཾ་གཱཾ་སརྤཾ་ཝཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། སྲཱིཾ་སྲཱིཾ། ཛཎཽཾ་ཛཎཽཾ། ུཾ་ུཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ྄། རྩ་སྔགས་འཕྲེང་བའི་སྔགས་ཀྱང་བྱའོ།། ཨོཾ་ཧཿན་མ་ཧི། སྭཱ་ཧཱ་ཧཱུྃ། བཽ་ཥྚ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ྄་ཧཾ། ཨོཾ་བཾ། ཧཾ་ཡཽཾ། སྲིཾ་མོཾ། སྲིཾ་སྲིཾ། ཕཊ྄་ཕཊ྄། བར་ལན་གསུམ། གོ་ཆའི་སྔགས་སོ། །ཡི་གེ་བརྒྱ་བས་ལྷག་ཆད་བསྐང་། དབང་རབ་གནས་སྦྱིན་སྲེག་ཚོགས་འཁོར་སྒྲུབ་མཆོད་ལྟ་བུའི་ཚེ། དཀྱིལ་འཁོར་གྱི་ལྷ་ཚོགས་བདག་ཉིད་ལས་གཉིས་སུ་ཕྱེ་ནས་མདུན་གྱི་དཀྱིལ་འཁོར་ལ་སྔར་བཞིན་དུ་བཞུགས་པར་བསམ་ལ། དབང་བསྐུར་རབ་གནས་སྦྱིན་སྲེག་སོགས་བྱའོ། །མ་འདུས་ན་བདག་བསྐྱེད་བཞིན་གཏོར་མ་བཏང་བདག་བསྐྱེད་བསྡུའོ། །ཐུན་མཚམས་གཏོར་མ་ནི། ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་སྭ་བྷཱ་ཝ་ནས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱ་ལས་པདྨའི་སྣོད་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་ཐོད་པ་གསུམ་གྱི་སྒྱེད་བུ་ལ་གནས་པའི་ནང་དུ། ཨོཾ་ཨཱཾ་ཏྲཱཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རླུང་གིས་བསྐུལ་བས་མེ་འབར་ཐོད་པ་བསྲོས་པའི་རྫས་རྣམས་ཞུ་བ་ཉི་མ་འཆར་ཀའི་ཁ་དོག་ཅན། དེའི་སྟེང་དངུལ་ཆུའི་ཁ་དོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྶཱཾ་ག་དཀར་པོ་ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་དུ་ཞུ་བས་རོ་གཅིག་པར་གྱུར་པ་རྣམས་ཨ་ཨཱ་ཨི་ཨཱི་ནསཨཾ་ཨཱ་ཀ་ཁ་ག་གྷ་ནས་ཌ་ཌྷྜྷ་ཨཱ་ལི་གཡོན་བསྐོར་ཀཱ་ལི་གཡས་བསྐོར་དུ་སོང་བ་ཡོངས་སུ་གྱུར་པ་ལས་ཨོཾ་ཨཱཿཧཱུྃ་གི་ཡི་གེ་བརྩེགས་མར་གནས་པ་དེ་དག་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོས་འགྲོ་བའི་དོན་བྱས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་འོད་དུ་ཞུ་ནས་ཡི་གེ་གསུམ་ལ་རིམ་པ་བཞིན་ཐིམ། ཨོཾ་ཡིག་ཞུ་བས་སྦྱངས། ཨཱཿཡིག་གིས་མང་པོར་སྤེལ། ཧཱུྃ་ཡིག་གིས་སྦར་བ་དང་ཡེ་ཤེས་ཀྱི་བདུད་རྩིར་བྱས། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་གཏོར་མ་བཟའ་བ་བཅའ་བ་ཆང་ལ་སོགས་པའི་བཏུང་བ་ཇི་ཙམ་རྙེད་པ་བྱིན་གྱིས་བརླབས་ལ། འབར་བའི་ཕྱག་རྒྱ་དང་སྟང་སྟབས་བཅས། ཕེཾ་ཕེཾ་ཕེཾ། གུ་རུ་ཤྲཱི་བཛྭ་ཧེ་རུ་ཀཿཨཀཌྜྷྱ་ཡ་ཨཀཌྜྷྱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀི་ནི་སྲི་ད་ཡ། ཨ་བ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿཨོཾ་ཨཱཾཿཧཱུྃ། སརྦ་ཝི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཡེ་ཤེས་ཀྱི་འཁོར་ལོ་སངས་རྒྱས་བྱང་སེམས་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ལ། ཨོཾ་ཨཱཿབཛྭ་ཨརྒྷཾ་ཧུཾ་ཧཱུྃ་ཕཊ྄། དེ་བཞིན་དུ། ཨོཾྎ པཱདྱཾྎ ཨཉྩྨ་མཱ་ནཱིྎ པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གྷནྡྷེྎ ནཻ་ཝིདྱེྎ ཤཔྟ་ཧཱུྃྎ ཨོཾྎ ཨཱ་དརྴྎ ཝི་ནིྎ གྷནྡྷེྎ རཀྵྼེྎ ཨོཾྎ སྤརྴེ་ཧཱུྃ་ཧཱུྃ་ཕཊ྄ཿ ཨ་ཨཱཿཨི་ཨཱིཿསོགས་ཞེས་པ་ནས་ཨཾ་ཨཱཿལག་པ་གཡོན་ཨཱ་ལི་ལས་ཟླ་བ། ཀ་ཁ་ག་གྷ་ང་སོགས་ནས་ཌ་ཌྷྜྷ། ལག་པ་གཡས་ཀཱ་ལི་ལས་ཉི་མ་ཁ་སྦྱོར་གྱི་བར་དུ་ཧཱུྃ། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨྨུཔ་ར་སྤ་ར་ཨ་ནུ་པྲ་བིཥྚཿ སརྦ་དྷརྨྨུ་ཨ་ཏནྟུ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུྃ་དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ཐལ་མོ། དེའི་སྟེང་དུ་གཏོར་མ་བཞག་ནས་བཞེས་པའི་དོན་དུ། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེ་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། དེ་ནས་ལག་པ་པད་བསྐོར་བྱས་ཏེ། ས་མ་ཡཧྶཾ། ས་མ་ཡ་ཧོཿཞེས་ལན་གསུམ་བརྗོད་པས། མཆོད་བྱ་མཆོད་བྱེད། མཆོད་པ་ཐམས་ཅད་ཐ་མི་དད་པར་གྱུར། ཨོཾ་ཨ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྭ་ཌཱ་ཀི་ནཱི་ས་མ་ཡ་ཧྶཾ་དྲིཥྱ་ཧོཿགཙོ་བོ་ནས་གཤིན་རྗེ་འཇོམས་མའི་བར་ལ་ཕྱོགས་གཡོན། མཚམས་གཡས་བསྐོར་གྱིས་འབུལ་ཞིང་། ཡེ་ཤེས་ཀྱི་མགྲོན་གཞན་ཐམས་ཅད་ལ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། ཞེས་པའི་སྔགས་ཀྱིས་སྟོབ་བོ། དེ་ནས། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་སྦུ་གུ་ཅན་གྱིས་གསོལ་བས་མཉེས་པར་གྱུར། སྔར་བཞིན་ཨོཾ་ཨཱཿབཛྭ་ཨརྒྷཾ་ནས་ཤཔྟའི་བར་དང་། འདོད་ཡོན་ལྔའི་སྔགས་བཅས་ཀྱི་མཆོད་དོ། །བསྟོད་པ་ནི། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་སོགས་དང་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་དང་། ཇི་སྙེད་མ་སོགས་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་ལྟ་བ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱིས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ།། ཞེས་བརྗོད་པ་འདིས་དངོས་གྲུབ་བླངས་ཕྱག་རྒྱ་སྔར་བཞིན་གྱིས་འཇིག་རྟེན་པ་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱ་ཀྵས། བྷཱུཏ། པྲེ་ཏ། པི་ཤཱ་ཙ། ཨུཏྨཱ་ད། ཨ་པ་སྨཱ་ར། བཛྭ་ཌཱ་ཀ ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀནྟུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫྱ་ཐ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སཏྶུ་ཁཾ། བི་ཤུདྡྷཡེ་ས་ཧཱ་ཡི་ཀ་བྷ་ཝན་ཏུ་ཧུཾ་ཧཱུྃ་ཕཊ྄། ཞེས་ལན་གསུམ་གྱིས་འབུལ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས།། སོགས་གོང་བཞིན་བརྗོད་ཅེས་འདོད་པའི་དངོས་གྲུབ་བླངས། བརྡའི་ལག་པས་བརྡ་བསྟན་ཏེ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷཱོཧཾ། ཞེས་བྱ་བ་བརྗོད་ཅིང་པདྨ་སྐོར་པའི་ཕྱག་རྒྱས་མཉེས་པར་བྱས་ཏེ་ཉེ་བར་བསྡུ་བའི་ཕྱག་རྒྱ་མི་ཕྱེད་པར་འཁྱུད་པ་སྔོན་དུ་འགྲོ་བས་མཐེ་བོང་དང་སྲིན་ལག་སེ་གོལ་བརྡབ་པར་བྱ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ཨོཾ་བཛྭ་མུཿ། གཏོར་མགྲོན་ཡེ་ཤེས་པ་རྣམས་བདག་ཉིད་ལ་ཐིམ། །འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར།། དེ་ནས་ཆོས་སྐྱོང་གི་གཏོར་བསྔོ་བསྟོད་པ་རྫོགས་པའི་བར་བྱས་ནས། དེ་ནས་ཚོགས་ལ་ལས་ཆུ་བདུད་རྩི་གཉིས་ཀྱིས་བསངས་གཏོར་བྱས་ལ། ཨོཾ་ཁནྜ་རོ་ཧིྎ ཨོཾ་སྭ་བྷཱ་ཝས་སྦྱངས། ཚོགས་རྣམས་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནས་ཨོཾ་ཨཱཿཧཱུྃ་ལན་གསུམ་བར། ཚོགས་ཕུད་དྲུག་ཏུ་བཅད། ཚོགས་ཕུད་དང་པོ་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་ལས་ཀྱི་རྡོ་རྗེས་གསོལ་ཕུད་སྟེགས་ཤིང་། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། གཉིས་པ། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄། ཌཱ་ཀི་ནི་ཛྷ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་སརྦ་བྷུདྡྷ་ཌཱ་ཀི་ནི་ཡེ་བཛྭ་ཝརྞ་ནཱིཡེ་ཧུཾ་ཧཱུྃ་ཕཊ྄། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ག་ཎ་ཙཀྲྎ ཨོཾ་ཌཱ་ཀི་ནི་ཡེྎ ཨོཾ་ལཱ་མེྎ ཨོཾ་ཁནྜ་རོ་ཧིྎ ཨོཾ་རཱུ་པི་ནི་ཡེྎ ག་ཎྎ ཨོཾ་ཀཱ་ཀཱ་ཀྵྼེྎ ཨོཾ་ཨཱུ་ལུ་ཀཱ་ཀྵྼེྎ ཨོཾ་ཤྭ་ནཱ་ཀཱ་ཀྵྼེྎ ཨོཾ་སཱུ་ཀ་རཱ་ཀྵྼེྎ ག་ཎྎ ཨོཾ་ཡ་མ་ད་དྷིྎ ཨོཾ་ཡ་མ་དཱུ་ཏིྎ ཨོཾ་ཡ་མ་དཾ་ཥྚི་ནཱི་ཡེྎ ཨོཾ་ཡ་མ་མ་ཐཱ་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄། ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། གསུམ་པ། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛྎ བཞི་པ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་ག་ཎ་ཙཀྲ་པཱུྎ ལྔ་པ། དཔལ་མ་ཧཱ་ཀ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་མོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་ག་ཎྎ དྲུག་པ། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ལ་གནས་པ་སོགས་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག སྐྱེ་གནས་རྣམ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་སྔོན་དུ་འགྲོ་བ། སྐྱེས་པའི་ཐོད་པ་བཟང་པོར་མྱོས་བྱེད་རྣམ་པ་བརྒྱད་པོ་གང་རུང་གིས་བཀང་སྟེ་པདྨ་བསྐོར་བས། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་དང་། །རང་བཞིན་གཅིག་ཏུ་དགོངས་ནས་གསོལ།། ཞེས་སློབ་དཔོན་ལ་སྟོབ་དེས་པདྨ་བསྐོར་བའི་མཐར། བ་དན་གསུམ་པའི་ཕྱག་རྒྱ་བྱས་ལ། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ནི་བདག་ཕྱག་འཚལ།། ཞེས་བརྗོད་པས་བླངས་ཏེ་བཏུང་། དེ་ནས་བཟའ་བ་སོགས་ལོངས་སྤྱོད། མོ་གཙོ་བོ་ཡིན་ན་ཤ་ཐོག་མར་རོལ། དེ་ནས་ཕྱག་རྒྱ་དང་ཐུན་མོང་དུ་སྤྱོད་དེ་རྒྱུ་འདི་ལས་ནི་ཚོགས་ཀྱི་འཁོར་ལོར་འགྱུར་ལ། གཞན་ཡིད་ཀྱིས་རོལ་པ་ཙམ་ནི་སྟོན་མོ་ཞེས་བརྗོད་ཀྱིས། ཚོགས་ཀྱི་འཁོར་ལོའི་མིང་མི་ཐོབ་བོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་ཁ་ཆང་གིས་བཀང་། འབར་བའི་ཕྱག་རྒྱ་བཅས་ཧཱུྃ་ཞེས་དྲག་པོས་ཁ་ཁྲུ་བཏབ་ལ། ཨོཾ་ཨཱཿབཛྭ་པཥྤེ་ཧུཾ་ཧཱུྃ་ཕཊ྄། ནས། ནཻ་ཝིདྱེ་ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚ་བ་ལིངྟ་ཨུ་ཙྪིཥྚ་བྷཀྵེ་བྷྱཿསྭཱ་ཧཱ། ཞེས་འབྱུང་པོ་ཆོལ་བ་རྣམས་ལ་སྦྱིན། སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བའི་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླག གང་ཞིག་འཁོར་ལོ་རབ་ཏུ་བསྐོར་ཞིང་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་ཕྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོས་དབང་གྱུར་འཕགས་པ་རྣམས་ཀྱི་རྟག་ཏུ་མྱུར་བར་བཀྲ་ཤིས་ཡིན།། སོགས་ཀྱིས་བཀྲ་ཤིས་ཀྱི་གླུ་བླང་ངོ་། །དེ་ནས་དགེ་བ་བསྔོ་བ། ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཉེས་ལྟུང་དྲི་མས་མ་གོས་ཤིང་། །རླབས་ཆེན་སྤྱོད་པ་རྫོགས་པ་དང་། །ཧེ་རུ་ཀ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག །འཁོར་འདས་ཀུན་གྱིས་དུས་གསུམ་བསགས་པ་ཡི། །ཡོད་པའི་དགེ་བ་མ་ལུས་གཅིག་བསྡུས་ནས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུམ་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག །ཨོཾ་ཨཱཿབཛྭ་ཨརྒྷཾ་སོགས་དང་། ཨོཾ་ཨཱཿབཛྭ་ཨ་དརྴ་སོགས་ཀྱི་འདོད་ཡོན་ལྔས་མཆོད། བསྟོད་པ་ནི། བཅོམ་ལྡན་མགོན་པོ་དབང་ཕྱུག་ཆེན་པོསོགས་དཔལ་ལྡན་རྡོ་རྗེ་སོགས་ཀྱིས་བསྟོད། དེ་ནས་ཡི་གེ་བརྒྱ་པ་བརྗོད། སྒྲུབ་མཆོད་ཀྱི་ཚེ་ཡང་དཀྱིལ་འཁོར་བསྒྲུབ་ཁ་ཚུན་ཇི་ལྟ་བ་བཞུགས། བསྒྲུབ་ཁར་ཡིད་ཀྱི་རྡུལ་མཚོན་ཉིད་དུ་བསྒྱུར། དེ་མིན་གཞན་དོན་གྱི་ལས་ལ། མ་འབྱོར་བ་དངྎ དགེ་བ་འདི་ཡིསྎ ཅེས་སོགས་སྨོན་ལམ་བཏབ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཿཡོ་ག་ཤུདྡྷཱོཧཾ། ཞེས་བྱ་བའི་སྔགས་དང་ལྷན་ཅིག་པད་སྐོར་བྱས་པའི་མཉེས་པར་བྱས་ཏེ། ཕྱག་རྒྱ་ཉེ་བར་བསྡུས་ལ་འཁྱུད་པའི་ཕྱག་རྒྱས་སེ་གོལ་བརྡབ་པ་དང་ལྷན་ཅིག་ས་ལ་རེག ཨོཾ་བཛྭ་མུཿཞེས་བརྗོད་ནས་གཤེགས་སུ་གསོལ། དེ་ནས་དཀྱིལ་འཁོར་གྱི་རེ་ཁ་ཕྱག་པར་བྱའོ། །རས་བྲིས་སོགས་ཡིན་ན། འདིར་ནི་གཟུགས་དང་སོགས་ཀྱིས་དམ་ཚིག་པ་བསྟིམས་ཤིང་ཡེ་ཤེས་པར་རང་གི་སྙིང་གར་བསྡུའོ།། མ་འབྱོར་བ་དངྎ སོགས་ཀྱིས་བཟོད་གསོལ་བྱ། སྣོད་བཅུད་ཀྱི་དངོས་པོ་རྣམས་གཞལ་ཡས་ཁང་ལྷ་དང་བཅས་པ་ལ་ཐིམ། དེ་ཡུམ་ལ། ཡབ་ཡུམ་རྗེས་ཆགས་ཀྱི་བདེ་བ་ཆེན་པོར་ཞུ་བ་གསང་བའི་སྣ་རྩེར་དཀར་དམར་གྱི་ཐིག་ལེ་ཁ་སྦྱར་བ་བསམ་གྱིས་མི་ཁྱབ་པའི་བདེ་བའི་རང་བཞིན་ལ་རྣམ་པར་ཤེས་པའི་བྱ་བ་བྲལ་བ་འོད་གསལ་བ་མངོན་དུ་གྱུར། ཅུང་ཟད་མཉམ་པར་བཞག་གོ དེ་ལ་མི་གནས་པར་འཕྲོ་གྲབས་བྱེད་ན། ཐིག་ལེ་དཀར་པོ་ལས་བཅོམ་ལྡན་འདས། དམར་པོ་ལས་བཅོམ་ལྡན་འདས་མར་ལངས་ཏེ་རིམ་གྱིས་འོད་ཟེར་འཕྲེང་བར་ཐུག་པའི་བར་དུ་སྣང་ལ་ཞེན་འཛིན་གྱིས་སླད་པ་མེད་པར་བལྟའོ། །ཡང་སྔར་བཞིན་ཐིག་ལེ་ལ་འཇུག་པ་ཡང་ནས་ཡང་དུ་བྱ་ཞིང་། གསུམ་པ་ནི་གལ་ཏེ་ཐུན་ལས་ལྡང་ན། ཐིག་ལེ་ལས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ། དགེ་བ་འདི་ཡིས་མྱུར་དུ་བདག །འཁོར་ལོ་སྡོམ་པ་འགྲུབ་གྱུར་ནས། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །པདྨ་ཉི་མ་འཇིགས་བྱེད་དུས་མཚན་མནན། །སྐུ་མདོག་མཐིང་ནག་ཞལ་བཞི་བཅུ་གཉིས་ཕྱག །ཕག་མོའི་མགུལ་འཁྱུད་དཔའ་བོ་མཁའ་འགྲོས་བསྐོར། །བདེ་མཆོག་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་ཤོག། ཅེས་ཤིས་པ་བརྗོད་དེ་བྱ་བ་གཞན་ལ་འཇུག་གོ །དེ་ལྟར་རྡོ་རྗེ་བཙུན་མོས་མཛད་པའི་སྡོམ་པ་ལྷ་བཅུ་གསུམ་གྱི་སྒྲུབ་པའི་ཐབས་མདོར་བསྡུས་པ་ནཱ་རོའི་ཞབས་ཐུན་མོང་མ་ཡིན་པའི་ཞལ་རྒྱུན་ཇི་ལྟ་བར་རྒྱས་པར་བྱས་པ་འདི་ཡང་གཞིས་ཀ་གྲི་གུ་པ་སྡེ་པ་ཆོས་རྗེ་བློ་གྲོས་པད་དཀར་གྱིས་རྒྱུའི་དུས་ཀྱི་བསྐུལ། བྱར་པོ་རྟོགས་ལྡན་དཔལ་འབྱོར་དར་རྒྱས་དེ་དུས་ཀྱིས་བསྐུལ་བ་པོ་བྱས་ཏེ་པདྨ་དཀར་པོས་ལྷས་བསྟན་གྱི་རི་བོ་གསང་སྔགས་ཆོས་གླིང་གི་ཆོས་གྲྭར་སྦྱར་བའི་དགེ་བས་འགྲོ་བ་ཐམས་ཅད་དཔལ་འཁོར་ལོ་སྡོམ་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག། །།


no previousདཔལ་མཁའ་འགྲོ་སྙན་བརྒྱུད་ལས་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འབྲིང་པོ་རྣལ་འབྱོར་བཞི་པའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་འདོད་འཇོ།next