Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
སྙན་བརྒྱུད་ཡབ་བཀའ་ལུས་དཀྱིལ་ཀྱི་སྒྲུབ་ཐབས་ཡེ་ཤེས་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་བརྒྱུད་ཡབ་བཀའ་ལུས་དཀྱིལ་ཀྱི་སྒྲུབ་ཐབས་ཡེ་ཤེས་གཏེར་མཛོད།next

སྙན་བརྒྱུད་ཡབ་བཀའ་ལུས་དཀྱིལ་ཀྱི་སྒྲུབ་ཐབས་ཡེ་ཤེས་གཏེར་མཛོད།

སྙན་བརྒྱུད་ཡབ་བཀའ་ལུས་དཀྱིལ་ཀྱི་སྒྲུབ་ཐབས་ཡེ་ཤེས་གཏེར་མཛོད་ཞེས་བྱ་བ་བཞུགས་སོ། །བདེ་མཆོག་སྙིང་རྗེ་ཐབས་ཀྱི་དངོས། །འཁོར་ལོ་སྟོང་ཉིད་ཤེས་རབ་གཉིས། །ཁ་སྦྱོར་སྡོམ་པ་ལ་བཏུད་ནས། །དེ་ཡི་ཟབ་མོ་བསྐྱེད་རིམ་བཤད། །བདེ་ཆེན་འགྱུར་བ་མེད་པའི་དངོས། །ཕོ་ཉ་གསུམ་བསྲེ་ལམ་མཆོག་གིས། །ལུས་སྣང་སེམས་གསུམ་སྡོམ་པ་ཡི། །རྡོ་རྗེ་བཞི་ཡི་འཁོར་ལོར་རྫོགས། དེ་ལ་འདིར་བདེ་མཆོག་ལུས་དཀྱིལ་དུ་བསྒྲུབས་པར་འདོད་པའི་གང་ཟག་གིས་ཕྱི་དཀྱིལ་ལྷན་སྐྱེས་དང་། ལུས་དཀྱིལ་འདི་ཉིད་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་གདོད་ནས་གྲུབ་པའི་དུར་ཁྲོད་ལ་སོགས་པ་མཚན་ཉིད་དང་ལྡན་པའི་གནས་སུ་གཞན་རྗེས་སུ་འཛིན་པ་འགྲོ་བ་འདོན་པའི་འདོད་པ་དང་ལྡན་པས་རྣལ་འབྱོར་གྱི་ཡོ་བྱད་བཟང་པོས་མདུན་བསྟར་ནས་བདེ་བའི་སྟན་ལ་འདུག་སྟེ་བསྒོམ་པར་བྱ་བ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བརྩམས་ཏེ་མགོན་མེད་བདག །སྙིང་པོ་བྱང་ཆུབ་མ་ཐོབ་བར། །འཁོར་བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་རྣམས་སྐྱབས་པའི་ཕྱིར། །རྐང་གཉིས་གཙོ་བོ་སྐུ་གསུམ་བདག །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། མགོན་པོ་ཁྱེད་ཀྱི་སྤྱན་སྔར་བཤགས། །ཕྱིན་ཆད་སྡིག་ལས་ལྡོག་པར་བགྱི། །དེང་ནས་ཁྱེད་ཀྱི་འབངས་སུ་མཆི། །ཁྱེད་ཀྱི་བསླབ་བྱ་རྗེས་སུ་སློབ། །ཁྱེད་ཀྱི་བཀའ་ལས་མི་འདའ་བས། །ཀུན་ནས་ཡོངས་སུ་བསྐྱབ་ཏུ་གསོལ། །ལན་གསུམ། སེམས་བསྐྱེད་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་རྣམས་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། དེ་ནས་བུམ་པའི་ནང་དུ་པད་ཉི་ལ་ཁཾ་ཡོངས་སུ་གྱུར་པ་ལས་དུམ་སྐྱེས་མ་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོ་ཡི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར་པར་བསམ་ལ། ཨོཾ་ཁཎྜྻ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ྄། ལྷ་འོད་དུ་ཞུ་བའི་ཆུ་དག་བྱེད་ཀྱི་བདུད་རྩིར་གྱུར་པར་བསམ་པས་ཕྱི་ཁྲུས་བྱ། དེ་ནས་རྡོ་རྗེའི་ཆུ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པས་ནང་གི་ཁྲུས་དང་། རྡོ་རྗེ་སེམས་པའི་སྒོམ་བཟླས་ཀྱིས་གསང་ཁྲུས་བྱས་ལ། བརྒྱུད་པའི་གསོལ་འདེབས། རྡོ་རྗེ་འཆང་ཆེན་རྣལ་འབྱོར་མ། །དེ་སྲས་ཏིལླི་ནཱ་རོ་དང་། །ལྔ་བརྒྱའི་གཙུག་རྒྱན་མར་མི་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རས་ཆུང་ཞབས་དང་ཁྱུང་ཚང་པ། །མ་གཅིག་ཀོང་ཇོ་ལོ་ཆེན་ཞང་། །དྷ་ར་ཤྲཱི་བསོད་ནམས་མཚན། །གསོལ་བྎ །ཀུན་ལྡན་རས་མ་བདེ་ལེགས། །ཀུན་དགའ་དཔལ་དང་རྒྱལ་བའི་དབང་། །ངག་དབང་ཆོས་ཀྱི་རྒྱལ་པོ་ལ། །གསོལྎ མ་བགྲངས་བཅུ་གསུམ་ས་བགྲོད་དེ། །རྡོ་རྗེ་འཆང་དབང་རྒྱལ་ཚབ་ཏུ། །མཁའ་འགྲོས་ལུང་བསྟན་པདྨ་དཀར། །གསོལ་བྎ །རྒྱལ་ཚབ་དམ་པ་ལྷ་རྩེའི་ཞབས། །སྙིང་རྗེའི་དབང་ཕྱུག་དཔག་བསམ་དབང་། །འཇམ་དབྱངས་བུདྷ་ཀུན་དགའ་རྗེར། །གསོལ་བྎ །མཁས་མཆོག་ཡར་འཕེལ་ཐུགས་རྡོ་རྗེ། །བདེ་ཆེན་ཞབས་དང་འཇམ་པའི་དཔལ། །ཀུན་གཟིགས་ཆོས་ཀྱི་སྣང་བ་ལ། །གསོལ་བྎ །མཚུངས་མེད་མཁས་གྲུབ་ཆོས་ཀྱི་རྗེ། །འཇམ་དཔལ་ཡེ་ཤེས་གྲུབ་པ་དང་། །ངེས་དོན་ཆོས་ཀྱི་རྒྱ་མཚོའི་ཞབས། །གསོལ་བྎ །རྡོ་རྗེ་སློབ་དཔོན་མཚུངས་མེད་རྗེ། །འཇམ་དཔལ་ཤེས་བྱ་ཀུན་མཁྱེན་དང་། །ངག་དབང་ཆོས་ཀྱི་རྒྱལ་མཚན་མཆོག །གསོལ་བྎ །རིགས་བརྒྱའི་ཁྱབ་བདག་འབྲུག་པ་རྗེ། འཇིགས་མེད་མི་ཕམ་ཆོས་ཀྱི་དབང་། །དྲིན་ཅན་རྩ་བའི་བླ་མ་ལ། །གསོལ་བྎ །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཡང་། །གང་གི་རོལ་རྩེད་ཡིན་ཤེས་ནས། །རྗེ་བཙུན་བླ་མ་ཁྱེད་མིན་པའི། །སྐྱབས་གཞན་བདག་ཅག་རྣམས་མི་འཚོལ། །དེ་ཕྱིར་ཉམ་ངའི་འཁོར་བ་ནས། །འགྲོ་བ་འདྲེན་པའི་ཐུགས་རྗེའི་མཐུ། །བསྐུལ་བའི་གསོལ་བ་འདེབས་ལགས་ན། །བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །སྨིན་བྱེད་དབང་གིས་རྒྱུད་སྲོས་ནས། །གྲོལ་ལམ་གསེར་འགྱུར་རྩིས་སྦྲན་པའི། །མི་གཙང་ལུས་འདི་རྒྱལ་བའི་སྐུ། །རིན་ཆེན་མཆོག་ཏུ་གྱུར་ཅིག་གུ། བར་དང་། སྐུ་ཡི་བྱིན་རླབས་ལུས་ལ་ཞུགས། །སྒྱུ་འཕྲུལ་རྡོ་རྗེའི་སྐུ་ཐོབ་ཤོག །གསུང་གི་བྱིན་རླབས་ངག་ལ་ཞུགས། །འཇམ་དབྱངས་ཆེན་པོ་འགྲུབ་གྱུར་ཅིག །ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། །འཕོ་མེད་བདེ་བ་ཆེ་ཐོབ་ཤོག །ཇི་ལྟར་ཆུ་ལ་ཆུ་བཞག་ལྟར། །བདག་དང་གཉིས་མེད་གཅིག་གྱུར་ནས། །ས་བཅུའི་མགོན་པོ་འགྲུབ་གྱུར་ཅིག །ཅེས་དབང་བཞི་བླངས་ལ་ཞུ་བསྟིམ་བྱས་པས། རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམ། དེ་ནས་བདུད་རྩི་རིལ་བུ་སྦྱར་བའི་ཆང་ལ། ཨོཾ་ཁཎྜྻ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་ཁར་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་ཧཱུྃ་ཨོཾ་ཁཱ་ཾཨཱཾ་ཏྲཾ་དང་། བཱཾ་མཱཾ་ལཱཾ་པཱཾ་ཏཱཾ་ལས་ཤ་ལྔ་བདུད་རྩི་ལྔ་ས་བོན་དང་བཅས་པ་རླུང་གིས་མེ་སྦར་རྫས་རྣམས་ཞུ། དེའི་ཁར་ཨཱཿལས་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་དེ་དག་ཀྱང་ཞུ་བ་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། དངོས་གཞི་ལ་སྲུང་འཁོར། བསོད་ནམས་ཀྱི་ཚོགས། ཚད་མེད། ཡེ་ཤེས་ཀྱི་ཚོགས། རྟེན་དཀྱིལ་འཁོར། བརྟེན་པ་ལྷ། ལུས་དཀྱིལ་གསལ་འདེབས། གོ་བགོ། ཡེ་ཤེས་དགུག་པ། དབང་། རྡོར་བཟླས། རྫོགས་རིམ་ཏེ་བཅུ་གཉིས་སོ། དེ་ལས་དང་པོ། ཨོཾ་ཨཱ་ཧཱུྃ་ཞེས་བརྗོད་པས་རང་གི་ལུས་ཧེ་རུ་ཀ་གསལ་བ་འོད་དུ་ཞུ་ནས། ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་གསུམ་དུ་གྱུར་ཅིང་། སྟེང་ནས་སྟེང་དུ་རྩེགས་མར་གནས་པའི་ཨོཾ་ཨཱཿལ། ཨཱཿཧཱུྃ་ལ་ཧཱུྃ་གི་ཞབས་ཀྱུ་ཧ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་ཡང་མི་དམིགས་པར་གྱུར་པ་དང་ལྷན་ཅིག ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པའི་དོན་ཅུང་ཟད་དྲན་པར་བྱས་ཏེ། དེ་ལས། རང་ཉིད་སྐད་ཅིག་གིས་བདེ་མཆོག་དཔའ་བོ་གཅིག་པར་གྱུར་པའི་སྙིང་ཁར་པད་ཟླ་ལ་ཧཱུྃ་ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄་ཀྱིས་བསྐོར་བ། དེ་ལས་རྡོ་རྗེ་དཔག་ཏུ་མེད་པ་ཕྱི་རོལ་ཏུ་འཕྲོས་པ་རྣམས་འདུས་པས་རྡོ་རྗེའི་གུར་ཁང་། ཅིས་ཀྱང་མི་ཤིགས་པ། ཨོཾ་སྲི་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚུ་ན་ཧཱུྃ་ཧཱུྃ་ཕཊ྄། སླར་འོད་ཟེར་གྱི་སྣ་ལ་སྒོ་མཚམས་ཀྱི་ཁྲོ་མོ་བཞུགས་པ་ཕྱོགས་བརྒྱད་དུ་སྤྲོས་པས་བགེགས་ཐམས་ཅད་བཅིངས་ཕུར་བུས་བསྣུན། དེ་ཐོ་བས་བརྡུངས་ནས་ཐལ་བར་བརླགས་ཏེ་ཁྲོ་མོ་རྣམས་མེ་འོད་ཀྱི་ཕྲེང་བར་གྱུར་ནས་རྡོ་རྗེ་གུར་རྣམ་པར་དཀྲིས་པས་བསྐལ་པའི་མེ་ལྟ་བུར་འབར་བར་གྱུར། གཉིས་པ་ཚོགས་བསགས་པ་ནི། ཡང་། སྙིང་ཁའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུས་འཁོར་ལོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་བླ་མ་སྟེང་གི་ནམ་མཁར་བཞུགས་པ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ། ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། གིས་ཕྱག་འཚལ། སྙིང་ཁའི་ས་བོན་ལས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རང་མིང་གི་མཆོད་པའི་ཡོ་བྱད་ཐོགས་པ་རྣམས་ཀྱིས། ཨོཾ་ཨཱཿབཛྭ་ཨ་དརྴ་ཧཱུྃ། དེ་བཞིན་དུ། བཛྭ་བཱི་ནིྎ བཛྭ་གནྡྷེྎ བཛྭ་རཱ་སྎ བཛྭ་སྤརྴེྎ བཛྭ་དྷརྨེྎ ཅེས་དང་། ཡིད་ཀྱིས་ཕྱི་ནང་གསང་བའི་མཆོད་པ་ཕུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ལྔ་རྣམ་དག་བྱ། ཚོགས་ཞིང་མཎྜྻལ་མུཿ ཞེས་པས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། གསུམ་པ་ཚད་མེད་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ལན་གསུམ། སླར་ཡང་སེམས་ཅན་ཐམས་ཅད་མི་བཟད་པའི་སྡུག་བསྔལ་ལས་ཕྱུང་སྟེ་བདེ་བ་ཆེན་པོ་ལ་དགོད་པའི་ཕྱིར་དཔལ་ཧེ་རུ་ཀའི་བསྒྲུབ་པ་ལ་འཇུག་པར་བྱའོ། །སྙམ་སྨོན་པ་བྱས་ཏེ། བཞི་ཡེ་ཤེས་ཀྱི་ཚོགས་འཇུག་པ་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། ལྔ་པ་རྟེན་གྱི་དཀྱིལ་འཁོར་ནི། སྟོང་པའི་ངང་ལས་ཆོས་འབྱུང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྷ་རྫས་ཀྱི་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞི་ལྟེ་བར་ཉི་གདན་ལ། དྲུག་པ་བརྟེན་པ་ལྷ་ནི། གདན་དབུས་མར་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཚར་གཉིས་གཡོན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷྜྷ། ཚར་གཉིས་གཡས། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་དཀར་ལ་དམར་བའི་མདངས་ཆགས་པའི་ཟླ་བའི་དབུས་སུ་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་འཁོར་ལོ་སྡོམ་པའི་ལྷ་ཚོགས་སུ་གྱུར་ཅིང་ཚུར་བསྡུས་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ལས་ཕྱོགས་བཞིར་ཧཱུྃ་བཞི་མཆེད་པ་རྣམས་སྐད་ཅིག་ལ་ཡོངས་སུ་གྱུར་པ་ལས། ལྟེ་བར་བདག་ཉིད་མཐིང་ཤུན་ལྟ་བུའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པའི་ཕྱག་གིས་རྡོ་རྗེ་ཕག་མོ་ལི་ཁྲི་ལྟ་བུ་ལ་འཁྱུད་པ། ཤར་དུ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པས་མཁའ་འགྲོ་མ་ནག་མོ་ལ་འཁྱུད་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན་པས་ལཱ་མ་ལྗང་ཁུ་ལ་འཁྱུད་པ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པས་དུམ་སྐྱེས་མ་དམར་མོ་ལ་འཁྱུད་པ། ལྷོར་རིན་ཆེན་འབྱུང་གནས་སེར་པོ་རིན་པོ་ཆེ་དང་། རིན་པོ་ཆེའི་དྲིལ་བུ་འཛིན་པས་གཟུགས་ཅན་མ་སེར་མོ་ལ་འཁྱུད་པ། ཡབ་རྣམས་དྲང་སྲོང་གཞོན་ནུ་ཅུང་ཟད་ཁྲོས་པའི་གཟུགས། རྗེས་སུ་ཆགས་པས་གཟིགས་པའི་སྤྱན་གསུམ་མངའ་བ། རལ་པའི་ཐོར་ཙུགས་ཀྱི་རྩེར་ནོར་བུ། ངོས་ལ་སྣ་ཚོགས་རྡོ་རྗེ། ཟུར་དུ་ཟླ་ཕྱེད། རིན་པོ་ཆེའི་རྩེ་ཕྲན་དང་བཅས་པའི་ཐོད་པའི་པྲོག་ཞུ། སྙན་གོང་ཨུཏྤལ་དར་དཔྱངས་དང་བཅས་པ་གསོལ་བ། ཕྱག་རྒྱ་དྲུག་དང་མི་མགོ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གི་ག་ཤལ་ཕྲག་པར་འཛིན་ཅིང་སྟག་གི་པགས་པ་རློན་པའི་ཤམ་ཐབས་མནབས་ཏེ་ཞབས་གཡས་བརྐྱང་པས་དུས་མཚན་དང་གཡོན་བསྐུམ་པས་འཇིགས་བྱེད་བརྫིས་པ། ཡུམ་རྣམས་གཅེར་མོ་ཐོད་སྐམ་གྱི་འཕྲེང་བ་དང་ཕྱག་རྒྱ་ལྔས་བརྒྱན་ཏེ་ཕྱག་གཡས་པ་རང་རྟགས་འཕྱར་ཞིང་། གཡོན་པ་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། བྱིན་པ་གཉིས་ཡབ་ལ་འཁྲིལ་ཞིང་། གཉིས་ཀའང་ཡེ་ཤེས་ཀྱི་མེའི་ཕུང་པོ་འབར་བའི་དབུས་སུ་བཞུགས་པ། མཚམས་ཀྱི་འདབ་མར་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པ་བཞིའོ། །བདུན་པ་ལུས་དཀྱིལ་གསལ་འདེབས་པ། དེ་ལྟར་རྐང་པ་གཉིས་བསྒྲད་པ་གཞུའི་དབྱིབས་ཅན་རླུང་གི་དཀྱིལ་འཁོར། སུམ་མདོ་གྲུ་གསུམ་མེ། ལྟོ་བ་ཟླུམ་པོ་ཆུ། བྲང་གྲུ་བཞི་ས། སྒལ་ཚིགས་ལྷུན་པོ། ལུས་འདོམ་གང་གྲུ་བཞི་མཉམ་པ་གཞལ་ཡས་ཁང་། སྙིང་སྣ་ཚོགས་པདྨ་འདབ་བརྒྱད། དེའི་ལྟེ་བར་ཉི་མའི་གདན་ལ། ཨ་ཨཱ་ནས་དབྱངས་ཚར་གཉིས་གཡོན། ཀ་ཁ་ག་ནས་ཡར་ལ་ཝ་ཌ་ཌྷྜྷ། གསལ་བྱེད་གཉིས་གཡས། ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་ཁ་སྦྱར་གྱི་དབུས་སུ། ཧཱུྃ་དངུལ་ཆུ་ལྟ་བུ་དང་ཨ་ལི་ཁྲི་ལྟ་བུ་ལས་འཕྲོས་པའི་འོད་ཟེར་གྱིས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་ཅིང་ཚུར་འདུས་པས་རྡོ་རྗེ་ཧཱུྃ་དང་གྲི་གུག་ཨས་མཚན་པ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཙུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐམས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཐོད་པ་དུམ་བུའི་སྐ་རགས་ཅན། ཁ་ཊྶཱཾ་ག་དང་། ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། བཱཾ་མཱཾ་ལཱཾ་པཱཾ་ཏཱཾ་ཞུ་བ་ལས། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ལྷ་མོ་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། པཱུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལཾ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ། དེ་ཞུ་བ་ལས་འཚོགས་མ་པུ་ལི་ར་མར་དཔའ་བོ་ཐོད་པའི་དུུམ་བུ་དང་དཔའ་མོ་རབ་གཏུམ་མ། སྤྱི་གཙུག་ཛཱལནྡྷ་རར་ཀེཾ་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་ཨུ་རྒྱན་དུ་ཀེང་རུས་དང་འོད་ལྡན་མ། ལྟག་པ་ཨརྦུ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ། བཞི་གནས། རྣ་བ་གཡོན་གོ་དཱ་ཝ་རིར་ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ། སྨིན་མཚམས་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མ། མིག་དེ་ཝི་ཀོ་ཊིར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་མཱ་ལ་ཝར་རྡོ་རྗེ་ལུས་དང་ཤིང་གྲིབ་མ་ཉེ་བའི་གནས། ཐུགས་ཀྱི་འཁོར་ལོ་མཁའ་ལ་སྤྱོད་པའི་གནས། མཆན་ཁུང་ཀཱ་མ་རུ་པར་མྱུ་གུ་ཅན་དང་ས་སྲུང་མ། ནུ་མ་གཉིས་ཨོ་ཊིར་རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་གཉིས་ཞིང་། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། གཉིས་ཉེ་ཞིང་། ཁ་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་སྔོ་བསངས་མ། མགྲིན་པ་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། གཉིས་ཚནྡྷོ། སྙིང་ཀཱཉྩྨི་ཀར་འཇིགས་བྱེད་དང་རྟ་རྣ་མ། འདོམས་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་གཉིས་ཉེ་བའི་ཚནྡྷོ། གསུང་གི་འཁོར་ལོ་ས་སྤྱོད་ཀྱི་གནས། མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལཾ་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། གཉིས་འདུ་བ། བརླ་གཉིས་ལ་སཽ་རཥྚར་རྟ་མགྲིན་དང་ཆང་འཚོང་མ། བྱིན་པ་གཉིས་སུ་ཝརཎྡྲ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཉེ་བའི་འདུ་བ། སོར་མོ་ཕལ་པ་རྣམས་ན་ག་རར་ཧེ་རུ་ཀ་དང་བཞིན་བཟང་མོ། བོལ་གོང་གཉིས་སིནྡྷུར་པདྨ་གར་དབང་དང་སྟོབས་ཆེན་མ་གཉིས་དུར་ཁྲོད། མཐེ་བོང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ། གཉིས་ཉེ་བའི་དུར་ཁྲོད། སྐུའི་དཀྱིལ་འཁོར་ས་འོག་སྤྱོད་ཀྱི་གནས། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ། ཐུགས་ཀྱི་གཡས་རྡོ་རྗེ་དང་། གསུང་གི་པདྨ་དང་། སྐུའི་འཁོར་ལོ་གཡོན་དེ་སོ་སོས་ཡུ་བ་བྱས་པའི་དྲིལ་བུ་གཟུང་སྟེ་དཔའ་མོ་ལ་འཁྱུད་པ། ལྷག་མ་ཌཱ་མ་རུ་དང་ཁ་ཊྶཱཾ་ག་འཛིན་པ། སྤྱན་གསུམ་པ། རལ་བའི་ཐོར་ཚུགས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གི་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའི་པང་ན་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་ཅིང་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞུ་བ་ལས། ལྕེའི་ལྐོག་གཏུམ་དྲག་ཏུ་ཁྭ་གདོང་མ་ནག་མོ། སྣ་རྩེ་ཚང་ཚིང་འཁྲིགས་པར་འུག་གདོང་མ། མཚན་རྩེ་འུར་འུར་འབར་བར་ཁྱི་གདོང་མ། བཤང་སྒོའི་འཇིགས་བྱེད་ཐོད་པར་ཕག་གདོང་མ། རྣ་བ་གཡས་དབང་ཕྱུག་ནགས་ཚལ་དུ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། རྣ་བ་གཡོན་མུན་པ་མི་བཟད་པར་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། མིག་གཡས་ཀི་ལི་ཀི་ལའི་སྒྲ་སྒྲོག་པར་གཤིན་རྗེ་མཆེ་བ་མོ་གཡས་དམར་གཡོན་ལྗང་བ། མིག་གཡོན་ཧ་ཧ་རྒོད་པའི་དུར་ཁྲོད་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོ་ཡི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། འཁོར་ལོ་ལྔའི་ལྷ་ཚོགས་རྣམས་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུར་བསྒོམ་པར་བྱའོ། །གནས་ནི་རབ་ཏུ་དགའ་བ། ཉེ་གནས་དྲི་མ་མེད་པ། ཞིང་འོད་བྱེད། ཉེ་ཞིང་འོད་འཕྲོ། ཚནྡྷོ་སྦྱང་དཀའ། ཉེ་བའི་ཚནྡྷོ་མངོན་གྱུར། འདུ་བ་རིང་དུ་སོང་བ། ཉེ་བའི་འདུ་བ་མི་གཡོ་བ། དུར་ཁྲོད་ལེགས་པའི་བློ་གྲོས། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན་ཏེ། གནས་དང་གནས་པ་ཐམས་ཅད་ས་བཅུར་རྣམ་པར་དག་པའོ་སྙམ་དུ་བསམ་པར་བྱའོ། །དེ་ནས་ལྷ་ཙམ་དུ་ཞེན་པ་ཡོད་པས་དེ་སྤང་བའི་ཕྱིར་ལྷ་དེ་དག་ཀྱང་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནོ་སྙམ་པས་ཀུན་རྫོབ་པའི་ཆ་ནས་ལྷར་སྣང་མ་དོར་གཤིས་ལུགས་སྤྲོས་པ་དང་བྲལ་བས་སྟོང་ཉིད་མ་དོར་བས་སྣང་སྟོང་ཟུང་འཇུག་གི་ངོ་བོ་ཞིག་བསྒོམ་པར་བྱའོ། བརྒྱད་པ་གོ་བགོ་བ་ལ། དེ་ནས་ལྷ་ལྔ་དང་སྙིང་ཁའི་གཙོ་བོའི་སྙིང་ཀར་ཨོཾ་ཧཿ རྡོ་རྗེ་སེམས་དཔའ་དཀར་པོ། ན་མ་ཧི་དཔྲལ་བར་རྣམ་པར་སྣང་མཛད་སེར་པོ། སྭ་ཧཱ་ཧུ་སྤྱི་བོར་རིན་ཆེན་འབྱུང་གནས་དམར་པོ། བཽ་ཥ་ཊ་ཧེ་ཕྲག་པ་གཉིས་ལ་ཧེ་རུ་ཀ་ནག་པོ། ཧཱུྃ་ཧཱུྃ་ཧོཿ སྤྱན་གསུམ་ལ་འོད་དཔག་མེད་མཐིང་ཀ ཕཊ྄་ཧཾ་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་དོན་ཡོད་གྲུབ་པ་ལྗང་ཁུ། ཡུམ་རྣམས་ཀྱི་ལྟེ་བར་ཨོཾ་པཾ་ཕག་མོ་དམར་མོ། ཧཾ་ཡཽ་སྙིང་གར་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་ཁར་རྨོངས་བྱེད་མ་དཀར་མོ། སྲེཾ་སྲིཾ་དཔྲལ་བར་སྐྱོད་བྱེད་མ་སེར་མོ། །ཧཱུྃ་ཧཱུྃ་སྤྱི་བོར་སྐྲག་བྱེད་མ་ལྗང་ཁུ། ཕཊ྄་ཕཊ྄་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཙནྜི་ཀ་དུད་ཁ། ཐམས་ཅད་ཀྱང་གྲི་གུག་དང་ཐོད་པ་འཛིན་པ། ཡབ་རྣམས་ཐོར་ཚུགས་སྟག་ཤམ། རུས་པའི་རྒྱན་དྲུག་དང་། ཡུམ་རྣམས་སྐྲ་གྲོལ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པའོ། །དགུ་པ་ཡེ་ཤེས་དགུག་པ་ལ། བདག་ཉིད་ལྷར་གསལ་བའི་སྙིང་གའི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་ཐམས་ཅད་དུ་འཕྲོས། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷ་རྨཱ། ཡོ་ག་ཤུདྡྷཱོཧཾ། པདྨ་ལག་ཀོར་དང་བཅས་པས། འོག་མིན་གྱི་ཞིང་ནས་བསྒོམས་པ་ཇི་ལྟ་བའི་བཅོམ་ལྡན་འདས་རྟེན་དཀྱིལ་འཁོར་བརྟེན་པ་ལྷའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ནམ་མཁར་བཞུགས་པ་ལ་སྙིང་ཁ་ནས་སྤྲོས་པའི་མཆོད་པའི་ལྷ་མོས། ཨོཾ་ཨཱཿབཛྭ་ཨ་དརྴ་ཧཱུྃ། དེ་བཞིན་དུ། བཛྭ་བཱི་ནིྎ བཛྭ་གནྡྷེྎ བཛྭ་རཱ་སྎ བཛྭ་སྤརྴེྎ བཛྭ་དྷརྨེྎ ཅེས་མཆོད། ལཱ་མ་སོགས་བཞིས། ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པུ་ཙ་ཁཱ་ཧི། ནང་མཆོད་བདུད་རྩི་ཕུལ། མཆོད་ལྷ་རྣམས་སོ་སོའི་ཡུམ་ལ་ཐིམ་པས་གསང་མཆོད་འབུལ། བརྟན་གཡོའི་སྒྲ་ཚོགས་བསྟོད་པར་འཆར་བས། གང་གི་དྲིན་གྱི་བདེ་ཆེན་ཉིད། སོགས་ཀྱིས་འགོ་དྲངས། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པཎ་དབུ་ཡི་བརྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་རྔམས་པའི་ཞལ། །སྐུ་ལ་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊྶཱཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགསཔ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པར་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་རྐང་པ་བརྒྱད་པས་བསྟོད་ནས། བཅུ་པ་དབང་ནི། རྒྱས་པར་མཎྜྻལ་སྔོན་དུ་འགྲོ་བས་དབང་ལེན། དེ་ཙམ་ལོང་མེད་ན་རྒྱུན་གྱི་ལམ་དབང་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མཾ། ཞེས་གསོལ་བ་བཏབ་པས་ལུས་ཀྱི་དཀྱིལ་འཁོར་ལས་སྤྲོས་པའི་གདན་གསུམ་ཚང་བའི་ལྷ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཕྱི་ནང་གི་ལྷ་ཚོགས་རྣམས་ཀྱིས་སྤྱི་བོ་ནས་དབང་བསྐུར་ཆུ་རྒྱུན་གྱིས་ལུས་གང་། དྲི་མ་དག །ལྷག་མ་ཡར་འཁྱིལ་བས་གཙོ་བོ་ལ་མི་བསྐྱོད་པ་དང་། གཞན་ཐམས་ཅད་ལ་རྡོ་རྗེའི་བསྒྲེང་བུ་རེས་མཚན་པར་གྱུར་པར་བསམ་པ་བུམ་དབང་། དེ་ནས་ལྷ་ཚོགས་དེ་ཐམས་ཅད་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྦྱོར་མཚམས་ནས་ལྕེ་ཐོག་ཏུ་བབས། དེས་ལུས་ཐམས་ཅད་ཁྱབ་པ་གསང་དབང་། རང་དཀྱིལ་འཁོར་པར་བསམས་པ་རྣམས་སྙོམས་པར་ཞུགས་པས་དགའ་བ་བཞིའི་བདེ་བ་མངོན་སུམ་དུ་བྱས་པ་ཤེར་དབང་། ལྷན་སྐྱེས་ཀྱི་དགའ་བ་ལ་རྩེ་གཅིག་ཏུ་གཞག་པ་བཞི་པའོ། །ཛཿཧཱུྃ་བཾ་ཧོཿམདུན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་བདག་དང་སྙིང་གའི་ལྷ་རྣམས་དང་གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱང་རིགས་ཀྱི་བདག་པོར་ཐིམ་པར་བསམ། དེ་ནས་མཆོད་པ་འབུལ་བ་ནི། སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་མོས་ལ། ཨོཾ་ཤྲཱི་ཧེ་རུ་ཀ་བཛྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པདྱཾྎ ཨཉྩྨ་མ་ནཾྎ པྲོཀྵ་ཎཾྎ དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་ཅིང་། །མཛེས་ལྡན་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བའི་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄྄། དཀྱིལ་འཁོར་ཀུནྎ ཡིད་འོང་དུད་ཁ་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའྎ དྷུ་པེྎ དཀྱིལ་འཁོརྎ ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུྎ མར་མེ་གང་བའིྎ ནམ་མཁའྎ ཨཱ་ལོ་ཀེྎ གདུང་སེལ་ལྗང་ཁུ་རྡོ་རྗེྎ དྲི་ཆབ་བྱུག་པའི་རིནྎ ནམ་མཁའྎ གནྡྷེྎ དཀྱིལ་འཁོརྎ ཞལ་ཟས་སེར་མོ་རྡོ་རྗེ་དྲིལ་བུྎ བདུད་རྩི་གང་བའི་རིན་ཆེནྎ ནམ་མཁའྎ ནཻ་ཝིདྱྎ དཀྱིལ་འཁོརྎ སྒྲ་སྙན་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། །པི་ཝང་གླིང་བུ་རྔ་ཆེན་སོགས་འཛིན་མ། །ནམ་མཁའྎ ཤཔྟ་རཏྣ་ཧུཾ་ཧཱུྃ་ཕཊ྄྄། ཅེས་ཕྱིའི་ལྷ་མོས་མཆོད། སྙིང་པོའི་རྣལ་འབྱོར་མ་བཞིས་ཀ་པ་ལ་བདུད་རྩིས་གང་བ་ཐོགས་ནས་མཆོད་པར་གྱུར། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་བདག་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། ཞེས་ནང་བདུད་རྩི་མྱང་བ་དང་། མཛེས་མ་འདི་དག་ཕྱག་རྒྱ་ཆེ། །མཐའ་ཡས་བདེ་བ་སྦྱིན་པ་མོ། །རིགས་ལྔ་ལས་བྱུང་འདི་ཕུལ་བས། །རིགས་པའི་བརཏལ་ཞུགས་མཐར་ཕྱིན་ཤོག །ཅེས་གསང་བ་སྙོམས་འཇུག་དང་། རང་རྫས་མཛེས་པ་ཉིད་ཀྱི་རྫས། །སྟོང་དང་ཤིན་ཏུ་སྟོང་པ་དང་། །ཐམས་ཅད་སྟོང་པ་མངོན་སུམ་དུ། །བྱས་ལ་བདེ་ཆེན་སྐད་ཅིག་གིས། །རྫོགས་པར་བྱས་ལ་མཆོད་པར་བྱ། །ཞེས་དེ་ཁོ་ན་ཉིད་རང་རིག་བདེ་ཆེན་གྱིས་མཆོད། དེ་ནས་བསྟོད་པ་བྱ་བ་ནི། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་མ་ཧཱ་ཀལྤཱག་ནི་སནྣི་བྷཱ་ཡ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་ཛ་ཊཱ་མུ་ཀུ་ཊོ་ཏ་ཀ་ཊཱ་ཡ་ཧཱུྃ་ཧཱུྃ་ཕཊ྄྄། ཨོཾ་དཥྚཾ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་ས་ཧ་སྲ་བྷུ་ཛ་བྷ་སུ་རཱ་ཡ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤུལ་ཁ་ཊྶཱཾ་ག་དྷཱ་ར་ཎ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་བྱ་གྷྲ་ཛི་ནཱཾ་བ་ར་དྷ་རཱ་ཡ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་མ་ཧཱ་དྷུ་མ་བྲཱནྡྷ་ཀཱ་ར་བ་པུ་ཥཱ་ཡ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྭ་ཝཱ་རཱ་ཧི་བཾ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་ཨཱརྻ་ཨ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་རཱ་མ་ཏེ་མ་ཧཱ་བི་དྱེ་ཤྭ་ར་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་སརྦ་བྷུ་ཏ་བྷ་ཡ་བ་ཧེ་མ་ཧཱ་བཛྭེ་ཧཱུྃ་ཧཱུྃ་ཕཊ྄྄། ཨོཾ་བཛྭ་ས་ནེ་ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་བ་ཤཾ་ཀ་རི་ནེ་ཏྲ་བྷྲཱ་མ་ཎཱི་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་བེ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ནི་ཀ་རཱ་ནི་ལི་ནཱི་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་ཏྲ་ས་ནི་མ་ར་ནི་སུ་པྲ་བྷེ་ད་ནི་པ་རཱ་ཛ་ཡེ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་ཛ་ཡེ་བི་ཛཾ་ཡེ་ཛཾ་བྷ་ནི་སྟཾ་བྷ་ནི་མོ་ཧ་ནི་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་བཛྭ་ཝཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཀ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུྃ་ཕཊ྄྄། ཅེས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད། ཡབ་ཡུམ་ཞལ་སྦྱོར་བདེ་བ་ཆེན་པོའི་བདག་ཉིད་དུ་ཡོད་པའི་ཡབ་ཀྱི་ཤངས་བུག་གཡས་ནས་སྲོག་ཧཱུྃ་ནག་པོའི་རྣམ་པར་འཕྲོས་པས་སྣང་བ་ཐམས་ཅད་བདེ་བར་ལྷང་སོང་། ཚུར་ལོག་དུས་ཨོཾ་གྱི་ཚུལ་དུ་ཡུམ་གྱི་བྷ་ག་ནས་ཞུགས། ཨ་ཝ་དྷཱུ་ཏཱི་བརྒྱུད་ཡུམ་གྱི་ཤངས་གཡས་ནས་ཡབ་ཀྱི་གཡོན་དུ་འཁོར། ཨཱཿཡི་རང་བཞིན་དུ་ལྟེ་བར་གནས་པར་བསམ་པ་རྡོ་རྗེ་བཟླས་པའོ། །ཡང་ན་རྡོ་རྗེའི་རྩེར་ཐིག་ལེ་དཀར་ལ་འཚེར་བ་ཕྲ་ལ་འགྲིལ་བ་ཡུངས་ཀར་ཙམ། ཡུམ་གྱི་ཟེའུ་འབྲུའི་རྩེར་དེ་ལྟ་བུའི་ཐིག་ལེ་དམར་པོ་གཅིག་བསམས་ཏེ། དེས་ཡབ་ཀྱི་ཐིག་ལེ་དཀར་པོ་བཞུ་ནས་ཆེས་ཆེར་འབར་བའི་རྐྱེན་དུ་བྱས་ཏེ་ཡབ་ཀྱི་ནོར་བུའི་བུ་ག་ནས་ཨ་ཝ་དྷཱུ་ཏཱིའི་ནང་ནས་ཞུགས། ཧཾ་ལ་རེག །བདེ་བའི་ཉམས་རྒྱུད་ལ་སྐྱེས། ཧཾ་ལས་བྱང་སེམས་བབས། དེས་མེ་ལྕེ་གྱེན་དུ་བཟློག་པར་བསམས་ཏེ་ཁ་སྦྱོར་གྱི་རླུང་བུམ་པ་ཅན་བསྒོམ། ཡང་ན་ཧེ་རུ་ཀའི་ཐུགས་ཀར་ཉི་མ་ལ་ས་བོན་སྔགས་འཕྲེང་བཀོད། འོད་ཟེར་གྱི་དྲ་བ་ཕན་ཚུན་དུ་འབྲེལ་བས་འཇའི་གུར་ཕུབ་པ་ལྟ་བུ་ལ་དམིགས་ཏེ་སྔགས་ངག་དུ་བཟླ། སྔགས་ནི། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ྄྄། ཌཱ་ཀི་ནཱི་ཛྷ་ལ་སཾ་ཝ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄྄། ཅེས་ཡབ་སྔགས་དང་། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ྄྄་སྭཱ་ཧཱ། ཨོཾ་བཛྭ་བཻ་རོ་ཙ་ན་ཡེ་ཧཱུྃ་ཧཱུྃ་ཕཊ྄྄་སྭཱ་ཧཱ། ཅེས་ཡུམ་སྔགས་སོ། དེ་ནས་འཁོར་གྱི་བཟླས་པ་ལ་འཇུག་པར། དང་པོར་མདུན་གྱི་རྣམ་སྣང་ཧེ་རུ་ཀའི་ཐུགས་ཀར་ཉི་ལ་ཧཱུྃ་དཀར་པོའི་མཐར་སྔགས་ཀྱིས་བསྐོར་བར་དམིགས་ཏེ། ཨོཾ་ཤྲཱི་བུདྡྷ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཕཊ྄། ཌཱ་ཀི་ནཱི་ཛྷ་ལ་སཾ་ཝ་རཾ་སྭཱ་ཧཱ། དེ་བཞིན་ཀརྨ། པདྨ། རཏྣ་རྣམས་ཁ་སྒྱུར་བྱ་ཞིང་། ཡུམ་སྔགས་ཀྱང་། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ྄྄། དེ་བཞིན། ཨོཾ་སརྦ་བཛྭ་ཌཱ་ཀི་ནཱི་ཡེྎ རཏྣ། པདྨ། ཀརྨ་ཁ་སྒྱུར་ཞིང་། ཉེ་སྙིང་མི་དགོས། ལཱ་མ་སོགས་བཞིའི་སྔགས་སྒྲུབ་ཐབས་ཐུན་མོང་ལྟར་རོ། དེའི་རྗེས་སུ། ཨོཾ་ཧ། ན་མ་ཧི། སོགས་གོ་ཆའི་རྩ་སྔགས་རྣམས་ཀྱང་བཟླ་བར་བྱའོ། ཡབ་རྣམས་ཀྱི་ཐུགས་སྲོག་ཧཱུྃ་ཡིག་རང་རང་གི་མདོག་དང་། ཡུམ་རྣམས་ལ་མཾ་ལཾ་པཾ་ཏཾ་སོ་སོའི་སྐུ་མདོག་ལྟ་བུའོ། །རྗེས་ལ་རང་གི་བ་སྤུའི་བུ་ག་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་མ་ལུས་པ་བྱས་ཏེ་ཚུར་ལོག་རང་ལ་ཐིམ་པར་བསམ་མོ། །དེ་ལྟར་བཟླས་པས་དུབ་ན། སྙིང་གའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་བསྡུས་ཏེ་གཞལ་ཡས་ཁང་ལ། དེ་ཡང་མེ་ལོང་ལ་རླངས་པ་འདུ་བ་བཞིན་ཧེ་རུ་ཀ་ལྔ་ལ། འཁོར་བཞི་གཙོ་བོ་ལ། གཙོ་བོའི་ལུས་ཀྱི་དཔའ་མོ་ཉེར་བཞི་རྩའི་རང་བཞིན། དཔའ་བོ་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པས་གང་བར་གྱུར་པ། དེ་དག་ལྷ་མོ་བཅུ་གཉིས་ལ། དེ་དབུས་ཀྱི་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཡས་འདུས་མས་འདུས་ཏེ་ཉི་མའི་སྟེང་གི་ཧཱུྃ་ཡེ་ཤེས་ལྔའི་ངོ་བོ་ལ། དེ་རིམ་གྱིས་འདུས་ཏེ་སྒྲ་རིས་ཙམ་དེ་ཡང་སྟོང་ཉིད་དུ་ཡལ་བས་ཕྱིའི་སྐུ་གཅིག་ཏུ་འདུས་པར་གྱུར་པ། དེའི་ལུས་ཨོཾ་ལ། ངག་ཨཱཿལ་ཡིད་ཧཱུྃ། གཉིས་པོ་ཧཱུྃ་གཅིག་པུ་ལ། དེ་ཡང་ནམ་མཁའ་ལ་སྤྲིན་དྭངས་པ་བཞིན་ཇེ་ཆུང་དུ་སོང་ནས་སྟོང་ཉིད་དབྱིངས་དང་དབྱེར་མེད་དུ་གྱུར་པ་ལ་མཉམ་པར་གཞག །དེ་ནས་རྗེས་སྤྱོད་དམངས་ཀྱི་རྣལ་འབྱོར་དག་ལ་འཇུག་པར་གསུངས་པ་ནི། གྲུབ་ཆེན་གླིང་གིས་རྣལ་འབྱོར་འཇུག་པར་གསུངས་པ་དག་ཡིན་ལ། འདིར་སློབ་མ་རྗེས་འཛིན་སྒྲུབ་ཅིང་མཆོད་པའི་ཆོ་ག་ལ་འཇུག་པར་འདོད་ན་མདུན་བསྐྱེད་ཕྱི་དཀྱིལ་ལ་བརྟེན་པས་ཏེ། རས་བྲིས་དཀྱིལ་འཁོར་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དང་གཞི་མཚུངས་པར། པདྨ་འདབ་བརྒྱད་ཀྱི་ཕྱོགས་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ་གྱི་ལྷ་མཚན་བཀོད་པས་སོ། གཞན་གཏོར་མཆོད་སོགས་བཅུ་གསུམ་མའི་སྐབས་ལྟར་འདུ་བྱ་ཞིང་། བུམ་པ་སོགས་དབང་གི་རྫས་རྣམས་ཀྱང་ཚོགས་པར་བྱས་ལ་བདག་གི་རྣལ་འབྱོར། རྡོར་བཟླས། ངག་བཟླས་བཅས་གྲུབ་ནས། མདུན་དཀྱིལ་ཁཎྜྻ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། མདུན་གྱི་དཀྱིལ་འཁོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཆོས་འབྱུང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ལྷ་རྫས་ཀྱི་རིན་པོ་ཆེ་འབའ་ཞིག་ལས་གྲུབ་པ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་གདན་ལ་ཧཱུྃ་སྔོན་པོ་ལས་འོད་ཟེར་འཕྲོས་པས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་འཁོར་ལོ་སྡོམ་པའི་ལྷ་ཚོགས་སུ་གྱུར་ཅིང་ཚུར་བསྡུས་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ལས་ཕྱོགས་བཞིར་ཧཱུྃ་བཞི་མཆེད་པ་རྣམས་སྐད་ཅིག་ལ་ཡོངས་སུ་གྱུར་པ་ལས། ལྟེ་བར་བདག་ཉིད་མཐིང་ཤུན་ལྟ་བུའི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་པའི་ཕྱག་གིས་རྡོ་རྗེ་ཕག་མོ་ལི་ཁྲི་ལྟ་བུ་ལ་འཁྱུད་པ། ཤར་དུ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པས་མཁའ་འགྲོ་མ་ནག་མོ་ལ་འཁྱུད་པ། བྱང་དུ་དོན་ཡོད་གྲུབ་པ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་དྲིལ་བུ་འཛིན་པས་ལཱ་མ་ལྗང་ཁུ་ལ་འཁྱུད་པ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་པདྨའི་དྲིལ་བུ་འཛིན་པས་དུམ་སྐྱེས་མ་དམར་མོ་ལ་འཁྱུད་པ། ལྷོར་རིན་ཆེན་འབྱུང་གནས་སེར་པོ་རིན་པོ་ཆེ་དང་། རིན་པོ་ཆེའི་དྲིལ་བུ་འཛིན་པས་གཟུགས་ཅན་མ་སེར་མོ་ལ་འཁྱུད་པ། ཡབ་རྣམས་དྲང་སྲོང་གཞོན་ནུ་ཅུང་ཟད་ཁྲོས་པའི་གཟུགས། རྗེས་སུ་ཆགས་པས་གཟིགས་པའི་སྤྱན་གསུམ་མངའ་བ། རལ་པའི་ཐོར་ཙུགས་ཀྱི་རྩེར་ནོར་བུ། ངོས་ལ་སྣ་ཚོགས་རྡོ་རྗེ། ཟུར་དུ་ཟླ་ཕྱེད། རིན་པོ་ཆེའི་རྩ་ཕྲན་དང་བཅས་པའི་ཐོད་པའི་སྲོག་ཞུ། སྙན་གོང་ཨུཏྤལ་དར་དཔྱངས་དང་བཅས་པ་གསོལ་བ། ཕྱག་རྒྱ་དྲུག་དང་མི་མགོ་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གི་ག་ཤལ་ཕྲག་པར་འཛིན་ཅིང་སྟག་གི་པགས་པ་རློན་པའི་ཤམ་ཐབས་མནབས་ཏེ་ཞབས་གཡས་བརྐྱང་པས་དུས་མཚན་དང་གཡོན་བསྐུམ་པས་འཇིགས་བྱེད་བརྫིས་པ། ཡུམ་རྣམས་གཅེར་མོ་ཐོད་སྐམ་གྱི་འཕྲེང་བ་དང་ཕྱག་རྒྱ་ལྔས་བརྒྱན་ཏེ་ཕྱག་གཡས་པ་རང་རྟགས་འཕྱར་ཞིང་། གཡོན་པ་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། བྱིན་པ་གཉིས་ཡབ་ལ་འཁྲིལ་ཞིང་། གཉིས་ཀའང་ཡེ་ཤེས་ཀྱི་མེའི་ཕུང་པོ་འབར་བའི་དབུས་སུ་བཞུགས་པ། མཚམས་ཀྱི་འདབ་མར་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པ་བཞིའོ། །བདུན་པ་ལུས་དཀྱིལ་གསལ་འདེབས་པ། དེ་ལྟར་རྐང་པ་གཉིས་བསྒྲད་པ་གཞུའི་དབྱིབས་ཅན་རླུང་གི་དཀྱིལ་འཁོར། སུམ་མདོ་གྲུ་གསུམ་མེ། ལྟོ་བ་ཟླུམ་པོ་ཆུ། བྲང་གྲུ་བཞི་ས། སྒལ་ཚིགས་ལྷུན་པོ། ལུས་འདོམ་གང་གྲུ་བཞི་མཉམ་པ་གཞལ་ཡས་ཁང་། སྙིང་སྣ་ཚོགས་པདྨ་འདབ་བརྒྱད། དེའི་ལྟེ་བར་ཉི་མའི་གདན་ལ། ཨ་ཨཱ་ནས་དབྱངས་ཚར་གཉིས་གཡོན། ཀ་ཁ་ག་ནས་ཡར་ལ་ཝ་ཌ་ཌྷྜྷ། གསལ་བྱེད་གཉིས་གཡས། ཨ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཉི་མ་དང་ཟླ་བ་ཁ་སྦྱར་གྱི་དབུས་སུ། ཧཱུྃ་དངུལ་ཆུ་ལྟ་བུ་དང་ཨ་ལི་ཁྲི་ལྟ་བུ་ལས་འཕྲོས་པའི་འོད་ཟེར་གྱིས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་ཅིང་ཚུར་འདུས་པས་རྡོ་རྗེ་ཧཱུྃ་དང་གྲི་གུག་ཨས་མཚན་པ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐམས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཐོད་པ་དུམ་བུའི་སྐ་རགས་ཅན། ཁ་ཊྶཱཾ་ག་དང་། ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། མཱཾ་ལཱཾ་པཱཾ་ཏཱཾ་ཞུ་བ་ལས། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། གཙོ་བོའི་ཐུགས་ཁར་སྣ་ཚོགས་པདྨ་འདབ་མ་བརྒྱད། དེའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་དངུལ་ཆུ་ལྟ་བུ་དང་ཨ་ལི་ཁྲི་ལྟ་བུ་ལས་འཕྲོས་པའི་འོད་ཟེར་གྱིས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་ཅིང་ཚུར་འདུས་པས་རྡོ་རྗེ་ཧཱུྃ་དང་གྲི་གུག་ཨས་མཚན་པ། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཙུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐམས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཐོད་པ་དུམ་བུའི་སྐ་རགས་ཅན། ཁ་ཊྶཱཾ་ག་དང་། ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། མཱཾ་ལཱཾ་པཱཾ་ཏཱཾ་ཞུ་བ་ལས། ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། མཚམས་ཀྱི་འདབ་མ་བཞི་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པ་བཞིའི་སྟེང་དུ་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ལྷ་མོ་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྶཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་རོའི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་འཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་ཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀོ་ཀ་ལཾ་ཀཱ་ཧི་པྲེ་གྲྀ་སཽ་སུ་ན་སི་མ་ཀུ། དེ་ཞུ་བ་ལས་འཚོགས་མ་པུ་ལི་ར་མར་དཔའ་བོ་ཐོད་པའི་དུམ་བུ་དང་དཔའ་མོ་རབ་གཏུམ་མ། སྤྱི་གཙུག་ཛཱལནྡྷ་རར་ཀེཾ་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་ཨུ་རྒྱན་དུ་ཀེང་རུས་དང་འོད་ལྡན་མ། ལྟག་པ་ཨརྤཀྵྭ་ཏར་མཆེ་བ་རྣམ་པར་གཙིགས་པ་དང་། སྣ་ཆེན་མ། བཞི་གནས། རྣ་བ་གཡོན་གོ་དཱ་ཝ་རིར་ལྷ་དགྲ་དང་དཔའ་བོའི་བློ་གྲོས་མ། སྨིན་མཚམས་རཱ་མེ་ཤྭ་རིར་འོད་དཔག་མེད་དང་མིའུ་ཐུང་མ། མིག་དེ་ཝི་ཀོ་ཊིར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་མཱ་ལ་ཝར་རྡོ་རྗེ་ལུས་དང་ཤིང་གྲིབ་མ་ཉེ་བའི་གནས། ཐུགས་ཀྱི་འཁོར་ལོ་མཁའ་ལ་སྤྱོད་པའི་གནས། མཆན་ཁུང་ཀཱ་མ་རུ་པར་མྱུ་གུ་ཅན་དང་ས་སྲུང་མ། ནུ་མ་གཉིས་ཨོ་ཊིར་རྡོ་རྗེའི་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་གཉིས་ཞིང་། ལྟེ་བ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། གཉིས་ཉེ་ཞིང་། ཁ་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་སྔོ་བསངས་མ། མགྲིན་པ་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། གཉིས་ཚནྡྷོ། སྙིང་ཀཱཉྩྨི་ཀར་འཇིགས་བྱེད་དང་རྟ་རྣ་མ། འདོམས་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་གཉིས་ཉེ་བའི་ཚནྡྷོ། གསུང་གི་འཁོར་ལོ་ས་སྤྱོད་ཀྱི་གནས། མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལཾ་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། གཉིས་འདུ་བ། བརླ་གཉིས་ལ་སཽ་རཥྚར་རྟ་མགྲིན་དང་ཆང་འཚོང་མ། བྱིན་པ་གཉིས་སུ་ཝརཎྡྲ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། ཉེ་བའི་འདུ་བ། སོར་མོ་ཕལ་པ་རྣམས་ན་ག་རར་ཧེ་རུ་ཀ་དང་བཞིན་བཟང་མོ། བོལ་གོང་གཉིས་སིནྡྷུར་པདྨ་གར་དབང་དང་སྟོབས་ཆེན་མ་གཉིས་དུར་ཁྲོད། མཐེ་བོང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ། གཉིས་ཉེ་བའི་དུར་ཁྲོད། སྐུའི་དཀྱིལ་འཁོར་ས་འོག་སྤྱོད་ཀྱི་གནས། དཔའ་བོ་ཐམ་ཅད་ཞལ་གཅིག་ཕྱག་བཞི་པ། ཐུགས་ཀྱི་གཡས་རྡོ་རྗེ་དང་། གསུང་གི་པདྨ་དང་། སྐུའི་འཁོར་ལོ་གཡོན་དེ་སོ་སོས་ཡུ་བ་བྱས་པའི་དྲིལ་བུ་གཟུང་སྟེ་དཔའ་མོ་ལ་འཁྱུད་པ། ལྷག་མ་ཌཱ་མ་རུ་དང་ཁ་ཊྶཱཾ་ག་འཛིན་པ། སྤྱན་གསུམ་པ། རལ་བའི་ཐོར་ཙུགས་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པའི་དོ་ཤལ་ཅན། ཕྱག་རྒྱ་དྲུག་གི་བརྒྱན་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའི་པང་ན་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་ཅིང་སྐྲ་གྲོལ་བ། ཕྱག་རྒྱ་ལྔས་བརྒྱན་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞུ་བ་ལས། ལྕེའི་ལྐོག་གཏུམ་དྲག་ཏུ་ཁྭ་གདོང་མ་ནག་མོ། སྣ་རྩེ་ཚང་ཚིང་འཁྲིགས་པར་འུག་གདོང་མ། མཚན་རྩེ་འུར་འུར་འབར་བར་ཁྱི་གདོང་མ། བཤང་སྒོའི་འཇིགས་བྱེད་ཐོད་པར་ཕག་གདོང་མ། རྣ་བ་གཡས་དབང་ཕྱུག་ནགས་ཚལ་དུ་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། རྣ་བ་གཡོན་མུན་པ་མི་བཟད་པར་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། མིག་གཡས་ཀི་ལི་ཀི་ལའི་སྒྲ་སྒྲོག་པར་གཤིན་རྗེ་མཆེ་བ་མོ་གཡས་དམར་གཡོན་ལྗང་བ། མིག་གཡོན་ཧ་ཧ་རྒོད་པའི་དུར་ཁྲོད་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊཱཾ་ག་འཛིན་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱང་བས་པད་ཉི་དང་རོ་ཡི་གདན་ལ་བཞུགས་པ། ཐོད་པ་དང་རྡོ་རྗེ་ཕྲེང་བས་དབུ་ལ་བརྒྱན་པ། མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྐུ་དྲག་མོའི་གཟུགས་ཅན་དུ་གྱུར། འཁོར་ལོ་ལྔའི་ལྷ་ཚོགས་རྣམས་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུར་བསྒོམ་པར་བྱའོ། །གནས་ནི་རབ་ཏུ་དགའ་བ། ཉེ་གནས་དྲི་མ་མེད་པ། ཞིང་འོད་བྱེད། ཉེ་ཞིང་འོད་འཕྲོ། ཚནྡྷོ་སྦྱང་དཀའ། ཉེ་བའི་ཚནྡྷོ་མངོན་གྱུར། འདུ་བ་རིང་དུ་སོང་བ། ཉེ་བའི་འདུ་བ་མི་གཡོ་བ། དུར་ཁྲོད་ལེགས་པའི་བློ་གྲོས། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན་ཏེ། གནས་དང་གནས་པ་ཐམས་ཅད་ས་བཅུར་རྣམ་པར་དག་པའོ། ལྷ་ལྔ་དང་སྙིང་ཁའི་གཙོ་བོའི་སྙིང་ཁར་ཨོཾ་ཧཿ རྡོ་རྗེ་སེམས་དཔའ་དཀར་པོ། ན་མ་ཧི་དཔྲལ་བར་རྣམ་པར་སྣང་མཛད་སེར་པོ། སྭ་ཧཱ་ཧུ་སྤྱི་བོར་རིན་ཆེན་འབྱུང་གནས་དམར་པོ། བཽ་ཥ་ཊ་ཧེ་ཕྲག་པ་གཉིས་ལ་ཧེ་རུ་ཀ་ནག་པོ། ཧཱུྃ་ཧཱུྃ་ཧོཿསྤྱན་ གསུམ་ལ་འོད་དཔག་མེད་མཐིང་ཀ ཕཊ྄་ཧཾ་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་དོན་ཡོད་གྲུབ་པ་ལྗང་ཁུ། ཡུམ་རྣམས་ཀྱི་ལྟེ་བར་ཨོཾ་བཾ་ཕག་མོ་དམར་མོ། ཧཾ་ཡཽ་སྙིང་གར་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་ཁར་རྨོངས་བྱེད་མ་དཀར་མོ། སྲེཾ་སྲིཾ་དཔྲལ་བར་སྐྱོད་བྱེད་མ་སེར་མོ། ཧཱུྃ་ཧཱུྃ་སྤྱི་བོར་སྐྲག་བྱེད་མ་ལྗང་ཁུ། ཕཊ྄་ཕཊ྄་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཙནྜི་ཀ་དུད་ཁ། ཐམས་ཅད་ཀྱང་གྲི་གུག་དང་ཐོད་པ་འཛིན་པ། ཡབ་རྣམས་ཐོར་ཚུགས་སྟག་ཤམ། རུས་པའི་རྒྱན་དྲུག་དང་། ཡུམ་རྣམས་སྐྲ་གྲོལ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་ཐམས་ཅད་དུ་འཕྲོས། ཨོཾ་ཡོ་ག་ཤུདྡྷཱཿསརྦ་དྷ་རྨཱ། ཡོ་ག་ཤུདྡྷཱོཧཾ། པདྨ་ལག་སྐོར་དང་བཅས་པས། འོག་མིན་གྱི་ཞིང་ནས་བསྒོམས་པ་ཇི་ལྟ་བའི་བཅོམ་ལྡན་འདས་རྟེན་དཀྱིལ་འཁོར་བརྟེན་པ་ལྷའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཨཱཿབཛྭ་ཨ་དརྴ་ཧཱུྃ། དེ་བཞིན་དུ། བཛྭ་བཱི་ནིྎ བཛྭ་གནྡྷེྎ བཛྭ་རཱ་སྎ བཛྭ་སྤརྴེྎ བཛྭ་དྷརྨེྎ ཅེས་མཆོད། ལཱ་མ་སོགས་བཞིས། ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པུ་ཙ་ཁཱ་ཧི། ནང་མཆོད་བདུད་རྩི་ཕུལ། མཆོད་ལྷ་རྣམས་སོ་སོའི་ཡུམ་ལ་ཐིམ་པས་གསང་མཆོད་འབུལ། བརྟན་གཡོའི་སྒྲ་ཚོགས་བསྟོད་པར་འཆར་བས། གང་གིས་དྲིན་གྱི་བདེ་ཆེན་ཉིད། སོགས་ཀྱིས་འགོ་དྲངས། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པཎ་དབུ་ཡི་བརྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་རྔམས་པའི་ཞལ། །སྐུ་ལ་ཕྱག་སྟེང་གཟི་བརྗིད་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊྶཱཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུང་ཁ་བགེགས་མཐར་མཛད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དག་སྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགསཔ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པར་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་རྐང་པ་བརྒྱད་པས་བསྟོད་ནས། བཅུ་པ་དབང་ནི། རྒྱས་པར་མཎྜྻལ་སྔོན་དུ་འགྲོ་བས་དབང་ལེན། དེ་ཙམ་ལོང་མེད་ན་རྒྱུན་གྱི་ལམ་དབང་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མཾ། ཞེས་གསོལ་བ་བཏབ་པས་ལུས་ཀྱི་དཀྱིལ་འཁོར་ལས་སྤྲོས་པའི་གདན་གསུམ་ཚང་བའི་ལྷ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཕྱི་ནང་གི་ལྷ་ཚོགས་རྣམས་ཀྱིས་སྤྱི་བོ་ནས་དབང་བསྐུར་ཆུ་རྒྱུན་གྱིས་ལུས་གང་། དྲི་མ་དག །ལྷག་མ་ཡར་འཁྱིལ་བས་གཙོ་བོ་ལ་མི་བསྐྱོད་པ་དང་། གཞན་ཐམས་ཅད་ལ་རྡོ་རྗེའི་བསྒྲེང་བུ་རེས་མཚན་པར་གྱུར་པར་བསམ་པ་བུམ་དབང་། དེ་ནས་ལྷ་ཚོགས་དེ་ཐམས་ཅད་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་སྦྱོར་མཚམས་ནས་ལྕེ་ཐོག་ཏུ་བབས། དེས་ལུས་ཐམས་ཅད་ཁྱབ་པ་གསང་དབང་། རང་དཀྱིལ་འཁོར་པར་བསམས་པ་རྣམས་སྙོམས་པར་ཞུགས་པས་དགའ་བ་བཞིའི་བདེ་བ་མངོན་སུམ་དུ་བྱས་པ་ཤེར་དབང་། ལྷན་སྐྱེས་ཀྱི་དགའ་བ་ལ་རྩེ་གཅིག་ཏུ་གཞག་པ་བཞི་པའོ། །ཛཿཧཱུྃ་བཾ་ཧོཿམདུན་གྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་དག་བདག་དང་སྙིང་གའི་ལྷ་རྣམས་དང་གཉིས་སུ་མེད་པར་གྱུར། དེ་ནས་མཆོད་པ་འབུལ་བ་ནི། སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་མོས་ལ། ཨོཾ་ཤྲཱི་ཧེ་རུ་ཀ་བཛྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པདྱཾྎ ཨཉྩྨ་མ་ནཾྎ པྲོཀྵ་ཎཾྎ དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་ཅིང་། །མཛེས་ལྡན་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བའི་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄྄། དཀྱིལ་འཁོར་ཀུནྎ ཡིད་འོང་དུད་ཁ་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའྎ དྷུ་པེྎ དཀྱིལ་འཁོརྎ ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུྎ མར་མེ་གང་བའིྎ ནམ་མཁའྎ ཨཱ་ལོ་ཀེྎ གདུང་སེལ་ལྗང་ཁུ་རྡོ་རྗེྎ དྲི་ཆབ་བྱུག་པའི་རིནྎ ནམ་མཁའྎ གནྡྷེྎ དཀྱིལ་འཁོརྎ ཞལ་ཟས་སེར་མོ་རྡོ་རྗེ་དྲིལ་བུྎ བདུད་རྩི་གང་བའི་རིན་ཆེནྎ ནམ་མཁའྎ ནཻ་ཝིདྱྎ དཀྱིལ་འཁོརྎ སྒྲ་སྙན་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། །པི་ཝང་གླིང་བུ་རྔ་ཆེན་སོགས་འཛིན་མ། །ནམ་མཁའྎ ཤཔྟ་རཏྣ་ཧུཾ་ཧཱུྃ་ཕཊ྄྄། ཅེས་དང་། ཛམྦུའི་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ཙཀྲ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཐལ་ཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡུད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོའི་སྐ་རགས་ཅན་བསྐོར་བའི། །གླང་པོ་རིན་ཆེནྎ ཧསྟི་རཏྣྎ སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམས་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེནྎ ཨ་ཤྭ་རཏྣྎ ཀུན་ཏུ་སྔོ་བ་སྣང་བྱེད་བཻ་ཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱངས་ཆ་བརྒྱད་པ། །ནོར་བུ་རིན་ཆེནྎ མ་ནི་རཏྣྎ འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་བྱ་མཆོག་གིས་ལུས་སེམས་བདེ་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་སྟེར། །བཙུན་མོ་རིན་ཆེནྎ ཧླིུ་རཏྣྎ ཕུར་བའི་བློ་ལྡན་མཛངས་ཤིང་ཡིད་གཞུང་པ། ཁོར་ཡུག་གཏེར་གྱིས་འདོད་དགུར་འཛུད་བྱེད་ཅིང་། །དེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། །ཁྱིམ་བདག་རིན་ཆེནྎ པུ་རུ་ཥ་རཏྣྎ སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །རཏལ་ཕོད་ཡིད་ལ་རྒྱས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པ། །བློན་པོ་རིན་ཆེན། ཁཌྒྱ་རཏྣྎ འོད་ཟེར་གྱིས་སྔོ་རལ་གྲི་ལྤགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམ་ཆྎ ཨུ་པ་རཏྣྎ །ཅེས་རིན་ཆེན་བདུན་གྱིས་མཆོད། རབ་མཛེས་ལྟ་བས་མིང་ངོམ་ལང་ཚོ་ཅན། །དགའ་བའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མ། །རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཝི་ནི་ཧཱུྃ་ཧཱུྃ་ཕཊ྄྄། ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེྎ རབ་མཛེསྎ །མཆོག་དགའི་ཉམསྎ །བཞད་དང་དྲེགས་ལྡན་གླུ་དབྱངས་གར་མཁན་མས། །རབ་འབྱམསྎ ཧ་ཀྵྼྎ ལཱ་ཀྵྼྎ གིརྟིྎ ནིརྟིྎ རབ་མཛེསྎ །ཁྱད་དགའི་ཉམསྎ །མེ་ཏོག་བདུག་པ་སྣང་གསལ་དྲི་ཆབ་མ། །རབ་འབྱམསྎ པུཥྤེྎ དྷུ་པེྎ ཨཱ་ལོ་ཀེྎ གནྡྷེྎ རབ་མཛེསྎ །ལྷན་སྐྱེས་དགའ་བཞིསྎ །གཟུགས་བཅུད་རེག་བྱ་ཆོས་དབྱིངས་རྡོ་རྗེ་མས། །རབ་འབྱམསྎ རཱུ་པྎ རཱ་ཀྵྼྎ སྤརྴེྎ དྷརྨ་དྷརཏྎ ཅེས་ཕྱིའི་ལྷ་མོས་མཆོད། སྙིང་པོའི་རྣལ་འབྱོར་མ་བཞིས་ཀ་པཱ་ལ་བདུད་རྩིས་གང་བ་ཐོགས་ནས་མཆོད་པར་གྱུར། ཨོཾ་མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག །རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྩ་རྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁ་ཧི། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄྄། ཌཱ་ཀི་ནཱི་ཛྷ་ལ་སམྦྷ་རཾ་སྭཱ་ཧཱ། ཨོཾ་སྲཱི་ཧ་ཧ་ཧུཾ་ཧཱུྃ་ཕཊ྄྄། པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁ་ཧི། བྱ་བའི་རྒྱུད། སྤྱོད་པའི་རྒྱུད་རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་བའི་ཞལ་དུ་པཉྩྨ་ཨ་མྲྀ་པཱུ་ཛ་ཁཱ་ཧི། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པའིྎ དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་མོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པའིྎ གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་ལྷ་མ་སྲིན་སྡེ་བརྒྱད་འགྲོ་བ་རིགས་དྲུག་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩྨ་ཨ་མྲྀ་ཏ་པུ་ཛ་ཁཱ་ཧི། ཅེས་ནང་མཆོད་བདུད་རྩི་ཕུལ། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཉིད། །བཅུ་དྲུག་ཆར་ཡང་མི་ཕོད་པའི། །དགའ་བ་བླ་ན་མེད་པས་མཆོད། །ཅེས་གསང་བ་སྙོམས་འཇུག་གིས་མཆོད། རང་རྫས་མཛེས་པ་ཉིད་ཀྱི་རྫས། སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོའི་རྒྱུ་དེ་ཡིས། །ཐམས་ཅད་སྟོང་པ་མངོན་སུམ་དུ། །བྱས་ལ་བདེ་ཆེན་སྐད་ཅིག་གིས། །རྫོགས་པར་བྱས་ཏེ་མཆོད་པར་བྱ། །ཅེས་དེ་ཁོ་ན་ཉིད་རང་རིག་བདེ་ཆེན་གྱིས་མཆོད། དེ་ནས་བསྟོད་པ་ནི། གང་གིས་དྲིན་གྱིས་བདེ་ཆེན་ཉིད་སོགས་ཤླཽ་ཀ་དང་། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་ནི། །བསྐལ་པའི་མེ་ཆེན་ལྟ་བུར་རབ་ཏུ་འབར། །རལ་པའི་ཅོད་པན་དབུ་ཡི་བརྒྱན་དུ་བཅིངས། །མཆེ་བ་རབ་གཙིགས་དྲག་ཤུལ་རྔམས་པའི་ཞལ། །སྐུ་ལ་ཕྱག་སྟོང་གཟི་བརྗིད་ལྡན་པ་པོ། །དགྲ་སྟ་ཞགས་པ་ཁ་ཊྶཱཾ་མདུང་བསྣམས་ཤིང་། །རབ་འཇིགས་སྟག་གི་པགས་པ་གོས་སུ་གྱོན། །སྐུ་ཆེན་དུང་ཁ་བགེགས་མཐར་མཛད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་འཕགས་མ་ནི། །འཇིག་རྟེན་གསུམ་སོགས་ཕྱོགས་གཞན་རྒོལ་བས་མི་ཐུབ་ཅིང་། །འབྱུང་པོའི་འཇིགས་པ་མ་ལུས་རྡོ་རྗེ་ཆེན་མོས་འཇོམས། །རྡོ་རྗེ་གདན་བཞུགས་ཚངས་སོགས་དབང་བསྒྱུར་ལས་རྒྱལ་ཞིང་། །རྡོ་རྗེ་ཕག་མོ་ཁྲོ་མོའི་གཟུགས་ཅན་དྲག་སྙེམས་མ། །རྨུགས་བྱེད་རེངས་བྱེད་མྱོས་བྱེད་ལས་ནི་རྣམ་རྒྱལ་ཞིང་། །བདུད་ཀྱི་འཇིགས་པ་ཕམ་ཞིང་སྐེམ་པར་མཛད་པ་མོ། །རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པར་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་རྐང་པ་བརྒྱད་པས་བསྟོད། སྙན་བརྒྱུད་ཡབ་བཀའི་ཕྱོགས་འདིར་མདུན་བསྐྱེད་ལ་བཟླས་པ་མི་འབྱུང་བས། བདག་ཉིད་འཇུག་པ་དང་། དབང་བསྐུར་བའི་སླད་དུ་བུམ་བསྐྱེད་བྱ་བ་སྟེ། བུམ་པ་མཚན་ཉིད་དང་ལྡན་པ་ལྔའམ། མ་འཛོམས་ན་རྣམ་རྒྱལ་བུམ་པ་དང་། ལས་ཀྱི་བུམ་པ་གཉིས་གཙང་མར་བཀྲུས། སྤོས་ཀྱིས་བདུག །དར་སྔོན་པོའི་མགུལ་དཀྲིས་དང་། བུམ་མཚན་བཀོད། ཉེར་ལྔའི་རྫས་བཅས་ཆུས་སུམ་གཉིས་བགང་། རྣམ་རྒྱལ་གྱི་ཁར་ཐོད་པའམ་དུང་ཆོས་གཟུངས་རྡོར་བཅས་ཀུ་ཤའི་གདན་ལ་བཀོད། དེ་ནས་ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་བུམ་པ་བཟང་པོའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར་ཉི་མའི་གདན་ལ་ཧཱུྃ་ཁ་དོག་ལྔ་ཡོངས་སུ་གྱུར་པ་ལས་ལྟེ་བར་མཐིང་ཤུན་ལྟ་བུའི་བཅོམ་ལྡན་འདས་སོགས་མདུན་བསྐྱེད་ལྟར་གྱི་ནུབ་དང་ལས་བུམ་དུ་དུམ་སྐྱེས་མ་ཞེས་བརྗོད་པ་ཙམ་གྱིས་ཁྱད། ཅེས་བསྐྱེད་ཅིང་སྤྱན་དྲངས་བའི་མཐར། ཛཿཧཱུྃ་བཾ་ཧོཿས་ཡེ་ཤེས་ཀྱི་དཀྱིལ་འཁོར་བུམ་པའི་ལྷ་དང་གཉིས་སུ་མེད་པར་གྱུར། དེ་ནས་མཆོད་པ་ནི། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡི་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །ཨོཾ་ཨཱཿབཛྭ་པུཥྤེ་ཧུཾ་ཧཱུྃ་ཕཊ྄྄། ཙནྡན་གུ་གུམ་སྦྱར་བ་ཡི། །དྲི་མཆོག་བདུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །དྷཱུ་པེྎ མར་མེ་འོད་བཟང་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་བྱེད་ཅིང་། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ་བཞེས་སུ་གསོལ། །དཱི་པཾྎ སྣ་ཚོགས་ལྷ་ཡི་དྲི་དང་ལྡན། །སྣ་ཚོགས་ག་བུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུཾ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དགྎ གནྡྷེྎ ཁ་དོག་དྲི་དང་རོ་ལྡན་པ། །བཟའ་བའི་བྱེ་བྲག་སྣ་ཚོགས་དང་། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུྎ ནཻ་ཝཱི་དྱྎ ཞིང་འདི་རྒྱལ་སྲིད་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་འཇོ་བའི་ཕྱིར། །ཉིན་བཞིན་ཤེས་རབ་ཅན་གྱིས་མཆོད། །ཨོཾ་ཨཱཿརཏྣ་སཔྟ་ཧུཾ་ཧཱུྃ་ཕཊ྄྄། ཕྱི་མཆོད་དོ། བདེ་མཆོག་སྒྱུ་མའི་ལོངས་སྤྱོད་རྫོགས་པའི་འཕྲུལ། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་ཅན། །བརྒྱད་གཉིས་ལང་ཚོ་དཔལ་འབྲས་ནུ་འབུར་མ། །བཅུ་དྲུག་དགའ་བའི་ཆ་ཤས་ཡོངས་རྫོགས་མ། །ཉ་རྒྱས་ཟླ་བ་དག་པའི་བཞིན་རས་མ། །ཚེམས་ཞིང་གསལ་བ་བདུན་རྩིའི་འོད་ལྡན་མ། །རྡོ་རྗེ་རིག་མ་ལྷ་མོས་དེང་མཆོད་ན། །མཆོག་ཏུ་བདེ་བ་དམ་པའི་མཆོག་སྦྱིན་མཛོད། །ཨོཾ་ཨཱཿབཛྭ་ཝི་ཎི་ཧུཾ་ཧཱུྃ་ཕཊ྄྄། དེ་བཞིན་ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེྎ བདེ་མཆོག་སྒྱུ་མའིྎ རྒོད་དང་དྲེགས་ལྡན་གླུ་དབྱངས་རོལ་གར་མཁན། །ཟུར་མིག་འཕེན་མཁས་འདོད་པའི་མདའ་འཕེན་མ། །འཆི་མེད་ན་ཆུང་སྒྱུ་མའི་འཇོ་སྒེག་མ། །ཡིད་འཕྲོག་དཔའ་མོ་རྡོ་རྗེའི་གླུ་དབྱངས་མ། །འགྱིང་གཟུགས་གློག་འདྲ་གར་དགུའི་རྩེད་འཇོ་མ། །རྡོ་རྗེ་རིག་མྎ །མཆོག་ཏུྎ ཧཱ་ཀྵྼེྎ ལཱ་ཀྵྼེྎ གཱི་ཏཱིྎ ནྲྀཏྱེྎ བདེ་མཆོགྎ མེ་ཏོག་བདུག་པ་སྣང་གསལ་དྲི་མཆོག་འཛིན། །རྣམ་རྒྱས་པད་དཀར་གཞོན་ནུའི་ཞལ་མཛེས་མ། །དྲི་ཞིམ་མར་མེ་གསར་པའི་དྲི་ལྡན་མ། །མཚར་སྡུག་འོད་ཀྱི་ཕྱོགས་ཆ་རྣམ་འགེངས་མ། །གུ་བུར་ཙནྡན་ཤིང་ལྟར་གདུང་སེལ་མ། །རྡོ་རྗེྎ མཆོག་ཏུྎ པུཥྤེྎ དྷུ་པེྎ ཨཱ་ལོ་ཀེྎ གནྡྷེྎ བདེ་མཆོགྎ གཟུགས་བཅུད་རེག་བྱ་ཆོས་ཀྱི་ལྷ་མོ་ནི། །མཛེས་སྡུག་དཔེ་བྱད་བཟང་པོའི་དཔལ་ལྡན་མ། །མ་མཆུ་བདུད་རྩི་གཙང་མའི་རོ་ལྡན་མ། །རེག་བྱས་དབང་པོ་ཀུན་ནས་ཚིམ་བྱེད་མ། །བསམ་ཡས་ལྷན་ཅིག་སྐྱེས་དགའི་འབྱུང་གནས་མ། །རྡོ་རྗེྎ མཆོགྎ རཱུ་པྎ ར་ཀྵྼེྎ ཀྵྨྱརྴེྎ ཨོཾ་ཨཱཿབཛྭ་དྷརྨ་དྷཱ་ཏུ་ཧུཾ་ཧཱུྃ་ཕཊ྄྄། ནང་མཆོད་བྱིན་གྱིས་བརླབས་པའི་བདུད་རྩི་མཐེབ་སྲིན་གྱིས་འཐོར་ཞིང་། ཨོཾ་མཆོད་དོ་བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཅེས་ནང་མཆོད་དང་། ལྷ་དང་མི་ཡི་བདེ་བ་སོགས་གསང་མཆོད་དང་། རང་རྫས་མཛེས་པ་སོགས་རང་རིག་བདེ་ཆེན་གྱིས་མཆོད། བསྟོད་པ་ནི། བཅོམ་ལྡན་མགོན་པོའི་དཔའ་བོའི་དབང་ཕྱུག་ནི། སོགས། དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །བར་གྱིས་བསྟོད། སྔགས་ཕྲེང་རྣམས་བདག་གི་ཁ་ནས་ཐོན། གཟུངས་ཐག་ལ་འཁྲིལ། རྣམ་རྒྱལ་ཆེན་པོ་དང་བུམ་པའི་ནང་དུ་སོང་བས་ལྷ་རྣམས་ཆགས་པ་བདོ་ནས། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་དང་ལྷ་མོ་རྣམས་ཀྱི་བྷ་ག་ནས་བདུད་རྩིའི་རྒྱུན་ཆི་ལི་ལི་བབས་པས་བུམ་པ་གང་བར་བསམ་ལ། གཙོ་འཁོར་གྱི་སྔགས་རྣམས་བཟླ། མཐར་རྣམ་རྒྱལ་ཆེན་པོའི་ལྷ་རྣམས་བདུད་རྩིར་ཞུ། བུམ་ནང་གི་ལྷ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་བུམ་ཆུ་དང་གཉིས་མེད་དུ་གྱུར་པར་བསམ་མོ། དེ་ནས་ཕྱི་གཏོར་ནི། ཕྱི་རོལ་དུ་སོང་ནས་ཤར་དུ་ཨིནྡྲ་ས་པ་རི་ཝཱ་ར་ཎ་ཨཱ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོཿཞེས་བཀུག ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བྱིན་གྱིས་བརླབས་ནས་ཨིནྡྲ་ས་པ་རི་ཝཱ་ར་ཨི་དཾ་བ་ལིིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་ལ་སོགས་པས་ཕུལ་སཾ་ཏྲིཔྟ་སརྦ་དེ་ཝ་ཏཱ་སཱ་དྷ་ཀཱ་ཀྵྼེ་ཤནྟིཾ་ཀུ་རུ་སརྦ་ཀདྱནྟུ་སིདྡྷི་རྦ་ཏི་ཡ་ཐཱ་སུ་ཁཾ་སུ་ཁེ། མེར་ཨགྣ་ཡེ་ས་པ་རི་ཝཱ་ར་ཎ་ཨ་ཀརྵ་ཡ་ཛཿཛཿཧཱུྃ་བཾ་ཧོཿཨོཾྎ ཨགྣ་ཡེ་ས་པ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་སཾ་ཏྲིཔྟ་སརྦ་དེ་ཝ་ཏཱ་ས་དྷཱ་ཀཱ་ཀྵྼེ་ཤིནྟཾ་ཀུ་རུ་སརྦ་ཀདྱནྟུ་སིདྡྷི་རྦ་ཏི་ཡ་ཐཱ་སུ་ཁཾ་སུ་ཁེ། ལྷོར་ཡཾ་ས་པ་རིྎ ཨོཾ་ཨཱཿཧཱུྃ་ཡ་མ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། སཾ་ཏྲིཔྟ་སོགས་པུཥྚི་ཀུ་རུ་སོགས་གཞན་ལ་རིགས་འགྲེ་ལྷོ་ནུབ་ཏུ་རཀྵ་ས་པ་རི་ཝཱ་ར་ཎྎ སོགས་ས་དྷ་ཀ་ཀྵྼེ་པུཥྚི་སོགས་གོང་བཞིན་ནུབ་ཏུ། ཝ་རུ་ནཱྎ ཨ་ཀརྵ་ཡྎ སོགས་སཱ་དྷ་ཀཱ་ཀྵྼེ་ཝ་ཤཾ་ཀུ་རུྎ ནུབ་བྱང་དུ་བཱ་ཡུ་ས་པ་རི་ཝཱ་རྎ ས་དྷ་ཀ་ཀྵྼེ་ཝ་ཤཾ་ཀུ་རུྎ བྱང་དུ་ཀུ་བཻ་རཱ་ས་པ་རི་ཝཱ་རྎ མཱ་ར་ཡ་སརྦ་ཀདྱནྟུྎ དབང་ལྡན་དུ་མཧཱ་བྷུ་ཏ་ས་ནས་མཱ་ར་ཡ་སྟེང་དུ་ཙནྡྲ་སུརྻ་བྲ་ཨཱརྻ་དེ་བ་ཏ་ས་པ་རིྎ ཤིནྟཾ་ཀུ་རུ་སརྦྎ འོག་ཏུ་བེ་ཙེ་ཏྲི་པྲི་ཐེ་ཝཱི་དེ་ཝ་ཏ་ས་པ་རི་ཝཱ་རྎ སཱ་དྷ་ཀ་ཀྵྼེ་ཤིནྟཾ་ཀུ་རུ་སརྦ་ཀདྱནྟུ་སིདྡྷི་རྦ་ཏི་ལ་ཐཱ་སུ་ཁཾ་སུ་ཁེ། དེ་ནས་འདོད་གསོལ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུང་། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད། །ཞེས་འདོད་གསོལ་བྱས་ཀྱང་རུང་། །ནང་དུ་ཕེབས་ནས་ཅང་ཏིའུ་འཁྲོལ་ཞིང་སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བའི་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། །ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླགས། །གང་ཞིག་འཁོར་ལོ་རབ་ཏུ་བསྐོར་ཞིང་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་ཕྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོའི་དབང་གྱུར་འཕགས་པ་རྣམས་ཀྱི་རྟག་ཏུ་མྱུར་བར་བཀྲ་ཤིས་ཡིན། །ཞེས་པའི་གླུ་ལེན་ཞིང་དཀྱིལ་འཁོར་གྱི་ས་གཞི་དེ་ལ་ལན་གསུམ་དུ་བསྐོར་རོ། །དེ་ནས་བདག་འཇུག་ལེན་པ་ལ། ཨོཾ་བཛྭ་ཨུརྒྷ་ཊ་ཡ་པྲ་བེ་ཤ་ཡ་ཧཱུྃ། དཀྱིལ་འཁོར་གྱི་སྒོ་ཕྱེས་ཏེ་དེ་ལས་ཞུགས་པར་བསམ། དབང་བསྐུར་བའི་བླ་མའི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོས་མཛད་པར་མོས་པས། སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་གྱིས་ཏེ། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། གཏོར་མ་ཨོཾ་གྱིས་སྦྱངས། ཨཱཿཡིད་དང་མཐུན་པར་མང་པོར་སྤེལ། ཧཱུྃ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏོཏྟ་ཨོཾ་ཨཿཧཱུྃ་ཕཊ྄྄ཿ གཏོར་མ་བྱིན་རློབས། ཧཱུྃ། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཅི་ཡང་། །བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེ་བདག་པོ་སྐུ་ཡིས་ནི། །ལུས་སྲུལ་ལས་སྐྱེས་འགས་བྱས་ཏེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །ས་ཡི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོར་འཇུག་ཅིང་དབང་ཞུ་བར་བྱེད་པ་ལ་བར་དུ་གཅོད་པར་བརྩམ་པ་གང་སུ་ཡང་རུང་བ་ས་ཕྱོགས་འདི་ན་གནས་པའི་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། རྗེད་བྱེད་དང་། འབྱུང་པོ་དང་། ནམ་མཁའ་ལྡིང་དང་མིའམ་ཅི་དང་རིག་པ་འཛིན་པ་ལ་སོགས་པ་རྒན་པོ་དང་རྒན་མོ་དང་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག འདི་ལྟར་རྡོ་རྗེ་འཛིན་པའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག གང་དག་མི་འགྲོ་བ་དེ་དག་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུྃ་ཀ་ར་ཤིན་ཏུ་ཁྲོས་པ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་པར་གྱུར་ཏ་རེ། ཨོཾ་སུམྦྷ་ནི་སོགས། ཡུངས་ཐུན་འཐོར། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ། བགེགས་གཏོར་དོར། གུ་གུལ་གྱི་དུད་པས་བདུག །ཐུགས་ཀ་ནས་འཕྲོས་པའི་ཧཱུྃ་ཡོངས་སུ་གྱུར་པ་ལས། ཨོཾ་མེ་དཱི་ནི་སོགས། མེ་ཡི་ར་བ་རབ་ཏུ་འབར་བས་བསྐོར་བར་གྱུར། ཞེས་སྲུང་བའི་ར་གུར་བསྒོམ། ཨོཾ་བཛྭ་བྷཱུ་མི་སོགས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་ཡོན་དུ་འབུལ་བར་བགྱིའོྎ །སོགས་མཎྜྻལ་ཕུལ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་རྣམས་ལ་བདག་ཕྱག་འཚལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་གི་གཞུག་ཏུ་གསོལ། །ཞེས་གསོལ་བ་བཏབ། ཨོཾ་ཨཱཿཧཱུཾ་གིས་མིག་དར་བཅིང་། ཀྱེ་ཁྱོད་སུ་ཞིག །ཅེས་དྲི། བདག་ནི་སྐལ་བཟང་ངོ་། ཞེས་ལན་བཏབ། ཞེས་ལན་གཏབ་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི། ལན་གསུམ། སུ་ར་ཏེ་ས་མ་ཡཧྶཾ་ཧོཿསིདྡྷི་བཛྭ་ཡ་ཐ་སུ་ཁཾ་ཞེས་རྡོ་རྗེ་སྙིང་གར་གཏུགས་པས་བྱིན་གྱིས་བརླབ་ཨ་ཁཱཾ་བཱི་ར་ཧཱུྃ་གིས་དངོས་སུ་ཡོལ་བའི་ནང་དུ་ཁྲིད། ཕྱི་དཀྱིལ་གྱི་ལྷོ་སྒོ་ནས་གཡོན་སྐོར་གྱིས་ཤར་ཁྱམས་སུ་ཞུགས་པ། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་གྱིས་ཐུགས་ཀར་བཀུག་སྟེ་པདྨ་འདབ་མ་བརྒྱད་པའི་ཕྱིའི་ཤར་ཁྱམས་སུ་བཞག་པ་སྐད་ཅིག་གིས་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་གྱུར། ལྷ་རྣམས་ལ་དམིགས་པས་ཕྱག་འཚལ་བར་མོས་ཏེ། ཨོཾ་ན་མཿཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། ཞེས་ལན་གསུམ། ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་ནི། མི་ལྡོག་འཁོར་ལོའི་དབང་བསྐུར་མཆོག །སྩལ་ནས་མགོན་པོས་བདག་ལ་ནི། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ལས་རྣམས་དང་། །སངས་རྒྱས་མཆོག་གི་དམ་ཚིག་ནི། །སྡོམ་པ་གསང་བ་བླ་ན་མེད། །རྟག་ཏུ་སེམས་ཅན་ཀུན་དོན་ཕྱིར། །སློབ་དཔོན་དུ་འགྱུར་བདག་ལ་གསུངས། །ལན་གསུམ། སློབ་དཔོན་གྱིས། དཀྱིལ་འཁོར་བ་ལ་ཆེ་གེ་མོ་ཞེས་བྱ་བ་འདི། རྡོ་རྗེ་འཛིན་པ་དེང་བདག་འདིར། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཞིང་། །གསང་བའི་དོན་གྱི་འཁོར་ལོ་འདིར། །དམ་ཚིག་སྡོམ་ལ་འཇུག་པར་འཚལ། ཞེས་གསོལ། དེ་ནས་སློབ་མར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཆེན་པོ་རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་བརྗོད། སློབ་མས་ཀྱང་། བདག་ནི་རབ་ཏུ་དེ་འཚལ་ལོ། །ཞེས་ཁས་བླངས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་དམ་ཚིག་སྒྲག །ཐུན་མོང་གི་སྡོམ་པ་བླང་བ་སློབ་མས། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ། ཐུན་མོང་མ་ཡིན་པའི་སྡོམ་པ་བླང་བ། དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་ནི་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་བཟུངས་ནས། །ཇི་སྲིད་གཉིས་མེད་ལ་གནས་པ། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་། ཞེས་ལན་གསུམ། དམ་བཞག་བཞི་ཀའམ། བསྡུ་ན། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏོཏྟ་ཀཧཱུཾ། མནའ་ཆུ་བླུད། དེ་ནས་ཡེ་ཤེས་དབབ་པའི་དོན་དུ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། བླ་མ་དང་གཙོ་བོ་གཉིས་སུ་མེད་པའི་གནས་གསུམ་ལས་འོད་ཟེར་འཕྲོས། སློབ་མའི་འམ་རང་གི་གནས་གསུམ་དུ་ཞུགས་པས་ལུས་མེར་ཞུ་བར་བསམ། ཏིཥྛ་མ་ཧཱ་ཀྲོ་ཏ་ཨཱ་བེ་ཤ་ཡ་ཧཱུཾ། ཨོཾ་ཤྲཱི་ཧེ་རུ་ཀ་བིདྱཱ་མ་ཧཱ་བི་དྱཱ་རཱ་ཛ་དྷཱིཿམ་ཧེ་སྭཱ་ཧཱ་ཞེས་དཔའ་བོ་བསྐུལ་བའི་སྔགས་བགྲང་། བདུད་རྩི་ལྔ། རྡུལ་གྱིས་སྦགས་པའི་བུ་མོའི་འདོམས་དཀྲིས། བྱི་ལའི་བྲུན་གུ་གུལ་བསྲེས་པ་ཐོད་པར་བཅུག་པ་ཡི་དགས་ཀྱི་མེ་ལ་བསྲེགས་ཏེ་བདུག །རོལ་མོའི་སྒྲ་དྲག་པོ་བསྒྲགས་པས་སློབ་དཔོན་ནུས་པ་ཆེ་ན་དེ་ལ་དཔལ་ཧེ་རུ་ཀ་དངོས་སུ་ཕེབས་པར་གྱུར་ལ། གཞན་དུ་ཆ་ཤས་ཙམ་མོ། ཕེབས་ན། ཏིཥྛ་བཛྭ་ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་རྣམ་པར་བཞག་སྟེ་བརྟན་པར་བྱའོ། །དེ་ནས་རིགས་བརྟག་པའི་ཕྱིར། བདག་གི་རིགས་གང་ཡིན་པའི་ལྷ་དེ་ལ་ཕོག་པར་གྱུར་ཅིག་སྙམ་པས། པྲ་ཏཱིཙྪ་བཛྭ་ཧོཿ ཞེས་པས་མེ་ཏོག་གི་འཕྲེང་བ་དོར་བས་གང་ལ་ཕོག་པ་ལྷག་པའི་ལྷར་བརྡ་སྤྲད། པྲ་ཏི་གྲྀ་་ཧྶཾ་མི་མཾ་ས་ཏྭ་མ་ཧྭ་བ་ལ། ཞེས་དངོས་གྲུབ་ཀྱི་ཚུལ་ལམ་ལྷ་དེས་རྗེས་སུ་འཛིན་པར་དགོངས་པས་འཕྲེང་བ་སློབ་མའི་སྤྱི་བོར་བཅིངས་པར་མོས། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྭ་ནི་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་སྲཱིཿ ཞེས་མིག་དར་དཀྲོལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །ཅེས་བརྗོད་པས། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སུམ་དུ་མཐོང་བར་བལྟའོ་འཇུག་པའོ། དེ་ནས་བུམ་པའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་སྦྱིན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། རྣམ་རྒྱལ་གྱི་བུམ་པ་དང་། སློབ་མ་ཁཎྜྻ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། སློབ་མའམ་བདག་དང་དབང་རྫས་ཀྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་དེ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་རྡོ་རྗེའི་དྲིལ་བུ་འཛིན་ཅིང་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ས་བོན་དེ་ལས་རང་འདྲ་བའི་ཡེ་ཤེས་པ་ཆ་གཉིས་གདན་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ། བུམ་རྫས་དང་སློབ་མ་ལ་ཡེ་ཤེས་པ་ཐིམ། བུམ་པའི་ལྷ་འོད་དུ་ཞུ་བའི་བུམ་ཆུར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་དམ་ཚིག་གི་ཆུས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་རིང་དུ་སྐྲོད་པར་མཛད་དེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་དག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། མི་བསྐྱོད་པའི་རང་བཞིན་ཆུའི་རྒྱུན་གྱིས་ལུས་བཀྲུས་པས་རྣམ་པར་ཤེས་པའི་ཕུང་པོ་དང་ཆུའི་ཁམས། ཉོན་མོངས་པ་ཞེ་སྡང་། དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། དེ་བཞིན། སློབ་མ་དང་ཅོད་པན་བསངས་སྦྱངས། སློབ་མའམ་བདག་དང་དབང་རྫས་ཀྱི་ཅོད་པན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཏྲཱཾ་ལས་རིན་ཆེན། དེ་ལས་རྡོ་རྗེ་ཉི་མ་དམར་པོ། རིན་པོ་ཆེ་དང་རིན་ཆེན་དྲིལ་བུ་འཛིན་པ། ཕྱག་རྒྱ་དྲུག་དང་རིན་པོ་ཆེ་དྲུག་གིས་བརྒྱན་ཅིང་། དར་དང་རིན་ཆེན་གྱིས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ས་བོན་དེ་ལས་རང་འདྲ་བའི་ཡེ་ཤེས་པ་ཆ་གཉིས་གདན་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ། ཅོད་པན་དང་སློབ་མ་ལ་ཡེ་ཤེས་པ་ཐིམ། དབང་རྫས་ཀྱི་རིན་འབྱུང་འོད་དུ་ཞུ་བའི་ཅོད་པན་དུ་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་རིང་དུ་སྐྲོད་པར་མཛད་དེ། རལ་པའི་ཐོར་ཙུགས་ཀྱིས་བརྒྱན་པ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྭ་ཝརྞན་ནི་ཡེ་ཧཱུཾ། ཞེས་བསྐོན། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཅོད་པན་གྱིས་དབང་བསྐུར་བས། ཚོར་བའི་ཕུང་པོ་དང་། ནམ་མཁའི་ཁམས་དང་། ཉོན་མོངས་པ་ང་རྒྱལ། དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། མཉམ་པ་ཉིད་ཀྱི་ཤེས་མངོན་སུམ་དུ་བྱས། རྡོ་རྗེ་དང་སློབ་མ་བསངས་སྦྱངས། སློབ་འམ་བདག་དང་རྫས་ཀྱི་རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྲཱིཿལས་པདྨ་དེ་ལས་སྣང་བ་མཐའ་ཡས་མཐིང་ཁ་པདྨ་དང་པདྨའི་དྲིལ་བུ་འཛིན་ཅིང་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་དར་དང་རིན་པོ་ཆེས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ས་བོན་དེ་ལས་རང་འདྲ་བའི་ཡེ་ཤེས་པ་ཆ་གཉིས་གདན་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ། རྡོ་རྗེ་སློབ་མ་ལ་ཡེ་ཤེས་པ་ཐིམ། དབང་རྫས་ཀྱི་སྣང་བ་མཐའ་ཡས་འོད་ཞུ་བའི་རྡོར་རྗེར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་རིག་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་རིང་དུ་སྐྲོད་པར་མཛད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་རྡོ་རྗེ་ལག་པ་གཡས་སུ་སྦྱིན། སྣང་བ་མཐའ་ཡས་ཀྱིས་རང་བཞིན་རྡོ་རྗེའི་དབང་བསྐུར་བས་འདུ་ཤེས་ཀྱི་ཕུང་པོ་དང་། མེའི་ཁམས། ཉོན་མོངས་པ་འདོད་ཆགས་། དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། སློབ་མ་དང་དྲིལ་བུ་བསངས་སྦྱངས། སློབ་མའམ་བདག་དང་དབང་རྫས་ཀྱི་དྲིལ་བུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁཾ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་རྟ་མཆོག་ལྗང་ཁུ། སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེའི་དྲིལ་བུ་འཛིན་པ། ཕྱག་རྒྱ་དྲུག་དང་རིན་པོ་ཆེ་དྲུག་གིས་བརྒྱན་ཅིང་། དར་དང་རིན་ཆེན་གྱིས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ས་བོན་དེ་ལས་རང་འདྲ་བའི་ཡེ་ཤེས་པ་ཆ་གཉིས་གདན་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ། དྲིལ་བུ་དང་སློབ་མ་ལ་ཡེ་ཤེས་པ་ཐིམ། དབང་རྫས་ཀྱི་རྟ་མཆོག་འོད་དུ་ཞུ་བའི་དྲིལ་བུར་གྱུུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་རིག་པའི་ལྷ་མོ་རྣམས་ཀྱིས་དྲིལ་བུའི་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་རིང་དུ་སྐྲོད་པར་མཛད་དེ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་གྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །གཡོན་དུ་སྦྱིན། དོན་ཡོད་གྲུབ་པའི་རང་བཞིན་དྲིལ་བུའི་དབང་བསྐུར་བས་འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས། ཉོན་མོངས་པ་ཕྲག་དོག །དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། བྱ་བ་གྲུབ་བའི་ཡེ་ཤེས་མངོན་སུམ་དུ་བྱས། དེ་ནས་སློབ་མའམ་བསངས་སྦྱངས། སློབ་མའམ་བདག་དང་དབང་རྫས་ཀྱི་ཅོད་པན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུྃ་ལས་འཁོར་ལོ་དེ་ལས་རྣམ་པར་སྣང་མཛད་སེར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པ། ཕྱག་རྒྱ་དྲུག་དང་རིན་པོ་ཆེ་དྲུག་གིས་བརྒྱན་ཅིང་། དར་དང་རིན་ཆེན་གྱིས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ས་བོན་དེ་ལས་རང་འདྲ་བའི་ཡེ་ཤེས་པ་ཆ་གཉིས་གདན་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ། སློབ་མ་ལ་ཡེ་ཤེས་པ་ཐིམ། དབང་རྫས་ཀྱི་རྣམ་པར་སྣང་མཛད་འོད་དུ་ཞུ་བའི་རྡོ་རྗེ་དང་དྲིལ་བུར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་རིག་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་འཛིན་པས་མིང་གི་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་རིང་དུ་སྐྲོད་པར་མཛད་དེ། དཔའ་བོ་ལག་ཏུ་རྡོ་རྗེ་དྲིལ། །གཟུང་ངོ་འཁོར་ལོ་གསུམ་བདག་ཉིད། །རང་བཞིན་གྱིས་མཛེས་དགའ་བ་ནི། །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །དེས་རྡོར་དྲིལ་བསྣོལ་ཐབས་སུ་གཟུང་བཅུག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་བཛྭ་ཧྶཾ། ཨ་བྷི་ཥིཉྩྨ་མི་སྭཱ་ཧཱ། རྣམ་པར་སྣང་མཛད་ཀྱི་རང་བཞིན་མིང་གི་དབང་བསྐུར་བས་གཟུགས་ཀྱི་ཕུང་པོ་དང་། སའི་ཁམས། ཉོན་མོངས་པ་གཏི་མུག དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་སུམ་དུ་བྱས། དེ་རྣམས་ཀྱིས་མ་རིག་པ་ལྔ་ལས་བཟློག་ནས་རིག་པའི་ཡེ་ཤེས་ལྔ་བསྐྱེད་པས་རིག་པའི་དབང་ཐོབ་པ་ཞེས་བྱའོ། །དབང་འདིས་རྣལ་འབྱོར་ཆེན་པོའི་རྒྱུད་ཉན་པ་དང་། ཐུན་མོང་གི་དངོས་གྲུབ་བསྒྲུབ་པ་དང་། རྣལ་འབྱོར་རྒྱུད་མན་ཆད་འཆད་པ་ལ་དབང་བ་ཡིན་ནོ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་བྱུང་། ཞལ་ནས་འཐོན། སློབ་མའམ་རང་ཉིད་འཁོར་ལོ་སྡོམ་པ་ཡབ་ཡུམ་ཏུ་གསལ་བའི་ཞལ་ནས་ཞུགས་ཏེ་སྙིང་གའི་ས་བོན་དང་སྔགས་ཀྱི་འཕྲེང་བ་ལ་རིམ་པ་བཞིན་ཐིམ་པའི་མོས་པ་གྱིས་བྱས་ལ། ཨོཾ་ཤྲཱི་བཛྭ་ཧེ་ཧེ་རུ་རུ་ཀཾ་སོགས་ཡབ་ཡུམ་གྱི་སྙིང་པོ་ཉེ་སྙིང་། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝི་རེ་ཤ་ཡ་སོགས་རྩ་སྔགས་རྐང་པ་བརྒྱད་པ་དང་། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ་སོགས་འཕྲེང་བའི་སྔགས་ཀྱི་བཟླས་ལུང་སྦྱིན། རྡོ་རྗེ་དང་མེ་ཏོག་སྤྱི་བོར་བཀོད་དེ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །སྙིང་པོ་ཡིན་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཞེས་སྔགས་དབང་བསྐུར། རྡོ་རྗེ་གཏད། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་ཡི་བརཏལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི། བཛྭ་ས་མ་ཡ་ཧྶཾ། ཏིཥྚ་ཨེ་ཀ་ཡ་ཧྶཾ་དྷ་ར་ཡ་མི་ཨོཾ་ཧ་ཧ་ཧ་ཧི། རྡོ་རྗེའི་བརཏལ་ཞུགས། དེ་ནས་ཁ་ཊྶཾ་ཐོད་པ་ཅང་ཏེའུ་ཕྱག་རྒྱ་དྲུག་སྦྱིན་ནས། སྣ་ཚོགས་བསམ་པའི་བྱེ་བྲག་གིས། །གང་གི་སྤྱོད་པ་རྣམ་དག་པ། །འདོད་ལ་ཐུགས་རྗེའི་གཙོ་བོ་ཡིས། །སེམས་ཅན་དོན་ནི་བྱེད་པའི་ཐབས། །ང་ཡི་སྤྱོད་པའི་བརཏལ་ཞུགས་སྦྱིན། །ཞེས་སྤྱོད་པའི་བརཏལ་ཞུགས་དང་། འདི་ནི་རང་ཉིད་མཛེས་པ་སྟེ། །བསྐྱེད་པའི་རིམ་པའི་སྒོམས་པ་ཡི། །མན་ངག་ལས་ནི་འདི་མི་ཤེས། །རིག་པ་འདི་ནི་དོར་བྱས་ནས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །བརཏལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རིག་མའི་བརཏལ་ཞུགས་བུ་ཡི་སྤྱོད། །རིག་མའི་བརཏལ་ཞུགས་སོ། དེ་ནས་སློབ་དཔོན་གྱིས་ལག་པ་གཡོན་པས་ཆོས་གོས་ཀྱི་སྣ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ཏེ་གཟུང་། གཡས་མི་འཇིགས་པ་སྦྱིན་པས། འདི་ལྟར་ང་ཡིས་ལུང་བསྟན་ཏེ། །འཁོར་ལོ་གསུམ་གྱི་བདག་ཉིད་ཁྱོད། །རང་ཉིད་སངས་རྒྱས་ཀུན་རང་བཞིན། །ཧེ་རུ་ཀ་དཔལ་ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཌཱ་ཀི་ནཱི་ནཱ་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧྶཾ་བྷཱུར་བྷུ་ཝཿསྭཿལུང་བསྟན། ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་བའི་གནས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་བའི། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་དབུགས་དབྱུང་། དེ་ནས་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་དེ་རིང་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མའམ་རང་ཉིད་སེང་གེས་བཏེགས་པའི་ཁྲིར་འཁོད་པ་ལ་སྟེང་དུ་གདུགས་དཀར་པོ་ཕུབ་པའི་འོག་ཏུ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཙུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐམས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཐོད་པ་དུམ་བུའི་སྐ་རགས་ཅན། ཁ་ཊྶཱཾ་ག་དང་། ཐོད་པས་མཚན་པའི་ཕྱག་གཡོན་པས་ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། སྙིང་གར་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ། གཙོ་བོའི་སྙིང་ཀར་ཨོཾ་ཧཿ རྡོ་རྗེ་སེམས་དཔའ་དཀར་པོ། ན་མ་ཧི་དཔྲལ་བར་རྣམ་པར་སྣང་མཛད་སེར་པོ། སྭ་ཧཱ་ཧུ་སྤྱི་བོར་རིན་ཆེན་འབྱུང་གནས་དམར་པོ། བཽ་ཥ་ཊ་ཧེ་ཕྲག་པ་གཉིས་ལ་ཧེ་རུ་ཀ་ནག་པོ། ཧཱུྃ་ཧཱུྃ་ཧོཿ སྤྱན་གསུམ་ལ་འོད་དཔག་མེད་མཐིང་ཀ ཕཊ྄་ཧཾ་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་དོན་ཡོད་གྲུབ་པ་ལྗང་ཁུ། ཡུམ་གྱི་ལྟེ་བར་ཨོཾ་པཾ་ཕག་མོ་དམར་མོ། ཧཾ་ཡཽ་སྙིང་གར་གཤིན་རྗེ་མ་སྔོན་མོ། སྲིཾ་མོཾ་ཁར་རྨོངས་བྱེད་མ་དཀར་མོ། སྲེཾ་སྲིཾ་དཔྲལ་བར་སྐྱོད་བྱེད་མ་སེར་མོ། །ཧཱུྃ་ཧཱུྃ་སྤྱི་བོར་སྐྲག་བྱེད་མ་ལྗང་ཁུ། ཕཊ྄་ཕཊ྄་ཡན་ལག་དང་ཉིང་ལག་ཐམས་ཅད་ལ་ཙནྡི་ཀ་དུད་ཁ། ཐམས་ཅད་ཀྱང་གྲི་གུག་དང་ཐོད་པ་འཛིན་པ། ཡབ་རྣམས་ཐོར་ཚུགས་སྟག་ཤམ། རུས་པའི་རྒྱན་དྲུག་དང་། ཡུམ་རྣམས་སྐྲ་གྲོལ་གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་པའོ། །སྙིང་གའི་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་སྤྱན་དྲངས་རྡོ་རྗེ་སེམས་དཔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་རྣམ་པར་རྒྱལ་བའི་བུམ་པ་ཧེ་རུ་ཀའི་རང་བཞིན་གྱི་ཆུས་དབང་བསྐུར། དཔའ་བོ་རྣམས་ཀྱིས་བཀྲ་ཤིས་བརྗོད། དཔའ་མོ་རྣམས་ཀྱིས་མཆོད་པ་འབུལ། སྒོ་མཚམས་ཀྱི་ཁྲོ་མོ་རྣམས་ཀྱིས་བགེགས་སྐྲོད་པའི་བྱ་བ་མཛད་བཞིན་པས། རྡོ་རྗེ་ཆེན་པོས་དབང་བསྐུར་བ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱིས། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་རྣམ་རྒྱལ་གྱི་བུམ་པ་སྤྱི་བོར་བཀོད། བདུད་རྩིའི་རང་བཞིན་གྱི་ཆུའི་རྒྱུན་ལུད་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་དྲི་མ་བག་ཆགས་དང་བཅས་པ་དག་བུམ་པའི་དབང་ཐོབ། །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཆུ་ལྷག་མ་གྱེན་དུ་འཁྱིལ་བ་མི་བསྐྱོད་པའི་དབུ་རྒྱན་དུ་གྱུར། ལྷ་ཚོགས་ཐམས་ཅད་དེ་དང་གཉིས་སུ་མེད་པར་ཐིམ་པས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པར་བསམ་སྟེ། ཨོཾ་སུ་པྲ་ཏིཥྛ་བཛྭ་ཡེ་སྭཱ་ཧཱ། དེ་ལ་སྣ་ཚོགས་པའི་མཆོད་པས་མཆོད་པར་བསམ་ཏེ། ཨོཾ་བཛྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། སོགས། ཤཔྟའི་བར་གྱིས་མཆོད་པར་བྱའོ། །དེ་ནས་དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་པ་དེ་ནས་ནི། །དཔའ་བོ་འདོད་པ་ལྔ་སྤྱོད་དོ། །བདག་ཉིད་དཔའ་བོ་ཀུན་གྱི་དངོས། །བདག་ཉིད་ལྷ་མོ་གྱི་ཀུན་དངོས། །དེ་ཕྱིར་བདག་གི་ཐམས་ཅད་བྱ། །བདག་ཉིད་ཧེ་རུ་ཀ་མཆོད་བྱ། །རྟེན་ཅིང་འབྲེལ་བར་འབྱུང་ཆོས་ཅན། །སེམས་ཅན་རྒྱུ་ཡི་རང་བཞིན་ནོ། །ཁམས་གསུམ་དེ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་ཕྱིར་མི་ལྡོག་པའི་དབང་ངོ་། །དེ་ནས་གསང་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་དང་། གསོལ་བ་གདབ་པ་ནི། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས། །དཔལ་ལྡན་འཁོར་ལོ་སྡོམ་པ་ནི། །བལྟོས་མེད་ཐུགས་རྗེ་ཆེན་པོ་ཡིས། །བདག་ཅག་རྣམས་ཀྱི་མགོན་མཛོད་ཅིག །ཀྱེ་ཧོ་མགོན་གཙོ་ཁྱེད་རྣམས་ཀྱིས། །ཐེག་ཆེན་ཏིང་འཛིན་ཇི་ལྟ་བ། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ལན་གསུམ། དེ་ནས་གཙོ་མོ་ཡབ་ཡུམ་སྙོམས་པར་ཞུགས་པས་ཡབ་ཡུམ་གྱི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ལ་ཁྱབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ལྷ་ཐམས་ཅད་གསང་གནས་སུ་འདུས་རྡོ་རྗེའི་ལམ་དང་ཟེ་བ་ནས་བྷ་གར་བབས་པ་གསང་བ་དེ་ནས་ལྕེ་ཐོག་ཏུ་སྦྱིན་པར་མོས་ཏེ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་བུ་ཁྱོད་དབང་བསྐུར་རོ། །ཞེས་ཁས་ཨ་ཧོ་མ་ཧཱ་སུ་ཁ་ཞེས་མྱང་། གསང་དབང་ངོ་། །དེ་ནས་བླ་མས། འདི་སྟེ་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཆེན་པོ་རྨད་བྱུང་བ། །ཁམས་ལྔ་ལས་བྱུང་བཅུད་ཀྱིས་ལེན། །བདེ་བ་ཆེན་པོས་མྱང་བར་གྱིས། །ཞེས་དམ་ཚིག་ཕོག །དེས་ངག་གི་དྲི་མ་དག །གསང་བའི་དབང་ཐོབ། ལམ་རྩ་རླུང་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསང་དབང་ངོ་། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜྻལ་དང་། ཐལ་མོ་སྦྱར་ཏེ། སྐྱོབ་པ་མེད་པ་རྣམས་ཀྱི་སྐྱབས། །དཔལ་ལྡན་འཁོར་ལོ་སྡོམ་པ་ནི། །བལྟོས་མེད་ཐུགས་རྗེ་ཆེན་པོ་ཡིས། །བདག་ཅག་རྣམས་ཀྱི་མགོན་མཛོད་ཅིག །ཀྱེ་ཧོ་མགོན་གཙོ་ཁྱེད་རྣམས་ཀྱིས། །ཐེག་ཆེན་ཏིང་འཛིན་ཇི་ལྟ་བ། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་ལན་གསུམ་གསོལ་གདབ། སློབ་མའམ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྐུ་མདོག་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དམར་མོའི་ནུ་མ་མནན་པ། གཡོན་ཅུང་ཟད་བསྐུམ་པས་འཇིགས་བྱེད་སྔོན་པོའི་དཔྲལ་བ་མནན་པ། རྩ་ཞལ་སྔོན་པོ། གཡོན་ཞལ་ལྗང་ཁུ། རྒྱབ་ཞལ་དམར་པོ། གཡས་ཞལ་སེར་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཙུགས་ཅན། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྟག་གི་པགས་པའི་ཤམ་ཐམས་ཅན། གར་གྱི་ཉམས་དགུ་དང་ལྡན་པ་སྟེ། སྐུ་དཔའ་བ་དང་། སྒེག་པ་དང་། འཇིགས་སུ་རུང་བ། གསུང་རྒོད་པ་དང་། གཤེ་བ་དང་། རྔམ་པ། ཐུགས་སྙིང་རྗེ་བ་དང་། ཞི་བ་དང་། ངོ་མཚར་བའོ། །ཕྱག་བཅུ་གཉིས་ཀྱིས་སྤྲས་པའི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་གདེངས་ནས་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་ཧྶ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་ཁ་ཊྶཱཾ་ག །བཞི་པ་ན་ཐོད་པ་ཁྲག་གིས་གང་བ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། ཕྱག་རྒྱ་རྡོ་རྗེ་རྣལ་འབྱོར་མར་གསལ་བར་གྱུར། དེའི་ལག་པ་ནས་བླ་མས་གཟུང་སྟེ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །བདེ་བ་མཐའ་ཡས་སྟེར་བྱེད་མ། །བླངས་ནས་བུ་ཡི་དུས་ཀུན་ཏུ། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་གཏད། ཕྱག་རྒྱ་དེས། དཔའ་བོ་བུ་ཁྱོད་ཅི་ལ་སྤྲོ། །བྱང་ཆུབ་སེམས་ནི་བཟའ་བ་དང་། །རིགས་ལྔ་ལས་ནི་རབ་ཏུ་བྱུང་། །རིག་མ་གུས་པས་ཡང་དག་མཆོད། །བཤང་གཅི་སྟོབས་དང་དྲི་ཆེན་སོགས། །དེ་ནི་སོ་སོར་བཟའ་བ་དང་། །གཞན་ཡང་མཛེས་པའི་དམ་ཚིག་རྣམས། །ཇི་ལྟར་སྤྲོ་བ་བུ་ཡིས་སྨྲོས། །ཞེས་དྲི་བ་ལ། ཇི་ལྟར་གསུང་པའི་དམ་ཚིག་རྣམས། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དམ་ཚིག་ཐམས་ཅད་བསྐྱང་བའི་ཕྱིར། །པདྨ་རྟག་ཏུ་ཅིས་མི་མཆོད། །དེ་ནས་དེས་རང་གི་བྷ་ག་རྒྱས་པ་ལག་གིས་ཕྱེ་སྟེ་བྷཉྫྱ་མོཀྵ་ཧོ་ཞེས་བརྗོད་ཅིང་། དེའི་ནང་གི་རྩ་སོར་མོས་བསྐུལ་ཏེ། མཁའ་སྲཱིཿལས་པདྨ་དང་། ཟེའུ་འབྲུ་ཨཱཿས་མཚན་པ། རྟགས་ཧཱུཾ་ལས་རྡོ་རྗེ་དང་ནོར་བུ་ཨོཾ་གྱིས་མཚན་པ། ཕཊ྄་ཀྱིས་གཉིས་ཀའི་ཐིག་ལེ་རྒྱུ་བའི་བུ་ག་བཀག་པར་བསམས་ཏེ། སྙོམས་པར་ཞུགས་པས་དགའ་བ་བཞིའི་ཡེ་ཤེས་མངོན་དུ་བྱའོ། །དེས་དབང་གསུམ་པ་ཐོབ། ཡིད་ཀྱི་དྲི་མ་དག །ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བླ་མས། དེང་ནས་གཟུང་སྟེ་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲ་སེམས་ཅན་ཐམས་ཅད་ཀྱི། །དོན་གྱི་བདག་ཉིད་ཀུན་གྱིས་ཤིག གསུམ་པའོ། །དེ་ནས། དབང་བཞི་པ་ཞུ་བའི་ཡོན་དུ་མཎྜྻལ་ཕུལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །བཀའ་དྲིན་གྱིས་ནི་བསྐྱང་དུ་གསོལ། །ལན་གསུམ་གྱིས་གསོལ་བ་གདབ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །སྐུ་དང་གསུང་དང་ཐུགས་ཀྱི་ལས། །རྣམ་ཀུན་མཆོག་གི་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །ཞེས་ཚིག་གིས་བརྡ་སྤྲད་པ་བཞི་པའོ། །དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ནས། དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜྻལ་རྒྱས་བསྡུས་གང་རུང་དང་ཡོན་འབུལ། དེ་ནས་དགའ་བ་བརྗོད་པར་བྱ་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ།། ཞེས་སོ།། ༈ དེ་ནས་ཚོགས་ཀྱི་མཆོད་པ་ནི། ཚོགས་རྫས་རྣམས་ཨོཾ་ཁནྜ་རོ་ཧིས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས་ཚོགས་རྣམས་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དེའི་སྟེང་དུ་ཨ་ལས་པདྨའི་སྣོད་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་ཐོད་པ་གསུམ་གྱི་སྒྱེད་པུ་ལ་གནས་པའི་ནང་དུ་ཨོཾ་ཨཱཾ་ཏྲཱཾ་ཁཱཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རླུང་གིས་བསྐུལ་བས་མེ་འབར་ཐོད་པ་བསྲོས་པས་རྫས་རྣམས་ཞུ་བ་ཉི་མ་འཆར་ཁའི་ཁ་དོག་ཅན་དེའི་སྟེང་དུ་དངུལ་ཆུའི་མདོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྶཱཾ་ག་དཀར་པོ་ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་དུ་ཞུ་བས་རོ་གཅིག་པར་གྱུར་པ་རྣམས་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཱཻ་ཨོ་ཨཱཽ་ཨཾ་ཨཱཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵཿཡ་ར་ལ་ཝ་ཌ་ཌྷྜྷ། ཨཱ་ལི་གཡོན་སྐོར། ཀཱ་ལི་གཡས་སྐོར་དུ་སོང་བ་ཡོངས་སུ་གྱུར་པ་ལས་ཨོཾ་ཨཱཿཧཱུྃ་གི་ཡི་གེ་བརྩེགས་མར་གནས་པ་དེ་དག་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོས། འགྲོ་བའི་དོན་བྱས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་འོད་དུ་ཞུ་ནས་ཡི་གེ་གསུམ་ལ་རིམ་པ་བཞིན་ཐིམ། ཨོཾ་ཡིག་ཞུ་བས་སྦྱངས། ཨཱཿཡིག་གིས་མང་པོར་སྤེལ། ཧཱུྃ་ཡིག་གིས་སྦར་བ་དང་ཡེ་ཤེས་ཀྱི་བདུད་རྩིར་བྱས། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ཚོགས་ཕུད་དྲུག་ཏུ་བཅད། ཚོགས་ཕུད་དང་པོ་འབུལ་བ་ལ་ཐུགས་གཏད་པར་ཞུ། ཞེས་ལས་ཀྱི་རྡོ་རྗེས་གསོལ། མཆོད་དོ་ཕུད་ཐམས་ཅད་ཀྱི་མངའ་བདག རིགས་ཐམས་ཅད་ཀྱི་དབང་ཕྱུག དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ། རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། གཉིས་པ། ཨོཾ་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ྄྄། ཌཱ་ཀི་ནི་ཛྷ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄྄། ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། ཨོཾ་སརྦ་བྷུདྡྷ་ཌཱ་ཀི་ནི་ཡེ་བཛྭ་ཝརྞ་ནཱིཡེ་ཧུཾ་ཧཱུྃ་ཕཊ྄྄། ཨོཾ་བཛྭ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ྄྄། ག་ཎ་ཙ་ཀྲྎ ཨོཾ་ཌཱ་ཀི་ནི་ཡེྎ ཨོཾ་ལཱ་མེྎ ཨོཾ་ཁནྜ་རོ་ཧིྎ ཨོཾ་རཱུ་པི་ནི་ཡེྎ ག་ཎྎ ཨོཾ་ན་མོ་བྷ་ག་ཝ་ཏེ། བི་རི་ཤ་ཡ། མཧཱ་ཀལྤཀ་སོགས་རྩ་སྔགས་དང་། ཕྲེང་སྔག་ཀྱི་མཐར་། ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཀཱ་ཀཱ་ཀྵྼེྎ ཨོཾ་ཨཱ་ལུ་ཀཱ་ཀྵྼེྎ ཨོཾ་ཤྭ་ནཱ་ཀཱ་ཀྵྼེྎ ཨོཾ་སཱུ་ཀ་རཱ་ཀྵྼེྎ ག་ཎྎ ཨོཾ་ཡ་མ་ད་དྷིྎ ཨོཾ་ཡ་མ་དཱུ་ཏིྎ ཨོཾ་ཡ་མ་དཾ་ཥྚི་ནཱི་ཡེྎ ཨོཾ་ཡ་མ་མ་ཐཱ་ཎཱི་ཡེ་ཧུཾ་ཧཱུྃ་ཕཊ྄྄། ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། གསུམ་པ། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་ག་ཎ་ཙ་ཀྲ་པཱུ་ཛྎ བཞི་པ། གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་ག་ཎ་ཙ་ཀྲ་པཱུྎ ལྔ་པ། དཔལ་མ་ཧཱ་ཀ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་མོ་བྱ་རོག་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བ་མ་ལུས་ཤིང་ལུས་པ་མེད་པའི་ཞལ་དུ་ག་ཎྎ དྲུག་པ། གཞན་ཡང་ཡུལ་ཕྱོགས་འདི་ཉིད་ལ་གནས་པ་ལ་སོགས་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག སྐྱེ་གནས་རྣམ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་ག་ཎ་ཙ་ཀྲ་པཱུ་ཛ་ཁཱ་ཧི། ཡུལ་ལྷ་སོགས་ལའོ། དེ་ནས་གཏོར་མ་འབུལ་བ་ནི། ཨོཾ་ཁཎྜྻ་རོ་ཧིྎ ཨོཾ་སྭ་བྷཱ་ཝ་ནས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་པདྨའི་སྣོད་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་ཐོད་པ་གསུམ་གྱི་སྒྱེད་བུ་ལ་གནས་པའི་ནང་དུ། ཨོཾ་ཨཱཾ་ཏྲཱཾ་ཁཾ་ཧཱུྃ། ལཱཾ་མཱཾ་པཱཾ་ཏཱཾ་བཾ་ལས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རླུང་གིས་བསྐུལ་བས་མེ་འབར་ཐོད་པ་བསྲོས་པས་རྫས་རྣམས་ཞུ་བ་ཉི་མ་འཆར་ཀའི་ཁ་དོག་ཅན། དེའི་སྟེང་དངུལ་ཆུའི་ཁ་དོག་ཅན་གྱི་ཧཱུྃ་ལས་བྱུང་བའི་ཁ་ཊྶཱཾ་ག་དཀར་པོ་ཐུར་དུ་བལྟ་བ་བདུད་རྩིའི་རང་བཞིན་དུ་ཞུ་བས་རོ་གཅིིག་པར་གྱུར་པ་རྣམས་ཨ་ཨཱ་ཨི་ཨཱི་ནསཨཾ་ཨཱ་ཀ་ཁ་ག་གྷ་ནས་ཌ་ཌྷྜྷ་ཨ་ལི་གཡོན་བསྐོར་ཀ་ལི་གཡས་བསྐོར་དུ་སོངས་བ་ཡོངས་སུ་གྱུར་པ་ལས་ཨ་ོཾཨཱཿཧཱུྃ་གི་ཡི་གེ་བརྩེགས་མར་གནས་པ་དེ་དག་ལས་འཁོར་ལོ་གསུམ་གྱི་ལྷ་རྣམས་འཕྲོས་འགྲོ་བའི་དོན་བྱས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་འོད་དུ་ཞུ་ནས་ཡི་གེ་གསུམ་ལ་རིམ་པ་བཞིན་ཐིམ། ཨོཾ་ཡིག་ཞུ་བས་སྦྱངས། ཨཱཿཡིག་གིས་མང་པོར་སྤེལ། ཧཱུྃ་ཡིག་གིས་སྦར་བ་དང་ཡེ་ཤེས་ཀྱི་བདུད་རྩིར་བྱས། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་གཏོར་མ་བཟའ་བ་བཅའ་བ་ཆང་ལ་སོགས་པའི་བཏུང་བ་ཇི་ཙམ་རྙེད་པ་བྱིན་གྱིས་བརླབས་ལ། འབར་བའི་ཕྱག་རྒྱ་དང་སྟང་སྟབས་བཅས། ཕེཾ་ཕེཾ་ཕེཾ། གུ་རུ་ཤྲཱི་བཛྭ་ཧེ་རུ་ཀཿཨཀཌྜྷྱ་ཡ་ཨཀཌྜྷྱ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥ་ཡ་ཏོ་ཥ་ཡ། སརྦ་བཛྭ་ཌཱ་ཀི་ནི་སྲི་ད་ཡ། ཨ་བ་ཏོ་ཥ་ཡ། ཛཿཧཱུྃ་བཾ་ཧོཿཨོཾ་ཨཱཾཿཧཱུྃ། སརྦ་ཝི་ར་ཡོ་གི་ནཱི་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཡེ་ཤེས་ཀྱི་འཁོར་ལོ་སངས་རྒྱས་དང་བཅས་བྱང་སེམས་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མའི་གཟུགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། དེ་ལ། ཨོཾ་ཨཱཿབཛྭ་ཨརྒྷཾ་ཧུཾ་ཧཱུྃ་ཕཊ྄྄། དེ་བཞིན་དུ། ཨོཾྎ པཱདྱཾྎ ཨཉྩྨ་མཱ་ནཱིྎ པུཥྤེྎ དྷུ་པེྎ ཨཱ་ལོ་ཀེྎ གྷནྡྷེྎ ནཻ་ཝིདྱེྎ ཤཔྟ་ཧཱུྃྎ ཨོཾྎ ཨཱ་དརྴྎ ཝི་ནིྎ གྷནྡྷེྎ རཀྵྼེྎ ཨོཾྎ སྤརྴེ་ཧཱུྃ་ཧཱུྃ་ཕཊ྄྄ཿ ཨ་ཨཱཿཨི་ཨཱིཿསོགས་ཞེས་པ་ནས་ཨཾ་ཨཱཿལག་པ་གཡོན་ཨ་ལི་ལས་ཟླ་བ། ཀ་ཁ་ག་གྷ་ང་སོགས་ནས་ཌ་ཌྷྜྷ། ལག་པ་གཡས་ཀཱ་ལི་ལས་ཉི་མ་ཁ་སྦྱོར་གྱི་བར་དུ་ཧཱུྃ། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨྨུཔ་ར་སྤ་ར་ཨ་ནུ་པྲ་བིཥྚཿ སརྦ་དྷརྨྨུ་ཨ་ཏནྟུ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུྃ་དེ་དག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ཐལ་མོ། དེའི་སྟེང་དུ་གཏོར་མ་བཞག་ནས་བཞེས་པའི་དོན་དུ་ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེ་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ནས་ལག་པ་པད་ཀོར་བྱས་ཏེ། ས་མ་ཡཧྶཾ། ས་མ་ཡ་ཧོཿཞེས་ལན་གསུམ་བརྗོད་པས་མཆོད་བྱ་མཆོད་བྱེད། མཆོད་པ་ཐམས་ཅད་ཐ་མི་དད་པར་གྱུར། ཨོཾ་ཨ་ར་ལི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྭ་ཌཱ་ཀི་ནཱི་ས་མ་ཡ་ཧྶཾ་དྲིཥྱ་ཧོཿགཙོ་བོ་ནས་གཤིན་རྗེ་འཇོམས་མའི་བར་ལ་ཕྱོགས་གཡོན། མཚམ་གཡས་བསྐོར་གྱིས་འབུལ་ཞིང་། ཡེ་ཤེས་ཀྱི་མགྲོན་གཞན་ཐམས་ཅད་ལ། ཨོ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། ཞེས་པའི་སྔགས་ཀྱིས་སྟོབ་བོ་དེ་ནས་ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་སྦུ་གུ་ཅན་གྱི་ས་གསོལ་བས་མཉེས་པར་གྱུར། སྔར་བཞིན་ཨོཾ་ཨཱཿབཛྭ་ཨརྒྷཾ་ནས་ཤཔྟའི་བར་དང་། འདོན་ཡོན་ལྔའི་སྔགས་བཅས་ཀྱི་མཆོད་དོ། །བསྟོད་པ་ནི། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་སོགས་དང་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་དང་། ཇི་སྙེད་མ་སོགས་ཀྱིས་བསྟོད། སྲིད་དང་ཞི་བ་མཉམ་པས་ཆགས་པ་བཅོམ་ཞིང་ཡང་དག་ལྟ་བ་བཅོམ། །ཁྱོད་ནི་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ཆུ་ཡི་བརྗིད་ཀྱིས་བརླན་པར་གྱུར་པའི་ཐུགས་ཀྱི་ཆུས། །བདག་ལ་མཛོད་ཅིག་ལྷ་མོ་རྣམས་ཀྱི་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། །ཞེས་བརྗོད་པ་འདིས་དངོས་གྲུབ་བླངས་ཕྱག་རྒྱ་སྔར་བཞིན་གྱིས་འཇིག་རྟེན་པ་རྣམས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཱཀྵས། བྷཱུཏ། པྲེཏ། པི་ཤཱ་ཙ། ཨུཏྨཱ་ད། ཨཔ་སྨཱ་ར། བཛྭ་ཌཱ་ཀ ཌཱ་ཀི་ནྱཱ་ད་ཡ། ཨི་དཾ་བ་ལིཾ་གྲྀནྟུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུཉྫྱ་ཐ། ཁཱ་ད་ཐ། པི་ཝ་ཐ། ཛི་གྷ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀ་ར་ཏ་ཡ། སཏྶུ་ཁཾ། བི་ཤུདྡྷཡེ་ས་ཧཱ་ཨེ་ཀ་བྷ་ཝན་ཏུ་ཧུཾ་ཧཱུྃ་ཕཊ྄྄། ཞེས་ལན་གསུམ་གྱིིས་འབུལ། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །སོགས་གོང་བཞིན་བརྗོད་ཅེས་འདོད་པའི་དངོས་གྲུབ་བླངས། བརྡའི་ལག་པས་བརྡ་བསྟེན་ཏེ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷཱོཧཾ། ཞེས་བྱ་བ་བཟོད་ཅིང་པདྨ་སྐོར་པའི་ཕྱག་རྒྱས་མཉེས་པར་བྱས་ཏེ་ཉེ་བར་བསྡུ་བའི་ཕྱག་རྒྱ་མི་ཕྱེད་པར་འཁྱུད་པ་སྔོན་དུ་འགྲོ་བས་མཐེ་བོང་དང་སྲིན་ལག་སེ་གོལ་བརྡབ་པར་བྱ་སྟེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །ཨོཾ་བཛྭ་མུཿ། གཏོར་མགྲོན་ཡེ་ཤེས་པ་རྣམས་བདག་ཉིད་ལ་ཐིམ། །འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་སྔོན་དུ་འགྲོ་བས། སྐྱེས་པའི་ཐོད་པ་བཟང་པོར་མྱོས་བྱེད་རྣམ་པ་བརྒྱད་པོ་གང་རུང་གིས་བཀང་སྟེ་པདྨའི་བསྐོར་བས། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་དང་། །རང་བཞིན་གཅིག་ཏུ་དགོངས་ནས་གསོལ། །ཞེས་སློབ་དཔོན་ལ་སྟོབ་དེས་པདྨའི་བསྐོར་བའི་མཐར། བ་དན་གསུམ་པའི་ཕྱག་རྒྱ་བྱས་ལ། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡིན། །དེ་བཞིན་དུ་ནི་བདག་ཕྱག་འཚལ། །ཞེས་བརྗོད་པས་བླངས་ཏེ་བཏུང་། དེ་ནས་བཟའ་བ་སོགས་ལོངས་སྤྱོད། མོ་གཙོ་བོ་ཡིན་ན་ཤ་ཐོག་མར་རོལ། དེ་ནས་ཕྱག་རྒྱ་དང་སྤྱོད་དེ་རྒྱུ་འདི་ལས་ནི་ཚོགས་ཀྱི་འཁོར་ལོར་འགྱུར་ལ། གཞན་ཡིད་ཀྱིས་རོལ་པ་ཙམ་ནི་སྟོན་མོ་ཞེས་བརྗོད་ཀྱིས། ཚོགས་ཀྱི་འཁོར་ལོའི་མིང་མི་ཐོབ་བོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་ཁ་ཆང་གིས་བཀང་། འབར་བའི་ཕྱག་རྒྱ་བཅས་ཧཱུྃ་ཞེས་དྲག་པོས་ཁ་ཁྲུ་བཏབ་ལ།ཨོཾ་ཨཱཿབཛྭ་པཥྤེ་ཧུཾ་ཧཱུྃ་ཕཊ྄྄། ནས་ནཻ་ཝིདྱེ་ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚ་བ་ལིངྟ་ཨུ་ཙྪིཥྚ་བྷཀྵེ་བྷྱཿསྭཱ་ཧཱ། ཞེས་འབྱུང་པོ་འཆོལ་བ་རྣམས་ལ་སྦྱིན། སྦྱིན་པ་ལ་སོགས་ཐམས་ཅད་ཀྱིས་ནི་འགྲོ་བའི་ཡིད་ཀྱི་འདོད་པ་མཆོག་ནི་ཀུན་རྫོགས་མཛད། ཧེ་རུ་ཀ་དཔལ་མཁའ་འགྲོ་མ་སོགས་རྣམ་རྟོག་གཏི་མུག་གྲོང་ཁྱེར་ཐམས་ཅད་ཕྱེ་མར་བརླག །གང་ཞིག་འཁོར་ལོ་རབ་ཏུ་བསྐོར་ཞིང་བླ་མ་རྒྱལ་བའི་ཡེ་ཤེས་འབྱུང་གནས་མཐར་ཕྱིན་མཛད། །དེ་ནི་སྙིང་རྗེ་ཆེན་པོས་དབང་གྱུར་འཕགས་པ་རྣམས་ཀྱི་རྟག་ཏུ་མྱུར་བར་བཀྲ་ཤིས་ཡིན། །སོགས་ཀྱི་བཀྲ་ཤིས་ཀྱི་གླུ་བླང་ངོ་། །དེ་ནས་དགེ་བ་བསྔོ་བ། ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཉེས་ལྟུང་དྲི་མས་མ་གོས་ཤིང་། །རླབས་ཆེན་སྤྱོད་པ་རྫོགས་པ་དང་། །ཧེ་རུ་ཀ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་ཐོབ་པར་ཤོག །འཁོར་འདས་ཀུན་གྱིས་དུས་གསུམ་བསགས་པ་ཡི། །ཡོད་པའི་དགེ་བ་མ་ལུས་གཅིག་བསྡུས་ནས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུམ་རྒྱལ་སྲིད་ཆེན་པོ་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། དེ་ནས་རྗེས་ཀྱི་བྱ་བ་ལ། གཏང་རག་གི་དོན་དུ། ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། པདྱཾྎ །ཨཉྩྨ་མ་ཎཾྎ པུཥྤེྎ ནས་ཤཔྟའི་བར་དང་། ཨ་དརྴྎ བཱི་ནིྎ གནྡྷེྎ ར་ཀྵྼྎ སྤརྴེྎ དྷརྨེ་ཞེས་མཆོད། གང་གིས་དྲིན་གྱི་སོགས་དང་། བཅོམ་ལྡན་མགོན་པོ་དཔའ་བོའི་དབང་ཕྱུག་སོགས་ཀྱིས་བསྟོད། ཡིག་བརྒྱ་དང་། མ་འབྱོར་པ་སོགས་ཀྱིས་ནོངས་བཤགས་དང་བཟོད་གསོལ་བྱ། མདུན་བསྐྱེད་ཀྱི་ཡེ་ཤེས་པ་རྟེན་ལ་བསྟིམ། དམ་ཚིག་པ་བདག་ལ་བསྡུ། སྙིང་ཁའི་འོད་ཀྱི་སྣོད་བཅུད་ཐམས་ཅད་བསྡུས་ཏེ་གཞལ་ཡས་ཁང་། དེ་ཡང་མེ་ལོང་ལ་རླངས་པ་འདུ་བ་བཞིན་ཧེ་རུ་ཀ་ལྔ་ལ། འཁོར་བཞི་གཙོ་བོ་ལ། གཙོ་བོའི་ལུས་ཀྱི་དཔའ་མོ་ཉེར་བཞི་རྩའི་རང་བཞིན། དཔའ་བོ་ཁམས་བྱང་ཆུབ་སེམས་ཀྱི་རྣམ་པས་གང་བར་གྱུར་པ་དེ་དག་ལྷ་མོ་བཅུ་གཉིས་ལ། དེ་དབུས་ཀྱི་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཡས་འདུས་མས་འདུས་ཏེ་ཉི་མའི་སྟེང་གི་ཧཱུྃ་ཡེ་ཤེས་ལྔའི་ངོ་བོ་ལ། དེ་རིམ་གྱིས་འདུས་ཏེ་སྒྲ་རིས་ཙམ། དེ་ཡང་སྟོང་ཉིད་དུ་ཡལ་བས་ཕྱིའི་སྐུ་གཅིག་ཏུ་འདུས་པར་གྱུར་པ། དེའི་ལུས་ཨོཾ་ལ། ངག་ཨཱཿལ། ཡིད་ཧཱུྃ་ལ། གཉིས་པོ་ཧཱུྃ་གཅིག་པུ་ལ། དེ་ཡང་ནམ་མཁའ་ལ་སྤྲིན་དྭངས་པ་བཞིན་ཇེ་ཆུང་དུ་སོང་ནས་སྟོང་ཉིད་དབྱིངས་དང་དབྱེར་མེད་དུ་གྱུར་པ་ལ་མཉམ་པར་བཞག །དེ་ལས་ལྡང་ཚེ་སླར་ཡང་ཧེ་རུ་ཀ་ཕྱག་གཉིས་པའི་སྐུར་ལྡང་། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་སོགས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་ཡོངས་སུ་དགེ་བར་བྱའོ། །དབང་གི་སྟ་གོན་དང་འཇུག་པ་དཀྱིལ་འཁོར་རྒྱས་པས་ཁ་བསྐང་ན་བཅུ་གསུམ་མའི་དབང་བསྡུས་པར་ཡང་འགྱུར་རོ། །ཞེས་པདྨ་དཀར་པོས་སྦྱར་བའོ།། །།མངྒ་ལཾ།།


previousསྙན་བརྒྱུད་ཡབ་བཀའ་ལུས་དཀྱིལ་ཀྱི་སྒྲུབ་ཐབས་ཡེ་ཤེས་གཏེར་མཛོད།next