Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
བདེ་མཆོག་དམར་པོའི་འཁོར་ལོའི་ཁ་བྱང་།
   
   
   
   
   
   
   


 
previousབདེ་མཆོག་དམར་པོའི་འཁོར་ལོའི་ཁ་བྱང་།next

བདེ་མཆོག་དམར་པོའི་འཁོར་ལོའི་ཁ་བྱང་།

བདེ་མཆོག་དམར་པོའི་འཁོར་ལོའི་ཁ་བྱང་བཞུགས་སོ། །དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །འདིར་བདེ་མཆོག་དམར་པོའི་འཁོར་ལོ་བྱ་བར་འདོད་པས། མུ་ཁྱུད་དྲུག་པ་ལྟེ་བ་དང་བཅས་པའི་ལྟེ་བར་བདེ་མཆོག་འདོད་པའི་རྒྱལ་པོ། དེའི་མཐར། ཨོཾ་སྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ྄ཿསྭཱཧཱ། ཨོཾ་གཡེཾ་གཡེཾ། ཀཾ་ཀཾ །ཙག་ཙག དུང་དུང་། ཁམས་གསུམ་སྲིད་པའི་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་སརྦ་དུཥྚུན་བདག་ཆེ་གེ་མོའི་དབང་དུ་ཨཱ་ཀརྵ་ཡ་ཛ་ཛ་སྲིཾ་སྲིཾ་ཨ་ཨ། ས་མ་ཡ། ཛཿཧཱུྃ་བཾ་ཧོཿ ལྷ་འདྲེ་མི་གསུམ་གྱི་རྣམ་ཤེས་ཨེ་ནྲྀ་ཨ་པ་ཤཾ་ཀུ་རུ་ཨཱ་ཀརྵ་ཡ་སྭཱཧཱ། ཨོཾ་འགུལ་འགུལ་སྲིཾ་སྲིཾ། མ་མ་ཁ་ཤི་པཾ་མི་སྙིང་སྒུལ་དཀྲུགས་བསྒྱུར་སྲིཾ་སྲིཾ་ཛ་ཛ་པ་ཤཾ་ཀུ་རུ་ཡེ་བསྡུས་བསྡུས། མ་མ་ཁ་ཤི་པཾ་པཾ་ཛ་ཛ་སྭཱཧཱ། གཞན་ཡང་འདོད་གསོལ་གང་འདོད་བྲི། དེའི་ཕྱིའི་མུ་ཁྱུད་ལ་དབྱངས། འདོད་གསོལ། དེའི་ཕྱིར་རྩིབས་བཞིའི་དབུའི་ཕྱོགས་ལ། ཨོཾ་ཧ་རི་ནི་ས་ཏྲི་ཏྲི་ཕེཾ་ཕེཾ་དྷ་ཀི་ནི་སརྦ་དུཥྚུན་པ་ཤཾ་ཀུ་རུ་ཨཱ་ཀརྵ་ཡ་ཛ་ཛཿསྲིཾ་སྲིཾ་སྭཱཧཱ། གཡོན་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱཧཱ། ཨོཾ་བ་སུ་དྷ་རི་ནི་སྭཱཧཱ། འདོད་གསོལ། ཨོཾ་སྲཱིཿཨཱཿཧཱུྃ་ཨ་པ་ར་ཙིཏྟ་སྲི་སྭཱཧཱ། ཨུ་མ་རི་སྲིཾ་སྲིཾ་ཛྷྱོཾ་བྷ་རི་ཛྷྱོཾ་བྷ་རི་སྲིཾ་སྲིཾ་སྭཱཧཱ། འདོད་གསོལ། གཡས་ལ། ཨོཾ་མ་ཧཱ་དེ་ཝ་སྲིཾ་ཛ་ཨེ་མཉྫྱུ་ཀུཔྟ་ཧཱུྃ་ཀ་བྷི་ར་ཀོ་བྷི་ར་བ་སུ་དྷ་རི་ནི་དུང་དུང་སྭཱཧཱ། ཨུ་གེ་ཨུ་གེ་ལོ་ཀ་ཏྲི་མི་ནོར་ཟས་གསུམ་མ་མ་པ་ཤཾ་ཀུ་རུ་ཨཱ་ཀརྵ་ཡ་སྭཱཧཱ། རྩིབས་མཆན་ལ་ཨུ་གེ་སོགས། དེའི་ཕྱིར་རྩིབས་བཅོ་བརྒྱད་ལ་དྲེགས་པ་བཅོ་བརྒྱད་ཀྱི་སྲོག་སྔགས། ༡ ཡ་མ་ཡ་ཛ་ཨུ་གེ་ལོ་ཀ་ཏྲི་མི་ནོར་ཟས་ལོངས་སྤྱོད་བདག་གི་པ་ཤཾ་ཀུ་རུ་ཨཱ་ཀརྵ་ཡ་སྭཱཧཱ། ༢ མ་མ་རུ་ལུ་མ་ཛཿཨུ་མན་སྔར་བཞིན། ༣ དེ་ཝ་ཨ་ཛ། ༤ ཏིརྟི་ཀ་ཐཱ་ཛཿ ༥ དུ་ཁྲག་དུ་ཛཿ ༦ དུནྟིཾ་དུ་ཛཿ ༧ རཀྴ་ར་ཛཿ ༨ རག་མོ་ཛ་ཛཿ ༩ རུ་དྲ་ནི་ཛཿ ༡༠ ཡཀྵ་ཀྵ་ཛཿ ༡༡ ཡག་མོ་ཀྵ་ཛཿ ༡༢ རཱ་ཛ་ཙ་ཛཿ ༡༣ མུན་མུན་ཛཿ ༡༤ ཤུ་ལ་ཏྲི་ཛཿ ༡༥ བཛྭ་སཱ་དྷུ་ཏྲི་ཛཿ ༡༦ ཧཾ་ཤཾ་ཏྲི་ཛཿ ༡༧ རུ་ཏྲི་ཏྲི་ཛཿ ༡༨ ས་ན་ག་ཕུ་ཛཿརྩིབས་མཆན་ལ་དབང་དུ་བྱ་འདོད་པའི་དོན། དེའི་ཕྱིའི་མུ་ཁྱུད་ལ། ཨོཾ་བཛྭ་སརྦ་དུཥྚུན་ཡ་མ་ཡ་ཐོ་མ་མ་རུ་ལུ་མ་སོགས་དྲེགས་པའི་སྔགས་མཐར། ཨེ་ཏྲིག་ནན་ཨེ་ཧུར་ཐུམས་ཛཿཨཱ་ཀརྵ་ཡ་ཛ་ཛཿསྲིཾ་སྲིཾ། ཨུ་གེ་ཨུ་གེ་སོགས་དང་། ཨོཾ་གཡེཾ་སོགས་ཀྱི་མཐར། མ་མ་ཁ་ཤི་བཾ་སྙིང་སྒུལ། དཀྲུགས། སྒྱུར་ཞིག་སྲིཾ་ཛཿཧཱུྃ་སྭཱཧཱ། དེའི་ཕྱིའི་གསལ་བྱེད་ཡེ་དྷར། ཨོཾ་སརྦ་བིདྱཱ་སྭཱཧཱ། སུ་པྲ་ཏིཥྛ་བཛྭ་ཡེ་སྭཱཧཱ། འདོད་གསོལ། དེའི་མཐར་ལྕགས་ཀྱུ་བར་དུ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་པ་ཤཾ་ཀུ་རུ་ཧཱུྃ་ཛཿརྣམས་ཡིག་མགོ་ཕྱིར་བསྟན། དེའི་མཐར་བདེ་མཆོག་འདོད་རྒྱལ་གྱི་སྐུའོ། །ཡུམ་འཁོར་མུ་ཁྱུད་གྲངས་འདྲ་བའི་ལྟེ་བར་ཡུམ། དེའི་མཐར་ཨོཾ་ཛམྦྷཻ་མོ་ཧ་ཡ་ཧ་རི་ནི་ས་སྭཱཧཱ། ཨོཾ་གཡེཾ་སོགས། དེའི་ཕྱིར་ཨཱ་ལི། དེའི་ཕྱིར་རྩིབས་བཞི་གཡོན་བསྐོར། རྩིབས་མཆན་ལ་ཨུ་གེ་སོགས། དེའི་ཕྱིར་དྲེགས་པ་བཅོ་བརྒྱད་གཡོན་བསྐོར། དེའི་ཕྱིར་སྟོབས་ལྡན་ནག་པོའི་སྔགས། ཕྱིར་གསལ་བྱེད་ཡེ་དྷར་སོགས་ཡིག་མགོ་ཕྱིར་བསྟན་ལ་བྲིའོ། །དེའི་ཕྱིར་ལྕགས་ཀྱུ་དང་ཡུམ་གྱི་སྐུའོ། །བུ་འཁོར་གཞན་ཡུམ་དང་མཐུན་པ་ལ་ལྟེ་བ་དང་ཕྱིར་གཟའ་གཟུགས་ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་པ་ཤ་མི་ཀེ་པ་སྲིཾ་ཛཿ ཨོཾ་གཡེཾ་སོགས་འདི་རྣམས་བྱང་སེམས་དཀར་དམར་མེ་ཏོག་གླང་སྣ། ཧ་ལོ། ཁུག་ཆོས། མཚལ་དང་སིནྡུ་ར། ཙན་དན་དམར་པོས་བསྐུས། ཡུམ་འཁོར་འོག དེའི་སྟེང་དུ་བུ་འཁོར་ཡར་བསྟན། དེ་དང་རང་གི་རཱུ་པ་རྒྱབ་ཏུ་རྟེན་འབྲེལ་སྙིང་པོ་བྲིས་པ་རང་གི་དྲི་མས་བྱུག་པ་ཁ་སྦྱར། དེའི་སྟེང་དུ་ཡབ་འཁོར་བཞག་གོ །དབུ་ཞབས་མ་ནོར་བར་དྲིལ་ལོ། །པདྨ་དཀར་པོའི་སྦྱིན་པར་བྱས་པའི་ཆོས་སོ། །མངྒ་ལཾ།། །།


previousབདེ་མཆོག་དམར་པོའི་འཁོར་ལོའི་ཁ་བྱང་།next