Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
མ་ཧཱ་མཱ་ཡཱའི་ཆོ་ག་སྒྱུ་མ་ཆེན་པོ་སྣང་བ་ཞེས་བྱ་བ་དང་དཀྱིལ་འཁོར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ།
   
   


 
previousམ་ཧཱ་མཱ་ཡཱའི་ཆོ་ག་སྒྱུ་མ་ཆེན་པོ་སྣང་བ་ཞེས་བྱ་བ་དང་དཀྱིལ་འཁོར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ།next

མ་ཧཱ་མཱ་ཡཱའི་ཆོ་ག་སྒྱུ་མ་ཆེན་པོ་སྣང་བ་ཞེས་བྱ་བ་དང་དཀྱིལ་འཁོར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ།

མ་ཧཱ་མཱ་ཡཱའི་ཆོ་ག་སྒྱུ་མ་ཆེན་པོ་སྣང་བ་ཞེས་བྱ་བ་དང་དཀྱིལ་འཁོར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་བཅས་བཞུགས་སོ། །ཕྱག་རྒྱ་ཆེ་དང་རྗེས་ཆགས་པའི། །སྒྱུ་འཕྲུལ་ཆེན་མོ་ཧེ་རུ་ཀར། །ཕྱག་བྱས་དེ་ཡི་སྒྲུབ་པའི་ཐབས། །ཀུ་ཀུ་རི་པའི་ལུགས་བཞིན་དགོད།། དུར་ཁྲོད་ལ་སོགས་པའི་གནས་སུ་བདེ་བའི་སྟན་ལ་རྣལ་འབྱོར་གྱི་ཡོ་བྱད་ཚང་བར་བསྟར་ནས། འདི་ལྟར་བསྒོམ་པར་བྱ་སྟེ། རང་གི་སྙིང་གར་ཉི་མ་ལ་ཧཱུྃ། དེའི་འོད་ཟེར་གྱིས་མཧཱ་མཱ་ཡཱའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས་ཤིང་། འོད་ཟེར་དེ་ཉིད་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། ཨོཾ་ཨཱཿབཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤཔྟའི་བར་གྱི་ཉེར་སྤྱོད་དང་། ཨོཾ་ཤྲཱི་ཧེ་རུ་ཀ་པཉྩྨ་ཌཱ་ཀི་ནཱི་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་བདུན་རྣམ་དག་བྱ། ཚོགས་ཞིང་རང་ཉིད་ལ་ཐིམ། ཨོཾ་ཤུ་ནྱ་ཏཱ་ཛྙྱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ནམ་མཁར་ཉི་མ་ལ་ཧཱུྃ། དེ་ཡོངས་སུ་གྱུར་པ་ལས་འོག་ཐམས་ཅད་སྣ་ཚོགས་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་མདའི་དྲྭ་བ་དང་བཅས་པའི་རྡོ་རྗེའི་གུར། ཕྱི་རོལ་མེ་ཁ་དོག་ལྔས་ཡོངས་སུ་བསྐོར་བའི་ནང་དུ་ཆོས་འབྱུང་སྔོན་པོ། དེའི་ནང་དུ་རླུང་མེ་ཆུ་དང་སའི་དཀྱིལ་འཁོར་རི་རབ་དང་བཅས་པ་དེ་དག་ཞུ་བ་ལས་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་མཚན་ཉིད་ཡོངས་སུ་རྫོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ནང་སྣ་ཚོགས་པདྨ་ཕྱོགས་སྔོ་སེར་དམར་ལྗང་མཚམས་དཀར་བ་རྡོ་རྗེའི་འཕྲེང་བ་སྔོན་པོས་སྤྲས་པའི་ལྟེ་བ་དང་ཕྱོགས་ལ་ཉི་མའི་གདན་གྱི་སྟེང་ཐིག་ལེ་དཀར་པོ་རེ་རེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས་པ་ལས། ཕྱོགས་ཀྱི་ཐིག་ལེ་བྱམས་སོགས་ཚད་མེད་བཞིའི་རང་བཞིན་གྱི་ལྷ་མོར་གྱུར་པ་རྣམས་ཀྱིས། ཀྱེ་མ་གཉེན་མཆོག་རྡོ་རྗེ་འོད་ཀྱིས་པདྨ་ཁ་ཕྱེ་ཞིག ཨ་ལ་ལ་ལ་ཧོཿ བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཉི་མའི་དཀྱིལ་འཁོར་པདྨ་ཁ་རབ་འབྱེད་པ་ཞིག །བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཅེས་པའི་གླུས་བསྐུལ་ནས་ལྷ་མོ་དག་སླར་ཐིག་ལེར་ཐིམ། འགྲོ་བ་ཐམས་ཅད་འཁོར་བ་ལས་བསྒྲལ་བར་བཞེད་པ་སྒྱུ་མ་ལྟ་བུའི་གཟིགས་པས་ཐིག་ལེ་ཧཱུྃ་དུ་གྱུར་ཅིང་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་སྐུ་མདོག་སྔོན་པོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན། ཕྱག་བཞི་པ་གཡས་པ་གཉིས་ན་ཀ་པཱ་ལ་དང་མདའ། གཡོན་པ་གཉིས་ན་ཁ་ཊྶཱཾ་ག་དང་གཞུ་འཛིན་པ། རྩ་བའི་ཕྱག་གིས་རང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐལ་ཆེན་གྱིས་བྱུགས་པ། ཐོད་སྐམ་གྱི་ཅོད་པན་དང་མགོ་རློན་གྱི་དོ་ཤལ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིའི་པགས་པ་བགོས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་ཅན་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། ཤར་གྱི་འདབ་མར་རྡོ་རྗེ་མཁའ་འགྲོ་སྔོན་མོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི། གཡས་པ་གཉིས་ན་རྡོ་རྗེ་དང་ཀ་པཱ་ལི། གཡོན་པ་གཉིས་ན་དྲིལ་བུ་དང་ཁ་ཊྶཱཾ་ག་འཛིན་པ། ས་དང་མེ་ལོང་ལྟ་བུའི་རང་བཞིན་ཅན། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་སེར་སྔོ་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་རིན་པོ་ཆེའི་རྒྱལ་མཚན་དང་ཏྲི་ཤཱུ་ལ། གཡོན་པ་གཉིས་ན་བ་དན་དང་ཅེ་སྤྱང་གི་མགྲིན་པ་དམ་དུ་འཛིན་པ། ཆུ་དང་མཉམ་པ་ཉིད་ཀྱི་རང་བཞིན་ཅན། ནུབ་ཏུ་པདྨ་མཁའ་འགྲོ་དཀར་མོ་དཀར་སེར་ལྗང་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་སྣ་ཚོགས་པདྨ་དང་མདའ། གཡོན་པ་གཉིས་ན་ཀ་པཱ་ལ་དང་གཞུ། མེ་དང་སོ་སོར་རྟོག་པའི་རང་བཞིན་ཅན། བྱང་དུ་སྣ་ཚོགས་མཁའ་འགྲོ་ལྗང་མོ་ལྗང་སེར་དཀར་སྔོ་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་རལ་གྲི་དང་ཌཱ་མ་རུ། གཡོན་པ་གཉིས་ན་ཞགས་པ་དང་ཀ་པཱ་ལ། རླུང་དང་བྱ་བ་གྲུབ་པའི་རང་བཞིན་ཅན། ཐམས་ཅད་ཀྱང་སྤྱན་གསུམ་པ་སྒེག་པ་ལ་སོགས་པའི་ཉམས་དང་མཚན་དང་དཔེ་བྱད་དུ་ལྡན་པའི་གཅེར་མོ་ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་ཕྱག་རྒྱ་ལྔས་སྤྲས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ མིག་གཉིས་སུ་ཨ། རྣ་བ་གཉིས་སུ་ཁེ། སྣ་གཉིས་སུ་ཙི། སྙིང་གར་ར། ཐུགས་ཀའི་ཆ་སྟོད་དུ་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམས་པ་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་ཛཿ ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན། པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་ཝི་དྱཱྎ ཤཔྟྎ ཨོཾ་ཤྲཱི་ཧེ་རུ་ཀ་པཉྩྨ་ཌཱཀི་ནཱི་ཨོཾ་ཨཱཿཧཱུྃ། གིས་ནང་མཆོད་བདུད་རྩི་འབུལ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་འོད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ལག་པས་ལོ་མ་བུས་པའི་བདུད་རྩིའི་ཆུ་དང་བཀྲ་ཤིས་ཀྱི་གླུས་མངོན་པར་དབང་བསྐུར། གཙོ་བོ་ལ་མི་བསྐྱོད་པ། ལྷ་མོ་རྣམས་ལ་རིམ་པ་བཞིན་རྟག་པ་དང་། རིན་ཆེན། འོད་དཔག་མེད། དོན་གྲུབ་རྣམས་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་སྣ་ཚོགས་ཀྱིས་ལག་པ་བྲེལ་བའི་ལྷ་མོ་དཔག་ཏུ་མེད་པ་སྙིང་ག་ནས་སྤྲོས་ཏེ་དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོར་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་མོས་ཏེ། ཨོཾ་ཨཱཿབཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤཔྟའི་བར་སྔར་བཞིན་དང་། ཨོཾ་ཨཱ་བཛྭ་རཱུ་པ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། ཤཔྟྎ གནྡྷེྎ རཱ་སྎ སྤརྴེྎ སྤྲོ་ན། ཨོཾ་ཨཱཿབཛྭ་ཝིརྞི་ཧཱུྃ་ཧཱུྃ་ཕཊ྄། དེ་བཞིན་དུ། ཝཾ་ཤེྎ མུ་རཉྫྱེྎ སྨྲྀ་ཏཾ་གེྎ ཧཱ་ཀྵྼེྎ ལཱ་ཀྵྼེྎ གཱིརྟིྎ ནཱིརྟིྎ པཱུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ རཱུ་པྎ རཱ་ཀྵྼེྎ སྤརྴེྎ དྷཱརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། ཅེས་རིག་མ་བཅུ་དྲུག་གིས་ཀྱང་མཆོད། དེ་ནས་བསྟོད་པ་བྱ་སྟེ། མཆེ་བ་གཙིགས་པ་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་འཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ།། དེ་ནས། རྗེས་སུ་ཆགས་པ་བརྩམ་པའི་ཕྱིར་ལྷ་མོ་རྣམས་ཀྱིས། ཀྱེ། གྲོགས་པོ་མཆོག་གིས་བདག་ཅག་གི །པདྨོ་ཁ་ནི་རྣམ་དབྱེ་བར། །འོད་གསལ་བ་ནི་རྡོ་རྗེ་ཡིས། །བདེ་བ་ཉིད་མཛོད་ཨ་ལ་ལ་ཧོ། །གཙོ་བོ་ཡབ་ཡུམ་གྱི་མགོ་བོར་ཨོཾ། སྙིང་གར་ཧཱུྃ། ལྟེ་བར་སྭཱ། གསང་གནས་སུ་ཨཱཿ བརླ་གཉིས་སུ་ཧཱ་རྣམས་རིགས་ལྔའི་རང་བཞིན། ཡུམ་གྱི་མཁའ་སྲཱིཿདམར་པོ་ལས་པདྨ་དམར་པོ། བྷྲཱུྃ་ལས་བྱུང་བའི་གེ་སར་སེར་པོ། ཡབ་ཀྱི་གསང་བ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ། ཨོཾ་ལས་བྱུང་བའི་ནོར་བུ་དམར་པོ། ལྷ་མོ་རྣམས་ལ་གཟིགས་པའི་སྦྱོར་བ་དང་། ལྷན་ཅིག་རྡོ་རྗེ་དང་པདྨ་བསྐྱོད་ཅིང་ཕཊ྄་གྱི་སྒྲས་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་བཀུག ཞལ་ནས་ཞུགས། རྗེས་ཆགས་ཀྱིས་ཞུ་བ་རྡོ་རྗེ་ནས་ལྷ་མོའི་པདྨར་ལྷུང་བའི་བྱང་ཆུབ་ཀྱི་སེམས་ལྕེས་མྱང་བར་བསམ། དེ་ནས། བདག་གི་སྙིང་གར་འབྱུང་བ་བཞིའི་རང་བཞིན་པདྨ་དམར་པོ་འདབ་མ་བཞིའི་དབུས་སུ་མེ་རླུང་གི་ངོ་བོ་དང་། ས་ཆུའི་བདག་ཉིད་ཀྱི་ཉི་མ་དང་ཟླ་བའི་རང་བཞིན་གྱི་ཐིག་ལེ་སྲན་མ་ཕྱེད་གཤགས་ཙམ་ཁ་སྦྱར་བ། ནང་དུ་ཐིག་ལེ་དཀར་པོ་ཙ་ན་ཀ་ཙམ་ཉི་ཟླ་ལ་མ་རེག་པ། འོད་ཀྱི་སྐུད་པ་བ་ཐག་ལྟ་བུ་ལས་བརྒྱུས་པའི་ཨཱ་ལི་བཅུ་དྲུག ཀཱ་ལི་སོ་བཞིའི་འཕྲེང་བ་ཉི་ཟླ་ཐིག་ལེ་གང་ལ་ཡང་མ་རེག་པ་ཐིག་ལེ་ལ་གཡས་སྐོར་དུ་ཚར་ཕྱེད་དང་བདུན་སྦྲུལ་འཁྲིལ་བ་ལྟར་བསྐོར་བར་བསམ་སྟེ། ཕྱིར་འབྱུང་བ་ན་འཕྲེང་བའི་མགོའི་ཨ་ལས་ཏོག་ཅེས་པའི་སྒྲ་བྱུང་བས་སྟེང་གི་ཟླ་བ་ཕུག་སྟེ། བུ་ག་ནས་ཡར་རླུང་གི་ངོ་བོའི་སྔགས་འཕྲེང་ཨོཾ་གྱི་རང་བཞིན་གྱི་སྣ་སྒོ་གཡས་ནས་ཕར་སོང་། ནང་དུ་འཇུག་པ་ཧཱུྃ་གི་སྒྲས་སྣ་སྒོ་གཡོན་ནས་བྱུང་སྟེ་ཟླ་བའི་བུ་ག་ལ་ཞུགས། གནས་པ་ཨའི་རང་བཞིན་གྱི་ཐིག་ལེ་ལ་གཡོན་སྐོར་དུ་ལན་ཕྱེད་དང་བདུན་བསྐོར་བ་དམིགས་ཏེ་ཙམ་ནུས་སུ་བཟླའོ། །ངལ་ན་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་ཨཱཿསྲཱིཿཧཱུྃ། གཙོ་བོའི་སྔགས་སོ།། ཨོཾ་བུདྡྷཱ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ཨོཾ་བཛྭ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། དེ་ནས། དངོས་པོ་དང་དངོས་པོ་མེད་པ་མཉམ་པར་མཐོང་བས་སྒྱུ་མ་ལྟ་བུའི་འདོད་པ་ལྔ་ལོངས་སྤྱོད་པའི་མཆོད་པ་ཙམ་སྟེ། གང་ཞིག་བདག་གིས་བྱས་བསོད་ཀྱིས། རྡོ་རྗེ་མཁའ་འགྲོ་བསྒོམ་གྱུར་ཅིང་། །དེ་ཡིས་རྡོ་རྗེ་མཁའ་འགྲོ་བདག །འགྲོ་དོན་ཕུན་ཚོགས་ཐོབ་གྱུར་ཅིག། ཅེས་དགེ་བ་བསྔོས། ཁམས་གསུམ་པོ་ཐམས་ཅད་ཧེ་རུ་ཀར་ཤེས་པས་རྗེས་སྤྱོད་ལ་འཇུག་གོ །བདུད་རྩི་དང་ཁ་ཟས་གཏོར་མ། ཧཱུྃ་དེ་ལས་མི་བསྐྱོད་པ་འཐོན་ཏེ་དེས་ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་ཕྱག་ཏུ་བླངས་དེ་ཉིད་ལ་ཐིམ་པས་སྦྱངས། ཨ་ལས་འོག་ཏུ་རླུང་དང་མེའི་འཁོར་ལོའི་སྟེང་དུ་ཀ་པཱ་ལ། དེའི་ནང་དུ་འོད་དཔག་མེད་བྱོན་ནས་བདུད་རྩི་བླངས། དེ་དག་ལ་ཐིམ། ཁ་དོག་དྲི་རོ་བཅུད་དྲི་མ་མེད་པའི་ཕུན་སུམ་ཚོགས་པར་སྦར་རོ། །ཨོཾ་ལས་རྣམ་སྣང་གིས་བདུད་རྩི་བླངས། དེ་དག་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་ཞུ། ཨོཾ་ཨཱཿཧཱུྃ་ལྕེ་རྩེ་རྡོ་རྗེ་སྦུ་གུ་ཅན་དེས་དྲངས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་གུ་་བྷཀྵ་བྷཀྵ་ཧཾ། ཞེས་པས་མྱང་། ཁྲུས་ལ་འཇུག་ཚེ་དབང་བསྐུར་བཞིན་ནོ།། ༈ ད་ནི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། དུར་ཁྲོད་ལ་སོགས་པའི་གནས་ཕྱིའི་དཀྱིལ་འཁོར་དུ་བྲི་བའི་དོན་དུ་མཎྜྻལ་ལ་དྲི་དང་བདུད་རྩིས་བྲན་ཏེ། ལྷ་གྲངས་ཀྱི་ཚོམ་བུ་བྱས། མཆོད་པས་མཐའ་བསྐོར་ཏེ། དེ་ལ། བསང་སྦྱངས། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་མི་དམིགས་པ་སྟོང་པའི་ངང་ལས་སྒྱུ་འཕྲུལ་ཆེན་མོ་ལྷ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར་པ་ནི། སྣ་ཚོགས་པདྨ་ཕྱོགས་སྔོ་སེར་དམར་ལྗང་མཚམས་དཀར་བ་རྡོ་རྗེའི་འཕྲེང་བ་སྔོན་པོས་སྤྲས་པའི་ལྟེ་བ་དང་ཕྱོགས་ལ་ཉི་མའི་གདན་གྱི་སྟེང་ཐིག་ལེ་དཀར་པོ་རེ་རེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས། ཡོངས་སུ་གྱུར་པ་ལས། དབུས་སུ་བཅོམ་ལྡན་འདས་མཱ་ཧཱ་མཱ་ཡ་སོགས་ལྷ་བསྐྱེད། དགུག་གཞུག་དབང་བསྐུར། མཆོད་རིག་མ་བཅུ་དྲུག་བཞག་ན་འཐུས་བསྟོད་ཀྱི་བར་སྒྲུབ་ཐབས་བཞིན་བྱས་ནས། སངས་རྒྱས་ཐམས་ཅད་བདག་ལ་དགོངས། །ཁྱེད་རྣམས་མཆོད་པའི་ཕྱིར་དང་ནི། །སློབ་མ་རྣམས་ལ་ཕན་པའི་ཕྱིར། །སྒྱུ་མ་ཆེན་མོ་ཞེས་བྱ་བའི། །དཀྱིལ་འཁོར་བཟང་པོ་བྲི་བར་འཚལ། །བདག་ལ་བྱིན་གྱིས་བརླབ་པར་མཛོད།། ཅེས་ལན་གསུམ་གྱིས་གསོལ་བ་གདབ་པས། བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་ལས་བྱོས་ཤིག་ཅེས་གནང་བ་བྱིན་ནས། ཡེ་ཤེས་པ་དབྱིངས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམ། དེ་ནས་ལག་པ་མཉམ་བཞག་ལས་གཡས་ས་ལ་ལན་གསུམ་བརྡེབས་པས། ས་འོག་ནས་སའི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་བུམ་པ་འཛིན་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལྟེ་བ་ཡན་ཆད་ས་གསེབ་ནས་འཐོན་པས་ཅི་བགྱི་ཞེས་བརྗོད་པ་གནས་པར་གྱུར། དེ་ལ། པྲི་ཐི་ཝཱི་དེ་ཝཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཾྎ བུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་ཝི་དྱཱྎ ཤཔྟྎ ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེངྒེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་པའི་བར་ལན་གསུམ་བརྗོད་པས། ལྷ་མོ་དེ་དགའ་བའི་མདངས་ཀྱིས། ཁྱོད་ནི་སློབ་དཔོན་ཡིན་པས་ན། །དཀྱིལ་འཁོར་མཆོག་གི་ལས་གྱིས་ཤིག །ཅེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་གྱུར། དེ་ནས། སྙིང་གའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་བྲེ་བྲག་གི་སའི་བདག་པོ་འཁོར་བཅས་ཨ་ཀརྵ་ཡ་ཛཿ ཞེས་པས་བཀུག བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་བྱིན། ས་ཕྱོགས་གནས་པའི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེ་ལྡན་པ། །རྡོ་རྗེའི་སྤྱན་དང་སྙན་མངའ་བ། །བདག་མིང་ཆེ་གེ་མོ་རྡོ་རྗེ་འཛིན་ཞེས་པ། །བདེ་གཤེགས་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དགེ་བའི་ས་ཕྱོགས་འདི་ཉིད་དུ། །དཀྱིལ་འཁོར་དམ་པ་ཆེར་འབྱུང་བ། །སྒྱུ་མ་ཆེན་མོ་རྒྱུད་རྒྱལ་གྱི། །དཀྱིལ་འཁོར་ཆེན་པོའི་ལས་བྱེད་པས། །ཁྱོད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད།། ལན་གསུམ་གྱིས་གསོལ་བ་བཏབ། ཅི་དགའ་བར་གྱིས་ཤིག་ཅེས་དགའ་བས་གནང་བ་བྱིན་ཏེ། བཛྭ་མུཿརང་གནས་སུ་གཤེགས། ཚོམ་བུ་དང་མཆོད་རྫས་བསྡུ། ཕྱོགས་དེ་ཉིད་དུ་ཞི་བའི་སྦྱིན་སྲེག་བྱ། ལྷོ་འཕྱེ་བརྟག རོ་ལྔ་བསལ། ས་ལ་བདུད་རྩི་ལྔ་དང་དྲི་ཆུ་ཧཱུྃ་བཟླས་པས་འཁོར་བའི་སས་དགང་འཐས་པར་བཅག ཁར་དྲི་དང་བ་བྱུང་གི་རྣམ་ལྔས་བྱུག མེ་ཏོག་གསིལ་མ་བཀྲམ། སུམྦྷ་ནི་ལན་བདུན་གྱིས་སྦྱངས། དེ་ནས་སློབ་དཔོན་རྒྱན་དྲུག་སོགས་པས་བརྒྱན་ཏེ། རྡོ་རྗེ་དྲིལ་བུ་དང་ལྡན་པས། ཧཱུྃ་ཁཾ་ཞེས་པས། ས་གཞི་ནམ་མཁར་སོང་། ཧཱུྃ་ལཾ། ཞེས་པས། སླར་རྡོ་རྗེའི་རང་བཞིན་དུ་གྱུར། ཨོཾ་མེ་དི་ནཱི་བཛྭཱི་བྷ་ཝ་བཛྭ་བནྡྷ་ཧཱུྃ། ས་གཞི་རྣམ་པར་དག་པ་དེ་བཞིན་ཉིད་དུ་མོས། དེ་ནས་དེར། རང་གི་སྙིང་གར་ཉི་མ་ལ་ཧཱུྃ་སོགས་ཚོགས་བསགས་ནས་བཟླས་པ་རྫོགས་པའི་བར་སྒྲུབ་ཐབས་བཞིན་བྱས། སློབ་དཔོན་སྟེགས་ཀྱི་ཁར་འདུག སློབ་མ་རྣམས་ཕྱོགས་སུ་བཀོད། གཏོར་མ་བསང་སྦྱངས། གཏོར་མ་ཧཱུྃ་དེ་ལས་མི་བསྐྱོད་པ་འཐོན་ཏེ་དེས་ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་ཕྱག་ཏུ་བླངས་དེ་ཉིད་ལ་ཐིམ་པས་སྦྱངས། ཨ་ལས་འོག་ཏུ་རླུང་དང་མེའི་འཁོར་ལོའི་སྟེང་དུ་ཀ་པཱ་ལ། དེའི་ནང་དུ་འོད་དཔག་མེད་བྱོན་ནས་བདུད་རྩི་བླངས། དེ་དག་ལ་ཐིམ། ཁ་དོག་དྲི་རོ་བཅུད་དྲི་མ་མེད་པའི་ཕུན་སུམ་ཚོགས་པར་སྦར་རོ། །ཨོཾ་ལས་རྣམ་སྣང་གིས་བདུད་རྩི་བླངས། དེ་དག་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་ཞུ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱཿཧཱུྃ། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ལ་སོགས་པ་སརྦ་ཀྵེ་ཏྲ་པཱ་ལ་ཨི་དཾ་བ་ལིཾ་གྲྀ་གྲྀ། མ་མ་ས་པ་རི་ཝཱ་རཱ་ན་སརྦ་སཏྭཱ་ནཱཉྩྨ། སརྦ་པཱ་པཾ་བྱཱ་དྷི་བིགྷྣ་ཤཱིནྟཾ་ཀུ་རུ་དྷ་ན་ཀ་ཀྵྼ་ཨཱ་ཡུཿཨ་རོཀྱ་པུཥྚིཾ་ཀུ་རུ། སརྦ་བྷ་ཡཾ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བཏང་། སླར་ཡང་། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །བདག་ཅག་འཁོར་བཅས་ཐམས་ཅད་ཀྱི། །ནད་གདོན་བར་ཆད་ཞི་བ་དང་། །འབྲུ་ནོར་ཚེ་དང་འཁོར་རྒྱས་ཤིང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད།། ཅེས་འདོད་དོན་གསོལ་ཏེ་རོལ་མོ་བྱ་ཞིང་། གཏོར་མ་གཙང་སར་དོར་རོ། །དེ་ནས་སློབ་མ་རྣམས་ཀྱིས་མཆོད་བསྟོད་བྱ་སྟེ། སྤྲོས་པ་རྒྱས་པར་ན། སློབ་དཔོན་གྱིས་ཕྱོགས་བཞིར་མཆོད་པ་བཤམས། སློབ་མ་རྣམས་ཕྱོགས་སོ་སོར་འཁོད་ནས། ཐུན་མོང་དུ་བྱིན་གྱིས་བརླབས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་མཁའ་འགྲོ་མའི་སྐུར་གྱུར། ཞེས་སོགས་ཕྱོགས་སོ་སོའི་མཁའ་འགྲོ་མར་བསྐྱེད་ནས་ཕྱི་ནང་གསང་མཆོད་ཚོགས་ཞིང་སྐབས་ལྟར་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། སོགས་དེ་ཉིད་ལྔ་བསྟོད་ཕྱོགས་སོ་སོར་ཕྲལ་ནས་ཤློ་ཀ་རེས་བསྟོད། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ།། ལྷོ་ནས་མཆོད་ཅིང་བསྟོད་ལ། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤང་། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ།། ནུབ་ནས་མཆོད་ཅིང་བསྟོད་ལ། ཞི་བའི་མཆོག་ནི་ཆོས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམས་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ།། བྱང་ནས་མཆོད་ཅིང་བསྟོད་ལ། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ།། ཅེས་གསོལ་བ་གདབ། བསྡུ་ན་ཐུན་མོང་ནས་མཆོད་པ་དང་། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱིས་སྤྲུལ་པ་སྣ་ཚོགས་སྟོན་མཛད་པའི། །གདུག་པ་འདུལ་ཕྱིར་འཇིགས་པའི་སྐུར་སྟོན་པ། །ཁྲོ་བོའི་རྒྱལ་པོ་ཧེ་རུ་ཀ་དཔལ་འདུད།། ཅེས་དང་། དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་མ་ལུས་ཟད་བྱེད་པ། །སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ནི། །མགོན་པོ་ཆེན་པོས་བཤད་དུ་གསོལ།། ཞེས་གསོལ་བ་བཏབ་པ་གསན་ནས་རྡོ་རྗེ་སློབ་དཔོན་གྱིས་སྙིང་རྗེ་ཆེན་པོ་བསྐྱེད་དེ། རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་སྙིང་གར་ཐིམ་པར་གྱུར་ཅེས་བསྡུས་ནས། བདག་ཉིད་ཧེ་རུ་ཀའི་ང་རྒྱལ་གྱིས་མིག་མ་དང་ཊ་ལས་ཉི་ཟླ། མིག་འབྲས་ཧཱུྃ་ལས་རྡོ་རྗེ་མཐིང་ནག རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་འབར་བ། མིག་འབྲས་ཀྱི་རྡོ་རྗེ་ལས་ཁྲོ་བོ་འཕྲོས་པས་བགེགས་ཀྱི་ཚོགས་འཇོམས་པར་བྱེད་པ་རྐང་འགྲོས་ཀྱིས་རྡོ་རྗེའི་རྭ་བ་སོགས་སྤྲུལ་པར་བསྒོམས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བས་དབང་ལྡན་དུ་སོང་སྟེ། ཉོན་ཅིག་བགེགས་ཚོགས་མ་ལུས་ཀུན། །ལྷ་དང་ལྷ་མིན་གསང་བ་པ། །གནོད་པར་འགྱུར་བའི་བགེགས་ཚོགས་རྣམས། །སྒྱུ་འཕྲུལ་ཆེན་མོའི་རྣལ་འབྱོར་གཙོ། །བདེ་ཆེན་ཡེ་ཤེས་ལས་བྱུང་བ། །དེ་ནི་ཧེ་རུ་ཀ་དཔལ་དངོས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བྱེད། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང་། །འཇིག་པར་འགྱུར་བ་གདོན་མི་ཟ། །དེ་བས་གཞན་དུ་འགྲོ་བར་གྱིས།། ཞེས་བཀའ་བསྒོས་ཏེ། བདག་རྡོ་རྗེ་འཛིན་པས་སློབ་མ་དང་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ་བའི་དོན་དུ། བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ལས་རྩོམ་པར་བྱེད་ཀྱི། འདི་ན་གནས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་སྲིན་པོ་ལ་སོགས་པ་གང་དག་གནས་པའི་ས་བདག་རྣམས་དེངས་ཤིག འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཞིག གང་དག་མི་འགྲོ་བ་དེ་དག་ལ་ངས་རྡོ་རྗེ་དང་ཁ་ཊྶཱཾ་ག་འདིས་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །ན་མ་ཿསནྟ་བུདྡྷེ་བྷྱོ། ན་མོ་བཛྭ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོཏྐྲ་ར་བྷཻ་ར་ཝཱ་ཡ། བཛྭ་སནྟོ་ཧ་དརྤུ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཅེས་ལན་གསུམ་བརྗོད་ཅིང་ཡུང་དཀར་གྱིས་བྲབས། གུ་གུལ་གྱིས་བདུག ཏིང་ངེ་འཛིན་གྱིས་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད། གཡས་སྐོར་ལན་གསུམ་བྱ། རྐང་པའི་འོག་ནས་བསྐལ་པའི་མེ་ལྟ་བུའི་འོད་ཟེར་འཕྲོས་པས་གདུག་པ་ཅན་ཐམས་ཅད་བསྲེགས་ཤིང་ཕན་ཚུན་དུ་བྱེར་བར་བསམ་ལ་གོམ་བརྒྱད་ལ་སོགས་པའི་གར་བྱའོ། །སེང་ལྡེང་གི་ཕུར་པ་ཆུར་སོར་བཅུ་གཉིས་སྦོམས་སུ་སོར་བཞི་པ་ཙན་དན་དམར་པོས་ཁ་བསྒྱུར་བ། མགོར་མེ་ཏོག་ཡུངས་ཀར་ཁ་དོག་སྣ་ལྔའི་སྐུད་པ་དཀྲིས་པ་བསངས། སུམྦྷ་ནི་སོགས། ཐུགས་ཀ་ནས་བྱུང་བའི་གནོད་མཛེས་ལ་བཀའ་བསྒོས་པས་དེ་ལས་སྤྲུལ་པའི་གནོད་མཛེས་གཉིས་པ་འོངས་ཏེ་དེས་བགེགས་དང་ལོག་འདྲེན་རྣམས་ལྕགས་ཀྱུས་བཀུག ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མཉེས། ཕྱོགས་བཅུར་གན་རྒྱལ་དུ་བསྒྱེལ་བའི་ཁར། ཁྲོ་བོ་བཅུ་སྟོད་ཁྲོ་བོ་སྨད་རྩེ་མོ་གཅིག་པའི་རྡོ་རྗེ་ཕུར་བུའི་རྣམ་པར་སྣང་བ་ཨོཾ་བཛྭ་ཀཱི་ལི་ཀཱི་ལ་ཡ། དབྱིངས་ནས་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་སྤྱན་དྲངས་ནས་དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ། བགེགས་རྣམས་ཀྱི་སྤྱི་བོར་གནས་པ་ལ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚུན་བིགྷྣཱཾ་ཧཱུྃ་ཕཊ྄། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ྄། ཧཱུྃ་ཧཱུྃ་ཧཱུྃ་བཛྭ་ཀཱི་ལ་ཡ་བཛྭ་དྷ་ར་ཨཱཛྙྱཱ་པ་ཡ་ཏི། སརྦ་དུཥྚུན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྭ་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཨོཾ་བཛྭ་མཱུུ་ར་བཛྭ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ། ཞེས་གནོད་མཛེས་ཀྱི་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་རབ་ཏུ་འབར་བར་གྱུར་པས། ཕུར་བུ་རྣམས་བསྡིགས་པས་བགེགས་རྣམས་ཀྱི་སྤྱི་བོ་ནས་གསང་བའི་བར་དུ་ཕུག་སྟེ་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོའི་རོར་གྱུར། དེ་རྣམས་ལས་ཡེ་ཤེས་ཀྱི་མེ་ཁ་དོག་རྣམ་པ་ལྔ་རབ་ཏུ་འབར་བས་གདུག་པ་ཅན་ཐམས་ཅད་བསྲེགས་པར་གྱུར། དངོས་སུ་ལས་ཀྱི་རྡོ་རྗེས་ཕྱོགས་བཅུར་གདབ། དེ་ནས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད། རཾ་ལས་ཉི་མ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་རྡོ་རྗེའི་རང་བཞིན་གྱི་ར་བ་དང་དྲྭ་བར་བཅས་པའི་རྡོ་རྗེའི་གུར། ཕྱི་རོལ་མེ་ཁ་དོག་ལྔས་ཡོངས་སུ་བསྐོར་བར་བསམ་མོ། །བགེགས་བསལ་བའི་ཆོ་གའོ། །དེ་ནས་དེར་ལྷ་གནས་སུ་དྲིའི་ཐིག་ལེ་མེ་ཏོག་གི་ཚོམ་བུ་བཀོད། མཐའ་མཆོད་པས་བསྐོར། དེ་བསངས་ནས། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་མི་དམིགས་པ་སྟོང་པའི་ངང་ལས། ནམ་མཁར་ཉི་མ་ལ་ཧཱུྃ། དེ་ཡོངས་སུ་གྱུར་པ་ལས་སོགས་ནས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དབུས་སུ་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་སྐུ་མདོག་སྔོན་པོ་སོགས་རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ་བསྐྱེད་པ། གོ་བསྐོན། གནས་གསུམ་བྱིན་བརླབ། དགུག་གཞུག དབང་བསྐུར། རྒྱས་བཏབ། དོན་གྲུབ་རྣམས་ཀྱིས་དབུ་བརྒྱན་པར་གྱུར་བར། དེ་ནས་མཆོད་པ་སྣ་ཚོགས་ཀྱིས་ལག་བྲེལ་བའི་སོགས། ཉེར་སྤྱོད། འདོད་ཡོན་ལྔ། རིག་མ་བཅུ་དྲུག་དང་བཅས་པའི་སྔགས་ཀྱིས་མཆོད། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ།། ཞེས་ཤློ་ཀ་དང་། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། སོགས་དེ་ཉིད་ལྔས་བསྟོད། དེ་ནས། རྗེས་སུ་ཆགས་པ་བརྩམ་པའི་སོགས་ནས། བྱང་ཆུབ་ཀྱི་སེམས་ལྕེས་མྱང་བར་བསམ་བར་གྱིས་བདུད་རྩི་མྱང་། དེ་ནས་བཏུད་དེ། ཧེ་རུ་ཀ་དཔལ་གསོལ་བ་ནི། །སངས་རྒྱས་མཁའ་འགྲོ་མ་དང་ལྡན། །ཕྱོགས་བཞིའི་མཁའ་འགྲོ་མ་རྣམས་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་བདག་ཅག་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་བྲི་བར་བྱ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་པའི་བར་གྱིས་ལན་གསུམ་གསོལ་བ་བཏབ། སླར་དྲི་ཆུ་སོགས། ཨོཾ་ཨཱཿབཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས་ཉེར་སྤྱོད་ཀྱིས་མཆོད། ལྷ་ལྷག་གནས་སོ།། ༈ དེ་ནས་བུམ་པ་མཚན་ལྡན་མཚན་མ་རས་དཀར་གྱིས་མགུལ་དཀྲིས་ཤིང་བཟང་པོའི་ལོ་མས་ཁ་བརྒྱན་པ། རྣམ་རྒྱལ་སོགས་རིགས་ལྔའི་ཕྱག་མཚན་དང་། ལས་བུམ་ལ་སྣ་ཚོགས་རྡོ་རྗེའི་བུམ་མཚན་གདགས །ཉེར་ལྔ་དང་ཆུ་གཙང་མས་བཀང་། སྤོས་ཀྱིས་བདུག སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད། ལྷ་གྲངས་སམ་མེད་ན་ལས་ཐམས་ཅད་པ་དང་གཉིས་གཟུངས་ཐག་རྡོ་རྗེ་དང་བཅས་བསྟོད། མཆོད་པས་བསྐོར་ལ། བུམ་པ་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཙོ་བོའི་བུམ་པའི་ནང་དུ་པདྨའི་སྟེང་དུ་ཉི་མ། དེའི་སྟེང་དུ་ཐིག་ལེ་དཀར་པོ་རེ་རེ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། དབུས་སུ་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་སྐུ་མདོག་སྔོན་པོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན། ཕྱག་བཞི་པ་གཡས་པ་གཉིས་ན་ཀ་པཱ་ལ་དང་མདའ། གཡོན་པ་གཉིས་ན་ཁ་ཊྶཱཾ་ག་དང་གཞུ་འཛིན་པ། རྩ་བའི་ཕྱག་གིས་རང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐལ་ཆེན་གྱིས་བྱུགས་པ། ཐོད་སྐམ་གྱི་ཅོད་པན་དང་མགོ་རློན་གྱི་དོ་ཤལ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིའི་པགས་པ་བགོས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་ཅན་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། ཤར་གྱི་འདབ་མར་རྡོ་རྗེ་མཁའ་འགྲོ་སྔོན་མོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི། གཡས་པ་གཉིས་ན་རྡོ་རྗེ་དང་ཀ་པཱ་ལི། གཡོན་པ་གཉིས་ན་དྲིལ་བུ་དང་ཁ་ཊྶཱཾ་ག་འཛིན་པ། ས་དང་མེ་ལོང་ལྟ་བུའི་རང་བཞིན་ཅན། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་སེར་སྔོ་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་རིན་པོ་ཆེའི་རྒྱལ་མཚན་དང་ཏྲི་ཤཱུ་ལ། གཡོན་པ་གཉིས་ན་བ་དན་དང་ཅེ་སྤྱང་གི་མགྲིན་པ་དམ་དུ་འཛིན་པ། ཆུ་དང་མཉམ་པ་ཉིད་ཀྱི་རང་བཞིན་ཅན། ནུབ་ཏུ་པདྨ་མཁའ་འགྲོ་དཀར་མོ་དཀར་སེར་ལྗང་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་སྣ་ཚོགས་པདྨ་དང་མདའ། གཡོན་པ་གཉིས་ན་ཀ་པཱ་ལ་དང་གཞུ། མེ་དང་སོ་སོར་རྟོག་པའི་རང་བཞིན་ཅན། བྱང་དུ་སྣ་ཚོགས་མཁའ་འགྲོ་ལྗང་མོ་ལྗང་སེར་དཀར་སྔོ་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་རལ་གྲི་དང་ཌཱ་མ་རུ། གཡོན་པ་གཉིས་ན་ཞགས་པ་དང་ཀ་པཱ་ལ། རླུང་དང་བྱ་བ་གྲུབ་པའི་རང་བཞིན་ཅན། ཐམས་ཅད་ཀྱང་སྤྱན་གསུམ་པ་སྒེག་པ་ལ་སོགས་པའི་ཉམས་དང་མཚན་དང་དཔེ་བྱད་དུ་ལྡན་པའི་གཅེར་མོ་ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་ཕྱག་རྒྱ་ལྔས་སྤྲས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ། བུམ་པ་ལྷ་གྲངས་ཡོད་ན་དབུས་སུ་གཙོ་བོ་ཡབ་ཡུམ། བུམ་པ་གཞན་རྣམས་སུ་འཁོར་རྣམས། རྣམ་རྒྱལ་ཆེན་པོར་ཐམས་ཅད་ཡུད་ཙམ་གྱིས་གསལ་བཏབ། ལས་ཐམས་ཅད་པའི་བུམ་པར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁུ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་མཛད་པ། གཡོན་བརྐྱང་གིས་ཉི་མ་ལ་ཁྲོ་བོའི་ཆས་ཀྱིས་བརྒྱན་ཏེ་བཞུགས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ མིག་གཉིས་སུ་ཨ། རྣ་བ་གཉིས་སུ་ཁེ། སྣ་གཉིས་སུ་ཙི། སྙིང་གར་ར། ཐུགས་ཀའི་ཆ་སྟོད་དུ་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམས་པ་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་ཛཿ ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན། པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་ཝི་དྱཱྎ ཤཔྟྎ ཨོཾ་ཤྲཱི་ཧེ་རུ་ཀ་པཉྩྨ་ཌཱ་ཀི་ནཱི་ཨོཾ་ཨཱཿཧཱུྃ། གིས་ནང་མཆོད་བདུད་རྩི་འབུལ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་འོད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ལག་པས་ལོ་མ་བུས་པའི་བདུད་རྩིའི་ཆུ་དང་བཀྲ་ཤིས་ཀྱི་གླུས་མངོན་པར་དབང་བསྐུར། གཙོ་བོ་ལ་མི་བསྐྱོད་པ། ལྷ་མོ་རྣམས་ལ་རིམ་པ་བཞིན་རྟག་པ་དང་། རིན་ཆེན། འོད་དཔག་མེད། དོན་གྲུབ་རྣམས་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་སྣ་ཚོགས་ཀྱིས་ལག་པ་བྲེལ་བའི་ལྷ་མོ་དཔག་ཏུ་མེད་པ་སྙིང་ག་ནས་སྤྲོས་ཏེ་དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོར་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་མོས་ཏེ། ཨོཾ་ཨཱཿབཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤཔྟའི་བར་སྔར་བཞིན་དང་། ཨོཾ་ཨཱ་བཛྭ་རཱུ་པ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། ཤཔྟྎ གནྡྷེྎ རཱ་སྎ སྤརྴེྎ སྤྲོ་ན། ཨོཾ་ཨཱཿབཛྭ་ཝིརྞི་ཧཱུྃ་ཧཱུྃ་ཕཊ྄། དེ་བཞིན་དུ། ཝཾ་ཤེྎ །མུ་རཉྫྱེྎ སྨྲྀ་ཏཾ་གེྎ ཧཱ་ཀྵྼེྎ ལཱ་ཀྵྼེྎ གཱིརྟིྎ ནཱིརྟིྎ པཱུཥྤེྎ དྷཱུ་པེྎ ཨ་ལོ་ཀེྎ རཱུ་པྎ ར་ཀྵྼེྎ སྤརྴེྎ དྷཱརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། ཅེས་རིག་མ་བཅུ་དྲུག་གིས་ཀྱང་མཆོད། དེ་ནས་བསྟོད་པ་བྱ་སྟེ། མཆེ་བ་གཙིགས་པ་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་འཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད།། ཅེས་དང་། ལས་ཀྱི་ལྷར། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐབས་ཀྱི་སྤྲུལ་སྐུ་སྣ་ཚོགས་སྟོན་མཛད་ཅིང་། །གདུག་པ་འདུལ་ཕྱིར་འཇིགས་པའི་ཆ་ལུགས་ཅན། །ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཁྱོད་ལ་འདུད།། ཅེས་བསྟོད། དེ་ནས། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་ལྷ་རྣམས་ཀྱི་སྐུ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པས་བུམ་པ་གང་བར་བསམ་ལ་རྣམ་པར་རྒྱལ་པའི་བུམ་པ་ལ་གཙོ་བོ། ཨོཾ་ཨཱཿསྲཱིཿཧཱུྃ། བུམ་པ་གཞན་རྣམས་ལ་འཁོར། ཨོཾ་བུདྡྷ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ཨོཾ་བཛྭ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ཨོཾ་པདྨ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ཨོཾ་བི་ཤྭ་ཌཱ་ཀི་ནཱི་ཨཱཿསྲཱིཿཧཱུྃ། ལས་ཐམས་ཅད་པ་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཅེས་བཟླས། ལྷ་རྣམས་ཆགས་པ་ཆེན་པོས་བྱང་ཆུབ་སེམས་ཀྱི་བདུད་རྩིར་ཞུ་བར་བསམ། བུམ་པ་ལྷག་གནས་སོ།། ༈ སློབ་མས་མཎྜྻལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ།། ཞེས་སོགས་ཀྱིས་གསོལ་བ་གདབ། སློབ་དཔོན་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་སློབ་མ་རྣམས་བསྡུས་ཞལ་དུ་ཞུགས་ཏེ་རྗེས་ཆགས་ཀྱིས་ཞུ་བ་རྡོ་རྗེ་ནས་ལྷ་མོའི་པདྨར་ལྷུང་བ་ཧེ་རུ་ཀ་སྒྱུ་མ་ཆེན་མོར་གྱུར་ནས་ཕྱིར་འཐོན་སོ་སོའི་གདན་ལ་འཁོད་པའི་མོས་པ་གྱིས། དེ་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་གང་བཞུགས་པ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག། ཞེས་སྤྲོ་བ་བསྐྱེད། དེ་ནས། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །ཚོགས་ལ་བདག་ནི་ཡི་རང་ངོ་། །སྒྱུ་འཕྲུལ་གཙོ་བོ་ཡབ་ཡུམ་དང་། །མཁའ་འགྲོ་མ་དང་བཅས་པ་དང་། །ཆོས་མཆོག་ལ་ཡང་སྐྱབས་སུ་མཆི། །དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་མཆོག་བསྐྱེད་པ་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །འགྲོ་བའི་མགོན་པོ་བདག་ལ་དགོངས། །མ་ལུས་གཤེགས་པའི་བདེ་གཤེགས་རྣམས། །འདི་ཉིད་ནས་གཟུང་སངས་རྒྱས་བར། །བླ་མེད་བདག་ལ་གཟིགས་པར་མཛོད། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ།། ནས། མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །གཉིས་སུ་མེད་པའི་ཚངས་སྤྱོད་དང་། །རང་གི་དམ་ཚིག་བསྲུང་བར་བགྱི། །བདག་གི་དགེ་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་འགྲུབ་བྱས་ཏེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི།། དེ་ནས་སློབ་མའི་སྙིང་མགྲིན་དཔྲལ་བར། ཧཱུྃ་ཨཱཿཨོཾ། མས་རིམ་གྱིས་རྡོ་རྗེས་རེག་ཅིང་དྲིས་ཐིག་ལེ་བྱ། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་མོས་ལ་སླར་ཡས་རིམ་གྱིས་བྱ་ཞིང་། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། གནས་གསུམ་གྱི་ས་བོན་ལས་འོད་ཟེར་འཕྲོས། རྡོ་རྗེ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཡི་གེ་གསུམ་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པར་གྱུར་པ་ལ་མཆོད་ཡོན་དང་རྣམ་ལྔ་རོལ་མོས་མཆོད། སོ་ཤིང་ཚད་ལྡན་ཚོམ་བུ་ལྔ་བཀོད་པའི་མཎྜྻལ་དུ་རྩ་བ་སོ་ལ་དྲུད་དེ། བཛྭ་ཧཱ་ས་ཧ། ཞེས་པས་དོར། རྩེ་མོ་གར་བསྟན་ལ་དངོས་གྲུབ་འགྲུབ་པར་བརྡ་སྤྲད། ཨོཾ་སྲཱིཿབི་ཤུདྡྷ་དྷཱརྨ་སརྦ་པཱ་པཾ་ནི་ཙཱ་ཀྵྼ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུྃ། ཅེས་པས་ཁྱོར་ཆུ་བྱིན། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་རྙེད་དཀའ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་ན་མེད་པ་བྱེད་པར་ནུས། །གཉིས་མེད་ཟབ་མོའི་ཚུལ་འདི་ནི། །སེམས་ཅན་སངས་རྒྱས་ཐོབ་བྱེད་པ། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ།། ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཀུ་ཤ་སྔས་དང་སྟན་དུ་བྱིན། སྙིང་པོ་བཟླས་ཤིང་མདུད་པ་གསུམ་པའི་སྲུང་སྐུད་དཔུང་པ་གཡོན་པར་བཅིངས། དེ་ནས་ཀུ་ཤའི་སྔས་སྟན་ལ་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ལ་རྨི་ལམ་རྟོགས་ཤིག ནང་པར་བཞིན་བཟང་རྣམས་ལོངས་ཤིག །སང་གི་ནང་པར་ཁྱེད་རྣམས་ཀྱིས། །ཐར་པ་ཆེན་པོའི་རང་བཞིན་གྱི། །གྲོང་ཁྱེར་དམ་པ་མཐོང་བར་འགྱུར།། ཞེས་བརྗོད། མཚན་མ་ངན་ན་ཞི་བའི་སྦྱིན་སྲེག་གིས་རྟོག་པ་བསལ། རྗེས་ཀྱི་བྱ་བ་འཇིག་རྟེན་འདས་མ་འདས་ལ་གཏོར་མ་འབུལ། མཆོད་པ་གསོ། སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ལ། ཨོཾ་ཨཱཿབཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཨོཾ་ཤྲཱི་ཧེ་རུ་ཀ་པཉྩྨ་ཌཱཀི་ནི་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་འབུལ། མཆེ་བ་གཙིགས་པ་འཇིགས་པ་ཆེ།། སོགས་དང་། དེ་ཉིད་ལྔ་བསྟོད་བྱ། ཡིག་བརྒྱ་བཟླ་ཞིང་ནོངས་བཤགས་བྱ། ཡིད་ཀྱིས་དཀྱིལ་འཁོར་ནམ་མཁར་བཏེག ཚོམ་བུ་བསྡུའོ། །དེ་ནས་ཐིག་ཁ་དོག་ལྔར་དབྱེ་བ་ཐོད་པའི་སྣོད་དུ་བཞག བསང་སྦྱངས། ཐིག་སྐུད་མི་དམིགས་པ་སྟོང་པའི་ངང་ལས་སྔོན་པོ་ཧཱུྃ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་ཅན། དཀར་པོ་བྷྲཱུྃ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། སེར་པོ་ཛྭིཾ་ལས་རིན་འབྱུང་སེར་པོ་མཉམ་བཞག་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། དམར་པོ་ཨཾ་ལས་སྣང་མཐའ་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ལྗང་ཁུ་ཁཾ་ལས་དོན་གྲུབ་ལྗང་ཁུ་མཉམ་བཞག་དང་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དུ་གསལ་བ་ལ་ཡེ་ཤེས་པ་མིག་གི་རྫི་མ་བཏེག་པ་འབར་བའི་བལྟ་བས་བཛྭ་ས་མ་ཛཿས་དགུག ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་དང་གཉིས་སུ་མེད་པར་བསྟིམ། མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོར་བཅས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད།། ཅེས་པས་བསྟོད། དེ་ནས། དཀྱིལ་འཁོར་ཆེན་པོའི་ཐིག་གདབ་ཕྱིར། །རྡོ་རྗེའི་ཐིག་ནི་བདག་ལ་སྩོལ། རིགས་ལྔ་འོད་དུ་ཞུ་བ་ཐིག་སྐུད་དུ་གྱུར་ཞེས་ཐིག་སྐུད་དུ་བསྒྱུར་བ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿཔ་ར་ས་པ་ར་ཨ་ནུ་པྲ་བིཥྛ་སརྦ་དྷརྨཱཿཨ་དྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨོཾ་ཨཱཿཧཱུྃ། ཅེས་བསྒྲིལ། བདུད་རྩི་ལྔ་ལ་སྦངས། ཛཿཛཿ ཞེས་བརྗོད་ལྟེ་བར་རྡོ་རྗེ་ཁུ་ཚུར་གྱིས། ཨོཾ་བཛྭ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་ཤར་ནུབ་ནས་བརྩམས་ཏེ་རྩ་ཐིག་ནམ་མཁའ་དང་འོག་ཏུ་གདབ། དེ་ནས་ཚོན་ཐིག་བཞིན་བྱིན་གྱིས་བརླབས། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་བསྒྲལ་བྱའི་ཕྱིར། །རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས།། སོགས་རིགས་ལྔ་ཀར་འགྲེས་ཤིང་། དབང་ལྡན་ནས་བརྩམས་ཏེ་བྲི། དེར་བུམ་པ་ལ་སོགས་པའི་རྫས་རྣམས་ཐོགས་ཏེ་ལན་གསུམ་དེ་ལ་བསྐོར་ཏེ་ཧཱུྃ་ཞེས་སྒྲ་སྒྲོག་ཅིང་རྡོར་དྲིལ་འཛིན། སློབ་དཔོན་དེའི་ནང་དུ་ཞུགས་པར་མོས་པས་དབུས་སུ་མཉམ་པར་བཞག་ཏེ། ཨོཾ་ཨཱུུ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པས་ཡིད་ཀྱིས་སྒོ་བཞི་དབྱེ། རྣམ་རྒྱལ་དབུས། རྣམ་རྒྱལ་ཆེན་པོ་དེའི་ཁར། གཞན་ཕྱོགས་བཞིར། ལས་ཐམས་ཅད་སྒོ་གཡོན་དུའོ། །གནས་བརྒྱན། དེ་ནས་དཀྱིལ་འཁོར་བསངས། རྟེན་བརྟེན་པར་བཅས་པ་བསྐྱེད། སེ་གོལ་གྱི་སྒྲས་སྟ་གོན་གྱི་ཡེ་ཤེས་པ་དེ་ལ་བཀུག སླར་ཡེ་ཤེས་པ་དེ་ལ་གཞུག་པ་ནས་བསྟོད་པའི་བར་ཞེས་དཀྱུས་སུ་འདི་ཙམ་ལས་གསལ་བར་མི་འབྱུང་ཡང་། རྗེ་བཙུན་གུ་ཎཱའི་ཞབས་ཀྱིས་སློབ་དཔོན་ཀུ་ཀུ་རི་པའི་རིམ་པ་གསལ་བ་དང་། རྔོག་ལུགས་ཀྱི་ཡིག་རྙིང་སོགས་ཀྱི་དགོངས་དོན་ལྟར་གསལ་བར་མཛད་པ་བཞིན་བྱ་བ་སྟེ། དཀྱིལ་འཁོར་གང་དུ་བྱ་བའི་གནས་ཁང་ལེགས་པར་བརྒྱན་ཅིང་རབ་གནས་དང་ལྡན་པའི་བྲིས་སྐུ་སོགས་བཀྲམས། རྡུལ་ཚོན་ནམ་རས་བྲིས་གང་ལ་བརྟེན་པའི་དཀྱིལ་འཁོར་གྱི་མཐར་སྲུང་བའི་ཡན་ལག་ཏུ་ཕྱོགས་མཚམས་བརྒྱད་ན། མདའ། རལ་གྲི། མེ་ལོང་རྣམས་བརྒྱད་རེ་ཟུག་ཅིང་། ཚོན་སྐུད་གྱི་དྲ་བས་སྦྲེལ། བུམ་པ་ལྔ་ཡོད་ན་ཕྱོགས་བཞི་དབུས་ལྔ་དང་། གཉིས་ལས་མེད་ན་རྣམ་བུམ་ཤར་དང་། ལས་བུམ་བྱང་ཤར་དུ་བཞག དབུ་རྒྱན་ལྷོ། རྡོ་རྗེ་ནུབ། དྲིལ་བུ་བྱང་། མིང་དབང་རྡོར་དྲིལ་ཤར། འོ་མ་དང་བདུད་རྩི་རིལ་བུ་སྦྱར་བའི་གསང་ཐོད་ལྷོ། རིག་ཙཀ་ནུབ། མིག་ཐུར། མེ་ལོང་། མདའ་གཞུ། འཁོར་ལོ་དུང་དང་གླེགས་བམ་རྣམས་བྲིས་འབུར་གང་རིགས་གཡས་སྐོར་དུ་བཀོད། རྣམ་ལྔ་སོགས་མཆོད་པའི་བྱེ་བྲག་བརྒྱ་ཕྲག་གམ་ལྷ་གྲངས་ལས་མི་ཉུང་བས་བསྐོར། ཚོགས་ཀྱི་ཡོ་བྱད་དང་། འཇིག་རྟེན་འདས་མ་འདས་ཀྱི་གཏོར་མ། ཆོས་སྐྱོང་དུད་སོལ་མའི་གཏོར་མ་རྣམས་བཤམས། མཎྜྻལ་ཆས། སློབ་མཆོད། མིག་དར་མེ་ཏོག མེ་ཏོག་དོར་ར་བཅས་དང་། སློབ་དཔོན་གྱི་མདུན་དུ་མཆོད་པ་རྣམ་ལྔ། རྡོར་དྲིལ། ཅང་ཏེའུ། ནང་མཆོད། ནས་བཟེད། ཡུངས་སྣོད་སོགས་དགོས་པའི་ཡོ་བྱད་ཚོགས་པར་བྱས་ལ། རང་ཉིད་སྐད་ཅིག་བཅོམ་ལྡན་འདས་སྒྱུ་འཕྲུལ་ཆེན་མོའི་སྐུར་གྱུར། ཧཱུྃ་བརྗོད་པས་བགེགས་བསལ་ལ། ཨོཾ་བཛྭ་རཀྵ་རཀྵ་ལན་གསུམ་གྱིས་སྲུང་བ་བྱ། བདུད་རྩིའི་སྟེང་དུ་ཧཱུྃ། དེ་ལས་མི་བསྐྱོད་པ་འཐོན་ཏེ་དེས་ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་ཕྱག་ཏུ་བླངས་དེ་ཉིད་ལ་ཐིམ་པས་སྦྱངས། ཨ་ལས་འོག་ཏུ་རླུང་དང་མེའི་འཁོར་ལོའི་སྟེང་དུ་ཀ་པཱ་ལ། དེའི་ནང་དུ་འོད་དཔག་མེད་བྱོན་ནས་བདུད་རྩི་བླངས། དེ་དག་ལ་ཐིམ། ཁ་དོག་དྲི་རོ་བཅུད་དྲི་མ་མེད་པའི་ཕུན་སུམ་ཚོགས་པར་སྦར་རོ། །ཨོཾ་ལས་རྣམ་སྣང་གིས་བདུད་རྩི་བླངས། དེ་དག་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་ཞུ། ཨོཾ་ཨཱཿཧཱུྃ། འབྲུ་གསུམ་མང་དུ་བརྗོད་ཅིང་། རྡོ་རྗེའི་རྩེས་དཀྱིལ་འཁོར་དང་ཡོ་བྱད་རྣམས་ལ་བསང་གཏོར་བྱས་ལ། ཨོཾ་སྭ་བྷཱ་ཝས་སྦྱངས། ལྷ་མཚན་རྣམས་སྐད་ཅིག་གིས་འོད་ཀྱི་གོང་བུར་གྱུར། དེའི་རྐྱེན་གྱིས་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ་ཐབས་ཤེས་རབ་ཀྱི་རང་བཞིན་སྐད་ཅིག་གིས་གསལ་བར་གྱུར་པ་ནི་ནམ་མཁར་ཉི་མ་ལ་ཧཱུྃ། དེ་ཡོངས་སུ་གྱུར་པ་ལས་འོག་ཐམས་ཅད་སྣ་ཚོགས་རྡོ་རྗེའི་ས་གཞི། ལོགས་ཐམས་ཅད་རྡོ་རྗེའི་ར་བ། སྟེང་ཐམས་ཅད་རྡོ་རྗེའི་མདའི་དྲྭ་བ་དང་བཅས་པའི་རྡོ་རྗེའི་གུར། ཕྱི་རོལ་མེ་ཁ་དོག་ལྔས་ཡོངས་སུ་བསྐོར་བའི་ནང་དུ་ཆོས་འབྱུང་སྔོན་པོ། དེའི་ནང་དུ་རླུང་མེ་ཆུ་དང་སའི་དཀྱིལ་འཁོར་རི་རབ་དང་བཅས་པ་དེ་དག་ཞུ་བ་ལས་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ་མཚན་ཉིད་ཡོངས་སུ་རྫོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ནང་སྣ་ཚོགས་པདྨ་ཕྱོགས་སྔོ་སེར་དམར་ལྗང་མཚམས་དཀར་བ་རྡོ་རྗེའི་འཕྲེང་བ་སྔོན་པོས་སྤྲས་པའི་ལྟེ་བ་དང་ཕྱོགས་ལ་ཉི་མའི་གདན་གྱི་སྟེང་དུ་ལྷ་ཡི་མཚན་མ་རྣམས་བདུད་རྩིའི་ཐིག་ལེའི་རྣམ་པར་གནས་པ་ཡོངས་སུ་གྱུར་པ་ལས། དབུས་སུ་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་སྐུ་མདོག་སྔོན་པོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན། ཕྱག་བཞི་པ་གཡས་པ་གཉིས་ན་ཀ་པཱ་ལ་དང་མདའ། གཡོན་པ་གཉིས་ན་ཁ་ཊྶཱཾ་ག་དང་གཞུ་འཛིན་པ། རྩ་བའི་ཕྱག་གིས་རང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐལ་ཆེན་གྱིས་བྱུགས་པ། ཐོད་སྐམ་གྱི་ཅོད་པན་དང་མགོ་རློན་གྱི་དོ་ཤལ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིའི་པགས་པ་བགོས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་ཅན་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། ཤར་གྱི་འདབ་མར་རྡོ་རྗེ་མཁའ་འགྲོ་སྔོན་མོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི། གཡས་པ་གཉིས་ན་རྡོ་རྗེ་དང་ཀ་པཱ་ལི། གཡོན་པ་གཉིས་ན་དྲིལ་བུ་དང་ཁ་ཊྶཱཾ་ག་འཛིན་པ། ས་དང་མེ་ལོང་ལྟ་བུའི་རང་བཞིན་ཅན། ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་སེར་སྔོ་དཀར་ལྗང་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་རིན་པོ་ཆེའི་རྒྱལ་མཚན་དང་ཏྲི་ཤཱུ་ལ། གཡོན་པ་གཉིས་ན་བ་དན་དང་ཅེ་སྤྱང་གི་མགྲིན་པ་དམ་དུ་འཛིན་པ། ཆུ་དང་མཉམ་པ་ཉིད་ཀྱི་རང་བཞིན་ཅན། ནུབ་ཏུ་པདྨ་མཁའ་འགྲོ་དཀར་མོ་དཀར་སེར་ལྗང་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་སྣ་ཚོགས་པདྨ་དང་མདའ། གཡོན་པ་གཉིས་ན་ཀ་པཱ་ལ་དང་གཞུ། མེ་དང་སོ་སོར་རྟོག་པའི་རང་བཞིན་ཅན། བྱང་དུ་སྣ་ཚོགས་མཁའ་འགྲོ་ལྗང་མོ་ལྗང་སེར་དཀར་སྔོ་བའི་ཞལ་ཅན་ཕྱག་བཞི་པ། གཡས་པ་གཉིས་ན་རལ་གྲི་དང་ཌཱ་མ་རུ། གཡོན་པ་གཉིས་ན་ཞགས་པ་དང་ཀ་པཱ་ལ། རླུང་དང་བྱ་བ་གྲུབ་པའི་རང་བཞིན་ཅན། ཐམས་ཅད་ཀྱང་སྤྱན་གསུམ་པ་སྒེག་པ་ལ་སོགས་པའི་ཉམས་དང་མཚན་དང་དཔེ་བྱད་དུ་ལྡན་པའི་གཅེར་མོ་ཐོད་སྐམ་གྱི་དབུ་རྒྱན་ཐོད་རློན་གྱི་དོ་ཤལ་ཕྱག་རྒྱ་ལྔས་སྤྲས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁར་བཞུགས་པའི་སྟ་གོན་གྱི་ལྷ་རྣམས་བཛྭ་ས་མ་ཛཿ ཨོཾ་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས། ཤཔྟའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ།སྒྲུབ་མཆོད་སོགས་ལ་སྟ་གོན་གྱི་ལྷ་བསྟིམ་པ་ཉིན་དང་པོ་མ་གཏོགས་མི་དགོས། ཨོཾ་བཛྭ་པྲ་ཝེ་ཤ་ཡ་ཧཱུྃ། བདག་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པར་གྱུར། ཨོཾ་ཨཱུུ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་ཕྱག་རྒྱ་དང་བཅས་ལན་བཞིས་སྒོ་དབྱེ། དེ་ནས་རང་གི་སྙིང་གར་ཉི་མ་ལ་ཧཱུྃ་སོགས་ཚོགས་ཞིང་ནས་བརྩམ་ཏེ་བདག་བསྐྱེད་བཟླས་པ་དང་བཅས་བྱ། ཛཿཧཱུྃ་བཾ་ཧོཿལན་བདུན་གྱིས། བདག་བསྐྱེད་ཀྱི་དཀྱིལ་འཁོར་དང་། གཟུགས་བརྙན་གྱི་དཀྱིལ་འཁོར་གཉིས་སུ་མེད་པར་ཐིམ། གཞུང་ལས་སྐབས་འདིར་བུམ་པ་འགོད་པར་བཤད་དོ། །གཙོ་བོ་ཡབ་ཡུམ་གྱི་སེ་གོལ་གྱི་སྒྲ་དང་། སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱུང་བའི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། བདག་གི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ལྷ་མོའི་པདྨར་སྤྲོས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡུམ་གྱི་མཁའ་ཡི་ནང་ནས་ཕྱིར་བྱུང་། མདུན་གྱི་ནམ་མཁར་གནས་པར་གྱུར། དེ་ལ། ཨོཾ་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། མཆེ་བ་གཙིགས་པ་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ།། ཅེས་བསྟོད། ཛཿཧཱུྃ་བཾ་ཧོཿཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་འོད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ལག་པས་ལོ་མ་བུས་པའི་བདུད་རྩིའི་ཆུ་དང་བཀྲ་ཤིས་ཀྱི་གླུས་མངོན་པར་དབང་བསྐུར། གཙོ་བོ་ལ་མི་བསྐྱོད་པ། ལྷ་མོ་རྣམས་ལ་རིམ་པ་བཞིན་རྟག་པ་དང་། རིན་ཆེན། འོད་དཔག་མེད། དོན་གྲུབ་རྣམས་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་སྣ་ཚོགས་ཀྱིས་ལག་པ་བྲེལ་བའི་ལྷ་མོ་དཔག་ཏུ་མེད་པ་སྙིང་ག་ནས་སྤྲོས་ཏེ་དེ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོར་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་མོས་ཏེ། ཨོཾ་ཤྲཱི་ཧེ་རུ་ཀ་པཱཉྩྨ་ཌཱཀི་ནི་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད་ཡོན་འབུལ་བ་སྔོན་དུ་འགྲོ་བས། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པ། །གཟུགས་མཛེས་དཀར་མོ་རྡོ་རྗེ་དྲིལ་བུ་དང་། །མེ་ཏོག་སྤུངས་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་ཚོགས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དཀྱིལ་འཁོར་ཀུན་ཏུྎ ཡིད་འོང་དུད་ཁ་རྡོ་རྗེ་དྲིལ་བུ་དང་། །བདུག་སྤོས་འཐུལ་བའི་རིན་ཆེན་སྣོད་འཛིན་མ། ནམ་མཁའ་གང་བྎ དྷཱུ་པེྎ དཀྱིལ་འཁོར་ཀུན་ཏུྎ ཀུན་སྣང་དམར་སེར་རྡོ་རྗེ་དྲིལ་བུ་དང་། །མར་མེས་གང་བའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བསྎ ཨཱ་ལོ་ཀེྎ དཀྱིལ་འཁོར་ཀུན་ཏུྎ གདུང་སེལ་ལྗང་ཁུ་རྡོ་རྗེ་དྲིལ་བུ་དང་། །དྲི་མཆོག་བྱུག་པའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བསྎ གནྡྷེྎ དཀྱིལ་འཁོར་ཀུན་ཏུྎ ཞལ་ཟས་སེར་མོ་རྡོ་རྗེ་དྲིལ་བུ་དང་། །བདུད་རྩིས་གང་བའི་རིན་ཆེན་སྣོད་འཛིན་མ། །ནམ་མཁའ་གང་བསྎ ནཻ་ཝི་དྱཱྎ དཀྱིལ་འཁོར་ཀུན་ཏུྎ སྒྲ་སྙན་སྣ་ཚོགས་རྡོ་རྗེ་དྲིལ་བུ་དང་། །པི་ཝཾ་གླིང་བུ་རྔ་ཆེན་སོགས་འཛིན་མ། །ནམ་མཁའ་གང་བསྎ ཤཔྟྎ འདོད་ཡོན་ལྔ་འབུལ་བ་ནི། རིན་ཆེན་དབང་གི་རྒྱལ་པོ་བཻཌཱུརྻའི། །སྔོན་པོ་ལ་སོགས་ཁ་དོག་དབྱིབས་ཀྱི་གཟུགས། །རྣམ་གསུམ་གཟུགས་ཀྱི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྤྱན་ལ་དབུལ་བར་བགྱི། །ཨོཾ་ཤྲཱི་ཧེ་རུ་ཀ་པཉྩྨ་ཌཱ་ཀི་ནཱི་རཱུ་པ་པྲ་ཏཱིཙྪ་ཨཱཿཧཱུྃ། མ་ཟིན་འབྱུང་བའི་ཚོགས་པ་ལས་བྱུང་བའི། །བརྗོད་བྲལ་དབྱངས་ལ་སོགས་པའི་སྒྲ་ཡི་ཚོགས། །རྣམ་གསུམ་སྒྲ་ཡི་རྡོ་རྗེ་མར་བྱས་ནས། །དཀྱིལ་འཁོར་ལྷ་ཡི་སྙན་ལ་དབུལ་བར་བགྱི། །ཤཔྟྎ ག་པུར་ཨ་གར་ཛཱ་ཏི་ལ་སོགས་པ། །ལེགས་པར་སྦྱར་ལས་བྱུང་བ་དྲི་ཡི་ཚོགས། །རྣམ་གསུམ་དྲི་ཡིྎ དཀྱིལ་འཁོར་ལྷ་ཡི་ཤངས་ལྎ གནྡྷེྎ ལུས་མཆོག་བརྟས་བྱེད་བདུད་རྩིའི་ཟས་སོགས་ཀྱི། །མངར་སྐྱུར་ཁ་དང་བསྐ་ལ་སོགས་པའི་རོ། །རྣམ་གསུམ་རོ་ཡིྎ དཀྱིལ་འཁོར་ལྷ་ཡི་ལྗགས་ལྎ རཱ་སྎ ལུས་ལ་རེག་པ་ཙམ་གྱིས་བདེ་སྟེར་བའི། །དཔག་བསམ་གོས་ལ་སོགས་པ་རེག་བྱའི་ཚོགས། །རྣམ་གསུམ་རེག་བྱའིྎ དཀྱིལ་འཁོར་ལྷ་ཡི་སྐུ་ལྎ སྤརྴེྎ རིག་མ་བཅུ་དྲུག་གི་མཆོད་པ་ནི། རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །དགའ་བའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །པི་ཝང་གླིང་བུ་རྔ་ཟླུམ་རྫ་རྔ་མ། །རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཝཱིརྣི་ཧཱུྃ་ཧཱུྃ་ཕཊ྄། ཝཾ་ཤེྎ མུ་རཉྫྱེྎ སྨྲྀ་ཏཾ་གེྎ རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །མཆོག་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །བཞད་དང་དྲེགས་ལྡན་གླུ་དབྱངས་གར་མཁན་མ། །རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཧཱ་ཀྵྼེྎ ལཱ་ཀྵྼེྎ གཱིརྟིྎ ནཱིརྟིྎ རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །ཁྱད་དགའི་ཉམས་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །མེ་ཏོག་བདུག་པ་སྣང་གསལ་དྲི་ཆབ་མ། །རབ་འབྱམས་ནམ་མཁའ་གང་བས་མཆོད་བགྱི། །ཨོཾ་ཨཱཿབཛྭ་པཱུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ རབ་མཛེས་ལྟ་བས་མི་ངོམས་ལང་ཚོ་ཅན། །ལྷན་སྐྱེས་དགའ་བཞིས་སྒེག་ཅིང་འགྱིང་བའི་གཟུགས། །གཟུགས་བཅུད་རེག་བྱ་ཆོས་དབྱིངས་རྡོ་རྗེ་མ། །རབ་འབྱམས་ནམ་མཁའ་གང་བས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་རཱུ་པྎ རཱ་ཀྵྼེྎ སྤརྴེྎ དྷཱརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། བདུད་རྩི་འབུལ་བ་ནི། བདུད་རྩིའི་སྟེང་དུ་ཧཱུྃ། དེ་ལས་མི་བསྐྱོད་པ་འཐོན་ཏེ་དེས་ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་ཕྱག་ཏུ་བླངས་དེ་ཉིད་ལ་ཐིམ་པས་སྦྱངས། ཨ་ལས་འོག་ཏུ་རླུང་དང་མེའི་འཁོར་ལོའི་སྟེང་དུ་ཀ་པཱ་ལ། དེའི་ནང་དུ་འོད་དཔག་མེད་བྱོན་ནས་བདུད་རྩི་བླངས། དེ་དག་ལ་ཐིམ། ཁ་དོག་དྲི་རོ་བཅུད་དྲི་མ་མེད་པའི་ཕུན་སུམ་ཚོགས་པར་སྦར་རོ། །ཨོཾ་ལས་རྣམ་སྣང་གིས་བདུད་རྩི་བླངས། དེ་དག་ལ་ཐིམ་པས་བདུད་རྩི་རྒྱ་མཚོ་ཞུ། ཨོཾ་ཨཱཿཧཱུྃ ལན་གསུམ་གྱིས་བྱིན་གྱིས་བརླབས། ལྗགས་རྡོ་རྗེ་སྦུ་གུ་ཅན་དེས་དྲངས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་གུ་་བྷཀྵ་བྷཀྵ་ཧཾ། གསང་མཆོད་འབུལ་བ་ནི། གཙོ་བོ་ཡབ་ཡུམ་གྱི་མགོ་བོར་ཨོཾ། སྙིང་གར་ཧཱུྃ། ལྟེ་བར་སྭཱ། གསང་གནས་སུ་ཨཱཿ བརླ་གཉིས་སུ་ཧཱ་རྣམས་རིགས་ལྔའི་རང་བཞིན། ཡུམ་གྱི་མཁའ་སྲཱིཿདམར་པོ་ལས་པདྨ་དམར་པོ། བྷྲཱུྃ་ལས་བྱུང་བའི་གེ་སར་སེར་པོ། ཡབ་ཀྱི་གསང་བ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ། ཨོཾ་ལས་བྱུང་བའི་ནོར་བུ་དམར་པོ། ལྷ་མོ་རྣམས་ལ་གཟིགས་པའི་སྦྱོར་བ་དང་། ལྷན་ཅིག་རྡོ་རྗེ་དང་པདྨ་བསྐྱོད་ཅིང་ཕཊ྄་གྱི་སྒྲས་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་བཀུག ཞལ་ནས་ཞུགས། ཨ་ཝ་དྷཱུ་ཏཱིའི་ལམ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་གྱུར་པ་སྐུའི་ཆ་ཐམས་ཅད་དུ་ཁྱབ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དགའ་བ་ཉམས་སུ་མྱོང་བར་གྱུར། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། གང་གིས་རྣམ་རྟོག་རྣམ་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་ཞིང་། །ལུས་དང་སེམས་ནི་རྣམ་དག་ལ། །འདི་ནི་དོན་དམ་མཆོད་པ་ཡིན།། དེ་ནས་བསྟོད་པ་ནི། མཆེ་བ་གཙིགས་པ་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་འཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ།། གཞན་ཡང་། ཐབས་དང་ཤེས་རབ་བདག་ཉིད་ཅན། །ཐུགས་རྗེས་སྐུར་སྤྲུལ་འགྲོ་དོན་མཛད། །སྐུ་གསུང་ཐུགས་ཀྱི་དབང་ཕྱུག་གཙོ། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཞལ་བཞི་ཕྱག་བཞི་སྤྱན་གསུམ་མཛེས། །ཞབས་གཉིས་ཕྱེད་ཀྲུང་གར་ཚུལ་གྱིས། །པདྨ་ཉི་མའི་གདན་ལ་བཞུགས། །རྒྱལ་བའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་མདོག་སྔོན་པོ་ཆེར་འབར་བའི། །འཇིགས་བྱེད་མཆེ་བ་གཙིགས་པ་པོ། །གཡས་སེར་གཡོན་ལྗང་རྒྱབ་ཞལ་དཀར། །གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །དེ་བཞིན་གཤེགས་པའི་རིགས་ཀྱི་བདག །རིགས་བཙུན་རིག་མས་མགུལ་ནས་འཁྱུད། །དབུ་ལ་རིགས་ཀྱི་བདག་པོ་བཞུགས། །བདེ་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །སྒེག་ཅིང་དཔའ་བྱད་འཇིགས་སུ་རུང་། །དྲག་དང་རྒོད་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བ་ཡི། །ཉམས་དགུའི་ཡོན་ཏན་ཁྱོད་ལ་འདུད། །ནམ་མཁའ་འོད་ཀྱིས་ཁེབས་མཛད་ཅིང་། །འཇིགས་པ་པོ་ཡང་འཇིགས་པར་མཛད། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །བདེ་གཤེགས་སྐུ་ལ་ཕྱག་འཚལ་བསྟོད། །གཡས་གཡོན་དང་པོ་མདའ་དང་གཞུ། །ལྷག་མ་ཐོད་པ་ཁ་ཊྶཱཾ་འཛིན། །མགོ་ཕྲེང་བརྒྱ་ཕྱེད་དོ་ཤལ་བྱས། །མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་ཁམས་པ་གྱེན་དུ་སྒྲེངས། །ཀ་པཱ་ལ་ལྔས་དབུ་ལ་བརྒྱན། །ན་རའི་སྟོད་གཡོགས་སྟག་ལྤགས་བསྣམས། །འཇིགས་རུང་ཁྱོད་ལ་ཕྱག་འཚལ་འདུད། །དངོས་པོའི་རང་བཞིན་ཀུན་གྱི་མཆོག །སྐུ་ལ་མཚན་དང་དཔེ་བྱད་རྫོགས། །འགྲོ་བའི་དོན་ནི་མཛད་པ་པོ། །སྐུ་གསུམ་བདག་ཉིད་ཁྱོད་ལ་འདུད། །ཁྱོད་ཀྱི་ཡེ་ཤེས་སྤྱན་ཟུར་གྱིས། །མི་མཐུན་ཕྱོགས་རྣམས་སྐྲག་མཛད་ཅིང་། །རྒྱལ་མཚན་དྲིལ་བུས་སླར་གསོ་མཛད། །ཐུགས་རྗེ་ཅན་ལ་ཕྱག་འཚལ་འདུད། །སྐུ་གསུམ་ཡེ་ཤེས་ལྔ་བདག་ཉིད། །བདེ་བར་གཤེགས་པ་ཀུན་གྱི་གཙོ། །འགྲོ་བ་མི་ཤེས་གཅོད་པ་པོ། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། །དེ་ཉིད་བརྟན་པ་གཡོ་བཅས་པ། །ཁམས་གསུམ་འདི་དག་ཐམས་ཅད་ཀྱི། །བདག་ཉིད་ཆེན་པོ་ཁྱོད་ལ་འདུད། །འགྲོ་བའི་སྡུག་བསྔལ་སེལ་བྱེད་ཅིང་། །ཕུན་སུམ་ཚོགས་པ་ཀུན་སྟེར་བ། །བྱང་ཆུབ་ལམ་ནི་སྟོན་པ་པོ། །ཡེ་ཤེས་སྐུ་ཁྱོད་ཕྱག་འཚལ་བསྟོད། །བསམ་མེད་དཔེ་དང་བྲལ་བས་བརྗོད་དུ་མེད། །བདེ་ཆེན་སྐུ་སྟེ་མི་འགྱུར་འདུས་མ་བྱས། །དངོས་དང་དངོས་མེད་རྣམ་སྤངས་དམིགས་པ་མེད། །བདེ་ཆེན་སངས་རྒྱས་མཁའ་འགྲོར་ཕྱག་འཚལ་བསྟོད། །ཤར་ཕྱོགས་ལྷ་མོ་རྡོ་རྗེའི་རིགས། །བྱམས་པའི་བདག་ཉིད་སྐུ་མདོག་སྔོ། །ས་ཁམས་མེ་ལོང་ཡེ་ཤེས་བདག །རྡོ་རྗེ་མཁའ་འགྲོརྎ ལྷོ་ཕྱོགས་ལྷ་མོ་རིན་ཆེན་རིགས། །སྙིང་རྗེའི་བདག་ཉིད་སྐུ་མདོག་སེར། །ཆུ་ཁམས་མཉམ་ཉིད་ཡེ་ཤེས་བདག །རིན་ཆེན་མཁའ་འགྲོརྎ ནུབ་ཕྱོགས་ལྷ་མོ་པདྨའི་རིགས། །དགའ་བའི་བདག་ཉིད་སྐུ་མདོག་དཀར། །མེ་ཁམས་སོ་སོར་རྟོག་རང་བཞིན། །པདྨ་མཁའ་འགྲོརྎ བྱང་ཕྱོགས་ལྷ་མོ་ལས་ཀྱི་རིགས། །བཏང་སྙོམས་རང་བཞིན་སྐུ་མདོག་ལྗང་། །རླུང་ཁམས་བྱ་བ་གྲུབ་རང་བཞིན། །སྣ་ཚོགས་མཁའ་འགྲོརྎ ཐམས་ཅད་ཞལ་བཞི་ཕྱག་བཞི་མ། །ཕྱག་ན་རང་རང་མཚན་མ་འཛིན། །མཚན་དང་དཔེ་བྱད་སྐུ་ལ་རྫོགས། །རིགས་ལྔའི་སངས་རྒྱས་ཕྱག་འཚལ་བསྟོད། །སྐུ་ལ་འོད་ཀྱི་ཕྲེང་བ་འཕྲོ། །མི་མགོ་ཁྲག་འཛག་དོ་ཤལ་བྱས། །ཞབས་གཉིས་ཉི་མར་ཕྱེད་ཀྲུང་བཞུགས། །འཁོར་གྱི་ལྷ་མོརྎ ཕྱག་རྒྱ་རྣམ་པ་ལྔ་དང་ལྡན། །ཀ་པཱ་ལ་ལྔས་དབུ་ལ་བརྒྱན། །སྒེག་པ་ལ་སོགས་ཉམས་དང་ལྡན། །ལྷ་མོའི་འཁོར་ལ་ཕྱག་འཚལ་བསྟོད། །རྗེ་བཙུན་འཁོར་དང་བཅས་པ་ལ། །བདག་གིས་བསྟོད་པའི་བསོད་ནམས་ཀྱིས། །སེམས་ཅན་ཀུན་གྱིས་རྗེ་བཙུན་གྱི། །གོ་འཕང་བླ་མེད་ཐོབ་པར་ཤོག། ཅེས་བསྟོད། དེ་ནས་བཟླས་པ་བྱ་བ་ནི། སྐབས་འདིར་ཡི་གེ་གསུམ་དང་འབྲེལ་བའི་སྔགས་བཟླ་བར་གསུངས་པས། གཙོ་བོའི་ཨོཾ་ཨཱཿསྲཱིཿཧཱུྃ། ཡུམ་སོགས་ཀྱིས། ཨོཾ་ཨཱཿཨོཾ་ཧཱུྃ། ཨོཾ་ཨཱཿཧཱུྃ་ཧཱུྃ། ཨོཾ་ཨཱཿསྭཱ་ཧཱུྃ། ཨོཾ་ཨཱཿཨཱཿཧཱུྃ། ཨོཾ་ཨཱཿཧཱཿཧཱུྃ། ཅེས་པ་རྣམས་སོ་སོར་བཟླའོ། །དེ་ནས་བུམ་བསྐྱེད་བཟླས་པ་འོད་ཞུའི་བར་སྟ་གོན་སྐབས་ལྟར་བྱ། དེ་ནས་ཚོགས་ཀྱི་འཁོར་ལོའི་མཆོད་པ་ནི། བདེ་མཆོག་ལྟར་བྱ་ཞིང་། བརྟག་གཉིས་ལས་འབྱུང་བའི་ཀཽ་ལ་ཨེ་རེཥྚ་སོགས་རྡོ་རྗེའི་གླུ་ཡང་བླང་བར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་རྡོར་དྲིལ་འཛིན་པས་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱ་ཞིང་ཤར་ཕྱོགས་སུ་ཞི་བའི་སྦྱིན་སྲེག་བྱ། དེ་ནས་གཏོར་མ་འབུལ་བ་ནི། གཏོར་མ་བསང་སྦྱངས། གཏོར་མའི་སྟེང་དུ་ཧཱུྃ། དེ་ལས་མི་བསྐྱོད་པ་འཐོན་ཏེ་དེས་ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་ཕྱག་ཏུ་བླངས་དེ་ཉིད་ལ་ཐིམ་པས་སྦྱངས། ཨ་ལས་འོག་ཏུ་རླུང་དང་མེའི་འཁོར་ལོའི་སྟེང་དུ་ཀ་པཱ་ལ། དེའི་ནང་དུ་འོད་དཔག་མེད་བྱོན་ནས་བདུད་རྩི་བླངས། དེ་དག་ལ་ཐིམ། ཁ་དོག་དྲི་རོ་བཅུད་དྲི་མ་མེད་པའི་ཕུན་སུམ་ཚོགས་པར་སྦར་རོ། །ཨོཾ་ལས་རྣམ་སྣང་གིས་བདུད་རྩི་བླངས། དེ་དག་ལ་ཐིམ་པས་བདུད་རྩིའི་རྒྱ་མཚོར་ཞུ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཐུགས་ཀའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཕྱོགས་སྐྱོང་ཞིང་སྐྱོང་མ་མོ་མཁའ་འགྲོ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་གནས་འདིར་བྱོན་པར་གྱུར། ཅེས་སྤྱན་དྲངས་ལ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཕྲ་མོའི་དབྱིབས་ཅན་འོད་ཀྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྭ་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཕཊ྄། ཨོཾ་བུདྡྷཱ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཨོཾ་ཕཊ྄། ཨོཾ་བཛྭ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧཱུྃ་ཕཊ྄། ཨོཾ་རཏྣ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་སྲཱིཿཕཊ྄། ཨོཾ་པདྨ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཨཱཿཕཊ྄། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧོཿཕཊ྄། ཨོཾ་སརྦ་ཌཱ་ཀི་ནཱི་པྲ་ཏཱིཙྪེ་མཾ་བ་ལིཾ་ཧ་ཧ་ཧོཿཕཊ྄། ཅེས་ལན་གསུམ་གྱིས་ཕུལ། ཨོཾ་ཨཱཿབཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས། ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། སོགས་དེ་ཉིད་ལྔས་བསྟོད། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ།། ཅེས་བརྗོད་ཅིང་རང་བཞིན་རྣམ་པར་དག་པའི་དོན་བསམ། ཨོཾ་ཨཱ་ཧཱུྃ་གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ལ་སོགས་པ་སརྦ་ཀྵེ་ཏྲ་པཱ་ལ་ཨི་དཾ་བ་ལིཾ་གྲྀ་གྲྀ། མ་མ་ས་པ་རི་ཝཱ་རཱ་ན་སརྦ་སཏྭཱ་ནཱཉྩྨ། སརྦ་པཱ་པཾ་བྱཱ་དྷི་བིགྷྣ་ཤཱིནྟཾ་ཀུ་རུ་དྷ་ན་ཀ་ཀྵྼ་ཨཱ་ཡུཿཨ་རོཀྱ་པུཥྚིཾ་ཀུ་རུ། སརྦ་བྷ་ཡཾ་རཀྵ་རཀྵ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་འཇིག་རྟེན་པ་རྣམས་ལ་གཏོར་མ་ཕུལ། ཧེ་རུ་ཀ་དཔལ་ཡབ་ཡུམ་ནི། །རིགས་བཞིའི་མཁའ་འགྲོ་མ་དང་བཅས། །ཞིང་སྐྱོང་བརྒྱད་དང་ཕྱོགས་སྐྱོང་བརྒྱད། །དུར་ཁྲོད་གནས་པའི་མ་མོའི་ཚོགས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ།། ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། སོགས། ཨོཾ་ཨཱཿཧཱུྃ་མུཿགཏོར་མགྲོན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། དེ་ནས། དཀྱིལ་འཁོར་གྱི་གཙོ་བོ་ལས་རང་ཉིད་ཧེ་རུ་ཀ་དཔའ་བོ་གཅིག་པའི་རྣམ་པས་ལོགས་སུ་བྱེ་བར་མོས་ལ་བདག་ཉིད་འཇུག་པར་བྱ་སྟེ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་མགོན་ལ་སྐྱབས་སུ་མཆི། །གཙོ་བོ་མཁའ་འགྲོ་མར་བཅས་པའི། །ལྷ་རྣམས་ཀུན་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ།། ལན་གསུམ། ཨོཾ་ཨཱཿཧཱུྃ་གིས་གདོང་གཡོགས་བཅིང་། སློབ་དཔོན་གྱིས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་བདག་ཉིད་རབ་ཏུ་གཞུག་པར་བགྱི།། ལན་གསུམ་གྱིས་གསོལ་བ་གདབ། དཀྱིལ་འཁོར་གྱི་ལྷ་རྣམས་ལ་དང་བས། ཨོཾ་ན་མསྟེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ་སྭཱ་ཧཱ། ཞེས་ཕྱག་འཚལ། ཤར་སྒོ་ནས་སྙིང་གར་ཐལ་མོ་སྦྱར། ཨོཾ་བཛྭ་ཌཱ་ཀི་ནཱི་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱཿཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭ་མཱཾ། ཞེས་ཕྱག་འཚལ། མི་བསྐྱོད་པ་སྙིང་གར་ཐིམ། དེ་བཞིན་དཔྲལ་བར་ཐལ་སྦྱར། ཨོཾ་རཏྣ་ཌཱ་ཀི་ནཱི་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭཱ་མཱཾ། རིན་ཆེན་འབྱུང་གནས་དཔྲལ་བར་ཐིམ། མགྲིན་པར་ཐལ་སྦྱར། ཨོཾ་པདྨ་ཌཱ་ཀི་ནཱི་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་པདྨ་དྷཱ་ར་ཨ་བྷི་ཥིཉྩྨ་ཨ་དྷི་ཏིཥྛ་སྭཱ་མཱཾ། སྣང་བ་མཐའ་ཡས་མགྲིན་པར་ཐིམ། སྤྱི་བོར་ཐལ་སྦྱར། ཨོཾ་བི་ཤྭ་ཌཱ་ཀི་ནཱི་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་ཨ་བྷི་ཥིཉྩྨ་སིདྡྷི་ཏིཥྛ་སྭཱ་མཱཾ། དོན་ཡོད་གྲུབ་པ་སྤྱི་བོར་ཐིམ། ཞེས་ཕྱག་བྱས། ལས་ཐམས་ཅད་པའི་ཆུས་བཀྲུ། ཤར་སྒོའི་ཕྱིར་འཁོད་པ་ན་སློབ་དཔོན་ལ་མེ་ཏོག་དང་བཅས་པའི་ཕྱག་བྱས་ཏེ། དམ་ཚིག་དེ་ཉིད་བདག་ལ་སྩོལ། །བདག་ལ་སྡོམ་པ་རྣམས་ཀྱང་སྩོལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །སློབ་དཔོན་ཆེན་པོ་བདག་ལ་གསོན།། ཞེས་སོ།། དེ་ནས་སློབ་དཔོན་གྱིས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འདི་ནི་སངས་རྒྱས་རིགས་ཡིད་འོང་། །སྡོམ་པ་བརྟན་པོར་འགྱུར་བའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བ་འོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། ཞེས་པའི་བར་གྱིས་ཕོག སློབ་མས། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་མཁའ་འགྲོར་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སློབ་དཔོན་སྤྱན་སྔར་དེ་རིང་ནས། །བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི། །སྙིང་པོ་ལ་ནི་མཆིས་ཀྱི་བར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱི་བར་འཚལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམ་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་ཆེན་པོ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ཀྱང་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། དེ་ནས། སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་མེ་ཏོག་གི་འཕྲེང་བ་དང་བཅས་པས་རྣལ་འབྱོར་དུ་སེམས་བསྐྱེད། རྡོ་རྗེ་སྙིང་གར་བཀོད། ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ། བོ་དྷི་ཙིཏྟ་བཛྭ་ཡ་ཐཱ་སུ་ཁཾ། དེ་ནས། ཨཱཿཁཾ་བཱི་ར་ཧཱུྃ་ཞེས་པས་ནང་དུ་བཅུག དེང་ཁྱོད་ཧེ་རུ་ཀ་དང་མཁའ་འགྲོ་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་དཔལ་སྒྱུ་མ་ཆེན་པོའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔལ་ཧེ་རུ་ཀ་དང་མཁའ་འགྲོ་མའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ། སྤྱི་བོར་རྡོ་རྗེ་བཞག ཁྱོད་ཀྱིས་སུ་ཡང་རུང་བ་ལ། །གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་ཡིས། །རང་གི་མགོ་བོ་འགས་པར་འགྱུར།། བདུད་རྩི་ལྔའི་ཆུ་སྙིང་པོ་བཟླས་ཏེ། ཧེ་རུ་ཀ་དཔལ་ང་ཡིན་གྱིས། །ང་ཡིས་བསྒོ་བ་ཁྱོད་གྱིས་ཤིག །ཁྱོད་ཀྱིས་ང་ལ་བརྙས་བྱས་ན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བར་ལྟུང་བར་འགྱུར་ཏ་རེ།། དེ་ནས་སློབ་མས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་དབབ་ཏུ་གསོལ།། སློབ་དཔོན་ཆས་སུ་ཞུགས་ཤིང་འགྱིང་བས་སློབ་མ་ལ་བལྟས་ཏེ། རྫས་ཀྱིས་བདུག ཨོཾ་བཛྭ་ཨཱ་བེ་ཤ་ཞེས་བརྒྱ་རྩ་བརྒྱད་བཟླས་ཤིང་རོལ་མོ་བསྒྲག ཐུགས་ཀའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་དེ་ལ་གཞུག དེས་མ་བབས་ན། སློབ་མའི་སྙིང་གར་ཟླ་བ་ལ་ཧེ་རུ་ཀ་ཡུམ་བཅས་སྙོམས་པར་ཞུགས་པས་འོད་ཟེར་དམར་པོས་ལུས་ཐམས་ཅད་གང་བ་ལ་དམིགས་ཏེ་སྔགས་བཟླས་སོ། །བབས་ནས་ལྕེ་ལ་ཨ་དམར་པོ་བསམ་ནས། སྨྲོས་ཤིག་འདོད་ཆགས་ཆོས་ཆེན་པོ། །དཔག་ཏུ་མེད་པ་བདེ་བ་ཆེ། །དགེ་དང་མི་དགེ་འདྲི་འདྲི་བས། །བབས་ནས་དགེ་དང་མི་དགེ་སྟོན། དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས། དེ་ནས། འདི་ནི་བསོད་ནམས་ཇི་ལྟ་བར། །རིགས་ཀྱི་རིམ་བཞིན་འདི་ཡི་ལྷ། །འདི་ཡིས་དངོས་གྲུབ་གང་འགྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག། སློབ་མས། པྲ་ཏཱིཙྪ་བཛྭ་ཧོཿ ཞེས་པས་དོར། དེ་ནས་སློབ་མའི་ལག་པ་བཟུང་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། བཛྭ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲིས་མིག་ཕྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་དང་། །དངོས་གྲུབ་ཀུན་ཁྱོད་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་བགྱི། །དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་དང་། མེ་ཏོག་ཕོག་པའི་ལྷ་འདིའོ་ཞེས་བསྟན། དེ་ནས་སློབ་མས་མཎྜྻལ་དང་ཡོན་ཕུལ་ཏེ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར།། ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་ཡུངས་ཀར་ལག་པ་གཡས་གཡོན་དུ་བཟུང་ལ་སོ་སོར་ལག་གཉིས་གཡས་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭཱ་ཡ། བཛྭ་སཏྭ་ཀྵྼ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། བཟླས་ཤིང་ཡུངས་ཀར་མེ་ལ་དོར་རོ། །དེ་བཞིན་དུ་གཡས་སུ་བསྐོར་བ་ཡང་བྱ་ཞིང་། ཡང་ཆུ་དང་ཁམ་ཕོར་དང་དུར་བཱ་དང་བཅས་བའི་བ་ལྕིའི་ཆང་བུ་དང་། ཟན་ཆངས་ཀྱིས་ཀྱང་བསྐོར་ཞིང་མེར་མི་འདོར། དེ་ནས་ལག་པས་ཉེ་རེག་བྱས་ལ་སྙིང་གར་དྲི། མགོར་མེ་ཏོག མདུན་དུ་ཡོན་ཆབ། མར་མེས་བསྐོར་ཞིང་མར་དང་སྤོས་དཀར་གྱིས་བདུགས་ཤིང་ཕྱིར་དོར་རོ། །དེ་ནི་བགེགས་སྡིག་པ་མི་ཤིས་པ་སྦྱང་བའོ། །དེ་ནས། ཕྱོགས་ལྷོར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་སེང་གེའི་ཁྲིར་དར་སྣ་ཚོགས་ཀྱིས་འབོལ་བའི་གདན་ལ་སློབ་མ་བཀོད། སྟེང་དུ་གདུགས་དཀར་པོབཟུང་། སློབ་མ་སྐད་ཅིག་གིས་དཔལ་ཧེ་རུ་ཀ་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་སྐུ་མདོག་སྔོན་པོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན། ཕྱག་བཞི་པ་གཡས་པ་གཉིས་ན་ཀ་པཱ་ལ་དང་མདའ། གཡོན་པ་གཉིས་ན་ཁ་ཊྶཱཾ་ག་དང་གཞུ་འཛིན་པ། རྩ་བའི་ཕྱག་གིས་རང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐལ་ཆེན་གྱིས་བྱུགས་པ། ཐོད་སྐམ་གྱི་ཅོད་པན་དང་མགོ་རློན་གྱི་དོ་ཤལ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིའི་པགས་པ་བགོས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་ཅན་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ་ལ་སྔར་མེ་ཏོག་དོར་བའི་རིགས་ཀྱི་ལྷས་མེ་ཏོག་གི་ཕྲེང་བས་དབང་བསྐུར་བར་གྱུར། ཨོཾ་དྷརྨ་ཀུནྡ་ཨ་བྷི་ཥིཉྩྨ་ཨ། ཞེས་སྤྱི་བོར་བཅིངས་པར་བསམ། དེ་ནས་སློབ་དཔོན་གྱིས་བུམ་པ་ཐམས་ཅད་ཀྱིས་རྩ་བའི་སྔགས་ཀྱིས་དཀྱིལ་འཁོར་ལ་གཡོན་ནས་བསྐོར་བ་ལན་གསུམ་བྱས་ནས། དེ་དག་གི་ཆུ་བསྡུས་ལ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་མོས་པ་གྱིས་བྱས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྭ་ཨ་བྷི་ཥིཉྩྨ། ཅོད་པན་བསངས། ཅོད་པན་མི་དམིགས་པ་སྟོང་པའི་ངང་ལས་རིན་ཆེན་འབྱུང་གནས་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་ཡུམ་སྒྲོལ་མ་སེར་མོ་གྲི་ཐོད་འཛིན་པ་དང་འཁྲིལ་བ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསལ་བ་ལ་བསྒོམས་པ་དང་མཚུངས་པའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ རིན་འབྱུང་འོད་དུ་ཞུ་བ་རིན་པོ་ཆེའི་ཅོད་པན་དུ་གྱུར། ཞེས་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་རྣམས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ཕུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བར་མོས། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། ཨོཾ་བཛྭ་པ་ཏཾ་ཀ་བཛྭ་ཨཱ་ར་ལི་ཧོཿ རྡོ་རྗེ་རྩེ་དགུ་པ་བསངས། དབང་རྫས་ཀྱི་རྡོ་རྗེ་མི་དམིགས་པ་སྟོང་པའི་ངང་ལས་འོད་དཔག་མེད་པ་པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་དམར་མོ་གྲི་ཐོད་འཛིན་པ་དང་འཁྲིལ་བར་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསལ་བ་ལ་བསྒོམས་པ་དང་མཚུངས་པའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ འོད་དཔག་མེད་འོད་དུ་ཞུ་བ་རྡོ་རྗེར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེས་དབང་བསྐུར། མཆོད་པའི་ལྷ་མོ་སོགས། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་གཟུང་། །ཨོཾ་བཛྭ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩྨ་མཾ། ལག་གཡས་སུ་གཏད། སྙེམས་པའི་ཚུལ་གྱིས་ལག་གཡས་སུ་འཛིན་དུ་བཅུག ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། ཅེས་བརྗོད། དེ་ནས་དྲིལ་བུ་བསངས། དབང་རྫས་ཀྱི་དྲིལ་བུ་མི་དམིགས་པ་སྟོང་པའི་ངང་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ་གྲི་ཐོད་འཛིན་པ་དང་འཁྲིལ་བ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསལ་བ་ལ། བསྒོམ་པ་དང་མཚུངས་པའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ དོན་གྲུབ་འོད་དུ་ཞུ་བ་དྲིལ་བུར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་དྲིལ་བུའི་དབང་བསྐུར། མཆོད་པའི་ལྷ་མོ་སོགས། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། གཡོན་དུ་གཏད། དྲིལ་བུ་དཀྲོལ་དུ་བཅུག སྲིད་པ་ངོ་བོ་ཉིད་ཀྱི་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཧྶཾ། ཨ་བྷི་ཥིཉྩྨ་ཏིཥྛ་བཱི་ར་ས་མ་ཡ་ཧྶཾ། རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་དུ་བཅུག་པ་ལ་ཕྱག་རྒྱ་ཆེན་པོ་དང་ལྡན་པ་ལ། རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། །གཡོན་སྙེམས་པ་དང་སྒྲོལ་དོན་འཆང་། །གཉིས་མེད་གཉིས་མེད་རྣལ་འབྱོར་ཏེ། །ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མི། ཨོཾ་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ། མེ་ཏོག་ཕོག་པའི་རིགས་ཀྱི་མིང་བཏགས། དེ་ནས་རྡོ་རྗེ་ལག་པར་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཧེ་རུ་ཀ་དཔལ་བརཏལ་ཞུགས་བརྟན།། ཞེས་རྡོ་རྗེའི་བརཏལ་ཞུགས་བྱིན། དེ་ནས་སློབ་མས་མཎྜྻལ་ཕུལ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱང་ཆུབ་ཐོབ། །གསང་བའི་དབང་བསྐུར་ཆེན་པོ་ནི། །གཙོ་བོ་གསང་བ་བདག་ལ་སྩོལ།། ཞེས་གསོལ་བ་བཏབ། ཚོགས་ཀྱི་དཀྱིལ་འཁོར་བརྩམས་ཏེ། བདག་བསྐྱེད་རྒྱས་བཏབ་ཀྱི་བར་ཏེ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་སྐུ་མདོག་སྔོན་པོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན། ཕྱག་བཞི་པ་གཡས་པ་གཉིས་ན་ཀ་པཱ་ལ་དང་མདའ། གཡོན་པ་གཉིས་ན་ཁ་ཊྶཱཾ་ག་དང་གཞུ་འཛིན་པ། རྩ་བའི་ཕྱག་གིས་རང་འདྲ་བའི་ཡུམ་སངས་རྒྱས་མཁའ་འགྲོ་མ་ལ་འཁྱུད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐལ་ཆེན་གྱིས་བྱུགས་པ། ཐོད་སྐམ་གྱི་ཅོད་པན་དང་མགོ་རློན་གྱི་དོ་ཤལ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིའི་པགས་པ་བགོས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་ཅན་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ མིག་གཉིས་སུ་ཨ། རྣ་བ་གཉིས་སུ་ཁེ། སྣ་གཉིས་སུ་ཙི། སྙིང་གར་ར། ཐུགས་ཀའི་ཆ་སྟོད་དུ་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམས་པ་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་འོད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ལག་པས་ལོ་མ་བུས་པའི་བདུད་རྩིའི་ཆུ་དང་། བཀྲ་ཤིས་ཀྱི་གླུའི་མངོན་པར་དབང་བསྐུར་བས་རིགས་ཀྱི་བདག་པོ་མི་བསྐྱོད་པའི་དབུ་བརྒྱན་པར་གྱུར། དེ་ལྟར་ཆོ་ག་རྫོགས་པས། སློབ་མ་ལ། དམ་ཚིག་ཆོ་གར་གང་གསུངས་པ། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །གང་གི་ལུས་ཀུན་བརྟན་བྱེད་པ། །དེ་ནི་ཕྱག་རྒྱར་རབ་ཏུ་གྲགས།། ཞེས་སློབ་མ་ལ་སྨྲས་ནས། གཙོ་བོ་ཡབ་ཡུམ་གྱི་མགོ་བོར་ཨོཾ། སྙིང་གར་ཧཱུྃ། ལྟེར་བར་སྭཱ། གསང་གནས་སུ་ཨཱཿ བརླ་གཉིས་ལ་ཧཱ་རྣམས་རིགས་ལྔའི་རང་བཞིན། ཡུམ་གྱི་མཁའ་སྲཱིཿདམར་པོ་ལས་པདྨ་དམར་པོ། བྷྲཱུྃ་ལས་བྱུང་བའི་གེ་སར་སེར་པོ། ཡབ་ཀྱི་གསང་བ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ། ཨོཾ་ལས་བྱུང་བའི་ནོར་བུ་དམར་པོ། ཕྱག་རྒྱ་དང་ལྷན་ཅིག་འདོད་པ་ལྔ་སྤྱད་ནས། ཕྱག་རྒྱས། ཀྱེ་མ་གཉེན་མཆོག་རྡོ་རྗེ་འོད་ཀྱིས་པདྨ་ཁ་ཕྱེ་ཞིག །ཨ་ལ་ལ་ལ་ཧོཿ བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཉི་མའི་དཀྱིལ་འཁོར་པདྨ་ཁ་རབ་འབྱེད་པ་ཞིག །བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག །ཅེས་པའི་གླུས་བདག་ལ་བསྐུལ་བས་སྙོམས་པར་ཞུགས་དེའི་སྒྲས་ཀྱང་ནམ་མཁའ་ཁྱབ་པར་གནས་པའི་གདན་གསུམ་གྱི་ལྷ་ཚོགས་ཆེན་པོ་ཡང་དག་པར་བསྐུལ། སྤྱི་བོ་ནས་ཞུགས་བྱང་ཆུབ་སེམས་སུ་ཞུ་བ་ཕྱུང་ནས་དཀར་དམར་འདྲེས་པ། ཤེས་རབ་ཀྱི་མཁར་གནས་པ་ལྕེ་སྟེང་དུ་བབ་པར་བསམ། དབང་བསྐུར་རྡོ་རྗེ་ཆེན་པོ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ།། ཅེས་མཐེབ་སྲིན་གྱིས་ཁར་བྱིན། ཨ་ཧོ་སུ་ཁ་ཞེས་པས་འཐུང་། ཁམས་གསུམ་ཐབས་དང་ཤེས་རབ་ཏུ་གཅིག་པའི་བདེ་བ་ཆེན་པོ་མྱོང་བར་བསམ་མོ། །དེ་ནས་རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་སྔོན་བཞིན་ཚོགས་དཀྱིལ་བརྩམས་ནས་བསྒྲུབས་པ་དེར་སློབ་མས་མཎྜྻལ་ཕུལ། རང་བཞིན་སློབ་དཔོན་གོ་འཕང་ཆེ། །སྐལ་པ་ཆེན་པོ་བདག་ལ་སྩོལ། །བདེ་གཤེགས་རྣམས་ཀྱི་དབང་བསྐུར་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །དེ་ནི་སེམས་ཅན་དཔག་མེད་དོན། །བརཏལ་ཞུགས་མཆོག་ནི་ཁྱོད་དྲིན་གྱིས། །ཇི་ལྟར་འདུལ་བཞིན་བདག་བགྱིད་དོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་སྒྱུ་མ་ཆེན་པོར་བསྐྱེད་པ་སྟེ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་སྐུ་མདོག་སྔོན་པོ་སྔོ་སེར་དཀར་ལྗང་བའི་ཞལ་ཅན། ཕྱག་བཞི་པ་གཡས་པ་གཉིས་ན་ཀ་པཱ་ལ་དང་མདའ། གཡོན་པ་གཉིས་ན་ཁ་ཊྶཱཾ་ག་དང་གཞུ་འཛིན་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་ཐལ་ཆེན་གྱིས་བྱུགས་པ། ཐོད་སྐམ་གྱི་ཅོད་པན་དང་མགོ་རློན་གྱི་དོ་ཤལ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མིའི་པགས་པ་བགོས་ཏེ་སྐྱིལ་ཀྲུང་ཕྱེད་པའི་གར་ཅན་འོད་ཟེར་གྱི་འཕྲེང་བའི་དབུས་ན་བཞུགས་པ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ མིག་གཉིས་སུ་ཨ། རྣ་བ་གཉིས་སུ་ཁེ། སྣ་གཉིས་སུ་ཙི། སྙིང་གར་ར། ཐུགས་ཀའི་ཆ་སྟོད་དུ་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའི་འོད་ཟེར་གྱི་ལྕགས་ཀྱུས་བསྒོམས་པ་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་སྙིང་གའི་འོད་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ལག་པས་ལོ་མ་བུས་པའི་བདུད་རྩིའི་ཆུ་དང་། བཀྲ་ཤིས་ཀྱི་གླུའི་མངོན་པར་དབང་བསྐུར་བས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཅེས་དབང་བསྐུར་རྒྱས་གདབ་ཀྱི་བར་བྱས། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་རིག་མ་མཛེས་སྒེག་ལང་ཚོ་དང་ལྡན་པ་སངས་རྒྱས་མཁའ་འགྲོ་མའི་ངོ་བོ་ཅན་སྤྲོས་ནས་གཏད་པར་མོས་ལ། མཛེས་པ་འདི་ནི་གཟུང་བ་དང་། །བསྟེན་པར་བདེ་གཤེགས་ཀུན་གྱིས་བརྟག །འདི་ནི་གཟུངས་མ་ཡིད་དགའ་བ། །ཁྱོད་ཀྱིས་རྟག་ཏུ་བསྟེན་པར་བྱ།། དེ་སྐད་སྨྲས་ནས། ཕྱག་རྒྱ་དེ་ཉིད་སངས་རྒྱས་མཁའ་འགྲོ་མ་གྲི་གུག་དང་ཐོད་པ་འཛིན་ཅིང་ཕྱག་རྒྱ་ལྔས་སྤྲས་པ། གཅེར་བུ་ཞབས་གཡོན་བརྐྱང་གིས་ཡབ་ལ་འཁྱུད་པའི་སྤྱི་བོར་ཨོཾ། སྙིང་གར་ཧཱུྃ། ལྟེ་བར་སྭཱ། གསང་གནས་སུ་ཨཱཿ བརླ་གཉིས་སུ་ཧཱ་རྣམས་རིགས་ལྔའི་རང་བཞིན། ཡུམ་གྱི་མཁའ་སྲཱིཿདམར་པོ་ལས་པདྨ་དམར་པོ། བྷྲཱུྃ་ལས་བྱུང་བའི་གེ་སར་སེར་པོ། ཡབ་ཀྱི་གསང་བ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་སྔོན་པོ། ཨོཾ་ལས་བྱུང་བའི་ནོར་བུ་དམར་པོ། ཅེས་གཉིས་ཀའི་མཁའ་གསང་བྱིན་གྱིས་བརླབས་ཏེ། སྙོམས་པར་ཞུགས་པའི་བདེ་བ་ཆ་བཅུ་དྲུག་པ་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་པ་ཐམས་ཅད་པའི་མཆོག་དང་ལྡན་པར་རྒྱས་བཏབ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་།། དེ་ནས། རྣམ་པ་ཐམས་ཅད་ནུབ་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མ་དམ་པའི་དྲིན་གྱིས་སྙིང་ལ་སད་པ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྦྱོར་བ་གཅིག་པ་དབང་བཞི་པའོ།། དེ་ནས་མིག་སྨན་དང་བཅས་པའི་གསེར་ཐུར་སྦྱིན། ཨོཾ་བཛྭ་ནེ་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་སྲཱིཿ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ།། དེ་ནས་མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་།། དེ་ནས། ཧོཿལས་མདའ་གཞུ་ཕྱོགས་བཞི་སྟེང་འོག་ཏུ་འཕངས་པས་བདུད་བཞིའི་སྙིང་ཕུག་པས་དེ་དག་ལས་རྒྱལ་བར་གྱུར། དེ་ནས། ཧཱུྃ་ཞེས་པས་འཁོར་ལོ་བྱིན། དེང་ནས་བཟུང་སྟེ་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་འཁོར་ལོ་བླ་མེད་པས། །ཀུན་ཏུ་སྡིག་མེད་དྲི་མེད་པའོ།། དེ་ནས་དུང་བྱིན་ཏེ། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པས། །དྲི་མེད་ཀུན་ཏུ་གང་བར་བྱོས།། དགང་བླུགས་གཏད། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱེད་དང་གནོད་སོགས་དང་། །བསད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་གྱིས།། དང་། དེ་ནས་རྩ་བའི་དཀྱིལ་འཁོར་དུ་ཞུགས་ནས། འདོད་པ་ལྔ་ལ་ལོངས་སྤྱད་ལ། སློབ་དཔོན་ཤཱཀྱ་ཐུབ་པའི་ང་རྒྱལ་གྱིས་ཆོས་གོས་ཀྱི་མཐའ་སྙིང་གར་བཟུང་ནས། གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས། འདིར་ནི་ངས་ཁྱོད་ལུང་བསྟན་ཡིན། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །སྲིད་པ་ཀུན་ཏུ་བསྒྲུབ་པའི་ས། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་ཤྲཱི་ཆེ་གེ་མོ་ན་མཿ བཛྭ་ཏ་ཐཱ་ག་ཏ་སིདྡྷྱ་ས་མ་ཡ་ཤྲཱི་ཨ་མུ་ཀ་བཛྭ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧྶཾ། ཧེ་རུ་ཀ་མཁའ་འགྲོར་བཅས་པ་དང་བླ་མས་མགྲིན་གཅིག་ཏུ་ལུང་བསྟན་པར་བསམ་མོ། །ཞེས་ལུང་བསྟན། དེ་ནས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །མཐོང་བ་དང་ནི་བཅུག་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ནས། །ཁྱེད་རྣམས་དེ་རིང་ལེགས་པར་གནས། །སློབ་དཔོན་བརྙས་པར་མི་བྱ་ཞིང་། །གུས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡོངས་སུ་བཏང་བར་མི་བྱའོ། །དམ་ཚིག་སྡོམ་པ་བསྲུང་བྱ་སྟེ། །རྣམ་པར་མི་རྟོག་གོས་མེད་པས། །རང་ལྷའི་རྣལ་འབྱོར་གནས་པ་ཡིས། །འདོད་པའི་ཡོན་ཏན་བསྟེན་པར་བྱ། །ཁྱོད་རང་སངས་རྒྱས་ཀུན་རིགས་སྐྱེས།། དབུགས་དབྱུང་ངོ་། །དེ་ནས་སློབ་མས་ཡོན་ཕུལ། སློབ་མ་རྡོ་རྗེ་དྲིལ་བུ་འཛིན་པའི་མགོ་བོར་གདུགས་ཕུབ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།། སོགས་འདོན་ཅིང་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས། ཤར་ཕྱོགས་ནས་ཕྱག་བྱས་ཏེ་ཚོགས་ལ་རོལ། འདས་མ་འདས་ཀྱི་གཏོར་མ་གཏོང་བ་དང་། ཆོས་སྐྱོང་སྤྱི་དང་བྱེ་བྲག་ལྷ་མོ་དུད་སོལ་མའི་གཏོར་ཆོག་བྱ། ལྷག་མ་གཏོང་ཞིང་སྨོན་ལམ་གདབ་བོ། དེ་ནས་རྗེས་ཀྱི་བྱ་བ་ལ། མཆོད་པ་གསར་དུ་བཤམས་པའམ། ཁ་གསོས་ལ་བྱིན་གྱིས་བརླབས། ཨོཾ་ཨཱཿབཛྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱུཥྤེ་ནས། ཤཔྟའི་བར་དང་། ཨོཾ་ཤྲཱི་ཧེ་རུ་ཀ་པཉྩྨ་ཌཱ་ཀི་ནི་ཨོཾ་ཨཱཿཧཱུྃ་ཞེས་བདུད་རྩི་འབུལ། མཆེ་བ་གཙིགས་ཤིང་འཇིགས་བྱེད་པ།། སོགས་དང་། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ།། སོགས་དེ་ཉིད་ལྔ་པས་བསྟོད། སྒྲུབ་མཆོད་སོགས་ཀྱི་ཉིན་ཕྱི་མར་ཚིག་བཅད་དང་བཅས་པས་མཆོད་བསྟོད་རྒྱས་པར་བྱ། དེ་ནས་ལྷག་ཆད་སྐོང་བའི་ཕྱིར་དྲིལ་བུ་འཁྲོལ་བཞིན་ཡིག་བརྒྱ་ལན་གསུམ་བཟླ། མ་འབྱོར་པ་དང་སོགས་ནོངས་བཤགས་དང་བཟོད་གསོལ་བྱ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སངས་རྒྱས་ཉིད་འཕྲད་འགྱུར་པ་ཡི། །ལམ་དེ་ཉིད་དུ་འགྲོ་བར་ཤོག། ཅེས་སྨོན་ལམ་གདབ། སྒྲུབ་མཆོད་སྐབས་རས་བྲིས་ཡིན་ན་བརྟན་བཞུགས་བྱ། རྡུལ་ཚོན་ན་ཉིན་ཐ་མར། ཨོཾ་ཁྱེད་ཀྱི་སེམས་ཅན་སོགས་དང་། ལྷ་རྣམས་བཛྭ་མུཿས་གཤེགས་སུ་གསོལ། ཛཿཧཱུྃ་བཾ་ཧོཿས་དམ་ཚིག་པ་རང་ལ་བསྡུ། ཨ་ཀཱ་རོའི་སྔགས་བཟླ་ཞིང་རྡོ་རྗེས་བྱང་ཤར་རམ་ཤར་སྒོ་ནས་དབུས་སུ་རེ་ཁཱ་དྲངས་ལ། རྡུལ་ཚོན་མཐའ་ནས་དབུས་སུ་བསྡུས་ཏེ་ཅུང་ཟད་སྤྱི་བོར་བཀོད། དྲི་བཟང་གི་ཆུས་ཐིག་ཤུལ་དབྱིའོ། རང་གི་སྙིང་གའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་འོད་ཟེར་གྱི་རང་བཞིན་དུ་བྱས་ཏེ་བདག་ཉིད་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཀྱི་ཞལ་ཕྱག་ལྷག་མ་རྣམས་རྩ་བའི་ཞལ་ཕྱག་ལ་ཐིམ་སྟེ། རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ མིག་གཉིས་སུ་ཨཱཿ རྣ་བ་གཉིས་སུ་ཁེ། སྣ་གཉིས་སུ་ཙི། སྙིང་གར་ར་རྣམས་ཀྱིས་མཚན་པར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །མ་ཧཱ་མཱ་ཡ་སོགས། བདག་གིས་རྣལ་འབྱོར་བསྒོམ་པ་ཡི། །བསོད་ནམས་འདི་ཡིས་འགྲོ་བ་ཀུན། །སྒྱུ་འཕྲུལ་ཆེན་མོ་ཁྱབ་བདག་གི །གཙོ་བོའི་བདག་ཉིད་ཐོབ་པར་ཤོག། ཅེས་བསྔོ་བ་བྱའོ། །ཐོ་རངས་རྡུལ་ཚོན་བུམ་པར་བསྡུས་ཏེ་ཆུ་བོ་ཆེན་པོར་དོར། ས་དེར་དྲིས་བྱུག་ཞི་བའི་སྦྱིན་སྲེག་བྱའོ། །དེ་ལྟར་རྡོ་རྗེ་འཆང་མར་རྔོག་གི་རིང་ལུགས་ལས་འོངས་པའི་མ་ཧཱ་མཱ་ཡཱའི་ཆོ་ག་ཀུ་ཀུ་རི་པའི་གཞུང་བཞིན་དུ་བཤད་པ་སྒྱུ་མ་ཆེན་པོ་སྣང་བ་ཞེས་བྱ་བ། པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བ་ཕྱོགས་དུས་ཐམས་ཅད་དུ་རྡོ་རྗེ་ཐེག་པ་ལ་འགྲོ་བ་རྣམས་སྐལ་པ་དགེ་བར་གྱུར་ཅིག རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ །ཀུ་ཀུ་རི་པ་དང་ཆོས་ཀྱི་པ་ཞི་བཟང་། ནཱ་རོ་མཻ་ཏྲི་གསུམ་གྱིས་མར་པ་ལ། དེས་རྔོག་ཆོས་རྡོར། མདོ་སྡེ། ཀུན་དགའ། གཟི་བརྗིད། རིན་བཟང་། ཆོས་རྒྱལ་བ། དོན་གྲུབ་དཔལ། བྱང་ཆུབ་དཔལ། རྒྱལ་དབང་རྗེ། ཨ་བ་དྷཱུ་ཏཱི་པ། ཆོས་ཀྱི་གྲགས་པ། ཚེ་བདག་དེས་བདག་གོ །སླད་ནས་དབང་བསྐུར་དང་སྒྲུབ་མཆོད་སོགས་ལ་འཇུག་པ་བདེ་བར་བཀླག་ཆོག་ཏུ་བཀོད་པ་པོ་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས། མཆོག་གི་རྡོ་རྗེ་སློབ་དཔོན་དཔལ་མགོན་བླ་མ་དམ་པ་རྣམས་ཀྱི་བཀའ་ལུང་སྤྱི་བོར་མཆོད་ནས་ཁུངས་ལྡན་གྱི་ཡིག་ཆ་རྣམས་དང་སྒོ་བསྟུན་ཏེ་བྲིས་པ་འདིར་མ་རིག་ནོངས་གྱུར་མཐའ་དག་སྙིང་ནས་འཆགས་ཤིང་དགེ་བས་འགྲོ་ཀུན་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousམ་ཧཱ་མཱ་ཡཱའི་ཆོ་ག་སྒྱུ་མ་ཆེན་པོ་སྣང་བ་ཞེས་བྱ་བ་དང་དཀྱིལ་འཁོར་གྱི་ཆོ་ག་བཀླག་ཆོག་ཏུ་བཀོད་པ།next