Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
མཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད་ལུགས་རྒྱས་པའི་ས་བཅད།
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད་ལུགས་རྒྱས་པའི་ས་བཅད།next

མཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད་ལུགས་རྒྱས་པའི་ས་བཅད།

མཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད་ལུགས་རྒྱས་པའི་ས་བཅད་བཞུགས་སོ། །རྡོ་རྗེའི་ཆགས་པ་བདོ་བའི་ཀུ་མུཏྟའི། །སེམས་དཔའ་སྙིང་རྗེར་ཟླ་གཞོན་གྱིས་འཕྲོགས་པས། །དང་པོའི་དུས་ནས་སྙགས་ཀྱང་བསམ་རྫོགས་པ། །བཅུ་དྲུག་ཆ་ལས་འབྱུང་བ་དེར་ཕྱག་འཚལ། །སྙན་བརྒྱུད་རྡོ་རྗེའི་རྣལ་འབྱོར་མ་ཞེས་བྱ་བ་ཡིད་བཞིན་གྱི་ནོར་བུ་རྣམ་པ་གསུམ། །མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལས་སྙིང་པོར་གྱུར་པ་དཔལ་འཁོར་ལོ་སྡོམ་པའི་རྩ་བཤད་ཀྱི་གཞུང་ཆེན་པོ་རྣམས་ཀྱི་ལེགས་པར་སྦྱངས་པ། བསྐལ་པ་བཟང་པོ་རྣམས་ཀྱིས་ཐོས་བསམ་གྱིས་རྒྱལ་མཚན་གྱི་རྩེར་འཕྱར་ཏེ་སྒོམ་བྱུང་གི་མཆོད་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཆར་དུ་འབེབས་པའི་སྐབས་དབྱེ་བ་ལ། །བསྡུས་རྒྱ་གར་སྐད་དུ་དོན་གྱི་དཀོར་སྐུ་གསུམ་མཛོད་གསུམ་བཅས་ཚུལ། རྒྱས་བཤད་ཀྱིས་དེ་ནས་ཡིད་བཞིན་ནོར་བུ་ལེན་ཚུལ། །གཏད་རྒྱས་དེ་ལས་འདོད་དགུ་བབས་པའི་ཚུལ་བཤད་པ་གསུམ་ལས། གཉིས་པ་ལ། སྟོན་བསླབ་པ་གསུམ་བྱེད་སླབ་པ་སློབ་དཔོན་གྱི་མཚན་ཉིད། བསྟན་དད་བརྩོན་ས་སནྡྷེ་སློབ་མའི་མཚན་ཉིད། བསྟན་བྱ་ཆོས་ཀྱི་གནས་ལུགས་བསྟན་པ་གསུམ། དེ་ལ་ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་པ་སྐུའི་གདམས་པ་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ། ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམས་པ་སྨིན་ལམ་ཡིད་བཞིན་གྱི་ནོར་བུ། གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་པ་གྲོལ་ལམ་ཡིད་བཞིན་ནོར་བུ་གསུམ་ལས། དང་པོ་ལ། སྔོན་རྡོ་རྗེ་འཆང་བྱུང་སྟོན་བདེ་གཤེགས་པའི་རྣམ་ཐར། རྗེས་ཉེས་དམིགས་འཇུག་སྔོན་རྟོགས་སུ་འདི་དོན་བྱ་ཚུལ་གཉིས། གཉིས་པ་ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམས་ངག་སྨིན་ལམ་ཡིད་བཞིན་གྱི་ནོར་བུ་ལ། ཐབས་གཙོ་བོར་སྟོན་པ་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་སྤྱི་ལུགས་སུ་བསྐུར་བ། དབང་བཞིས་རྒྱུད། ཤེས་རབ་གཙོ་བོར་སྟོན་པ་སིནྡྷུ་ར་ཡི་གེའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བསྐུར་བ། དབང་དོན་སློབ་དཔོན་བཞི་མདུད་པའི་འགྲོལ་ཚུལ་གསུམ། དང་པོ་ལ། དངོས་ཐོག་མར་འཁོར་ལོ་བསྟན་རིགས་ཐམས་ཅད་པའི་དཀྱིལ་འཁོར་དུ་འདི་ཉིད་ཀྱི་ལུགས་ཐུན་མོང་མ་ཡིན་པའི་དབང་བསྐུར་བ་སའི་ཆོ་ག་རྒྱས་པ་དང་། ཤུགས་ལས་བཅུ་གསུམ་མའི་དཀྱིལ་འཁོར་དུ་དབང་བཞི་སྤྱི་མཐུན་དུ་བསྐུར་བ་འབྲིང་དང་། ལུས་དཀྱིལ་དུ་དབང་བསྐུར་བ་བསྡུས་པ་སྟེ་གསུམ་མོ། །གཉིས་པ་ཤེས་རབ་གཙོ་བོར་སྟོན་པ་སིནྡྷུ་ར་ཡི་གེའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བསྐུར་བ་ལ། དངོས་ལྷ་མོ་བསྟན་ལྷ་མོ་བཅོ་ལྔའི་སྒོ་ནས་སྙན་བརྒྱུད་བརྡའི་དབང་བཞི་བསྐུར་བ་དབང་བཞི་དང་རྒྱས་པ། ཤུགས་ལས་ལྷ་བདུན་མ་དང་། ལྷན་ཅིག་སྐྱེས་མའི་སྒོ་ནས་བྱིན་བརླབས་འཕོ་བའི་དབང་ཙམ་སྦྱིན་པ་གསུམ་མོ། །གསུམ་པ་གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་ངག་གྲོལ་ལམ་ཡིད་བཞིན་གྱི་ནོར་བུ་ལ། སྤྲོས་པ་སྨིན་པར་ཅན་ཐབས་ཀྱི་སྒོ་ཐབས་དང་ནས་ཁྲིད་པ་རྒྱས་པ་དང་། སྤྲོས་པ་ཆུང་ངུ་ཤེས་ཤེས་རབ་ཤེས་རབ་ཀྱི་སྒོ་ནས་ཁྲིད་པ་འབྲིང་དང་། ཁྲིད་ཟིན་སྙིང་པོ་སྒྲིལ་བ་ཟུང་འཇུག་གདན་ཟུང་རྫོགས་འབྲེལ་པ་གཉིས་ཤིན་ཏུ་བསྡུས་པ་གསུམ་ལས། དང་པོ་ལ། བུམ་དབང་དབང་པོ་སྨིན་དང་འབྲེལ་བ་བསྒོམ་བྱ་གཙོ་བོར་སྟོན་པ་ཐུན་མོང་ཡིད་བཞིན་གྱི་ནོར་བུ་དང་། དབང་བཞི་ཀ་དང་འབྲེལ་བ་བསྲུང་བྱ་གཙོ་བོར་སྟོན་པ་དམ་ཚིག་ཡིད་བཞིན་གྱི་ནོར་བུ་དང་། མཆོག་དབང་དང་འབྲེལ་བ་གནས་ལུགས་ཡིད་བཞིན་གྱི་ནོར་བུ་དང་གསུམ་ལས། དང་པོ་ལ། རྒྱལ་པོ་ཆོས་དབང་པོའི་ཉིད་མི་འགྱུར་བ། བློན་པོ་རིགས་གསུམ་ལས་བྱེད། དམངས་རྣལ་འབྱོར་ཕལ་པ་འཕྲིན་ལས་མཐུན་སྦྱོར་གྱི་གདམས་ངག་གསུམ་ལས། དང་པོ་ལ། སྦྱང་ཚངས་པའི་གཞི་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམས་ཚངས་པའི་རྒྱས་པ། སྦྱང་གཞི་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམས་བསྡུས་པའི་འབྲིང་པོ། སྦྱང་གཞི་རྫུས་རྫུས་ཏེ་སྐྱེས་སྦྱོང་བའི་བསྐྱེད་རིམས་བསྡུས་པ། སྦྱང་གཞི་ཕྱི་རོལ་དུ་འཛིན་པ་སྦྱོང་བའི་ཟབ་ཀུན་མོ་བསྐྱེད་རིམས། ཐམས་ཅད་ལ་རྫོགས་རིམ་དུ་སྒྱུར་བའི་རྩི་བསྲེ་བསྲེ་བ་རོ་སྙོམས་དབང་སོགས་བཤད་པའོ། །གཉིས་པ་ལ། རྒྱལ་པོ་རྒྱལ་པོ་མཉེས་པར་བྱེད་པ་བདག་འཇུག་ལྟ་བུ་བྱིན་རླབས་འཇུག་པའི་གཞི། རང་གི་བློན་པོ་བྱ་བ་བློན་པོ་ལྟ་བུ་དངོས་གྲུབ་ཀྱི་གཞི། འབངས་དམངས་ཀྱི་དོན་བྱེད་དམངས་ཀྱི་པ་ལྟ་བུ་བསྙེན་སོགས་དག་པར་བྱ་བའི་གཞི། གསུམ་པ་ལ། ཟས་འཚམས། གོས། གཉིད་ཉལ། འགྲོ་འདུག འགྲོ་འདུག ཁྲུས་ཁྲུས། མཎྜྻལ་སོགས། མཆོད་བརྗོད་བདུན་ནོ། །གཉིས་པ་དམ་ཚིག་སྤྱི་དང་འབྲེལ་བའི་སྲུང་བྱ་གཙོ་བོར་སྟོན་པ་བཏོན་པ་དམ་ཚིག་ཡིད་ཀྱི་བཞིན་ནོར་བུ་ལ། གཞི་ཟབ་ཐུབ་པའི་པའི་དམ་ཚིག །ལམ་རྒྱ་ཆེ་སྐུ་གསུམ་ལ་བའི་དམ་ཚིག །འབྲས་བུ་ཟུང་འཇུག་གཞི་ལམ་གི་དམ་ཚིག་གསུམ་མོ། །གསུམ་པ་མཆོག་དབང་དང་འབྲེལ་བ་གནས་ལུགས་ཡིད་བཞིན་གྱི་ནོར་བུ་ལ། གསང་དབང་དང་འབྲེལ་བ་རྫོགས་རིམ་རྩ་རླུང་གི་གནད་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དྲུག་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་མཁའ་འགྲོའི་གསང་སྒྲོག་འོག་སྒོ་བདེ་ཆེན་དང་། ཚིག་དབང་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་དང་། ལམ་བློ་ནས་ཆོད་པ་བར་དོ་ལམ་ཁྱེར་དང་། ཅིག་ཅར་བ་བྱ་སྤྱོད་ཚོགས་སུ་བསྒྱུར་བའི་གདམས་ངག་ལྔ་ལས། །དང་པོ་ལ། གཏུམ་མོ་བདེ་དྲོད་སྟེང་འོག་བར་དུ་རང་འབར། སྒྱུ་ལུས་ཆོས་བརྒྱད་རང་གྲོལ། རྨི་ལམ་འཁྲུལ་པ་རང་སངས། འོད་གསལ་མ་རིག་མུན་བྲལ། འཕོ་བ་གསེར་འགྱུར་གྱི་རྩི། གྲོང་འཇུག་སྦྲུལ་ལྤགས་འོད་ཟེར་འདོར་ལེན་དང་དྲུག་ལས། །དང་པོ་ལ། སྟེང་རང་བྱུང་ཡེ་ཤེས་སུ་སྦར་ནས། སྟེང་རླུང་གི་ལས་སྟོན། འོག་ཟིན་དང་ཟག་མེད་བདེ་ཆེན་འབྱུང་བ་དུ་སྦར་ནས་འོག་སྒོའི་བཅུད་འདོན། བར་ཉོན་མོངས་རང་འཁོར་འདས་རྒྱུན་རྩ་དང་རླུང་གཅོད་དུ་སྦར་ནས་རྩ་རླུང་གི་ཆིངས་སྟོན་པ་གསུམ་ལས། ཕྱིའི་གཏུམ་གཏུམ་མོ་མོ་དབྱེ་དང་ལུས་གནད། ནང་གི་གཏུམ་མོ་དབྱེ་དང་རླུང་གནད། གསང་བའི་གཏུམ་མོ་དབྱེ་དང་དམིགས་གདམས་པའི་གནད་གནད། དེ་ཁོ་ན་དབྱེ་དང་གཉིད་ཀྱི་གཏུམ་མོ་དཔྱིད་ཐིག་གི་གནད་བཞིའོ། །གཉིས་པ་ལ། རླུང་སྐྱོན་སྦྱོར་བའི་སྦྱང་བ། དྲག་སྲོག་རྩོལ་རླུང་གི་འདི་ཁྲིའི་ཚུལ་ཕོ་རླུང་འདུལ་བ། འཇམ་རྩ་བའི་རླུང་གི་རྣལ་འབྱོར་སྲོག མོ་རླུང་སྦྱང་བ། མ་རྡོ་རྗེ་ནིང་རླུང་གི་རྒྱུན་དུ་རྡོ་རྗེའི་བཟླས་པ་བཟླ་བ་བཞིའོ། །གསུམ་པ་གསང་བའི་གཏུམ་མོ་ལ། །ཕྱི་ལྷའིལྷ་སྐུ་སྟོང་ར། ནང་དྷཱུ་ཏཱི་རྩའི་སྟོང་ར། གསང་ཨ་ཧཾ་བ་མི་ཤིགས་པའི་ཐིག་ལེ་གསལ་གདབ་པ་གསུམ་མོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་གཏུམ་མོ་དཔྱིད་ཐིག་གནད་བཤད་པ་ལ། དངོས་འབར་འཛག སྦྱོར་བ་ལུས་སྦྱོང་། གེགས་བསལ་བའོ། །གཉིས་པ་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་ལ། གསེར་བོགས་འདོན་འགྱུར་གྱི་རྩིས་དམན་པ་རིམས་པ་འདི་མཆོག་ཏུ་བསྒྱུར་བ། ཉི་ཟླའི་གཟུགས་རྣམས་ཟེར་གྱིས་འཕེན་པའི་ཡེ་ཤེས་ངོ་སྤྲད་པ། མཉམ་པ་ཆགས་སྡང་ཉིད་ཀྱི་ཆོས་བརྒྱད་མཉམ་རྗེས་ཀྱི་རྒྱ་མདུད་འགྲོལ་བ། སེམས་ཀྱི་སྐྱོན་སེལ་བ་བཞིའོ། །གསུམ་པ་རྨི་ལམ་འཁྲུལ་པ་རང་སངས་ལ། དྲན་པའི་མཚན་དུས་ལྕགས་ཀྱུས་འདི་དང་བཟུང་བ། བརྗེད་བསྐུལ་གྱིས་སྦྱང་བ། འཕྲིན་ལས་ཀྱི་སྒྱུ་མར་བྱིན་གྱིས་རླབས་པ་གསུམ་ལས། དང་པོ་ལ། ཡི་དམ་དྲན་པའི་ལྕགས་ཀྱུས་བཟུང་བ། བླ་མ་དྲན་པའི་ལྕགས་ཀྱུས་བཟུང་བ། སྣང་བ་དྲན་པའི་ལྕགས་ཀྱུས་བཟུང་བ་གསུམ་མོ། །གཉིས་པ་བརྗེད་སྦྱར་དང་བསྐུལ་ཉི་ཟླ་གྱིས་སྦྱང་བ་ལ། སྤེལ་ཟིན་སྦྱོངས་བ། བསྒྱུར་བསྒྱུར་བ། སྤྲུལ་སྤྲུལ་པ། གེགས་གེགས་བསལ་བ་བཞི་འོ། །གསུམ་པ་འཕྲིན་ལས་ཀྱིས་སྒྱུ་མར་བྱིན་གྱིས་རླབས་པ་ལ་གསུམ། དག་པ་སྒྱུ་མར་གོམས་པ་སྦྱང་བ་དང་། དེ་ཁོ་ན་ཅིར་སྣང་ཉིད་དུ་སྒོམ་པའོ། །བཞི་པ་འོད་གསལ་མ་རིག་མུན་བྲལ་ལ། གནད་ཁྱད་པར་ལ་རྨི་ལམ་མེད་བརྟེན་ནས་སེམས་མལ་དུ་འཇུག་པ། ཏིང་ངེ་འཛིན་གྱིས་འོད་གསལ་མ་བུ་བསྲེ་བ། ལམ་བརྗོད་དུ་ཁྱེར་རྩལ་གྱི་མཐར་རྒྱུན་མི་འཆད་ཕྱིན་པར་བྱ་བ་གསུམ། གཉིས་པ་ལ། ཉིན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་གཉིས། དང་པོ་ལ་དངོས་རྣམ་རྟོག་དང་། བསམ་མི་ཁྱབ། གཉིས་པ་ལ། སྦྱོར་དངོས་གཉིད་རྗེས་འདོད་ཆགས་ལ་གསུམ་མོ། །ལྔ་པ་འཕོ་བ་གསེར་འགྱུར་གྱི་རྩི་ལ། སྔོན་དུ་འགྲོ་བ་དུས་སྒོའི་གནད། དངོས་གཞི་འཕོ་བའི་རྣལ་འབྱོར། །རྗེས་འཕོ་བས་འབྲས་བུ་བཤད་པ་གསུམ། དང་པོ་ལ། འཆི་ལྟས་འཆི་ལྟས་བརྟག་པ། འཆི་བ་སླུ་བ་བསླུ་བ། དུས་ཀྱི་ཤར་ཚེ་གནད་སྒོའི་སྒོ་དགུ་གནད། བར་ཆད་ཞེན་པ་ཀྱི་མི་ཚུགས་པ་སོགས་ཀྱི་གནད་དོ། །གཉིས་པ་དངོས་གཞི་འཕོ་བའི་རྣལ་འབྱོར་ལ། སྤྲོས་མེད་ཆོས་སྐུའི་འཕོ་བ། སྤྲོས་བཅས་གཟུགས་སྐུའི་འཕོ་བ། ཡིད་འོང་མཁའ་འགྲོའི་འཕོ་བ་གསུམ། དེ་ལ་སྦྱང་སྟེ་འཕོ་བ་ལམ་ལ་བགྲོད་ན་དང་། བཙན་རྫས་དང་སྨན་ནམ། ཐབས་ཀྱི་འཕོ་བ་གཉིས། དང་པོ་ལ། སྦྱང་བ་བཀག་ལ་དང་ལས་ཧཱུྃ་ལ་སྦྱར་ཀྵ་ཡིག་བ་གཉིས་སོ། །དྲུག་པ་གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་ལ། འཇུག་བྱ་སྐྱོན་མེད་ཡུལ་གྱི་གནད་ཚད་ལྡན་ལ་སྦྱང་བ། འཇུག་བྱེད་ལྷག་པར་ལས་སྣ་ཚོགས་དོན་ཆེན་སྦྱོར་གྱི་གནད་གང་འདོད་དུ་འཕང་བ། མཐུན་རྐྱེན་གྲོགས་གྲོགས་ཀྱི་གནད་ཀྱི་རྣམ་ཤེས་གསོས་གདབ་པ་དང་གསུམ་མོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་མཁའ་འགྲོའི་གསང་སྒྲོག་འོག་སྒོ་བདེ་ཆེན་ལ། བསྟན་མཁའ་འགྲོའི་བྱ་ཕྱག་རྒྱའི་རྣམ་དབྱེ། བསྟེན་ཚུལ་མཁའ་འགྲོའི་གསང་སྒྲོག །བསྟེན་འབྲས་བདེ་ཆེན་གྱི་འཆར་རིམ་བཤད་པ་གསུམ་ལས། དང་པོ་ལ། རྣལ་འབྱོར་པ་རབ་ཀྱི་རྡོ་རྗེ་སེམས་དཔའི་བུད་མེད་བསྟེན་པ། འབྲིང་ཡིད་ཀྱི་རིག་མ། ཐ་མ་དང་པོའི་ལས་ལས་ཀྱི་ཕྱག་རྒྱ་བསྟེན་པའི་ཚུལ་གསུམ། གཉིས་པ་བསྟན་ཚུལ་མཁའ་འགྲོའི་གསང་སྒྲོག་ལ། རབ་རང་ཕྱག་རྒྱ་རིག་གི་གནད་ཟག་མེད་རོལ་ཀྱི་བདེ་སྟོང་སྦྱོར་བ། ཆགས་དང་ཆགས། འབྲིང་ཟག་བཅས་རྩལ་སྦྱོང་གི་གནད་ཀྱི་བདེ་སྟོང་བསླབ་བཅས་སྦྱོར་བ། ཐ་མ་བཙན་ཐབས་ཀྱི་གནད་ཀྱི་བདེ་སྟོང་སྦྱོར་བ་གསུམ་ལས། ཕྱི་མ་ལ། བདེ་ཚོལ་སྐྱེ་མེད་ཀྱི་སྒྲོན་མ་ཐིག་ལེ་གཏམས་པ། རྩ་སྙེན་སྦྱོར་ཆོས་ཀྱི་རྩ་མདུད་འགྲོལ་བ། དགའ་དགའ་བ་བཞིའི་དཔེ་བདེ་བའི་ཉམས་དོན་ལ་རྩལ་སྦྱོར་བ་གསུམ། གཉིས་པ་སྦྱོར་ཆོས་ཀྱི་རྩ་མདུད་འགྲོལ་བ་ལ། དབབ་ཅིག་ཅར་དབབ་པ་ལ་མཁས་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། འཛིན་བཟུང་པ་ལ་མཁས་པ་རྫིང་གི་འུར་ཐུར་སེལ་གཅུད་ཁུང་འགགས་པ་ལྟ་བུ། འདྲེན་བཟློག་པ་གླང་ཆེན་ལ་མཁས་པ་ཁྲོན་པའི་དཔྱང་རྩེ་གྱེན་དུ་འདྲེན་པ་ལྟ་བུ་འགྲེམ་བགྲམ་པ་ལ་མཁས་པ་སྦྱོར་བ་མཛངས་མ་ཞིང་ལ་ཆུ་གཏོང་བ་ལྟ་བུ། བདེ་གནས་བ་ཕྱག་རིག་མས་ཆེན་དུ་སྐྱེལ་བ་ལ་མཁས་པ་སྤྲིན་ནམ་མཁར་ཐིམ་པ་ལྟ་བུ་དང་ལྔའོ། །གསུམ་པ་བསྟེན་འབྲས་བདེ་ཆེན་གྱི་འཆར་རིམ་པ་བཤད་པ་ལ། འཛག་ལྷན་སྐྱེས་མེད་ཀྱི་དཔེ་དོན་འགྲོས་དང་། ཉམས་པའི་ཉེས་བག་མེད་དམིགས། དམིགས་བསལ་གསང་དབང་གྱི་ཉེས་མེད་བཤད་པའོ། །གསུམ་པ་ཚིག་དབང་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་ལ། བསྒོམ་པ་སྤྲུལ་པ་སྐུའི་གནས་ཕྱག་རྒྱ་ངོས་ཡེ་ཤེས་གསལ་བྱེད་བཟུང་བ། བསྒོམ་བལྟས་པས་བྱེད་ལོངས་སྤྱོད་རྫོགས་པ་ཡེ་ཤེས་ལུས་སྐུའི་བྱ་བ་བསྟན་པ། བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན་བཤད་པ་དང་གསུམ་ལས། གསུམ་པ་བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན་བཤད་པ་ལ། ལྟ་བ་གཞི་ནས་མ་བཅོས་པའི་ཡེ་ཤེས་ངོས་ཡེ་ཤེས་བཟུང་། བསྒོམ་ཐ་མལ་པ་དེ་ལ་མ་བཅོས་མིག་སོགས་པར་བཞག་པ། སྤྱོད་པ་སྔ་ཕྱི་རོལ་ཕྱི་གཉིས་མེད་དུ་གཞི་ལམ་བསྲེ་བ། འབྲས་སེམས་ཉིད་བུ་ནམ་མཁའ་ལྟ་བུའི་ཡི་གེ་བཞི་འཆར་ཚུལ་བཞིའོ། །བཞི་པ་ལམ་བློ་ནས་ཆོད་པ་བར་དོ་ལམ་ཁྱེར་ལ། ལུས་བར་དོ་ལྡན་མཐར་མ་བཞིའི་བར་དོ། ངེས་ངེས་ཤེས་ཤེས་རྟགས་བསྐྱེད་རིམ་ཀྱི་བར་དོ། ངོ་ངོ་སྤྲོད་སྦྲོད་འབྲས་བུའི་བར་དོ་གསུམ། དེ་ལ་རབ་ས་ཆུ་ཆོས་སྐུ་ཐུག་སྐྱེ་ཤི་ཕྲད་ཀྱི་བར་དོར་འཆི་བ་ལམ་དུ་ཁྱེར་བ། འབྲིང་དེ་ལམ་སྲིད་དེ་མ་བརྟགས་པ་སྤྱི་ལུགས་ཀྱི་བར་དོ་བློ་ཆོད་དུ་བཏང་བ། ཐ་རྩ་ལྔ་མ་ཉིང་མཚམས་དེ་ལ་བརྟེན་སྦྱོར་བའི་བར་དོར་སྨོན་ལམ་གྱི་འཕེན་པ་བཞག་པ་གསུམ་མོ། །ལྔ་པ་གཅིག་ཅར་བ་བྱ་སྤྱོད་ཚོགས་སུ་བསྒྱུར་བ་ལ། ལམ་སྤྱིའི་གདམས་པ་སྤྱི་ལ་གེགས་རྩ་བ་སེལ་མི་མཐུན། བྱ་སྤྱོད་ཚོགས་བསྒྱུར། འབྲས་གོང་རིམས་བུ་མཆོག་འཁོར་ལོ་གི་དངོས་གྲུབ་བཤད་པ་རྣམ་པ་རིམས་པ་འདི་ལ་གསུམ་ལས། གཉིས་པ་བྱ་སྤྱོད་ཚོགས་སུ་བསྒྱུར་བ་ལ་དབང་གི་དབང་གི་གདམས་ངག །ལྟ་བདུད་ངོས་བཟུང་བས་བདུན་བརྟགས་དབང་དུསདེ་སྒོམ་པ་རྟགས་དང་སྦྲེལ་བ། སྤྱོད་བྱ་སྤྱོད་པ་གོལ་ས་གང་དང་བཅད་དེ་ཚོགས་བསྒྱུར་འཕྲིན་ལས་དང་སྦྲེལ་བ་གསུམ་མོ། །སྤྲོས་པ་ཆུང་དུ་ཤེས་རབ་ཀྱི་སྒོ་ནས་ཁྲིད་པ་ལ། བསྡུས། འབྲིང་། རྒྱས་པར་འཁྲིད་པ་ལ་གསུམ་ལས། འབྲིང་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས། དང་པོ་ལ། རྒྱལ་པོ་ཆོས་ཉིད་མི་འགྱུར་བ། བློན་པོའི་རིགས་གསུམ་ལས་བྱེད། དམངས་འཕྲིན་ལས་མཐུན་སྦྱོར། ཉེ་སྙིང་གི་སྒྲུབ་པ། ལྷ་མོ་བཅོ་ལྔ་མ། གོ་ཆའི་སྒྲུབ་པ། ལྷ་བདུན་མ། སྙིང་པོའི་སྒྲུབ་པ། ལྷན་ཅིག་སྐྱེས་མ། གཉིས་པ་རྫོགས་རིམས་ལ། ལྟ་བ་གཏན་ལ་དབབ་པ་ཐབས་ཀྱི་ཉམས་སུ་བླངས་པའི་གདམས་ངག་རྟོགས་པའི་དོན་ལ་སྒྲོ་འདོགས་གཅོད་པ་དང་། རྡོ་རྗེའི་ཚིག་དོན་དཀྲོལ་བའི་སྒོ་ནས་ཟབ་མོའི་དོན་རྣམ་པར་ཕྱེ་སྟེ་སྙན་བརྒྱུད་བརྡའི་གདམས་ངག་གི་ཉམས་མྱོང་རྟོགས་པའི་སྒྲོ་འདོགས་གཅོད་པ་དང་། གཉིས་སུ་མེད་པའི་དོན་ལ་ངོ་སྤྲད་པའི་སྒོ་ནས་ལས་དང་སྐལ་བར་ལྡན་པའི་གང་ཟག་གི་བློའི་པདྨ་ཁ་ཕྱེ་ནས་དེ་ཁོ་ན་ཉིད་ཞེན་པའི་སྒྲོ་འདོགས་གཅོད་པ་གསུམ། དང་པོ་ལ། དྲི་མེད་ཡེ་ཤེས་མཁའ་འགྲོ་མ་ལ་མཆོད་པར་བརྗོད་པ་དང་། བརྡའ་དོན་ངོས་བཟུང་སྟེ་བསྟན་པ་དང་། དེ་མངོན་དུ་གྱུར་པ་འབྲས་བུ་འཆར་ཚུལ་ལོ། །གཉིས་པ་ལ། ལྟ་སྒོམ་སྤྱོད་པ་གསུམ། རོ་སྙོམས་རྣམ་པ་གསུམ། ཐབས་ཤེས་ཟུང་འཇུག་གི་བརྡའ་རྣམ་པ་གསུམ་མོ། །གཉིས་པ་རྡོ་རྗེའི་ཚིག་དོན་དཀྲོལ་བའི་སྒོ་ནས་ཟབ་མོའི་དོན་རྣམ་པར་ཕྱེ་སྟེ་སྙན་བརྒྱུད་བརྡའི་གདམས་ངག་གིས་ཉམས་མྱོང་རྟགས་ཀྱི་སྒྲོ་འདོགས་གཅོད་པ་ལ། གཞི་སྨིན་པར་བྱེད་པའི་ལམ། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག་པ་དང་། དམ་ཚིག་རང་སེམས་མེ་ལོང་བསྟན་པ། དམ་རྫས་རྟོགས་པའི་ཉི་མ་འདེབས། སྤྱོད་པ་ཆུ་ལ་རལ་གྲི་འདེབས་པ། རང་གྲོལ་ཕྱག་རྒྱ་ཆེན་པོ་བསྟན་པ། རྩ་རླུང་དྲྭ་མིག་འཁོར་ལོ་བསྐོར་བ། རིག་པ་ཡེ་ཤེས་ཀྱི་སྒྲོན་མེ་བལྟམས་པ། །རོ་སྙོམས་ཕྱིའི་མེ་ལོང་བལྟ་བའོ། །དང་པོ་ལ། སྨིན་ལམ་དབང་གི་སེམས་ཀྱི་རྒྱ་མདུད་འགྲོལ་བ་དང་། གྲོལ་ལམ་གྱི་སྒོ་ནས་སེམས་ཀྱི་རྒྱ་མདུད་འགྲོལ་བའོ། །གཉིས་པ་ལ། སྒྱུ་མ་ལུས་ཀྱི་མེ་ལོང་ལ་རྩ་རླུང་ཐིག་ལེའི་དོན་བལྟ་བ། སེམས་ཉིད་སྟོང་པའི་མེ་ལོང་ལ་འོད་གསལ་གྱི་དོན་བལྟ་བ། སྤྲོས་བྲལ་དོན་གྱི་མེ་ལོང་ལ་གཟུང་འཛིན་གྱི་དྲི་མས་མ་གོས་པར་བྱའོ། །གསུམ་པ་ལ། སྣང་བ་ཐབས་སུ་རྟོགས་པ་དང་། སེམས་ཉིད་ཤེས་རབ་ཏུ་རྟོགས་པ་དང་། བདེ་ཆེན་ཡེ་ཤེས་ཀྱི་ཉི་མ་ལམ་དུ་བྱ་བའོ། །བཞི་པ་ལ། དབང་པོ་ཐ་མ་སྣང་བ་ཐབས་སྒྱུ་མ་ལྟ་བུའི་སྤྱོད་པ་དང་། འབྲིང་གིས་སྣང་བ་སེམས་སུ་ཤེས་པའི་སྤྱོད་པ་དང་། རབ་སྣང་བ་ཡེ་ཤེས་སུ་ཤེས་པའི་སྤྱོད་པའོ། །ལྔ་པ་ལ་ཐབས་ཀྱི་ཉམས་སུ་བླང་བ་དང་། ཤེས་རབ་ཀྱི་རང་གྲོལ་བའི་སེམས་མ་དང་བྲལ་བའོ། །དེའི་གཉིས་པ་ལ། རྩ་ཡེ་ཤེས་ཀྱི་རང་བཞིན་གསལ་སྟོང་ཟུང་དུ་འཇུག་པ་དང་། རླུང་ཆོས་ཉིད་ཀྱི་རང་བཞིན་སྣང་སྟོང་ཟུང་དུ་འཇུག་པ་དང་། སེམས་བདེ་སྟོང་གི་ཟུང་འཇུག་བྱང་སེམས་གཉུག་མའི་གདན་བཅིངས་པའོ། །དྲུག་པ་ལ། རྩ་བཤད་རླུང་བཤད། རླུང་ཡེ་ཤེས་གཉིས་མེད་དུ་བསྲེ་བ། དམིགས་པའི་གནད་ཀྱི་གེགས་བསལ་བ། སྤང་བྱ་སྤོང་ཚུལ། གཉེན་པོ་ཡེ་ཤེས་སྐྱེས་ཚུལ། ཕྱི་ནང་རྟགས་ཀྱི་འཆར་ཚུལ། ལམ་སྐྱོན་ལམ་དུ་བླངས་པས་གེགས་བསལ་བའི་གདམས་ངག །གསུམ་པ་གཉིས་སུ་མེད་པའི་དོན་ལ་ངོ་སྤྲད་པའི་སྒོ་ནས་ལས་དང་སྐལ་བར་ལྡན་པའི་གང་ཟག་གི་བློའི་པདྨོ་ཁ་ཕྱེ་ནས་དེ་ཁོ་ན་ཉིད་ཞེན་པའི་སྒྲོ་འདོགས་གཅོད་པ་ལ། བསྙེན་པ་དང་། སྒྲུབ་པ་གཉིས། དང་པོ་ལ། ཟག་བཅས་ལུས་ལ་བདེ་བ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་དབང་དུ་བྱ་བས་ཟག་མེད་སེམས་ཀྱི་བདེ་བ་འཆར་བར་བྱེད་པའོ། །དང་པོ་ལ། རོ་མའི་དབབ་ཐབས། རྒྱལ་མཚན་མཚོན་བསྣུན་གྱི་དབབ་ཐབས། ཡི་གེ་ཧཾ་བཅུ་དྲུག་པའི་དབབ་ཐབས། རྡོ་རྗེ་སེམས་དཔའི་དབབ་ཐབས། གསང་ཡུམ་ཡིད་ཀྱི་རིག་མ་ལ་བརྟེན་པའི་དབབ་ཐབས། ཀུན་ཏུ་རྒྱུས་ཕྱག་རྒྱ་ལ་བརྟེན་པའི་དབབ་ཐབས་སོ། །གཉིས་པ་ལ། རྩ་བཙལ་བ། དབབ་པ། གཟུང་བ། སྐྱིལ་བ། བཟློག་པ། དྲངས་པ། བགྲམས་པ། རྗེས་བཅད་པ། བདེ་བ་གནད་དུ་བསྡུ་བ། མཐར་མི་ཉམས་ཤིང་རྒྱས་པར་བྱའོ། །གསུམ་པ་གཏད་རྒྱས་དེ་ལས་དགོས་འདོད་ཀྱི་བཀའ་བབ་ཚུལ། སྔོན་བྱུང་བཅུ་གསུམ་རྗེས་འཇུག་ལུང་བསྟན། ཇི་ལྟ་བུས་གཏད་པ་གསུམ་མོ། །དེ་ལ་བྱིན་གྱིས་བརླབ་འདི་དོན་པ། ལུང་སྦྱིན་སྣོད་བཅུད་པ་རྡོ་རྗེ་སློབ་དཔོན་དུ་མཆོག་གི་བློ་ཅན་བསྐོ་བ། མཁའ་འགྲོ་ཆོས་སྐྱོང་དཔང་དུ་བཙུགས་ཏེ་གཏད། འཕྲིན་ལས་སྒྲུབ་པའི་ཆོས་སྐྱོང་བསྐོ་བ་དང་བཞིའོ།། །།


previousམཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད་ལུགས་རྒྱས་པའི་ས་བཅད།next