Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
བསྙེན་སྒྲུབ་ལས་ཟླ་སེང་ལུགས་ཀྱི་དཀར་ཆག
   
   
   
   
   
   
   
   
   
   


 
previousབསྙེན་སྒྲུབ་ལས་ཟླ་སེང་ལུགས་ཀྱི་དཀར་ཆགnext

བསྙེན་སྒྲུབ་ལས་ཟླ་སེང་ལུགས་ཀྱི་དཀར་ཆག

བསྙེན་སྒྲུབ་ལས་ཟླ་སེང་ལུགས་ཀྱི་དཀར་ཆག་བཞུགས་སོ། །ཕག་མོའི་བྱིན་རླབས་མ་དྲོས་མཚོར། །རྒྱུད་འབྲས་མན་ངག་རིན་ཆེན་དུ། །བསྒྱུར་བའི་དཔལ་དེ་ཡེ་ཇི་བཞིན། །གཟིགས་ལ་མིག་མི་འཛུམ་ཆེན་པོར། །གང་གི་གྲགས་པའི་གསེར་མདོག་ནི། །ཕྱོགས་ཀྱི་གླེགས་བུའི་ངོས་དག་ལ། །ཆགས་པའི་ཡི་གེའི་འཕྲེང་བ་རྣམས། །དྲི་མེད་ཐོད་བཞིན་སྤྱི་བོར་ལོང་། །འདིར་རྒྱལ་བ་རྒོད་ཚང་པ་ཆེན་པོས་བརཏལ་ཞུགས་རང་དང་མཉམ་པ་ཨོ་རྒྱན་པ་ཞེས་གྲགས་པའི་རྗེ་གྲུབ་ཐོབ་ཆེན་པོ་དེས་དཔལ་ཨོ་རྒྱན་གྱི་ཡུལ་ནས་སྤྱན་དྲངས་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་འདི་ལ། དེའི་དངོས་ཀྱི་སློབ་མའི་ཟིན་བྲིས་བགྲང་ཡས་པ་ལས་མཆོག་ཏུ་གྱུར་པ་ཟླ་བ་སེང་གེ་ཡིན་པས་དེས་གླེགས་བམ་དུ་བསྒྲིགས་པ་ནི། རྣམ་བཤད་གོ་ལུང་པ་ཆེན་པོ་གཞོན་ནུ་དཔལ་གྱི་ཟིན་བྲིས། བླ་མ་མཁས་བཙུན་བསོད་ནམས་འོད་ཟེར་བའི་ཟིན་བྲིས། སྙེ་མདོ་བ་ཀུན་དགའ་དོན་གྲུབ་ཀྱི་ཟིན་བྲིས། གཤོད་ལོ་ཙ་བ་རྡོ་རྗེ་རྒྱལ་མཚན་གྱི་ཟིན་བྲིས་བཞི་ཚེད་ཐུབ་དཔང་པོའི་ཚུལ་དུ་གྲངས་སོ། །གཞན་ལོ་རྒྱུས་རིན་ཆེན་འཕྲེང་བ། ཨོ་རྒྱན་སྤྲུལ་པའི་ཞིང་གི་ལམ་ཡིག །སྔོན་འགྲོ། རྡོ་རྗེའི་ཚིག་རྐང་། སྡུས་དོན། དབང་བཞིའི་ཐོ་ཡིག །མདོ་སྦྱར་དང་བསྙེན་སྒྲུབ་གཉིས་ཀྱི་ཁྲིད་ཡིག་དང་། སྒྲུབ་ཆེན་ཟབ་ལམ་གསེར་གྱི་སྙེ་མ་གསུམ་མཁར་ཆུ་བའི་ཟིན་བྲིས། བསྙེན་སྒྲུབ་གཉིས་ཀྱི་ཁྲིད། འགྲེལ་བཤད་ཡིད་བཞིན་ནོར་བུ། རླུང་འཛིན་སྟངས་ལྔ། བར་རླུང་། འཁྲུལ་འཁོར་བཅུ་བདུན་པ་དང་ལྔ་བཅུ་པ། ཕྲ་ཐིག་གི་ཟུར་བསྐོལ་ལུས་འཆི་མེད། དེའི་འཁྲུལ་འཁོར། བྱང་སེམས་འགྱུར་མེད། དེའི་འཁྲུལ་འཁོར། ཚེ་སྒྲུབ་གསེར་སྲང་པ། འགོ་བ་གསེར་སྲང་མ། འཕོ་བའི་ཞལ་གདམས་གཉིས། སློབ་མ་བདུན་ལ་གདམས་པ། ཙ་རི་བར་གནང་བའི་གེགས་སེལ། རིགས་བཞིའི་གདམས་ངག་ཕྱི་མ་མ་སྐལ་བཟང་གི་ཟིན་བྲིས། གཏུམ་མོ། །རིགས་དྲུག་ས་བོན་སྲེག་ལུགས། ཨོཾ་རྒྱ་ཅན། ཨ་རྒྱ་ཅན། ཧཱུཾ་རྒྱ་༼༢ན༣༽ཅན། འདི་གསུམ་ལ་གཟིགས་གསུམ་མར་ཡང་གྲགས། ཟབ་ལམ་ཡིད་བཞིན་ནོར་བུ། རང་ལུས་ཕྱི་ནང་གསང་བའི་འཁྲུལ་འཁོར། དབང་གི་ཞུ་ལན་ལོ་རྒྱུས། དཀྱིལ་འཁོར་ཆོ་ག །དབང་བཞི་དམར་ཁྲིད། བརྟག་དགུག་སྦ་དབྱུང་གི་ཡིག་ཆུང་། ཆུ་འཐུང་དྲི་མེད་རིགས་ལྔའི་བཅུད་ལེན། བདུད་རྩི་ལྔ་ཕྲུགས། ཕྱི་ནང་གསང་བ་ཡང་གསང་གི་འཁྲུལ་འཁོར། རྩ་རླུང་སྒྲ་གཅན་གྱི་ཆིངས། གཞུང་ཆུང་རྩ་འགྲེལ། ངོ་སྤྲོད་ཀྱི་ཡིག་རིགས་གསུམ། གེགས་སེལ་སྙན་རྒྱུད་མ་ཆེ་བ། བདུད་རྩི་འཕྲེང་བའོ་གཅེས་ཕྲུག་བརྒྱད་ཅུ་མ་ལ་གཞུང་ལྡེ་མིག་ཞལ་གདམས་གསུམ། རིན་ཆེན་འཕྲེང་བ། སྨན་དཔྱད་མ། གྲགས་བྱང་ཞུ་ལན། སྙན་རྒྱུད་མ་ཆུང་བ། ཧ་དམིགས་སྟག་འཐེན། དབྱུག་ཆོས། ཞལ་གདམས་ཐོར་བུ་བ་རྣམས་ཏེ་མཛད་བྱང་དམིགས་བསལ་མེད་པ་རྣམས་ཟླ་སེང་བའི་ཟིན་བྲིས་རྗེ་ཉིད་ཀྱི་སྤྱན་ལམ་དུ་བབ་པ་འབའ་ཞིག་གོ། །འདིར་རྒྱ་ཟོར་བའི་སྒྲུབ་ཆེན་གྱིས་དཔེ་ལྔ་རོལ་པའི་རྡོ་རྗེའི་ཟིན་བྲིས། བཀའ་བཞི་པའི་བར་རླུང་གི་ཁྲིད་རྣམས་བཞུགས་ཏེ་བར་རླུང་ཕལ་འདི་ལ་རྩིས་ཆེ་སྟེ་སྔ་མ་བཟང་། ཚ་ཆུད་པའི་བར་རླུང་དུ་གྲགས་པ་ཡིག་སྣ་གསུམ་རྣམས་སོ།། །།སརྦ་མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །ཁར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།


previousབསྙེན་སྒྲུབ་ལས་ཟླ་སེང་ལུགས་ཀྱི་དཀར་ཆགnext