Nitartha Digital Library
Tibetan
 
previousབདེ་མཆོག་ཉུང་ངུའི་ཕྱག་མཆན།no next

བདེ་མཆོག་ཉུང་ངུའི་ཕྱག་མཆན།

༄༅། །བདེ་མཆོག་ཉུང་ངུའི་ཕྱག་མཆན།

༄༅། ། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་མཆོག་གི་བདེ་མཆོག་ཉུང་ངུའི་ཕྱག་མཆན་འདི་འབྲས་ལྗོངས་མི་རྗེ་འབའ་ཉག་པའི་ཕྱག་དཔེའི་ཁྲོད་ནས་བྱུང་བ་ཡིན། འདིར་མགོ་ནས་ལྡེབ་མ་གསུམ་དང་། མཇུག་ལྡེབ་སུམ་ཅུ་བའི་ཤོག་སྣེ་ཆད་འདུག གློག་ཀླད་དུ་འཇུག་སྐབས་མ་དཔེར་བརྡ་རྙིང་དང་ཡང་འཇུག འཕྲད་དང་རྣམ་དབྱེ་དབྱངས་དང་མགོ་འདོག་སོགས་དེང་དུས་ཀྱི་བརྡ་དག་དང་མི་མཐུན་པ་མང་དུ་ཡོད་པ་མ་བཅོས་པར་རང་སར་བཞག་ཡོད། འབྲུ་མ་གསལ་བ་དང་། ངོས་འཛིན་ནོར་བ། མཆན་བཙུད་ཉེས་པ། རྟགས་ལ་མཆན་སྦྱོར་རྒྱུ་མ་རྙེད་པ་དང་མཆན་གང་དུ་འཇུག་དགོས་མ་ཤེས་པ་སོགས་ནོར་འཁྲུལ་ཅི་མཆིས་ཡོད་པས་མཁས་དབང་དམ་པ་རྣམས་ཀྱིས་མ་དཔེ་དང་བསྡུར་ནས་ཞུ་དག་ཟབ་ནན་གནང་བར་ཞུ། སྒྲིག་པ་པོས་༢༠༠༤་༡༢་༡༠་ལ། །

༄༅། །ལ་ཁུ་ཚུར་གྱིས་བརྡེག་༼དང་ཟེར་༽དང་། མིག་རྒྱུའི་ཆུ་ནི་འཐུང་༼པ་དང་ངོམས་པ་མེད་༽དང་མཚུངས་༼ཏེ་དངོས་གྲུབ་མི་ཐོབ་༽། །༼༣་པ་རྒྱུད་ཀྱི་ཆེ་བ་བསྟན་པ་༽རྣལ་འབྱོར་༼འདུས་པ་ལ་སྟགས་པ་ལས་སཾ་བྷ་ར་༽འདི་ནི་༼སཾ་བྷ་རའི་དལ་དུ་འཇུག་པ་དང་དབང་ཐོབ་ན་༽མཆོག་རབ་དང་། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །གང་ཞིག་རྟག་ཏུ་༼དེ་ལྟར་༽འདོད་འགྱུར་བ། །དེ་ནི་ལྷ་མི་༼ཐམས་ཅད་༽ཟིལ་༼གྱིས་༽གནོན་༼པར་༽འགྲོ། །དཀྱིལ་འཁོར་འདིར་ནི་དབང་བསྐུར་བ། རྒྱུད་རྣམས་ཀུན་གྱི་བསྒྲུབ་པོར་༼རྒྱུད་ཀྱི་ཆེ་བ་༽གསུངས། ༼ལྷ་དང་སྦྱར་ན་༽ །རྒོད་དང་ལྟ་བ་༼བྱ་བ་སྤྱོད་པ་༽ལག་༼རྣལ་འབྱོར་༽བཅངས་༼མི་དང་ལྷ་མི་མ་སྦྱོར་བ་ཉིད་་་་་༽དང་། །༼བླ་ན་མེད་པ་༽གཉིས་གཉིས་མཁྱུད་པ་ལ་སོགས་བདག །རྒྱུད་རྣམས་༼མ་བླ་ན་མེད་པའི་བར་དུ་༽ཀུན་ཏུ་མ་གསུངས་ཏེ། ༼གང་དུ་མ་གསུང་ན་༽ །དེ་ཉིད་བསྡུས་པ་༼དང་༽འཁོར་སྡོམ་༼རྒྱུད་རྒྱས་པར་མ་གསུང་པའོ་༽འམ། །གསང་པ༼འདུས་པའམ་༽འམ་རྡོ་རྗེ་འཇིགས་བྱེད་ལས། །དཀྱིལ་འཁོར་རྣམས་ཀྱི་མཆོག་འདི་ནི། ༼རྒྱུད་དེ་དག་ཏུ་སྔར་༽ །མ་བྱུང་༼ཕྱིས་༽འབྱུང་བར་མི་འགྱུར་རོ།༼འདིས་དངོས་གྲུབ་༽ །བཤད་དང་མ་བཤད་གང་ཅིའང་རུང་། །དེ་ཀུན་དཔལ་ལྡན་ཁྲག་འཐུང་༼གི་དལ་ལ་བརྟེན་ནས་༽གནས། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་ཡོན་དང་བཅས་པའི་དབང་བསྐུར་བའི་ཆོ་གའི་ལེའུ་སྟེ་གསུམ་པའོ། ། ༼དབང་བསྐུར་བ་དང་དེ་ཁོ་ན་འབྲེལ་བས་དབང་གི་རྗེས་ལ་དེ་ཁོ་ན་ཉིད་བསྟན། རིམ་པ་༢་ལ་དལ་དང་ལྷ་དང་སྔགས་དང་ཡེ་ཤེས་ཏེ་དེ་ཁོ་ན་ཉིད་༤་༤་བརྒྱར་བསྟན་ཏེ་མཆོག་དབང་༣་བ་སོང་བ་ ་དབང་བསྐུར་ནས་ནི་དེ་ཉིད་བསྟན་ཅེས་པས་འབྲེལ་རྙོག་ ་ལ་གུ་སཾ་བ་ར་འདིར་གསུངས་པ་འདི་ལ་༽ །དེ་ནས་༼དཀྱིལ་འཁོར་གྱི་དེ་ཁོ་ན་༽རྣལ་འབྱོར་མ་༼དལ་དང་ལྷའི་དེ་ཉིད་སྟན་པའི་ཚིག་གིས་༤་པར་ཡང་བཞེད་ ་རྒྱུད་གཞན་གྱི་སྐྱེད་པ་པས་མཚོན་ནས་རླུང་ནས་གཞལ་ཡས་ཁང་སྐྱེད་པའི་བར་དུ་༽རྣམས་ནི། །༼རྫོགས་པ་ལྟར་རྐང་མཐིལ་རླུང་ལ་སོགས་པ་ལུས་དལ་ལོ་རེ་ལ་རོལ་བ་རྩ་༽ས་ལ་རྣམ་པར་རོལ་པ་སྟེ། །༼ལྷའི་དེ་ཁོ་ན་ཉིད་༽བརྩོན་ཆེན་འཁོར་ལོ་༼མ་ནས་མ་བཀོད་པ་ནི་སློབ་དཔོན་མེད་པར་འཇུག་པ་དགག་པ་༽བསྒྱུར་མ་༼རྩོགས་པ་མཁའ་འགྲོ་མ་རྣམས་རྩའི་གཟུགས་༽དང་། །སྟོབས་ཆེན་མ་དང་རབ་དཔལ་མོ། །འཁོར་ལོའི་གོ་ཆ་༼ཤོན་དེ་ནི་༽ཆང་འཚོང་མ། །ཁཎྜ་རོ་ཧ་འཁོར་ལོའི་ཤུགས༼སྐུའི་བརྒྱད་༽ ། ༼ཁ་ག་ན་ ༽ །བྱ་གདོང་མ་དང་རྟ་རྣ་མ། །ཤིན་ཏུ་བཟང་མོ་ལྗང་ལྷ་མོ། །༼བསྐྱེད་པ་ཙཀྲ་༤་ལས་ ་ལྷ་བཅུ་༢་ཤུགས་ལ་ཤེས་པར་བྱ་༽ཆང་འཐུང་མ་དང་༼མངོན་པར་དགའ་བ་༤འི་རྟོགས་པ་སྐྱེ་བས་༽རླུང་ཤུགས་མ། །དེ་བཞིན་འཇིགས་བྱེད་ཆེན་མོ་དང་། ༼ཨེ་ར་བ་ཏི་༽ །ས་སྲུངས་མ་དང་༼གསུང་གི་བརྒྱད་ ་གསང་བའི་ལུས་རྩ་༽ཤིང་གྲིབ་མ། །ལང་ཀའི་བདག་མོ་མི་ཐུང་མ། །དཔའ་བོའི་བློ་མ་སྣ་ཆེན་མ། །འོད་ལྡན་མ་དང་གཏུམ་མིག་མ། །རབ་གཏུམ་མ་སྟེ་༼ཐུགས་ཀྱི་བརྒྱད་༽སྒྲུབ་བྱེད་ཡིན། །༼རྩ་ཉི་ཤུ་རྩ་༢་ཀྱི་ངོ་བོར་གནས་སོ་༽མཁའ་འགྲོ་མ་ནི་ཉི་ཤུ་བཞི། །སྐུ་གསུང་ཐུགས་ཀྱི་དབུས་སུ་ནི། །ཇི་ལྟར་ཕྱི་རོལ་ནང་དེ་བཞིན། །འདི་དག་སྔོན་ཉིད་༼ཞིང་ནཾ་གྲུབ་པའི་དུས་སུ་མཁའ་འགྲོ་མ་ཡང་གྲུབ་པས་༽གྲུབ་པ་ཡིན།༼རྫོགས་པ་ཙཀྲ་༤་དང་རྩ་༢་ལ་ཨ་ལི་ཀི་ལ་སོགས་པ་དགོད་༽ །རང་མིང་༼སྔགས་ཀྱི་དེ་ཁོ་ན་༽བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧཱུྃ་ཧཱུྃ་ཕཊ་དང་སྦྱར། །རྣལ་འབྱོར་མཆོག་ནི་འདི་མཐོང་ན། །མེ་༼དང་འདྲ་༽སྟེ་༼རྒྱུད་སྡེ་༽གཞན་དག་རྩ་དང་མཚུངས། །ཨོྃ་ནི་ཐམས་ཅད་༼ཀྱི་དང་པོ་༽གསལ་བྱེད་སྟེ། །༼ཞི་བ་ལ་སོགས་པའི་ཕྲིན་ལས་དལ་དང་ལྷའི་དེ་ཉིད་སྟན་པའི་ཚིག་གིས་༤་པར་ཡང་བཞེད་བདེ་བ་ཆེན་པོའི་ཡེ་ཤེས་འཕེལ་བ་་་དངོས་༽གྲུབ་༼རྫོགས་པའི་རྩའི་ནང་ན་ཨ་ལི་ཀ་ལིའི་འོག་དང་ཞབས་སུ་ཨོཾ་དང་ཧཱུཾ་ཕཊ་ཡོད་༽སྩོལ་འདོད་༼ཅིང་༽པ་ཐམས་ཅད་༼སྟེར་བར་༽བྱེད། ༼ཡེ་ཤེས་ཀྱི་དེ་ཁོ་ན་༽ །དཔའ་བོ་༼ཡུམ་དང་ཞལ་སྦྱོར་དུ་༽ཉིད་འགྱུར་གྲུབ་པ་ནི། །༼རྩའི་༽ཁྱིམ་དུ་༼པད་མ་༽དཀྱིལ་འཁོར་༼ཐབས་དང་ཤེས་རབ་སྙོམས་འཇུག་བྱས་པ་ལས་བདེ་བ་དེ་ཁོ་ན་ཉིད་༽མཐོང་བ་ཡིན། །༼བདེ་བ་༽དེ་ཤེས་རྟག་ཏུ་བསྒོམ་པ་ནི། །དངོས་གྲུབ་༼ཐོབ་པར་༽དེ་བཞིན་གཤེགས་པས་གསུངས། །ཧེ་རུ་ཀ་མངོན་པར་བརྗོད་པ་ལས་དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པར་དགོད་པའི་ཆོ་གའི་ལེའུ་སྟེ་བཞི་པའོ། །༼དེ་ལྟར་དབང་ཐོབ་པས་འབྲས་བུའི་གསང་པ་བསྒྲུབ་པ་ལ་འཇུག་པས་ཐུན་མོང་གི་འབྲས་བུ་བསྒྲུབ་པའི་ཐབས་སྔགས་བཏུ་བ་བསྟན་ཏོ༽ །དེ་ནས་༼ཨ་ལི་དང་ཀ་ལི་༽ཐམས་ཅད་ཆོས་འབྱུང་༼གྲུ་༣་དུ་འབྱུང་པར་༽བར། །སྣ་ཚོགས་༼པད་མའི་༽ལྟེ་བར་མི་ཤིགས་༼ཨ་དགོད་༽དགེ །བྲིས་ནས་༼དེ་ནས་༽ཆོ་ག་བཞིན་དུ་༼ཨ་ལི་ཀ་ལི་བཀོད་ལ་མཆོད་པ་བྱས་ལ་རྟེན་ཆོས་འབྱུང་ལ་བརྟེན་པ་ཨ་ལི་ཀ་ལིའ་༽བསྔགས།༼ལེའུ་ལྔ་བ་འདིས་ལུས་བཏུ།བདུན་པས་ཡན་ལག་བཏུའོ། ནང་བྲི་དེས་འགྲེ་སྡེ་ཚན་གྱི་གྲངས་འདི་རྣམས་ཀའི་སྡེ་ཚན་ནས་བགྲང་པར་ཤེས་པར་བྱའོ༽ །ཆོས་ཀུན་གཅིག་ཏུ་བསྡུས་པ་བྱ། །སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། ༼སྡེ་ཚན་བརྒྱད་ལྷག་ཆད་མེད་པར་༽ །ཨ་ལི་ཀ་ལི་མཉམ་བྱས་ནས། ༼བསྒྱུར་གཞི་ཀ་ལི་བསྒྱུར་བྱེད་ཨ་ལི་༽ །སྡེ་ཚན་༼བརྒྱད་བཀོད་པ་དེ་༽རྣམས་ནི་བསྒྱུར་བར་བྱ།༼ཨ་ལིའི་མཚན་བསྒྱུར་བྱེད་༽ །བཞི་བཞི་རུ་༼སྟེ་བཅུ་དྲུག་བཅད་དེ་པད་མའི་འདབ་མ་༡་ལ་བྲི་༽ནི་ཤེས་བྱས་ལ། །ཐུབ་པ་༼འདི་བསྒྱུར་བའི་སྔགས་ཀྱིས་ཐམས་ཅད་ཐུབ་པས་བསྒྱུར་བྱེད་ཨ་ལི་ཡིས་བསྒྱུར་གཞི་ཀ་ལི་ཚན་༽མཆོག་གིས་བརྒྱན་པར་བྱ། །དེར་གནས་༼ནས་༽དཔའ་བོ་༼སྟེ་ཡབ་ཀྱི་རྩ་སྔགས་༽བཏུ་བར་བྱ་༼རྐང་བ་བརྒྱད་པ་༽། །འདོད་དོན་༼ཕན་ཡོན་དངོས་གྲུབ་༢་༽ཐམས་ཅད་་སྒྲུབ་བྱེད་པ། ༼རྐང་བ་བརྒྱད་པའི་རྐང་པ་དང་པོ་༽ །བཞི་པ་ཡི་ནི་ལྔ་པ་དང་། །ལྔ་པ་ཡི་ཡང་ལྔ་པ་དང་། །ལྔ་པ་ཡི་ནི་བཞི་པ་༼བྷ་༽དང་། །དང་པོའི་གསུམ་པ་༼ག་༽གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་དགུ་པ༼་ཝ་༽། །བཞི་པའི་དང་པོ་༼ཏ་༽གང་ཡིན་དང་། །མཐར་གནས་པ་ཡི་བཞི་པ་༼ཝ་༽དང་། །དེ་ཉིད་ཀྱི་ནི་གཉིས་པ་༼ར་༽དང་། །སུམ་བཅུ་པ་༼ཤ་ས༽ནི་ཡང་དག་བླང་། །ཉི་ཤུ་དྲུག་པ་༼ཡ་༽ཉིད་དང་ནི། །དེ་བཞིན་བརྒྱ་ཡི་ཕྱེད་ཕྱེད་༼ཉི་ཤུ་རྩ་ལྔ་པ་མ་༽དང་། །དེ་ནས་སུམ་བཅུ་གསུམ་པ་༼ཧ་༽དང་། །དང་པོའི་དང་པོ་༼ཀ་༽ཉིད་དག་དང་།༼ལ་ལ་པ་བཏགས་པ་ལ་ཨ་བཏགས་པ་ཡང་འོང་ཀས༽ །༼བར་འདིར་པ་དང་ཨ་ནི་བཏུ་བ་ལེའུ་བདུན་པ་ལས་འབྱུང་ངོ་༽མཐར་གནས་པ་ཡི་གསུམ་པ་དང་། །དང་པོ་ཡི་ནི་གསུམ་པ་༼ག་༽ཉིད། །སུམ་བཅུ་རྩ་གཉིས་པ་༼ས་༽ཉིད་ནི། །བཞི་པ་ཡི་ནི་ལྔ་པ་༼ན་༽དང་། །ལྔ་པ་ཡི་ནི་བཞི་པ་༼བྷ་༽དང་།༼ ཀ་ནས་བགྲང་བའི་དེས་འོག་ཐམས་ཅད་ལ་ཡང་འགྲེའོ།༽ །མཐར་གནས་པ་ཡི་དང་པོ་༼ཡ་༽ གཉིས་པ་༽དང་། །གཉིས་པ་ཡི་ནི་གསུམ་པ་༼ཛ་༽དང་། །གསུམ་པའི་དང་པོ་༼ཊ་༽གང་ཡིན་དང་། །ལྔ་པ་ཡི་ཡང་པ་ལྔ་པ་༼མ་༽དང་། །དང་པོ་ཡི་ནི་དང་པོ་༼ཀ་༽དང་། །དེ་བཞིན་བཅུ་གཅིག་པ་༼ཊ་༽ཉིད་དང་། །དེ་བཞིན་མཁས་བས་བཅུ་དྲུག་པ་༼ཏ་ལ་འདོགས་པའི༽། །གསུམ་པའི་དང་པོ་༼ཊ་༽གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་༼གསུམ་པ་༽དྲུག་པ་༼ཡ་༽། །བཞི་བའི་གསུམ་པ་༼ད་༽གང་ཡིན་དང་། །ཨུཥམ་༼ཤ་ཥ་ས་ཧ་༤་སྟེ་ དྲོད་༽ཡི་ནི་གཉིས་པ་༼ཥ་༽དང་། །དང་པོའི་དང་པོ་༼ཀ་༽གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ་༼ར་༽། །ཉི་ཤུ་རྩ་བརྒྱད་པ་ལ་ཡང་ངོ། །དང་པོ་ཡི་ནི་གསུམ་པ་༼ག་༽དང་། །ལྔ་པ་ཡི་ཡང་བཞི་པ་༼བྷ་༽དང་། །དེ་བཞིན་སུམ་བཅུ་རྩ་གཅིག་༼ཥ་༽བླང་། །བཅྭ་ལྔ་པ་༼ཎ་༽ནི་ཉིད་དག་དང་། །དེ་བཞིན་ཉི་ཤུ་རྩ་ལྔ་པ་༼མ་༽། །དང་པོའི་གཉིས་པ་༼ཁ་༽གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་གཅིག་པ་༼པ་༽། །ཨན་ཏསྡྱ་ཡི་གཉིས་པ་༼ ར་༽དང་། །དེ་བཞིན་ཡང་ནི་སུམ་བཅུ་པ༼ཤ་༽། །ལྔ་པ་ཡི་ནི་དང་པོ་༼པ་༽དང་། །ཨུཥ་མ་ཡི་ནི་དང་པོ་༼ཤ་༽དང་། །དེ་བཞིན་ཡི་གེ་དྱ་ཉིད་དང་། །བཞི་པའི་དང་པོ་༼ཏ་༽གང་ཡིན་དང་། །ཨུཥ་མའི་དང་པོ་༼ཤ་༽གང་ཡིན་དང་། །དེ་བཞིན་ཉི་ཤུ་རྩ་བརྒྱད་༼ལ་༽པ། །དང་པོའི་གཉིས་པ་༼ཁ་༽གང་ཡིན་དང་། །གསུམ་པའི་དང་པོ་༼ཊ་༽ཉིད་དག་དང་། །དང་པོའི་གསུམ་པ་༼ག་༽གང་ཡིན་དང་། །བཞི་པའི་བཞི་པ་༼དྷ་༽གང་ཡིན་དང་། །ཨན་ཏསྡྱ་ཡི་གཉིས་པ་༼ ར་༽དང་། །གསུམ་པ་ཡི་ཡང་ལྔ་པ་༼ཎ་༽དྲུག་པ་༽དང་། །ཡི་གེ་བྱ་ནི་དེ་བཞིན་བླང་༼ལས་ཟེར་༽། །དང་པོ་ཡི་ནི་བཞི་པ་༼གྷ་༽དང་། །དེ་ནས་བརྒྱད་པ་༼ཛ་༽ཉིད་དག་དང་། །བཞི་པའི་ལྔ་པ་༼ན་༽གང་ཡིན་དང་། །ལྔ་པ་ཡི་ཡང་ལྔ་པ་༼མ་༽དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ་༼ར་༽། །བཞི་པ་ཡི་ནི་བཞི་པ་༼དྷ་༽དང་། །སླར་ཡང་ཉི་ཤུ་རྩ་བདུན་པ་༼ར་༽། །དེ་བཞིན་ཉི་ཤུ་རྩ་དྲུག་པ་༼ཡ་༽བདུན་པ་༽། །ཉི་ཤུ་རྩ་ལྔ་༼མ་༽ཡང་དག་བླང་། །སུམ་བཅུ་རྩ་གསུམ་༼ཧ་༽ཉིད་དག་དང་། །བཞི་པ་ཡི་ནི་བཞི་པ་༼དྷ་༽དང་། །ལྔ་པ་ཡི་ནི་ལྔ་པ་༼མ་༽དང་། །བཞི་པ་ཡི་ཡང་ན་ལྔ་པ་༼ན་༽དང་། །དང་པོའི་དང་པོ་༼ཀ་༽ཉིད་དག་དང་། །དེ་བཞིན་ཉི་ཤུ་རྩ་བདུན་པ་༼ར་༽། །ཨན་ཏསྡྱ་ཡི་བཞི་པ་༼ཝ་༽དང་། །དེ་བཞིན་ཉི་ཤུ་རྩ་གཅིག་པ་༼པ་༽། །ཨུཥ་མ་ཡི་ནི་གཉིས་པ་༼ཥ་༽ཉིད། །དེ་བཞིན་རྩ་ཉི་ཤུ་དྲུག་པ་༼ཡ་རྐང་པ་བརྒྱད་དོ་༽འོ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བྷན་དྷ་བྷན་དྷ་། ཏྲ་ས་ཡ་ཏྲ་ས་ཡ། ཀོཥ་བྷ་ཡ་ཀོཥ་བྷ་ཡ། ཧྲོཾ་ཧྲོཾ་། ཧྲ་ཧྲ་། ཕེཾ་ཕེཾ་། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀཥ་བྷཀཥ། བ་ས་རུ་དྷི་རཱ་ནྟྲ་མཱ་ལཱ་བ་ལཾ་བཱི་ནེ། གྷྲིཧྣ་གྷྲིཧྣ་ས་པྟ་པཱ་ཏ་ལ་ག་ཏཱ་བྷུ་ཛཾ་ག་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ། །ཨཱ་ཀ་ཊ་ཧ། །ཨཱ་ཀ་ཊ་ཧ། །ཧྲཱིཾ་ཧྲཱིཾ། ཛྣོཾཛྣོཾ་། ༼ཀཾ་ཥ་ན་མཱ་ཀཾ་ཥ་ན་མཱ། །ཧཱུཾ་ཧཱུཾ། ཧཱི་ཧཱི།ཀི་ལི་ཀི་ལི། །སི་ལི་སི་ལི། །ཧི་ལི་ཧི་ལི།དྷི་ལི་དྷི་ལི། །ཧཱུཾ་ཧཱུཾ་ཕཊ།མཆོད་པའི་དུས་སུ་༼དཔའ་བོ་ཉི་ཤུ་རྩ་བཞི་༽ །རིག་པའི་རྒྱལ་པོ་གསང་སྔགས་༼ཏེ་ཟེར་༽ཏེ། །བསྒྲུབ་པ་༼ལ་མི་ལྟོས་ཏེ་ཀླགས་པ་ཙམ་གྱིས་འགྲུབ་པའོ་༽ཐམས་ཅད་རྣམ་སྤངས་པའོ། །འདི་ལས་ཤིན་ཏུ་མཆོག་གྱུར་པ། །འཇིག་རྟེན་གསུམ་ན་ཡང་མེད་དེ་ ༼ཡོད་མིན་ཟེར་༽། །དཔལ་ལྡན་ཁྲག་འཐུང་༼གི་རྩ་སྔགས་༽སྔགས་ཤེས་ན། །༼སྔགས་༽གཞན་དག་སྙིང་པོ་མེད་རྩར་མཚུངས། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བ་ཞེས་པའི་ཆོ་གའི་ལེའུ་སྟེ་ལྔ་པའོ། ། ༼སྙིང་པོའི་སྔགས་དང་ཉེ་སྙིང་གི་སྔགས་རང་འོག་ནས་འབྱུང་ཡང་འདིར་རྩ་བའི་སྔགས་དང་ཕྱོགས་༡་ཏུ་བསྟན་པའི་ཕྱིར་འདིར་ཡང་ཟུར་ཙམ་བསྟན་༽ །གཞན་ཡང་ཡི་གེ་ཉི་ཤུ་གཉིས་༼པ༽། །སྙིང་པོ༼འི༽་ཡིག་༼གེ་༽བདུན་ཉེ་སྙིང་པོ༼འོ༽། །ཡ་ཚོགས་༼ཡ་ནས་བགྲངས་པའི་༽བརྒྱད་པའི་ས་བོན་དང་། །དེ་བཞིན་༼བཅུ་༢་བྲིས་ལ་ཨ་ལི་ལ་བྱ་༽གུག་བསྒྱེད་༼རི་རཱི་ལི་ལཱི་༤་བོར་བ་༽བཅུ་གཉིས་ཀྱིས། །ཡི་གེ་བར་མ་༼རིང་པོ་དྲུག་༽དོར་བྱས་ལ་༼རིང་པ་དྲུག་བོར་བས་ཐུང་པ་དྲུག་གོ་༽། །༼ཧ་དྲུག་པོའི་ཡན་ལག་ཏུ་སྦྱར་བའོ་༽ཡན་ལག་དྲུག་༼ལ་དགོད་པ་༽ནི་ཧེ་རུ་ཀ །༼ཡི་གེ་དྲུག་པོ་༽དཔའ་བོ་དྲུག་དང་མཉམ་སྦྱོར་བ་༼ཧ་དྲུག་བཀོད་པ་དེ་ཉིད་ལ་ཨ་ལི་ཐུང་པ་དྲུག་་་་བས་ཧི་ཧེ་་་་༽། །ཡི་གེ་རེ་རེ་ཡང་དག་སྦྱར། ༼དེ་རྣམས་ཀྱི་གོང་དུ་ཨོཾ་སོགས་རེ་རེ་སྦྱོར། ཧའི་མགོ་ སྦྱར་བས་ཨོཾ་ཧ་རུ་འགྲོ་དེས་འགྲེ་༽ །ཨོཾ་ན་མ་སྭཱ་ཧཱ་པོ་ཥཊ༽ །ཧཱུཾ་ཧཱུཾ་ཕཊ་དང་ཡང་དག་ལྡན། །བསྒྲུབ་བོས་༼དཔའ་བོ་དྲུག་གི་༽སྙིང་པོར་ཤེས་པར་བྱ། ༼ ལེའུ་ལྔ་པ་རུ་ལུས་ཐུ་བའི་ཡི་གེ་འདྲི་ཙ་ན། ན་མ་བྱ་བའི་གོང་དུ་ཨོཾ་བྲི་བའི་གོག་པ་གཅིག་བཞག་ནས་ཡོད་པ་དེར་ལྔ་བའི་ཡན་ལག་ཐུ་ཙ་ན་དབྱངས་ཡིག་བཅུ་༣་ཉིད་ཟེརཅི་ན་དེར་ཨོཾ་བྲིའོ༽ །དང་པོ་སྙིང་ཁ་ཉིད་དུ་སྟེ། །གཉིས་པ་སྦྱི་བོར་ཤེས་པར་བྱ། །གསུམ་པ་སྤྱི་གཙུག་དག་ཏུ་སྦྱར། །བཞི་པ་གོ་ཆར་གྱུར་པ་༼སྦྲགས་པ་༽ཡིན། །ལྔ་པ་མིག་ཏུ་གྱུར་པ་སྟེ། །དྲུག་པ་མཚོན་བྱ་ཞེས་བྱར་འདོད། །ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་དཔའ་བོ་དྲུག་གི་གོ་ཆ་བཏུ་བའི་ཆོ་གའི་ལེའུ་སྟེ་དྲུག་པའོ། ། དེ་ནས་༼ཨོ་༽དབྱངས་ཡིག་བཅུ་གསུམ་པ། ༼ཡི་གེ་གཉིས་པ་ཅེས་པ་ལ་སོགས་པའི་གྲངས་རྣམས་སྔར་ཀ་ལི་ལས་ལུས་བཏུས་པའི་ཡི་གེ་བཀོད་པ་རྣམས་ཀྱི་གྲངས་སུ་ཤེས་པར་བྱའོ༽ །ཡི་གེ་གཉིས་བ་དག་དང་སྦྱར༼མ་ལས་ཨོ་སྦྱར་བས་མོ་རུ་འགྲོ་དེས་འགྲེ༽། །དབྱངས་ཡིག་བཅུ་གཅིག་༼ཨེ་༽ཡང་དག་ལྡན། །ཡི་གེ་དྲུག་པ་༼ཏེའུ་སོང་༽ཡང་དག་བརྒྱན། །དབྱངས་ཀྱི་བཞི་པ་༼ཨཱི་༽ཉིད་དང་ནི། །ཡི་གེ་བདུན་པ་༼ཝ་༽ཉིད་དང་སྦྱར། །དབྱངས་ཡིག་བཅུ་གཅིག་པ་༼ཨེ་༽ཉིད་ནི། །མཁས་པས་ཡི་གེ་བརྒྱད་པ་༼ར་༽སྦྱར། །དབྱངས་ཡིག་གཉིས་པ་༼ཨཱ་༽དང་ལྡན་པ། །ཡི་གེ་དགུ་པ་༼ཤ་༽བརྒྱན་པར་བྱ། །༼རྐང་པ་དང་པོ་༽དབྱངས་ཀྱི་ཡི་གེ་གཉིས་པ་༼ཨཱ་༽ཉིད། །ཡི་གེ་བཅུ་གཉིས་པ་༼ཧ་༽དང་སྦྱར། །༼འོག་མ་འདིས་པ་རིང་པོར་སོང་སྟེ་ཨར་རླག་འགྲོ་༽དབྱངས་ཡིག་གཉིས་པར་༼ཨཱ་༽ལྡན་པ་ནི། ༼ཀ་ལི་རང་གི་ཀ་ནས་བགྲངས་པའི་༽ །ཡི་གེ་ཉི་ཤུ་གཅིག་པ༼འོ་པ༽་གཟུང་། ༼མཁས་པས་༽ །ཡི་གེ་བཅུ་བཞི་པ་༼ལ་༽དང་༼ བས་ལ་ལས་པ་རིང་པོར་ལཱ་བཏགས་པ་༡་ཏུ་འགྱུར་རོ། ལས་འོག་ཏུ་སྦྱར་བའོ་༽སྦྱར། །ཡི་གེ་ཉི་ཤུ་པ་༼ན་༽དང་ནི། ༼ག་དང་ན་ཉ་ཀ་ལ་༽ །དབྱངས་ཀྱི་༼ཨི་གུ་གུར་སྦྱིན་༽གསུམ་པ་༼ཨི་༽ཉིད་དག་དང་། །ཡི་གེ་༼པ་ཨ་ལུས་ན་མེད་པས་བོར་བས་༽བཅྭ་ལྔ་པ་༼དེ་༢་ཀ་༽དང་སྦྱར། །དབྱངས་ཡིག་བཅྭ་ལྔ་༼ཨཾ་༽ཡང་དག་༼སྟེང་དུ་༽ལྡན་༼པའི༽། །ཡི་གེ་བཅུ་དྲུག་བས་༼ས་༽མཛེས་བྱ་༼སཾ་དུ་སོང་༽། །དབྱངས་ཡིག་གསུམ་པ་༼ཨི་༽དང་ལྡན་པའི། །ཡི་གེ་བཅུ་བདུན་པ་༼ན་༽རུ་འདོད། །དབྱངས་ཀྱི་གཉིས་པ་༼ཨཱ་༽ཉིད་དང་ནི། །ཡི་གེ་བཅྭ་བརྒྱད་པ་༼བྷ་༽རུ་སྦྱར་༼༢་པ་༽། །དབྱངས་ཡིག་གི་ནི་གཉིས་པ་༼ཨཱ་༽ཉིད། །ཡི་གེ་ཉི་ཤུ་གཅིག་པར་༼ཊ་༽སྦྱར། །མ་མོའི་ལྔ་པ་༼ཨུ་༽ཉིད་དང་ནི། །ཡི་གེ་ཉི་ཤུ་གསུམ་པར་༼ཀ་༽སྦྱར་༼ཀུ་རུ་འགྲོ༽། །དབྱངས་ཡིག་བཅུ་གསུམ་པ་ཨོ་༽ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར་༼ཊ༽་སྦྱར། །དང་པོའི་དང་པོ་༼ཀ་༽བླངས་ནས་ནི། །ཡི་གེ་ཉི་ཤུ་ལྔ་པར་༼ཏ་༽སྦྱར་༼ཀཾ༽། །དབྱངས་ཡིག་གཉིས་པ་༼ཨཱ་༽དང་ལྡན་པར། །ཡི་གེ་ཉི་ཤུ་དྲུག་པར་༼ཊ་༽འགྱུར་༼༣་པ༽། །ཉི་ཤུ་བརྒྱད་པ་༼ཌ་༽ཉིད་དག་ནི། །༼ཨ་ལི་༽དབྱངས་ཡིག་བཅྭ་ལྔ་པ་༼ཨཾ་༽དང་སྦྱར། །ཡི་གེ་ཉི་ཤུ་རྩ་དགུ་པ་༼ཥ་ལ༽། །གསུམ་པའི་དང་པོ་༼ཊ་༽ཡང་དག་ལྡན་༼དེ་ལ་ཡང་༽ ། ༼འོག་ཏུ་བཏགས་པས་ཥཊ་༽ །འོག་གི་ཆ་༼ར་༽ནི་མེ་དང་བཅས། ༼དེ་ལ་༽ །དེ་བཞིན་དབྱངས་ཡིག་གཉིས་པར་༼ཨཱ་༽སྦྱར་༼ཥཊ་༽། །ཡི་གེ་སུམ་བཅུ་རྩ་གཅིག་པ་༼ར་༽། །དབྱངས་ཡིག་གཉིས་པར་༼ཨཱ་༽ཡང་དག་སྦྱར། །ཡི་གེ་སུམ་བཅུ་རྩ་གཉིས་པ་༼ལ་༽། །དབྱངས་ཡིག་བཅུ་གསུམ་བར་༼ཨོ་༽ལྡན་བྱ། །ཡི་གེ་སུམ་བཅུ་རྩ་གསུམ་པ་༼ག་༽། །ཉི་མར་༼ར་༽ཡང་དག་ལྡན་པར་བྱ། །ཕྱི་མོའི་བཞི་བ་༼ཨཱི་༽ཉིད་དག་དང་། །ཡི་གེ་སུམ་བཅུ་བཞི་༼བྷ་༽ལྡན་པ། ༼སྔགས་ཀྱི་ཆེ་བ་བསྟན། དེས་ཐམས་ཅད་ལ་འགྲེའོ་༽ །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །ཕྱི་མོའི་ལྔ་པ་༼ཨུ་༽ཉིད་དང་ནི། །སུམ་བཅུ་བདུན་པར་༼མ་༽ཡང་དག་ལྡན། །མཁའ་འགྲོ་མ་རྣམས་སྒྲུབ་བྱེད་ཡིན། །སུམ་བཅུ་བརྒྱད་པ་༼ཁ་༽ཉིད་དག་ནི། །དབྱངས་ཡིག་གཉིས་པ་༼ཨཱ་༽དང་སྦྱར་བ་༼བཞི་བ་༽། །ལྷ་རྣམས་ཐམས་ཅད་བསྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །བཞི་བཅུ་རྩ་གཉིས་པ་༼ས་ ༽ཉིད་ནི། །མེ་༼ར་༽་དང་འོག་ཏུ་བསྒྲུབ་པོས་སྦྱར། །བཞི་བཅུ་གསུམ་པ་༼བྷ་༽ཉིད་དང་ནི། །དབྱངས་ཡིག་ལྔ་པ་༼ཨུ་༽ཉིད་དང་སྦྱར། །ཡི་གེ་བཞི་བཅུ་ལྔ་པ་༼བྷ་༽ནི། །དབྱངས་ཀྱི་ཡི་གེ་གཉིས་པར་༼ཨཱ་༽སྦྱར། །དབྱངས་ཀྱི་ལྔ་པ་༼ཨུ་༽ཉིད་དག་དང་། །བཞི་བཅུ་རྩ་དྲུག་པར་༼ས་༽ལྡན་པ། །༼འདིས་༽དཔའ་བོ་ཐམས་ཅད་རབ་མཆོད་ཡིན། །བཞི་བཅུ་རྩ་བདུན་པ་༼ར་༽ཉིད་ནི། །དབྱངས་ཡིག་གཉིས་པ་༼ཨཱ་༽དང་སྦྱར་བ། །རྡོ་རྗེ་སེམས་དཔའ་མཆོག་ཏུ་འདོད། །དེ་བཞིན་ལྔ་བཅུ་རྩ་གཅིག་པ་༼ཤ་༽། །དབྱངས་ཡིག་ལྔ་པ་༼ཨུ་༽ཉིད་དག་གིས། །མཛེས་པ་མཆོག་ནི་ཡིན་པར་འདོད། །ལྔ་བཅུ་རྩ་གཉིས་པ་༼པ་༽ཉིད་ནི། །དབྱངས་ཡིག་གཉིས་པ་༼ཨཱ་༽དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་བྱེད་པ། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །དེ་བཞིན་ལྔ་བཅུ་རྩ་གསུམ་པ་༼ཤ་༽། །དབྱངས་ཡིག་བཅུ་གསུམ་པ་༼ཨོ་༽དང་སྦྱར། །ཡི་གེ་རྣམས་ལས་འདི་མཆོག་སྟེ། །དགྲ་རྣམས་ངེས་པར་གསོད་བྱེད་ཡིན། །ཡི་གེ་ལྔ་བཅུ་རྩ་དྲུག་པ་༼ཤ་༽། །དབྱངས་ཡིག་དྲུག་པ་༼ཨཱུ་༽དག་དང་ལྡན། །ཡི་གེ་ལྔ་བཅུ་རྩ་དགུ་པ་༼ཊ་༽། །ཨན་ཏསྡྱ་ཡི་༼ཝ ༽བཞི་པ་༼ཊ་ ཝ་༽དང་། །༼དེ་ལ་༽དབྱངས་ཡིག་གཉིས་པར་༼ཨཱ་༽ལྡན་པར་བྱ། ༼དེ་ལ་༽ །དེ་བཞིན་༼ ཨོཾ་༽བཅྭ་ལྔ་པ་༼ཊཾ་༽དང་༼སྟེང་དུ་༽སྦྱར། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་ཡིན། །ཡི་གེ་དྲུག་བཅུ་རྩ་གཅིག་༼དྷ་༽ཉིད། །དབྱངས་ཡིག་གཉིས་པ་༼ཨཱ་༽དག་དང་སྦྱར། །འདི་ཉིད་མཆོག་ནི་ཡིན་པར་བཤད། །དེ་བཞིན་དྲུག་བཅུ་རྩ་གཉིས་པ་༼ར་༽། །དབྱངས་ཡིག་གསུམ་པར་༼ཨི་༽སྦྱར་བ་ནི། །མཁའ་འགྲོ་མ་ཡི་མཆོག་ཏུ་འདོད། །ཡི་གེ་དྲུག་བཅུ་རྩ་གསུམ་༼ཎ་༽ཉིད། །དབྱངས་ཡིག་བཅུ་གཅིག་༼ཨེ་༽དག་དང་ལྡན། །མཛེས་པའི་ཡི་གེ་ཀུན་མཆོག་༼དྲུག་པ་༽ཡིན། །དྲུག་བཅུ་རྩ་བཞི་པ་༼བྱ་༽ཉིད་ནི། །དབྱངས་ཡིག་གཉིས་པར་༼ཨཱ་༽ཡང་དག་ལྡན། །གྲུབ་སྦྱིན་ཐར་པའི་སྦྱན་ཆེན་པོ། །ཡི་གེ་དྲུག་བཅུ་རྩ་ལྔ་པ་༼གྷ་༽། །རྡོ་རྗེ་སེམས་དཔས་༼ར་༽ཕྱེ་བ་དག །ཡི་གེ་དྲུག་བཅུ་རྩ་དྲུག་པ་༼ཛ་༽། །དབྱངས་ཡིག་གསུམ་པར་༼ཨི་༽ཡང་དག་སྦྱར། །དངོས་གྲུབ་ཀུན་སྦྱིན་བདེ་གཤེགས་གསུངས། །ཡི་གེ་དྲུག་བཅུ་རྩ་བདུན་པ་༼ན་༽། །ཡི་གེ་གཉིས་པར་༼ཨཱ་༽ཡང་དག་ལྡན། །རྣལ་འབྱོར་མ་ཡི་དགོས་པ་ཀུན། །འདི་ཉིད་བྱེད་པར་ཐེ་ཚོམ་མེད། །དྲུག་བཅུ་བརྒྱད་པ་༼མ་༽ཉིད་དག་ལ། །འདི་ནི་ཡི་གེ་བ་སྦྱར་བ། །འོག་གི་ཆར་ནི་བརྟག་པར་༼མ༠༽བྱ། ༼མ་ལ་ནི་བཏགས་པས་༽ །ཡི་གེ་བདུན་བཅུ་རྩ་གཅིག་པ་༼ར་༽། །༼དབྱངས་ཀྱི་༽ཡི་གེ་གཉིས་པར་༼ཨཱ་༽ཡང་དག་སྦྱར། །ཡི་གེ་ཀུན་ལ་མཛེས་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད་༼བདུན་པ་༽། །བདུན་བཅུ་རྩ་བཞི་པ་༼ཏ་༽ཉིད་ནི། །དབྱངས་ཡིག་གཉིས་པར་༼ཨཱ་༽སྦྱར་བ་དག །གདོད་ནས་གྲུབ་པ་ཡིན་པར་ནི། །དེ་བཞིན་གཤེགས་པའི་ཞལ་ནས་གསུངས། །ཡི་གེ་བདུན་བཅུ་ལྔ་པ་༼དྷ་༽ཉིད། །མ་མོའི་དྲུག་པ་༼ཨཱུ་༽དང་ལྡན་པ། །འདི་ནི་རྣལ་འབྱོར་མཆོག་ཡིན་ཏེ། །དགེ་བ་ཀུན་ལ་དམ་པ་ཡིན། །བདུན་བཅུ་རྩ་དྲུག་པ་༼མ་༽ཉིད་ནི། །དབྱངས་ཡིག་གཉིས་པ་༼ཨཱ་༽དང་ལྡན་ཞིང་། །འཏག་ཏུ་མེ་དང་ལྡན་པ་ལས། །ཡི་གེ་པ་དང་སྦྱར་བར་བྱ་༼རའི་འོག་ཏུ་ཡང་་ལག་ལེན་ཡིན་ནོ་༽མ༠། །གཞན་དག་མཛེས་པ་ཡོད་མ་ཡིན། །ཡི་གེ་བདུན་བཅུ་རྩ་བདུན་པ་༼ན་༽། །དེར་ནི་དྷ་དང་སྦྱར་བར་བྱ། །༼ན་ལ་ཧ་བཏགས་པས་གྷ་༽མཁའ་འགྲོ་མ་ཡི་མཛེས་པར་འདོད། །བདུན་བཅུ་རྩ་བརྒྱད་པ་༼ཀ་༽ཉིད་ནི། །དབྱངས་ཡིག་གཉིས་པ་༼ཨཱ་༽དག་དང་སྦྱར། །རྒྱུ་ཡི་མཆོག་ནི་ཡིན་པར་འདོད། །ཡི་གེ་བརྒྱད་བཅུ་རྩ་གཅིག་པ་༼པ་༽། །༼ཨའི་༤་བའི་མཐར་ཨུ་༽བཞི་པའི་མཐའ་ཡིས་ཁྱད་པར་༼པ་ལ་ ་ས་ལ་ ཨུ་བཏགས་པས་པུའོ་ ་༽དབྱེ། །གདོད་ནས་གྲུབ་བྱེད་༼དངོས་གྲུབ་༽འདི་ཡིན་ཏེ། །༼འབྲས་བུའི་༽དངོས་གྲུབ་ཀུན་ལ་འཇུག་བྱེད་པའོ། །ཡི་གེ་བརྒྱད་བཅུ་རྩ་གཉིས་པ་༼ཥ་༽། །དེ་བཞིན་དབྱངས་ཡིག་གཉིས་པར་༼ཨཱ་༽སྦྱར།༼ བརྒྱད་དོ་༽ །འདི་ནི་རྩ་བའི་གསང་སྔགས་སུ། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །དངོས་གྲུབ་ཀུན་གྱི་གནས་ཡིན་ཞིང་། །མཁའ་འགྲོའི་སྙིང་ནི་འཇོམས་པ་༼འགུགས་པ་༽ཡིན། །དཔལ་ལྡན་ཁྲག་འཐུང་ལྟ༼འི་༽རིག་༼སྔགས་༽རྒྱལ་༼པོ༽། །ཀླགས་པས་འགྲུབ་པ་དོན་ཡོད་པ། །ཨོཾ་ནི་དང་པོར་སྦྱར་བར་བྱ། །ཧཱུཾ་༼ཧཱུ་༽དང་ཕཊ་ནི་༼ཀུན་གྱི་༽མཐའ་མར་སྦྱར། ༼རྐང་བ་རེ་རེའི་བར་དུ་ཧཱུཾ་ཕཊ་སྦྱར་བ་འོག་ནས་ཀྱང་འབྱུང་ངོ་༽ །འདི་ནི་རྩ་བའི་གསང་སྔགས་ཏེ། །བསྒྲུབ་པ་ཐམས་ཅད་༼དངོས་གྲུབ་༽འགྲུབ་བྱེད་ཡིན། །ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བདུན་པའོ། །དེ་ནས་༼དངོས་གྲུབ་༽ཐམས་ཅད་བདག་ཉིད་ཀྱིས། །དཔའ་བོ་ཐམས་ཅད་༼དང་༽མཉམ་སྦྱོར་བ།༼ཡབ་ཡུམ་ཞལ་སྦྱོར་མི་བྱེད་པར་བཞུགས་པའོ་གསུང་༽ །མཁའ་འགྲོ་མ་ཡི་༼ཚོགས་པའམ་༽དྲ་བ༼འི༽་སྡོམ་༼པ༽། །༼གཙོ་བོའི་མཚན་༽འཁོར་ལོ་བདེ་མཆོག་ཡིན་པར་འདོད། །ཧཱ་སྭཱ་ར་བྷ་སཾ་ལཱ་ཛྭ་ནཱི་ཀཱི་ཌཱ་ཊཕ་ཧཱུཾ་ཧཱུཾ་ཀཾ་རུ་རུ་ཧེ་ཧེ་ཛྲབ་ཤྲི་ཨོཾ།༼ཡི་གེ་འགོད་པ་དང་ཀློག་པ་ནི་ཨོཾ་ནས་རིམ་པས་བྱའོ་༽ །རིག་པའི་རྒྱལ་པོའི་སྙིང་པོ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཕཊ་ཧཱུཾ་ཧྲཱིཾ་ཧྲཱིཾ་ཧིཾ་ཨོཾ་། ༼གོང་མ་རྣམས་ཨོཾ་ནས་རིམ་པས་འགོད་པ་ལ་འདི་དག་རིམ་པས་སྦྱར་ཏེ་འགོད་དོ་༽ །ཡི་གེ་༼ཨོཾ་ལས་རིམ་པས་སྦྱར་༽བཾ་༼ཧཾ་ལ་༽དང་ཡོཾ་དང་ནི། །ཡི་གེ་མོཾ་དང་ཧྲཱིཾ་༼ཧྲཱིཾ་ལ་༽ཉིད་དང་། །ཧཱུཾ་༼ཧཱུཾ་ལ་༽དང་ཕཊ་༼ཕཊ་ལ་སྦྱར་༽ཅེས་བཤད་པ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་གྲགས། །ཨོཾ་བཛྲ་བཱཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །མཁའ་འགྲོ་མ་ཡི་རིག་པ་ཆེ། །མ་བྱུང་འབྱུང་བར་མི་འགྱུར་རོ། ༼གསང་སྔགས་༢། སྙིང་པོ་༢༡་་་་ཆ། ཉེ་སྙིང་༡་ཏེ་བཞི་༽ །ས་སྟེངས་ན་ནི་རིན་ཆེན་བཞི། ༼དེ་དག་༽ །ཕྲེང་བའི་སྔགས་ནི་དམ་པ་ཡིན། །མཁའ་འགྲོ་མ་ཡི་རིག་པ་ཆེ། །རིག་པའི་རྒྱལ་པོ་ཧེ་རུ་ཀ །ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་གོ་བཟློག་པའི་སྙིང་པོ་དང་རྣལ་འབྱོར་མ་དྲུག་གི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་བརྒྱད་པའོ། །༼དེ་ལྟར་ཡི་གེ་བཏུ་བས་འབྲས་བུའི་གསང་པ་ལ་འཇུག་པའི་ཡན་ལག་བསྟན་ནས་འཇུག་པ་དངོས་སྟོན་ཏེ་༽དེ་ནས་༼ལེའུ་དང་པོར་འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ལ་སོགས་པས་བསྟན་པའི་འབྲས་བུའི་གསང་པ་འདིར་རྒྱས་པར་བཤད་དེ། དེ་ལས་ཀྱང་མཆོག་བསྒྲུབ་པ་ལ་བསྟན་ཏེ་༽རྩ་བའི་སྔགས་ཀྱི་ནི། །ལས་མཆོག་༼དུ་མ་འགྲུབ་པར་བྱེད་པའི་༽གོ་རིམས་ཇི་བཞིན་དུ། །དེ་ནི་རྣམ་པར་བཤད་བྱ་སྟེ་། ༼སྤྱི་དོན་གཉིས་ལས་དང་པོ་ལོ་ཀ་བ་མནན་པའི་ལས་༽ །འཇིག་རྟེན་གསུམ་ན་གང་ཡོད་རྣམས། །༼རབ་ཀྱིས་༽ཐམས་ཅད་༼དུས་མྱུར་པར་༽སྐད་གཅིག་གིས་༼རྩ་བའི་སྔགས་ཀྱིས་༽འགྲུབ་པར། །ལས་རྣམས་ཐམས་ཅད་བྱེད་པའོ། ༼དེ་གང་ཞེ་ན་དབང་པོ་རབ་ལྷའམ་རྩ་བའི་སྔགས་དྲན་པ་ཙམ་གྱིས་འགྲུབ་པ་སྟེ་འོང་། རབ་ཀྱིའོ༽ །ལྷ་ཐམས་ཅད་ཀྱི་སྐྱེ་གནས་༼ནས་བསྐྱོད་པར་བྱེད་ཀླུ་ལ་སོགས་པ་སྐྲོད་པར་བྱེད་༽དང་༼ཏེ་རིགས་དྲུག་གི་མ་ལ་ཡང་འཇིགས་པར་བྱེད་པ༽། །ལྷ་ཐམས་ཅད་ཀྱི་གནས་དང་། །ཀླུ་ཐམས་ཅད་དང་། །གནོད་སྦྱིན་ཐམས་ཅད་དང་། །དྲི་ཟ་ཐམས་ཅད་༼ལྷའམ་རྩ་བའི་སྔགས་ཡིད་ལ་༽དྲན་པ་ཙམ་གྱིས་གསོད་པར་བྱེད་དོ༼དབང་པོ་རབ་ཀྱིས་འདི་ལྟར་འབྲིང་བསམ་གཏན་དང་སྔགས་༢་ཀྱིས། ཐ་མས་འཁྲུལ་འཁོར་དང་༣། དེ་བས་ཀྱང་ཐ་ཤལ་གྱིས་སྦྱིན་སྲེག་དང་བཅས་པས་འགྲུབ་གསུང་༽ ༼ཐ་མ་འང་༢་ཀྱིས་སོ་༽ །སྤྲིན་རྣམས་འཐོར་བར་བྱེད་པ་དང་། ༼ རྡོ་རྗེ་མཁའ་འགྲོ་མ་ལ་བརྟེན་ ༼༢་པ་ཙཀྲ་ལ་བརྟེན་པ་པད་མ་བརྟེན་པའི་ལས་དུ་མ་བསྟན་པའོ། རས་རིས་ལ་བརྟེན་པ་དང་འཁྲུལ་འཁོར་ལ་བརྟེན་པ་༢་ཀྱིས་སོ༽ །ཆར་འབེབས་པར་བྱེད་དོ།༼རས་རིས་ཡིན་ན་སྤེལ་ཚིག་སྤོས་པས་ཆོག འཁྲུལ་འཁོར་ཡིན་ན་འོ་མས་བཀྲུ་བ་དང་སྤེལ་ཚིག་སྤོ་བའོ་༽ །༼ཆར་ཆེས་ཆེ་བ་༽བཟློག་པར་བྱེད་དོ། །༼འཁོར་ལོ་དེ་གྱོ་མོ་ལ་བྲིས་ལ་རབ་གནས་ལ་སོགས་པ་ཐམས་ཅད་བྱས་ཏེ། དེ་ནས་བཅག་ཏེ་རྒྱ་མཚོར་དོར་ན་༽རྒྱ་མཚོ་སྐེམས་པར་བྱེད་དོ། །ཆུ་བོ་རྒྱུན་ཕྱོགས་ལས་༼གྱེན་ལ་༽བཟློག་སྟེ་འབབ་པར་སྟོན་སྟོ། ༼འཁོར་ལོ་སྔ་མ་ཉིད་བྲིས་ཏེ་རབ་གནས་བྱས་ཏེ་ལུས་ལ་བཏགས་པའམ་ཙཀྲ་དེ་ལག་པ་གཡོན་པ་ལ་བྲིས་ཏེ་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ན་༽ །དབང་པོ་༼ཐོག་༽བཟློག་པར་བྱེད་དོ། །གསང་སྔགས་འདི་བཟླས་བརྗོད་འབུམ་བྱས་ན། ༼ལག་པ་གཡོན་པ་ལ་སྤེལ་ཚིག་དང་བཅས་འཁོར་ལོ་བྲིས་ཏེ་སྤེལ་ཚིག་ངངར་བཅས་པ་བཟླས་ཏེ་ས་ལ་བརྟབས་ན་༽ །ས་གཡོ་བར་བྱེད་དོ། ༼བ་རུ་རའི་ཤིང་ལ་ལྷམ་ལྟ་བུར་བྱས་ཏེ་དེའི་ཞབས་སུ་ཙཀྲ་བཅུག་ནས་༽ །ཤིང་ལ་འཛེགས་ཏེ་གང་དུ་འདོད་པ༼འི་ཡུལ་དུ་༽དེར་༼ནམ་མཁའ་ལ་༽འགྲོ་བར་བྱེད་དོ། ༼འཁོར་ལོ་དེ་ཉིད་སྤེལ་ཚིག་དང་བཅས་པ་བྲིས་ཏེ་རབ་ཏུ་གནས་པ་བྱས་ཏེ་བཏགས་ན་ཕ་རོལ་གྱི་༽ །སྔགས་༼དངོས་གྲུབ་༽ཐམས་ཅད་འཕྲོག་པར་བྱེད་པ་དང་། ༼ཕ་རོལ་པོས་གཏེར་དང་རལ་གྲི་ལ་སོགས་པ་བསྒྲུབ་པ་དེ་༽ །དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ། ༼དཔའ་བོའི་ཐོད་པའི་ཁྲག་ལ་སོགས་པས་བྱ་བའི་སྦྱོར་བ༽ །ཁྲག་འདྲེན་པར་བྱེད་པ་དང་། །སླར་ཡང་༼དེ་སོས་པར་༽གཏོང་པར་བྱེད་དོ། ༼པར་དུ་བ་ ་ཐོད་པ་དུ་མ་བསགས་པ་དེར་ཉུངས་དཀར་བཏབ་ཏོ། དེ་སྨིན་པར་བྱས་ནས་བླངས་ཏེ་ལུས་ལ་བཏགས་ན་༽ །གཟུགས་བརྒྱ་ཕྲག་སྟོང་དུ་མར་༼རྫས་དེདཾ་བསམས་པའི་བྱེ་བྲག་གིས་བགྲུབ་སྟེ་༽བྱེད་དོ། ༼ལུས་༽ །འདོད་ན་སྣང་བར་བྱེད་ཅིང་། ༼བསམས་པས་༽ །མི་འདོད་ན་༼ལུས་༽མི་སྣང་བར་བྱེད་དོ། ༼འཁོར་ལོ་སྔ་མ་ཉིད་རྫ་གསཾ་པ་ལ་བྲིས་ལ་རབ་གནས་བྱས་ཏེ་བཅག་ནས་༽ །ཁང་བཟང་༼ལ་བསྣུན་ན་ཡང་༽དང་ཤིང་གི་རྩེ་མོ་ལ་སོགས་པ་༼མཐོན་པོ་ལ་བསྣུན་དེ་ ཁབ་ལོང་སྣ་བདུན་གང་རུང་ལ་བྱས་པའི་ཁ་ཊཾ་ཀ་བྱས་ལ་དེའི་ཐོད་པ་ལ་ཡང་སྤེལ་ཚིག་བྲིས་ཏེ་བཙུགས་པས་བསྣུན་་་་ ་ཡིན་གྱི་ངོ་བོ་ངེས་པ་མེད་གསུང་དྲིས་པས་༽ཕྱེ་མར་བྱེད་དོ། །༼ལག་པ་གཡོན་པ་ལ་ཙཀྲ་བྲིས་ཏེ་སྦྱོར་བ་བྱས་ན་༽དུག་བདུད་རྩིར་བྱེད་པ་དང་། །༼བདུད་རྩི་ལག་པར་བླུགས་ན་༽བདུད་རྩིར་ཡང་དུག་ཏུ་བྱེད་དོ། ༼ཆང་འོ་མར་ཨརྒའི་ཤིང་གི་ཕྱེ་མ་ལ་རྩ་བའི་སྔགས་བཟླས་ཏེ་འོ་མར་བྱས་པའི་སྤེལ་ཚིག་དང་བཅས་པར་བྱས་ན༽ །ཟླ་བ་ཆུར་བྱེད་པ་དང་། །༼འོ་མ་ཆང་ཆུར་༽ཆུ་ཟླ་བར་བྱེད་དོ། །དྲི་རྣམས་༼ངན་པ་བཟང་པོར་བཟང་པ་ངན་པར་༽འཕྲོག་པར་བྱེད་དོ། །གང་དུ་འདོད་པ་༼རིགས་བཟང་པོ་ངན་པར་༽དེར་འཕོ་བར་བྱེད་དོ། །༼ཤིང་གི་འབྲས་བུ་ཁའི་མཆུ་ལྟར་འོང་བ་༽ནམ་མཁའ་ལྡིང་གི་གདོང་དང་། ༼དེ་ཞུ་ཚོད་ཙ་ན་༽ །ཟླ་བ་འདུས་པ་ལ་ལྷ་མོ་དང་ཀུན་དུ་སྤྱོད་པས་འགྲོ་བ་འབྱིན་པར་བྱེད་པ་༼དཔལ་དང་བསོད་ནམས་༽དང་། །མིའི་མཆོག་དེའི་ལག་མཐུལ་ལ་ཡོད་པའི་དཔལ་༼དང་བསོད་ནམས་༽གང་གིས་ཀྱང་མི་འཕྲོགས་པར་༼དང་འཕེལ་བར་༽འགྱུར་རོ། །རྣམ་པ་དེ་ལྟ་བུ་དང་ལྡན་པའི་༼གང་འདོད་པའི་༽དངོས་གྲུབ་ཐམས་ཅད་འབྲས་བུ་དང་བཅས་༼དེ་མི་འགྲུབ་མི་སྲིད་༽པར་འགྱུར་རོ། ༼དེདི་ནུས་པ་བརྟན་པའི་༽ །དྲན་པ་ཙམ་གྱིས་གསོད་པར་བྱེད་པ་དང་༼གསོ་བ་ཡང་ནུས་༽ ། ༼དུར་ཁྲོད་ཐལ་བ་དང་ཁྲག་གི་སྦྱོར་བས་ཤིང་མེར་སྣང་པ་ཡོད། ཁབ་ལེན་ལྕགས་ལས་རྡོ་རྗེ་རྩེ་༡་པ་བྱས་པའི་སྦྱོར་བས་༽མ་བསྐྱེད་པར་བྱེད་དོ། །ས་འོག་རྣམ་བར་འཇོམས་པར་བྱེད་༼གཏེར་ཐོན་པར་འགྱུར་༽པ་དང་། ༼ཐ་ཆེན་དང་ཤ་ཆེན་གྱི་སྦྱོར་བས་ གུ་གུམ་དང་ཤ་ཆེན་དང་དབང་པོ་ལྔའི་བདུག་པས་༽ །སེར་བ་འབེབས་པ་དང་། ༼ཀ་ར་བི་རའི་ཕྱེ་མ་ལ་སྔགས་བཟླས་པས་༽ །དྲན་པ་ཙམ་གྱིས་གློག་བསྐྱེད་བར་བྱེད་དོ། ༼ཕྱི་རོལ་པའི་༽ལྷ་ཐམས་ཅད་ཀྱི་༼རྐང་རྗེས་ཀྱི་ས་ལ་སོགས་པའི་རྫས་ལས་གཟུགས་བརྙན་བྱས་ལ་སྙིང་ཁར་ཙཀྲ་གཞུགས་པ་ལ་སོགས་པ་༽གཟུགས་བརྙན་གར་བྱེད་དུ་འཇུག་གོ གང་ཞིག་བསྒྲུབ་པའི་མིང་ནས་བཟུང་སྟེ། ལན་གཅིག་བཟླས་ན་དེ་དེའི་མོད་ལ་འཆི་པར་འགྱུར་རོ། །ས་མ་ལུས་པ་༼སྟེ་ས་གསུམ་༽རྣམས་ལ་ལོངས་སྤྱོད་༼པའི་བདག་པོར་༽པར་འགྱུར་རོ། འདོད་ན་སྡུད་པར་འགྱུར་རོ། བཅོམ་ལྡན་འདས་༼ཞེས་བོས་ནས་སུ་ ཞེས་བོས་པའི་ཚིག་འདི་ལ་བྷ་བ་པའི་བཞེད་པས་བཤད་རྒྱུད་རྣམས་ནི་ཡབ་ཀྱིས་གསུང་ནས་ཡུམ་གྱིས་བསྡུས་པ་ཡིན་ལ་རྩ་བའི་རྒྱུད་འདི་ནི་ཡུམ་གྱིས་གསུང་པས་ན་བ་ག་བན་ལ་་་ བོད་པའོ་ཞེས་འདོད་༽འདི་ལ་ནི་བརྟུལ་ཤུགས་མ་དགོས། ༼ལུས་ངག་གི་༽སྤྱོད་པ་དང་བསྙུང་བ་མི་དགོས་ཏེ། ཆོ་ག་༼འདི་ཀླགས་པ་ཙམ་གྱིས་འགྲུབ་པ་ཡིན་པས་སོ་༽འདིས་ཅི་འདོད་པའི་ལས་རྣམས་བྱའོ། གལ་ཏེ་ཁྲོས་པས་༼ སྣ་ནས་འོད་ཟེར་ནག་པོ་འཕྲོས་པའི་སྦྱོར་བས་སྦྱོར་བ་ རེ་རེ་ལ་སྤེལ་ཚིག་ཡོད་པ་ནག་པོའི་བསམ་པས་སྦྱར་ན་༽ལན་གཅིག་བཟླས་ན་བྱེ་བ་གསོད་པར་བྱེད་དོ། ཞི་བས་༼འོད་ཟེར་དཀར་པོས་༽བཟླས་ན་འཚོ་བར་བྱེད་དོ། དུར་ཁྲོད་ཀྱི་སོལ་བ་ལ་ལན་གཅིག་བཟླས་པས་གང་ལ་༼དངོས་སམ་གཟུགས་བརྙན་ལ་༽ཕོག་པ་དེ་དེའི་མོད་ལ་ལྟུང་བར་༼དོན་ལ་གསོད་པར་སུ་༽བྱེད་དོ། ༼ཁྱི་ཤི་བ་དང་ལྷན་༡་ཆུང་མ་བསྲེགས་པའི་ཐལ་བ་༽ཐལ་བ་ལ་ལན་གཅིག་བཟླས་ཏེ་གང་ལ་ཕོག་པ་དེ་༼དངོས་སམ་གཟུགས་བརྙན་ལ་༽དེའི་མོད་ལ་ཤ་ཟས་བཟུང་བར་༼དོན་ལ་འཆི་བར་༽འགྱུར་རོ། དུར་ཁྲོད་ཀྱི་སོལ་བ་ལ་ལན་གཅིག་བཟླས་ནས་སྤང་ལེབ་བམ་རྩིག་པའམ་མཚན་མ༼འི་ལྟེ་བ་༽་ལ་༼གཟའ་མིག་དམར་གྱི་མཚན་མ་ཕུར་བུ་འམ་རལ་གྲི་ལ་སོགས་པའི་༽གང་གི་མིང་བྲིས་པ་དེ་གདོན་ཆེན་པོས་བཟུང་བར་འགྱུར་རོ། །ཨ་ཏི་མུག་ཏའི་ལྕུག་མ་ལ་༼ མེ་ཏོག་དམར་པོ་ཁྲུ་ཕྱེད་དང་༢་ཙམ་ན་སྐྱེ་བ་༡་ཡོད་གསུང་༽ལན་གཅིག་བཟླས་ནས་༼དངོས་སམ་གཟུགས་བརྙན་༽གང་ལ་བསྣུན་པ་དེ་དེའི་མོད་ལ་རླུང་གི་ཤུགས་ཀྱིས་༼གམ་དུ་འོང་བའམ་དབང་དུ་༽འོང་བར་འགྱུར་རོ། ༼རྫ་ལ་ཙཀྲ་བྲིས་ཏེ་བཅག་ལ་༽གསེག་མ་ལ་ལན་གཅིག་བཟླས་ནས་གང་ལ་༼དངོས་སམ་གཟུགས་བརྙན་ལ་༽བརྡེག་པ་དེ་རེངས་པར་འགྱུར་རོ། ༼དུམ་བུ་བསྡུས་ཏེ་སླར་གཏོར་ན་ཡང་ཡུལ་གང་འདོད་པར་སྐྲོད་པར་འགྱུར་གསུང་༽ །གང་འདོད་པ་དེར་འགྲོ་བར་འགྱུར་རོ། །གུ་གུལ་གྱི་བདུག་པ་༼དང་རའི་ཡན་ལག་ལྔའི་ཤ་༽ལ་ལན་གཅིག་བཟླས་ཏེ་སྤོས་སུ་སྦྱར་ན། །སེམས་ཅན་ཐམས་ཅད་༼བསྙོ་ཞིང་འབབ་ཅོལ་སྨྲ་བ་ལ་སོགས་པར་འགྱུར་རོ་༽འབེབས་པར་འགྱུར་རོ། ལག་པ་༼གཡོན་པ་ལ་འཁོར་ལོ་བྲིས་ཏེ་༽ལ་ལན་གཅིག་བཟླས་ཏེ་༼ལག་པ་གཡས་པས་༽བཀབ་ན་དུག་གིས་ཟིན་པའི་དུག་སོས་པར་བྱེད་དོ། ༼སྔར་གྱི་འབེབས་གསོ་་་་བ་ཡང་གསུང་༽མཁའ་འགྲོ་མས་རྒྱས་བཏབ་པ་༼རྨོངས་ཤིང་སྨྲ་མི་ཤེས་པ་ལ་སོགས་པ་༽ལ་ལན་གཅིག་བཟླས་པའི་ཆུས་བཏབ་ན་རེངས་པ་གྲོལ་བར་བྱེད་དོ། ༼མེ་ཏོག་དམར་པོ་༽ཀ་ར་བི་རའི་ལྕུག་མ་ལ་ལན་གཅིག་བཟླས་པས་མངལ་གང་དུ་འདོད་པ་༼མི་ནས་ཕྱུགས་ལ་སོགས་པའི་མངལ་དུ་༽དེར་འཕོ་བར་འགྱུར་རོ། ༼ལྡོག་པའི་སྒོ་ནས་ཕན་ཡོན་བསྟན་༽ །དཔལ་ལྡན་ཁྲག་འཐུང་༼རྩ་བའི་༽གསང་སྔགས་ནི།༼ གིས་སི་ཏི་བསྒྲུབ་པ་ལ་གསུང་༽ །༼རྩ་བའི་སྔགས་ཀྱིས་སི་ཏི་མི་ཤེས་པར་གོ་ཆ་ལ་སོགས་པ་སྔགས་གཞན་གྱིས་སི་ཏི་བསྒྲུབ་པར་འདོད་ན་༽མི་ཤེས་༼པར་༽དངོས་གྲུབ་མངོན་འདོད་པ། །༼དེ་ནི་༽རྨོངས་པ་ཕུབ་མ་བརྡུང་༼པ་ལ་ནས་མི་འོང་། ཆུ་བཤིགས་པ་རང་ལས་མར་དང་འདྲ་༽མཚུངས་ཏེ། །གསང་སྔགས་འདི་ནི་མེདཔ་རུ། །དངོས་གྲུབ་༼༢་༽དང་ནི་བདེ་བ་དག །༼བསྒྲུབ་པ་༽མི་ཡིས་༼དངོས་གྲུབ་༽ཐོབ་པར་མི་འགྱུར་རོ། །༼རྩ་བའི་༽གསང་སྔགས་འདི་ནི་མི་ཤེས་པ། །རྣལ་འབྱོར་པ་ནི་རྣལ་འབྱོར་འདོད། །དེ་ཡི་༼མྱུར་དུ་མི་འགྲུབ་༽ངལ་བ་དོན་མེད་དེ། །འབྲས་བུ་༼༢་༽ཐོབ་པར་མི་འགྱུར་རོ། །༼རྗེས་སུ་འཕྲོ་བའི་སྒོ་ནས་ཕན་ཡོན་བསྟན་པ་༽གསང་སྔགས་འདི་ནི་འདོད་༼པ་༽སྤྱོད་པའི་༼དམིགས་པ་གསལ་བས་ན་གསལ་བས༽། །༼འབྲས་བུ་༽དངོས་གྲུབ་༼རབ་འབྲིང་༣་༽ཐམས་ཅད་སྦྱིན་བྱེད་ཡིན། །དེ་བཞིན་གཤེགས་པས་གསུངས་པ་ཡི། །ཕྱག་རྒྱ་༼དང་༽སྔགས་ནི་བསྒྲུབ་པ་པོས། །༼ལག་མཆོད་གསུང་༽བཟའ་བཏུང་༼གི་༽དངོས་གྲུབ་སྟོན་མོ་དང་། །བཅུད་ལ་སོགས་པའི་དངོས་གྲུབ་བསྒྲུབ་༼བསྒྲུབ་པ་བརྒྱད་༽ ། ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་རྩ་བའི་ཆོ་གའི་ལེའུ་སྟེ་དགུ་པའོ། །༼དེ་ལྟར་རྩ་བའི་སྔགས་ཀྱི་ལས་བསྟན་ནས་སྙིང་པོའི་བསྒྲུབ་པ་སྟོན་༽དེ་ནས་༼འབྲས་བུ་༽ཧེ་རུ་ཀ་གཉིས་༼སུ་༽མེད་༼པའི༽། །༼སྐུ་གསུམ་གྱི་༽སྦྱོར་པ་གང་གིས་ཤེས་ཙམ་གྱིས། །འགྲུབ་པར་ཐེ་ཚོམ་མེད་པ་ཡི་༼བསྒྲུབ་པོ་ཕྱག་རྒྱ་སྔགས་ཤེས་པས་ཟེར་༽ ། ༼མཆོག་ཐུན་མོང་༢་ལ་དངོས་མཆོག་བསྒྲུབ་པ་༽ །སྐུ་གསུམ་པོ་ནི་བཤད་པར་བྱ། །༼ལེའུ་དང་པོ་རུ་རིམ་པ་རྣམ་པ་༤་སྐུ་༤་དང་སྦྱར་བ་གསུང་ཀྱང་ཕྱག་རྒྱ་བཞི་གསུང་པའི་དེའི་སྐུ་༤་པ་འདིར་བསྟན་སྐུ་༣་རོ་༡་པ་ངོ་བོ་ཉིད་ཀྱི་སྐུ་བསྟན་༽ཆོས་ཀྱི་སྐུ་ཡི་༼དོན་རྣམ་པ་༢་ལས་དང་པོ་བཀའ་ལས་འདས་པའི་འབྲས་བུ་བསྟན་ཏེ་༽ལུས་ཅན་གྱི༼ པྲ་པེག་་་དང་བཞི་བ་གཉིས་མཚོན༽། །གང་ཚེ་བསྒྲུབ་པ་པོ་འགྱུར་བ། །དེ་ཚེ་དེ་ཡིས་ཆོས་སྐུར་བཤད། །༼གསང་དབང་མཚོན་༽ལོངས་སྤྱོད་རྫོགས་སྐུའི་ལུས་ཅན་དུ། །གང་ཚེ་བསྒྲུབ་པ་པོ་འགྱུར་བ། །དེ་ཚེ་ལོངས་སྤྱོད་རྫོགས་པར་སྨྲ། །༼བུམ་དབང་མཚོན་༽སྤྲུལ་པའི་སྐུ་ཡི་ལུས་ཅན་དུ། །གང་ཚེ་བསྒྲུབ་པ་པོ་འགྱུར་བ། ༼དེ་ཡན་ཆད་དུ་རྩོལ་ལམ་ལ་སྐུ་གསུམ་སྦྱར་༽ །དེ་ཚེ་སྤྲུལ་པར་ངས་བཤད་དེ། ༼འདི་མན་ཆད་གཙོ་བོར་འབྲས་བུ་༽ །ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། །ཡང་དག་ཐོབ་པར་གདོན་མི་ཟ། །བདག་ཉིད་ཤྲཱིི་ནི་ཧེ་རུ་ཀ །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ༼དོན་༢་པ་ལོ་ཀའི་འབྲས་བུའི་ཡོན་ཏན། དེ་ལྟར་མཆོག་བསྒྲུབ་པར་བསྟན་ནས་ཐུན་མོང་གི་འབྲས་བུ་གསང་པ་ཡང་བསྒྲུབ་པར་སྟོན། ༢་པ་ཐུན་མོང་བསྒྲུབ་པ་༽ །གསང་སྔགས་འདི་ཡི་སྙིང་པོ་ནི་༼སྙིང་པོ་ཡི་གེ་ཉི་ཤུ་རྩ་༽། །བཤད་ཀྱིས་བསྒྲུབ་པ་པོ་རྣམས་ཉོན། ༼སྐྱེ་བ་བདུན་པའི་གོ་རོ་ཙ་ན་བླངས་ཏེ་དཔྲལ་བར་ཐིག་ལེ་བྱས་པའི་སྦྱོར་བས་༽ །སྙིང་པོ་བཟླས་པས་དཔག་ཚད་བྱེ་བ་འཕགས་པར་འགྱུར་ཞིང་། །འགྲོ་བ་དང་འོང་བར་འགྱུར་རོ། ༼ཐོད་པར་ཉུངས་དཀར་གྱི་སྦྱོར་བའམ་གཟུགས་སྣ་ཚོགས་ཀྱི་གྷི་ཝང་གི་སྦྱོར་བ་བཅས་པའི་ཐིག་ལེས་༽ །གཟུགས་བརྒྱ་སྟོང་དུ་མར་བྱེད་དོ། ༼བ་རུའི་ཤིང་ལ་སྙིང་པོའི་ཡི་གེ་ཉི་ཤུ་༢་པའི་ཙཀྲ་བྲིས་ཏེ་རབ་གནས་བྱས་ཏེ་གོན་ནས་༽ཁང་བཟངས་དང་ཤིང་དང་ཁྱིམ་ལ་འཛེགས་ཏེ་རྣལ་འབྱོར་མ་རྣམས་དང་དཔག་ཚད་བྱེ་བའི་བར་དུ་འགྲོ་བར་འགྱུར་རོ། ནམ་མཁའ་ལ་འགྲོ་ཞིང་འོང་ལ། གཞན་དུ་༼མི་འགྲུབ་པར་༽མི་འགྱུར་རོ། ༼ སྐྱེ་བ་བདུན་པའི་གོ་རོ་ཙ་ནའི་སྦྱོར་བས་ཐིག་ལེ་༽འདོད་ན་སྣང་བར་འགྱུར་ཞིང་། ༼ ཐིག་ལེ་བྱས་པས་༽འདོད་ན་མི་སྣང་བར་འགྱུར་རོ། ༼སེམས་ཅན་སྣ་ཚོགས་ཀྱི་གོ་རོ་ཙའི་སྦྱོར་བས་༽འདོད་ན་བྱིས་པ་དང་། རྒན་པོ་དང་། དར་ལ་བབ་པའི་གཟུགས་འཛིན་པར་འགྱུར་རོ། འདོད་ན་གླང་པོ་དང་། མ་ཧེ་དང་། བ་ལང་དང་། སྟག་དང་། སེང་གེ་དང་། ཁྱུ་མཆོག་དང་། བྱི་བ་དང་། རི་བོང་དང་། རྔ་མོའི་གཟུགས་འཛིན་པར་འགྱུར་བ་དང་། འདོད་་ན་རྨ་བྱ་དང་། ཁྱིམ་བྱ་དང་། ངང་པ་དང་། དུར་པ་དང་། ཆུ་སྐྱར་དང་། འུག་པ་དང་། ཁྲ་དང་། བྱ་རྒོད་དང་། ཁྲའི་གཟུགས་འཛིན་པར་འགྱུར་རོ། གང་དུ་འདོད་པ་དེའི་གཟུགས་སུ་བྱེད་དོ། ༼སྨྲ་མི་ཤེས་པ་༽ཚིག་འཕྲོག་པ་དང་། ༼མི་མཐོང་པར་༽མཐོང་བ་འཕྲོག་པ་དང་། ༼མི་ཐོས་པར་༽རྣ་བ་འཕྲོག་པ་དང་། །༼དྲི་མི་ཚོར་པར་༽་འཕྲོག་པ་དང་། ལྕེ་འཕྲོག་པ་༼རོ་མི་ཚོར་༽བྱེད་དོ། གང་གི་འདོད་པའི་ཁྲག་འདྲེན་པར་བྱེད་པ་དང་། གནོད་པར་བྱེད་དོ།་མིང་རུས་ལས་བྱ་པའི་ཕུར་བ་ལྕེ་ལ་བཙུགས་པས་སྨྲ་མི་ཤེས་དེས་འགྲོཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་སྐུ་གསུམ་འགྲུབ་པའི་སྙིང་པོའི་སྔགས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་པའོ་༼སྦྱོར་བའི་རྩ་བའི་སྔགས་དང་འདྲ་བ་ལས་སྔགས་ཉི་ཤུ་རྩ་གཉིས་པའོ༽། །༼སྐྱེ་བ་བདུན་པ་བརྟགས་པ་འདིར་མདོར་བསྟན་བཞི་བཅུ་རྩ་དགུ་པས་རྒྱས་པར་བཤད། བསྒྲུབ་པ་ལེའུ་བཅུ་བཞི་པར་གསུངས་༽ །དེ་ནས་གཞན་ཡང་༼སྙིང་པོའི་ལས་༽བསྒྲུབ་པ་པོས་༼བཤད་དེ་༽། །༼སྐྱེ་བ་བདུན་པ་༽གང་ཞིག་བརྟེན་པ་༼བསྒྲུབ་པ་༽ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་ལ་འཇུག་པའི། །དངོས་གྲུབ་ཐོབ་ཐབས་༼སྐྱེ་བ་བདུན་པའི་གོ་རོ་ཙ་ན་ལ་བརྟེན་པ་༽བཤད་པར་བྱ། ༼དང་པོ་སྐྱེ་བ་བདུན་པ་བརྟག་པ་བསྟན་༽སྐྱེས་བུ་གང་གི་༼སྐྱེ་བའི་བདུན་པའི་ལུས་ལ་༽རྡུལ་དྲི་ཞིམ་པར་༼གླ་རྩིའི་དྲིར་༽འགྱུར་བ་དང་། ༼ངག་འཇམ་པ་༽བདེན་པར་༼རྫུན་མི་༽སྨྲ་བ་དང་། ༼གཞན་གྱི་འབྱེད་འཛུམས་བདུན་གྱི་བར་དུ་འབྱེད་འཛུམས་རེ་རེ་ལས་མི་བྱེད་པ་༽ཡུན་རིང་པོར་མིག་མི་འཛུམ་པ་དང་། ཁྲོ་བ་མེད་པར་འགྱུར་བ་དང་། ཁ་ནས་དབུགས་དྲི་ཞིམ་པ་འབྱུང་བ་དེ་ནི་སྐྱེ་བ་བདུན་དུ་མིར་གྱུར་པ་ཡིན་ཏེ།དེ་༼ལ་༽བསྣམས་ན་༼སྙིང་ཀའི་ཐད་ཀ་ནས་བླ་རྩི་དང་ཙན་དན་ལ་སོགས་པའི་དྲི་ཞིམ་པོ་ཡོང་བ་༽དེའི་སྙིང་ཁ་ལ་བརྟེན་པའི་གོ་རོ་ཙ་ན་ཡོད་དེ༼བྷ་ཏན་ཀ་ན་ཀའི་རྫས་སུ་་ ནས་བསྒྲལ་བའི་ཐ་དགོས་གསུང་སྟེ་ཨ་བྷི་ད་ན་བྷ་དན་ཏ་ལྷར ༽། །དེ་བླངས་པ་ལ་༼སྐྱེ་བ་བདུན་པ་དེ་བསྒྲུབ་པ་བསྟན་༽དཔལ་ཧེ་རུ་ཀའི་༼སྙིང་པོའི་༽སྔགས་བརྒྱ་རྩ་བརྒྱད་བཟླས་༼ཕྱིས་བརྒྱ་དཔེ་ལས་བཟླས་ཟེར་༽ནས་ཐིག་ལེ་བྱས་ན་༼དེ་ལ་བསྙེན་བསྐུར་བྱས་པས་བོད་པར་ཡིན་པས་ལུས་བགྲེས་པ་འདོར་གསུང་༽སྟེང་དུ་༼ཚངས་པའི་གནས་སུ་༽ལྡིང་བར་འགྱུར་ཞིང་༼མཁའ་སྤྱོད་དུ་༽དཔག་ཚད་བྱེ་བར་འགྲོ་བར་འགྱུར་རོ། །དེ་ཟོས་པ་ཙམ་གྱིས་༼མངོན་ཤེས་༽དུས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། །དཔག་ཚད་ལྔ་བཅུར་སོང་ནས་ཉིན་མཚན་གཅིག་གིས་༼རྐང་མགྱོག་༽འོང་བར་འགྱུར་རོ། །ལྷའི་ལུས་ཀྱང་ཐོབ་པར་༼མངོན་ཤེས་ཅན་ལུས་ལ་འབྱུང་པའི་གནོད་པ་མེད་པ་ལུས་ཀྱི་བཅུད་ལེན་དུ་༽འགྱུར་རོ། དཔལ་ཧེ་རུ་ཀའི་སྙིང་པོ་༼སྐྱེ་བ་བདུན་པའི་རོ་ཙ་ན་༽གང་གིས་ཤེས་པ་དེ་གང་དང་གང་འདོད་པ་དེ་དང་དེ་༼སའི་བདག་པོ་༽ཐོབ་པར་འགྱུར་རོ། ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། སྐྱེ་བ་༼མའི་སྐྱེ་བ་༽བདུན་པའི་མཚན་ཉིད་ཀྱི་༼ཕན་ཡོན་༽ཆོ་གའི་ལེའུ་སྟེ་བཅུ་གཅིག་པའོ། །༼སྙིང་པོའི་ལས་བསྟན་པ་དེ་ནས་༽ །དེ་ནས་ཉེ་བའི་སྙིང་པོ་ནི། །༼ཐུན་མོང་གི་༽དངོས་གྲུབ་ཐམས་ཅད་འགྲུབ་བྱེད་ཅིང་། །འཇིག་རྟེན་གསུམ་ན་གང་ཅུང་ཟད་༼ཡོད་པའི་ལས་ཀྱི་ཚིག་རྣམས་༽། །དེ་ཀུན་སྐད་ཅིག་གིས་འགྲུབ་༼དུས་མྱུར་བ་ལ་དགོངས་༽བཤད། །ཊཕ་ཧཱུཾ་ཧཱུཾ་ཧ་ཧ་ཧྲི་ཨོཾ། །འདི་ནི་སྙིང་པོའི་ཉེ་བའི་སྙིང་པོའོ།༼ཉེ་སྙིང་གི་༽སྔགས་འདི་ལན་འབུམ་བཟླས་པས་༼འདི་ན་མར་གྱི་ལས་ཚོགས་འདི་ཐམས་ཅད་བསྒྲུབ་པ་ལ་འཁོར་ལོ་དང་ལག་པ་༢་མི་འབྲལ་བས་བསྒྲུབ་དགོས་གསུང་། ཡི་གེ་བདུན་པའི་འཁོར་ལོ་བྲིས་ཏེ་རབ་གནས་བྱས་ནས་ལུས་ལ་བཏགས་པའམ་ལག་པ་ལ་བྲིས་ཏེ་ས་ལ་བརྡབས་ན་ས་བླ་ས་འོག་ས་སྟེངས་༣་༽འཇིག་རྟེན་གསུམ་ཡང་གཡོ་བར་བྱེད་དོ། ༼ཙན་དན་དམར་པོ་ལ་སོགས་པས་བྲིས་པའི་འཁོར་ལོར་བྲིས་ཏེ་རབ་གནས་བྱ་སྟེ་བཅངས་པ་པོ་༽ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། དྲི་ཟ་དང་། མིའམ་ཅི་དང་བཅས་པ་རྣམས་འགུགས་པར་བྱེད་དོ། ༼ཉེ་སྙིང་གི་སྔགས་བཟླས་པ་ཐམས་ཅད་ལ་འདྲ། ཙཀྲ་རྫ་ལ་བྲིས་ཏེ་རབ་གནས་བྱས་ནས་དུམ་བུར་བཅག་ཏེ་ཆུ་བོ་ལ་སོགས་པ་ལ་གཏོར་ན་༽རྒྱ་མཚོ་དང་ཆུ་བོ་དང་རྫིང་བུ་ལ་སོགས་པ་སྐེམས་ཤིང་རེངས་པར་བྱེད་དོ།༼གནས་༽གང་དུ་༼བསྒྲུབ་པ་པོས་སྔགས་༽ཟློས་པའི་གནས་དེར་མཁའ་འགྲོ་མ་ཐམས་ཅད་བསྒྲུབ་པའི་མངག་གཞུག་བྱེད་པར་འགྱུར་རོ། ༼ལག་པ་གཡོན་པ་ལ་འཁོར་ལོར་ཙན་དན་དཀར་པོས་བྲིས་ཏེ་རབ་གནས་བྱས་ནས་བཀྲུས་ནས་བཀྲུས་པས་༽དེ་ཆུ་ལ་ཡོངས་སུ་བཟླས་ལ། ༼ཆུ་དེས་༽བདག་ཉིད་ཀྱི་མིག་བཀྲུས་ན་སྐྱེ་བ་བདུན་པ་༼གང་ཡིན་༽ཤེས་པར་འགྱུར་རོ། ༼ཡང་སྦྱོར་བ་དེས་༽ཚེ་ཟད་ཅིང་འཆི་བ་༼གཞན་༽ཉིད་དུ་སྣང་བ་དང་༼ཤེས་༽ ། ཚེ་རིང་བ་དང་སྲོག་དང་བཅས་པ་༼འཁོར་ལོར་བཀྲུས་པའི་ཆུ་དེས་མིག་ལ་བྱུག་ན་༽མཐོང་བར་འགྱུར་རོ། །མིག་ལ་མངོན་པར་༼སྔགས་ཉེ་སྙིང་ཡི་གེ་བདུན་པའི་འཁོར་ལོ་དང་ལྡན་པས་༽བསྔགས་ནས། གང་ལ་བལྟས་པ་དེ་༼ལུས་ངག་༽རེངས་བར་འགྱུར་རོ། ༼དཔའ་མོ་ཤི་བའི་ཞེས་རྒྱ་དཔེ་ལས་འབྱུང་༽མི་རོའི་རྐང་མཐིལ་གྱི་ལྤགས་པ་བླངས་ཏེ།༼ ཆོས་བསྲུངས་ལ་སོགས་པ་མངག་གཞུག་བྱེད་དུ་མ་འདོད་པ་དང་དེ་ལྟ་བུ་མངག་གཞུག་པར་བྱེད་ན། ཟངས་ལ་འཁོར་ལོ་དང་ཡི་གེ་གཟོང་རིས་བྱས་པ་ལ་སོགས་པ་སྟེ། སྦུབས་བྲུས་པའི་ཤུལ་ཙན་དན་དམར་པོ་དང་གཡོན་པའི་སྲིན་ལག་གི་ཁྲག་གིས་དགང་པ་ལ། དེའི་སྟེང་དུ་ཁྱིམ་གྱི་དུ་བས་དང་སྟེང་དུ་ཁ་བཀང་ལ་རབ་གནས་བྱ་སྟེ། དེ་ལ་ལག་པས་རེག་ལ་སྔགས་སྟོང་ལ་སོགས་པ་བཟླས་ནས་མངག་གཞུག་བྱེད་དོ༽ ༼དེ་རང་གི་གསུང་༽མིའི་ཁྲག་དང་བཏགས་ལ་རི་ལུའི་ནང་དུ་ལིག་བུ་མིག་བཅུ་ལ་ལྡོང་རོས་དང་། གྷི་ཧཾ་དང་གུར་གུམ་དང་། ༼སྔར་རང་གི་ལ་གསུང་༽ཁྲག་དང་བསྲེས་ཏེ༼རི་ལུ་བྱ༽། ༼འཁོར་ལོའི་ལྟེ་བ་ལ་ཧཱུཾ་གི་མཐའ་མ་རུ་ལྷ་གང་ཡིན་པ་དེ་དབང་དུ་གྱིས་ཅིག་པའི་སྤེལ་ཚིག་བྲིའོ༽ ༼རི་ལུ་དེ་༽གྲིབ་མ་ལ་བསྐམས་ལ་ལྕགས་གསུམ་གྱིས་༼གསེར་དངུལ་ཟངས་༽དཀྲིས་ཏེ་༼དེ་རོའི་སྙིང་ཁར་བཅུག་ནས་༽ ། ཡང་༼དེ་ལྡོང་པ་ལ་རི་ལུ་བསྐྱེད་ལ་ལྷའི་ཙཀྲ་བསྟིམ་པ་ལ་གསུང་༽ལྷག་པར་གནས་པར་བྱས་ལ། སྐར་མ་རྒྱལ་ལ་བབ་་པ་ན། ༼རོའི་ཁ་ནས་རི་ལུ་མྱུག་བྱུང་པ་དེ་རང་གི་ལྕེས་བླངས་དེ་༽དཔལ་ཧེ་རུ་ཀའི་ཞལ་དུ་བཅུག་ལ། ལག་པ་གཡོན་པས་༼རང་གི་༽ཁ་བཀབ་ལ། ཡང་༼ཉེ་སྙིང་༽སྟོང་རྩ་བརྒྱད་བཟླས་ན། དེ་དེའི་མོད་ལ་༼ལུས་༽མི་སྣང་བར་འགྱུར་ཞིང་། གྲིབ་མ་ཡང་མི་སྣང་བར་འགྱུར་ཏེ། ལྷ་རྣམས་ཀྱིས་ཀྱང་༼དེ་ལུས་༽མི་མཐོང་བར་འགྱུར་ན་༼ཐ་མལ་བའི་༽མི་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། ༼རི་ལུ་དེ་ཡང་༽ཁ་ནས་བཏོན་ན་ནི་༼ལུས་༽སྣང་བར་འགྱུར་རོ། རྒྱུད་འདིར་མཁའ་སྤྱོད་གྲུབ་པའི་རི་ལུ་འདི་ནི་༼མ་འོངས་པའི་ཡིད་ཆེས་པ་བསྐྱེད་པའི་ཕྱིར་ཏེ་སྡུད་པ་པོའི་ཚིག་༣་༽དཔའ་བོ་རང་ཉིད་ཀྱིས་གསུངས་པ་ཡིན་ནོ་༼ཐེ་ཚོམ་མི་བྱ༽། །དཔལ་ཧེ་རུ་ཀའི་སྙིང་པོའི་ཉེ་བའི་སྙིང་པོའི་སྔགས་འདིས་འཛུབ་མོ་རྩེ་མོ་དང་། །༼དཔའ་བོ་ཤི་བའི་༽མགོ་བོའི་ཐོད་པ་ཤ་མེད་པར་བྱས་ལ་༼ དེ་ལ་ཙཀྲ་བྲིས་ཏེ་རབ་གནས་བྱ་སྟེ་འཛུབ་མོ་གཡོན་པའི་རྩེ་མོ་འཁོར་ཏེ་མཉེ་ཞིང་ཁྲག་འདྲེན་པར་བསམ་ཞིང་སྔགས་བཟླས་ན༽། །མཉེས་ན་དེའི་ཁྲག་འདྲེན་པར་བྱེད་དོ་༼སྦྱོར་བ་རྩ་བའི་སྔགས་ཀྱི་སྐབས་དང་འདྲ༽། །༼གཡོན་༽གཡོན་པ༼འི་འཛུབ་མོ༽ས་༼འཁོར་ལོ་དེ་༽ཡང་དང་ཡང་དུ་མཉེས་པས་ནི་༼ཁྲག་སླར་ལུས་ལ་༽འཇུག་པར་འགྱུར་རོ། ༼ཡི་གེ་བདུན་པ་ལ་སྔོན་དུ་བསྙེན་པ་བསྐྱལ་ཏེ་༽མངོན་པར་༼ཉེ་སྙིང་༽བཟླས་ཏེ་༼དཔའ་བོ་ཤི་བའི་༽མགོ་བོའི་ཐོད་པ་ལ་༼བསྒྲུབ་པ་པོའི་ཙཀྲ་བྲིས་ཏེ་རབ་གནས་བྱས་ཏེ་དེ་ལ་༽ཁུ་ཚུར་བསྣུན་ན་གང་གི་མིང་༼ཨ་ཀར་ཤ་ཡ་ཛ་ཅེས་པའི་སྤེལ་ཚིག་དང་བཅས་པ་༽ནས་སྨྲོས་པ་དེའི་ཀླད་པ་ན་བར་འགྱུར་རོ། གསང་སྔགས་༼གསོ་བའི་བསམ་པ་ཡིད་ལ་༽དྲན་༼པ་ཙམ་གྱིས་༽ལ་༼དཔའ་བོ་ཡི་༽ཐོད་པ་༼དེ་༽འོ་མས་བཀང་ན་དེ་ཉེ་བར་ཞི་བར་འགྱུར་རོ། ༼དུད་འགྲོ་ལ་སོགས་པ་གང་ཡང་རུང་པའི་༽གྷི་ཧཾ་ལ་བཟླས་ཏེ་ཐིག་ལེ་བྱས་ནས་གང་ལ་བལྟས་པ་༼རེངས་པ་ལ་སོགས་པ་ལ་༽དེ་རྒྱས་བཏབ་པར་འགྱུར་རོ། ༼འཁོར་ལོ་དང་ལྡན་པས་༽འཛུབ་མོ་ལ་༼ཡི་གེ་བདུན་པ་༽ཡོངས་སུ་བཟླས་ཏེ། ༼དངོས་སུ་༽གང་ལ་སྡིགས་འཛུབ་བྱས་པ་དེ་དེའི་མོད་ལ་ལྟུང་༼འགྱེལ་༽བར་འགྱུར་རོ། །༼འཁོར་ལོ་དང་ལྡན་པའི་ལག་པས་༽སྔགས་བཟླས་པས་ས་ལ་༼ཟེར་ཡང་གཟུགས་བརྙན་ལ་བསྣུན་པས་གསུང་༽བསྣུན་ན་གང་གི་མིང་ནས་སྨོས་པ་དེ་དེའི་མོད་ལ་འཆི་བར་འགྱུར་རོ། །༼གསོ་བ་༽ཆུ་ལ་བཟླས་ཏེ་ས་ལ་༼གཟུགས་བརྙན་ལ་གསུང་༽བཏབ་ན་སླར་འཚོ་བར་འགྱུར་རོ། །༼འཁོར་ལོ་དང་ལྡན་པའི་ལག་པས་༽སྔགས་བཟླས་ལ་༼གཡོན་པའི་༽འཛུབ་མོའི་རྩེ་མོ་དེས་སྟོང་ལ་སྡིགས་འཛུབ་བྱས་ན། །ཡང་དེ་ཐམས་ཅད་གནོན་༼ཏེ་རེངས་གསུང་༽པར་འགྱུར་རོ། །ཚིག་གིས་༼སོས་པའི་སྨོན་ལམ་བཏབ་པས་༽ནི་གྲོལ་བར་འགྱུར་རོ། །༼ཤན་པ་༽རྨེ་ཤ་ཅན་གྱི་༼འདི་ཡང་ཙཀྲ་དང་ལྡན་པས་༽ཐལ་བ་ལ་བཟླས་བརྗོད་བརྒྱ་བྱ་སྟེ། །༼བྲམ་ཟེ་ལ་སོགས་པ་༽སེམས་ཅན་གང་རྗེས་སུ་དྲན་ཏེ་༼དེ་ལ་༽། །བསྣུན་པ་༼ན་༽དེ་དེའི་གཟུགས་འཛིན་པར་འགྱུར་རོ། །༼དྲག་པོའི་༽སྦྱིན་བསྲེག་གི་༼ད་རུ་ར་ལ་སོགས་པ་བསྲེགས་པའི་༽མེའི་ཐལ་པ་ལ་བཟླས་བརྗོད་བརྒྱ་བྱས་ཏེ་༼གཟུགས་བརྙན་ལ་ལོ་ཀ་བའི་༽བསྣུན་ན་དེ་ལྷ་དེ་ཉིད་ཀྱིས་ཀྱང་༼རང་གིས་རང་༽མི་མཐོང་རོ། །ཆུ་ལ་༼ལན་༽བདུན་བཟླས་པས་༼ལུས་ལ་༽གཏོང་ན་སླར་༼རང་གིས་མཐོང་པའམ་ལུས་༽སྣང་བར་འགྱུར་རོ། ༼སྐྱེས་པའི་ཐོད་པ་ལ་ཙཀྲ་བྲིས་ལ་རབ་གནས་བྱས་ལ་ལག་པ་ལ་ཙཀྲ་བྲིས་པས་བཟུང་མ་བསྒྲུབ་པའམ་ཡང་ན་ལག་པ་ལ་ཙཀྲ་བྲིས་ལ་རབ་གནས་བྱས་ལ་ལག་པར་སྦྱར་ལ་ཐོད་པའི་ཕྱག་རྒྱ་བྱས་ལ་ལས་བསྒྲུབ། བསྒྲུབ་ལུགས་གསུམ་མོ་་་ ཁྱིའི་ཐོད་པ་ལ་འཁོར་ལོ་བྲི་ལག་པ་༢་ལ་ཡང་འཁོར་ལོ་བྲིས་ལ་རབ་གནས་བྱས་ཏེ། དེ་ནས་ལག་པ་༢་ཁ་སྦྱར་བའི་འཁོར་ལོའི་བར་དུ་ཀྱི་ཐོད་ཙཀྲ་བྲིས་པ་དེ་བཅུག་ལ་ལག་པ་སྟེང་འོག་བསྒྱུར་ཅིང་ཉེ་སྙིང་བཟླས་གསུང་༽ །ཐོད་པའི་ཕྱག་རྒྱ་ཁ་སྦྱར་བཅིངས་ལ་༼ལག་པ་༢་བསྡམས་པའི་དབུས་སུ་ཐོད་པ་བཅུག་སྟེ་སྟེང་འོག་ཡང་ཡང་བསྒྱུར་བ་ཡང་གསུང་། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་སྟེང་འོག་ཡང་ཡང་བསྒྱུར་གསུང་༽དབུགས་༼ཕྱིར་མི་རྒྱུ་བར་བྱ་༽མི་འབྱིན་པར་གང་གི་མིང་ནས་སྨོས་ཏེ་བཟླས་པ་དེ་སྨྱོ་བར་འགྱུར་རོ། །སྐྱེ་བོ་སྟོང་ཡང་མྱོས་པར་འགྱུར་རོ། །ཡིད་ཀྱིས་༼གསོ་བ་༽ནི་གྲོལ་བར་༼གྱུར་༡་ཅེས་བྱ་བ་ཙམ་གྱིས་༽འགྱུར་རོ། །༼འདི་ཡང་འཁོར་ལོ་དང་ལྡན་པའི་ལག་པས་༽གང་གི་མིང་ནས་སྨོས་ཏེ་གཙུག་ཕུད་ལ་༼སྔགས་༽ལན་བདུན་བཟླས་ཏེ་མདུད་༼པ་བྱས་ན་༽ན་མཁའ་འགྲོ་མ་ཐམས་ཅད་འོང་བར་འགྱུར་རོ། ༼ཙཀྲ་དང་ལྡན་པས་༽ཁང་སྟོང་༼རྒྱལ་པོའི་སྐོར་ཁང་ལ་སོགས་པར་གསུང་༽དུ་སོང་སྟེ་ལན་བརྒྱ་བཟླས་ནས་༼ལག་པ་༢་ཀས་སྐྲ་༽སྤྱི་བོར་བཅིངས་ལ་མིག་བགྲད་དེ་ཇི་སྲིད་དུ་བཟླས་པ་དེ་སྲིད་དུ་མི་སྣང་བར་འགྱུར་རོ། །༼གསོ་བ་ཙུག་ཕུད་༽བཀྲོལ་ན་སྣང་བར་འགྱུར་རོ། །༼དཔའ་བོའི་༽ཐོད་པའི་ནང་དུ་༼འཁོར་ལོ་བྲིས་ཏེ་རབ་ཏུ་གནས་པ་བྱས་ནས་བཅག་ནས་༽གསེག་མ་༼གྱོ་དུམ་༽བླུགས་ལ་མངོན་པར་བཟླས་ཏེ། །སྟེང་དང་འོག་དང་ཕྱོགས་འཚམས་རྣམས་སུ་གཏོར་ན་༼ཆིངས་༡་ཅེས་བྱ་བ་ལ་སོགས་པས་སྤེལ་ཏེ་ཕྱོགས་ཕྱོགས་སུ་གཏོར་ཏེ་༽ ། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཐམས་ཅད་ཀྱང་བཅིངས་པར་འགྱུར་རོ་༼དེ་གནོད་པ་མི་ནུས་སོ༽། །༼སྦྱོར་བ་དེས་༽མཁའ་འགྲོ་མའི་སྤྱོར་བ་༼སྟེ་གནོད་པ་དུ་མ་༽འཕྲོག་པར་འགྱུར་རོ། །སྟན་དང་མལ་ཁྲི་ལས་སྐྱེས་པའམ་བུད་མེད་༼ཉལ་བ་༽འདུག་པ་ལ་༼ཙཀྲ་དང་ལྡན་པ་དེས་༽བལྟས་ཏེ། །སྔགས་ལན་བརྒྱ་བཟླས་ན་༼ལྕེ་སྤྱང་གི་མཇུག་མ་ལ་བཟླས་ཏེ་མལ་འོག་ཏུ་སྦས་ན་༽མི་འབྱེ་བར་འགྱུར་རོ། །ཡིད་ཀྱིས་ནི་༼གྲོལ་བར་སྨོན་ལམ་བཏབ་ན་༽གྲོལ་བར་འགྱུར་རོ།༼ལེའུ་བཅུ་པས་སྙིང་པོའི་ལས་བསྒྲུབ་པ་དང་༡༡་པས་སྐྱེ་བ་བདུན་པ་བརྟག་པ་དང་སྙིང་པོའི་ལས་བསྒྲུབ་པ་བསྟན་ལ་ལེའུ་བཅུ་༢་པས་ཉེ་སྙིང་གི་ལས་བསྒྲུབ་པ་བསྟན་པ་༽ །གསེག་མ་ལ་ཡོངས་སུ་བཟླས་ཏེ་༼གྱོ་མོ་ལ་ཙཀྲ་བྲིས་ཏེ་རབ་གནས་བྱས་ཏེ་བཅག་ནས་༽། །ཆུ་བོར་བཅུག་ན་རྒྱུན་ཕྱོགས་ལས་བཟློག་སྟེ་འབབ་པར་འགྱུར་རོ། །གསེག་མ་དེ་ཉིད་ཀྱིས་རྦ་རླབས་༼ཆེན་པོ་ལ་གཏོར་ན་༽གནོན་པར་འགྱུར་རོ། །ཡིད་ཀྱི་སྟེང་དུ་བལྟས་ཏེ། །༼སྔགས་༽སྟོང་བཟླས་ན་༼གསེག་མ་དེ་སྟེང་དུ་གཏོར་ན་༽ཆར་ཆེན་པོ་གཅོད་པར་འགྱུར་རོ།༼ མཁའ་འགྲོ་ལྟར་དགྲ་བོ་མཚོན་ཆ་ལྔ་བཟློག་པའི་སྨན་ལྔའི་ཆུས་ཙཀྲ་བྲིས་ཏེ་རབ་གན་ལ་སོགས་པ་བྱས་ཏེ་དེ་བཅང་དེ་༽ །གཞན་གྱི་དཔུང་མངོན་པར་༼མདའ་སོགས་༽།འཕྲུལ་འཁོར་གྱི་༼རལ་གྲི་སོགས་༽འཕན་མི་འཕན་དང་། །དེ་༤ན་༼འཁོར་ལོ་སོགས་༽ལག་པས་འཕེན་པ་དང་། འཕངས་་ནས་བཟུང་བ་ཉིད་དག་ནི། །ལག་པས་མཚོན་ཆ་༼སྤར་འཛིན་དང་ཅོད་ཀ་༽འགྱེད་དང་ལྔ། །འཇིག་རྟེན་༣་པོ་མ་ལུས་ན། །འདི་ལྔ་མཚོན་ཆར་རབ་ཏུ་གྲགས། སྨན་ལྔ་ལ་ཀྲོ་ཏ་ཀ་བྱ་བ་ཁ་ཏོག་དམར་པོ་༼དོ་བ་འདྲ་༡་ཡོད་གསུང་༽རྡོག་པོ་ཆེ་བ་༼དེས་འགྲེ་བ་༽༡་ཡོད། ཧོ་མི་ནི་བྱ་བ་ཏ་རུ་ར་རྡར་ལ་ཤ་ན་བྱ་བའི་ཤིང་ཏོག་གཅད་ན་འཁོར་ལོ་ལྟ་བུ་འོང་བ་༡་ཡོད། འཛབ་མནན་ཏ་པ་ ་ས མ་ཡ་བྱ་བ་ལུག་མིག་པ་ཨ་པ་ར་ཛི་ཏ་དཀར་པོའི་མེ་ཏོག དེ་ལྔའི་ཁུ་བས་ལག་པ་གཡོན་པའི་ལག་མཐིལ་དུ་འཁོར་ལོ་བྲིས་ཏེ་ཁུ་ཚུར་བཅངས་ནས་གཡུལ་དུ་ཞུགས་ན་མཚོན་གྱིས་མི་ཚུགས་སོ་་་་ལྔ་ལ་སོགས་པས་་༼མིག་གི་རྟགས་ཅན་འདི། བར་འདི་ནས་ཡིན་མིན་དཔྱོད༽ཕྱོགས་པ་ནི། །བཟླས་བརྗོད་སྟོང་བཟླས་ཏེ་གཡུལ་དུ་ཞུགས་ན། །མཚོན་ཆ་བརྒྱ་བསྣུན་ཀྱང་གནོད་པའི་ཚོར་བ་འབྱུང་བར་མི་འགྱུར་ཞིང་། །མཚོན་གྱིས་ཀྱང་༼ལུས་༽ཆོད་པར་མི་འགྱུར་རོ། །རྡོ་རྗེའི་ལུས་ཅན་དུ་འགྱུར་རོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་ག་སྟེ་བཅུ་གཉིས་པའོ། །དེ་ནས་གོ་ཆའི་༼དཔའ་བོ་དང་དཔའ་མོའི་གོ་ཆ་༢་དུས་༡་ཏུ་བསྟན་༽ལས་རྣམས་ཀྱིས། །འཇིག་རྟེན་༼ལས་༽གསུམ་ན་༼ལས་༽གང་ཡོད་པ༼འི་སི་ཏི་༽། །ཡིད་ལ་འདོད་པ་ཀུན་༼བསྒྲུབ་པར་༽བྱེད་པ། །གོ་རིམ་བཞིན་དུ་༼དཔའ་བོ་དང་དཔའ་མོའི་གོ་ཆ་ལ་བརྟེན་པའི་ལས་མཆོག་གི་སི་ཏི་ལག་པ་༢་ལ་གོ་ཆའི་ཙཀྲ་བྲིས་ཏེ་རབ་ཏུ་གནས་པ་༽བཤད་པར་བྱ། །དེ་ལ་༼དེ་ལ་འཁོར་ལོ་གྲོ་ག་ལ་སོགས་པ་ལ་ཇི་ལྟ་བ་༤ན་བྲིས་ཏེ་རབ་གནས་བྱས་ཏེ་དཔུང་པ་ལ་བཏགས་ནས་༽གོ་ཆ་བཟློས་བཞིན་དུ་ལམ་དུ་ཞུགས་ན་༼ཡང་ན་གོས་ཀྱི་ཐུ་བ་ལ་རླངས་པ་ཕྱིར་མི་འཆོར་བར་བྱས་ཏེ་གོ་ཆའི་སྔགས་བརྗོད་ཅིང་འཁོར་ལོ་བསམས་ནས་མདུད་པ་བྱས་ཏེ་ལམ་དུ་ཞུགས་ན༽། །རྐུན་མ་འམ་སྟག་གིས་འཇིགས་པར་མི་འགྱུར་བའམ། །མི་སྣང་བར་འགྱུར་རོ། །༼འཁོར་ལོ་དང་ལྡན་པས་༽གོ་ཆ་ཟློས་བཞིན་དུ་ཡང་རྒྱལ་པོའི་ཕོ་བྲང་དུ་༼སྐོར་མཛོད་དང་བཙུན་མོའི་ནང་དུ་༽སླས་ཀྱི་ནང་དུ་ཞུགས་ན་ཡང་མི་སྣང་བར་འགྱུར་ལ། །གང་འདོད་པ་དེ་བླངས་ཏེ་འགྲོ་བར་འགྱུར་རོ། །ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ། །གོ་ཆའི་སྔགས་བརྒྱ་བཟླས་པའི་ལག་པས་གང་ལ་རེག་པ་དེ་མདུང་བཞིན་དུ་རེངས་པར་འགྱུར་ཏེ། །༼རེངས་པ་དེ་༽སུམ་བཅུ་རྩ་གསུམ་པས་ཀྱང་མི་གཡོའོ། །༼གོང་གི་ལག་པའི་འཁོར་ལོ་དེ་བྲིས་པའི་ཆུ་གཏོར་ཞིང་༽སྔགས་བཟླས་ཏེ་༼བདགགི་༽རྐང་པས་བསྣུན་ན་༼རེངས་བ་དེ་༽ཐར་པར་འགྱུར་རོ། །༼མིའི་ཐོད་པར་རང་གི་མཛུབ་མོའི་ཁྲག་གིས་མནངས་ཏེ་༽རང་གི་ཁྲག་གིས་ཐིག་ལེ་བྱ་སྟེ་༼གོ་ཆའི་སྔགས་༽ལན་གསུམ་བཟླས་ན།༼ཐོད་པ་ལ་ཙཀྲ་བྲིས་ཏེ་རབ་གནས་བྱས་ཏེ་མཛུབ་མོ་ལས་ཁྲག་གཏོན་ལ་ཐོད་པའི་ཙཀྲ་ལ་བསྐུས་ལ་འཛུབ་མོས་ཙཀྲ་དེ་མཉེས་ནས་དཔྲལ་བར་ཐིག་ལེ་བྱས་ན་བལྟས་ན་རྫས་ལ་སོགས་པ་༽ །གང་གིས་མཐོང་ཞིང་གང་མཐོང་བ་ཐམས་ཅད་ཀྱི་ཁྲག་འདྲེན་པར་བྱེད་དོ། །གང་གི་ཁྱིམ་དུ་ཁྲོ་བ་དང་བཅས་པས་ལན་སྟོང་བཟླས་ན་ཐམས་ཅད་རིམས་ཀྱིས་བཏབ་པར་འགྱུར་རོ། །༼འཁོར་ལོ་བཀྲུས་པའི་ཆུས་༽ཆུ་ལ་ལན་ལྔ་བཟླས་ཏེ་གཏོར་ན་སླར་འཚོ་བར་འགྱུར་རོ།༼གང་གི་སྣ་གཡས་ནས་ཐུགས་ཀའི་ཧཱུཾ་ལས་གོ་ཆའི་སྔགས་སྤྲོས་ཏེ་བསྒྲུབ་བྱའི་ལྕེ་ལ་ཐིམ་པར་བསམ་ཞིང་སྔགས་བཟླས་ན་ ༤་བ་ཙན་དན་ག་བུར་གྱིས་རྒྱས་པ་དང་བསྲུང་བ་ལ་གྷི་ཧཾ་དང་ཁྲག་གིས་སོ། དབང་དང་དགུག་པ་ལ་ཁྲག་དང་རྒྱ་སྐྱགས་ཀྱིས་སོ། མངོན་སྤྱོད་ལ་དུག་དང་ལན་ཚྭ་དང་སྐྱེ་ཚེས་སོ། དེ་བཞིན་དུ་ཞི་དྲག་གི་ཡིག་མགོ་ནང་དུ་བསྟན༽ །གང་གི་གདོང་ལ་བལྟས་ཏེ་བཟླས་ན་དེའི་ཚིག་འཕྲོག་པར་འགྱུར་རོ།༼སོ་ པོ་ན་ཀའི་ཤིང་རྟོག་སྐྱུར་པོ་དང་པར་མའི་རོ་དང་བསྲེས་ཏེ་ལུས་ལ་བྱུགས་ན༽ །ཆུ་བོ་དང་རྫིང་བུར་གནས་ཏེ། །སྟོང་བཟླས་ན་ཆུའི་སྟེང་དུ་འགྲོ་སྟེ་། ༼ ་་་་་་་་་་་ཞི་དྲག་གཉིས་སུ་ཕྱེ་ནས་ཞི་བའི་ཁོངས་སུ་རྒྱས་པ་དང་དབང་བསྡུད། མངོན་སྤྱོད་ཀྱི་ཁོངས་སུ་བརྒྱལ་བ་དང་རེངས་པ་དང་དབྱེ་བ་དང་བསྐྲད་པ་ལ་སོགས་པ་བསྡུད་གསུང་།ཞི་བའི་ཡིག་མགོ་ནང་དུ་བསྟན་དྲག་པོའི་ལས་རྣམས་ལ་ཕྱིར་བསྟན་གསུང་༽ །ཐང་ལ་ཇི་ལྟ་བ་བཞིན་དུ་ཆུ་ལའང་དེ་བཞིན་དུ་འགྲོའོ། །༼པདྨའི་སྐྱལ་བུར་ཉ་ལྕིབས་ལ་སོགས་པ་བརྫངས་ཏེ་རང་གི་དེ་ཁའི་གཏིང་དུ་བཅུག་སྟེ་ཡང་ན་རང་གི་ལུས་ལ་བཅངས་པ་རང་གིས་ཆུའི་གཏིང་དུ་བསྡད་ཀྱང་མི་འཆི་གསུང་། རང་གི་ཁའི་ཁར་བཏོན་ན་མི་འབྱིང་པའོ་༽ཆུ་ལ་ཞུགས་ན་ཆུ་བོ་ཡང་རྒྱ་མཚོ་བཞིན་དུ་གནས་སོ། །༼ཁྲག་དང་རྒྱ་རྐྱགས་རྗེས་པས་༽ལག་པ་གཉིས་ཉེད་བཞིན་དུ་ལན་སྟོང་བཟླས་ན་༼ ཡང་རྒྱལ་ལ་རས་སུ་འཐག་པའི་དུས་ངན་ཡང་རྒྱལ་ལ་བྱ་སྟེ་རྒྱལ་༣་གྱི་སྦྱོར་བས་སོ་༽རྣལ་འབྱོར་མ་ཐམས་ཅད་དབང་དུ་འགྱུར་རོ། །རྣལ་འབྱོར་སྣ་ཚོགས་པའི་གཟུགས་ཅན་མཁའ་འགྲོ་མ་དང་། ལཱ་མ་དང་། ༼ཚིགས་པ་མཐོ་དམན་དུ་ཡོད་པའི་ཤ་དཀར་པོར་འོང་། དམའ་མོའི་ཤ་ནག་པོར་འོང་སྟེ་༽ཁཎྜ་རོ་ཧར་གྲགས་པ་ཐམས་ཅད་དེའི་དབང་དུ་འགྲོ་བར་འགྱུར་རོ། ༼དེ་ཡང་སྦྲུལ་གྱི་རྒྱལ་པོ་བྱ་བ་དཀར་ནག་ཁྲེའུར་ཡོད་པ་དེ་སོ་སོར་ཕྱེ་སྟེ་དཀར་པོའི་ཞག་རས་སྐུད་འཐག་པ་ཆ་༡་ལ་བསྐུ་ནག་པོའི་ཞག་རས་སྐུད་འཐག་པ་ཆ་༡་ལ་བསྐུས་ཏེ་སྦྲུལ་གྱི་གཟུགས་བརྙན་དེ་ནས་བརྟགས་ཏེ་སོ་སོར་ཤེས་པར་བྱས་ལ་དཀར་པོའི་ཕྱོགས་ལ་དཀར་པ་བྱུགས་ལ་གྱོན།ནག་པོའི་ཕྱོགས་ལ་ནག་པོ་གྱོན་ནའོ།ཡར་ངོ་ལ་དཀར་པོ་གྱོན།མར་ངོ་ལ་ནག་པོ་གྱོན།དང་པོ་རས་བལ་འདེབས་པ་ན་ཡང་རྒྱལ་ལ་བཏུས་ཏེ་རླམ་པ་ལ་སོགས་པ་ན་༽ །སྐར་མ་རྒྱལ་ལ་རས་བྱས་ལ་དེ་གྱོན་པའི་ལུས་ཀྱིས་སྟོང་ཕྲག་བཅུ་བཟླས་ན། །དེའི་འོག་ཏུ་འགྲུབ་པར་འགྱུར་རོ། །དེ་གྱོན་པའི་ལུས་དཔག་ཚད་སྟོང་གི་བར་དུ་ནམ་མཁར་༼འགྲོ་ཞིང་༽མི་སྣང་བར་འགྱུར་རོ། །༼ཡུལ་ཕྱོགས་༽གང་དུ་འདོད་པ་དེར་༼རྐང་འགྱོགས་ཀྱིས་༽འགྲོ་བར་འགྱུར་རོ། །དེས་རྒྱ་མཚོའི་མཐར་ཐུག་པའི་ས་རྣམས་སུ་འགྲོ་བར་འགྱུར་རོ། །༼མཁའ་སྤྱོད་དུ་ལོ་ཀ་དང་དུ་ཁའི་གནས་༽སྟེང་གི་རྒྱུན་དུ་འགྲོ་བར་འགྱུར་རོ། །༼དེ་ལྟར་དངོས་གྲུབ་འགྲུབ་པ་དེ་ཡང་དཔེར་ན་༽དབང་པོ་༼དྲུག་༽དང་གང་ལམ་༼དུ་ཡུལ་གསལ་བར་༽འགྱུར། །དེ་དང་དེ་ཡི་ངོ་བོར་བྱ། །༼དེ་༤ན་དུ་༽མཆོག་ཏུ་༼བསྐྱེད་རྫོགས་༢་ལ་༽མཉམ་བཞག་སྦྱོར་བ་ཡིས། །༼དངོས་པོ་༽ཐམས་ཅད་༼དེ་ཁོ་ན་ཉིད་ཀྱི་ངོ་་བོར་རྟོགས་པར་འགྱུར་གསུང་༽སངས་རྒྱས་རང་བཞིན་༼མཆོག་དུ་༽འགྱུར། །ཤིང་ཡོངས་འདུའི་ཁུ་བཅུད་བླངས་ལ་༼མེ་ཏོག་སྔོན་པོ་ཡོད་པ་དེ་ཡང་ཆོས་གང་ཡང་འཛིན་པའི་རྩི་ཡིན།གོ་ཆའི་སྔགས་༢་ཅར་ལས་སྦྱོར་དུས་སུ་༽བཟླས་བརྗོད་སྟོང་བྱ་སྟེ་གང་ལ་ཐིག་ལེ་བྱས་པ་དེ་༼རེངས་པར་༽ཤིང་དུ་འགྱུར་རོ། །༼ཐིག་ལེ་དེ་ཉིད་བཀྲུས་པའི་ཆུས་༽ཆུ་ལ་༼གོ་ཆའི་སྔགས་༢་པོ་དེ་༽ལན་བདུན་བཟླས་ཏེ་གཏོར་ན་སླར་འཚོ་བར་འགྱུར་རོ། །འདི་དག་གླང་པོ་ཆེའི་རྐང་རྗེས་ཀྱི་༼ས་འམ་དམིགས་པའི་དུམ་བུ་༽བསྒྲུབ་བྱའི་༼རྐང་རྗེས་ཀྱི་༽རྡུལ་བླངས་ཏེ། །ལན་སྟོང་བཟླས་ན་གང་ལ་བསྣུན་པ་དེ་གླང་པོ་ཆེར་འགྱུར་རོ་༼རྟ་ལ་སོགས་པ་ཡང་དེས་འགྲེའོ་༽། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་གོ་ཆའི་སྔགས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་བོང་བུའི་རྣལ་འབྱོར་བདག་༼ཉིད་བྱས་པས་རྟེན་འབྲེལ་གྱི་ཆེ་བ་ཡིན་གསུང་༽ །༼མྱུར་དུ་༽ཡིད་ཀྱིས་ཤུགས་ནི་༼མི་འགྲུབ་པ་བཟློག་ཏེ་མྱུར་དུ་འགྲུབ་པ་༽བཟློག་པའི་ཕྱིར། །གང་གིས་བསྒྲུབ་པ་པོ་༼མྱུར་དུ་༽འགྲུབ་པའི། །༼དེ་ལྟ་བུའི་༽བསྒྲུབ་པ་དེ་ནི་བཤད་པར་བྱ་༼སྔོན་དུ་བསྙེན་པ་སོང་བས་དལ་བྲི་བ་ན་སྙིང་པོའི་གཞི་འདི་ལྟར་བྱས་ཏེ་བྲི་ཐུགས་ཀྱི་རྣམས་ནམ་མཁའ་ལྡིང་གི་གདོང་ཅན་དུ། གསུང་གི་རྣམས་རྨ་བྱའི་གདོང་དུ། སྐུའི་རྣམས་སེང་གེའི་གདོང་ཅན་དུ། སྒོ་མ་༤་འདྲ འཚམས་༤་ཧེ་ཀྲི་སྣ་པ་རི་སྟག་དང་དོམ་མགོ་ཅན་དུ་བྲི་༽། །རྣལ་འབྱོར་མ་ནི་ལཱ་མའི་གཟུགས། །དེ་བཞིན་དུ་ནི་མཁའ་འགྲོ་མ། །ཁཎྜ་རོ་ཧའི་འདོད་གཟུགས་ཅན། །བོང་བུའི་༼གདོང་པ་༽རྣམ་པ་ཁྲག་གི་གདོང་།༼དེ་ནས་ལྷོ་ཕྱོགས་སུ་འབྲས་ཕུབ་མས་མིའི་སྐྱེ་བ་བདུན་པ་ལ་སོགས་པ་གང་འདོད་ཀྱི་གཟུགས་བོང་ཁོང་སྟོང་དུ་འཇུག་དུ་འདོད་པ་བྱས་མདོག་ཅན་བྱས་ལ་སྙིང་ཁར་འཁོར་ལོ་བཅུག་སྟེ་མདུན་དུ་མེ་ལོང་བཞག་ཏེ་བལྟས་ན་གང་འདོད་པའི་སྐྱེ་བ་བདུན་ན་གང་ན་ཡོད་པ་དེའི་གཟུགས་མཐོང་བའམ་ཚེ་དེ་ལུས་འདོར་བ་དང་མ་ཟད་པ་སོགས་ཟད་པ་ལ་སོགས་པ་དེའི་གཟུགས་ནག་པོར།མ་ཟད་པ་དཀར་པོ་མཐོང་བ་ལ་སོགས་པ་འབྱུང་ངོ་༽ །མཁའ་འགྲོ་རྩེ་གསུམ་ལག་ན་ཐོགས། །༼རང་གཞན་༢་ཀ་༽ཚེ་ཟད་པ་དང་ཚེ་རིང་བ། །སྣང་བ་ཡིད་དུ་གྲུབ་པ་ཡིན། །འདི་ནི་བོང་འདྲའི་རྣལ་འབྱོར་པས། །དེ་ཚེ་བོང་བུར་༼འི་ནང་ནས་༽བལྟ་བར་བྱ། །གླང་པོ༼འི་སྐྱེ་བ་བདུན་པ་༽་ཉིད་དུ་སྔོན་དུ་གང་། །མཐོང་སྟེ་གླང་པོའི་གཟུགས་ཅན་ཡིན། །༼མིའི་སྐྱེ་བ་བདུན་པའམ་གླང་པོ་ཆེ་སོགས་བདུན་༽གང་དང་གང་ནི་སྐྱེ་བ་ནི། ༼སྔར་གྱི་༽ །སྔོན་གྱི་སྐྱེ་༼བ་བདུན་༽བར་འགྱུར་བ་དག །༼སྐྱེ་བ་བདུན་༽དེ་ནི་དེ་འདྲའི་གཟུགས་དག་ཏུ། །རྣལ་འབྱོར་པས་ནི་འདི་ནི་མཐོང་། །དེ་ནི་གྲུབ་པའི་༼ཅི་འདོད་༽སྐྱེས་བུ་འགྱུར། །སྐྱེ་བ་བདུན་༼པ་རྙེད་ནས་༽གྱི་རིམ་པ་ཡིས།༼སྐྱེ་བ་བདུན་པའི་ཤ་མི་ཤ་༽ །དེ་ཡིས་༼ཊ་ཀི་ནིའི་ལ་༽གཏོར་མ་༼སྦྱིན་བསྲེག་ཟེར་༽རིམ་པར་བྱས། །བསྒྲུབ་པ་པོ་ནི་༼དངོས་གྲུབ་ཐམས་ཅད་༽འགྲུབ་པར་འགྱུར།༼སྐྱེ་བ་བདུན་པ་དེའི་ཤ་ཟོས་པའམ་གོ་རོ་ཙ་ནས་ཐིག་ལེས་བྱས་ནས་༽ །དེ་བཞིན་དཔག་ཚད་བརྒྱ་ཕྲག་ནི། །སྟོང་༼སྟེང་ཟེར་༽གི་སྟེང་དུ་༼མཁའ་སྤྱོད་དུ་༽སྐད་ཅིག་༼གིས་༽འགྲོ། །རྣལ་འབྱོར་༼སྙིང་པོའི་ཡི་གེ་ཉི་ཤུ་༢་པའི་༽སྔགས་མཆོག་དམ་པ་སྟེ། །མཁའ་འགྲོ་མ་ཡི་སྦྱོར་༼བས་ ཕྱིའི་རིགས་ལྡན་མ་མཆོད་པ་ལ་ངོ་ཤེས་དགོས་ངོ་ཤེས་པ་ལ་བརྡའ་དགོས་པ་༽གྲུབ་བྱེད། །རྣལ་འབྱོར་མཚན་མས་༼སྔོན་དུ་བསྙེན་པ་ལ་མཚན་མ་ཐོབ་ནས་༽གང་༼ཐོབ་ནས་༽ཟློས་པ་༼དེ་ནས་༽ །༼ཐུན་༤་ངེས་པ་༽ །ཟླ་བ་གཅིག་གིས་འགྲུབ་པར་འགྱུར། །གསང་བ་ཡི་ནི་སྔགས་༼ཉི་ཤུ་༢་པ་༽འདི་ནི། །སྙིང་པོ༼འི་སྔགས་༽་ཤིན་ཏུ་དགེ་བ་ཡིན། །གང་ཞིག་༼སྔགས་༽དེ་ཉིད་༼སྙིང་པོའི་སྔགས་སྐྱེ་བ་བདུན་པའི་བསྒྲུབ་པ་༽ཤེས་པ་ནི། །དེ་འདིར་རྣལ་འབྱོར་པ་ཉིད་དུ། །ཐེ་ཚོམ་མེད་དེ་༼ཛེ་ཀ་༽དེ་ཉིད་ནི། །ང་ཡིས་དེ་རྣམས་༼འགྲུབ་པར་༽བསྟན་པ་ནི། །མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན་༼དང་པོ་ནམ་མཁའ་དང་མཉམ་པ་ལས་ཕྱིས་གུ་སཾ་བྷྲ་ར་ལས། ལས་བསྟན་པ་དེ་ཕྱིས་འདིར་བསྡུས་ཏེ་བསྟན་༽། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་དཔལ་ཧེ་རུ་ཀ་བོང་བུའི་རྣལ་འབྱོར་མཛད་པའི་ཆོ་གའི་ལེའུ་སྟེ་བཅུ་བཞི་པའོ། །དེ་ནས་༼ནམ་མཁའ་དང་མཉམ་པ་དང་ཨ་བི་ར་ན་དང་ཧེ་རུ་ཀ་འབྱུང་པ་ལ་སོགས་པ་༽སྡོམ་པ་ཐམས་ཅད་ལ། །གང་ཞིག་༼དེ་ལྟ་བུའི་ལམ་དང་འབྲས་བུའི་གསང་པ་ཡང་རིགས་ལྡན་མ་མཆོད་པ་ལས་འགྲུབ་ལ་དེ་ལ་རིགས་ལྡན་མ་ངོ་ཤེས་དགོས་ལ་དེ་ལ་བརྡའ་དགོས་པས་ཡི་གེ་རེ་རེ་བའི་བརྡའ་བསྟན་ཏོ།འདི་ན་མར་ཡི་གེ་ལྡབས་པ་རྣམས་ནི་སྐབས་ཀྱི་སྟོབས་ཀྱིས་དོན་སོ་སོ་ལ་འཇུག་པ་ཡིན་ལ་སྐབས་ཀྱི་སྟོབས་དང་མ་འབྲེལ་ན་ནི་དོན་དེ་དག་དྲན་པས་ཆོག་གསུང་སྐད༽བརྡ་ནི་ཤེས་འབྱུར་བ། །དེ་ཉིད་ཀྱིས་དེ་འགྲུབ་པར་ནི། །ཐེ་ཚོམ་མེད་པར་བཤད་པ་ཡིན། །རྟ་ཞེས་བྱ་བ་སྐྱེས་བུར་བཤད། ༼ཕར་བྱེད་ན་ཡང་བྱེད་དང་ཚུར་བྱེད་ན་ཡང་བྱེད་དེ་ཡི་གེ་དེ་དང་དེའི་དོན་གྱི་གོ་བ་སྐྱེས་བུ་ཞེས་བྱ་བའམ་བུད་མེད་ཞེས་བྱ་བ་ལ་སོགས་པ་བསྐྱེད་པའོ༽ །༼ཡི་གེ་འདི་གསལ་པོ་མི་མཐོང་ཌི་༽ཞེས་བྱ་བ་༼དོན་གོ་བ་ཙམ་གྱིས་ཆོག་བྱ་མི་དགོས་གསུང་༽སྐྱེས་བུར་བཤད། །ཌི་ཞེས་བྱ་བ་བུད་མེད་ཡིན། །པུ་ཞེས་བྱ་བ་གནོན་པ་༼སྙོམས་འཇུག་༽ཡིན། །སུ་ཞེས་བྱ་བ་༼འབྲས་ཆན་ལ་སོགས་པ་༽ཟ་བ་ཉིད། །མ་ཞེས་བྱ་བ་མ་རུ་བཤད། །ཨ་༼ཨོ་༽ཞེས་བྱ་བ་ཆུང་མ་ཉིད། །བྷི་༼དྲི་ཟ་༽ཞེས་བྱ་བ་སྲིང་མོ་ཡིན། དྷི་ཞེས་བྱ་བ་མཛའ་མོར་བཤད། །ལུ་ཞེས་བྱ་བ་བུ་མོ་ཡིན། །སྟི་ཞེས་བྱ་བ་༼ཟླ་མཚན་གྱི་༽ཁྲག་ཏུ་བཤད། །ས་ནི་ཞི་བའི་༼ཆང་༽བཏུང་པ་ཡིན། །པེ་ཞེས་བྱ་བ་ཐུག་པ་སྟེ། །ཧེ་ཞེས་བྱ་བ་དེ་བཞིན་ཤ། བྷ་ཞེས་བྱ་བ་༼ཤ་༽ཟ་བ་ཡིན། བྷུ་ཞེས་བྱ་བ་༼འཕྲད་པའི་༽ཕྲད་པ་ཡིན། །པཱི་ཞེས་བྱ་བ་དུར་ཁྲོད་ཡིན། བྷུ་ཞེས་བྱ་བ་རོ་ཡིན་ནོ། དྷི་ཞེས་བྱ་བ་༼བྷ་ར་ཧི་༽རྣལ་འབྱོར་མ། །༼གོ་ཟེར་༽ལེ་ཞེས་བྱ་བ་ལཱ་མ་ཡིན་༼མཁའ་འགྲོ་མའི་རིགས་མས་བྱུང་བའོ༽། །སཏྲི་ཞེས་བྱ་བ་གཟུགས་ཅན་ཡིན། །ཀུ་ཞེས་བྱ་བ་མཁའ་འགྲོ་མ། །ཧ་ནི་ཁཎྜ་རོ་ཧ་ཉིད། །ཛ་ཞེས་བྱ་བ་བྱིན་པ་གཉིས༼འཁྲིལ་ལེ་བ་༽། །བྷ་ཞེས་བྱ་བ་༼གསང་བའི་རྡོ་རྗེ་བོ་ལའི་བརྡའ་ཡིན་༽དཔུང་བ་ཡིན། །སུ་ཞེས་བྱ་བ་༼བཀྲ་ཤིས་པའི་ཚིག་༽གསོང་པོར་སྨྲ། །ས་ཞེས་བྱ་བ་ལེགས་འོངས་ཡིན། །༼འདི་ཚོ་བྷ་དན་ཏའི་དཔེའ་ལས་མ་བྱུང་གསུང་༽མི་ཞེས་བྱ་བ་ཉ་ཡིན་ལ།བྷྱོ་ཞེས་བྱ་བ་བཟའ་བ་ཡིན། །བྱི་ཞེས་བྱ་བ་བཏུང་བ་ཡིན། །ག་ནི་༼བྲམ་ཟེ་མ་སོགས་༽བགྲོད་དང་བགྲོད་མིན་༼རྡོལ་བ་མོ་སོགས་༽ཡིན། །ཀ་ཞེས་བྱ་བ་འདོང་པ་ཡིན། །ས་ཞེས་བྱ་བ་གཞན་༼དུ་༽མི་འགྲོ་༼བ་༽། །ར་ཞེས་བྱ་བ་ཁྲོ་༼བ་༽མེད་མ། ༼འདི་མན་ཆད་ཡོད་༽ །དུ་ཞེས་བྱ་བ་སྤྱོད་ངན་མ་༼དྲིས་བའི་འདི་དག་མེད་གསུང་༽། །སུ་ཞེས་བྱ་བ་སྐལ༼་བ༽་བཟང་༼གཞོན་པ་༽མོ། །ན་ཞེས་བྱ་བ་༼རྒན་མོའི་༽སྐལ་ངན་མོ། །ས་ཞེས་བྱ་བ་དམ་ཚིག་ཅན། །ཨ་ཞེས་བྱ་བ་དམ་ཚིག་མེད། །ཨཱ་ཞེས་བྱ་བ་༼ཚོགས་ཀྱི་ནང་དུ་༽འོངས་པ་ཡིན། །ན་ཞེས་བྱ་བ་༼ཚོགས་ཀྱི་ནང་དུ་༽མ་འོངས་ཡིན། །སོ་ཞེས་བྱ་བ་༼བརྩེ་སེམས་ཆེ་བ་༽ཆགས་པ་ཡིན།༼ཡི་གེ་རེ་རེ་དོན་༢་སྟོན་པར་འདོད་པའམ་ཡི་གེ་སོ་སོས་དོན་༡་སྟོན་པར་འདོད་པ་འབྱུང་ཡང་བརྡ་དེས་དོན་གཉིས་སྟོན་པར་གོ་བར་ཆོག་གསུང་༽ །འདི་དག་ནི་ཡི་གེ་རེ་རེ་ཞིང་བརྡ་ཡིན་ཏེ། །དཔའ་བོ་དང་སྲིང་མོར་༼༡་གིས་༡་ངོ་༽ཤེས་པར་བྱའོ།༼བསྒྲུབ་པ་པོ་ཉན་ཐོས་ལ་སོགས་པ་༽ །དད་པ་དང་མི་ལྡན་པ་རྣམས་ལ་༼བརྡའ་ན་༽སྦྱིན་པར་མི་བྱའོ།༼ རིགས་ལྡན་མ་མཆོད་པ་ལ་སོ་སོའི་སྐྱེ་བོ་དང་ཏིར་ཏི་ཀ་དང་མཚན་ཉིད་ཐེག་པ་ལ་སྦྱིན་པར་མི་བྱ་གསུང་༽ །༼གསང་སྔགས་མཆོག་ལ་༽དམ་ཚིག་གི་མཆོག་ཡིད་དུ་འོང་བ་ལ་༼དད་ལ་༽དགོས་པ་དང་ལྡན་པ་རྣམས་ལ་སྦྱིན་པར་བྱའོ།༼ཌ་ཀི་ནི་སྤྱིའི་མཚན་ཉིད་ལྔ་ལྔར་བསྟན་ སྤྱིར་བསྟན་༽ །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་བརྡ་བའི་ལེའུ་སྟེ་བཅྭ་ལྔ་པའོ། །དེ་ནས་༼མཧཱ་མུ་ཏྲ་༽དངོས་གྲུབ་ཆེན་པོ་༼གྲུབ་པའི་རྒྱུ་རིགས་ལྡན་མ་ཡིན་པས་དེའི་མཚན་ཉིད་ གཞན་ལ་༽གསང་། །བསྒྲུབ་པ་པོ་ལ་བཤད་བྱ་བ། ༼སི་ཏི་བསྒྲུབ་པ་ལ་༽ །དད་པ་རབ་དང་ལྡན་པ་དང་༼བླ་མ་དང་བུད་མེད་ཐམས་ཅད་ལ་དད་པ་བདེ་མཆོག་དང་ ལྡན་པ་༣༽། །༼ཤ་ལྔ་བདུད་རྩི་ལྔ་རྟེན་པ་ལ་ རྣམ་རྟོག་ཆུང་༽མཆོག་ཏུ་དམ་ཚིག་བརྟེན་པའི་སྣོད་༼དུ་གྱུར་པ༽། །དེ་ལ་རབ་ཏུ་བསྟན་པར་བྱ། །ཡིད་ནི་དགའ་བ་༼དང་ལྡན་གཞན་ལ་༽ཕན་བྱེད་པ།༼རིགས་བདུན་དུ་མངོན་པ་ནི་ཧེ་རུ་ཀ་རྡོ་རྗེ་སེམས་དཔའ་༡་ཡིན་༽ །དད་པ་ཅན་ལ་རབ་སྦྱིན་པ། །ཁ་དོག་༼གི་རྟགས་དང་༽དྲ་ལ་༼དབྱིབས་གོས་དགའ་བའི་ཡུལ་གྱི་སྤྱོད་ལམ་ཏེ་༽སོགས་པ་དང་། །༼དེ་ལྟ་བུ་དེ་སྙོམས་འཇུག་བྱས་ཏེ་དེ་ཁོ་ནའི་ པུ་ཙས་མཆོད་པ་༽གཉིས་མེད་དཔའ་བོས་བརྟེན་པར་བྱ། །༼ཌ་ཀི་ནི་༽དེ་ཉིད་༼ཀྱི་མཚན་ཉིད་༽ཤེས་པ་ཙམ་གྱིས་ནི། །༼མཧཱ་མུ་ཏྲའི་༽བསྒྲུབ་པ་པོས་ནི་དངོས་གྲུབ་ཐོབ་༼འདི་རྒྱུ་རྡོ་རྗེ་འཛིན་པའི་དབང་དུ་བྱས་པ་ནི། དབྱེ་བཞི་ལ་རིགས་དང་སྤྱོད་ལམ་དང་ལས་དང་པོ་རིགས་ཀྱི་དབྱེ་གཞི་ལས་ཕྱེ་བའོ༽། །༼རྒྱལ་རིགས་ཀྱི་བུ་མོ་དང་རྡོ་རྗེ་སེམས་དཔའི་རིགས་༽བུད་མེད་པད་༼མ་དཀར་པོ་༽རྩ་ལྟར་༼ཁ་ཏོག་གི་རྟགས་༽དཀར་ཞིང་། ༼བུད་མེད་གང་ཡང་རུང་སྟེ་མཚན་མ་འདི་དག་དང་ལྡན་ན་མིའི་རྒྱལ་རིགས་མར་གདགས། ལྷའི་རྡོ་རྗེ་སེམས་དཔའི་རིགས་ཞེས་བྱ་གསུང་། དེས་འོག་མ་རྣམས་འདྲེ། རེས་ཕལ་ཆེར་མཚན་མ་འདི་རྣམས་རྒྱལ་རིགས་ལ་འོང་གསུང་།༽ །༼དབྱིབས་ཀྱི་རྟགས་༽པད་མའི་འདབ་༼མ་༽ལྟར་དཀྱུས་རིང་༼པའི་༽མིག །༼གོས་ཀྱི་རྟགས་༽རྟག་ཏུ་གོས་ནི་དཀར་ལ་དགའ། །༼དྲིའི་རྟགས། དབུགས་དང་རྡུལ་༽ཙན་དན་གསར་བའི་དྲི་དང་ལྡན། །༼དགའ་བའི་ཡུལ་གྱི་སྤྱོད་ལམ། ཆོས་འཆད་པ་དང་ཆོས་བྱེད་པ་མཐོང་ན་དགའ་བ་དང་༽བདེ་གཤེགས་འདུས་པ་ཉིད་ལ་དགའ། །༼རྡོ་རྗེ་སེམས་དཔའ་དང་ཕག་མོའི་རིགས་༽རིགས་རྒྱུད་༼འདི་དང་འོག་གི་དམར་ཞིང་༽ལས་བྱུང་ཤེས་པར་བྱ། །བུད་༼མེད་༽གང་༼ཁ་ཏོག་༽བཙོ་མའི་གསེར་འདྲ་ཞིང་། །༼གོས་༽དམར་དང་སེར་བའི་གོས་ལ་དགའ། །༼དྲི་༽ཛཱ་ཏི་༼དོམ་པའི་༽ཙམ་པའི་དྲི་༼ནིའི་རིགས་༽དང་ལྡན། །དེ་ཡང་༼རད་ནའི་བསྒྲུབ་པ་པོ་༽དཔའ་བོའི་༼བཟང་ཟེར་༽རྗེས་འགྲོ་འགྱུར། ༼དབྱིབས་དང་དགའ་བའི་ཡུལ་སྔ་མས་ཤེས་པར་བྱ་སྟེ་སྔ་མ་ལ་ལྟོས་པ་འོག་མར་ཀུན་ལ་ཤེས་པར་བྱ་༽ །༼དམངས་མོ་ཧེ་རུ་ཀའི་རིགས་༽ཐམས་ཅད་ཨུད་པལ་ལྟར་༼ཁ་ཏོག་༽སྔོ་བསངས། །དྲི་དང་གོས་ནི་སྔོ་ལ་དགའ། །ཨུད་པལ་སྔོན་པོའི་དྲི་ཡོད་པ། །དེ་ནི་དཔའ་བོ་བཟང་༼མི་བསྐྱོད་པའི་བསྒྲུབ་པ་པོའི་༽རྗེས་འགྲོ༼་ཚོས་མ་དོན་གྲུབ་ཀྱི་རིགས་ལ་དགའ༽། །ཤིན་ཏུ་རྣམ་དག་༼གར་མ་དང་སྣང་བ་མཐའ་ཡས་ཀྱི་རིགས་༽བུད་མེད་ནི། །པད་མ་དཀར་འདྲའི་༼གཡུང་མོ་གསུང་༽མདོག་གང་ཡིན། །རྟག་ཏུ་༼དམར་པོ་༡་ཡོད་༽པད་མའི་རྩ་བའི་དྲི། །དེ་ཡང་དེ་བཞིན་དཔའ་བོའི་བློ་༼སྣང་བ་མཐའ་ཡས་བསྒྲུབ་པ་པོས་བསྟེན༽ །༼འདི་འབྲས་བུ་རྡོ་རྗེ་འཛིན་པའི་དབང་དུ་བྱས་པ་ཡིན་༽ །དམར་ཞིང་སེར་སྐྱའི་༼འདི་ཡང་རྡོ་རྗེ་སེམས་དཔའི་རིགས་ཏེ་གྱུང་མོ་ལ་བརྟག༽བུད་མེད་གང་༼ཁ་ཏོག་༽། །གཟུགས་བཟང་གོས་ནི་དམར་བ་དང་། །མ་ལི་ཀ་དང་ཨུད་པལ་དྲི། །༼བཛྲ་བྷ་ར་ཧིའི་རིགས་༽དེ་ནི་རྡོ་རྗེའི་༼སེམས་དཔའ་༽རིགས་བྱུང་བ། ༼རྡོ་རྗེ་སེམས་དཔའ་༢་འབྱུང་པ་སྔར་ནི་རྒྱུ་རྡོ་རྗེ་འཛིན་པའི་རིགས་ཏེ་༡་དུ་བྱས་པས་དྲུག་ལས་མེད་གསུང་།༽ །སེར་ཞིང་ལྗང་བའི་བུད་མེད་གང་། །གོས་ནི་དཀར་ལ་དགའ་བ་དང་། །ཤྲི་ཤའི་དྲི་ཡི་མེ་ཏོག་༼གི་དྲི་དང་༽ལྡན། །དེ་བཞིན་གཤེགས་རིགས་རྗེས་འགྲོ་ཡིན། །བུད་མེད་གང་ཞིག་༼བྲམ་ཟེ་མོ་དང་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་༽ཁ་དོག་དམར། །དེ་ཡི་མདོག་ཅན་གོས་འཆང་ཞིང་། །༼རད་ནའི་རིགས་ལ་༽རྟག་ཏུ་ག་བུར་དྲི་དང་ལྡན། །རྣམ་སྣང་རིགས་ཀྱི་རྗེས་འགྲོ་ཡིན།༼འདི་རྣམས་ནི་བསྒྲུབ་པ་པོས་བསྟེན་༽ །རྣལ་འབྱོར་མ་ཡི་རིགས་རྣམས་ནི། །དེ་ལྟར་༼བསྡུས་ན་དྲུག༽བདུན་པོ་༼སོ་སོར་བདུན་དུ་༽ངེས་བཤད་པ། །༼བྱ་བ་ཐམས་ཅད་ལག་པ་༽གཡོན་པའི་༼དབྱེ་གཞི་༢་པ་སྤྱོད་ལམ་གྱི་དབྱེ་བ་ནི། སྤྱིའི་མཚན་ཉིད་རྐང་བ་གཡོན་པ་སྔོན་ལ་འགྲོ་བ་མིག་གཡོན་པ་སྔོན་ལ་བལྟས་༽ཀུན་སྤྱོད་ལ་རྟག་དགའ། །༼སོ་སོའི་མཚན་ཉིད་༽འདི་དག་རང་གི་མདོག་གིས་ཁྱབ་༼འདི་ཡན་ཆད་ཕག་མོའི་རིགས་ཡིན་གསུང་། ཕག་མོ་ལ་རིགས་དྲུག་དུ་ཕྱེ་བའོ༽། །༼འདི་ན་མར་རྡོ་རྗེ་སེམས་དཔའི་རིགས་ཡིན་གསུང་༽རིགས་༼ཐམས་ཅད་ཀྱི་༽ཀྱི་རིག་པའི་ཡི་གེ་༼སྟེ་རིགས་ཐམས་ཅད་ཀྱི་མཚན་མ་དང་༽ཡང་། །ཁ་དོག་དྲུག་ཏུ་འགྱུར་བ་ཡིན་༼ཀ་སྟེ་སྣ་ཚོགས་དང་ལྡན་གསུང་༽། །རང་གི་༼རིགས་ཀྱི་༽ཕྱག་རྒྱ་༼ལུས་ལ་༽བཅིང་བ་དང་། །རང་༼གི་༽རིག༼ས་ཀྱི་སྔགས་༽ལས་༼ཏྲཾ་༽བྱུང་ཚིག་༼ངག་༽ཏུ་སྨྲ། །༼ཕྱོགས་༽གཡོན་ནས་འགྲོ་བའི་བུད་མེད་གང་༼སྤྱོད་ལམ་༽། །རྣལ་འབྱོར་པའི་ཡང་གཡོན་ལ་བརྟག །ལག་པ་གཡོན་གྱིས་༼བརྡའ་ཐམས་ཅད་༽མཚོན་པ་དང་། །གཡོན་༼གྱིས་མིག་ཟུར་དམིག་གིས་བལྟ་གསུང་༽ནས་བལྟ་བས་རྣམ་བར་བལྟ། །ལྷ་མོ་རྣམས་དང་༼བུད་མེད་གར་འཚོགས་པར་༽དགའ་སྨྲ་བ། །དེ་ནི་༼བྱིན་གྱིས་བརློབ་ནུས་པ་༽དམ་ཚིག་ལྡན་པར་༼དེ་མེད་ན་༽བཤད། །བུད་གང་གུས་པར་བྱེད་པ་༼པད་མའི་རིགས་ཀྱི་༽ཡིས། །༼རང་གི་༽རིགས་ཀྱི་༼སྔགས་བཟློས་པ་ཧྲི་ཉེས་པ་༽ས་བོན་རབ་སྟོན་ཅིང་། །རིགས་ཀྱི་བྱ་བ་༼པད་མའི་རིགས་ཀྱི་བྱ་བ་༽་མི་འདོར་ལ། །རང་གི་གཙུག་ལག་ཚིག་མི་སྤོང་། །རང་གི་རིག་པ་༼ཧྲི་༽ཟློས་བྱེད་པ། །༼རང་གི་རིགས་ཀྱི་༽དམ་ཚིག་ལྡན་པར་བསྟན་པ་ཡིན། །༼མི་བསྐྱོད་པའི་རིགས་ཀྱི། ཐལ་མོ་གཉིས་སྤྱི་བོར་སྦྱོར་བ་༽ཕྱག་འཚལ་བ་ནི་གང་འཆིང་བ། །གཡོན་པའི་ལུས་ཀྱིས་རྟག་ཏུ་འདུད། །༼བུད་མེད་འདུས་པ་ལ་༽ལྷ་མོ་རྣམས་དང་གང་སྨྲ་བ་༼ཀུན་ཟེར་༽། །དེ་ནི་ངེས་པར་བདེན་པར་འགྲོ་༼བསྒྲུབ་པ་པོ་ལ་སི་ཏི་སྟེར༽། །༼དོན་གྲུབ་ཀྱི་༽མཐེ་བོང་གཡོན་པས་ས་ལ་ནི། ༼རིགས་ཀྱི་མཚན་མ་ཡང་ན་ཨོཾ་ཞེས་པ་༽ །རྟག་པར་རི་མོ་འབྲི་བྱེད་ཅིང་། །མགོ་ནི་འཕྲུག་པར་༼རྡོ་རྗེའམ་རལ་གྲིའམ་ཐོད་པ་གྲུ་༣་པ་འདྲི་༽བྱེད་པ་དང་།༼སྐྱེས་པ་དང་འཕྲད་ཙ་ན་༽ །༼དོན་བསྒྲུབ་ནི་བསྒྲུབ་པ་པོ་ལ་༽ཟུར་གྱིས་ལྟ་ཞིང་༼བརྡའི་༽ལག་པ་སྟོན། །བསྒྲུབ་པོའི་ཡུལ་ལ་ཕན་པ་རུ། །དེ་ཡི་རང་བཞིན་༼དེའི་སྔགས་སུ་ཁ་ཞེས་པ་༽དྲན་པ་དང་། ༼རྣམ་སྣང་གི་རིགས་སུ་༽ །མཁུར་བའམ་ཀོ་སྐོ་དག་དང་ནི། །སྣ་དག་ཏུ་ནི་སོར་མོ་སྟོན་༼རེག༽། །ཟུར་གྱིས་༼བ་རོའི་བསྒྲུབ་པ་པོ་ལ་༽ལྟ་ཞིང་ལན་གཅིག་༼བྲུཾ་ཞེས་པ་རང་གི་རིགས་ཀྱི་༽སྔགས། །ཟློས་ཤིང་རིག་པ་རྟག་པར་༼བསྒྲུབ་པ་པོ་ལ་༽ལྟ། །བདེན་པར་༼དངོས་གྲུབ་སྟེར་བར་༽འགྲོ་བའི་རྣལ་འབྱོར་མ། །ངེས་བར་དམ་ཚིག་ཅན་ཡིན་ནོ། །༼དེ་ལྟ་བུ་དེ་༽རྣལ་འབྱོར་མ་ནི་༼དངོས་གྲུབ་སྟེར་བ་༽ཡིད་ཆེས་འགྱུར། །ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས་རྣལ་འབྱོར་མ་བདུན་གྱི་མཚན་ཉིད་ངེས་པར་བརྟག་པའི་ཆོ་གའི་ལེའུ་སྟེ་བཅུ་དྲུག་པའོ། །དེ་ནས་༼ལོ་ཀ་དང་ལོ་ཀ་ལས་འདས་པའི་མིང་གི་རྣམ་གྲངས་༽རྙེད་དཀའི་རྣལ་འབྱོར་མ། །དེ་བཞིན་༼ཕྱོགས་༡་དུ་བསྟན་༽མཁའ་འགྲོ་མ་རྣམས་ཀྱིས་༼ངོ་ཤེས་པར་བྱ་སྟེ་བསྙེན་བསྐུར་ཞིང་བསྟེན་པ་ལ་༽ ། ༼ད་ནི་ལོ་ཀ་དང་ལོ་ཀ་ལས་འདས་པའི་མིང་གི་རྣམ་གྲངས་ཀྱི་སྒོ་ནས་རིགས་ངོ་ཤེས་པར་བྱ་བ་བསྟན། མཁའ་འགྲོ་མ་བདུན་པོ་འདི་ཨ་བི་ད་ན་ནས་ལས་ལས་སྐྱེས་པར་འདོད། ཀུན་སྤྱོད་ཞིང་སྐྱེས་སུ་འདོད། རྡོ་རྗེ་མཁའ་འགྲོ་དང་གཞུང་འདི་༢་སྔགས་སྐྱེས་སུ་འདོད་ན་གསུང་། ནང་དུ་བདུད་རྩི་ལྔ་ལ་བརྟེན་ནས་ཕྱི་རོལ་དུ་སི་ཏི་འབྱུང་བས་༽ །བདུད་རྩི་ལྔ་རྣམས་༼ཏེ་དངོས་གྲུབ་ལྔ་རྣམས་སུ་༽ཡང་དག་འབྱུང་། །༼ལོ་ཀ་དང་འདས་པའི་མིང་གི་རྣམ་གྲངས་༽ཡ་མི་ནི་དང་སྐྲག་བྱེད་མ་༼དབྱེ་༤་༢་ལས་དབྱེ་བ་ལྔ་དང་དྲུག༽། །འདོད་ལྡན་མ་དང་འཇིགས་གཟུགས་མ། །ཀུན་ཏུ་སྤྱོད་མ་མཛེས་མ་དང་། བྷ་སུ་ར་དང་རྣམ་པ་བདུན། ༼འདི་དག་འཇིག་རྟེན་ལས་འདས་པའི་ཁོ་ན་ལས་གྲགས་པ་དང་འདས་པའི་སྤྱོད་པ་དང་ལྡན་པས་སོ། དོན་གོ་ཆའི་དཔའ་མོ་དྲུག་གོ༽ །སྡུད་པ་མོ་ནི་འདིར་བཤད་བྱ། ༼འདི་ལོ་ཀ་པ་ནས་གྲགས་པ་དང་འདས་པའི་སྤྱོད་པ་དང་ལྡན་པས་༽ །གཟུགས་ཅན་མ་དང་༼ཡ་མི་ནི་གཟུགས་ཅན་མར་སོང་དེས་འདྲེའོ་༽ཙུམ་པི་ཀ་༼སྐྲག་བྱེད་མ་༽ །ལཱ་མ་ཡོངས་གྱུར་༼འདོད་ལྡན་མ་འཇིགས་གཟུགས་༽བྱིས་བཅས་མོ་༼ཀུན་སྤྱོད་༽། །༼མཛེས་མ་༽མི་ལྡོག་ཨེ་ཧི་ཀ་ལྷ་མོ་༼བྷ་སུ་རའོ༽། །མཁའ་འགྲོ་མ་ནི་བདུན་དུ་བཤད་༼ཨུ་ད་༽ ། ༼ནིར་དེ་༽ །མངོན་པར་༼བསྒྲུབ་པ་པོ་ལ་ཆགས་པས། ལོ་ཀ་བའི་བདུན་པའི་རྟགས་སམ་མཚན་ཉིད་སོ་སོར་བཤད་པའི་༽ཞེན་པས་ལྟ་བ་དང་། །སྨིན་མ་༼གཡས་གཡོན་ཡོ་མིན་༽འདེགས་པར་གང་བྱེད་ཅིང་། །༼ཕྱིས་ཀྱི་ རྒྱུ་བ་བོར་ནས་དང་པོའི་རྒྱུ་པ་འཛིན་པ་༽སྔོན་བཞིན་གཟུགས་ནི་སྡུད་བྱེད་ལ། ༼བཞི་སྡུད་པ་དང་འཇོག་པ་ལ་གསུང་། སྔར་གྱི་ རྒྱུ་བ་བོར་ནས་ཕྱིས་ཀྱི་རྒྱུ་བ་འཛིན་པ་༽ །ཕྱིས་ནི་འཇོག་པར་བྱེད་པ་ཡིན། །དེ་ནི་གཟུགས་ཅན་མར་ཤེས་བྱ། །དཔའ་བོ་༼རྣལ་འབྱོར་མ་དེ་༽གཉིས་༼སུ་༽མེད་༼པར་༽བསྟེན་བྱ་འོ་༼བསྟེན་དུ་བཏུབ་པོ་༽ ། ༼གཟུགས་བྱིས་པ་སྡུག་པའམ་མི་སྡུག་པ་ལ་༽ །སྡུག་པའམ་ཡང་ན་མི་སྡུག་པའི། །བྱིས་པ་༼ལ་༽མཁྱུད་ཅིང་ཙུམ་པ་༼འོ་བྱེད་པ་༽ན། །དེ་ནི་ཙུམ་པི་ཀར་ཤེས་བྱ་༼འོ་བྱེད་པར་༽། །༼དེ་བསྟེན་པ་པོ་༽མཁའ་འགྲོ་སྡིག་པ་ཟད་བྱེད་ཡིན་༼བརྟེན་དུ་བཏུབ༽། །ཟས་ཟ་བ་ན་ཟུར་དུ་༼གཡོན་དུ་༽ལྟ། །༼བཞིན་༽ཁྲོ་གཉེར་དང་ནི་གདོང་དག་༼འཁོར་༽དང་། །༼བར་བར་དུ་༽སྨིན་མ་བསྒྱུར་ཅིང་སྡིགས་འཛུབ་བྱེད། །འདི་ནི་གཞན་དུ་༼རྒྱུ་བ་དེ་ཉིད་ལས་གཞན་དུ།བསྒྱུར་༽མི་འབྱིན་ཅིང་། །༼གཞན་དེས་༽འཇིགས་པར་བྱེད་པ་གང་ཡིན་པ། །དེ་ནི་ལ་༼འདིར་བརྟེན་དུ་མི་རུང་གསུང་༽མ་ཡིན་པར་བསྟན། །ཕག་དང་སེང་གེ་བྱི་ལ་དང་། །ལྕེ་སྤྱང་ར་དང་རྟ་དག་དང་། །ཐམས་ཅད་༼སྐྲོད་ཅིང་སྐྲག་པར་བྱེད་པས་༽དེར་ནི་འཇིགས་བྱེད་པ། །༼དེ་ལྟ་བུ་སྐྲག་ཅིང་བསྒྱུར་བར་བྱེད་པས་༽ཡོངས་སུ་གྱུར་མར་དེ་༼མི་བསྟེན་༽བཤད་དོ། །༼བསྒྲུབ་པ་པོ་ལ་༽ཤིན་ཏུ་དགའ་བ་༼ཧ་ཧ་ཞེས་༽རྒོད་པ་༼པ་གསལ་བ་༽དང་། །༼གང་སོང་བར་༽སོང་ནས་སླར་ཡང་མི་ལྡོག་ལ། ༼སྐྱེས་པའམ་བསྒྲུབ་པ་པོ་ལ་༽ །རྗེས་སུ་ཆགས་ནས་གསལ་བར་རྒོད། ༼བྱིས་པའི་སྤྱོད་པ་དང་ལྡན་པས་བྱིས་བཅས་མོ་༽ །ཁཎྜ་རོ་ཧར་དེ་༼དེ་བསྟེན་ནོ་༽བཤད་དོ། །༼དེའི་རྒྱུ་ བ་གང་གིས་མཐོང་བ་དེའི་༽ཡིད་ནི་ཀུན་ཏུ་སྐྱོ་བ་དང་༼དེ་ལྟ་བ་ལ་སོགས་པ་མི་འདོད༽། །༼དེའི་༽རྐང་པ་༼འམ་༽ལག་པས་བོང་བའམ། །གོས་མཐའ་ཡང་ནི་ཤིང་དག་གིས། །དེས་རེག་པ་ནི་༼དེས་གང་ལ་རེག་པ་དེ་མི་འཚོ་༽འཚོ་མི་འགྱུར། ༼ འདི་སྔར་དྲན་པའི་མཚན་ཉིད་དམ་རྟགས་དང་། མི་འདྲ་བ། ཁ་དོན་དང་། དྲི་དང་། ཤའི་གཉེར་མ་ལ་སོགས་པའི་རྟགས་སྟན་གསུང་ ༽ །མི་ལྡོག་༼མར་༽མར་ནི་ཤེས་༼པར་༽བྱ་སྟེ། །བསྒྲུབ་པ་མིན་པར་དེ་གྲགས་སོ།༼ དྲུག་པོ་མེད་པར་དེ་༡་བུས་མཆོད་ཅིང་བསྟེན་དུ་མི་རུང་པས། དྲུག་པོ་ཡོད་ན་༡་གིས་༡་གྲོགས་བྱས་པས་མཆོད་ཅིང་བསྟེན་དུ་རུང་༽ །རྒོད་དང་རྒྱུ་མེད་པ་རུ་ནི། །༼དེའི་འཕྲོ་ལ་༽ངུ་ཞིང་རབ་ཏུ་ཁྲོ་བ་སྟེ། །དེ་ནི་ཨེ་ཧི་ཀར་དྲན་བྱ། །༼དེ་༽ལྷ་མོ་༼གསལ་པོར་༽གསོང་པོར་སྨྲ་བ་ཡིན་༼མི་བསྟེན་༽ ། ༼འདིར་སྡུད་པ་པོའི་དོད་ཡིན་གསུང་༽ །སངས་རྒྱས་པ་དང་རྟག་ཏུ་སྨྲ་༼སངས་རྒྱས་པ་གང་ན་ཡོད་པའི་སར་ཕྱིན་ཏེ་༽། །དེ་ཉིད་རྡོ་རྗེའི་རིགས་ལས་བྱུང་། ༼སྡུད་བྱེད་༽ །མཁའ་འགྲོ་མ་ཡི་རིགས་༼སྡུད་བྱེད་བརྒྱད་ཀྱིས་བསྡུས་པ་ཡི་ཌ་ཀི་ནི་བདུན་པོ་མཆོད་པ་ན། རྟེན་བྲིས་སྐུ་ལ་སོགས་པ་མ་འབྱོར་ན་མཚན་མ་བྲིས་ཏེ་མཆོད་པར་བསྟན༽་ཕྱག་རྒྱ་༼བརྒྱད་ཀྱི་༽། །དཔའ་བོས་བསྙེན་ཕྱིར་མཚན་མ་བལྟ། །༼རྒྱུ་བ་ཅན་གྱི་༽ཐོད་པ་༼ཙི་པི་ཀའི་༽དགྲ་སྟ་༼ལ་མའི་༽མཆེ་བ་དང་། ༼ཡོངས་གྱུར་མའི་༽ །འཁོར་ལོ་༼བྱིས་བཙེས་མོའི་༽རྒྱལ་མཚན་༼མི་ལྟོག་མའི་༽རལ་གྲི་དང་། ༼སྡུད་བྱེད་བརྒྱད་ཀྱིས་བསྡུས་བྱ་རྣལ་འབྱོར་མ་སུམ་བཅུ་བདུན་བསྡུས་ཏེ། དེ་ལ་ཡང་པྲཛྙ་ར་ཀྲི་ཏའི་ཏིག་ཆུང་དང་འབའ་དན་ཏ་གསུང་པས་ན། ན་རོ་པའི་དགོས་པ་འདི་ཡིན་གསུང་པ་དང་། བགྲེས་པོ་རྣམས་གསུང་པ་གསུམ་དུ་ཤེས་པར་བྱ་དགོས་སོ༽ །སྐྲག་བྱེད་༼རྡོ་རྗེ་༽བརྒྱད་པ་༼ཨོ་ཧི་ཀ་ལ་མོའི་སྡུད་པ་མོ་༽དུང་དུ་བཤད་༼ཕག་མོའིལ་རྒྱུ་འབྲས་༢་སུ་ཕྱེ་བའི་ཕྱག་མཚན༽། །དཔའ་བོའི་དབང་ཕྱུག་༼སུམ་བཅུ་བདུན་༽ཐམས་ཅན་ཀྱི། །རིགས་ཀྱི་ཕྱག་རྒྱ་༼བརྒྱད་དུ་བསྡུས་པ་༽ཡིན་པར་བཤད། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་བྱ་བ་ལས། རྣལ་འབྱོར་མ་ཐམས་ཅད་ཀྱི་གཟུགས་ཡོངས་སུ་བརྗོད་པ་དང་ཕྱག་མཚན་གྱི་ཕྱག་རྒྱ་བསྟན་པའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པའོ། །དེ་ནས་གཞན་ཡང་བཤད་བྱ་པ་༼ཙུན་བྷི་ཀས་བསྡུས་པའི་མཁའ་འགྲོ་མ་ལ་རིགས་དྲུག་དུ་ནང་ཚན་གྱི་དབྱེ་བ་སྟོན་༽། །མཁའ་འགྲོ་རྣམས་ཀྱི་༼རྟེན་མའི་བུ་མོ་ལ་ཡོད་པའི་༽མཚན་ཉིད་ནི་༼མཁའ་འགྲོ་མ་དྲུག་དུ་དབྱེ་བ༽། །༼དམ་ཚིག་ཅན་༽གང་གིས་༼བསྒྲུབ་པ་པོ་ཤེས་པར་བྱ་སྟེ་མཆོད་པས་དངོས་གྲུབ་གསོལ་བས་༽ཡང་དག་ཤེས་པ་ཡི། །མཁའ་འགྲོའི་དམ་ཚིག་ལ་གནས་པའོ། ༼པདྨའི་རིགས་ཀྱི་མཁའ་འགྲོ་མ༽ །དམར་ཞིང་སེར་བའི་བུད་མེད་གང་༼འདི་སྔར་བསྟན་པའི་བུད་མེད་དམ་རྟགས་དང་མི་འདྲ་བ་ཁ་དོག་དང་དྲི་དང་ཤའི་གཉེར་མ་ལ་སོགས་པའི་རྟགས་བསྟན་གསུང་༽། །༼ཁ་དང་ཆོས་འབྱུང་ནས་༽པད་མའི་དྲི་ནི་རྣམ་པར་གཏོང་། །ལྟ་སྟངས་རང་བཞིན་ཞི་བ་དང་། །ཞེན་པའི་༼ཆགས་པས་༽ལྟ་བ་རྗེས་འགྲོ་བ། །བུད་མེད་གང་གི་སེན་མོ་དམར། །མིག་ནི་ཀུན་ཏུ་དམར་བ་དང་། །ཁྱིམ་དུ་པད་མ་བྲི་བ་༼བྲིས་ནས་མཆོད་པ་༽ནི། །པད་མ་གར་དབང་རིགས་བྱུང་༼མ་༽ཡིན། །༼རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་༽སྨིན་མའི་དབུས་ན་རྩེ་གསུམ་༼གྱི་རི་མོ་༽ཡོད། །ལུས་ནི་སྔོ་༼སྐྱ་༽བསངས་༼སྔོ་༽སྐྱ་མོ་དང་། །༼ཡི་དམ་དུ་༽རྟག་ཏུ་རྡོ་རྗེའི་རིགས་བསྒོམ་པ། །གང་གི་༼རང་གི་༽ཁྱིམ་དུ་རྡོ་རྗེ་འབྲི་༼ཞིང་དེ་ལ་༽། །རྟག་པར་མཆོད་པ་བྱེད་པ་ཡི། །མཁའ་འགྲོ་མ་དེ་༼བསོད་ནམས་ཆེ་བ་དང་༽དཔལ་ལྡན་ནི། །ཧེ་རུ་ཀ་ཡི་རིགས་བྱུང་༼ཞིང་སྐྱེས་ཀྱི་ཌ་ཀི་ནི་བྱིན་གྱིས་བརླབས་པ་ཡིན་པས་འདི་ཤིན་ཏུ་གྲུབ་ཐག་ཉེ་བས་བསྟེན་གསུང་༽ཡིན། །གང་གི་༼སྨིན་མ་བས་མཐོ་བ་ན་༽དཔྲལ་བར་༼བུད་མེད་རད་ནའི་རིགས་༽རྩེ་གསུམ་འམ་༼སོན་ཟེར་༽། །མདུང་ཐུང་༼འདྲ་བ་༽དག་ཀྱང་སྣང་འགྱུར་ཞིང་། ༼ཤ་རྩི་༽ །མིག་དམར་མདོག་ནི་དམར་སེར་ཡང་༼སེར་བ་ཡང་༽། །དེ་བཞིན་རྐང་པ་ལག་པ་དམར། །ར་སྐྱེས་ཁྱིམ་བྱ་དག་ལ་ཡང་། །རྟག་ཏུ་ཡིད་ནི་དགའ་འགྱུར་ཞིང་༼དེ་ཁྱིམ་དུ་བསྟེན་༽། །དེ་ཡི་ཁྱིམ་དུ་རྡོ་རྗེའི་མཚན་༼མ་བྲིས་ནས་དེ་ལ་༽། །རྟག་ཏུ་གང་ཞིག་མཆོད་བྱེད་པ། ཤྲཱི་ཧེ་ཀའི་༼རད་ནའི་རིགས་ཀྱི་༽རིགས་ལས་བྱུང་། །མཁའ་འགྲོ་ཡིན་པར་གདོན་མི་ཟ་༼དེ་བསྟེན་༽། །༼དེ་༤ན་གཤེགས་པའི་རིགས་ཀྱི་ཌ་ཀི་ནི་༽འཁོར་ལོ་གང་གི་དཔྲལ་བ་འམ། །ལག་པ༼འི་མཐིལ་དུ་༽ར་ཡང་ནི་སྣང་བར་འགྱུར། །སྤྲིན་སྔོན་དག་དང་༼མདོག་སྔོ་ནག་དུ་༽འདྲ་བ་ནི། ༼ ཐོད་དམ་སྟོད་གཡོགས་ཀྱིས་འགོ་འགྱེབས་པ་༽ །རྟག་ཏུ་དཔྲལ་བར་གོས་འཆང་བྱེད། །སྐལ་བ་ཆེན་པོ་༼བསྡུ་ན་༽ཕུན་འཚོགས་ཤིང་། །མཆོག་ཏུ་༼བརྫུན་མི་སྨྲ་བས་༽བདེན་པ་གང་ཡིན་༼པ་སྨྲ་༽དང་། །ཁྱིམ་དུ་འཁོར་ལོ་འབྲི་བྱེད་ཅིང་། །རྟག་ཏུ་དེ་ལ་མཆོད་བྱེད་པ། །རྡོ་རྗེ་ཕག་མོའི་༼ཐ་ཏའི་༽རིགས་བྱུང་བའི། །མཁའ་འགྲོ་མ་ནི་༼ང་རྒྱལ་ཆེ་བ་༽སྟོབས་ཀྱིས་དྲེགས། ༼འདི་ཡང་རྡོ་རྗེའི་རིགས་སུ་གསུང་༽ །གང་ཞིག་མིག་སྨན་༼གྱི་མཚམས་༽གནག་འདྲ་ཞིང་། །༼ཁྱད་པར་ནི་༽སོ་ནི་དཀར་ཞིང་མཐོ་བ་༼ སྟོ་ སྲོ་བ་༽དང་། །རྟག་ཏུ་གདུག་པར་༼ཞེ་སྡང་ཡུ་རིང་པ་༽འགྱུར་བ་དང་། །སེམས་སྟོབས་ལྡན་པར་༼འཇིགས་པ་མེད་པར་༽གྱུར་པ་དང་། །རྟག་ཏུ་༼གྲོགས་གཞན་པས་༽ཁྲུས་ལ་དགའ་བ་དང་། །མང་དུ་སྨྲ་བར་མི་བྱེད་ཅིང་། །ཁྱིམ་དུ་རྡོ་རྗེ་༼བྲིས་ནས་དེ་ལ་༽འབྲི་བ་དང་། ༼ རྣམ་སྣང་གི་རིགས་ཡིན་གསུང་༽ །རྟག་ཏུ་དགེ་བས་མཆོད་བྱེད་པ་༼དགེ་བ་དགའ་བ་རྡོ་རྗེའི་རིགས་༽། །རྡོ་རྗེ་ཕག་མོའི་རིགས་བྱུང་པ། །༼འཁོར་ ཐུན་མོང་པ་བུད་མེད་དམ་མཐོང་བའི་འཁོར་༽སྟོང་ཕྲག་༼ཌ་ཀི་ནིའིཁོར་༽བཅྭ་ལྔ་ལྡན་པ་ཡིན། །༼ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་༽སེར་ཞིང་གསེར་གྱི་མདོག་འདྲ་སྣང་། །༼སུ་ཡང་རུང་བ་ལ་༽མིག་མི་༼ཧ་རེ་ལྟ་བ་༽གཡོ་༼བར་བལྟ་༽ཞིང་བ་སྤུ་མང་། །༼རྩེ་༡་པའི་རི་མོ་༽རྡོ་རྗེ་གང་གི་དཔྲལ་བ་འམ། །ལག་པར་༼རྩེ་༡་པའི་རི་མོ་༽ཡང་ནི་སྣང་འགྱུར་བ། །གདུག་པའི་ལས་༼གསོད་པ་༽ལ་ངེས་པར་དགའ། །རྟག་ཏུ་རྒྱལ་སྲིད་༼ཀྱི་ལོངས་སྤྱོད་༽དག་ལ་གནས། །༼ང་རྒྱལ་ཆེ་བ་༽སྙེམས་ཤིང་བདེན་པར་སྨྲ་བ་དང་། །མ་ལ་ཀི་ཡི་དྲི་འབྱུང་ཞིང་། །གང་གི་ཁྱིམ་དུ་རྡོ་རྗེ་ནི། །རྟག་པར་འབྲི་ཞིང་༼དེ་ལ་༽ཆེར་མཆོད་པ། །ཁཎྜ་རོ་ཧའི་རིགས་༼ལས་ཀྱི་རིགས་༽ལས་བྱུང་། ༼ འདི་ཡང་རྡོ་རྗེ་སེམས་དཔའི་རིགས་ཡིན་གསུང་། བསོད་ནམ་ཆེ་བའི་སྒོ་ནས་མིང་བཏགས་པ་ཡིན་གསུང་༽ །རྣལ་འབྱོར་མ་ཡི་དབང་ཕྱུག་མཆོག །གང་ཞིག་རྟག་པར་༼གསོད་པའི་ལས་ལ་དག་ཟེར་བ་ཡང་ཡོད་༽ཤ་ལ་དགའ། །༼ཤ་༽སྐེམ་ཞིང་མིག་སྨན་༼ཁ་དོག་༽ནག་པོའི་མདོག །དཔྲལ་བར་༼རི་མོ་༢་༽མདུང་རྩེ་ལྟ་བུ་ཡོད། །གང་ཞིག་༼གསོད་པ་ལ་༽གདུག་པའི་ལས་ལ་དགའ། །༼འཇིགས་པ་མེད་པ་༽རྟག་ཏུ་དུར་ཁྲོད་དག་ཏུ་འགྲོ། །༼རོ་ལ་སོགས་པ་ལ་ཕྱག་བྱེད་པ་བག་མེད་པས་སོ་ མི་མ་ཡིན་གྱིས་༽འཇིགས་པ་མེད་ཅིང་གཙང་མེད་དེ། །གང་གི་དཔྲལ་བའི་ཐིག་ལེ་༼བྲིས་ནས་དེ་ལ་མཆོད་༽དང་། །༼ཡང་ན་༽ཁྱིམ་དུ་ཐོད་པ་འབྲི་ཞིང་༼དེ་ལ་༽མཆོད། །དཔལ་ལྡན་ཧེ་རུ་ཀ་དེ་ཡི། །མཁའ་འགྲོའི་རིགས་ལས་བྱུང་བ་ཡིན། །སྤྲིན་གྱི་མདོག་༼སྔོ་ནག་༽འདྲའི་བུད་མེད་གང་།༼ འདིར་ཡང་རད་ནའི་རིགས་ཀྱི་ཌ་ཀི་ནི་༽ །སོ་ནི་༼རིང་ཐུང་༽མི་མཉམ་པར་གནས་ཤིང་། །རྟག་ཏུ་གདུག་པའི་ལས་༼གསོད་པ་༽ལ་དགའ། །གཡོན་གྱི་མཆེ་བ་༼ཕྱིར་ནར་གྱིས་བྱུང་བ་༽གཙིགས་པ་དང་། །དེ་ཡི་ཁྱིམ་དུ་དགྲ་སྟ་ནི། །འབྲི་ཞིང་རྟག་ཏུ་མཆོད་བྱེད་པའི། །རྣམ་པར་འདྲེན་པའི་རིགས་༼རྡོ་རྗེ་སེམས་དཔས་བྱིན་གྱིས་རླབས་པའི་རད་ནའོ་༽བྱུང་པའི། །མཁའ་འགྲོ་མར་ནི་ཐེ་ཚོམ་མེད། །མཁའ་འགྲོ་མ་ཡི་ཚོགས་འདི་དག་༼ཕྱིའི་རིགས་རྡོ་རྗེའི་རིགས་ལས་བྱུང་པ་༽། ཤྲཱི་ཧེ་རུ་ཀའི་རིགས་བྱུང་པ། །བསྒྲུབ་པ་པོ་ལ་༼མཆོད་ན་དངོས་གྲུབ་གསོལ་པས་༽ཕན་པའི་ཕྱིར། །གསང་བའི་མཚན་ཉིད་བཤད་པ་༼གཏས་དང་མཚན་ཉིད་མི་འདྲ་བ་སྣཏད་མ་ཡིན་པ་ལ་མི་བཤད་༽ཡིན། །ཧེ་རུ་ཀ་མངོན་པར་བརྗཏད་པ་ཞེས་བྱ་བ་ལས། རྣལ་འབྱོར་མ་ཐམས་ཅད་ཀྱི་ཁ་དཏག་གི་མཚན་ཉིད་༼མཚན་མ་སཏ་སཏ་དགའ་བའི་ཡུལ་སཏགས་༽དང་། །༼ཐཏད་པ་སཏགས་གཉེར་མ་ལ་སོགས་པའཏ་༽མཚན་མའི་ཆཏ་གའི་ལེའུ་སྟེ་བཅྭ་བརྒྱད་པའོ། །དེ་ནས་གཞན་ཡང་བཤད་བྱ་བ།༼འདི་ཡང་ཙུམ་བི་ཀས་བསྡུས་པའི་མཚན་ཉིད། དབྱེ་བ་རིགས་ལྔར་དབྱེ་བ་བསྟན༽ །༼འདས་པའི་༽བསྒྲུབ་པ་པོ་ཡིས་ལཱ་མ་ཡི་༼ལས་ཀྱི་རིགས་ཀྱི་༽། །མཚན་ཉིད་ཀྱི་ནི་ཁྱད་པར་༼ནང་ཚན་གྱིས་ལྔར་དབྱེ་བ་༽དང་། །ཡན་ལག་༼དབྱེ་བ་༽ཚོགས་ནི་༼སྔར་༽ཤེས་བྱའོ། །༼བུད་མེད་༽གང་གི་གཞིན་གྱི་དཀྱིལ་འཁོར་ནི། །ཀུན་ནས་ཟླུམ་པོར་སྣང་གྱུར་ཞིང་། །ཁ་ཡི་སྨ་ར་༼སྐྱེས་པ་༤ན་༽རྟག་པར་ཡོད། །༼བ་༽སྤུ་དང་སྨིན་མ་རིང་བ་དང་། །གོས་བཟང་༼པོ་དང་༽གཙང་༼པ་ལ་དགའ་༽ཞིང་༼སྒྱུར་༽ཞི་བ་དང་། །༼སྤྱོད་པ་༽མི་གཡོ་བདེན་པར་སྨྲ་བ་དང་། །རྟག་ཏུ་དམ་པའི་ཆོས་ལ་དགའ། ༼ འདི་རང་ནའི་ལ་མ་གསུང་༽ །དཔའ་བོའི་སྲིང་མོར་དེ་ཤེས་བྱ། །པད་མའི་༼སྐོར་༽ཕྱག་རྒྱ་༼ལག་པ་༢་སྙིམ་པ་ཕྱེ་བར་བྱ་སྟེ་འཇུག་མ་ཅུང་བཀུག་པའོ་༽སྦྱིན་པར་བྱ། །ཡང་ན་༼གཡས་པས་གུང་མོ་ཅུང་ཟད་བརྐྱང་སྟེ་ལྷག་མ་ཁུ་ཚུར་བྱས་པ་༽རུས་སྦལ་ཕྱག་རྒྱ་བྱ་༼གཡོན་པའི་སྟེང་དུ་གཡས་པ་གཞག་ཏེ་༢་ཀའི་སོར་མོ་ཀུམ་མེ་བྱ་བར་གསུང་༽། །༼སྤགས་པ་ཟེར་༽རྒྱལ་བའི་༼གཡོན་ཆོས་གོས་གྱོན་པའི་ཚུལ་དུ་བྱ་༽བུམ་པ་སྤྱི་བླུགས་ཉིད། །ཕྱག་རྒྱའི་༼བུམ་པ་ཐོགས་པའི་ཚུལ་དུ་བྱ་༽ལན་དུ་ཤེས་པར་བྱ། །དེ་ནི་ཚེས་བཅུའི་རེས་དག་ལ། །ཁྱིམ་དུ་པད་མ་འབྲི་བར་འགྱུར་༼བྲིས་ནས་དེ་ལ་མཆོད་༽། །ལཱ་མ་ཡི་ནི་བུད་མེད་ཀྱི། །མཚན་ཉིད་གྱུར་པ་འདི་ཉིད་ཡིན། །མཆུ་ནི་འཕྱང་ཞིང་༼འདི་པད་མའི་ལ་མ་༽མིག་དཀྱུས་རིང་། །མིག་ནི་དམར་ཞིང་སེར་སྐྱར་གནས། །༼ནོར་༽ཕྱུག་ཅིང་༼ཁྱོ་༽བསྐལ་བཟང་༼བུ་ཡོད་པ་༽དཔལ་ཡོན་ཅན། །སེར་ཞིང་ཙམ་པ་༼དྲི་ཞིམ་པ་༽ལྟ་བུར་སྣང་། །མཆེ་བ་རིང་མིན་ཐུང་བ་མིན། །༼ཁ་དོག་༽སྣ་ཚོགས་པ་ཡི་གོས་ལ་དགའ། །༼དར་དཔྱངས་ལྟ་བུ་༽དཔྲལ་བར་རི་མོ་༼འགྲོང་བུ་༣་གསུང་༽གསུམ་ཡོད་ཅིང་། །མཚམས་ནི་གྱེན་དུ་༼དཔྲལ་བའི་རི་མོ་གྱེན་ལ་བལྟ་བ་གསུང་༽བལྟས་པས་གནས། །རྒོད་ཅིང་དགའ་བ་ཉིད་དག་དང་། །༼སྐྱེས་བུ་ལམ་དུ་འགྲོ་བའི་ལམ་འགྱོགས་པ་༽ལམ་ནི་རྣམ་པར་གནོན་ཅིང་གནས། །གཡུལ་དུ་འཆི་བ་རྣམས་ཀྱི་ནི། །གཏམ་དག་ལ་ནི་༼ཇི་ལྟར་འཐབ་པ་ཇི་ལྟར་གསད་པ་ལ་སོགས་པའི་གཏམ་ལ་དགའ་བ་༽རྟག་ཏུ་དགའ། །དེ་ལྟར་༼ང་རྒྱལ་ཆེ་བ་༽རབ་དྲེགས་མཐོང་ནས་ནི། །མདུང་གི་ཕྱག་རྒྱ་༼གཡས་པའི་འཛུབ་མོ་མདུང་ལྟར་བྱས་པ་ལ་གསུང་ན་ཡང་གཡོན་པ་ལ་ཡང་གསུང་༽བསྟན་པར་བྱ། །རྐང་པ་གཡོན་པ་བསྐུམ་པ་ཡི། །༼གཡས་བརྐྱང་པས་༽གར་ཉིད་ཀྱང་ནི་༼ ཕང་༽བསྟན་པར་གྱི། །༼བསྒྲུབ་པ་པོས་༽གཡོན་པ་དག་ནི་༼གཡོན་བརྐྱང་གཡས་བསྐུམ་ནས་༽ཡོངས་བཟློག་པ། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །བཅུ་བཞི་དང་ནི་ཚེས་བརྒྱད་༼ཡར་མར་༢་ཀའི་༽ནི། །དེ་ཡི་དུས་ཚིགས་༼ལ་མཆོད་པ་༽ཡིན་པར་བཤད། །༼དུས་དེར་༽ཁྱིམ་དུ་མདུང་རྩེ་གསུམ་པ་ཡང་། །བྲིས་ནས་དེ་ནི་རྟག་ཏུ་མཆོད། །༼སྣང་བ་མཐའ་ཡས་ཀྱི་༽འཇིག་རྟེན་དབང་ཕྱུག་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །༼འདི་ཏ་ཐཱའི་རིགས་ཀྱི་ལ་མ་༽གང་གི་ཁུར་ཚོས་དག་ཏུ་ནི། །ཁུང་བུར་གྱུར་པ་༼ཅུང་ཟད་སྐྱོང་པ་༽གནས་གྱུར་ཅིང་། །དེ་བཞིན་རྟག་ཏུ་དམར་ཞིང་སེར། །མིག་ནི་ལྗང་སེར་དག་ཏུ་སྣང་། །སྐྲ་ནི་དེ་བཞིན་འཁྱིལ་བ་དང་། །མགོ་དང་དཔྲལ་བར་༼རང་རྟག་དུ་༽དར་བཅིངས་སྣང་། །༼དཔྲལ་བར་གྱེན་ལ་༽རི་མོ་གཅིག་པར་རབ་ཏུ་གནས། །དེ་བཞིན་མགྲིན་པ་རིང་བ་དང་། །རྟག་ཏུ་གོས་དམར་ལ་དགའ་ཞིང་། །རྒོད་ཅིང་གླུ་ནི་ལེན་པ་ཉིད། །ལན་འགའ་ཞིག་ན་༼བར་བར་དུ་༽ཁྲོ་བ་དང་། །༼ཆགས་པ་སྐྱེས་པའི་སྟོབས་ཀྱིས་༽སེམས་ནི་རྣམ་པར་གཡོ་བ་དང་། ༼རེས་གང་ལ་དགའ་རེས་གང་ལ་དགའ་བ་དང་༽ །རྒོད་པ་ལ་ནི་དགའ་བ་སྟེ། །༼ང་རྒྱལ་ཆེ་བ་༽འདི་འདྲའི་རབ་དྲེགས་༼གོས་ཡོ་བར་གོན་པ་༽མཐོང་ན་ནི། ༼ལག་པ་༢་མདུང་འཛིན་པའི་ཚུལ་དུ་བྱ་གསུང་། ཡང་ན་གཡས་པའི་འཛུབ་མོ་མདུང་ལྟར་དུ་བྱ་གསུང་༽ །མདུང་གི་ཕྱག་རྒྱ་བསྟན་པར་བྱ། །༼ལན་༽གཉིས་པ་ཉིད་ནི་འབད་པ་ཡིས། །༼ལག་པ་༢་ཀྱི་སོར་མོ་རྣམས་མཐུར་ལ་དཔྱངས་ཏེ་སྨད་ཆེ་བའི་ཚུལ་དུ་བྱས་ལ་གསུང་༽དྲིལ་བུའི་ཕྱག་རྒྱ་རབ་བསྟན་བྱ། །གཡོན་གྱི་ཕྱོགས་སུ་ལྡོག་པ་ནི་༼ལན་བྱེད་ཙ་ན་༽། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད།༼ མི་མི་བསྐྱོད་པའི་ལ་མ་༽ །ཐུང་ཞིང་བྱིན་པ་སྦོམ་པ་དང་། །རྟག་ཏུ་གོས་སེར་ལ་དགའ་ཞིང་། །ཕྲག་པ་དག་ལ་༼གོས་ཡོ་བར་གོན་པ་༽གོས་ཀྱང་འཕྱང་། །དེ་འདྲའི་བུད་མེད་མཐོང་ན་ནི། །༼ལག་པ་༢་རྒྱབ་སྤྲད་དེ་སོར་མོ་བསྣོལ་བའམ་ཡང་ན་སོར་མོ་རྣམས་ཀྱི་རྩེ་མོ་སྦྱར་བར་དུ་ན་༽འཁོར་ལོའི་ཕྱག་རྒྱ་བསྟན་བྱ་ཞིང་། །འབད་པ་ཡིས་ནི་གཉིས་པ་ཡང་།༼ཐལ་མོ་སྦྱར་བའི་འཛུབ་མོ་༢་བཀུག་པ་ལ་མཐེ་བོང་གཉིས་སྦྱར་བ་ཡང་གསུང་༽ །དུང་གི་ཕྱག་རྒྱ་༼གཡས་པའི་གུང་འཛུབ་གཉིས་བརྐྱང་སྟེ་མཐེ་བོས་སྲིན་ལག་དང་མཐེ་ཆུང་མནན་ཏེ་གནམ་ལ་བསྟན་ནས་དུང་ཆོས་ལྟར་བྱས་པ་༽བསྟན་པར་བྱ། །གཡོན་ནས་ཡོངས་སུ་བཟློག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །བཅུ་བཞི་༼ཡར་མར་གཉིས་ཀའི་༽དེ་ཡི་དུས་ཡིན་ཏེ། །དེ་ཡི་ཁྱིམ་དུ་རྡོ་རྗེ་འབྲི་༼ས་ནས་མཆོད་པ་༽། །ཤྲཱི་ཧེ་རུ་ཀ་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། ༼ལས་ཀྱི་རིགས་ལ་མ་༽ །ལུས་ཀུན་ལ་ནི་བ་སྤུ་ཡོད། །མིག་ནི་གནག་ཅིང་སེར་བ་དང་། །༼ལུས་༽སྤོམ་ཞིང་༼བཞིན་༽རྣམ་འགྱུར་མི་ཟད་པ། །གཞིན་འཕེལ་ཆེ་༼རྒྱས་༽ཞིང་ཁ་ཆེ་ལ། །མཆུ་ནི་སློ་ཞིང་ཁ་དོག་གནག །མིག་ཟླུམ་སྣ་ནི་ཉམས་པ་དང་། །རྟག་ཏུ་གླུ་ལ་མཁས་པ་དང་། །སྤྲིན་གྱི་མདོག་ཅན་ཡིད་འཕྲོག་མ། །འདི་འདྲའི་༼ང་རྒྱལ་ཆེ་བ་༽རབ་དྲེགས་མཐོང་ན་ནི། །༼ལག་པ་གཡས་པའི་སོར་མོ་རྣམས་སྦྲུལ་མགོ་གདེངས་ཀ་ལྟར་བྱས་ལ་མཐེ་བོང་ལག་མཐིལ་དུ་མགོ་བོ་ལྟར་བྱས་ལ་༽ཀླུ་ཡི་ཕྱག་རྒྱ་རབ་བསྟན་བྱ། །གཉིས་པ་ཡང་ནི་འབད་པ་ཡི། །༼མདུང་འཛིན་པ་ལྟར་༽མདུང་གི་ཕྱག་རྒྱ་བསྟན་པར་བྱ། །གཡོན་ནས་ཡོངས་སུ་བཟློག་པ་ནི། །ཕྱག་རྒྱའི་ལན་ནི་ཡིན་པར་བཤད། །༼ཡར་མར་༢་ཀྱི་༽ཚེས་གྲངས་བཅུ་གཅིག་དེ་ཡི་དུས། །ཁྱིམ་དུ་མཆེ་བ་༼བྲིས་ནས་མཆོད་པ་བྱེད་༽འབྲི་བར་བྱེད། །རྡོ་རྗེ་ཕག་མོ་ལཱ་མ་ཡི། །མཚན་ཉིད་གྱུར་པ་འདི་དག་ཡིན། །དཔལ་འཁོར་ལོ་སྡོམ་པ་ལས་༼ལ་མས་བསྡུས་པའི་༽རྣལ་འབྱོར་མ་ཐམས་ཅད་ཀྱི་༼སོ་སོའི་མཚན་ཉིད་ཤེས་ནས་༽ཕྱག་རྒྱ་དང་། ཕྱག་རྒྱའི་ལན་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། །༼དེ་ལྟ་བུའི་རྣམས་ངོ་ཤེས་པར་བྱས་ནས་དེ་ནས་བརྡ་དང་བརྡའི་ལན་བྱས་པས་དཔའ་བོ་དེ་སྲིང་མོར་ཤེས་པར་བྱའོ།དེ་ལྟར་བྱས་པས་མཉེས་ལ་མཉེས་པས་བྱིན་གྱིས་བརློབ་པར་འགྱུར་རོ་༽དེ་ནས་༼དེ་བས་ན་འདིས་ལག་པའི་བརྡའ་གཙོ་བོར་བྱས་ནས་སྟོན་ནོ༽གཞན་ཡང་བཤད་བྱ་བ་༼ལེའུ་བཅོ་ལྔ་པའི་༽། །༼འདི་གོང་གི་ཡི་གེའི་བརྡའ་དང་འབྲེལ་གསུང་༽མཁའ་འགྲོའི་ལག་པའི་བརྡ་རྣམས་ཏེ། །༼བརྡའི་དགོས་པ་༽གང་གི་སྤུན་དང་༼དཔའ་བོས་ཤེས་ན་༽སྲིང་མོ༼ས་ཤེས་ན་༽རུ། །ཡང་དག་ཤེས་པར་འགྱུར་བའོ། །༼སྔར་མཁའ་འགྲོ་མར་ངོ་ཤེས་ཀྱང་སྲིང་མོར་ངོ་མ་ཤེས།ཡང་སྲིང་མོར་ཤེས་པར་བྱས་ལ་དེ་བསྟེན་པ་ལ་བརྡའ་དགོས་པས་བརྡའ་བསྟན་བརྡ་དང་བརྡའི་ལན་༽གང་ཞིག་༼སྐྱེས་པའམ་བུད་མེད་ཀྱི་༽ལག་གཡོན་༼སྐྱབས་སྦྱིན་ལྟར་༽སྟོན་པ་ནི། །༼དང་པོ་སྐུ་འཁམས་འདྲི་བ་༽གསོང་པོར་སྨྲ་བ་བསྟེན་པ་ཡིན་༼ནོ་བར་༽། །གང་ཞིག་སྲིན་ལག་སྟོན་པ་ནི། །གསོང་པོར་སྨྲ་བའི་ལན་གྱུར་ཡིན་༼དེ་ལྟར་ཡིན་ནོ་བར་༽། །གང་ཞིག་ལྟོ་བ་༼མ་རེག་པ་༽རྡེབས་པ་ནི། །བདག་ནི་བཀྲེས་པར་༼ལ་རེག་པ་༽སྟོན་པ་ཡིན། །གང་ཞིག་དཔྲལ་བ་སྟོན་པ་ནི། །༼རྫུ་འཕྲུལ་གྱི་མཐུའི་ནུས་པའམ་སྤྱོད་པས་ནམ་མཁའ་ལས་འོང་བའོ་༽ནམ་མཁའ་ལ་ནི་འོངས་༼སོ་༽ཞེས་པའོ། །གང་ཞིག་ཁར་ནི་སོར་མོ་༼བཅུ་ཀ་༽འཇུག །༼ཚོགས་ཀྱི་ཟས་༽ཟོས་ཟིན་ཞེས་ནི་སྨྲ་བ་ཡིན། །གང་ཞིག་ལྕེ་ནི་༼རི་ལི་ལི་༽བསྐྱོད་པ་དག །ཟའོ་ཞེས་ནི་སྨྲ་བ་ཡིན། །གང་ཞིག་སྤུས་མོ་ལ་༼གཡོན་པས་༽རེག་པ། །ངལ་ལོ་ཞེས་ནི་སྟོན་པ་ཡིན། །གང་ཞིག་སོར་མོ་༼ལག་པ་གཅིག་གི་འཛུབ་མོས་༡་ལ་༽རྩེ་ལ་རེག །ངལ་བསོས་ཞེས་ནི་སྨྲ་བ་ཡིན། །གང་ཞིག་སོ་ནི་འཆའ་བྱེད་པ། །ཤ་ཟའ་ཞེས་ནི་སྨྲ་བ་ཡིན། ༼ཚིག་གཉིས་པོ་འདི་འབའ་ཏན་ཏའི་རྒྱ་དཔེ་ལས་འབྱུང་གཞན་ལ་མེད་གསུང་༽ །གང་ཞིག་པ་ཏི་ས་སྟོན་པ་༼ཐོད་པ་འཆིང་བའི་ཚུལ་༽། །དེ་ལྟར་གྱིས་ཞེས་༼གང་བྱེད་པ་དེ་ལ་༽སྟོན་པ་ཡིན། །གང་ཞིག་༼བཞིན་༽ཁྲོ་གཉེར་སྟོན་པ་ནི། །༼ཡན་ལག་༽བཅིངས་སོ་ཞེས་ནི་སྟོན་པ་ཡིན་༼ཁྱོད་ཡོད་དོ་བར་སྟོན་པ་ཡོད་༽། །གང་ཞིག་མཁའ་ལྡིང་༼ལག་པ་གཤོག་པ་ལྟར་དེང་ངེ་བྱ་གསུང་༽སྟོན་པ་ནི། །༼ཡན་ལག་བཅིངས་པ་ལས་སླར་༽གྲོལ་ལེ་ཞེས་ནི་སྟོན་པ་ཡིན་༼ཁྱོད་མེད་དོ་བར་སྟོན་པ་གསུང་༽། །གང་ཞིག་ཁུ་ཚུར་སྟོན་པ་ནི་༼དེ་དག་ནི་དོན་གོ་བར་བྱ་བ་ཙམ་མོ། འདི་ན་མར་ནི་བརྡ་དང་བརྡའི་ལན་དང་བཅས་པ་འགའ་ཞིག་སྟོན༽། །དེ་ལ་པ་ཏི་ས་༼ཐོད་༽བསྟན་བྱ། །གང་ཞིག་སྐྲ་ནི་༼འཕྱར་བའམ་འཛིན་པའི་ཚུལ་དུ་༽སྟོན་པ་ལ། །ཁ་ཊཾ་ཀ་ནི་༼འཛུབ་མོ་རྩེ་གསུམ་དུ་བསྟན་༽དེ་ལ་བསྟན། །གང་ཞིག་ཡན་ལག་བསྐྱོད་པ་དག །དེ་ལ་མཆེ་བ་༼ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེ་ཆུང་གཉིས་མཆེ་བའི་ཚུལ་དུ་ཁའི་ཐད་ཀར་གཟུང་༽བསྟན་པར་བྱ། །གང་ཞིག་ལག་པས་ལག་པ་༼གཅིག་ལ་༡་༽རྡེབས། །གཏོར་མ་ཟ་ཞེས་སྨྲ་བ་ཡིན། །གང་ཞིག་ལག་པ་གཡས་པ་སྟོན། །དེ་ལྟར་གྱིས་ཞེས་སྨྲ་བ་ཡིན། །གང་ཞིག་རྣ་བ་ལ་རེག་པ། །གནས་པར་བྱ་ཞེས་༼གང་ཡང་རུང་པ་དེར་དེ་ལྟར་༽སྟོན་པ་ཡིན། །གང་ཞིག་སེན་མོས་སེན་མོ་རེག་༼ལག་པ་གཡས་གཡོན་གྱི་སེན་མོ་༢་གཅིག་ལ་༡་འདར་བ༽། །ཤི་བར་ངེས་ཤེས་སྨྲ་བ་ཡིན། །མཐེ་བོང་གཡོན་བས་ས་༼ལ་རི་མོ་ཟླུམ་པོ་༽འབྲི་བ། །དཀྱིལ་འཁོར་༼མཆོག་བསྒྲུབ་ན་འགྲུབ་༽འདི་རུ་འཚོག་ཅེས་སྨྲ། །གང་ཞིག་ཀོ་སྐོ་ལ་རེག་པ། །བདག་ནི་བུ་༼ཆེ་འོ་བ་༽ཡིས་སྲུངས་ཞེས་སྨྲ། །༼གང་རུང་༽གང་ཞིག་འཐེབ་༼བོ་༽གཡོན་༼པས་༽ས་ལ་༼རི་མོ་༽འབྲི། །བླ་མའི་སྐྱེ་བོས་སྲུངས་ཞེས་༼བདག་ལ་ཁྱོད་ཞེས་པ་༽བཤད། །གང་ཞིག་མིག་ནི་༼ཡང་རྩུམ་ཡང་འབྱེད་༽ཕྱེ་བ་ནི། །དེ་ལྟར་བྱ་ཞེས་༼བསྲུང་གིས་༽སྟོན་པ་ཡིན། །གང་ཞིག་༼ཡན་ལག་གི་༽ཚིགས་ལ་རེག་པ་ནི། །༼གཉིས་འདུས་ལ་༽བདེ་བར་ཉལ་ཞེས་སྨྲ་བ་ཡིན། །ཕོ་ཉ་མོ་ནི་༼དངོས་གྲུབ་བསྒྲུབ་པ་ལ་ཉེ་བས་༽གང་ཡང་རུང་། །དེ་དག་ཀུན་གྱི་༼བརྡ་དང་བརྡའི་ལན་༽ཡང་དག་སྦྱད། །དཔལ་འཁོར་ལོ་སྡོམ་པ་ལས། རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་པའི་ཕྱག་རྒྱའི་བརྡའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ་༼མ་རྒྱུད་ཀྱི་དེའི་ཤུགས་ལ་རྡོར་རྒྱུད་ཀྱི་ཡང་བསྟན༽། །དེ་ནས་༼དེར་བསྟན་པའི་ལག་པའི་བརྡའ་དེ་གཞན་ལ་སྟོན་པ་གཙོར་བྱ་ནས་ལེའུ་འདིས་བསྟན་༽ཡན་ལག་ཕྱག་རྒྱ་ཡི། །༼གཞན་ལ་ཕྱག་རྒྱ་༽བསྟན་པའི་མཚན་ཉིད་ངས་བཤད་བྱ། །བུད་༼བུད་མེད་༽གང་སྤྱི་གཙུག་རེག་བྱེད་པ། །༼རང་གི་༽མགོ་བོ་དེ་ལ་བསྟན་པར་བྱ། །གང་ཞིག་དཔྲལ་བ་སྟོན་པ་ནི། །དེ་ལ་ཁུ་ཚུར་བསྟན་པར་བྱ། །གང་ཞིག་སོ་ནི་སྟོན་པ་ལ། །དེ་ལ་ལྕེ་ནི་བསྟན་པར་བྱ། །གང་ཞིག་མཆུ་ནི་སྟོན་བྱེད་པ། །དེ་ལ་ཀོསྐོ་བསྟན་པར་བྱ། །གང་ཞིག་མགྲིན་པ་སྟོན་བྱེད་པ། །དེ་ལ་ལྟོ་བ་བསྟན་པར་བྱ། །གང་ཞིག་ལག་པ་སྟོན་བྱེད་པ། །དེ་ལ་༼སྐྱེས་པའམ་བུད་མེད་ཀྱི་༽དཔུང་པ་༼གཡོན་པ་༽བསྟན་པར་བྱ། །གང་ཞིག་རྐེད་པ་སྟོན་བྱེད་པ། །དེ་ལ་རྒྱབ་ནི་བསྟན་པར་བྱ། །གང་ཞིག་ནུ་མ་སྟོན་བྱེད་པ། །དེ་ལ་ཀོསྐོ་བསྟན་པར་བྱ། །གང་ཞིག་ལྟོ་བ་སྟོན་བྱེད་པ། །དེ་ལ་ལྟེ་བ་བསྟན་པར་བྱ། །གང་ཞིག་གསང་བ་སྟོན་བྱེད་པ། །དེ་ལ་ལིང་ཀ་བསྟན་པར་བྱ། །གང་ཞིག་བརླ་ནི་སྟོན་བྱེད་པ། །དེ་ལ་མགོ་ནི་༼གཤང་ལམ་ཡང་ཟེར་༽བསྟན་པར་བྱ། །གང་ཞིག་སྤུས་མོ་སྟོན་བྱེད་པ། །དེ་ལ་བྱིན་པ་བསྟན་པར་བྱ། །གང་ཞིག་རྐང་པ་སྟོན་བྱེད་པ། །དེ་ལ་རྐང་མཐིལ་བསྟན་པར་བྱ། །གང་ཞིག་སོར་ཚིགས་སྟོན་བྱེད་པ། །དེ་ལ་སོར་མོ་བསྟན་པར་བྱ། །གང་ཞིག་ས་༼གཞི་༽ནི་སྟོན་བྱེད་པ། །དེ་ལ་ནམ་མཁའ་བསྟན་པར་བྱ། །གང་ཞིག་ནམ་མཁའ་སྟོན་བྱེད་པ། །དེ་ལ་ཉི་མ་བསྟན་པར་བྱ་༼ནམ་མཁའ་ལ་རི་མོ་ཟླུམ་པོར་འདྲི་བ་༽། །གང་ཞིག་ཆུ་བོ་༼ལག་པ་༢་ཆུ་བོ་ལྟར་ན་ར་རར་༽སྟོན་བྱེད་པ། །དེ་ལ་རྒྱ་མཚོ་༼ལག་པ་༢་མདུན་དུ་རླབས་བསྐྱེད་པ་ལྟར་བྱ་༽བསྟན་པར་བྱ། །དཔལ་འཁོར་ལོ་སྡོམ་པ་ལས་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ། ། ༼ལག་བརྡ་འབའ་ཞིག་དུ་མ་ཟད་འདིས་ཡན་ལག་དུ་མའི་བརྡའ་གཙོ་བོར་བྱས་ནས་བསྟན༽ །དེ་ནས་གཞན་ཡང་རབ་བཤད་པ། །ཡན་ལག་ཇི་བཞིན་ཕྱག་རྒྱ་མཆོག །གང་ཞིག་༼སྐྱེས་པས་དཔུན་དང་སྲིང་མོར་བུད་མེད་ཀྱིས་དཔུན་དང་མིང་པོར་ཤེས་པས་༽ཤེས་པས་སྤུན་ནམ་ནི། །སྲིང་མོར་ཐེ་ཚོམ་མེད་པར་འགྱུར། །༼སྐྱེས་པའམ་བུད་མེད་ཀྱིས་༽སོར་མོ་༼ གཡོན་པ་༽གཅིག་ནི་སྟོན་པ་ཡིས། །ལེགས་པར་འོངས་ཞེས་སྨྲ་བ་ཡིན། །སོར་མོ་གཉིས་ནི་བསྟན་པ་ཡིས། །ལེགས་འོངས་ལན་ནི་སྨྲ་བ་ཡིན། །འདིར་ནི་རྣལ་འབྱོར་མ་ཀུན་གྱི། །ཡན་ལག་ཕྱག་རྒྱར་རབ་ཏུ་བཤད། །༼སྐྱེས་པས་གཡས་བུད་མེད་ཀྱིས་གཡོན་གྱི་༽འཐེབ་འཛུབ་གཉིས་བཀུག་༼སྟེ་༽མིག་གི་རྒྱ་༼ལྟར་བྱས་ལ༽། །སྔགས་པར་གང་ལ་དེ་བསྟན་པ། །དེ་མོད་༼ལ་༽ཇི་སྲིད་འཚོ་བའི་བར། །དབང་༼པོ་༽འགྱུར་༼ཞིང་༽གསང་བར་༼གདམས་པ་༽ཐེ་ཚོམ་མེད། །གང་ཞིག་གུང་མོ་སྟོན་བྱེད་པ། །དེ་ལ་འཛུབ་མོ་བསྟན་པར་བྱ། །གང་ཞིག་སྲིན་ལག་སྟོན་བྱེད་པ། །དེ་ལ་ལྕེ་ནི་བསྟན་པར་བྱ། །གང་ཞིག་པ་ཏི་ས་༼ཐོད་པ་༽སྟོན་པ། །དེ་ལ་མདུང་ནི་༼འཕོངས་སུ་༽བསྟན་པར་བྱ། །གང་ཞིག་སྤྱི་བོ་སྟོན་བྱེད་པ། །དེ་ལ་༼སྐྲ་མཚམས་༽འཚམས་ཀྱི་མཐའ་བསྟན་བྱ། །གང་ཞིག་ས་ནི་སྟོན་བྱེད་པ། །དེ་ལ་ཁ་ནི་བསྟན་པར་བྱ། །གང་ཞིག་ཁྲོ་གཉེར་སྟོན་བྱེད་པ། །དེ་ལ་འཚམས་ནི་བསྟན་པར་བྱ། །གང་ཞིག་༼སོ་སོའི་སྐྱེ་བོ་དང་ཉན་ཐོས་༽སོ་ནི་སྟོན་བྱེད་པ། །དེ་ལ་མཆུ་ནི་བསྟན་པར་བྱ། །གང་ཞིག་མགྲིན་པ་སྟོན་བྱེད་པ། །དེ་ལ་ཁ་ནི་བསྟན་པར་བྱ། །གང་ཞིག་དཔྲལ་བ་སྟོན་བྱེད་པ། །དེ་ལ་བལྟ་བ་བསྟན་པར་བྱ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །རིམ་བཞིན་ཡན་ལག་༼དུ་མ་༽ཕྱག་རྒྱ་ཡིན། །༼དཔའ་བོ་དང་རྣལ་འབྱོར་མའི་རྟགས་སུ་༽འདི་དག་རྟགས་བསྟན་༼གཞན་ལ་༽གསང་བ་ལ། །༼དཔའ་བོ་དང་རྣལ་འབྱོར་མར་ངོ་ཤེས་པར་༽ཡང་དག་ལྟ་བ་༼འགྱུར་ཟེར་༽འགྲོ་བ་ཡིན། །དཔལ་འཁོར་ལོ་སྡོམ་པ་ལས་ཁྱད་པར་གྱི་༼ཡན་ལག་དུ་མ་༽མཚན་ཉིད་ཀྱི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ། །༼དེ་ལྟར་བསྟན་པས་རྣལ་འབྱོར་མས་ངོ་ཤེས་དང་རྣལ་འབྱོར་མ་དང་ཆགས་པར་བྱས་ནས་མ་མཆོད་ན་བྱིན་གྱིས་མི་རློབས་པས་ཆགས་པར་བྱ་བ་དང་ཆགས་པར་བྱ་བའི་རྟགས་བརྡ་བསྟན་བསྒྲུབ་པ་པོ་བདག་ལ་ཆགས་པའི་༽ །དེ་ནས་༼ཆགས་པར་བྱ་བའི་བརྡ་༽གཞན་ཡང་བཤད་བྱ་བ། །༼༡་ལ་གཅིག་ཆགས་པའི་༽མཁའ་འགྲོ་མ་ཡི་རྣམ་༼པར་༽རོལ་༼པ་༽ནི། །༼ཛོ་ཀ་༽གང་གིས་རིང་ནས་༼མཐོང་པ་ནས་༽དཔའ་བོ་ཡི། །དཔའ་བོས་སྲིང་མོར་ཤེས་འགྱུར་༼རྣལ་འབྱོར་མས་མིང་པོར་ངོ་ཤེས་༽བའོ། །དམ་ཚིག་ཅན་གང་༼ལ་༽རྗེས་༼སུ་༽ཆགས་པ། །༼ སུ་ཀའི་སྤྱད་ཅིང་བརྟེན་༽དཔའ་བོའི་ལོངས་སྤྱོད་ས་གཞི་༼ཡིན་ཟེར་༽བཞིན། །གཞིར་ནི་ས་གཞི་བྱས་ནས་ནི། །རྣལ་འབྱོར་པ་ཡི་༼དབང་བསྐུར་ཐོབ་ལ་དམ་ཚིག་མ་ཉམས་པ་༽སྡོམ་པ་མཆོད། །༼ཆགས་པ་སྐྱེས་པའི་སྟོབས་ཀྱིས་ལྟ་སྙིང་འདོད་པ་ལ་བལྟ་མི་ཕོད་པ་༽གོ་བཟློག་པ་ཡིས་༼ཆགས་པའི་རྟགས་དངོས་བལྟ་བ་༽ལྟ་བ་༼ཟུར་མིག་༽ནི། །༼བརྟན་ཐབས་འདི་རྣམས་ཐབས་ཀྱིས་རྣལ་འབྱོར་མ་ལ་བརྟགས་པ་གཙོ་བོར་བྱས་པ་གསུང་༽གཞིན་ནི་རྣམ་པར་འགྱུར་བ་༼ སྐར་མ་ལ་སོགས་པ་ལས་དམར་བ་༽ཉིད། །རྟག་ཏུ་བདེ་བས་༼ཆགས་པས་༽སྨིན་མ་གཡོ་༼རེ་མོས་འདོགས་པ་༽། །༼སྤྱོད་པ་༽སྣ་ཚོགས་མྱུར་དུ་༼སོ་དང་སེན་མོ་དང་འཁྱུད་པ་ལ་སོགས་པ་༽ཤེས་བྱ་བ། །དེ་བཞིན་མཁའ་འགྲོ་༼མ་༽ལས་བྱུང་བའི། །རྣམ་འགྱུར་བསྐོར་བ་ཤེས་བྱ་སྟེ། །རི་མོ་གསུམ་པོ་༼ལྟེ་བའི་སྟེང་དུ་ཟླ་གམ་ལྟ་བུ་ཡོད་པ་༽ཡོངས་སུ་ཟླུམ། །མཁའ་འགྲོ་མ་རྣམས་༼སུ་༽ངེས་༼པར་ཤེས་པར་བྱ་གསུང་༽འགྲོ་བའི། །༼དེ་ལ་བརྟེན་པ་བདེ་བའི་ཡེ་ཤེས་ཤེས་པར་བྱ་གསུང་༽དེ་ཡི་མཚན་མ་ཤེས་པར་བྱ། །གློ་བུར་དུ་ནི་༼ཆགས་པ་སྐྱེས་པས་གཟུགས་དང་བཞིན་འགྱུར་བ་༽་ལྡོག་འགྱུར་བ། །༼ཚིག་སྔ་མ་ལས་ཕྱི་མ་འགྱུར་ཞིང་སྨྲ་བས་སུ་༽སྔར་བཤད་ཚིག་ནི་ཉམས་པ་ཉིད། །དེ་ཡི་གདོང་ནི་འཇིག་འགྱུར་བ། །རྡོ་རྗེ་ལྟ་བུར་༼རྟོགས་པས་མི་ཕྱེད་པས་༽གསལ་བ་ཡིན། །སྒྲ་ནི་ཁུ་བྱུག་སྐད་༼རང་བྱུང་གི་ཆགས་པའི་སྒྲ་ཧ་ཧ་ཅེས་པ་ལ་སོགས་པའོ་༽ལྟ་བུ། །གསོལ་བར་དེ་ནི་རྟག་ཏུ་འགྱུར་༼དེ་དག་ཕོ་ཉའི་ལམ་པའི་དབང་དུ་བྱས་༽། །༼དེ་ལྟར་དང་པོར་མཚོན་ནས་ཕྱིས་ཕྲ་མོ་དང་ཐིག་ལེ་ལ་བརྟེན་ནས་བདེ་བ་མྱོང་བར་བྱེད་པ་སྟེ་དེ་ལས་པོར་རེག་བྱ་བདེ་བ་བསྐྱེད་དེ་གོམས་པ་ལ་ཆོས་སྐུ་་་་་་་་༽འདི་ཡི་མཚན་མ་ཁྱིམ་དུ་ནི། །༼དེ་ལ་བརྟེན་ནས་དཔེའི་ཡེ་ཤེས་བདེ་ལ་མི་རྟོག་པ་ཉམས་སུ་མྱོང་རྣལ་འབྱོར་གྱི་ལམ་བསྟན། ཉི་མའི་བར་དུ་མི་བསྐྱོད་པ་ལ་རྡོ་རྗེ་བསྒོམ། དེ་ལ་དམིགས་ཏེ་བདེ་བ་བསྒོམ་དེས་འགྲེ་༼༼ མཚན་མཉི་མ་ཁ་སྦྱོར་དུ་དབང་བསྐུར་བྱེད་པའི་དུས་སུ་ཕྱག་རྒྱ་མ་བརྟེན་ནས་བྱུང་བའི་བདེ་བ་དེ་བསྒྲུབ་པ་པོའམ་ལམ་དུ་ཉམས་སུ་ལེན་ཙ་ན་ཡབ་ཀྱི་རྡོ་རྗེའམ་ཡུམ་གྱི་པད་མར་ཉི་མ་ཁ་སྦྱར་གྱི་བར་དུ་རིགས་ལྔ་གང་རུང་པའི་ཕྱག་མཚན་བསྒོམ་པ་ལ་དེ་ལ་དམིགས་ནས་དབང་གི་དུས་སུ་ཕྱག་རྒྱ་ལ་བརྟེན་ནས་བྱུང་པའི་བདེ་བ་དེ་བསྒོམས་པས་ཆོས་སྐུའི་དེ་ལས་སྤྲུལ་སྐུ་འབྱུང་སྤྲུལ་སྐུས་སེམས་ཅན་གྱི་དོན་བྱེད་དོ་གསུང་༽རྡོ་རྗེ་ལྟ་བུའི་༼མཚན་མ་ཕྲ་མོ་ཉི་མ་ཁ་སྦྱོར་བར་དུ་༽མེ་ལོང་བཅས། །༼དོན་གྲུབ་༽རལ་གྲི་འདྲ་བའི་མེ་ལོང་བཅས། །རྒྱལ་མཚན་༼གྱི་མཚན་མ་༽རྟག་ཏུ་བྱུང་ལས་༼ཉི་མའི་བར་དུ་སོགས་ཟེར་༽ཤེས་༼དགྲ་སྟ་ལ་སོགས་པའི་མཚན་མར་འོང་བར་རིགས་ན་འདིར་ཏ་ཐའི་མཚན་མ་ལ་སེམས་བཟུང་སྟེ་བསླབ་པ་དང་པོའི་གདམས་པ་ཡིན་གསུང་༽། །ཁ་སྦྱོར་མེ་ལོང་ལས་ཤེས་བྱ། །༼རྡོ་རྗེ་ལ་སོགས་པ་༽མཚན་མ་དང་ནི་༼དེ་ལྟ་བུའི་༽གཟུགས་སུ་བྱ། །༼ཕྲ་བ་བསྒོམ་པའི་༽མཚན་ཉིད་འདི་དག་དང་ལྡན་པ། །དེ་ནི་མཁ་འ་འགྲོ་མ་རྣམས་ཀྱི་༼ནི་༽། །༼དང་པོའི་དཔེའི་ཡེ་ཤེས་སྐྱེ་དེ་ལས་རིམས་ཀྱིས་གོམས་པས་ལས་མཐའ་མར་མ་ཧ་མུ་ཏྲ་རྟོགས་པས་ཌ་ཀི་རྣམས་ཀྱང་༽མཆོག་ནི་ཡིན་པར་ཤེས་པར་བྱ། །དཔལ་འཁོར་ལོ་སྡོམ་པ་ལས་མཁའ་འགྲོ་མའི་མཚན་མའི་ཕྱག་རྒྱའི་མཚན་ཉིད་ཀྱི་༼ཆགས་པའི་རྟགས་ཡིན་པས་༽ཆོ་གའི་ལེའུ་སྟེ་ཉི་ཤུ་གསུམ་པའོ། ། ༼ལེའུ་བཅོ་ལྔ་པ་དང་འདིར་འབྲེལ་གསུང་༽ །དེ་ནས་ཚིག་གཞན་གྱིས་སྒྲུབ་པའི་༼རེ་རེ་ལ་འདུས་པ་༽། །༼ཡི་གེ་འདུས་པའི་༽བརྡ་ནི་རབ་ཏུ་༼རྣལ་འབྱོར་མ་ཙམ་དུ་ངོ་ཤེས་པའི་༽བཤད་བྱ་སྟེ། །སྤུན་དང་སྲིང་མོར་ངེས་པ་ནི། །གང་གིས་༼ལག་པ་གཡོན་པས་གཡས་པས་བཤལ་ནས་བཟུང་པ་དེ་ ཡན་ལག་དྲུག་པ་སུ་ཏིས་ཕྱག་རྒྱའི་ལན་ནོ་༽ཤེས་པར་འགྱུར་བའོ། ༼ སྐྱེས་པའི་དཔུ་རྒྱན་དང་སྲིང་མོར་བུད་མེད་ཀྱིས་དཔུ་རྒྱན་དང་མིང་པོར་ཤེས།འདི་དག་ལ་ཕར་སྨྲ་བའམ་ཚུར་སྨྲ་བ་༢་ཀ་ལ་དོན་ཤེས་པར་བྱའོ། ལག་པའི་བཤལ་ནས་བཟུང་པ་བྱ་བ་རེས་སུ་གཡས་པས་གཡོན་པ་༽ །པོ་ཏཱང་གྷི་ཞེས་བྱ་བ་ནི་གསོང་པོར་སྨྲ་བའོ། །པྲ་ཏི་པོ་ཏངགྷི་ཞེས་བྱ་བ་ནི། །གསོང་བོར་སྨྲ་བའི་ལན་ནོ།གྷ་མུ་ཞེས་པ་ནི་འགྲོའོ་༼ འི་སྤྱིར་དཀྲུགས་ཏེ་བསྟན་པ་ རིམ་པས་ཐོད་པ་དང་བདེ་བ་མྱོང་བར་བྱེད་པ་སྟེ་དེ་ལས་དང་པོ་རེག་བྱ་བདེ་བ་ བསྐྱེད་དེ་་་་་་་་་ ་་་་ ༡༤་་༼སྲིབ་༧༽ཞེས་བྱ་བ་ཡིན་ནོ། །ལུམ་པ་ཞེས་བྱ་བ་ནི་འོངས་སོ་ཞེས་བྱ་བ་ཡིན་ནོ། །དེ་ཧི་ཞེས་བྱ་བ་ན་ཟོས་ཞེས་སྨྲ་བ་ཡིན་ནོ། །གྲི་ཧ་ན་ཞེས་བྱ་བ་ནི་ལེན་ཞེས་བྱ་བ་ཡིན་ནོ། །བཱི་རཱ་ནཱམ་ཞེས་བྱ་བ་ནི་སྙིང་པོའོ། །མར་ན་ཞེས་བྱ་བ་ནི་༼འཆི་འཕོ་བའི་༽སྒྲ་ངན་པའོ། །ཀར་ནི་ཀ་ཞེས་བྱ་བ་ནི་གྷན་ཏའོ་༼གྷན་དྷ་ཞེས་བྱ་བ་ནི་ཀ་ནི་ཀ་ཟེར་དྲིལ་བུ་༽། །ཤི་རོ་ནི་རྫུན་ནོ་༼གྲོལ་ལོ་༽། །ཀཱ་ར་ནཱ་སྐྲའོ་༼ཡིན་ན་ཅེའོ༽། །བཱ་ར་ནི་༼ཡིན་ན་་ ་མཚན་མ་ཉི་མ་ཁ་སྦྱོར་བར་དུ་༽ཕག་གི་སྒྲའོ།༼༡༤སྲིབ་གཤམ་དུ་རྟགས་༢་རྟགས་ཅན་ལ་བཙུད་ས་མ་རྙེད༽༢་ནི་༼དམར་བ་དང་རྔུལ་དང་མཆུ་གས་པ་ལ་སོགས་པ་གསུང་༽༼བརྟེན་པ་ལ་བརྟེན་ནས་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བ་དེ་གསུང་༽ཞེས་པ་འདི་༢་ཡིན༽༽ །ཤྲ་མ་ནོ་ནི་རྣ་བའོ། །མན་ཏ་ན་ནི་༼ཨ་མྲི་ཏ་བྷ་ག་ཟེར་༽བདུད་རྩིའི་གནས་སོ། །ནར་ནི་མཉམ་པར་འདུས་པའོ། །ཏ་ལི་ཀ་ནི་མཁའ་འགྲོ་མའོ། ༼༢་ན་ར་ར་ཡོད་༽ །ཀ་མན་དྷ་ལུ་ནི་དཀྱིལ་འཁོར་རོ། །ཨ་མོ་ཀ་ནི་དུར་ཁྲོད་དོ། །ཀམ་པི་ལ་ནི་སྒོའོ། །ཤྭ་ར་ཤ་ནི་བྲམ་ཟེའི་རིགས་སོ། །པ་རི་ཏཱ་ི་ནི་རྒྱལ་རིགས་སོ། །པི་ར་ཏི་ནི་རྗེའུ་རིགས་སོ། །ཀྲཱུར་ཏ་ནི་དམངས་རིགས་སོ། །ཨན་དྷ་ནི་༼ཤན་པ་༽རྨེ་ཤ་ཅན་ནོ། །ཤུ་ལི་ཀ་ནི་ཁྱིམ་མོ། །ཨ་ལི་ཀ་ནི་ཕྱུགས་སོ། །ཌ་ཀི་ན་ནི་སྲིང་མོའོ། །མེ་རུ་ཀ་ནི་ཆུའོ། །གྲི་ཧེ་ར་ནི་ཕྱག་རྒྱས་བཏབ་པའོ༼་རང་ལ་ཁྱོ་དོ་བ་༽། །༼དན་ཏ་པར་ཤ་ན་ནི་༽ལྕེ་སོ་ལ་རེག་པ་ནི་བདག་ལྟོགས་པར་སྟོན་པའོ། །ཏྲི་ཤྲཱར་ནི་དྲིས་༼ལུས་ལ་༽བསྒོ་པའོ། །ཀུ་ཏ་ནི་གང་ནས་འོངས་ཞེས་པའོ། །ཨ་མུ་ཀསྡྱ་ན་ནི་གནས་ཆེ་གེ་མོ་ནས་འོངས་སོ་ཞེས་བྱ་བ་བའོ། །ཀི་ར་ནི་མེ་ཏོག་གོ །ཏུ་མུ་ལ་ནི་རྒོད་པའོ། །དན་ཏཾ་ནི་ཆར་དབབ་པའོ། །དྲི་པ་ཏྲི་ནི་ཞུ་པའོ། དྷུརྻ་ནི་ཕྱིའོ། །དུ་མ་པྲི་ཡ་ནི་སྤྲིན་ནོ། བྷ་ཧེར་ནི་ལུས་སོ། །ས་བུ་ནི་རིའོ་༼བདུན་༽། །ས་རི་ཏྲ་ནི་ཆུའོ་༼བོ་བཞི་༽། །ཨཾ་གུ་ལི་ནི་༼སོར་མོའི་༽ཆ་ཤས་སོ། །བ་དན་ནི་གདོང་ངོ། །ཛ་རི་ཀ་ནི་ལྕེའོ། །ཨན་དན་ནི་སོའོ། །པ་ཀ་ཏི་ནི་རྒྱལ་མཚན་ནོ། །པ་ཞེས་བྱ་བ་འགའ་ཞིག་ཏུ་༼རྒྱན་གྱི་༽རྣམ་གྲངས་སོ། །ཙན་དྷོ་ནི་ཕྲེང་བའོ། །ཙ་ལ་ནི་རླུང་ངོ། །པ་ཤུ་ནི་རི་དགས་སོ། །༼ཨན་ཏི་ཟེར་༽ཡ་ཏི་ནི་དཀྱིལ་འཁོར་རོ། །སྭ་སཾ་ནི་བཞི་མདོའོ། །ཕལ་ཀུ་ཤཾ་ནི་སྐྱེ་བའོ། །མ་ཧ་གཥ་རམ་ནི་ཕྱུགས་ཆེན་པོའོ་༼གླང་པོ་ཆེ་ལ་སོགས་པ༽། །གཱ་ནི་ར་སྐྱེས་སོ། །ན་ནི་མིའོ། །གོ་ནི་ཁྱུ་མཆོག་གོ །མ་ནི་མ་ཧེའོ། བྷ་ནི་བཟའ་བའོ། །ཧོ་ནི་༼བཟའ་བའི་༽རྣམ་གྲངས་སོ། །ཨ་བྱ་ཀ་ཞེས་བྱ་བ་ནི་རྒྱལ་པོའོ་༼ཕོ་ཉ་༽སྐྱེས་བུའོ། །རེག་ཞེས་བྱ་བ་ནི་ནགས་ལ་གནས་པའོ། །༼ལག་པ་༽ཁ་ལ་རེག་པ་ནི་ཟོས་ཞེས་པའོ། །ལྕེ་ལ་རེག་པ་ནི་ངོམས་སོ་ཞེས་པའོ། །ན་སྟི་ནི་༼ཅི་ཡང་བྱར་མེད་ཅེས་༽སྟོང་པའོ། །ཧྲི་ནི་ངོ་ཚ་བའོ། །སྟོང་པ་ལ་རེག་པ་ནི་༼ཤུ་ནཡ་ཡར་ཤུ་ནཡ་ཡིན་༽མེ་ཐུན་གྱིས་ཤིག་པའོ། །བླ་ལ་རེག་པ་ནི་༼ངའི་སྟེང་དུ་ཁྱོད་འདུག་ཅིག་པའོ་༽སྟེང་ཉིད་སྟེ་འོག་ན་མེད་པའོ། །ཕྱག་རྒྱ་༼སྔ་མ་༽དང་ཕྱག་རྒྱའི་༼ཕྱི་མ་༽ལན་གསང་བའི་བརྡ་ཅན་དཔའ་བོའི་བཙུན་མོ་དང་། །༼ཁ་དོག་དབྱིབས་ལུས་ཀྱི་བརྡ་གང་གི་བརྡའ། བྱིན་གྱིས་རློབས་བྱེད་ནི། གཟུགས་ཀྱི་སྡེ་ཚན་ནི་ཌ་ཀི་ནི་ལས་མའི་ སྡེ་གཉིས་ལག་པའི་མུ་ཏྲའི་སྟེང་གི་བརྡའི་སྡེ་བཞི་གསུང་༽སྡེ་ཚན་བཞི་རྣམས་ཀྱི་མཚན་ཉིད་དོ། །དཔལ་འཁོར་ལོ་སྡོམ་པ་ལས་སྡེ་ཚན་བཞིའི་མཚན་ཉིད་ཅན་གྱི་བརྡའི་ཚིག་གི་བརྡར་བཏགས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ། །དེ་ནས་༼འདོད་པའི་དོན་ཐམས་ཅད་༽ཀུན་དོན་འདོད་པ་ཡི། །སྦ་བྱ་༼རྐང་བ་བརྒྱད་ཀྱི་ཧཱུཾ་ཧཱུཾ་ཕཊ་༽བརྒྱད་མཐར་སྦྱར་བྱས་ཏེ་༼མཆོད་པའི་ལ་ཧཱུཾ་ཕཊ་སྦྱར། བཟླས་པ་ལ་མི་སྦྱར་གསུང་༽། །མོས་པ་དམན་པའི་༼བླ་མའི་གདམ་ངག་དང་སྦྱར་བ་༽སེམས་ཅན་དང་། །༼གདམ་ངག་ལ་༽རྨོངས་ཤིང་མི་ཤེས་སེམས་ལྡན་པའོ། །དེ་ལ་དཔའ་བོ་དང་རྣལ་འབྱོར་མ་རྣམས་གྱིས་གསོལ་བར་གསུངས་པའི་སྔགས་ནི་འདི་ཡིན་ཏེ། ༼ཨོཾ་དང་ཧཱུཾ་ཕཊ་ཀུན་ལ་གཞུག་༽ །ཨོཾ་ན་མོ་བྷ་ག་ཝ་ཏེ་ཝི་རེ་ཤཱ་ཡ།༼ཧཱུཾ་ཧཱུཾ་ཕཊ་རྐང་བ་བརྒྱད་ཅར་ལ་སྦྱར་༽ ༼ཨོཾ་༽ །མ་ཧཱ་ཀལྤ་ཨགྣི་སཾ་ནི་བྷཱ་ཡ། །ཛ་ཊཱ་མ་ཀུ་ཊ་ད་ཀ་ཊཱ་ཡ། །དཾཥཊ་ཀ་ར་ལོ་ཀྲ་བྷཱི་ཥ་ཎ་མུ་ཁ་ཡ། །ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། །པ་ར་ཤུ་པཱ་ཤོ་དྱ་ཏ་ཤུ་ལ་ཁྭ་ཊྭཱཾ་ཀ་དྷཱ་རི་ཎེ། །བྱཱ་གྷ་་ཛི་ནཱ་ཨཾ་བྷ་དྷ་རཱ་ཡ། །མ་ཧཱ་དྷུམྤྲ་ཨན་དྷ་ཀཱརཝ་པུཥཱ་ཡ། །ཀ་ར་ཀ་ར་༼མཛོད་༢་༽ ། ཀུ་རུ་ཀུ་རུ་། བྷན་དྷ་བྷན་དྷ་༼ཆིངས་༢་༽ ། ཏྲ་ས་ཡ་ཏྲ་ས་ཡ་༼ཁོས་༡་༢་༽ ། ཀྴོ་བྷ་ཡ་ཀྴོ་བྷ་ཡ་༼དཀྲུགས་༡་༢་༽། །ཧྲཱོཾ་ཧྲཱོཾ་༼སྔགས་དོན་ནི་ཧི་༽། །ཧྲ་ཧྲ་། ཕེཾ་ཕེཾ། །ཕཊ་ཕཊ། །ད་ཧ་ད་ཧ། །པ་ཙ་པ་ཙ། །བྷཀྴ་བྷཀྴ་༼གསོལ་༡་༽ ། ༼གང་ལ་ན། ཞག ཁྲག གར་གྱིས་ན། སྒྱུ་མའི་ཕྲེང་བ་འཆང་བ་༽ །བ་སུ་རུ་ཏི་ར་ཨན་ཏྲ་མ་ལཱ་བ་ལཾ་བི་ཎ། གྷྲིཧྣ་གྷྲིཧྣ་༼ཟུང་༢་༽ །༼ས་འོག་རིམ་པ་བདུན་ཕུག་པ་༽ །སཔྟ་པ་ཏ་ལ་ག་ཏ་བུ་ཛཾ་གཾ་སརྦཾ་༼ལྟོ་འཕྱེ་སྦྲུལ་༽བཱ་ཏརྫ་ཡ་ཏརྫ་ཡ་༼རྟོགས་༽ ། ཨ་ཀཊྚེ། ཨ་ཀཊྚེ་ཧྲཱིཾ་ཧྲཱིཾ་། ཛྙོཾ་ཛྙོཾ་། ཀྴཾམཀྴཾམ། ཧཾ་ཧཾ། ཧིཾ་ཧིཾ་། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ། །དཔལ་འཁོར་ལོ་སྡོམ་པ་ལས་རྩ་བའི་སྔགས་ཐམས་ཅད་ཀྱི་སྦས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་ལྔ་པའོ། ། ༼གོང་དུ་བསྟན་པའི་ཚུལ་གྱིས་རིགས་མ་ངོ་ཤེས་ནས་ཆགས་པར་བྱ་བ་བསྟན་ནས་འདི་ནས་དེ་དག་བསྟེན་པའི་ཐབས་བསྟན་ཏོ།ཡང་འདིས་ལམ་གྱི་གསང་བ་བསྒྲུབ་པའི་གྲོགས་བསྲུང་བའི་དམ་ཚིག་ཐུན་མོང་མ་ཡིན་པ་བརྒྱད་བསྟན་ཏོ།༽ །དེ་ནས་གཞན་ཡང་འཇིག་རྟེན་ནི། །གསུམ་པོ་དག་ནི་ཡོད་མིན༼་ཤིན་ཏུ་རྙེད་དཀའ་བས༽་པའི། །ཤྲཱི་ཧེ་རུ་ཀའི་༼རྩ་༽སྔགས་༼ལ་སོགས་པ་༽ཤེས་ན། །གསང་སྔགས་༼གཞན་༽ཐམས་ཅད་ཡོངས་༼སུ་༽འདོར་བྱ། །རིམ་དང་༼ལུགས་དང་༽རིམ་ལས་བཟློག་པ་ཡིས་༼སྔགས་ཟློག་པ་ནི་ཡར་ཟློས་མར་བཟློས་སོ། སྔགས་དང་ལྷ་གཡོན་པར་བསྒོམ་པ་བཟློག་པ་ཡང་ཤེས་པར་བྱའོ༽། །༼དཀྱིལ་འཁོར་པའི་ལྷ་རྣམས་༽ཕོ་ཉ་རྣམས་ནི་༼སྔགས་ལས་སྐྱེས་པ་ལ་བྱ་༽ཡང་དག་གནས། །༼ཞིང་སྐྱེས་༽འོག་དང་༼ལྷན་༡་སྐྱེས་མ་༽སྟེང་གྲུབ་༼སི་ཏི་༽རྟག་ཏུ་སྟེར། །༼སྔགས་ལས་སྐྱེས་མ་༽བདག་གི་ཕོ་ཉ་མ་ཀུན་འགྲོ། །༼སྔགས་ལས་སྐྱེས་མས་རིམས་ཀྱིས་བསྐུལ་བས་༽ཕོ་ཉ་མ་དེ་ཀུན་༼དེ་ཡན་ཆོད་ཕོ་ཉ་མ་༣་ཀ་ལོ་ཉི་ཤུ་ཡར་མར་༽གྲུབ་སྟེར། ༼འདི་མན་ཆད་སྔགས་སྐྱེས་༽ །༼སྐར་ཁུང་ལ་སོགས་པ་ནས་བལྟ་ཞིང་༽མཐོང་བ་དང་ནི་༼ རླུང་སྦྱོར་ཞིང་་་་་༣་དུ་ལུས་ལ་་་་་་སྐྱེས་མ་དེ་ཚུན་་་་་་ཇི་ལྟར་བསྟེན་་་་་བྱ་ཞེ་ན་༽རེག་པ་དང་། །༼འོ་བྱ་བ་ཞག་གསུམ་དུ་འོ་༽ཙུམ་པ་ན་དང་རྟག་པར་༼ཞག་གསུམ་དུ་ལུས་ལ་༽མཁྱུད། །རྣལ་འབྱོར་གནས་ནི་༼ཏེ་རྡོ་རྗེ་དང་པད་མ་སྦྱོར། བདེ་བ་མྱོང་པར་ཞག་༣༽་ཁྱད་པར་ཉིད་༼དེ་ལྟར་དཔེའི་ཡེ་ཤེས་ཀྱིས་བདེ་བ་ཉམས་སུ་མྱོང་བར་བྱས་པས་དེར་དོན་གྱི་ཡེ་ཤེས་༤་བ་རྟོགས་པར་འགྱུར་རོ༽ ། ༼དེ་ལྟ་བུའི་ཚུལ་གྱིས་སྔགས་ལས་སྐྱེས་པ་བསྟན་པ་༽།ཇི་སྲིད་རྣལ་འབྱོར་མ་ཡི་ཚོགས་༼ཀྱིས་༽། །ཐམས་ཅད་༼ཐུན་མོང་དང་མཆོག་མ་ཧ་མུ་ཏྲ་མཆོག་༽དངོས་གྲུབ་བྱེད་པར་བཤད། །༼དེ་ལྟ་བུའི་ཐབས་དེ་གང་ཟག་དམ་ཚིག་ཅན་ལ་སྦྱིན་པར་བྱ་བ་ཡིན་པས་༽བདེ་ཅན་ཀུན་ལ་སྦྱིན་བྱ་ཡི། །གཞན་དུ་༼དམ་ཚིག་མེད་པ་ལ་སྦྱིན་པར་མི་བྱ་བ་༽ནམ་ཡང་མ་ཡིན་ནོ། །༼ཕན་བྱེད་པ་༽མ་དང་༼བརྩེ་བས་༽སྲིང་མོ་༼ངག་ཉན་པས་༽བུ་མོ་དང་། །༼བདེ་བ་བསྐྱེད་པར་བྱེད་པས་༽ཆུང་མ་ཕོ་ཉ་༼སྔ་མའི་སྟེང་དུ་ཕོ་ཉ་མོ་རྟེན་པ་དེ་ཡང་སེམས་བརྟན་པ་ཐོབ་པས་དངོས་སུ་ལྔ་དང་མ་ལ་སོགས་པ། འདི་ལོ་ཀའི་རྟོག་པ་སྤང་བའི་ཕྱིར་ལྔ་ཅར་བརྟེན་པའམ། ལས་དང་པོ་པས་༡་ལ་ཡང་ཡོན་ཏན་ལྔ་ཚང་བའི་ཕྱག་རྒྱ་༡་བརྟེན་པའོ་༽ཀུན་གནས་པའོ་༼ཛོ་ཀིའི་བྱ་བ་བྱེད་པས། མ་གནས་ལ་ཟེར་༽ །༼དེ་ལྟར་བརྟེན་་་་ཕོ་ཉ་དེ་ཡང་་་་་གིས་དབང་བསྐུར་དམ་ཚིག་སྡོམ་པ་དང་སྤོད་པ་ལ་གོམས་པར་བསླབ་པ་༽གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །དེ་ཡི་དེ་ཉིད་༼བརྟེན་པའི་ཕོ་ཉར་༽ཆོ་གར་བཤད། །དེ་ནས་༼བསྲུང་བའི་དམ་ཚིག་༽རྣལ་འབྱོར་༼མའི་༽རྒྱུད་དུ་ནི། །རྙེད་དཀའ་དམ་ཚིག་༼བསྲུང་བའི་དམ་ཚིག་འཐུན་མོང་མིན་པ་༽ང་ཡིས་བསྟན་༼བཤད༽། །སྐྱེས་བུ་བུད་མེད་གཡོན་ནས་འགྲོ། ༼རང་གིས་འདི་ལྟར་གཡོན་གྱི་ཀུན་ཏུ་སྤྱོད་པ་བྱ་བ་དང་། གཞན་འདི་ལྟར་བྱ་བ་ཡང་བསྟན། དེ་ལྟར་བྱ་ཞིང་རྣལ་འབྱོར་མ་བརྟེན་པ་༽ །འདོད་པའི་དངོས་གྲུབ་༼དངོས་གྲུབ་ཐམས་ཅད་འགྲུབ་པ་ཡུལ་ཉི་ཤུ་རྩ་༤་ལ་སོགས་པར་གནས་པའི་མཁའ་འགྲོ་མས་བྱིན་གྱིས་དེ་ལ་བརློབ༽སྟེར་བར་བྱེད། །ཁྱིམ་དང་ཞིང་དུ་རྣམ་གནས་པའི། ༼གཡོན་གྱི་ཀུན་ཏུ་སྤྱོད་པ་བྱེད་པ་དེ་རྣམས་རྣལ་འབྱོར་པ་དང་རྣལ་འབྱོར་མ་༽ །ཤིན་ཏུ་རིང་ཡང་ཤེས་པར་འགྱུར། །ཧེ་རུ་ཀ་ལས་༼རྣལ་འབྱོར་མ་སྲེས་ན་སྦྱོར་བ་ལས་༽སྦྱོར་གཞན་མེད་༼ཏེ་ཧེ་རུ་ཀ་ཡང་དེ་ཡིན་༽། །སློབ་དཔོན་༼ལ་༽རྣལ་འབྱོར་མ་༼དེ་༽ཉིད་༼རང་༽ཡིན། །རྒྱུད་འདི་རུ་ནི་བསྒྲུབ་པ་པོ། ༼དེ་ལྟར་བྱ་ཞིང་རྣལ་འབྱོར་མ་བརྟེན་ལ་༽ །ལེགས་པར་འགྱུར་བ་༼དངོས་གྲུབ་ཐམས་ཅད་འགྲུབ་པ་༽ཉིད་ཡིན་ཏེ། །༼རྣལ་འབྱོར་མ་ལ་༽བརྙས་མི་བྱ་ཞིང་༼གཡོན་གྱི་ཀུན་སྤྱོད་ལས་འདའ་བར་མི་བྱ་བ་༽སྤང་མི་བྱ། །ཅི་ནུས་པ་ཡིས་༼བརྟེན་པས་ཟས་སྙོམས་འཇུག་སོགས༽་མཆོད་པ་བྱ། ༼གཞན་ཡང་གདུལ་བྱའི་དོན་དུ་ཁྭ་གདོང་ལ་སོགས་པ་ བརྒྱད་བྱུང་བས་༽ །ཁྭ་གདོང་ལ་སོགས་བརྒྱད་འདི་དག་༼པོས་མཚོན་ནས་དུད་འགྲོ་མ་ཆགས་ཐམས་ཅད་ལ་བརྙས་པ་དང་བརྡེག་པ་ལ་སོགས་པ་མི་བྱ་ཞིང་དེ་དག་ལ་༽ །མོས་༼པ་༽དང་དད་པ་འཕེལ་༼བར་༽བྱེད་པ༼ར་བྱ་སྟེ་དེས་ནི༽། །རྟག་པར་དངོས་གྲུབ་༼༣་གྱི་༽རྣམས་ཀྱི་རྒྱུ། །༼དེ་ལྟ་བུའི་༽དམ་ཚིག་རྣམས་ཀྱང་སྐྱོང་བའོ། ༼དེ་ཡན་ཆད་ཀྱིས་གཡོན་གྱི་སྤྱོད་པ་གཙོ་བོར་བྱས་སྟེ་བསྲུང་བའི་དམ་ཚིག་སྤྱིར་བསྟན་ནས། འདི་ན་མར་ཐུན་མོང་མ་ཡིན་པ་བརྒྱད་བསྟན་ཏོ་༽ །ལྷ་མོ་༼རང་གི་རིགས་བརྟག་ཅིང་སྦྱང་བ་བོར་ནས་གཞན་བྲམ་ཟེ་ལ་སོགས་པ་ལྟ་བུ་ལ་སྤྱད་ན་ཉམས་པས་བསྲུང་༽གཞན་དང་ཀུན་སྦྱོར་བ་༼འོ་བྱེད་པ་༽། །༼ཐ་མལ་བའི་༽འདོད་༼ཆགས་༽ལ་༼བྲམ་ཟེ་ལ་སོགས་པའི་མུ་ཏྲ་དེ་ལ་༽ཆགས་པར་འགྱུར་འགྲོ་བ། །མི་གཡོ་བདག་གཞན་གཉིས་༼སུ་༽མེད་༼ ༣་༽པ། །༼རིགས་བཟང་ངན་གཡུང་མོ་ལྟ་བུ་བོར་ནས་རིགས་བཟང་བ་ལ་དགའ་བར་བྱས་ན་༽གཉིས་སུ་མེད་༼པ་༽དང་༼བཟང་ངན་ལ་༽ཐོགས་པ་མེད་༼པར་བྱས་ལ་བསྟེན༽། །༼དོན་གྱི་དབང་བཞི་བོ་རྟོགས་པར་བྱ་བའི་བསམ་པས་བསྟེན་པ་ལས་ད་དེ་བྲལ་ན་ ཉམས་པའོ༽དམ་ཚིག་༼གི་༤་བ་༽སྤྱོད་པ༼འི་༽སྤྱད་པ༼འི་བསམ་པ་སོགས༽་དང་། །༼གོང་དུ་བསྟན་པའི་མ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་ཡོན་ཏན་གཞན་པ་སོགས་ལྡན་པ་ལས་༽བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། །༼བྱང་སེམས་བཟུང་སྟེ་བསྟེན་པ་༽ཚངས་སྤྱོད་དེ་བཞིན་༼འབའ་དན་དེའི་སྟེང་དུ་ཡང་རིམ་པ་༢་ལ་སེམས་གནས་པར་བྱ་གསུང་༽བསམ་གཏན་གནས། །ཁྲོ་༼བ་༽མེད་༼པར་༽རྒྱུན་༼དུ་སྤྱོད་པ་༽གྱིས་ཀུན་ཏུ་སྤྱོད་༼པ་དང་ལྡན་པའོ་༽། །འདི་བརྒྱད་༼བསྲུང་བའི་༽དམ་ཚིག་༼ཐུན་མོང་མིན་པའི་༽ཀུན་སྤྱོད་ཡིན། །བསྒྲུབ་པ་༼པོས་བསྲུང་པ་༽ལ་ནི་གནས་པ་ཡི། །བསྒྲུབ་པ་པོ་ཡི་༼དམ་ཚིག་མི་ཉམས་པར་བསྲུང་པར་༽རྟག་ཤེས་བྱ། །རྒྱུད་༼གཞན་གྱིས་ཡང་དམ་ཚིག་རྣམས་བསྲུང་བའོ་༽ཀུན་གྱི་༼མ་བླ་ན་མེད་པའི་༽ནི་ཐུན་མོང་སྟེ།༼དམ་ཚིག་ཉི་ཤུ་རྩ་གཉིས་འདིར་ཐུན་མོང་མ་ཡིན་པ་བརྒྱ་གསུམ་བཅུ་ཐམ་པའོ༽ །༼དོན་མེད་པར་༽ཉམས་པར་མི་བྱ༼འོ་༽རྒྱུ་མེད་༼དུ་ཉམས་པའམ་བཏང་བའི་དགོས་པ་མེད་པས་༽པ། །༼དམ་ཚིག་དེ་རྣམས་བསམ་པས་༽དད་པ་ཉིད་ཀྱིས་བླང་བྱ་ཡི་༼སྤང་བྱ་དང་བསྟེན་བྱའི་དམ་ཚིག་ཐ་དད་པ་དང་བཅས་པའི་སེམས་ཀྱིས་ཞུ་དག་བྱ་སྟེ་བསྲུང་ཞེས་པའི་དོན་གསུང་༽། །མིག་༼གིས་བལྟ་བ་དང་༽དང་ལག་པས་༼བཟུང་དུ་ཡོད་པ་མ་ཡིན་པས་དད་པས་བླང་ངོ་༽མ་ཡིན་ནོ། །༼དབང་མ་ཐོབ་པ་ལ་དམ་ཚིག་སྡོམ་པ་མི་བསྟན་༽གསང་བ་འདི་ནི་མི་བསྟན་ཅིང་། །རབ་ཏུ་འབད་དེ་སྦ་བར་བྱ། ༼གསང་དང་སྟོན་ནུས་པའི་ཕྱག་རྒྱ་མོ་དགོས་གསུང་༽ །བློ་ལྡན་༼ཕོ་ཉ་མོ་བསྟེན་པའི་དུས་སུ་༽འཐེའུ་ཆུང་༼འབའ་ཏན་ད་བཤད་པ་བླ་ལྷག་ཏུ་མཐེའུ་ཆུང་ཅེས་པས་སྐྱེས་མ་བསྟེན་པ་ལ་སྦྱོར་སྔགས་སྤྱོད་ཡིན་དཔྱད་པས་ཆོག་སྟེ་སོར་མོ་གོང་མ་རྣམས་ཀྱིས་ཞིང་སྐྱེས་དང་ལྷན་སྐྱེས་མཚོན་པའོ་གསུང་ན་དེ་མི་དགོས་གསུང་ངོ་༽བསྐྱོད་པ་༼སྟེ་ག་ཆུ་ག་ཏེ་གུང་འཛུབ་སེན་མོ་མེད་པར་བྱས་ལ་རྩ་བྲུད་པ་གསུང་༽ནི། །ཕོ་ཉ་མོ་༼སྔགས་སྐྱེས་༽རྣམས་༼ཕོ་ཉ་བསྟེན་པའི་བསྒྲུབ་པོ་དུ་ཞེ་ན་༽ཡང་དག་གནས། །༼རྫོགས་པ་བསྒོམ་༽དག་དང་༼བསྐྱེད་པ་བསྒོམ་པ་༽མ་དག་༼རིམ་པ་གཉིས་ཀ་བསྒོམ་མོ་༽འདྲེས་པ་སྟེ། །བསྒྲུབ་པ་པོ་ནི་གསུམ་དུ་གནས། །༼ལྷ་མཉེས་པར་བྱེད་པ་སྐྱེད་རིམ་བསྒོམ་པ་ བཞུགས་པའི་ གདམ་ངག་༽མཉེས་བྱེད་༼ཐ་མལ་པའི་ཕུང་པོ་ལྷར་བསྒོམས་པས་ལྷ་དེ་ཡེ་ཤེས་སུ་རྟོགས་པས་༽རྣམ་པར་དག་པ་དང་། །༼དེ་ལྷར་རིམ་གཉིས་ལ་བརྟེན་ནས་སེམས་གསལ་བའི་ཏིང་ངེ་འཛིན་ནི་སྐྱེས་པའོ་༽གསལ་བྱེད་༼ད་འདི་ཆོག་གསུང་༽ཡོན་ཏན་༼རྫོགས་རིམ་བསམ་མི་ཁྱབ་དང་༽ལྡན་པའི་མི། །དཔལ་འཁོར་ལོ་སྡོམ་པ་ལས། ༼བསྒྲུབ་པ་པོས་༽སློབ་མ་ཡོངས་སུ་བརྟག་པ་དང་སྡོམ་པའི་༼དམ་ཚིག་བརྒྱད་༽ཆོ་གའི་ལེའུ་སྟེ་ཉི་ཤུ་དྲུག་པའོ། །༼ལེའུ་དང་པོའི་བདེ་བས་ཀྱང་ནི་འགྲུབ་པར་འགྱུར་གྱིས་རྒྱས་པར་བཤད་པའོ་༽ །དེ་ནས་སྤྱོད་༼པ་རྡོ་རྗེ་ཐེག་པ་ལ་འཇུག་པའི་གདམ་ངག་གསུམ་དང་བཞུགས་པའི་གདམ་ངག་༣་ཡིན་ལ་འདི་༣་ནི་ཐེག་པ་༣་ཡིན་ཏེ་པར་རྒྱུད་སྦྱངས་མ་སྦྱངས་ཀྱང་ཅུང་ཟད་ཉམས་པའོ་༽དང་༼ཐ་མལ་བའི་སྤྱོད་པ་བརྟུལ་ནས་རྣལ་འབྱོར་པའི་སྤྱོད་པ་ལ་ཞུགས་པ་༽བརྟུལ་ཞུགས་༼ལ་གནས་པའོ་༽དཔའ་༼ཅེས་པའོ༽། །༼ཐ་མལ་བའི་༽ཕོ་ཉ་མོ་༼དོན་༤་ལས་དང་པོ་ཕོ་ཉ་བསྒྲུབ་པའོ་༽རྣམས་རབ་སྒྲུབ་བྱེད་༼མའི་བུ་མོ་ལ་མཁའ་འགྲོ་མས་རྒྱས་པའི་ཕོ་བཙལ༽ ། ༼ཅི་སྟེ་ཞེ་ན་༽ །མྱུར་དུ་སྒྲུབ་༼པར་དངོས་གྲུབ་ཐམས་ཅད་མྱུར་དུ་༽བྱེད་འཇུག་པར་༼ཕོ་ཉ་མོ་ཡིན་པས་༽འགྱུར། །༼ཕོ་ཉའི་༽མཚན་ཉིད་ཐམས་ཅད་༼སྔར་བཤད་པའི་རིགས་དྲུག་ལ་སོགས་པའི་༽ཤེས་པར་བྱ། །༼ཐ་མལ་༽ཡུལ་དང་༼དོན་༢་པ་ཕོ་ཉ་ཡུལ་ ཕོ་ཉ་མོ་བཙལ་བའི་ཕྱིར་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པར་པད་མ་བཛྲས་གསང་བ་འགྲུབ་པ་ན་བཤད་པ་ལྟར་འགྲོ་སྟེ་༽ཡུལ་དུ་འགྲོ་བ་༼ཡུལ་ནས་བཙལ་བ་༽ཡིན། །ཕོ་ཉའི་གཟུགས་ནི་མཚོན་པ་ཡི་༼ཞིབ་བཙལ་༽། །༼ཐིག་ལེ་འཛིན་ནུས་མི་ནུས་༽ཕོ་ཉ་རལ་གྲི་སོ་འདྲ་ཞིང་༼ཕོ་ཉ་གཉིས་ལས་ཐ་མལ་བའི་མིན་པ། གྲུབ་པའི་ཕོ་ཉ་མོ་ནི་དམ་ཚིག་དང་ལྡན་པས་མཉེས་པར་བྱས་པས་དངོས་གྲུབ་སྟེར་ལ། དམ་ཚིག་དང་མི་ལྡན་ཞིང་མཉེས་པར་མ་བྱས་པས་བསྒྲུབ་པ་པོ་རང་གསོད་རལ་གྲིས་ཡང་ན་གཞན་གཅོད། ཡང་ན་རང་ལ་གཅོད་པ་དང་འདྲ། ཡང་ན་ཐ་མལ་པའི་བདེ་བ་ལ་ཆགས་པས་ཕྱག་རྒྱ་བསྟེན་ན་རྣམ་རྟོག་སྐྱེད་པའམ་ངན་འགྲོ་སྐྱེད་པ་ཡང་གསུང་༽། །༼མཉེས་པར་བྱས་ནས་སྡིག་པ་༽དག་བྱེད་བསོད་ནམས་༼དངོས་གྲུབ་སྟེར་༽འཕེལ་བྱེད་ཡིན། ༼དོན་གསུམ་པ་ཕོ་ཉ་བཙལ་བ་དེ་སྟོན་པའི་ཐབས།དེ་བཞིན་ཕོ་ཉ་༼༣་དབྱེར་མེད་དུ་ཤེས་པ་བསྟན་ཏེ་༽ལེགས་༼དེ་ཡང་བསྟེན་པ་ན་སྔགས་ལ་ཞིང་སྐྱེས་སུ་མོས་པ་བྱེད་པས་བསྟེན་ཏོ་༽འདྲེས་པ༼ར་བྱེད་པས་ཕོ་ཉ་དེའི་གསང་གནས་བྱིན་གྱིས་བརླབ་པ་དང་གནས་རྣམས་སུ་རྩ་སྔགས་ལ་སོགས་པ་དགོད་པ་དང་གནས་༣་དང་གནས་ལྔ་བྱིན་གྱིས་བརླབས་ལ་སྙོམས་བྱས་ཏེ་མཆོད་པས་༽། །བསྒྲུབ་པ་པོ་ཡིས་༼སྔགས་སྐྱེས་མ་བསྟེན་ཏེ་དེ་ཡང་དང་པོ་དཔའ་བོ་ཡིས་དངོས་སུ་མྱོང་བ་དོན་གྱི་ཡེ་ཤེས་རྟོགས་པར་བྱས་ན་ཕན་ཡོན་༽དངོས་གྲུབ་འཐོབ། །༼ཕྱིའི་༽བཟླས་བརྗོད་༼ མཆོད་པས་ཕོ་ཉ་མཉེས་པས་༽བསམ་གཏན་༼ལྷ་བསྒོམ་པ་ལ་སོགས་པ་༽མེད་པར་ཡང་༼ཡང་ཞེས་བྱ་བ་སྡུད་ཚིག་སྟེ། མཆོག་ཐུན་མོང་སི་ཏི་རྣམས་སྔགས་བཟླས་བསམ་གཏན་གྱིས་འགྲུབ་པས་ཡང་དེ་དག་མེད་པར་ཕོ་ཉ་ལ་བསྟེན་ཏེ་དོན་གྱི་ཡེ་ཤེས་རྟོགས་པས་ཀྱང་འགྲུབ་ཅེས་པའོ༽། །༼བསམ་པ་ལ་སོགས་པའི་ཁྱད་པར་རོ་༽མྱུར་བ་ཉིད་དུ་༼དངོས་གྲུབ་༣་༽འགྲུབ་པར་འགྱུར། ཕོ་ཉ་བསྟེན་ལུགས་བསྒྲུབ་པ་པོ་༽ །སྔགས་དང་ཕྱག་རྒྱ་༼དང་༽བསྒྲུབ་པ་པོས་༼སྙོམས་འཇུག་གིས་༽། །མཆོད་པ་ཉིད་༼ཕོ་ཉ་བསྟེན་པ་རང་༽ལ་རབ་ཏུ་འཇུག ༼འདི་ན་མཐོང་མི་ཐུབ་པའི་མཆན་ཞིག་བཙུད་མེད༽ །འདི་ལས་གཞན་པའི་མཆོག་མེད་དེ། །བསྟན་བཅོས་ཉིད་དུ་༼ཕོ་ཉ་བསྟེན་པའི་ལམ་འདི་ཐེ་ཚོམ་མེད་༽ངེས་པ་ཡིན་༼པས་༽། །ཕོ་ཉ༼་བསྟེན་པ༽འི་ལམ་ལ་དགའ་བ་དང་། །བསྒྲུབ་པ་པོ་ནི་དངོས་གྲུབ་༼བསྒྲུབ་པ་ལ་བརྩོན་༽༼དོན་བཞི་བ་ཕོ་ཉ་བསྟེན་པའི་དུས་སུ་ཟས་ཀྱི་རྣལ་འབྱོར་ཕོ་ཉ་བསྟེན་པ་ལ་ལུས་བཟུངས་རྒྱས་པ་ཅིག་དགོས། ལུས་ཟུངས་རྒྱས་པ་ལ་ཁ་ཟས་བཟང་པོ་བཟའ་དགོས་པས་ཁ་ཟས་བསྟེན་པ་བསྟན༽་བརྩོན་༼པར་བྱ་༽ ། ༼ཨོཾ་ཨཱ་ཧཱུཾ་༽ །རིགས་སྔགས་༼འདི་ལ་བརྟེན་ནས་ལག་མཆོད་ཟིན་གསུང་། ཚེས་བཅུའི་དུས་སུ་པུ་ཙ་ཡང་ཟིན་གསུང་། ཐེབ་སྲིན་སྦྱང་བ་སྟེ་འཐེ་བོང་ལ་ཟླ་བ་ལ་ཧཱུཾ་བསམས་ལ་གསེར་གྱི་ས་གཞིར་བསམ། འཛུབ་མོ་ལ་ཟླ་བ་ལ་སུཾ་བསམ་ལ་རི་རབ་ཏུ་བསམ། ཆང་རྒྱ་མཚོར་བསམ་ལ་བསྲུབས་པར་བསམ། དེ་ལས་བདུད་རྩིར་བསམས་ལ་ཟ༽་ཕྱག་རྒྱར་ཡང་དག་ལྡན། །༼ལྷ་མཆོད་པའི་བསམ་པས་༽ཟས་ལ་རྟག་ཏུ་སྤྱད་པ་བྱ། །རྣལ་འབྱོར་༼ལྷ་༣་བཅུ་རྩ་༧་གྱི་དཀྱིལ་འཁོར་རྫོགས་པ་ལ་བྱ་༽ཀུན་ལ་འཇུག་པ་ཡིས། །བསྒྲུབ་པོ་༼ཕྱི་ནང་གི་ལྷའི་དཀྱིལ་འཁོར་རྫོགས་པ་ལ་༽ལེགས་པར་མཉམ་བཞག་བྱ། །༼སྤྱོད་པ་བྱེད་པའི་དུས་སུ་༽རིགས་རྣམས་༼སྤྲོས་མེད་ཀྱང་ཟུར་ཙམ་ཟིན་གསུང་༽ཀུན་ལ་༼གཡུང་མོ་དང་བྲམ་ཟེ་ལ་སོགས་པ་བཟང་ངན་མེད་པར་༽སྤྱད་བྱ་ཞིང་། །༼བདུད་རྩི་ལྔ་ལ་སོགས་པར་དང་ཆང་ལ་སོགས་པ་མཉམ་པོར་༽བཟའ་མིན་པར་ནི་མི་བརྟག་གོ །༼དེ་བཞིན་ཟེར་༽དེ་ཉིད་དུ་༼ཆོས་ཉིད་དེ་བཞིན་ཉིད་དུ་རོ་༡་པས་རིགས་བཟང་ངན་དུ་༽ནི་དེ་དབྱེར་མེད། ༼ཞིང་སྐྱེས་མ་དང་ལྷན་སྐྱེས་མ་བསྒྲུབ་པ་ཡང་སྔགས་སྐྱེས་བསྐུལ་ནས་འགྲུབ་ཅེས་སོ་༽ །ཕོ་ཉ་མོ་ཡི་བསྒྲུབ་པ་གཉིས། །༼སྔགས་སྐྱེས་མ་བསྟེན་པ་༽དངོས་གྲུབ་ཆོ་ག་ལ་སྤྱོད་ཚེ། །༼སི་ཏི་བསྒྲུབ་པའི་ཚེ་སྔགས་སྐྱེས་མ་བསྟེན་པ་༽ཕོ་ཉ་གཅིག་པ་ཁོ་ན་ཡིན། །རབ་༼མཆོག་༽དགའ་ཉིད་༼བུ་དང་བུ་མོའི་༽དང་དངོས་གྲུབ་ནི༼ཐུན་མོང་དངོས་གྲུབ་༽ ། ༼འདི་ན་རྐང་བ་དུ་མར་དོའི་འགྱུར་ན་མེད་དེ་མེད་པ་ལེགས་༽ །ཞིང་རྣམས་གནས་སུ་༼རང་བཞིན་གྱིས་འགྲུབ་པའི་ཡུལ་ཉི་ཤུ་རྩ་བཞི་ན་༽གྲུབ་པ་ཡི། །མཁའ་འགྲོ་མ་དག་རྣམ་པར་གནས་༼པས་གྲུབ་པོས་སྔགས་སྐྱེས་གྲུབ་ཙ་ན་ཞིང་གྲུབ་པོ་༽། །དེར་༼བསྒྲུབ་པ་པོ་དེར་ཕྱིན་བསྐྱེད་རྫོགས་གཉིས་པ་༽གནས་པ་ཡི་༼སྔགས་སྐྱེས་བསྟེན་ཅིང་༽བཟླས་པ་བྱ་༼ཅེས་པ་ཕོ་ཉ་བསྟན་པ་ཉིད་དགོས་གསུང་༽། །ཟས་རྙེད་པ་༼སྔགས་སྐྱེས་དངོས་སུ་རྙེད་པ་༽ནི་གཉིས་པའོ། །དེ་ནི་༼སྔགས་སྐྱེས་དངོས་སུ་རྙེད་ནས་བསྟེན་པ་༽རོལ་པར་ཡང་དག་༼ཕོ་ཉ་བསྟེན་པ་༽གནས། །བསྒྲུབ་པ་༼དངོས་གྲུབ་༽དག་དང་ཉེ་བའོ། །༼སྔགས་སྐྱེས་དངོས་སུ་བསྟེན་པས་ཞིང་སྐྱེས་བསྐུལ་དེ་ལྷན་སྐྱེས་བསྐུལ་བས་༽ཕོ་ཉ་རྣམས་ནི་ཡང་དག་བསྐུལ། །༼དེ་ལྟར་སྔགས་སྐྱེས་བསྟེན་པས་སི་ཏི་ཐོབ་པ་དེ་ཡང་༽བླ་མ༼འི་གདམས་ངག་༽་བརྒྱུད་པའི་རིམ་༼པ་ལས་༽ཐོབ་པའི། །༼དང་པོ་ཕོ་ཉ་དེ་༽དབང་བསྐུར་༼བྱ་༽བས་ནི་སྔགས་ལེགས་ལྡན་༼ལྷ་བསྒོམ་པ་དང་ལྡན་པར་བྱ་༽། །༼བཞི་པའི་དེ་ལྟར་བྱས་པའི་༽ཕོ་ཉ་རྣམས་སུ་༼བསྟེན་པར་༽ཡང་དག་བཤད། །༼དེ་ནས་༽ཕྱག་རྒྱ་༼བསྟེན་པ་ཡང་ཁབ་དེབ་ལྟ་བུ་དང་སྤྱང་ཐག་ལྟ་བུ་ལ་སོགས་པ་བསྟེན་པའོ་༽ལེགས་སྦྱོར་ངང་ཚུལ་༼རྡོ་རྗེ་མཁའ་འགྲོ་མས་རི་དྭགས་མིག་དང་གླང་པོའི་སྣ་ལ་སོགས་པའི་མཚན་ཉིད་དང་ལྡན་པའོ་༽དང་། །༼མིའི་མཚན་ཉིད་དང་ལྡན་པའི་སྟེང་དུ་ཡང་ཕོ་ཉ་དེའི་མཚན་ཉིད་༽ཆགས་༼པ་༽མེད་གཏོང་དང་༼རང་གི་དམ་ཚིག་བསྲུང་༽ཚུལ་ཁྲིམས་ལྡན། །༼དང་པོར་དེའི་ཡེ་ཤེས་དེ་ལས་དོན་གྱི་ཡེ་ཤེས་དེ་རྟོགས་པ་སྐྱེ་ལ་དེ་ལས་འབྲས་བུ་ཆོས་སྐུའི་ཡེ་ཤེས་སྐྱེའོ་༽ཡེ་ཤེས་རྒྱུ་སྐྱེས་༼རིམ་གྱིས་འབུ་ཏར་༽ཡང་དག་རྫོགས། །བསམ་པའི་བདག་ཉིད་༼བུ་མོ་འོད་གསལ་སྟོང་པ་ལ་ཉལ་བས་༽ནང་པར་ལངས། །ལུས་ཀྱི་༼སྤོགས་ཀྱི་བསྡུ་བ་ཚངས་པ་ལ་སོགས་པ་བསྐྱེད་རིམ་རྫོགས་པར་བསྒོམས་པའི་༽བྱ་བ་ཀུན་བྱ་སྟེ། །༼གང་ཞེ་ན་ཐ་མལ་བའི་ལུས་ཀྱི་ ཆོ་ག་གཉིས་༽ཡན་ལག་ལས་འདས་མཚོན་ཆ་ནི། །༼ལྷའི་ང་རྒྱལ་དུ་བྱ་བ་གསུམ་བཅུ་རྩ་བདུན་གྱི་༽ལུས་ལ་༼ལྷ་རྣམས་རྫོགས་པར་དགོད་པ་ལ་སོགས་པ་༽གནས་པར་ཀུན་ཏུ་སྤྱད། །༼ལུས་ལྷར་༽དག་༼པར་༽བྱེད་བྱས་པའི་ལུས་དང་ནི། །༼༣་པ་སྤྱོད་ལམ་གྱི་ཁྱད་པར་དུ་༽རྟག་ཏུ་སྔགས་ནི་༼ཨོཾ་ཨཱ་ཧཱུཾ་སརྦྦ་བི་ར་ཡོ་གི་ནི་ལ་སོགས་པས་ལུས་ཀྱི་དཀྱིལ་འཁོར་བསྟན་པར་བྱེད་པས་༽བརྗོད་པར་བྱ། །རྟག་ཏུ་སྔགས་ནི་༼སུམ་བྷ་ནི་༽བརྗོད་ནས་སུ། །རྣལ་འབྱོར་གནས་རྣམས་༼པུ་ཛ་ལ་སོགས་པ་ལུས་ཀྱི་གནས་རྣམས་༽་ངེས་བསྟན་ཞིང་༼ཧེ་རུ་ཀ་བསྒོམ་༽། །༼ལུས་ལ་ལྷ་ཚང་མར་དགོད་པ་གོ་ཆ་ལ་སོགས་པ་༽མཚོན་ཆ་རྣམས་ནི་བསྒོམ་མི་བྱ་། །༼བཞི་བ་དམ་ཚིག་གི་ཁྱད་པར་༽དམ་ཚིག་ཅན་༼རྡོ་རྗེ་སྤུན་ལ་སོགས་པ་ལ་སྤྱིར་བུད་མེད་ཐམས་ཅད་ལ་༽མི་ཁྲོ་མི་བྱ། །དབང་བསྐུར་པ་ལས་༼སེམས་ཉིད་ཁོ་ན་རྟོགས་པ་ལ་དབང་བཞི་པའི་དོན་རྟོགས་པར་བྱ་ལས་༽འདའ་མི་བྱ། །༼བཞི་བའི་རྟོགས་པ་རྒྱུན་དུ་༽དེ་དང་༼དབང་ཟེར་༽ལྷན་ཅིག་༼མི་འབྲལ་བར་བྱའོ་༽བདེ་བར་བྱ་༼དབང་བཞི་པའི་དོན་རྟོགས་པས་༽། །༼རང་༽གྲོལ་བའི་དོན་༼རང་དོན་སི་ཏི་ཐོབ་གཞན་དོན་དུ་ལས་བཞི་ལ་སོགས་པ་འགྲུབ་༽དེ་དོན་དུ་༼ལྔ་དགོས་པ་གོང་གི་བསམ་པ་དང་ཡུལ་གྱི་ཁྱད་པར་རང་ལ་དགོས་པ་ཅི་ཡོད་ཅེ་ན་༽། །དམ་ཚིག་སྤྱོད་པ་ཉིད་དུ་༼ཕོ་ཉ་བསྟེན་པ་ཉིད་དུ་༽བྱ། །༼འབའ་ཏན་ཏ་༽རྨོངས་པས་༼ཐ་མལ་པའི་༽འཁྲུལ་བ་རྣམ་པར་སྤང་། །༼དྲུག་པ་ཁ་དོག་དང་གོས་ལ་སོགས་པའི་ཁྱད་པར་༽མཚན་མོ་རྟག་པར་༼གཅེར་བུ་མོ་༽ནམ་མཁའི་གོས་༼ཅན་བྱས་པར་༽། །ཡང་ན་གོས་དང་།སུམ་བྷ་ར་ཧིར། དམར་ནག་དུ་བ་འདིར་༽གནག་དང་དམར་བར་རྟག་འགྱུར་བ། ༼ཞེས་བྱ་བ་ལ་སོགས་པ་ཚིག་རྐང་བཅུ་འགྱུར་སྙིང་ལ་ཡོད་ཏེ་འབའ་ཏན་ཏའི་དང་༽ །སྲོག་ཆགས་༼བླ་དཔེ་ལ་མེད་༽ལས་བྱུང་༼སྟག་སྤགས་ལ་སོགས་པ་༽ཡན་ལག་གྱོན། །༼ཅི་དགར་༽བདེ་བ་༼བསྐྱེད་༽སྤྱོད་པས་༼ཕྱག་རྒྱ་ཆེན་པོ་༽བདེ་ཐོབ་འགྱུར།་༼ཞེས་པ་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་བྱའོ༽། །མཆོད་ཕྱིར་ཐོགས་ནི་༼གསེར་ལ་སོགས་པ་ལས་བྱས་པའི་རྒྱན་བདུན་༽ཡོངས་སྤངས་གཙང་། ༼བར་བྱས་པས་ལྷའི་རྒྱན་གྱིས་བརྒྱན་༽ཤྲཱི་ཧེ་རུ་ཀར༼འི་ང་རྒྱལ་དུ་༽བྱིན་གྱིས་བརླབས། །༼རུས་པའི་༽ཕྱག་རྒྱ་ལྔ་དང་༼འབྲས་བུ་ཆེ་བ་ལ་ལ་ལས་འདིར་འབྲས་བུ་ཆུང་ལྷན་༡་སྤྱོད་བྱ་ཟེར་༽ཡང་དག་ལྡན། །དུས་ཀུན་ཏུ་ནི་ཡང་དག་སྤྱད། །༼དེ་རྒྱས་པར་༽མགུལ་རྒྱན་གདུ་བུ་རྣ་རྒྱན་དང་།༼ཕས་དྲུག་དང་སྦྱར། ཡང་ན་རིས་དྲུག་དུ་སྦྱར་༽ །༼བརྒྱད་པ་ཞར་ལ་གསང་པའི་སྤྱོད་པ་དང་གསང་བར་བྱ་བ་དང་གཙང་སྒྲ་ལ་སོགས་པའི་ཁྱད་པར་༽སྤྱི་བོ་ནོར་བུས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་དང་། །དུས་ཀུན་དུ་ནི་རྣམ་པར་གནས་༼རུས་པའི་རྒྱན་ལ་སོགས་པ་གདགས་པ་དང་༽། །༼གཅེར་བུ་ལ་སོགས་པའི་སྤྱོད་པས་སྤྱོད་པ་དང་བསྒོམ་བཟླས་ལ་སོགས་པ་ཐམས་ཅད་༽མཚན་མོ་རྟག་ཏུ་གསལ་བྱ་ཞིང་༼ཞེས་བྱུང་༽། །ཉིན་པར་གསང་བ་ཉིད་དུ་བྱ། །བྱེད་པའི་ཡེ་ཤེས་ཤིན་ཏུ་སྦ། །རབ་ཏུ་ཞི་ཞིང་ངལ་བ་ཐུལ། །༼གཙང་སྒྲ་དངོས་དེ་མདོར་བསྟན་པ་༽ གཙང་སྒྲ་གསུམ་དུ་ཤེས་བྱ་ཞིང་། །༼སྤྱོད་པ་མ་བཅོས་པ་རྣལ་མ་༽རང་གི་རྒྱུན་བཞིན་རྣམ་པར་གནས། །༼བྲམ་ཟེ་སོགས་༽རིགས་དང་༼གཡུང་མོ་སོགས་༽རིགས་མིན་༼གཉིས་པ་བཟང་ངན་དུ་༽ངོར་མི་ལྟ། །༼སྐྲ་ལྟག་པར་༽སྤྱི་གཙུག་ལ་སོགས་༼མེ་ཏོག་འཕྲེང་བ་རྟགས་སོགས་༽བཅིང་བ་སྤང་། །༼དབང་པོ་རབ་དེ་ཁོ་ན་ཉིད་གོམས་པར་བྱེད་པའི་༽ཕོ་ཉ་༼གཙང་སྤྲ་རྒྱས་པར་བཤད་པའོ༽གཙང་སྦྲ་དང་པོ་ཡིན། །གཉིས་པ་༼འབྲིང་བདུད་རྩི་ལྔ་ ཕག་ཏུ་རྟོག་མེད་སྟོན་ཅིང་དེ་ཁོ་ན་ཉིད་གོམས་པར་བྱེད་པ་༽ཟླ་བ་ཡིན་པར་འདོད། །༼དབང་པོ་ཐ་མ་ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་སྣོད་༡་ཏུ་ཟ་བ་ཟས་གཅིག་ཏུ་སྤྱོད་པ་༽ཟས་གཅིག་ཏུ་ནི་༼བྲམ་ཟེ་སོགས་རིགས་ཐམས་ཅད་༽ཟ་བ་ཉིད། །གཙང་སྦྲ་གསུམ་པ་༼གཙང་སྦྲ་ནི་རྟོག་པའི་དྲི་མ་དག་པར་བྱེད་པའོ་༽ཡིན་པར་བཤད།༼སྤྱི་དོན་༣་པ་སྤྱོད་པའི་ཕན་ཡོན་ ས་མིན་ཏན་རྡ་འམ་ཡང་ན་སཾ་བྷ་ར་རང་གི་བཤད་རྒྱུད་གསུང་༽ །རྣལ་འབྱོར་པས་ནི་རྟག་ཉིད་དུ། །གཙང་སྦྲ་འདི་དག་རབ་བསྐྱངས་པས།༼ གསུམ་པོ་ཐུན་མོང་ཞི་སོགས་དང་མཆོག་དང་ཕྱག་རྒྱ་ཆེན་པོ་མཆོག་གྲུབ་ཆེན་རྣམས་བུ་ཏའི་རིམ་པས་སོ་༽ །གཙང་མ་དག་པའི་རིམ་ཐོབ་ནས། །དངོས་གྲུབ་༼གཞན་༽གང་ལས་༼ཀྱང་༽འབྱུང་༼པར་༽མི་འགྱུར་༼དེ་འདི་ཁ་ནས་བྱུང་ཅེས་པའོ༽། །དེ་ཉིད་བསྡུས་པར་༼བཟླས་པ་ལ་སོགས་པས་འགྲུབ་པར་༽གང་གསུང་དང་། །དེ་བཞིན་བདེ་མཆོག་ལས་གང་གསུང་༼དེ་ལྟ་བུའི་དོན་འདི་ལས་བསྟན་པས་རྒྱུད་ཀྱི་ཆེ་བ་བསྟན་༽། །གསང་བའི་༼འདུས་པ་༽རྒྱུད་ལས་༼ཡང་ན་ཐམས་ཅད་ནས་རྒྱུད་གསུང་༽ཡང་དག་བཤད། །དེ་བཞིན་དཔལ་མཆོག་དང་པོ་དང་། །རྡོ་རྗེ་འཇིགས་བྱེད་ཉིད་ལས་གསུངས། །༼དེ་རྣམས་སུ་བཟླས་པ་དང་འཁྲུལ་འཁོར་ལ་སོགས་པས་ལས་འགྲུབ་པར་གསུང་པ་དེ་༽བཟླས་དང་བརྟུལ་ཤུགས་སོགས་པས་༼དངོས་༽འགྲུབ་༼གྲུབ་པར་གསུངས་པ་དང་༽། །དེ་༼བདེ་མཆོག་ཉུང་ངུ་འང་༽འདིར་༼གོང་གི་འཁྲུལ་འཁོར་ལ་སོགས་པ་ལ་མི་ལྟོས་པར་བསམ་གཏན་ཁོ་ནས་འགྲུབ་ཅེས་པའོ་༽བསམ་གཏན་ཙམ་གྱིས་ནི། །༼ཕོ་ཉ་ཕྱིས་གོམས་པའི་༽སྔགས་པས་སྐད་ཅིག་གིས་༼ཕྱག་རྒྱ་ཆེན་པོའི་དངོས་གྲུབ་༽འགྲུབ་འགྱུར། །༼ཕོ་ཉ་དངོས་སུ་མིན་པའམ་ཡང་ན་ཕོ་ཉ་དངོས་སུ་བསྟེན་པར་མི་འདོད་ན།ཕོ་ཉ་མ་ཡིན་པར་ཕག་མོ་ལ་སོགས་པ་ཡིད་ཀྱིས་སྤྲུལ་པའི་རིག་མ་༽རྣལ་འབྱོར་ལམ་ལ་དགའ་བས་ཀྱང་། །༼ཐ་མ་སྣོད་གཅིག་ཏུ་བཟའ་བ་གསུང་༽གཙང་སྦྲ་འདི་ནི་ཡང་དག་སྤྱད། །བསོད་ནམས་༼སམ་དངོས་གྲུབ་༽གཙང་སྦྲ་ལས་༼གསུམ་འམ་ཐ་མ་ལས་གསུང་༽ལས་བྱུང་གང་། །བསྒྲུབ་པོའི་ཡོན་ཏན་རྒྱ་ཆེན་པོ།༼ ཚོགས་ཀྱི་འཁོར་ལོ་དང་གསང་བའི་པུ་ཙ་གཉིས་ལ་གནས་པའི་༽ །སྟོང་ཕྲག་གཅིག་པའི་༼ལ་ཝེ་བརྒྱ་བརྒྱ་ཡོད་པས་བརྗོད་པ་༽གདོང་མིན་པར། །ཁ་ཅིག་༼དང་ཝེ་གཅིག་༽གིས་ནི་༼ཚོགས་ཀྱི་ཕན་ཡོན་༽བརྗོད་༼པར་༽མི་ནུས། ༼དེ་ལྟ་བུ་འབྱུང་བ་ཡང་གང་གི་མཐུ་ཡིན་ན་༽ །དཔལ་ལྡན་ཁྲག་འཐུང་༼ང་རྒྱལ་གྱིས་ཕོ་ཉ་བསྟེན་པའི་འོ་༽ཡེ་ཤེས་ཆེ༼ན་པོ་༽། །རྣམ་དག་མཚན་ཉིད་ཀུན་བསྒྲུབ་པའོ་༼འི་མཐུའོ་༽། །༼ཕོ་ཉ་བསྟེན་པའི་བདེ་བ་༽བདེ་བའི་༼བུ་༽བསོད་ནམས་༼ཚོགས་ཀྱི་ཕན་ཡོན་༽ཆུ་༼ཆང་༽འཐུང་བ། །༼དེའི་སྒྲིབ་པ་༽དག་བྱེད་སྡིག་པ་འཇིགས་བྱེད་ཡིན། །༼རྣལ་འབྱོར་པའི་གྷ་ནའི་ཡོན་ཏན་ལྟ་ཞོག་གི་གཞན་ ཚོགས་དེ་ལ་༽རེག་པ་དང་ནི་སྨྲ་བས་ཀྱང་༼གྷ་ན་དེའི་དུས་སུ་༽། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །༼ལས་དང་པོ་པས་མི་དགེ་བ་བཅུ་བསྡམས་སྟེ་༽ལུས་ངག་སྐྱོན་ནི་མེད་པ་ཡི། །གང་ཞིག་སྤྱོད་པ་བྱེད་པ་ཡི། །༼གཙོ་བོས་ཚོགས་ཀྱི་དུས་སུ་༽མི་མཆོག་སྡིག་པ་ཐམས་ཅད་ནི། །རྣམ་༼པར་༽དག་༼ནས་༽བདག་ཉིད་བདེ་གཤེགས་ཀྱི་༼ས་བཅུ་རིམས་ཀྱིས་བགྲོད༽། །ས་རྣམས་ཀྱང་ནི་་་་་་་་འབྲས་བུ་ཕྱག་རྒྱ་ཆེན་པོ་་་་་ཐོབ་པར་འགྱུར། །སྐྱེ་ཞིང་་་་་བུདདྷ་མ་ཐོབ་ཀྱི་བར་ཡང་་་་སྐྱེ་་་་སྐྱེ་བ་ནས་སྐྱེ་བ་དྲན་་་་་བར་་་་་དེ་བཞིན་གཤེགས་་་་པའི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་དང་རིགས་ལ་གནས་པ་ལ་སོགས་པར་འགྱུར་་་། །རིགས་་་་་་སུ་་་་་འགྱུར་ཆོས་ལྡན་རྒྱལ་་་་དེ་མ་ཐོབ་བར་དུ་ཡང་་་་་པོར་འགྱུར་་་་་་འཁོར་ལོ་བསྒྱུར་བ་་་་། །དེ་ལྟར་་་་་སྤྱི་དོན་བཞི་བ་་་་་རྟག་ཏུ་་་་་་་་སངས་རྒྱས་ལ་ཚོགས་ཀྱི་་་་་་་མཆོད་བྱས་ནས། །་་་་ཞིང་སྐྱོང་རྣམས་ལ་་་་་་་དད་པ་ཡིས་ནི་༼བྱ་བ་གཉིས་པ་དམ་ཚིག་ཅན་གཏོར་མ་སྦྱིན་པ་་་་་་གཏོར་མ་སྦྱིན། །༼དཀྱིལ་འཁོར་ཆོ་ག་སྒྲུབ་ཐབས་ནས་བྱུང་བ་བཞིན་དུ་བསྒོམ་པ་སྔོན་སོང་ནས་༽ཇི་བཞིན་ཆོ་གའི་སྦྱོར་བ་ཡིས། །༼འགྲོ་ན་རང་ཡང༽དད་པས་ཅི་འདོད་སྦྱིན་པར་བྱ༼ཏེ་མི་མོས་ན་བཟློག་པ་ལ་སོགས་ནུས་པ་ཐོབ་པས་བྱ་འོ༽། །མར་གྱི་ངོ་ཡི་ཚེས་བཅུ་དང་་་་་ཚེས་བཅུ་གཉིས་ལ་། །ཟླ་བ་ཡར་ངོར་གང་གྱུར་དང་། །༼གྷ་ན་དང་གཏོར་མ་ལ་༽མྱུར་དུ་འབད་པས་མཆོད་བྱ་སྟེ། །༼ཡུལ་གང་ལ་མཆོད་ན་འཇིག་རྟེན་གྱི་དེ་བ་ལོ་ཀ་ལས་འདས་པ༽རྡོ་རྗེ་ལྷ་མོ་༼རྒྱུ་གང་གིས་མཆོད་ན་༽མྱོས་བྱེད་༼ཆང་དང་༽ཤས། །སྐྱེ་བོ་༼བསྒྲུབ་པ་པོ་དུས་མཆོད་ན་༽དད་པས་མཆོད་བྱ་ཞིང་། །ཧེ་རུ་ཀ་དཔལ་མངོན་དགའ་ཞིང་། །མགུ་བའི་སེམས་མཆོག་དག་དང་ནི། །༼ལོ་ཀ་དང་ལོ་ཀ་ལས་འདས་པའི་མཐིལ་ན་གནས་པའི་དཔལ་༽དེ་རྣམས་༼ཀྱིས་༽ལག་ནས་མཆོག་སྟེར་བྱེད། །༼ཟླ་བའི་དུས་ཚེས་བཅུ་རྣམ་པ་གཉིས་ཡིན་པ་ཉིན་ཞག་གི་དུས་ནི་༽མཚན་མོ་བརྟུལ་ཞུགས་ཅན་གཏོར་མ། །༼ཆ་ལུགས་༽སྐྲ་གྲོལ་གཅེར་བུར་གྱུར་བས་སྦྱིན། །ཤྲཱི་ཧེ་རུ་ཀའི་བདག་ཉིད་༼་ཀྱི་ང་རྒྱལ་༽ཤེས༼པའི་ལ་ལ་ངན་ཏི༽། །༼ཞིང་སྐྱེས་སྔགས་སྐྱེས། ཞིང་སྐྱེས་ལ་སོགས་དུར་ཁྲོད་ཀྱི་བདག་པོ་བརྒྱད། དཔའ་བོ་དཔའ་མོ་གཞི་གཅིག་ལ་ལྡན་པ༽སྦྱོར་བས་མ་མོ་རྣམས་མཉེས་འགྱུར། དཔལ་འཁོར་ལོ་སྡོམ་པ་ལས། ༼མ་སྲིང་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་སྤྱོད་པའི༽ །སྤྱོད་པ་༼སྤྲོས་བཅས་༽་དང་བརྟུལ་ཞུགས་༼དགོས་པ་གང་གི་ཆེད་དུ་རུས་པའི་རྒྱན་དྲུག་ལ་སོགས་པ་བཏགས་ནས་སྤྱོད་པ་བྱེད་པ་༽དང་༼ཚོགས་ཀྱི་༽མཆོད་པ་དང་༼ལོ་ཀ་ལས་འདས་པའི་བུ་ཏ་ལ་༽གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་བདུན་པའོ། །༼མཚམས་འདི་ནས་མཐུད་ན་སྐྱོན་འབྱུང་༽།༼གོང་དུ་བསྟན་པའི་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་པའི་ག་གེ་བྱ་བ་དང་བྱ་བ་མ་ཡིན་པ་བསྟན༽དེ་༼དང་པོ་བདག་གཞན་གཉིས་མཆོད་པའི་བྱེ་བྲག་བསྟན༽ནས་༼བཟའ་བ་དང་བཏུང་བ་ལ་སོགས་པ་༽མཆོད་པ་རྣམ་༼་པར་༽དག་༼པའི་༽བདག་༼ཉིད༽། །༼པཱུ་ཙའི་དགོས་པ་༽མྱ་ངན་འདས་༼ཐམས་ཅད་མཁྱེན་པར་འགྲོ༽་པར་ངེས་༼པར༽འགྲོ་དཔའ༼བར་གྱུར་བའོ༽། །༼གཉིས་པ་པུ་ཙའི་ཡུལ་དང་པོ༽དེ་བཞིན་བདག་ཉིད་མཆོད་པ་དང་། །༼གཞན་ཡང་མཆོད་པའི་དབང་དུ་བྱས་སྟེ།_ཡབ་ཡུམ་གཉིས༽སངས་རྒྱས་ཀུན་སོགས་སྲས་༼ཏེ་བོར་་པར་དངོས་དང་ཉམས་ལ་སོགས་པ་ ་ལྷག་པའི་ལྷར་བྲེས་པར་བྱ་༽བཅས་དང་། །༼ཡུལ་གསུམ་པོ་༽དཔའ་བོ་༼སྐྱེས་པ་རང་དཔའ་པོར་མོས༽ཀུན་དང་རྣལ་འབྱོར་མ། །༼རྟེན་གཞལ་ཡས་ཁང་༽བརྟན་པ་དག་དང་གཡོ་༼པར་བཅས་པ་མཆོད་༽བ་དང་། །༼ཡུལ་བཞི་བ་ལོ་ཀ་པའི་འབྲེལ་བ༽སྤུན་དང་༼ཆོས་ཀྱི་འབྲེལ་བའི་དབང་དུ་བྱས་ན་སྤུན་རྡོ་རྗེ་ཤུགས་བརྩེ་སེམས་ཆེ་བའོ༽་བསྔགས་པ་༼དམ་ཚིག་ཅན་ལ་བཟའ་བ་ལ་སོགས་པ༽མཆོད་པ་སྟེ། །༼རྣལ་འབྱོར་མ་རྣམས་ལེགས་པར་ཇི་ལྟར་མཆོད་ན།ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་བདེ་བས་མཆོད༽ལེགས་གནས་ཟླ་བ་འདུས་པ་ལའོ། །་་་༼འཇིག་རྟེན་པའི་འབྲེལ་བ་ལ་ཇི་ལྟར་བྱ་ན་༽་་་་སྤུན་དང་བུ་དང་ལྷན་གཅིག་ཏུ། །༼ཟས་ལ་སོགས་པ་ལ་ལྷན་གཅིག་ཏུ་སྦྱར༽བདེ་དང་སྡུག་བསྔལ་༼བདེ་བར་སྤྱད༽ཀུན་༼དེ་དག་དང་ལྷན་ཅིག་ཏུ་སྤྱད་པར་བྱའོ༽འབྱུང་ཡིན། །སྔགས་༼དེ་དང་ལྡན་པ་རུ་གང་མི་བྱ་ན༽དང་དེ་བཞིན་༼ཨོཾ་ཨཱཿཧཱུཾ་སྩོགས་ཀྱིས་༽ཕྱག་རྒྱ་དང་། །༼ལོ་ཀ་བའི་འགྲེལ་བ་ལ། རྫོགས་རིམ་དེ་ཁོ་ནའི་དོན༽ །ཡེ་ཤེས་དེར་ནི་བསྟན་མི་བྱ། །༼དེ་ཅིའི་ཕྱིར་ཞེ་ན།དེ་བསྙེས་པས་བླ་མ་ལ༽མ་དད་ཐམས་ཅད་༼སྐྱེད་པ་དང་།བླ་མ་ལ་༽སུན་འབྱིན་༼པར༽བྱེད༼པའི༽། །༼རྟོག་པ་དག་པར་བྱེད་པ་བདུད་རྩི་ལྔ་ལྕེ་ལ་འཇོག་པ་ཨ་ཏྲོ་རེས་འགྲོ་སྟེ་བདུད་རྩི་ལྔ་རིགས་ལྔའི་ངོ་བོར་བྲེས་པར་བྱ་བས་ན་༽དག་བྱེད་ཟས་ལ་སྤྱོད་པ་ནི། །རྟག་ཏུ་དམ་ཚིག་སྤྱད་བྱས་འགྱུར། །༼གཞན་སགས༽གསང་སྔགས་༼རྩ་བའི་སྔགས་ལ་སོགས༽སུ་ལའང་སྦྱིན་མི་བྱ། །༼དབང་མ་རྫོགས་པ་ལ་བཞི་བའི་དེ་ཁོ་ན་ལ་སོགས་མི་བསྟན༽མན་ངག་རྣམ་པར་ཉམས་མི་བྱ། །༼དབང་རྫོགས་པ་ལ་བཞི་བའི་དེ་ཁོ་ན་བསྟན༽དམ་ཚིག་གནས་ལ་ཅི་རིགས་པར། །༼བཞི་བའི༽མན་ངག་རྣམས་ཀྱང་སྦྱིན་པར་བྱ། །༼རང་གི་དམ་ཚིག་ལ་སོགས་པ་བསླབས་པའི་རང་གི་ཕྱག་རྒྱ་ཊོཾ་བྷི་སོགས་མ་གཏོགས་པ་ཐ་མལ་པའི་བུད་མེད་༽ཕོ་ཉ་མ་གཏོགས་གཞན་དག་ལ། །འདོད་༼པ་ལ་ཆགས་པའི་ཏ་མལ་བའི་འདོད་ཆགས་༽ལ་རྨོངས་པས་འགྲོ་༼བགྲོད་པར༽མི་བྱེད། །༼ཅིའི་ཕྱིར་ན་༽ཕོ་ཉ་མོ་༼ས༽ཞེས་རྟག་༼ཏུ༽ཐར་བ་བས་ཏེ། །༼གཉིས་པ་་་་་་བྱེ་བྲག་བཟའ་པའི་དམ་ཚིག་བདུད་རྩི་ལྔ་ལ་ལོངས་སྤྱོད་པར་བསྟན།དེ་ཉིད་བདུད་རྩི་ལྔ་རིགས་ལྔའི་ངོ་བོ་ཡིན་པས་བསྲུང་བའི་དམ་ཚིག་ལ་ཡང་༽འབད་༼བདལ་ཟེར༽པ་ཡིས་༼རྩོལ་བ་དྲག་པོས་༽ཀྱང་ལོངས་སྤྱོད་༼བརྟེན་པར་༽བྱ། །༼དེ་ཡང་གདོལ་བ་མོ་ལྟ་བུ་༽སྐྱེ་གནས་དམན་ལ༼བསྙེན་བསྐུར་དང་བརྟེན་པ་ལ༽་མི་གནས་༼པ་ནི་རིགས་བཟང་པོས་སྟེ་དེ་ཁོ་ན་ལ༽་ལ། །༼དོན་གྱི་སྔགས་གདོལ་བ་མོ་ལ་བརྟེན་ན་དེ་ཉིད་ལ་བསྙེན་བསྐུར་བྱ་ཡི།བྲམ་ཟེ་མོ་ལ་སོགས་པ་བཟང་པོར་མི་བཟུང་ཅེས་པའོ༽བསྙེན་བསྐུར་ཉིད་ནི་བྱ་བ་མིན། །༼ཡོན་ཏན་སྐྱེད༽མ་དང་སྲིང་མོ་༼བརྟེན་པའི་ཕོ་ཉའི་ཡོན་ཏན་གྱི་བྱེ་བྲག་༽བུ་མོ་༼ངག་སྙན་༽དང་། །༼བདེ་བསྐྱེད་༽ཆུང་མ་ཕོ་ཉ་མོ་ཉིད༼དངོས་གྲུབ་ཀྱི་བྱ་བ་བྱེད་པས༽་གནས། །༼དེ་ལྟ་བུའི་ཕོ་ཉ་ལ་ཡོན་ཏན་ལྡན་པས་བརྟེན་པའམ་ལྔ་ཆར་བརྟེན་ཡང་ལོ་ཀ་གཅིག་ཏུ་བརྟེན་ན་ནུས་ཐོན་པས་སྟེ་དགོས་པས།སྔར་དཀྱིལ༽འཁོར་ལོས་དེ་བཞིན་གྲུབ་པ་ལ། །༼ནུས་པ་ཡོད་ན་བརྟེན་གྱིས༽གཞན་དུ་༼ནུས་པ་མ་ཐོན་པས༽བྱ་བ་མ་ཡིན་ནོ། །༼ནུས་པ་མ་ཐོན་པར་བྱས་ཏེ་བརྟེན་ན་༽དཀའ་ཐུབ་༼སྡོམ་པ་ཡོད་པ་དེ༽ངེས་པར་༼ཟད་པའི་ཚུལ་གསུམ། གསང་བ་བསྒྲགས་པའི་རྩ་ལྟུང་དང་ལྔ༽ཟད་པར་འགྱུར། །༼ལྷན་ཅིག༽མཆོག་དབུས་༼ཞིང་སྐྱེས།སྔགས་སྐྱེས།༽ཐ་མ་ལྷན་གཅིག་༼སྔགས་སྐྱེས་ལ་ཞིང་སྐྱེས་སུ་ཞེན་པ་བྱས་པ་ལ་སོགས་པས་ལྷན་སྐྱེས་ལ་བསྐུལ་བས་ཆོས་སྐུ་རྟོགས་པ་འབྱུང་བས༽འགུགས༼པས་ན༽། །དེ་ལྟར་༼ཕོ་ཉ་མོའི་༽རྫས་ནི་༼སི་ཏི་འགྲུབ་པར་༽རྣམ་ངེས་ཡིན། །༼བཞི་བ་སྤྱོད་ལམ་དང་ཕྱག་རྒྱ་གཉིས་ལས། དང་པོ་སྤྱོད་ལམ་གྱི་བྱེ་བྲག་བསྟན༽འཇིག་རྟེན་ན་རྟག་༼རྒྱུ་བས་ན༽གཡོན་ནས་སྤྱོད༼གང་དུ་འགྲོ་བ་ལ་སོགས་པ་བྱེད་པ་དང་༽། །རྐང་བ་གཡོན་པ་སྔོན་ལ་འདོར། །༼ལག་པ་བྱ་བ་གང་བྱེད་དང་༽ལག་པ་གཡོན་པ་སྔོན་དུ་འགྱུར། །གཡོན་གྱི་སྤྱོད་པས་རབ་མཆོད་བྱེད། །༼གོས་ལ་སོགས་པ་གྱོན་པ་ན་ཡང་༽ལུས་ཀྱི་གཡོན་ནི་རྣམ་པར་འཁྲི༼འཇིག་རྟེན་པ་གཡོན་གྱི་བྱ་བ་ལ་མི་གཙང་པར་བྱེད་དེ། དེ་ལས་གོ་བཟློག་པས་དཔྱད་པའི་དགོས་པའོ༽། །༼ཟས་ལ་ལོངས་སྤྱོད་པ་ན་ཡང་༽གཡོན་པ་ཡིས་ནི་ཚིམ་པར་བཟའ༼ལག་པ་གཡོན་པས་ནི་བུད་མེད་མཚོན་ལ་བུད་མེད་ཀྱིས་ཤེས་རབ་མཚོན་པ་ཡིན་ལ་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཆོས་ཐམས་ཅད་འབྱུང་བ་ཡིན་པར་མཚོན་པའོ༽། །བརྟུལ་ཞུགས་མ་ཉམས་བརྟུལ་ཞུགས་རྫོགས། །༼ལས་དང་པོ་དང་སྤྱོད་པའི་དུས་གཉིས་ཀར༽བསྒྲུབ་པོ་དེ་ནི་དམ་ཚིག་བརྩོན། །དམ་ཚིག་༼ཅན་གྱི་རིགས་ལ་རིགས་སུ་བྱེད་པས་༽རིགས་ལ་༼དམ་ཚིག་ཅན་གྱི་༽སྤྱོད་པ་ཡིས། །༼པར་བྱ་བ་ཡིན་གྱི་ཐ་མལ་བའི་རྒྱལ་རིགས་ལ་སོགས་པ་ལ་རིགས་སུ་མི་བྱེད་པ་༽ལྷན་ཅིག་༼ཏུ་༽ཟས་ལ་༼ལོངས་༽སྤྱོད་པར་བྱེད་༼པས༽། །༼འདི་ཉིད་ཀྱི་གཉིས་པ་ཕྱག་རྒྱ་ནི་༽རིགས་ལྔ་རྒྱལ་རིགས་བྲམ་ཟེ་རྗེ་རིགས་དམངས་རིགས་མཐར་སྐྱེས་སམ་གདོལ་པ་མོ་དང་ལྔ་༽ལ་ནི་ཀུན་སྤྱོད་པའི། །༼ལོ་ཀ་ལ་གྲགས་ཚད་༽རིགས་ནི་རྣམ་པ་༼མཐར་སྐྱེས་སམ་གདོལ་པ་མོ་དང་དམངས་རིགས་སུ་བྱས་པས་༽བཞི་རུ་གྲགས། །༼ཡང་རྒྱལ་རིགས་བྲམ་ཟེ་གཅིག་ཏུ་བྱས་ཏེ་གསུམ་དུ་ཡང་བྱ་སྟེ་གསུམ་ཡང་རྡོ་རྗེ་སེམས་དཔའི་རིགས་སུ་བྱས་པས། རེག་མིན་གཡུང་མོ་སྟེ་ཐམས་ཅད་ལ་རིགས་བཟང་ངན་མེད་པའོ༽རིགས་གཅིག་ལ་ནི་ཀུན་སྤྱོད་པ། །རྣལ་འབྱོར་༼པས་དངོས་གྲུབ་ཀྱི་ལྷའི་རྣལ་འབྱོར་བསྟན་པས་༽གྲུབ་དོན་༼སྙོམས་པར་ཞུགས་པས་དོན་ལྔ་ལ་སྦྱིན་བསྲེག་གི་བྱ་བའི་བྱེ་བྲག་གསུམ་བསྟན་པ་ལས་ཕྱིའི་༽རབ་ཏུ་མཆོད། །༼སྤྱོད་པའི་དུས་ཀྱི་ཁྱད་པར་ནི་རོ་མ་པའོ༽བ་ལང་ཤ་དང་རྟ་ཤ་དང་། །ཁྱི་ཤ་དག་དང་༼ཁྱི་བྱ་ལ་སོགས་པ་བྱ་སྣ་ཚོགས་པའི་ཤ་༽སྣ་ཚོགས་པས། །༼དེ་ཡང་རྡོ་རྗེའི་བྱེ་དང་ལྕགས་བྱེ་ལ་སོགས་པ་བསྲེས་ཏེ་༽དཀྱིལ་འཁོར་གྲུ་གསུམ་༼དུ་སྐྱེད་ནས་དེའི་ནང་དུ་བཅོམ་ལྡན་འདས་གཙོ་བོ་སྐྱེད་ལ་དེ་ནས་ཡི་གེ་བདུན་པའི་ཤ་བུར་མ་ར་ཡ་ལ་སོགས་པའི་སྔགས་བཏགས་རྫས་བསྲེག་༽བྱས་ནས་ནི། །༼རྫས་དེ་རྣམས་ཀྱིས་དྲག་པོའི་སྦྱིན་བསྲེག་བྱས་ནས་༽སངས་རྒྱས་རྣམས་ཀྱང་ངེས་པར་འཇིག་༼ན་ཐ་མལ་པའི་མི་བུ་ལ་སྨོས་ཅི་དགོས༽། །དེ་བཞིན་༼ནང་གི་སྦྱིན་བསྲེག་༽དཔའ་བོ་༼དང་རྣལ་འབྱོར་མ་༽རྣམས་ཀྱི་ཟས་༼ཡར་གྱི་ཚེས་བཅུ་དང་མར་གྱི་ཚེས་བཅུ་ལ་མཆོད་༽། །༼ཨོཾ་ཨཱཿཧཱུཾ་ལ་སོགས་པ་༽སྔགས་དང་༼འཐེབ་སྲིན་སྦྱར་བ་༽ཕྱག་རྒྱར་ལྡན་པའི་སྨན༼བདུད་རྩིར་བྱས་པས་༽། །༼དཀྱིལ་འཁོར་སྙིང་ཁར་༽ཤྲཱི་ཧེ་རུ་ཀའི་སྤྲུལ་བ་༼བསམ་ལ་ཟས་ལ་༽ནི། །ཉེར་༼བར་༽སྤྱོད་༼པ་འདི།ཕ་རོལ་དུ་ཕྱིན་པའི་༽བསྟན་བཅོས་ཀུན་ལས་སྤངས༼ཡང་ན་ལྟེ་བ་ལ་མེ་སྦར་དེ་སྙིང་ཁར་མེ་བསམ་པ་ལ།མེ་ཏེ་མི་ཤེས༽། །༼རྣལ་འབྱོར་རྒྱུན་མ་ཆད།རྒྱུན་དུ་བྱ་བའི་རྣལ་འབྱོར་ཁོ་མཉམ་པར་བཞག་པའི་རྣལ་འབྱོར་ལ་སོགས་་་་ ་ ༽རྣལ་འབྱོར་༼ཁ་ཟས་ཀྱི་སྣོད་དུ་མ་ཟད་༽རྟག་ཏུ་སྲུང་བ་དང་། །༼དེ་ལ་གནས་ན་༽ལས་རྣམས་དག་ནི་༼ཞི་བ་ལ་སོགས་པ་བསྒྲུབ་པའི༽ཐམས་ཅད་ལ། །༼ཕྱིའི་ཧོམ་ལ་བར་ཆད་འབྱུང་གི་ནང་གི་ཧོམ་བར་ཆད་མི་འབྱུང་གསུང་༽བགེགས་མེད་༼པར་ལྟ་བ་༽ཇི་བཞིན་༼སི་ཏི་གཉིས༽འགྲུབ་༼པར༽འགྱུར་བར། །༼སྐབས་༽འདིར་ནི་གཞན་དུ་༼མི་འགྲུབ་ལ་དོར་༽རྟོགས་མ་ཡིན། །༼དྲུག་པ་ཕོ་ཉ་བསྟེན་པའི་ཕན་ཡོན་དཔེ་དང་དོན་གྱི་ལྷན་ཅིག་སྐྱེས་པ་མངོན་དུ་འགྱུར་བ་༽འདི་ནི་ཕོ་ཉ་༼འདི་བླ་ན་མེད་པའི་སྦྱིན་བསྲེག་ཡོད་༽མཆོག་༼དབང་བསྐུར་བཞི་བའི་དམ་ཚིག་བསླབ་པ་༽བཟང་པོ། །༼དེ་སྟོན་པ་ལ་༽བརྩོན་ཞིང་ལྷན་ཅིག་ལྡན་པ་ཡིན། །ཆགས་པས་༼རྡོ་རྗེར་བརྟེན་ན། ཟླ་བ་ཕྱེད་དུ་འཇམ་རླུང་ལ་བསྒྲུབ་པ་བྱའོ་༽དགའ་བའི་ལོངས་སྤྱོད་༼དེས་ཡེ་ཤེས་ཀྱི་བདེ་བ་༽རྫོགས་༼པར་བྱ་༽། །༼དེ་གང་ཞེ་ན་༽རྣལ་འབྱོར་རྫས་ནི་རྣམ་འབྱེད་ཉིད། །བླ་མའི་མན་ངག་༼ལས་དོན་གྱི་བཞི་བའི་རྟོགས་པ་སྐྱེ་བས། དགའ་བ་ལ་སོགས་པ་གསུམ་སྔོན་དུ་ལྷན་སྐྱེས་རྟོགས་པར་བྱས་པས།དོན་གྱི་བཞི་བ་གོམས་པ་ལས་མཐར་ཆོས་སྐུ་རྟོགས་པ་དེ་ལས། རྒྱུ་སྐུ་ལ་ཅི་དང་ཅི་འདོད་པ་འབྱུང་བ་༽ལ་༼ས་༽དགའ་ཞིང་། །དེ་ནི་སྦྱིན་བདག་༼ཛཾ་བྷ་ལ་དང་འདྲ་ཅེས་པ་གསུང་༽མཆོག་༼ཏུ་༽གསུངས་པའོ།དཔལ་འཁོར་ལོ་སྡོམ་པ་ལས་༼ཕྱིའི་ཧོམ་དང་བླ་ན་མེད་པའི་ཧོམ་ཡང་ཡོད་༽ནང་གི་སྦྱིན་བསྲེག་དང་༼སྤྲོས་བཅས་ཀྱི་སྤྱོད་པ་གང་གི་ཕོ་ཉ་བརྟེན་པའི་ཐབས།༽རིགས་ལྡན་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ། །༼གོང་དུ་བསྟན་པའི་ཚུལ་གྱིས་ཕོ་ཉ་མོ་བསྟན་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བས་དེའི་སྐྱེད་པའི་རྐྱེན་ཕོ་ཉ་མོའི་མཚན་ཉིད་བསྟན། ལས་དང་པོ་པས་གསང་བ་བསྟེན་པ་ནུས་པ་ཐོབ་པ་མངོན་དུ་བརྟེན་པ་ནུས་པ་མ་ཐོབ་པར་སྔོན་དུ་བརྟེན་པའི་ཉེས་པ་སཾ་བྷ་རའི་ཛོ་ཀིའི་ཆེ་བ་སྟེ་བཞི་སྟོན་ནོ། སྦྱོར་བའི་རྒྱན་བསྟན་པའི་ཕྱིར་༽དེ་ལས་གཞན་ཡང་༼སྔར་ལས་ཚུལ་གཞན་གྱི་༽བསྟན་པ་ནི། །༼སྤྲོ་༽ས་བཅས་༽ཕོ་ཉའི་༼གསང་རྩ་ཁྱད་པར་ཅན་གྱི་༽མཚན་ཉིད་ཤེས་བྱ་བ། །༼དབང་དང་༽དམ་ཚིག་ལ་༼ཐ་མལ་བའི་བུད་མེད་གནས་༼པའི་༽མཁའ་འགྲོ་མར། །གང་གིས་ཡང་དག་ཤེས་༼རིགས་ཀྱི་རྟགས་དང་ལུས་ཀྱི་བརྡའ་དང་ངག་བརྡའ་ལ་སོགས་པས་ངོ་ཤེས་པའི་རྣལ་འབྱོར་མ་དེ་རྣམས་ཀྱིས་ཀྱང་བསྒྲུབ་པ་པོ་མཐོང་ན་འདི་ལྟ་བུར་ཤེས་ཞིང་ཡིད་དུ་འོང་བར༽འགྱུར་པའོ། །༼ཡོན་ཏན་སྐྱེད་པའི་༽མིང་པོའམ་ཡང་ན་ཕ་དངནི།༼གོང་དུ་བསྒྲུབ་པ་པོ་ལ་ཕྱག་རྒྱ་གཅིག་ལ་ཡང་མ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་ཤེས་པས་བརྟེན་པ་ལྟར་ཕྱག་རྒྱས་ཀྱང་བསྒྲུབ་པ་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་ཤེས་དགོས་པ་གསུང་༽ །༼ཁྱོ་རུ་བདེ་བ་སྐྱེད་པ་དང་༽བདག་པོ་ཉིད་དུ་སྐད་ཅིག་༼བྱ་བ་བྱེད་པའི་ཕོ་ཉ་རུ་མཐོང་ངག་སྙན་པས་བར་༽མཐོང་། །༼རིགས་༽ལྕེ་༼རིང་བ་སྨིན་ཕྲག་ཏུ་སླེབ་པ་༼འདི་ལ་གསང་རྩ་ཁྱད་པར་ཡོད་གསུང་༽སྦོམ་༼པ་དང་༽མིག་ནི་དམར་སེར་ལ། །༼སྤུ་༽རྩུབ་ཀྱང་སྤུ་ནི་དམར་སེར་ཡིན། །དངོས་གྲུབ་༼ཀྱི་རྒྱུ་༽ཀུན་གྱི་ཐུན་མོང་དུ། །༼རྒྱུད་སྦྱངས་པའི་མཚན་ཉིད་༽བཟླས་༼པ་༽དང་བརྟུལ་ཞུགས་ལ་རྟག་དགའ། །དྲན་པ་དང་ནི་ཡང་དག་ལྡན། །ཕོ་ཉ་མ་སོགས་༼སྔགས་སྐྱེས་ལ་སོགས་པ་ཡང་ཞིང་སྐྱེས་ཉི་ཤུ་བཞི་བོ་དེ་༽གནས་དང་བཅས། །༼དེ་གང་ཞེ་ན་༽མཁའ་འགྲོ་མ་མཆོག་ཉི་ཤུ་བཞི༼ར་མོས་༽། །སྤྱོད་དང་གྲོལ་བའི་༼མཆོག་སྔགས་སྐྱེས་བརྟེན་པ་ཡང་ཞིང་སྐྱེས་སུ་ཞེན་བརྟེན་༽འབྲས་བུ་སྟེར། །འདོད་པའི་དོན་ཀུན་༼ཐུག་པར་༽གྲུབ་བྱེད་པའི༼ཝི་རེ་ཤ་ཡ་༽། །༼ཐ་མལ་བའི་རྩ་སྔགས་སམ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་དང་ནང་དུ་མི་འབྲལ་བ་ཐ་མལ་པ་ལ་ཝི་རེ་ཤ་བའམ་༽རྩ་བའི་སྔགས་ནི་རྟག་ཏུ་ཟློས། །བདུད་༼དང་བར་ཆད་༽ཀུན་རབ་ཏུ་ཞི་བར་བྱེད། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ༼དུ༽། །རྣལ་འབྱོར་རོལ་བའི་༼རྩ་སྔགས་བཟླས་ན༽འབྲས་བུ་༼འམ་ལྷན་སྐྱེས་ཀྱི་༽སྟེར། །༼ཐ་མལ་པ་དང་ལྷན་སྐྱེས་༽གསང་སྔགས་འདི་ལས་བྱུང་བ་༼དང་ཞིང་སྐྱེས་གཉིས་ཀར་ཚང་༽ཡིན། །༼དང་པོ་ཨོཾ་ཨཱཿཧཱུཾ་ལ་སོགས་པ་ཡང་གསུང་༽སྔགས་དང་༼རེ་སྦྱོར་བར་གསུང་༽ཕྱག་རྒྱ་ཡང་དག་༼རྫོགས་པ་ལས་སོ་སོའི་ལས་ཀྱི་ཕྱག་རྒྱ་༽༼འབྲིང་ལ་༽ལྡན། །༼དང་པོ་གསུང་༽སྒྲུབ་བྱེད་༼རབ་ལ་༽བསྒྲུབ་༼ ན་དྷརྨ་མི་ཏྲ་གོམས་པར་བྱེད་པ་གསུང་༼ལས་ཀྱི་ཕྱག་རྒྱ་ལས་དཔེའི་ཡེ་ཤེས་རྟོགས་པར་བྱེད་དོན་༼ལས་དང་པོ་པས་གསང་སྟེ་ཕོ་ཉ་བརྟེན་པ་དང་བྲལ་ན་གསུང་ཡང་ནུས་པ་མ་ཐོབ་པས་ལོ་ཀ་པའི་སྔོན་དུ་བརྟེན་ན་གསུང་༽ལ་རབ་བརྩོན་༼དབང་པོ་རབ་ལ་༽དང་། །༼ལས་དང་པོ་པ་དབང་བོ་ཐ་མ་ལས་མ་མཚོན་ན་ནི་དཔེའི་ལྷན་སྐྱེས་རྟོགས་པར་མི་ནུས་པས། དབངཔོ་ཐ་མ་་ལ་གསུང་༽ཕྱག་རྒྱ་དང་བྲལ་༼ན་ལྷན་སྐྱེས་༽གསང་སྔགས་ནི། །༼བསྒྲུབ་པ་པོ་དབང་བོ་དམན་པ་༽ལུས་ཅན་རྣམས་ལ་༼འདི་ཡན་ཆད་ལས་དང་པོ་པས་ཆགས་པ་ལ་བརྟེན་པའོ་༽བྱིན་༼གྱི་༽མི་རློབ་༼པ་མེད་པའི་ཐབས་མེད་པས་རྟེན་དགོས་པ་དེའོ༽། །ཇི་ལྟར་དྲོ་བའི་བྱ་བ་དག༼ཅེས་པ་གཞན་མི་དད་པ་བཟློག་པའི་ནུས་པ་བདག་ལ་ཡོད་མེད། མི་མོས་པ་བཟློག་ནུས་པའི་བྱ་བ་དག་དེ་ལྟར་ལས་དང་པོ་པས་ཕོ་ཉའམ་ཕྱག་རྒྱ་ལ་བརྟེན་རྩལ་ནུས་པ་ཐོབ་པས་སྨྱོན་པའི་བརྟུལ་ཞུགས་ལ་སོགས་པའི་དུས་སུ་ལོ་ཀ་བའི་སྔོན་དུ་བརྟེན་པར་སྟོན༽ །མངོན་པར་འབད་པས་རྟོགས་པར་བྱ་༼བ་ལ་དེ་ནས་ཕྱག་རྒྱ་དངོས་སུ་བརྟེན། ལུས་ཀྱི་བ་སྤུ་ལ་སྦྲང་མ་མང་པོ་འདུ་བ་འོང་སྟེ་འདི་གླང་པོ་ཅན་ཡིན་མིན་གསུང་། གླང་པོ་མ་དང་པད་མ་ཅན་དང་། རི་དྭགས་ཅན་དང་། དུང་ཅན་དང་། སྣ་ཚོགས་ཅན་མ་དང་ལྔ་ལས་འདིར་དང་པོ་སྦྱོར་ཐབས་༤་ལས་འདི་ཁབ་རྩེ་ལྟ་བུ་དང་སྦྱར་གཞན་ཡང་ཧེ་བཛྲ་ལྟར༽། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི༼གལ་ཏེ་ནུས་པ་མ་ཐོབ་པར་བརྟེན་ཅིང་ལོ་ཀ་བའི་གང་དུ་དཔྱད་ན་༽། །རྣལ་འབྱོར་ཆེ༼ན་པོ་དེ་ལ་ལོ་ཀ་པ་མི་མོས་པ་སྐྱེད་པས༽་ལ་གང་ཞིག་སྡང་༼སྡང་སྟེ་གཞན་སྨོད་པའམ་ཡང་ན་གཞན་མ་དད་པའི་རྒྱུས༽། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །༼ཤན་པ་༽སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །དཔེར་ན་ལ་ལ་མར་འདོད་པས། །འབད་པས་ཆུ་ནི་སྲུབས་གྱུར་ཀྱང་། །མར་གསལ་འབྱུང་བར་མི་འགྱུར་ཞིང་། །༼དེ་བཞིན་དུ་ལས་དང་པོ་པ་མུ་ཏྲ་དང་བྲལ་བའམ།ནུས་པ་མ་ཐོབ་པར་མུ་་་་་་་་་་་་་་་་་མངོན་དུ་བརྟེན་ཀྱང་་་་་་་་་མི་ཐོབ་པོ༽ལུས་ཉོན་མོངས་པར་ཁོ་ནར་ཟད༼དེ་འབྲས་བུ་མི་འབྱུང་བཞིན་དུ༽། །༼རྣལ་འབྱོར་པའི་རྟགས་དང་ཕྱག་རྒྱ༽འཛིན་ཅིང་མཆོད་པར་༼བརྟེན་རྣལ་འབྱོར་བཞི་་་་་་་་་བསྒྲུབ་པ་པོ་གནས་ཡོད་པར་དཔལ་ཧེ་རུ་ཀ་སཾ་བྷ་ར་ཉིད་༽བྱེད་པ་ནི། །༼ལོ་ཀ་བས་རྣལ་འབྱོར་་་་་་་་་སོགས་ལ་སྟེར་བའི་༽འཚོ་བའི་ཐབས་ཀྱི་རྒྱུ་ཕྱིར་རོ། །རྣལ་འབྱོར་གཞན་ལ་བརྟེན་པ་ལ། །བཟང་པོ་༼ཞེས་བོས་གསུང་༽གཞན་ནི་༼ཆོས་ཀྱི་མུ་ཏྲ་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་༽དོན་མེད་འགྱུར། །རྣལ་འབྱོར་༼རབ་འབྲིང་གསུམ་གང་ལ་ཡང་༽ཆེ་མཆོག་དཔའ་པོ་ནི། །ཡུལ་ཕྱོགས་གང་ན་གནས་གྱུར་པའི། །རིགས་ངན་ཀླ་ཀློ་༼འི་ཡུལ་༽ཡིན་ན་ཡང་། །ཡུལ་དེ་ཡོངས་སུ་བརྟགས་པ་ཡིན། །༼བསྒྲུབ་པ་པོ་༽སེམས་ཅན་རྗེས་སུ་བཟུང་བའི་རྒྱུར། །དེ་རུ་ང་ནི་རྟག་པར་གནས། །དཔལ་འཁོར་ལོ་སྡོམ་པ་ལས་ཕོ་ཉ་མོའི་མཚན་ཉིད་དང་༼ཛོ་གིས་གྲོལ་བ་སོགས་པ་༽ནུས་པའི་སྐབས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ། །༼ལེའུ་ལྔ་དང་བདུན་པ་ལ་སོགས་པར་བསྟན་པའི་རྩ་བའི་སྔགས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་འགྲུབ་ཅིང་བར་ཆད་མེད་པར་བྱ་བའི་ཕྱིར་གནོད་མཛེས་ཀྱི་སྔགས་་་་་་་་ལ་དེ་ཡང་་་་་་་་་ཏིའི་གྲོགས་་་འགྱུར་བ་་་་་་་ཀུན་གྱི་་་་་བཏུ་བ་བར་༽་དེ་ནས་གཞན་ཡང་བཤད་བྱ་བ། །༼བསྲུང་བའི་མཆོག་ཏུ་གྱུར་བའི་སྔགས་འདི༽ཤིན་ཏུ་རྙེད་དཀའི་༼ཧྱ་༽དགོད་པ་སྟེ། །༼སུཾ་བྷ་ནི་༽གང་ཞིག་ཤེས་པ་ཙམ་གྱིས་ནི། །༼བར་ཆད་བསལ་བས་༽མྱུར་དུ་དངོས་གྲུབ་གྲུབ་བྱེད་པའོ། །༼སྔགས་བཏུ་བའི་གཞི་གཡམ་པའམ་སྤང་ལེབ་གཅེ་མའམ་དེ་མེད་ན་༽ས་ཡི་ཆ་ནི་མཉམ་ཡིད་འོང་། །༼་་་་་་་བྲི་བའི་གཞི་དང་སྔགས་བཏུ་བའི་གཞི་་་་་་་་༽ཙན་དན་གྱིས་ནི་ཉེ་བར་བསྐུ། །༼བཏུ་གཞིའི༽དྲི་བཟང་དྲི་ལྡན་ས་ལ་ནི། །༼ཉེ་འཁོར་དུ་༽མེ་ཏོག་སིལ་མ་བཅལ་བཀྲམ་ཞིང་། །སྤོས་ཀྱི་དྲི་ཡིས་ཉམས་དགར་བྱས། །༼བདག་ཉིད་སྐད་ཅིག་གིས་རྣལ་འབྱོར་ལ་སོགས་པས་ལྷག་བསམ་ལ་༽བདག་གིས་བྱ་བ་ཀུན་བྱས་ཤིང་། །༼བཏུ་བའི་སྔོན་དུ་༽ཕྱོགས་བཅིང་བ་ནི་བྱས་ནས་སུ། །དེ་ནས་༼བླ་མ་དང་སློབ་མ་རྣམས་འགྲུབ་ཞལ་བཞི་པས་བསྲུང་བ་བྱས་ལ༽ཁ་བཞི་བ་བྲི༽རྫ་རྔ་བྱས་ནས་ནི། །༼ཕྱིའི་ཟླུམ་པོ་ནང་དུ་བསྐྱེད་གསུང་༽ཟླུམ་པོ་རི་མོ་༼རྫ་རྔའི་ལུང་བདུན་ཁ་སྟེང་གཉིས་ཏེ་དགུ་ཡིན་་་་་་་རེས་གསུང་༽དགུ་བྱ་སྟེ། །༼རི་མོ་དང་སྔགས་མ་འདྲེས་པར་བྲིས་༽ཤིན་ཏུ་མཉམ་༼པར་༽བཞག་༼པས༽་སོ་སོ་རུ། །ཡི་གེའི་ཕྱི་མོ་༼དབྱངས་དང་གསལ་བྱེད་༽དགོད་པར་བྱ། །དེར་གནས་པ་ལ་༼གནོད་མཛེས་༽དཔའ་བོ་ནི། །༼རིན་ཆེན་བཞི་གྲུབ་པ་ལ་སུཾ་བྷ་ནི་དགོས་པས་ན་སུཾ་བྷ་ནི་བཏུ་བ་བསྟན་༽འདོད་པའི་དོན་ཀུན་སྒྲུབ་བྱེད་བཏུ། །རིམ་བཞིན་འབྱུང་དང་རིམ་མིན་༼གསལ་བྱེད་ཧ་ཤ་གཡོན་སྐོར་༽པས། །དབྱངས་དང་ཡི་གེ་༼གསལ་བྱེད་༽བསྒྲུབ་པ་པོས། །ཐུབ་པས་དེ་ལྟའི་གྲངས་འགྱུར་ལས། །རེ་མིག་སུམ་ཅུ་གཉིས་པ་བླང་༼ཀ་ནས་བགྲངས་པའི་དབུས་ཀྱི་ཧ་ཀ་ནས་བགྲངས་པའི༽། །ལྔ་པ་༼དབྱངས་ཨུ་༽ཡིས་ནི་ཁྱད་པར་བྱ། །བརྒྱ་ཕྱེད་ཕྱེད་པ་༼ལྔ་བཅུ་པ་ཀ་ནས་བགྲངས་པའི་ཉི་ཤུ་རྩ་ལྔ་པ་མ་༽ཡང་དག་བླང་། །ཉི་ཤུ་རྩ་བཞི་པ་༼བྷ་༽ཡིས་ཕྱེ༼བས་བྷ་༽། །༼ཨ་ནས་བགྲངས་པའི་ན༽་རེའུ་མིག་སུམ་ཅུ་དྲུག་པ་བླང་། །༼དབྱངས་༽གསུམ་པ་༼ཨི་༽ཡིས་ནི་ཁྱད་པར་དབྱེ། །དེ་ནས་༼ཀ་ནས་བགྲངས་པའི་༽སུམ་བཅུ་༼ས་༽གཉིས་པ་བླང་། །ལྔ་བ་༼ཨུ་༽ཡིས་ནི་ཁྱད་པར་བྱ། །དེ་ནས་ཉི་ཤུ་ལྔ་བ་༼ཀ་ནས་མ༽བླང་། །ཉི་ཤུ་བཞི་བ་༼ཀ་ནས་བགྲངས་པའི་བྷ་་་་པ་་མྦྷ་༽དག་དང་སྦྱར། །སུམ་ཅུ་རྩ་གསུམ་པ་་ཧ་་་ཡང་བླང་། །རེའུ་མིག་བཅྭོ་ལྔ་པ་༼ཨཾ༽ཡིར་ལྡན། །ལྔ་བ་དག་༼་་་་་ན་༽དང་༼ཨུ་བྱུང༽ཡང་དག་ལྡན། །༼སྔགས་ཀྱི་ཆེ་བ་༽མཛེས་པའི་མཆོག་ནི་༼ཧཱུཾ་གཉིས་སུ་མ་བཏུས་༽ཡིན་པར་འདོད། །ཉི་ཤུ་རྩ་གཉིས་པ་༼ཀ་ནས་བགྲངས་པའི་ཕ་༽དང་ལྡན། །༼ཆེ་བ་༽བཅུ་གཅིག་པ་༼༤༽ཡིས་མཚན་པའོ། །ཚིག་གི་དང་པོ་༼སྔགས་མཚན་བཞི་ཞལ་དང་པོའི་སྔགས་༽ཡིན་པར་འདོད། །༼ཨ་ལི་ནས་བགྲངས་པའི་༽རེའུ་མིག་ནི་བཅུ་དགུ་པ། །མེ་ཡི་བུ་དང་༼༨༽ཡང་དག་ལྡན། །རེའུ་མིག་གསུམ་པས་༼ཨི་ཐུང་༽རྣམ་པར་ཕྱེ། །ཡ་ཚན་བརྒྱད་པའི་ས་བོན་ནི། །༼ཨ་ཨ་ནས་༽རེའུ་མིག་སུམ་ཅུ་དྲུག་པ་དང་། །༼ཧྣ༽ཡང་དག་ལྡན་པའི་ཡི་གེར་གྱུར། །སླར་ཡང་ཡི་གེ་༼འབྲི་ཧ་མནན་པས་༽དེ་དག་ཉིད༼འདི་རི་ལུ་བྱ་བ་ཡིན་གསུང་༽། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །དེ་ནས་རང་འབྱུང་༼སྤྱི་བོ་ན་གནས་པའི་ཧ་རང་བྱུང་པས་༽བླངས་ནས་༼ཧ་༽ནི། །རེའུ་མིག་ལས་ནི་ལྔ་པར་༼ཨུ་༽སྦྱར། །སྤྱི་བོར་ཐིག་ལེ་༼ཧཱུཾ་༽དག་དང་སྦྱར། །དོན་ཀུན་བསྒྲུབ་ཅེས་བྱ་བ་ཡི། །ཚིག་ནི་གཉིས་པ་༼རྐང་བ་གཉིས་པ་་་་་་འདི་༣་་་་་་་ཕཊ་མ་བཏུས་འོག་ཏུ་ཀུན་ལ་སྦྱར་བར་བཤད་༽ཡིན་པར་བཤད། །རེའུ་མིག་བཅུ་དགུ་པ་ཉིད་ལ། །ཉི་ཤུ་རྩ་བདུན་པ་ཡིས་ཕྱེ། །གསུམ་པ་༼ཨི་༽དག་དང་ཡང་དག་ལྡན། །སུམ་ཅུ་གསུམ་པ་༼ཀ་ནས་བགྲངས་བའི་དབུས་ཀྱི། ཧ༽རྟགས་བླངས་ཏེ། །རེའུ་མིག་གི་ནི་གཉིས་པ་སྦྱར་༼ཧཱ་རིང་པོར༽། །༼ཀ་ནས་༽ཉི་ཤུ་པ་༼ན་༽དང་ཡང་དག་ལྡན། །མཛེས་པའི་མཆོག་ནི་༼ཧྣཱ་༽ཡིན་པར་འདོད། །དེ་བཞིན་ཉི་ཤུ་གཅིག་པ་ཉིད། །དེ་བཞིན་ཉི་ཤུ་དྲུག་པ་༼ཡ་༽ཉིད། །ལན་གཅིག་བཟླས་པའི་ཚིག་ཏུ་ནི། །ཤིན་ཏུ་མཉམ་པར་བཞག་སྟེ་བཏུ། །དེ་ནས་གོ་རིམ་བཟློག་པ་བཏུ། །རེའུ་མིག་ལས་ནི་དང་པོ་ཉིད་༼དབུས་མ་ཉིད་ཀྱི་ཧ་དགོད་པའི་དང་པོ་གསུང་༽། །བཞི་བའི་མཐའ་༼ལྔ་བ་ལ་ཨུ་ཐུང་༽དང་ཡང་དག་ལྡན། །དེ་བཞིན་༼ཨོཾ། ཧཱུཾ་༽བཅྭོ་ལྔ་པ་དང་བཅས༼ལྡན༽། །ཆོས་༼དགོས་པ་༽དོན་འདོད་དང་ཐར་བ་ཡི། །ཚིག་ནི་གསུམ་པ་ཡིན་པར་༼རྐང་བ་གསུམ་པ་༽བཤད། །རེའུ་མིག་གཉིས་པའི་ས་བོན་༼ཨཱ་༽དང་། །རེའུ་མིག་སུམ་བཅུ་དྲུག་པ་༼ཨ་ལི་ནས་བགྲངས་པའི། ན་༽ཉིད། །དེ་བཞིན་༼ཀ་ནས་༽ཉི་ཤུ་དྲུག་པ་༼ཡ་༽དང་། །སུམ་བཅུ་གསུམ་པ་ཡང་དག་ལྡན། །རེའུ་མིག་བཅུ་གསུམ་པ་༼ཨོ་༽རུ་ལྡན། །རེའུ་མིག་ལས་ནི་བཅུ་བ་༼དབུས་ཀྱི་ཧ་ནས་མས་ཞར་བགྲངས་པའི་བྷ་༽ཉིད། །གོ་རིམ་བཟློག་པས་བསྒྲུབ་པོས་བླང་། །རེའུ་མིག་ལས་ནི་བཅུ་དགུ་པ༼ཨ་ལི་ནས། ག༽། །རེའུ་མིག་ཉི་ཤུ་གསུམ་པ་༼བ་༽ལ། །གཉིས་པ་ཨཱ་དང་ནི་ཡང་དག་ལྡན། །སྟེང་དུ་ཐིག་ལེས་བརྒྱན་པར་བྱ་༼བཱཾ་དུ་གྱུར༽། །དེ་ནས་ཆུ་བོའི་ས་བོན་བཟུང་། །བརྒྱད་པ་ཡང་ནི་༼ཀ་ནས་བགྲངས་པའི་༽དེ་བཞིན་ཏེ། །མེ་ཡི་བུ་ཡིས་ཁྱད་པར་༼༨་འོག་ཏུ་༽དབྱེ། །༼སྔགས་རྐང་བ་བཞི་བའི་ཡང་༽ཡི་གེ་ཧཱུྃ་གིས་མཐའ་རུ་སྦྱར། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱའི། །༼ཞལ་བཞི་ཡུམ་བཞི་བརྒྱད་བཅས་པའི་བསྒྲུབས་༽སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པའོ། །༼སྔགས་རྐང་རེ་རེ་ལ་ཡང་༽ཨོཾ་ནི་ཀུན་ལ་གསལ་བྱེད་ཡིན༼སུཾ་བྷ་ནིའི་སྔགས་བཏུས་པའི་གཏིང་ལ་ཡང་དག་བཟོད་ཨོཾ་འདི་འགོར་བྲི་གཤམ་དུ་ཧཱུཾ་ཕཊ་བྲིའོ༽། །༼གོང་དུ་ཧཱུྃ་བཏུས་པ་ལ་འདི་བསྣན་པས་ཧཱུྃ་གཉིས་སུ་འགྲོ་གསུང་རིས་བཏུ་བ་ཧཱུྃ་རེ་རེ་ཀ་ལ་མེད་གསུང་༽ཧཱུྃ་དང་ཕཊ་ནི་༼ཀུན་གྱི་༽མཐའ་རུ་སྦྱར། །༼ཆེ་བ་༽རིགས་རྒྱལ་འཁོར་ལོ་བསྒྱུར་བའི་སྔགས༼བཅོམ་ལྡན་ཞལ་བཞི་བའི་སྔགས་༽། །འདི་ནི་མ་བྱུང་༼རྒྱུད་གཞན་དུ་༽འབྱུང་མི་འགྱུར། །དེ་ཉིད་བསྡུས་དང་དཔལ་མཆོག་དང་། །༼ནམ་མཁའ་དང་མཉམ་པ་༽བདེ་མཆོག་རྡོ་རྗེ་འཇིགས་བྱེད་དུ། །ཁྲོ་བོ་བཞི་དང་༼གནོད་མཛེས་ཡང་ན་ཁ་ཎྚ་རོ་ཧ་༽ཡང་དག་ལྡན་༼ཨ་བྷི་དྷ་ན་ལྟར་ན་ལྷ་བསྒྲུབ་ཐབས་སུ་ཡང་འགྲོ་གསུང་། ཡང་འདིའི་བསྒྲུབ་ཐབས་ཨ་བྷི་དྷ་ན་རྐང་་་་་་་་་་༽། །སྐུ་བརྒྱད་དང་ནི་བཅས་པ་རུ་༼ཊ་ཀི་མ་་་་་་་་་་་་་པར་གསལ༽། །དཀྱིལ་འཁོར་བསྲུང་བའི་དོན་དུ་ནི། །གདུག་པ་ཀུན་ལ་ཁྱད་པར་དུ། །༼བརྗོད་ཅིང་སེ་གོལ་གཏོག་༽འདི་ནི་བརྗོད་པ་ཙམ་གྱིས་ཀྱང་། །༼གྲུབ་མ་གྲུབ་༽བརྟག་མི་དགོས་པར་༼བགེགས་རྣམས་གསང་སྔགས་ཙམ་གྱིས་༽འཆིང་བར་འགྱུར། །འཁོར་ལོའི་སྦྱོར་བ་བརྗོད་པ་ནི༼བཅུ་ལོང་པ། ༼དུ་མ་ནི་བཛྲ་ཊ་ཀི་ནི་དང་མཁའ་འགྲོ་རྒྱ་མཚོ་ལས་བྲེས་པར་བྱའོ༽། །དངོས་གྲུབ་ཀུན་གྱི་འབྲས་བསྐྱེད་པའོ། །ཨོཾ་སུཾ་༼གནོད་མཛེས་༽བྷ་ནི་སུཾ་བྷ་༼ངེས་པ་གནོད་མཛེས༽ཧཱུྃ་ཧཱུྃ་ཕཊ་༼གཉིས་པོ་འདི་བཏུ་བའི་དུས་ན་འབྲི་དགོས་སཾ་སེམས་ཕྱག་་་་་་་་་་་་་་༽། །༼ཟུང་གཉིས་༽ཨོཾ་གྲིཧྣ་གྲིཧྣ་ཧཱུྃ་ཧཱུྃ་ཕཊ། །ཨོཾ་གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ་༼ཚུར་ཁུག་གཉིས་༽བྷ་ག་ཝན་བཛྲ་༼བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོའི་བཀའ༽ཧཱུྃ་ཧཱུྃ་ཕཊ༼་འཇོམས་པར་བྱེད་པའི་ལུང་སྦྱིན་སྒྲ་བསྒྱུར་ཆེན་པོར་མཛད ༽། །དཔལ་འཁོར་ལོ་སྡོམ་པ་ལས་རྫ་རྔ་བཅིང་བའི་སྔགས་བཏུ་བའི་ཆོ་གའི་ལེའུ་སྟེ་སུམ་བཅུ་པའོ། །༼ལེའུ་ཉི་ཤུ་རྩ་དྲུག་པར་བསྲུང་བའི་དམ་ཚིག་བསྟན་པ་འདིར་ལེའུ་གསུམ་གྱིས་བཟའ་བའི་དམ་ཚིག་བསྟན་ནོ།འདི་ནས་མར་ལེའུ་གསུམ་གྱི་ལེའུ་དང་པོར་ལམ་གྱི་གསང་བ་བསྒྲུབ་པ་རིགས་ལྡན་མ་མཆོད་པའི་རྫས་བ་མ་དབུགས་འབྱུང་ཞེས་བྱ་བ་ལ་སོགས་པས་བསྟན་པའི་བཟའ་བའི་དམ་ཚིག་བསྟན་པའི་རྒྱས་བཤད་སྟོན་ཏོ༽ །དེ་ནས་༼བཟའ་བའི་དམ་ཚིག་ལག་མཆོད་དེ་ལ་གསུམ་ལས་དང་པོ་རྫས་༽ཤ་ཆེན་༼ཤུགས་ལ་ཤ་ལྔ་ཅར་ཤེས་པར་བྱ་༽དག་གིས་༼ བདུད་རྩི་ལྔ་ཡེ་ཤེས་ལྔར་མོས། སྡིག་པོ་ཆེ་བླ་ན་མེད་པའི་གནས་སུ་བསྒྲལ་གསུང་༽ཀུན། །༼མི་ཐུན་པའི་ཕྱོགས་རྣམས་༽འཇིག་བྱེད་རྡོ་རྗེ་སྐྱེས་ཡིན་༼ཐུན་པའི་ཕྱོགས་རྣམས་འཕེལ་ཞིང་རྟན་པར་བྱེད་༽བཤད། །འདི་ནི་༼ཇི་ལྟར་མི་ཐུན་པའི་འཇིགས་པར་བྱེད་ན༽གདུག་པ་ཐམས་ཅད་ཀྱི། །འཇིག་བྱེད་མི་བཟད་པར་བཤད་དོ། །དེ་བཞིན་༼ལོ་ག་བས་མི་གཙང་བར་བྱེད་པའི་༽ཁྱི་དང་ཕག་གི་ཤ། །༼ཁྱིམ་བྱ་༽ཟངས་ཀྱི་གཙུག་པད་ཅན་དེ་བཞིན། །༼བདུད་རྩིར་བྱ་སྟེ་༽བཟའ་༼བ་བརྟེན་པའི་ལུག་གཉིས་༽དང་༼ཕྱིའི་༽སྦྱིན་བསྲེག་༼གི་རྫས་དང་༽གཏོར་མ་ཡི་༼རྫས་དང་༽། །༼མི་གཙང་བར་བྱས་ནས་མི་བརྟེན་པ་༽རྣམ་པར་༼བྱ། དེ་ཡང་༽མ་དཔྱད་ཀྱིས་༼མི་གཙང་བར་རྟོག་པ་མེད་པར་༽བྱའོ། །གང་ཕྱིར་ཐེ་ཚོམ་མེད་བྱས་ནས། །མ་ལུས་ལུས་པ་མེད་༼ལོ་ཀ་གསུམ་ན་གནས་པའི་དངོས་གྲུབ་༽འགྲུབ་ཅིང་། །༼ལོ་ཀ་འདིར་༽རྒྱལ་སྲིད་ཐམས་ཅད་༼ཀྱང་༽རབ་འགྲུབ་༼དབང་དུ་༽འགྱུར༼གཉིས་པོ་རེའི་བཟའ་བའི་སྣོད་ལ་བརྩོད་པ་སྤངས་པ༽། །༼ན་༽དུང་དང་༼ཐོད་པ་གཙང་སྒྲ་ཡིན་པ་བཞིན་༽མུ་ཏིག་ཉ་ཕྱིས་ཏེ། །གསུམ་ཅར་༼སེམས་ཅན་ལ་༽རྒྱུ་མཚན་བྱུང་༼པ་༽ཡིན་༼པའི་ཕྱིར་ཞེ་ན་༽ན། །༼མི་འདྲ་སྟེ་༽ཆོས་ཀྱི་སྐུ་ཡི་༼དངོས་སམ་ཉེ་བའི་རྒྱུའི་མིའི་མིང་ནི་བསོད་ནམས་བསགས་པའི་ལུས་ཡིན་པས་༽ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །༼དེ་རིགས་པའི་ཚུལ་དུ་འདི་ལུང་གི་ཚུལ་དུ་གསུང་ཧེ་རུ་ཀ་ལ་ཡང་མིའི་ཐོད་པ་མགོ་བོ་ལ་རྒྱན་དང་རུས་པའི་རྒྱན་གྱིས་བརྒྱན་པའོ་༽དཔའ་བོ་ཐོད་པའི་ཕྲེང་བ་འཆང་། །༼མིའི་རུས་པའི་༽ཟླ་བ་ཕྱེད་པས་༼དབུ་སྐྲ་ལ་༽རྒྱན་དུ་བྱས། །དཔའ་བོའི་དབང་ཕྱུག་༼གི་རྒྱན་དང་སྣོད་གཉིས་ཀ་༽ཡིན་པར་བཤད༼རྣལ་འབྱོར་པས་ཀྱང་དེ་ལྟར་བྱེད་༽། །བརྡ་ནི་༼ཚོགས་ཀྱི་དུས་སུ་ལག་མཆོད་བྱ་བའི་རིམ་པ་བསྟན་༽ལྔ་བོ་བསྟན་པ་དག །༼གསུམ་པ་སྤྲོས་བཅས་ཀྱི་སྤྱོད་པའི་བྱེ་བྲག་ལག་མཆོད་དངོས་བསྟན་༽བསྒྲུབ་པ་པོ་ཡི་ལག་གཡོན་གྱིས། །འདི་ནི་དཔའ་བོའི་༼དང་རྣལ་འབྱོར་མ་རྣམས་ཀྱི་༽རིགས་ལྔའི་བརྡ་སོར་མོ་ལྔ་སྤྲོས་བཅས་ཀྱི་སྤྱོད་པའི་བྱེ་བྲག་་་་་་མཛབ་་བ་་་་འདུས་པ་སྟེ། ལག་པའི་མཆོད་པ་སྟོན། སོར་མོས་དེ་བཞིན་གཤེགས་པ་རྣམས་ཀྱི་༽གནས་ཡིན་ཏེ། །བརྡ་རྣམས་ལ་ནི་རབ་འཇུག་པའོ། །ཁམས་གསུམ་རྒྱུ་དང་མི་རྒྱུ་དང་། །འགྲོ་ཀུན་གཡོན་༼པའམ་ཤེས་རབ་སྟོང་པ་ཉིད་ལས་༽ལས་བྱུང་བ་ཡིན་༼པའི་ཕྱིར༽། །༼ལག་མཆོད་དུས་སུ་སོར་མོ་རྣམས་གང་དང་གང་ཡིན་པ་བསྟན་འདི་རྣམས་རང་བཞིན་གྱི་༽རྡོ་རྗེ་སེམས་དཔའ་མཐེ་བོར་གནས། །འཛུབ་མོ་དེ་བཞིན་རྣམ་སྣང་མཛད། །གུང་མོར་པད་མ་གར་དབང་བཞུགས། །སྲིན་ལག་དངོས་གྲུབ་ཐམས་ཅད་ནི། །རབ་ཏུ་སྩོལ་བའི་དཔའ་བོ་༼ཧེ་རུ་ཀ་༽བཞུགས། །ཐ་མ་ལ་ནི་མཁའ་སྙིང་པོ། །༼རིགས་ལྔའི་དབྱིབས་དང་ཁ་དོག་དུ་མོས་༽མི་བཟད་༼གཙོ་བོ་རིན་འབྱུང་དུ་མོས་༽གཟུགས་དང་ལྡན་པ་ཡིན། །༼ལྔ་ཅར་གྱི་༽སེན་མོའི་ངོས་ལ་༼དོན་གྲུབ་༽རྟ་མགྲིན་གྱི། །༼རང་བཞིན་གྱིས་༽༼དཔའ་བོ་དྲུག་༽གནས་སུ་གྱུར་བར་བཤད་པ་ཡིན། །འདི་དག་དཔའ་བོ་༼དྲུག་གནས་༽ཐམས་ཅད་ཀྱི༼གནས༽། །༼ལག་པ་༽གཡོན་པ་༼མཆོད་བྱ་ལག་པ་གཡོན་པ་མཆོད་བྱེད་གཡས་པའོ་གསུང་༽ལས་བྱུང་རྒྱུ་ཡིན་ནོ། །ལག་པ་གཡོན་པའི་མཐིལ་༼དུ་ཨོཾ་བཾ་ལ་སོགས་དང་དྲུག་ལས་དཔའ་མོ་དྲུག་སྐྱེད་པ་༽ཤྲི་ནི་ཧེ་རུ་ཀའི། །༼བཾ་ཕག་མོ་༽ཕག་མོ་ཀུན་འདུས་དགའ་བྱེད་ཡིན་ལག་པའི་དབུས་ཀྱི་ལྟེ་བ་ལ་ལྷ་མོ་ལ་སོགས་པ་ལྔ་སྐོར་མ་ལྔ་། །༼ལག་པའི་༽རྒྱབ་ཏུ་རྡོ་རྗེ་མཁའ་འགྲོ་༼འབའ་ར་ཧི་༽མ། །འདི་ནི་༼ལག་པ་གཡོན་པ་ལ༽ལག་ཏུ་དགོད་པ་སྟེ། །༼ལྷ་༣་བཅུ་རྩ་༧་༽མཛའ་བ་ཐམས་ཅད་༼ལག་པ་ལ་༽འདུས་པ་ཡིན། །༼སོར་མོ་དང་ལག་མཐིལ་དུ་གོ་ཆའི་ལྷ་རྣམས་རྒྱབ་ཏུ་དཀྱིལ་འཁོར་རྫོགས་ནས་༽དེ་ལྟར་ཆོ་གའི་སྦྱོར་བ་ཡིས། །དཔའ་བོ་ཐམས་ཅད་༼ལག་པའི་༽མཆོད་༼པས་མཆོད་༽པར་བྱ། །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མ་མ་ཀི་ལག་པ་ལ་གནས་པའི་འབྱུང་པ་བཞི་ངོ་བོའི་ལྷ་མོ་བཞིར་གནས་པ་འདི་དག་མོས་པ་ཙམ་ལས་རྣམ་པ་གསལ་བ་མི་དགོས་གསུང་། །མེ་ནི་གོས་དཀར་མོར་བཤད་དེ། །རླུང་ནི་སྒྲོལ་མར་རབ་ཏུ་བཤད། །༼དེ་དག་གི་་་་མཆན་འདི་བཙུད་མེད་་་་༽ཙུམ་བུ་ཀ་ནི་༼ཕག་མོའི་རྣམ་གྲངས་༽སྟོང་བ་སྟེ། །དེ་བཞིན་༼ཤེས་རབ་༽ཕ་རོལ་ཕྱིན་པ་ཡིན། །༼ལག་པ་རྒྱབ་ཀྱི་༽དབུས་སུ་༼དཀྱིལ་འཁོར་རྫོགས་པ་ནི་༽དཔའ་བོ་༼ཉི་ཤུ་༤་པོ་༽ཀུན་གྱི་གནས། །༼ལུས་ཐམས་ཅད་ལ་བྱུགས་པ།ལག་པའི་མཆོད་པ་ཟིན་ནས་ཐལ་མོ་སྤྱི་བོར་སྦྱོར།གཡོན་པའི་ལྷ་རྣམས་སྤྱི་བོ་ནས་ལུས་ལ་ཐིམ་པར་གཤེགས་སུ་གསོལ་ལོ་༽མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །༼ལག་མཆོད་༽གསང་བ་འདི་ནི་༼དབང་མ་ཐོབ་པ་ལ་༽མི་བཤད་ཅིང་༼སྣོད་དང་མི་ལྡན་པས་མཐོང་དུ་མི་རུང་ལ་༽། །༼གསང་བ་ལ་༽རབ་ཏུ་འབད་དེ་སྦ་བར་བྱ། །དེ་ལྟར་ལག་པའི་སོར་མོའི་བརྡ་ཡི་དཔའ་བོ་༼དང་རྣལ་འབྱོར་མ་༽རྣམས༼དང་པ་བསྟེན༽། །ལྷན་ཅིག་ཟས་ལ་༼ལོང་༽སྤྱོད་པ་༼ཁུ་བ་དང་གོང་བུའི་རྫས་ཀྱིས་༽རྩོམ། །དཔའ་བོ་༼དང་རྣལ་འབྱོར་མ་༽ཐམས་ཅད་མཉམ་སྦྱར་བ། །༼གང་དང་སྦྱོར་ན་༽མཁའ་འགྲོ་དྲྭ་བའི་༼ཐམས་ཅད་ཐམས་ཅད་སྦྱོར་༽བདེ་མཆོག་༼གཉིས་སུ་མེད་པར་སྦྱོར་བ་ནི་༽ཡིན། དཔལ་འཁོར་ལོ་སྡོམ་པ་ལས་༼ཤ་ལ་སོགས་པ་༣་པོའང་༽བཟའ་བ་དང་༼ཕྱིའི་༽སྦྱིན་བསྲེག་དང་གཏོར་མའི་བྱ་བ་ལས་ལྷག་པའི་བརྡའ་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ། །༼ཕྱིན་ཅི་མ་ལོག་པ་༽༼དང་པོ་གཏོར་མའི་ལས་ཀྱི་བྱ་བས་ནི་་་་་་་རི་བསྒྲུབ༽དེ་ནས་༼འདས་མ་ཐག་པའི་བཟའ་བའི་དམ་ཚིག་གི་ཁྱད་པར་བསྟན་པ་དེ་ལ་༣་ལས། དང་པོ་རྫས་ཀྱི་ཁྱད་པར་ཕན་ཡོན་དང་བཅས་པ་༽ཡང་དག་བཤད་བྱ་བ། །༼བདུད་རྩི་ལྔ་༽བཟའ་དང་སྟོན་མོ་༼ཚོགས་ལ་སོགས་པའི་དུས་སུ་༽འདུས་པ་སྟེ། །ཡང་དག་༼གཏོར་མའི་རྫས་ཐམས་ཅད་འོག་ནས་འབྱུང་སྟེ་གཏོར་མ་བྱིན་གྱིས་བརླབ་པ་གཏོར་བཞིན་དུ་བྱས་ལ་མཆོད་དོ་༽ཆོ་ག་གང་གིས་ཤེས། །༼དེ་ཉིད་རྩོམས་པ་ཙམ་གྱིས་༽དངོས་གྲུབ་༼༣་པའང་༽མྱུར་དུ་ཐོབ་འགྱུར་པའོ། །བསྒྲུབ་པོས་སྔར་བསྟན་རིམ་པ་༼སྔར་ལེའུ་གོང་མ་རྣམས་སུ་བྱའི་ཤ་ལ་སོགས་པ་དུ་མ་བསྟན་ལ་༽ཡིས། །ཕྱུགས་རྣམས་ཀྱི་ནི་དགུག་༼ཤ་བསྒྲུབ་ཅིང་བརྟེན༽པ་ཉིད། །ཕྱུགས་རྣམས་དག་༼ནི་ཤ་༽ནི་དེ་བཞིན་ལྔ། །༼དེ་གང་ཞེ་ན། ལུས་ཀྱི་སྟོབས་སྐྱེད་པར་བྱེད་པས་༽མི་དང་རུས་སྦལ་རྔ་མོ་དང་། །ལྕེ་སྦྱང་༼བྱ་ལ་སོགས་པ་གཞན་ཡང་གསུང་༽རྟ་ལ་སོགས་རྣམས་ཀྱི། །དངོས་གྲུབ་༼གཙོ་བོ་ཐུན་མོང་གི་དངོས་གྲུབ་༽བསྒྲུབ་པའི་༼སཾ་བྷ་ར་༽དཀྱིལ་འཁོར་དུ། །༼ལུས་ཟུང་རྒྱས་པར་བྱེད་པ་༽ཕྱུགས་འདི་དག་༼གི་ཤ་༽ནི་འགྲུབ་༼པའི་༽ཡན་ལག༼་ཡིན།༽ །རིགས་རྣམས་ལ་ནི་ཕྱུགས་༼ཧེ་བཛྲའི་་་་་་ཧེ་བྲཾ་ཟེའི་རིགས་ཀྱི་ཤ་ལ་བརྡ་སྐད་མིའི་ཤ་ལས་བྲཾ་ཟེའི་ཤ་དེ་༽མཆོག་གོ རྐང་བཞི་རྣམས་ལས་༼འཁོར་ལོར་སྟོབས་སྐྱེད་པ་ལ་སོགས་པ་བྱེད་པས་༽གླང་བོ་༼ཆེའི་ཤ་༽དང་། །འདབ་ཆགས་རྣམས་ལས་ངང་བ་དང་༼བི་ཤ་མཆོག༽། །དུད་འགྲོ་རྣམས་ལས་ཕྱུགས་༼བ་ལང་གི་ཤ་མཆོག་༽ཡིན་ནོ། །༼ཞིང་སྐྱེས་མ་༽ལྷ་རྣམས་ཞལ་ནི་གཡོ་བྱེད་པ། །དངོས་གྲུབ་བསྒྲུབ་༼པར་༽བྱའི་དཀྱིལ་འཁོར་དུ། །ཕྱུགས་ནི་འདི་རྣམས་༼ཀྱི་དངོས་གྲུབ་ཀྱི་རྒྱུར་༽རྣམ་པར་བཤད། །༼དེར་མ་ཟད་དེ་གཞན་ཡང་༽ཁྭ་དང་ཆུ་སྐྱར་༼ནེ་ཙོ་དེ་དང་པོ་དུད་འགྲོ། ཕྱིས་མི་སྐད་༽བཞད་དང་ནི། །༼འགྲོས་པ་བར་འགྲོ་བ་ཤི་པ་ལ་ན་ཡོད་གསུང་༽ལྕེ་སྦྱང་སྐྱེ་གཉིས་༼ཧཱུཾ་ཞེས་པའི་འུག་པ་སྒྲ་སྒྲོགས་པས་༽སྔགས་ཆེན་པོ། །ཁྲུང་ཁྲུང་རི་སྐེགས་༼བྱ་རྣམས་ཀྱི་ཤ་༽ཀ་དམ་པ༼བྱ་རྣ་བ་ཆེ་བ་༡་ཡོད་གསུང་༽། །༼ཤ་དེ་ཐམས་ཅད་༽བཟའ་༼བ་༽དང་༼བདུད་རྩིར་བརླབས་ཏེ་༽གཏོར་མ་༼དང་༽སྦྱིན་བསྲེག་༼གི་སྲེག་རྫས་༽བྱ། །༼འདི་རྣམས་ཀྱི་ཤ་ལས་གཏོར་མ་གཏོང་སྟེ། གཏོར་མའི་ལས་ཀྱི་བྱ་བ་སི་ཏི་བསྒྲུབ་པའོ༽འདོད་པའི་དོན་ནི་འགྲུབ་པར་འགྱུར། །ཀྲིཥཎ་ཤྭ་༼ནག་པོ་མ་་་་་གྱི་མོ་་་་་རོ་ལངས་བསྒྲུབ་པ། རོ་ལངས་ཀྱི་ཧོ་མས་སི་ཏི་བསྒྲུབ་པ་བསྟན་ཏོ༽ནི་ཐུག་པ་༼ཁྱི་ནག་མོའི་འོ་མ་ལས་ཐུག་པ་བྱ་བ། ཁྱི་མོ་ནག་མོའི་ཁྱི་མོ་སྐྱེས་པ་དེ་ཉིན་མོ་བཏང་ནུབ་མོ་ཨ་མ་དང་ཕྲལ་གྱིན་བཞོས་པའི་འོ་མའོ་༽དང་། །༼སྤང་ལེབ་༽མ་ཤ་འབྲས་ནི་ནག་པོར་ལྡན། །༼འབྲས་བཙོས་པ་དང་འོ་མ་༢་བསྲེས་པའི་བསྲེག་རྫས་བཤཾས་ལ། འདི་རྩ་བའི་སྔགས་ཀྱི་བསྐྱེད་པ་ལ་བརྟེན་པས། ལས་རེ་སྔོན་དུ་སྙེན་པ་འབྲུ་འབུམ་༡་ནས་བཞི་ལ་སོགས་པ་སྐྱལ་ཏེ། རྨ་མེད་པ་རིམས་ལ་སོགས་པས་མ་ཤི་བ། ལས་ཀྱི་སྦྱོར་བ་ལ་རོ་མ་རུལ་བ་མ་མྱགས་པ་གཙང་མ་བླངས་ལ་དེ་གན་རྐྱལ་དུ་བཞག་ནས། ལྟེ་བའི་སྟེང་དུ་ཁྲི་བརྩིགས་ལ་སློབ་དཔོན་བསྡད། དེའི་ཁའི་སྟེང་ཏུ་སྦྱིན་བསྲེག་གི་ཐབ་བྱ་སྟེ་ཐབ་ཀྱི་ཟག་ཁུང་ཁའི་ནང་དུ་འོང་བར་བྱ། རང་ལྷའི་ཛོ་གི་བསྒོམས། གྲོགས་གཅིག་གིས་རལ་གྲི་བཟུང་སྟེ་སུཾ་བྷ་ནི་བཟླས་ལ་བར་ཆད་བསྲུང་། བསྲེག་རྫས་རྣམས་བསྲེག་ཅིང་རྩ་སྔགས་ཀྱི་མཐར་རོ་ལངས་ཀྱི་དངོས་གྲུབ་གསོལ་བ་བྱ་བས་བསྐུལ་ཅིང་བསྲེག་གོཿ རྩ་སྔགསཿབརྒྱ་རྩ་བརྒྱད་ནི་བསྲེག་བླུགས་ཀྱི་གྲངས་སོ། འོག་གི་རལ་གྲི་ལ་སོགས་པ་གང་འདོད་པ་ན་གསོལ་གཅིག་པ་དང་སྦྲེལ་གསུང་།༽འཛེམ་པ་མེད་པར་རོ་ཡི་ཁར་༼འདག་པས་ཐབ་བྱས་ལ། དྲག་པོའི་གསུང་༽། །སྦྱིན་བསྲེག་བརྒྱ་རྩ་བརྒྱད་པར་༼ལ་སོགས་པར་༽བྱ། །དེ་ནས་རོ་དེ་ལངས་༼བྱུང་བ་ན་འཇིགས་པ་མེད་པར་བྱ་བ་དང་༽ནས་ནི། །ཅི་བགྱི་ཞེས་ནི་༼ཅི་འདོད་སི་ཏི་གང་འདོད་ཞེས་སྨྲར་འོང་གསུང་༽སྨྲ་བར་འགྱུར། །༼དེ་ནས་དངོས་གྲུབ་བླངས་པ་༽ས་འོག་༼དང་༽སྟེང་༼མཁའ་སྤྱོད་༽འགྲོ་རལ་གྲི་འམ་༼མཁའ་སྤྱོད་༽། །༼ལྕེ་༢་འོང་་ཝེ་་་་རལ་གྲིར་སོང་་་་་གསུང་། རྒྱལ་པོ་ལ་སོགས་པ་༽ཚར་གཅོད་༼པ་དང་། སླར་༽ཕན་འདོགས་༼པ་༽ཉིད་དང་ནི། །༼མི་སྣང་བའི་་་་་་ཝེ་་་་་་སྟེང་དུ་འོང་གསུང་༽རི་ལུ་༼ལོ་ཀ་གསུམ་སྣང་བར་བྱེད་པ་༽མིག་སྨན་༼གྱི་དངོས་གྲུབ་༽གཏེར་རྣམས་སམ། །རྐང་མགྱོགས་དག་གམ་༼ཚེ་རིང་བ་ལ་སོགས་པ་༽བཅུད་ཀྱིས་ལེན། །༼དེ་རྣམས་ཀྱི་ནང་ནས་འདིའི་མཚམས་ན་མི་གསལ་་མི་སྟེར་༽གཅིག་གཅིག་སྦྱིན་པར་བྱེད་ནས་ནི། །འགྲོ་བར་༼རོ་དེ་གར་སོང་། རོ་དེ་བསྒྲུབ་གཡོག་ལ་སྟེར་ཏེ་དེས་གཡོག་བྱེད་པའམ་ཡང་ན་དེ་གསེར་འགྱུར་པས་ལོངས་སྤྱོད་དུ་འགྱུར་རོ་གསུང་། ཡང་ན་རོ་དེ་གསེར་དུ་འགྱུར་གསུང་རྩ་སྔགས་བཟླས་ཀྱིན་༽འགྱུར་གྱི་གཞན་དུ་མིན། །སྟེང་༼མཁའ་སྤྱོད་༽དང་འོག་༼ས་འོག་༽ཏུ་༼བསྒྲུབ་པ་པོ་ལ་༽ཕོ་ཉ་འགྲུབ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །༼བརྡ་སྐད། ལེའུ་དང་པོར་ལཾ་གྱི་གསང་བ་བཤད་པ་མཆོག་ཅེས་བྱ་བ་ལས་གསང་བའི་རྒྱས་བཤད་༽བ་ལང་ལྷས་ཀྱི་མི་འབྱིང་དང་། །༼ཚིག་ཕྲད་༽ལྷག་མ་༼ས་དང་ཆུའི་གཏིང་ལ་མེ་ལོང་བས་ན་ཚིག་ཕྲད་ཅེས་བྱའོ། མེ་༽སྐེམ་བྱེད་རྩ་གནས་སོ༼རླུང་༽། །༼གསེར་གྱི་ས་གཞི། དུུང་ཆེན་ཟེར་༽བྲག་ཆེན་པོ་ཡི་ངོ་བོ་རུ། །༼རྫུས་སྐྱེས་ཀྱི་རིམ་པ་འདི་ལྟར་མ་ལས་སྐྱེས་པ་ནི་འགྱུར་བས་དང་། དང་པོ་རླུང་ལས་འོང་༽ཡང་ན་རུས་སྦལ་དག་གིས་སོ། །མྱུར་དུ་དངོས་གྲུབ་༼དངོས་གྲུབ་གསུམ་༽སྨིན་འགྱུར་༼རྟེན་སྐྱེད་པ་༽ཡིན། །༼རྟེན་པ་༽ཕྱག་བཞི་པ་དང་༼ཕྱག་འབུཾ་གྱི་བར་དུ་ཡང་གསུང་༽ཞལ་བཞི་པ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར་༼ཕྱག་མཚན་ཅི་འཛིན་ན་གྲགས་པ་དང་ཡོད་པའི་མཚོན་ཆ་རྣམས་བསྣམས་པ་༽། །སྐུ་མདོག་དཀར་པོ་ཁྲོ་བོ་ཆེ། །རྡོ་རྗེ་ཕག་མོ་༼དཀར་པོ་ཡང་ན་དམར་མོ་༽དེ་ཡི་ནི་། །སྐུ་མདོག་མཚོན་ཆ་འཆང་ལ་༼སྒོང་སྐྱེས་ལ་རྒྱུ་འབྲས་ཁྱད་པར་མེད་དོ་༽གཟིགས། །དཔའ་བོ་༼འབྲས་བུ་རྡོ་རྗེ་འཛིན་༽ཐོད་པའི་ཕྲེང་བ་ཅན། །སྐུ་ལ་ཐལ་བས་ཉེ་བར་བྱུགས་༼དྲུག་པ། མདོག་ནག་པོ་ལ་ཐལ་བས་བྱུགས་པས་སྔོ་སྐྱའོ་༽། །ཕྱག་རྒྱ་༼ལྔ་༽ཡིས་ནི་སྐུ་ལ་བརྒྱན། །རལ་བའི་༼སྤྱི་བོའི་རུས་པའི་ཙཀྲ་ལ། རུས་པ་ནས་ཙམ་པ་ཙར་ཙར་བ་ཡོད་པ་རལ་བའི་རྩེ་མོ་རྣོ་བས་༽ཅོད་པན་མདུང་དང་ལྡན། །༼དངོས་གྲུབ་ཀྱི་རྒྱུ་རྟེན་དང་རྟེན་པ་༽ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །ཡི་དྭགས་ཆེན་པོ་༼འཇིགས་བྱེད་དུས་མཚན་༽གདན་དུ་བྱས། །དེ་ནས་རྟག་ཏུ་བསྒྲུབ་པ་པོས། །༼དཀྱིལ་འཁོར་རྫོགས་པ་རྫུས་སྐྱེས་སམ་མངལ་སྐྱེས་ཀྱི་༽སྔགས་ཀྱི་ལྷ་ནི་༼དབུ་རྒྱན་གྱི་ལྷའི་བར་དུ་༽ཤེས་ནས་བསྒོམ། །༼མངལ་སྐྱེས་ཀྱི་དབང་དུ་བྱས་ཏེ་རྒྱུ་རྡོ་རྗེ་འཛིན་ཉམས་སུ་བླངས་པའི་༽དེ་ལྟའི་ཡོན་ཏན་ཁྱད་པར་གྱིས། །བསྒྲུབ་པ་པོས་ནི་འགྲུབ་པར་འགྱུར། དཔལ་འཁོར་ལོ་སྡོམ་པ་ལས་དུད་འགྲོ་ཕྱུགས་༼ཤ་རྣམས་༽དང་རོ་ལངས་བསྒྲུབ་པ་དང་བསྐྱེད་པའི་རིམ་པའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ། །དེ་ནས་བསྒྲུབ་པ་པོ་རྣམས་ཀྱིས། །སྦྱོར་བ་༼བཟའ་བའི་དམ་ཚིག་བརྟེན་པའམ་ཐབས་་་་་་དང་་་་་གཞན་༽ཀུན་ལ་མེད་པར་༼ཁྱད་པར་དུ་འཕགས་ཅེས་པའོ༽བཤད། །༼རྫས་བསྟན་༽བཟའ་དང་༼བདུད་རྩིར་བྱས་ལ་དེ་ལ་ལོངས་སྤྱད་༽སྤྱད་དང་དཔའ་བོ་སོགས། །ཅི་ནུས་པ་དང་༼འདིར་མང་དུ་བཤད་ཀྱང་ཇི་སྙེད་༽རྣམ་པར་བྱ། །༼ཀུན་ནམ་དངོས་སུ་བདུད་རྩི་དངོས་སུ་༽མེད་པར་གྱུར་ཀྱང་བཟའ་བ་༼གང་ཡང་རུང་བ་༽ནི། །༼དགོས་མཆོད་རྣམ་རྟོག་རིམས་ཀྱིས་ཞི་བར་བྱ་བའི་ཕྱིར་༽ལྔ་བོ་༼ཤ་ལྔ་བདུད་རྩི་ལྔ་༽ཉིད་དུ་བྱ་བ་༼བྱིན་གྱི་བརླབ་༽ཡིན། །༼དང་པོ་༽བཟའ་༼བའི་དམ་ཚིག་༽དང་བཅའ་བ་རྒྱ་ཆེ་༼བྱིན་རླབས་ལ་སྦྱོར་༽བ་༼དེའི་དུས་སུ་༽། །༼དུས་བསྟན་་་་་ཉིན་མོ་ལོ་ཀ་མི་མོ་་་་་་ས་སྐྱེ་བསུ་༽མཚན་མོའི་དུས་ནི་ཉིད་དུ་བྱ། །༼ཚོགས་བསོག་པའི་དུས་གཞན་ལ་༽དེ་ནས་ཕོ་ཉ་༼གཉིས་པ་ཕོ་ཉ་བརྟེན་ཅིང་མཆོད་པ་༽རབ་༼ཏུ་༽སྦྱིན་ཞིང་༼བརྟེན་༽། །༼འཕོ་བ་༽གཡོན་ཕྱོགས་༼སུ་ཕྱག་རྒྱའི་བསྒྲུབ་པ་པོའི་༽མགོ་བོ་བསྟན་ནས་ནི། །༼རིམས་ཀྱིས་ཡིད་ཚིམ་པ་༽རང་གི་མགོ་བོ་༼ཕྱག་རྒྱའི་༽བང་༼དུ་༽བཞག་༼དུས་རེས་འགའ་༽སྟེ། །༼དེ་ནས་༽དཔའ་བོ་༼དང་ཕོ་ཉ་མཐར་༽གཉིས་སུ་མེད་པས་མཆོད། །༼བྱིན་གྱིས་བརླབས་པ་དེ་༽༼མ་བརྟགས་ཀྱང་སྙོམས་པར་འཇུག་པའི་བདེ་བ། ཕོ་ཉའི་མཚན་ཉིད་སྔར་བསྟན་པ་ལྟར་ན་གིས་མཆོད་པའི་མཆོད་གསུང་༽ཡང་ན་༼རྟག་ས་༽མའམ་སྲིང་མོ་འམ། །བུ་མོ་འམ་ཡང་ཆུང་མར་ནི། །འདི་འདྲའི་ཆོ་གའི་སྦྱོར་བ་༼དེ་ཡང་ཡོ་མ་སྐུར། དེ་ནས་སྔགས་དང་རྒྱུད་ལ་སོགས་པས་རྒྱུད་སྦྱངས་ཏེ་བརྟེན་པ་༽ཡིས། །༼བརྟེན་ན་འཁོར་བ་༽བཅིངས་༼པ་༽ལས་༼ཉོན་མོངས་པ་ལ་སོགས་༽གྲོལ་བ་ཉིད་དུ་བྱ། །དེ་ནས་༼ལྷའི་དེ་ཁོ་ན་ཉིད་༽སྔགས་ནི་འགྲུབ་འགྱུར་ཏེ། །ཇི་སྲིད་འབྱུང་བ་ཡོད་པར་དུ་༼དང་པོ་ལྷར་སྐྱེད་པ་ནས་བཟླས་བསྒོམ་རྫོགས་ཀྱི་བར་དུ་བྱས་ལ་༽། །༼བདག་ཉིད་༽སློབ་དཔོན་ལུས་༼ཀྱི་དཀྱིལ་འཁོར་ལས་༽སུ་གནས་༼བསྒོམ་༽ནས་སུ། །༼དེ་ལྟ་བུ་ལ་མཉམ་པར་བཞག་པས་༽བསྒྲུབ་པ་པོ་ཡི་མཆོད་པ་བླང་༼ཕོ་ཉ་༽། །༼དེ་ལྟར་བྱས་ནས་བརྟེན་ན་༽དཔའ་བོ་རྣམས་ཀྱི་༼དཔའ་བོའི་སྙོམས་འཇུག་གི་ཏན་མུ་ཏྲའི་ཆོས་འབྱུང་ཡིན་༽སྟན་དག་དང་། །ཕྱག་རྒྱ་ཉིད་དུ་༼བྱིན་གྱིས་བརླབས་པ་དེ་༽ཐེ་ཚོམ་མེད། །༼དེ་ལྟ་བུས་མུ་ཏྲ་བརྟེན་པའི་དུས་རེས་འགའ་སྐྱོ་བ་གསང་བའི་ཕྱིར་༽བསྒྲུབ་པོ་ཤིན་ཏུ་མཉམ་བཞག་པས་༼ལྷའི་རྣལ་འབྱོར་ལ་༽། །༼བསྒྲུབ་པ་པོས་ཐབས་ཀྱིས་ཟིན་ན་ཕྱག་རྒྱ་དང་ལྷན་གཅིག་ཏུ་༽གླུ་དང་གར་ལ་སོགས་པ་བྱ། །༼བསྒྲུབ་པ་པོ་༽ལུས་ཅན་ཐམས་ཅད་ཇི་སྲིད་དུ། །རྣལ་འབྱོར་ཡེ་ཤེས་ལ་མ་ཞེན་༼དེ་ཐ་མལ་པའི་ཆགས་པ་ལ་ཞེ་ན་རིམ་གྱིས་རིམ་གྱིས་ཉོན་མོངས་པ་ལ་སོགས་པ་འཕེལ་ནས་༽། །༼ཉེས་་་་་་་་་་་་༽དེ་སྲིད་༼དེ་ཁོ་ན་མ་གཏོགས་པས་༽འཁོར་བར་འཁོར་འགྱུར་ཞིང་། །༼འཁོར་བའི་སྐྱོན་༽མྱ་ངན་སྡུག་བསྔལ་གྱིས་གཡེང་འདིར་༼སྐྱེ་༽། །༼དེ་བས་ན་༽དངོས་པོ་༼ལུས་ངག་ཡིད་གསུམ་༽ཀུན་ནས་བསྒྲུབ་པ་པོས། །ཕྱ་རྒྱ་༼ལྷ་ལ་མཉམ་པར་བཞག་པས་དང་ཕྱག་རྒྱ་་་་་་་་་་རྟོགས་པར་བྱ་བའི་བསམ་པས་༽ཐམས་ཅད་མཆོད་པར་བྱ་༼སྙོམས་འཇུག་བྱ༽། །མཆོད་པ་དེ་ནི་མཆོག་གྱུར་ཏེ། མཉམ་པར་བཞག་པས་ཕྱག་རྒྱ་བརྟེན་ན་བརྙས་པ་བྱས་ན་ཡིས་ནི་ངེས་པར་༼གཞན་ལ་༽བསྲེག་༼ངན་སོང་དུ་འགྲོ༽ །རྣལ་འབྱོར་མ་ཡི་རྒྱུད་རྣམས་ཀྱིས། །༼འདོད་པའི་བསམ་པས་༽ཕྱག་རྒྱ་ཆེན་པོ་༼འམ་གཙོ་བོར་སྤྲོས་པ་དཀྱིལ་འཁོར་ཐམས་ཅད་་་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་ཐིག་ལེ་བདེ་བའི་རང་བཞིན་ཅན་དེ་ཨ་ལི་བརྗོད་ཅིང་སྦྱོར་བའི་བར་ནས་འདུ་ཏི་ནས་དྲངས་པ་དང་དེ་ནས་་་་་་་་་་སྣ་བུག་ནས་བདེ་བའི་དལ་ཐ་མས་ཅད་ལ་བདེ་བ་ཁྱབ་པར་བྱས་ཚུལ་བསྡུ་བའོ་༽དང་པོར་བསྒྲུབ། །དེ་བཞིན་༼མཉམ་པར་བཞག་པས་ཕོ་ཉ་བརྟེན་པ་ལ་༽རབ་ཏུ་འབད་པ་དང་། །༼་་་་་སྟོན་བདེ་ལ་་་་་་་་་༽ཀུན་ནས་དང་བས་༼སྙོམས་འཇུག་གིས་༽མཆོད་པར་བྱ། །དེ་ཡི་འོག་ཏུ་དཔའ་བོ་ཡིས། །དཔའ་བོ་༼ཕོ་ཉ་དང་༽ཀུན་ཏུ་སྤྱད་པར་བྱ༼༣་པ་ཕོ་ཉ་བརྟེན་པའི་ཕན་ཡོན་༽། །༼སྔགས་སྐྱེས་མངལ་སྐྱེས་ཞིང་སྐྱེས་མའམ་ལྷན་སྐྱེས་མར་ཞེན་ནས་བརྟེན་པའི་ཕན་ཡོན་འདི་དག་འབྱུང་ངོ་༽དེ་ལྟར་མཆོད་བྱས་དེ་ནས་ནི། །༼ཐུན་མོང་གི་དངོས་གྲུབ་༽སྟེང་༼མཁའ་སྤྱོད་༽འོག་༼ས་འོག་༽འགྲོ་བ་བསྒྲུབ་པ་༼ཕོ་ཉ་ན་ལ་ཉི་ཤུ་ཡོན་ཏན་འབྱུང་བ་༽དང་། །ཞི་དང་༼ལག་པའི་དངོས་གྲུབ་༽རྒྱས་དང་དབང་དང་དགུག །བསད་དང་བསྐྲད་པ་ལ་སོགས་དང་། །རྨོངས་དང་རེངས་སོགས་ལ་སྦྱར་ཞིང་། །དབྱེ་༼མཛའ་བ་༽དང་དེ་བཞིན་༼བསྐྲད་པ་གསུང་༽ཚར་བཅད་དང་། །༼དུས་རིང་མོར་འགོར་བ་༽ལས་རྣམས་གང་ཅིའང་རུང་བ་ལ། །༼རྨོངས་ཟེར་༽སྨྱོན་མི་དགོས་པར་༼རེ་རེ་ནི་བསྟན་པའི་ན་་་་་་ཀས་་་༽བསྒྲུབ་པ་པོས། །འགྲུབ་པར་འགྱུར་བར་གདོད་མི་ཟ། དཔལ་འཁོར་ལོ་སྡོམ་པ་ལས་གསང་བའི་མཆོད་པ་དང་༼ལྷ་དང་སྔགས་༽བསྙེན་བསྐུར་གྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་བའོ། །དེ་ནས་༼སྦྱིན་སྲེག་དང་རྫོགས་པའི་རིམ་པ་གཉིས་ཀའི་སྔོན་དུ་སྐྱེད་རིམ་འགྲོ་བས་དང་པོ་སྐྱེད་པའི་བསྟ་་་་་་་་རྫོགས་པ་ནི་བདེ་་་་་་་་་སྔོན་དུ་བི་་་་་་་སྟོང་པ་་་་་་་༽མཁའ་འགྲོ་མ་དྲ་བའི། །༼ལུ་ཨི་པའམ་ནག་པོ་ལྟར་ལྷ་སུམ་བཅུ་རྩ་བདུན་ཚང་བར་མངལ་སྐྱེས་སྒོང་སྐྱེས་གཉིས་ཀ་གསུང་༽འཁོར་ལོ་ཆོ་ག་རྒྱས་པ་སྟེ། །ལས་གང་ལས་ནི་༼འདི་ཡན་ཆད་གྲང་དོན་དང་ངེས་དོན་༢་ཐུན་མོང་༽ཀུན་བརྗོད་པས། །༼ལས་རྣམས་༽འགྲུབ་པར་ཐེ་ཚོམ་མེད་པའོ། །དཔའ་བོ་༼ཉི་ཤུ་རྩ་ལྔ་་་་ལོ་ཀ་ལས་འདས་པའི་མེ་ལྷ་མངོན་པར་བསྟན་༽ཀུན་༼ཡབ་ཐབས་༽དང་༼ཡུམ་ཤེས་རབ་༽རྣལ་འབྱོར་མའི། །༼དང་པོ། ཤུ་ལོ་༡་གི་ཕྱིའི་ཞི་བ་ལ་སོགས་པའི་ལས་རྫོགས་པ་བསྒོམ་པའི་ལས་གཉིས་ཀའི་དོན་དུ་འགྲོ་བ་སྐྱེད་རིམ་ཡིན་པས།ཀུན་ཏུ་སྤྱོད་པ་ལྟར་གནས་ལྔར་ཡི་གེ་འབྲུ་ལྔ་བཀོད། ལོ་ཀའི་མེ་ལྷ་འབར་བར་མ་ཐིམ་ན་དེའི་ཁོང་པའི་པད་མའི་ལྟེ་བར་འདས་པའི་ལྷ་རྣམས་སྐྱེད་པ།འབར་བར་ཐིམ་ན་ཐབ་ཀྱི་པད་མ།༽་པད་མའི་ལྟེ་བར་ངེས་པར་སྦྱར། །ཨ་བ་དྷུ་ཏི་གནས་༼གནས་ནས་མར་འདས་པའི་དཀྱིལ་འཁོར་གཞུགས་སྟེ་ལྟེ་བ་ན་མོའི་དམ་ཚིག་པའི་དཀྱིལ་འཁོར་བསྐྱེད་པ་ལ་སྟིམ་མོ་༽དེ་བཞིན། །༼དེ་ནས་དཀྱིལ་འཁོར་ཐམས་ཅད་བདེ་བས་ཁྱབ་པར་བྱ་སྟེ་ཚུལ། ༽སྨིན་མའི་བར་དུ་༼ལོ་ཀ་བའི་མེ་ལྷའི་སྨིན་འཚམས་ནས་མར་ལ་ཡེ་ཤེས་པ་སྟིམ་མོ༽་ངེས་པར་བཞག །དཔའ་བོ་རྨེ་བརྩེགས་༼ཡབ་ཡུམ་ཞུ་བའི་དང་པོའི་ཐིག་ལེ་དཀར་དམར་བདེ་བ་ཆེན་པོའི་ཐིག་ལེ་ལ་༽ཆགས་བྱས་ལ༼ལོ་ཀ་པས་འདས་པའི་མེ་ལྷ་གསལ་བར་དམིགས་པ་ཡང་ལོ་ཀ་ལས་འདས་པའི་མེ་ལྷ་བསྲེག་རྫས་ལ་ཆགས་པར་དམིགས་པར་གསུང་༽། །དེ་ནས་མེས་བསྲེག་༼བསྲེག་རྫས་མི་རྟོག་པའི་ཐབ་ཁུང་དུ་རྟོག་པར་བྱ་བའི་བསྲེག་པར་བྱ་༽གཞན་དུ་མིན། །༼བསྲེག་རྫས་བསྟན་པ་ལ་ཤ་༽གོ་མཾ་ས་དང་༼དེའི་ཁྲག་༽རུ་ཏིར་བཅས༼་འདིར་ཐུན་མོང་མ་ཡིན་པའི་ཐུན་མོང་བ་ཤུགས་ལ་བྲེས༽། །འབད་པས་རྫོགས་པ་ལྟར་ན་ཕུང་པོ་ལྔའི་རྟོག་པ་བསྲེག་བསྲེག་བྱ་་༼བསྲེག་རྫས་བསྡུས་པ་ནི་འདི་ཡང་སྐྱེད་པའི་བདུད་རྩི་ལྔ་༽ལྔ་དག་བྱ། །༼བསྲེག་རྫས་རྒྱས་པར་བསྟན་ཏོ་༽དེ་ནས་འབར་བའི་མེ་ལ་ནི། །བསྲེག་བྱ་ཕུང་པོ་ལྔ་དང་འབྱུང་བ་བཞིའི་རྟོག་པའམ་རྟོག་པ་རབ་འབྲིང་དགུ་དགུ་ནི་འདི་སྒྱེད་པའི་ཤ་ལྔ་བདུད་རྩི་ལྔ་ལས་ཤ་ཆེན་གཉིས་གཅིག་ཏུ་བྱས་པ་ལ་དགུ་བྱ་བ་ཡིན། །༼འདི་མན་ཆད་ཕྱིའི་དཀྱིལ་འཁོར་དང་སྣོད་བཅུད་ལ་་་་བ་ཆེན་པོ་སྤྲོ་བའི་གཞུང་དུ་གསུང་༽དེ་ནས་༼འདིར་་་་བདེ་བ་དང་མི་རྟོག་པ་ལས་སེམས་གཡེངས་ནས་དཀྱིལ་འཁོར་རྒྱས་པ་ལ་སེམས་སྤྲོ་བ་༽འབར་ཕྲེང་རྒྱ་མཚོར་ནི། །ཀུན་ནས་༼རྟེན་གཞལ་ཡས་ཁང་བརྩེགས་མ་༽སྒོ་ཡི་འཁོར་ལོར་བསམ། །དཔའ་བོའི་དབང་པོ་ཞལ་བཞི་པ། །༼བརྟེན་པ་༽དཔའ་བོའི་གནས་ཀྱི་འདབ་མ་ལ། །ཕོ་ཉ་མོ་ནི་བཞི་བོ་དག །༼དཔའ་བོ་དང་དཔའ་མོ་ཉི་ཤུ་བཞི་༽དཔའ་ཀུན་གཉིས་སུ་མེད་བདེ་བ། །༼ཞི་རྒྱས་ལ་སོགས་པའི་༽ཆོ་གའི་རིམ་པ་༼ཞི་བའི་སིཏི་ལ་འདོད་ན་ཉི་མ་ཉམས་སུ་བླང་དེས་འདྲེ་༽ཇི་བཞིན་དུ། །ཁཎྜ་རོ་ཧ་༼ལ་སོགས་པ་ནད་པ་ལ་ཉི་མ་ལ་སོགས་པའི་ལས་བདག་གི་སྙིང་ཁ་ནས་ཁན་ཊ་རོ་ཧ་བཞི་སྤྲོས་ལ་ཞི་བར་བྱ་རྒྱུ་ལ་སོགས་པའི་བསྒྲུབ་བྱ་བཀུག་ལ་དེ་ནས་ཡང་ཁཎྜ་རོ་ཧ་ན་སྣ་བུག་ནས་བཅུག་པས་དེའི་ནད་ཞི་བ་ལ་སོགས་པ་ཐམས་ཅད་ཞི་བར་བསམ་དེ་བཞིན་ཏུ་དབང་དུ་བྱ་བ་དང་རྒྱས་པར་བྱ་བ་ཡང་བསམ། དེས་འདྲེའོ༽ཕྱི་རོལ་༼ཕྱི་རོལ་གྱི་དཀྱིལ་འཁོར་དང་སྣོད་བཅུད་ཐམས་ཅད་བདེ་བ་ཆེན་པོར་༽སྦྱོར། །༼ཐིག་ལེ་བདེ་བ་ལ་༽རང་གི་གཟུགས་སུ་༼ནི་བདེ་བ་སྟེ་༢་ཕྱི་རོལ་༽མངོན་ཞེན་པ་༼པར་བྱ་བའམ་སྤྲོས་པས་སམ༽། །འཁོར་ལོའི་དབུས་སུ་བསྟན་པར་བྱ་༼ནད་པ་དེ་རང་གི་གཡོན་དཀྱིལ་འཁོར་གྱི་ལྷའི་གཡས་སུ་བཞག་ལ་ལས་གོང་མ་བྱ་གསུང་༽། །༼དེ་ལྟར་དཀྱིལ་འཁོར་གྱི་༽འཁོར་ལོ་༼དཀྱིལ་འཁོར་རྫོགས་པ་༽འདི་དག་༼ཐམས་ཅད་བདེ་བ་ཆེན་པོར་པོ་༽བསྟན་པ་ནི༼དེ་ལྟ་བུ་གང་ལས་གསུངས་ན༽། །དངོས་གྲུབ་༼༣༽རིམ་བཞིན་གསལ་བྱེད་ཡིན༼ཐིག་ལེ་བདེ་བས་ལྷ་ཐམས་ཅད་ཀྱང་བདེ་བ་མི་རྟོག་པས་ཁྱབ་པར་བསྒོམ་མོ༽། །༼ཐིག་ལེ་བདེ་བས་ལྷ་ཐམས་ཅད་ཀྱང་མི་རྟོག་པས་ཁྱབ་པར་བསྒོམ་མོ་༽རིག་པའི་རྒྱ་མཚོ་ལས་དཔའ་བོ། །༼འདིར་༽མདོར་བསྡུས་ནས་༼ཐབས་འདི་༽ནི་གསུངས་པ་ཡིན། །༼དེ་ཡང་༽ཕོ་ཉ་༼འོད་རིག་གམ་ཕོ་ཉ་དངོས་དང་༽གཉིས་༼སུ་༽མེད་༼པར་༽སྦྱོར་བའི་བདག༼གིས་༽ །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།དཔལ་འཁོར་ལོ་སྡོམ་པ་ལས་ཕོ་ཉ་མོའི་གཉིས་སུ་མེད་པའི་སྦྱིན་བསྲེག་དང་ལས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ། །༼ལེའུ་འདིས་དྲང་དོན་དུ་ལས་བཞིའི་སྔགས་ཀྱི་བཟླས་པ་བསྟན།ངེས་དོན་ཆོས་ཀྱི་ཕྱག་རྒྱའི་རིམ་པ་བཞིན་བསྟན་༽དེ་ནས་༼རིམ་པ་༤༽ལས་ཀྱི་༼ཞི་བ་ལ་སོགས་པ་༽མཆོག་རབ་ནི། །༼ལུ་ཨི་པའམ་ནག་པོ་ལྟར་དང་པོ་ལྷར་སྐྱེད་ནས་དེ་ནས་བཟླས་པ་༽ཇི་བཞིན་༼ཆོས་ཀྱི་མུ་ཏྲས་བླ་མའི་གདམས་ངག་གི་རིམ་པ་༽རིམས་ཀྱིས་མཚོན་བྱ་སྟེ། །༼ཚོགས་བསགས་ན་་་་་་་དབང་བསྐུར་་་་་གདམས་པ་་་་་་་གསང་བའི་་་་ ་་་་་པའི་བར་དུ་བྱ་་་་་་ ་་་ནས་བཟླས་པ་ལ་འཇུག་པས་༽མཆོད་པ་གཉིས་མེད་སྦྱོར་བདག་ཉིད། །༼རིམ་པ་བཞི་བསྒོམ་པ་སོ་སོར་སྦྱོར་བའོ། ཞི་བ་ལ་སོགས་པ་ལས་བཞིའི་ཁ་དོག་ལ་སོགས་པ་༽ལས་ནི་སོ་སོར་སྦྱར་བར་བྱ། །༼རིམ་པ་༤་ལས་རྒྱུད་ཀྱི་རིམ་པ་སྟོན། དྲང་དོན་དུ་དེ་ལྟར་ཡབ་ཡུམ་གྱི་རྣལ་འབྱོར་ལ་གནས་པ་སྙོམས་པར་ཞུགས་པ་ལས་བྷ་གར་ཐིག་ལེ་ལས་སྔགས་བཞི་བོ་གང་རུང་དུ་བསྐྱེད་པའོ༽གང་ཡང་རབ་ཏུ་གྲགས་པའི་སྔགས། །༼དེ་ཡང་དང་པོ་སྤྲུལ་བ་ནས་གསལ་བར་བྱ་༽ དེ་ཡི་དབྱེ་བ་རིམ་༥༦༦༧༧༨༨་ཇི་བཞིན། །༼བཟླས་པའིདུས་སུ་དཔའ་བོ་༽ཁ་དོག་༼དཔའ་བོས་མཚན་པ་ཀ་ལི་༽ཕོ་ཉ་ལ་སོགས་སྔགས༼དཔའ་མོའི་སྔགས་་་་་་པ་་་ཨ་ལི་་་་་པུང་་་་་་་ཏེ་རྩ་གཡས་གཡོན་གཉིས་སུ་གསལ་བར་བསམ་པའོ་༽་ཀྱང་གསལ་བར་་་་ ་་དམིགས་ཏེ༽། །༼མྱུར་བར་༽མདའ་ཡི་༼འདི་མན་ཆད་ཀྱིས་རྒྱུད་རིམ་བསྟན་ངེས་དོན་དུ་༽ཤུགས་བཞིན་༼དེ་ཡང་རླུང་འབྱུང་འཇུག་གི་ སྟོབས་ཀྱིས་དཀྱིལ་འཁོར་བསྡུ་བ་དང་ཙཀྲ་གསལ་བར་དམིགས་པ་ལ་སོགས་པ་བྱེད་པས་༽ཡོངས་སུ་འཁོར། །༼ཡབ་ཀྱི་ལ་ཡུམ་གྱི་༽ཕན་ཚུན་མདུད་པའི་གསང་སྔགས་ནི། །༼ཞི་བ་ལ་སོགས་པའི་༽ཡུལ་ཉིད་ཀྱིས་ནི་༼ཙཀྲ་བཞི་དང་རྩ་གསུམ་གྱིས་༽ཕྱེ་བ་ཡིན། །ཞི་བ་ལ་ནི་༼དལ་བུས་༽ལྷོད་པ་སྟེ། །༼སྤྱིར་སྔགས་ལ་ཞི་དྲག་གཉིས་ལས་འདིས་སྔོན་ལ་ཞི་བ་གཙོ་བོར་བསྟན་༽དྲག་ཅིང་རྩུབ་པ་མ་ཡིན་ནོ་༼འདི་བབའ་ཏན་ཏའི་་་་རེས་ལ་མེར་་་སྒྲེས་པོ་རྣམས་ཀྱི་ལ་ཡེད་་་་་དེ་ཡན་ཆད་ཞི་བའི༽། །༼དྲག་པོ་ལ་༽ས་བོན་ཕྲེང་བ་༼སྔགས་དང་བསྒྲུབ་བྱའི་མིང་སྤེལ་བ་༽དེ་ནས་འཛིན། །ཧཱུཾ་ནི་༼སྙིང་གི་ཧཱུཾ་གི་༽མཐའ་རུ་༼ཧཱུཾ་ནས་མར་སོང་ནས་དད་ན་བཞི་བོ་གང་རུང་གི་མཐར་ཧཱུཾ་ཆེ་གེ་མོ་མ་ར་ཡ་ཧཱུཾ་ཅེས་པ་་་་ནི་ལྟེ་བར་དེ་དེའི་བར་དུ་སོང་བའོ༽གནས་པ་༼ལ་དེ་ནས་ ཨཾ་ལས་རླུང་སྟིམ་་་་དེ་མནན་པ་ལས་ལས་ཀྱི་རླུང་རིམས་ཀྱིས་དྲང་དོན་ངེས་དོན་༢་ཀ་འགགས་པ་ནི་༽ཡིན། །༼རླུང་༽བསྒྲུབ་བྱ་༼སྲོག ༽་་་འགོག་པར་གྱུར་ནས་ནི། །༼མྱུར་བར་འཆི་བ་༽གོམ་པ་༼རླུང་དབང་དུ་འདུས་པ་ལས་རླུང་ཕྱིར་མི་འགྲོ་བ་༽གཅིག་ཀྱང་མི་འགྲོ་འོ། །༼སྔགས་ཀྱི་རིམས་པ་བསྟན་ཏོ་༽ཁ་སྦྱོར་༼ཏ་ཐའི་རྒྱུད་བདག་གི་རྒྱུད་གཉིས་རླུང་གི་འགྲོ་འོང་བྱེད་པས་༽སྦྱོར་བར་གྱུར་བ་༼བཟླས་པ་ཡབ་ཡུམ་ཁ་སྦྱར་ལ་འཁོར་བ་༽དང་། །༼ཨ་ལི་དང་ཀ་ལི་ལས་བྱུང་བའི༽རྡོ་རྗེ་ལུ་གུ་རྒྱུད་༼དེ་ལྟར་གཏུམ་མོ་སྟོབས་སུ་གྱུར་པས་ཀྱང་༽བཅིངས་བས། །༼འོད་༽རྡོ་རྗེས་༼སྨིན་མཚམས་༽ཕྱེ་བ་ཉིད་དང་ནི། །དེ་བཞིན་༼འོད་ཀྱི་ཏ་ཐའི་ཙཀྲ་བཞིའི་བདུད་རྩི་་་་་༽་སྦྲང་བུའི་ཆུན་པོས་༼རབ་ཏུ་༽བསྐོར༼འོད་ཟེར་བསྒྲུབ་བྱའི་ཤེས་པ་འགུག་པ་འདིས་སྒྲོའི་ཆུན་་པོ་ལྟར་བུངས་ཆེ་བ་སྦྱར་བ་སྟེ་རྒྱས་པའི་མུར་ཡང་ཏ་ཐའི་ཡེ་ཤེས་ཀྱིས་བདུད་རྩི་་་་་་་བའི་ཕྱིར་འཁོར་་་་་་་ཐའི་ཤངས་བུ་་་་་་་གཡས་ནས་ཞུགས་༽། །༼ཨ་ལི་དང་ཀ་ལི་བྱུང་བའི་༽ལྕགས་ཀྱུ་༼ལྟ་བུའི་འོད་ཀྱིས་༽ཉིད་ཀྱིས་༼འདིས་ཀྱང་དབང་ཟིན་དུ་རླུང་གཟུང་ངོ་༽འགུག་པ་དང་། །༼སྔགས་ལས་བྱུང་བའི་འོད་ཀྱིས་གཏུན་ཤིང་ལྟར་བསྒྲུབ་བྱའི་སྙིང་བརྡུངས་པར་བསམ་༽གཏུན་ཤིང་གིས་ནི་༼འོད་ཀྱིས་ཙཀྲའི་ཤ་བུ་༽དཀྲུག་པ་དང་། །༼སྔགས་ལས་བྱུང་བའི་རྡོ་རྗེ་ལྟ་བུའི་འོད་ཀྱིས་དེའི་སྙིང་་་་་་་འི་ལག་པས་ཟེར་༽རྡོ་རྗེ་ཁ་ཡིས་༼འོད་ཀྱིས་བདུད་རྩི་བཀུག་སྟེ་༽བཟའ་བར་བྱ། །༼རེངས་པ་སྟེ་དབང་དུ་གྱུར་པ་འོད་མཎྚལ་ལྟ་བུས་སྙིང་དཀར་ནག་ལ་ཕོག་ལ་༽དབུག་པ་མདའ་ཡིས་སྦྱར་བར་བྱ༼ཚར་བཅད་པ༽། །༼འཁོར་རྗེས་སུ་བཟུང་བ་རྩ་བའི་རླུང་བྱང་སེམས་ལས་རྒྱ་ལ་ཡིན་ན་ཡིད་ཀྱིས་སྙོམས་འཇུག་བྱ་༽དུས་མིན་འཆི་ལས་རྒྱལ་བ་ཉིད། །༼ལུས་ལ་་་་་་བསྒྲུབ་བྱའི་སྤྱི་བོ་༽ཡན་ལག་༼སྤྱི་བོར་ཁཊྭཾ་ཀ་བསྒོམས་ལ་ཕྱོགས་བཅུའི་་་་བུད་དྷ་་་་་དང་པོ་དེས་ཏ་ཐ་ཐམས་ཅད་སྤྱན་དྲངས་ཏེ་དེ་ལ་ཐིམ་པས་་་་ཝི་དང་ལྡན་པར་གྱུར་ནས་མེར་གྱིས་ཞུ་སྟེ་ཚངས་བུག་ན་མར་ཐིམ་པས་ལུས་ཐམས་ཅད་བྱང་སེམས་ཀྱིས་མེར་གྱིས་ཁེངས་པར་བསམས་པ་་་་བས་དཔག་བསོ་བའམ་འཆི་བ་བསླུས་པར་འགྱུར་རོ་ཐོད་པའི་ལ་ཡང་དམིགས་རབ་དེ་བཞིན་ནོ་༽ ཁཊྭཾ་ཀ་དང་སྦྱར། །༼ཡང་ན། འབྲུ་་་་གསང་བའི་རིམ་པ་༽ཐོད་པའི་༼བདག་གི་རྒྱུད་ལ་བྱ་༽མཆོད་ཡོན་སྣོད་དུ་ནི་༼ཏེ་གཉིས་༡་དུ་སྦྱོར༽། །༼བདའ་་་སྐྱེད་པའི་བསྒྲུབ༽ཞལ་དུ་༼རྩ་དབུ་མ་༽མཚོན་ཆ་ངེས་པར་སྦྱར༼བས་སླར་འཚོ༽ ། དཔལ་འཁོར་ལོ་སྡོམ་པ་ལས་གཉིས་སུ་མེད་པའི་༼དྲང་དོན་དུ་སྔགས་དང་བསྒྲུབ་བྱའི་མིང་།ངེས་དོན་དུ་བདག་གི་རྒྱུད་དང་ཏ་ཐའི་རྒྱུད་༽གནས་དང་དུས་མ་ཡིན་པར་༼ངེས་དོན་དུ་འཁོར་བ་ལས་རྒྱལ་བ་བསད་པ་གསོ་བ་༽འཆི་བ་བསླུ་བའི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ། །དེ་ནས་༼ལེའུ་འདིས་འོག་རིགས་ལ་བརྟེན་པ་ཕྱག་རྒྱ་དང་ལས་རྒྱ་གཉིས་བསྟན་༽ཕྱག་རྒྱ་མཆོད་ཆེན་དང་། །༼ཀུན་སྤྱོད་ལྟར་གཉིས་ཀའི་གནས་ལྔ་བརླབ་པ་༽སྔགས་ཀྱི་དགོད་པ་རབ་ཏུ་གྲགས༼འོད་རིག་དང་དངོས་གཉིས་ཡིན་ན་ཡིད་ཀྱིས་སྙོམས་འཇུག་བྱ༽། །༼དངོས་མིན་ན་༽ཕྱག་རྒྱའི་༼སྙོམས་འཇུག་གི་བདེ་བ་དེ་ཁོ་ནའི་མཆོད་པའི་བར་གྱིས་༽མཆོད་པ་འདི་དག་གིས། །༼ཆེ་བ་དངོས་གྲུབ་དཔེའི་ཡེ་ཤེས་ཀྱིས་དོན་གྱི་ཡེ་ཤེས་རྟོགས་པས་༽མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །༼འོད་རིག་མ་ལས་རྒྱ་མ་གང་རུང་དང་བསྒྲུབ་པ་པོའི་མཁའ་གསང་ཀུན་སྤྱོད་ལྟར་བསླབ་པ་༽མཚན་མ་གཉིས་ལ་སྔགས་སྦྱོར་བས། །༼ལས་ཀྱི་མུ་ཏྲ་ཝ་ར་ཧིར་སྐྱེད་༽མཁའ་འགྲོ་༼སྙོམས་འཇུག་མུ་ཏྲ་ཝ་ར་ཧིར་སྐྱེད་ཧེ་རུ་ཀ་༽དཔའ་བོ་གཉིས་མེད་པའི། །༼ཡུམ་གྱི་མཁའ་བྱིན་གྱིས་བརླབས་པས་༽༼འདི་དག་་་་་་ཏུ་་་མ་ཀིར་ཏིའི་དཔེ་ལ་མེད་༽པད་མའི་འོད་ནི་དྲི་མེད་པ་༼རྡོ་རྗེ་འོད་ནི་དྲི་མ་མེད་ཅེས་པས་ཡབ་ཀྱི་མཁའ་གསང་བྱིན་གྱིས་བརླབ་པ་ཤུགས་ལ་འོང་༽ །༼འོད་རིག་མ་རྐྱང་མ་དང་པོ་་ སྙོམས་འཇུག་༽རྣལ་འབྱོར་མ་ལ་༼ཐིག་ལེ་འཛིན་པ་དང་གསང་གནས་རྨབ་ནུས་པས་༽མཁས་པས་མཆོད། །༼ལས་རྒྱ་ཡིན་ན་དངོས་སུ་ཁ་ནས་བརློབ་པ་༽ཕྱག་རྒྱ་༼ཁ་་་་པང་གཞི་ལ་སོགས་པ་རྨབ་་་་་་་༽གནོན་པའི་༼རེངས་པ་སྟེ་དབང་དུ་གྱུར་བ་༽ལས་རྣམས་ནི། །དེ་བཞིན་མཚོན་ཆ་ཉིད་དང་༼རྡོ་རྗེ་དང་པད་མ་དངོས་སུ་སྦྱར་བའམ་ཡིད་ཀྱིས་༽སྦྱར། །སྔགས་པས་༼དཔའ་མོས་་་་་་ལས་རྒྱའམ་འོད་ཀྱི་མུ་ཏྲ་ཝ་ར་ཧི་དང་༽མཁའ་འགྲོ་མ་སྦྱོར་ལ། །སྙིང་པོ་༼རྩ་སྔགས་ལ་སོགས་པའི་སྔགས་རྣམས་གནས་གསུམ་སུ་སྙིང་པོ་དྲུག་པ་ལ་སོགས་པ་ཡུམ་གྱི་གནས་ལྔ་བརླབ་པ་༽རྣམས་ཀྱིས་དེ་བཞིན་བྱ། །བསྲུབ་པ་༼དངོས་སམ་རིམས་ཀྱིས་འོད་རིག་ལ་བསྐྱོད་པ་༽མཁའ་འགྲོ་༼མ་དང་༽བློ་༼མ་དང་༽ལྡན་མ་༼ཧེ་རུ་ཀ་དེ་ང་རྒྱལ་གྱིས༽། །༼སྤྱིར་་འགྲོ་གསུང་༽དག་པའི་ལུས་ཀྱིས་༼ལུས་ལྷར་བསམ་་་་་ལུས་ཀྱིས་་་་་་པར་འཇུག་༽དེ་བཞིན་བྱ། །༼འདི་མན་ཆད་དམ་རྒྱ་ལྟར་སྔགས་ཀྱིས་ལས་བཞི་བསྒྲུབ། ལས་རྒྱ་ལྟར་དགའ་བ་བཞི་བསྒོམ་པ་སོར་སོར་སྦྱར་བར་བྱའོ་༽དཔའ་བོ་༼ལས་རྒྱ་རྐྱང་མ་དང་སྦྱོར་བས། འདི་ན་རེ་རེ་ལ་མར་སོ་སོར་སྦྱོར་༽མཆོད་པའི་ཆོ་ག་ཤེས་༼དམ་རྒྱ་དང་སྙོམས་འཇུག་བྱས་པ༽ །༼དེ་ལྟར་དེ་ཁོ་ནའི་པུ་ཙའི་བར་བྱས་ནས་སྔགས་འཁོར་བར་བསམ་༽ལས་༼ལས་ཀྱི་རྒྱ་ལྟར་ན་དངོས་སུ་སྙོམས་འཇུག་གི་སྦྱོར་བ་༽ནི་༼རྡེས་ན་འདི་སྔགས་ཀྱི་ཁ་རུ་དེ་དང་སྦྱོར་བ་ལས་བྱུང་བའི་བྱང་སེམས་ཐིག་ལེར་བསམས་ལ་དེ་ལས་སྔགས་སུ་བསམ་པའམ་གསུང་༽འབད་པ་ཉིད་ཀྱིས་བྱ། །༼ལས་བཞིའི་སྔགས་ཀྱི་དབྱེ་བ་ལ་དགའ་༤འི་༽རྣམ་དབྱེ་༼ཁབ་རྩེའི་ཀ་ར་ན་ལས་དཔེས་སྦྱོར་བ་ཤེས་པར་བྱ་གསུང་༽རང་དགར་སྔགས་པ་ནི། །༼འོད་རིག་དང་སྦྱོར་བ་ལས་ཐིག་ལེ་སྔགས་ཀྱི་ཕྲེང་བ་གྱེན་ལ་དྲང་། རྐྱང་མ་དངོས་དང་སྦྱར་བ་ལས་བྱང་སེམས་གྱེན་ལ་དྲང་བ་༽ཕྱིན་ཅི་ལོག་ཏུ་ངེས་པར་༼ཡང་ན་དྲག་པོའི་སྔགས་ཀྱིས་སྦྱར་༽སྦྱར། ༼དགའ་བྲལ། གདུག་པ་རྣམས། དྲག་པོའི་སྔགས་ཀྱིས་༽ཚར་བཅད་པ་དང་ཕན་གདགས་༼མཆོག་དགའ་སྟེ་ལྷན་སྐྱེས་ལ་ཕན་འདོགས་པས་༽ཕྱིར། །༼སྔགས་ཀྱི་ལས་༤་༽ལས་ཀྱི་དངོས་པོ་༼དགའ་བ་ལ་མངོན་དུ་མཆོག་དགའ་དང་བར་དུ་དགའ་བྲལ་ཐ་མར་འབྱུང་བར་ཤེས་པས་སོ་༽རྣམས་པར་བསྒོམ། །༼དགའ་བ་༤་༽དེ་ཉིད་དབྱེ་བས་ཕྱེ་ནས་༼དགའ་བ་བཅུ་དྲུག་གི་དབྱེ་བ་ཡང་གསུང་ལས་བཞིའི་སྔགས་ཀྱིས་༽ནི། །༼དམ་རྒྱའི་ཐིག་ལེ། རྩ་དབུ་མར་རོ་༡་པར་སྦྱར་བར་བྱ་༽རྩ་ཡི་ལམ་དུ་སྦྱར་བར་བྱ་༼སྔགས་ཀྱི་ཕྲེང་བ་ཡར་དྲངས་པ། དབུ་མ་ནས་ཡར་དྲངས་པ་ལས་དགའ་བ་བཞི་སྐྱེའོ༽། །སྦྱོར་༼པའི་དུས་སུ་སྙོམས་འཇུག་གི་དགའ་བ་༽བ་རབ་ཏུ་བསྒྲུབ་རྣམས་ལ༼འབྲས་བུ་དམ་རྒྱ་དང་ལས་རྒྱ་༢་ཀ་ཐུན་མོང་དུ་བསྟན་པའོ། འདིས་མཚོན་ནས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་ལ་སོགས་པ་འགྲུབ་པར་ཤུགས་ཀྱིས་ཤེས་པར་བྱ༽། །༼སྙོམས་འཇུག སྔགས་༽འདི་ཡིས་རབ་ཏུ་བསྒྲུབ་བྱ་སྟེ། །ལྷ་དང་ལྷ་མིན་རྣམས་དང་ནི། །མི་དང་བཅས་པ་མྱུར་འགྲུབ་འགྱུར། དཔལ་འཁོར་ལོ་སྡོམ་པ་ལས་༼སྙོམས་འཇུག་གི་བདེ་བ་༽དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་༼ཐིག་ལེ་ལས་བྱུང་བའི་སྔགས་ཁ་དོག་བཞི་ལས་བཞི་བཞི་བསྒྲུབ་པ་༽ལས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ། །༼ལེའུ་འདིས་གོང་དུ་བསྟན་པའི་རྐང་པ་བདེ་བླག་ཏུ་མ་རྙེད་ན་དབང་དུ་བྱ་བའི་ཐབས་བསྟན་༽དེ་ནས་གཞན་ཡང་བཤད་པར་བྱ༼རྩ་བའི་སྔགས་བསྙེན་པ་སྔོན་དུ་སོང་བས་དོན་༣་ལས་དོན་དང་པོ་ཁ་ཟས་ཀྱི་ལས་ཀྱི་ཕྱག་རྒྱ་མ་དབང་དུ་བྱ་བ་བསྟན༽། །༼རྐྱང་མ་དབང་དུ་བྱ་བའི་ཆོ་ག་རྩ་བའི་སྔགས་ཀྱི་ལས་༽གཟུགས་ནི་གནོན་པའི་ཆོ་ག་སྟེ། །༼ཡུམ་གྱི་རྩ་བའི་སྔགས་གཉིས་སུ་མེད་པ་༽ཕན་ཚུན་སྦྱོར་བའི་གསང་སྔགས་ནི། །༼རྐང་པ་༽མཁའ་འགྲོ་མ་དང་༼མིང་ཤམ་དུ་སྤེལ་ལ་བཟླས་༽གཅིག་ཏུ་སྦྱར། །ཆང་དང་ཤ་དང་བདུད་རྩི་ལྔ་བསྲེས་ཏེ་ཟོས་པ་ཟོས་ནས་མིད་པའི་རྫས་ལ་༼ལྟོ་བ་འཇུ་བའི་བར་ལ་སྔགས་བཟླས་ན་༽ནི། །༼རྩ་བའི་སྔགས་སྤེལ་ཚིག་དང་བཅས་པ་༽བཟླས་པའི་མཐར་ནི་སྐྱུག་པར་བྱ། །༼སྐྱུགས་པ་དེ་ཡང་ཐོད་པར་བླུག་ལ་སྲིན་ལག་གཡོན་པས་གཉེ་ཞིང་བཟླས་ལ་༽མཚན་མོ་བདུན་ནི་རྫོགས་པ་དང་། །༼ཞག་བདུན་དུ་བྱས་ལ་དེ་ནས་༽བཟའ་བ་༼དང་་་་་་་༽བཏུང་བ་དག་ལ་སྦྱར༼ལ་དེ་བྱིན་ནས་ཟ་རུ་བཅུག་པས༽། །འདི་ཡིས་ཇི་སྲིད་འཚོ་ཡི་བར། །༼རྐྱང་མ་དེ་༽དབང་དུ་འགྱུར་བར་གདོད་མི་ཟ་༼གཞན་ཡང་༽། །༼བ་༽སེར་སྐྱ་མར་ནི་༼བཞུ་སྟེ་༽འཐུངས་ནས་སུ། །དེ་ནས་བཟླས་༼པའི་༽མཐར་༼མར་དེ་༽སྐྱུག་པར་བྱ། །༼བསྒྲུབ་པ་པོའི་ནུབ་བདུན་རྫོགས་པ་དང་༽དེ་ཡི་རང་གི་གདོང་བཀྲུས་ནས། །གལ་ཏེ་༼སྔགས་བདག་ལ་༽རྟག་ཏུ་ཁྲོས་༼པར་༽གྱུར་བ༼དེ་༡་ཡིན་ཡང་༽། །༼བསྒྲུབ་པ་པོ་༽མཐོང་བ་ཙམ་གྱིས་དབང་དུ་འགྱུར། །༼གཞན་ཡང་༽ཏིལ་མར་༼གྱིས་དང་པོ་ལུས་ཐམས་ཅད་ཁྱབ་པར་བྱུགས་ལ་དེ་ནས་འབྲས་༽ས་ལུ་༼འབྲས་ཆན་གྱིས་༽བཏགས་པ་དང་༼ས་ལུས་དྲིས་ལ༽། །ལྡན་པའི་ལུས་ནི་བསྐུས་༼དྲིལ་༽འགྱུར་ཞིང་། །༼དྲིལ་བའི་འབྲས་ཟན་དེ་ཏིལ་མར་གྱིས་བཙོས་པ་༽སྣུམ་ཁུར་སྔགས་པ་བྱས་ནས་ནི༼དེ་ཚ་ཟར་གཞུག་པ༽། །བཟའ་བ་ལ་ནི་རབ་ཏུ་སྦྱར། །གལ་ཏེ་ལས་ནི་མ་བཏང་ན་༼ཟོས་པ་དང་རྗེས་སུ་བཟུང་བ་མ་བྱས་ན། བཟའ་བས་རྐྱང་མ་དབང་དུ་བྱ་བ༽། །ཇི་སྲིད་འཚོ་བར་དབང་དུ་འགྱུར། །༼གཉིས་པ་བྱུག་པས་རྐྱང་མ་དབང་དུ་བྱ་བ་༽ཏིལ་ནག་༼ག་༽དང་༼སྐྱེ་ཚེ། དེ་བལྟས་༽ནི་ཟོས་ནས་སུ། །སྐེ་ཚེར་བཅས་པ་སྐྱུག་པ་དང་༼དེའི་སྲིན་ལག་ཁར་བཅུག་སྟེ༽། །རུ་རྟ༼འི་ཕྱེ་མ་དང་བསྲེས་བ་༽་དག་དང་ལྡན་པར་ནི། །༼དེ་ནས་རང་གི་སེན་མོ་༽ལག་སྐྱེས་༼དང་༽བཤང་ལམ་༼ནས་༽འབྱུང་༼བའི་༽སྲིན་བུ༼དང་༽། །རང་གི་༼སྲིན་ལག་གཡོན་པའི་༽ཁྲག་དང་བརྟགས་ནས་ནི། །༼རང་༽སྭ་༼བྱེངས་༽ཤུག་ཀྲ་ནི་ཉིད་དག་༼དང་སྦྱར་ཟེར་༽དང་། །བཟའ་བཏུང་༼དུ་བྱ་བའི་བསྒྲུབ་བྱའི་༽མིག་སྨན་༼དུ་བྱས་ཏེ་བསྐུ་༽གོས་ལ་ནི། །༼བསྒྲུབ་བྱ་རྐྱང་མ་ལ་༽བྱུག་པ་ཉིད་དུ་རབ་ཏུ་སྦྱར། །༼བྱུག་པ་༽འདི་ཡིས་ཇི་སྲིད་འཚོ་ཡི་བར། །༼རྐྱང་མ་༽དབང་དུ་འགྱུར་བར་གདོད་མི་ཟ་༼བྱུག་པས་དབང་དུ་བྱ་བའོ༽། །༼༣་པ་སྦྱིན་བསྲེག་གི་དབང་དུ་བྱས་ན་༽བ་གླང་ཤ་བསྲེག་༼པ་དེས་༽སྦྱིན་བསྲེག་༼བྱེ་བ་༽དང་། །༼དེ་ཡང་བ་གླང་གི་༽ཁྲག་གིས་བསྐུས་༼ཀྱིན་སྦྱིན་བསྲེག་བྱས་༽ནས་ལྷ་རྣམས་༼བུ་མོ་ལ་སོགས་༽ནི། །དེ་ཡི་མོད་ལ་དབང་འགྱུར་བའམ། །གལ་ཏེ་མ་འོངས་༼དབང་མ་གྱུར་ན་ལྷ་དེ་༽འཆི་བར་འགྱུར། །༼བསྒྲུབ་བྱ་དངོས་སུ་༽ཤ་ཉིད་དེ་ཡི་མདུན་དུའམ། །༼ཡང་ན་བསྒྲུབ་བྱ་ཡིད་ཀྱིས་མདུན་དུ་༽བསྒོམས་ནས་མཁས་པས་༼བ་ལང་ཤའི་༽སྦྱིན་བསྲེག་བྱ། །༼བུ་མོ་༽སྦྱི་བསྲེག་༼གྲུབ་པ་བསྟན་པས་༽མཐར་ནི་༼བ་ལང་ཤའི་༽གཏོར་མ་བྱ། །༼བུ་མོ་༽ཁམས་གསུམ་༼ན་ཡོད་ཀྱང་༽སྐད་ཅིག་གིས་འགུགས་༼ཤིང་དབང་དུ་༽འགྱུར། །༼བར་མ་ཆད་པར་༽མཚན་བདུན་གྱིས་ནི་༼ཉིན་མོ་གསུང་༽འགྲུབ་པར་འགྱུར། །༼དེ་ལྟ་བུའི་ཐབས་དེ་གཞན་ལ་སྦ་བ་བསྟན་༽འཇིག་རྟེན་གསུམ་ན་རྙེད་དཀའ་བའི༼རྒྱུད་ཀྱི་ཆེ་བ་ཕན་ཡོན་མང་གསུང་༽། །༼རྐྱང་མ་དབང་དུ་བྱ་བའི་ཐབས་བསྟན་པ་༽དམ་ཚིག་སྤྱོད་པའི་མཚན་ཉིད་ནི༼ཐམས་ཅད་ལས་རྩ་བའི་སྔགས་བཟླས་པ་དང་བཅས་པ་ལས་སྒྲུབ་པ་གོ་བར་བྱའོ༽། །རྟག་ཏུ་རང་སྔགས་༼རྩ་བའི་སྔགས་༽སྦས་པ་ཡིན། །༼དམ་ཚིག་པ་ལ་རྩ་སྔགས་དང་རྐྱང་མ་ལ་སོགས་པ་༽རབ་ཏུ་འབད་དེ་གསང་བར་བྱ། །༼རྩ་སྔགས་ལ་བརྟེན་པའི་དབང་དུ་ཐབས་གཞན་ནས། དམ་ཚིག་ལ་སོགས་པ་མ་ཐོབ་པ་ལ་དབང་གི་དམ་ཚིག་བྱིན་ཀྱང་༽སྦས་དོན་རྙེད་པར་མི་འགྱུར་ཞིང་། །སྐལ་བ་དམན་པས་འགྲུབ་མི་འགྱུར། །༼སྔར་༽བསོད་ནམས་ཆུང་བའི་བསྒྲུབ་པོས་ཀྱང་། །༼དམ་ཚིག་བསྲུངས་ཤིང་༽ང་མཉེས་བྱས་པས་འགྲུབ་པར་འགྱུར། དཔལ་འཁོར་ལོ་སྡོམ་པ་ལས་༼རྐྱང་མ་དེ་ལ་བརྟེན་ཏེ་གྲུབ་ཉེ་བས་ན་༽ནང་གི་བདག་ཉིད་ཀྱི་དབང་དུ་བྱ་བའི་༼སྦྱིན་བསྲེག་༽ཁྱད་པར་དུ་བྱ་བའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ། །དེ་ནས་༼ལུས་ཀྱི་བརྡ་ལ་སོགས་པ། རང་དོན་གྱི་སྤྱོད་པ་༣་ལས་སྤྲོས་བཅས་ཀྱི་སྤྱོད་པའི་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་བསྟན་༽བརྡ་རྣམས་༼ཀྱིས་བསྟན་པའི་༽མཁའ་འགྲོ་མའི། །༼གཡོན་གྱི་ཀུན་ཏུ་སྤྱོད་པའི་༽ལུས་ཀྱི་མཚན་ཉིད་༼ གཡོན་གྱི་ཀུན་སྤྱོད་སྦ་བ་ལ་སོགས་པ་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་རྣམས་༽གང་ཡིན་དང་། །དཔའ་བོའི་ཡན་ལག་དབྱེ་བ་ནི། །དེ་བཞིན་དུ་ནི་བཤད་པར་བྱ། །༼ཉིན་མོ་དམ་ཚིག་མེད་པའི་ཐད་དུ་༽དཔའ་བོའི་༼ཧེ་རུ་ཀའི་༽དབང་ཕྱུག་༼བྲིས་སྐུ་ལ་སོགས་པ་གཞན་གྱིས་མཐོང་བར་༽མི་བྲི་ཞིང་། །༼དམ་ཚིག་མེད་པ་དང་དབང་མ་ཐོབ་པ་ལ་༽གང་གི་༼པོ་ཏི་ལ་སོགས་པ་༽ཐད་དུའང་མི་༼དེ་གླག་པའམ་གདོན་པར་མི་བྱ་༽གདོན་ནོ། །༼དམན་པའི་འགྲོ་བས་མི་ཚོར་བར་༽གཡོན་པའི་ཀུན་སྤྱོད་༼དང་༽ལེགས་༼པར་༽སྦས་པ། །༼གཞན་ཡང་སྣོད་མིན་ལ་༽གསང་བའི་མཚན་ཉིད་མཁའ་འགྲོ་ཡི། །༼རྩ་བའི་སྔགས་ལ་སོགས་པ་༽སྔགས་ནི་བག་མེད་པས་༼སུ་རུང་རུང་གི་གམ་དུ་༽འདོན་ན། །དེ་ལ་ང་ནི་མི་ལྟ་སྟེ། །༼ཧེ་རུ་ཀས་མ་བསླབས་པས་༽མཁའ་འགྲོ་༼ལས་ཀྱི་མཁའ་འགྲོ་༽སྟོང་ཕྲག་དུ་མ་༼ལོ་ཀ་པའི་༽ཡིས། །༼འདིའི་ཉེས་པ་༽ངན་པའི་བདག་ཉིད་ཅན་དེ་ཟ། །༼གཞན་ཡང་སྐྱོན། ཉམས་པ་དེ་མན་ཏྲའི་གཞུང་ལས་འགལ་བར་སྤྱོད་པ་༽དམ་ཚིག་འཛོམས་ཞིང་༼བླ་མ་ལ་སོགས་པ་༽ངན་སྤྱོད་པ༼་ལ༽། །༼ཕ་རོལ་གྱི།འཇིག་རྟེན་པ་་་་་མི་དང་དེའི་ནང་ནས་་་་དང་བྲམ་ཟེ་༽བྲམ་ཟེ་གསོད་༼པ་དང་འདྲ་བར་༽པ་ཐེ་ཚོམ་མེད། །༼དེ་ལྟ་བུར་༽སྡིག་སྤྱོད་༼སྡིག་ཆེ་བས་དེ་བཞིན་དུ་དམ་ཚིག་མི་བསྲུང་བའི་༽རྨོངས་པའི་བདག་ཉིད་ཅན། །བསླུས་འགྱུར་༼བླ་མའི་བཀའ་༽ངན་བའི་བདག་ཉིད་དེ། །མཁའ་འགྲོ་མ་ཡིས་ཟོས་གྱུར་ཀྱང་། །དེ་ལ་ང་ནི་སྐྱོབ་མི་བྱེད། །༼འགྲོ་བ་རིགས་དྲུག་གསུང་༽གསང་བ་ཡི་ནི་ནང་ན་ནི། །བསྒྲུབ་པོ་དེ་ནི་༼མཁའ་འགྲོ་མ་རྣམས་ཀྱི་གྲོང་རྒྱུར་མཐོང་བས་༽ཕྱུགས་དང་འདྲ། །༼བྱ་བ་དང་བྱ་བའི་ཆ་བསྟན་པ་༽བླ་མ་ལ་འཁུས་༼པ་དང་༽དམ་ཚིག་ཉམས་༼པ་དེ་༽། །༼དངོས་གྲུབ་མི་ཐོབ་པ་ལྟ་ཞོག་གི་༽མཐོ་རིས་འཇིག་རྟེན་ལས་དེ་༼མི་ལུས་ལས་ངན་སོང་དུ་ལྷུང་༽ལྟུང་༼སྟེ་དམྱལ་བར་སྐྱེ༽། །ཧེ་རུ་ཀ་དཔལ་༼གྱི་སྔགས་ལ་༽འཇིགས་༼པའི་༽སྔགས་༼སུ་རང་གི་སྲོག་ལྟར་༽བལྟ། །གང་ཞིག་༼གསང་༽བསྲུང་བར་བྱེད་པ་ནི། །མཁའ་འགྲོ་མར་༼དཔའ་བོ་དང་༽བཅས་དགེ་༼བའི་བསམ་པ་དང་ལྡན་པའི་༽བསྡོང་དང་། །དེ་ལ་༼ཧེ་རུ་ཀ་༽ང་ནི་༼བསྲུང་ཞིང་བྱིན་གྱིས་བརློབ་༽ཕན་འདོགས་སོ། །བླ་མས་ཀྱང་ནི་༼བྱིན་གྱིས་བརློབ་༽དགོངས་པ་སྟེ། །༼སྔགས་ལེགས་པར་བསྒྲུབ་པ་པོ་༽གསང་བར་བྱེད་ཚེ་བསྒྲུབ་པ་པོ། །༼དམ་ཚིག་ལ་གནས་པ་༽མཁའ་འགྲོ་མ་ལ་རྟག་དགའ་བ་༼ཡིན་པས༽། །དེ་ལ་དངོས་གྲུབ་༼༢་ཀ་༽འབྱུང་བར་འགྱུར། །བསྒྲུབ་པ་པོ་༼ཚད་མའི་སྐྱེས་བུ་ཡིད་ཆེས་པའི་གནས་སུ་༽དབང་ཉིད་༼ཀུན་ལ་བསྟན་ལ་ཡིད་ཆེས་སུ་མི་འགྱུར་ཏེ་རེ་རེ་ཙམ་ལ་༽འགྱུར། །ཁམས་གསུམ་མཁའ་ལ་རྒྱུ་བའི་བདག་༼ ཉིད་རྣམས་ཀྱི་༽ །བསྒྲུབ་པོ་དཔའ་བོ་ཉིད་འདོད་པ་༼གསང་པ་ལ་གནས་པའི༽། །ཐམས་ཅད་དུ་ནི་༼བསྒྲུབ་པ་པོ་དེ་ལ་༽མཆོད་༼པ་བྱེད་༽པར་འགྱུར། །དེ་ནི་རྣལ་འབྱོར་ལ་༼གཉིས་ལ་འཇུག་པས་༽འཇུག་དགའ། །༼དེ་༽ཡང་དག་སྦྱིན་པའང་རིག་པར་༼བླ་མས་གདམས་པ་གནང་ཞིང་གོ་བར་༽འགྱུར། །༼ང་རྒྱལ་བརྟན་པའི་༽ཧེ་རུ་ཀ་ཡི་བརྟུལ་ཤུགས་འཛིན། །སློབ་དཔོན་དཔའ་བོ་མཐོང་གྱུར་ན་༼དགའ་བར་བྱ་༽། །བསྒྲུབ་པ་པོས་ནི་སྔགས་འདི་དག་༼ལྷག་པའི་ལྷ་༽ །མཐོང་ཞིང་མཐོང་ཞིང་༼ལྷག་པའི་ལྷ་མཐོང་པ་དང་འདྲ་བར་བླ་མ་ལ་༽ཀུན་ཏུ་དགའ་༼བར་བྱེད༽། །རྩ་བའི་སྔགས་ཀྱི་༼ནི་མཆོག་ཡིན་ལ། དེ་བས་དང་༽གསང་སྔགས་མཆོག་༼ཏུ་གྱུར་པ༽ །དཔའ་བོ་ཡི་གེ་བདུན་པ་ནི། །༼གཞན་ལ་གསང་བའི་ཚུལ་གྱིས་༽འཛིན་པར་གང་ཞིག་བྱེད་པ་ནི། །༼ཧྲི་ད་ཧ་ལ་༽ཨོཾ་དང་ཧཱུཾ་གིས་ཁྱད་པར་དབྱེ། །དེ་རྣམས་༼དེ་རྣམས་བླ་མ་དང་སྔགས་ལ་སོགས་པ་ལ་༽འབད་དེ་༼སཾབྷ་རའི་རྣལ་འབྱོར་༽ཕྱག་བྱ་ཞིང་། །སངས་རྒྱས་ཐམས་ཅད་ལ་སོགས་མཆོད༼་པ་དང་འདྲ༽། །༼༣་པ་ཕན་ཡོན་དངོས། ཡང་ན་ཤིན་ཏུ་སྤྲོས་མེད་སྟོན་༽རྟག་ཏུ་དཔའ་བོ་ཆེན་པོ་༼ཧེ་རུ་ཀ་༽དང་། །རོལ་བར་༼བྱིན་གྱིས་བརློབ་པར་༽ལྡན་བར་༼གོ་འཕང་ཐོབ་པ་༽ཐེ་ཚོམ་མེད། །༼ཧེ་རུ་ཀ གཞན་ཡང་༽དེ་ཡི་ཐུགས་ཁ་ནས་ཕག་མོ༼དང་༽། །དཔའ་བོ་༼རྣམས་ཉི་ཤུ་རྩ་་་་་༽དང་ནི་རྣལ་འབྱོར་མ་༼གསུམ་བཅུ་བདུན༽། །ཕོ་ཉ་རྣམས་དང་ལྷན་ཅིག་བཅས༼་པས་བྱིན་གྱིས་བརློབ༽། །དེ་ཡིས་གང་ཞིག་ལེགས་སྐྱེས་པ། །༼བསྒྲུབ་པ་དེ་གཞན་གྱིས་མཐོང་ནས་མཐོང་བ་དེ་ལ་་་་སུ་་་འགྱུར་༽སྲོག་ཆགས་༼ཀྱིས་མཐོང་བ་ལ་སོགས་པས་ཀྱང་༽བསོད་ནམས་༼་་་་་་༽མཐོང་བ་ཡིན། །༼གཞན་ཡང་༽ཆུ་བོ་རྒྱ་མཚོ་རྫིང་བུ་དང་། །རི་བོ་དང་ནི་བཞི་མདོ་༼སྟེགས་དང་ཟེར་༽དང་། །ལྟེང་ཀ་དང་༼ཙཀྲ་ལ་བརྟེན་པ་ཙཀྲའོ་ནི་ཁ་ལྔ་པའི་དང་འདྲ་གསུང་སྟེ་མི་གཙོ་༽ནི་ཁྲོན་པ་དང་། །ཁང་སྟོང་དང་ནི་༼གཞི་མདོ་ཟེར་༽ལམ་སྲང་དང་། །༼གནས་དེ་རྣམས་༽ཐམས་ཅད་དུ་༼བསྒྲུབ་པ་པོ་གནས་ཀྱང་༽ནི་༼དེ་གནས་ཀྱང་༽མཁའ་འགྲོ་མ། །༼དེ་དག་བསྒྲུབ་པ་པོ་ལ། ཐུན་བསང་དང་མཆོག་གི་དངོས་གྲུབ་གཉིས་ཀ་འཇིགས་མེད་ལ་སྟེར་༽ཀུན་ཏུ་ཞན་པར་ལྟ་ལ་གནས། །༼གཞན་ཡང་༽འཇིགས་པ་ཆེན་༼བསྒྲུབ་པ་པོ་ལ་ཆགས་པས་གསུང་༽པོའི་དུར་ཁྲོད་དང་། །མཁའ་འགྲོ་༼སྟེང་དུ་འགྲོ་བ་༽དེ་བཞིན་ས་འོག་དང་༼དེར་རྒྱུ་ལ་༽། །རོ་ལངས་ཀྱི་ནི་དུ་མ་༼གཟུགས་༽ཞིག །འཇིགས་པའི་གཟུགས་དང་སྟོབས་ཆེན་པོས། །དེ་༼དག་༽དང་ལྷན་ཅིག་དཔའ་བོ་ཆེ། །༼བསྒྲུབ་པ་པོ་༽ཅི་བདེ་བར་ནི་༼འཇིགས་པའམ་ཉམ་ང་བག་ཚ་མེད་པར་༽རོལ་བར་མཛད། །རི་སུལ་ཚང་ཚིང་༼དུ་གནས་ཀྱང་༽གསང་བ་དང་༼དཔའ་བོ༽། །༼རྣལ་འབྱོར་མ་༽གསང་བའི་མི་མོ་རྣལ་འབྱོར་མ། །ཕྱོགས་ནི་༼གང་དུ་༽དེ་དང་དེ་དག་ཏུ་༼གནས་པའི་ཆེ་བ༽། །བསྒྲུབ་པ་པོ་དང་༼ལྷ་༢་བྱིན་གྱིས་བརློབ་༽ས་སྟེང་རོལ། དཔལ་འཁོར་ལོ་སྡོམ་པ་ལས་རྣལ་འབྱོར་མའི་ས་དང་གསང་བའི་དཔའ་བོ་སྔགས་ཀྱི་ཆོ་གའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ། །༼ཧ་བརྒྱད་དང་ལྡན་པས་དུར་ཁྲོད་ལ་སོགས་པར་འཇིགས་པ་མེད་པར་གནས་པ་ལ་ཐུན་མོང་པའི་སི་ཏི་འགྲུབ་སྐུ་གསུམ་འགྲུབ་པར་བཤད་༽༼ལཾ་གྱི་གསང་བའི་རིམ་པ་གཉིས་ལ་གནས་པའི་རྟགས་སམ་མཚན་མ་བསྟན་པ་གསུང་༽༼སི་ཏི་དེའི་མཚན་མ་ལེའུ་སོ་དགུ་པ་ནས་ཞེ་གཉིས་པའི་བར་གྱིས་བསྟན། དེ་ལས་དང་པོ་བསྟན་པ་ཐོབ་པའི་ཛོ་གིའི་དུར་ཁྲོད་ལ་སོགས་པར་རྒྱུ་བའི་དུས་སུ་ཊ་ཀི་རྣམས་བསྐུལ་བའི་ཕྱིར་ཧ་ཧོ་སྔགས་བརྒྱད་བརྗོད་པས་བསྐུལ་ནས་ཊ་ཀི་རྣམས་དང་། དེས་མི་འཇིགས་ན་བྱིན་གྱིས་བརློབ་ ་དེ་ལྟ་བུ་དེ་ཚད་མའི་སྐྱེས་བུའམ་གང་ཟག་མཆོག་ཡིན་པས་༽དེ་ནས་བསྒྲུབ་པའི་རྣལ་འབྱོར་ཆེ། །སྔགས་ནི་རྣམ་པ་བརྒྱད་པོ་༼བཞད་པ་རྣམས་པ་བརྒྱད་པའི་སྔགས་༽དགོད་༼བརྗོད་པས་༽། །དེ་ནས་༼རྣལ་འབྱོར་པ་༽འདི་ལ་༼མཁའ་འགྲོ་རྣམས་ཀྱི། ཧེ་རུ་ཀར་༽ཡང་དག་མཐོང་། །༼མཁའ་སྤྱོད་མ་ལ་སོགས་པར། དང་པོ་ ཏྲིས་འདིའི་ལས་ཀྱི་ཚོགས་ཙཀྲ་བརྟེན་པའོ། བར་དུ་བྲིས་པས་འདི་ལས་བཞི་གང་འདོད་བསྒྲུབ་གསུང་ཕྱིས་འཁོར་ལོ་ལས་བསྒྲུབ་པ་མི་འོང་ཞེས་ ཏྲིས་པས་གསུང་༽གསོལ་བར་འགྱུར་བར་གདོད་མི་ཟ། །འཇིགས་པའི་༼བསྒྲུབ་པ་པོ་ཡིས་དུར་ཁྲོད་དུ་ཧ་ཧ་ལ་སོགས་པའི་སྒྲ་སྒྲགས་ན༽སྒྲ་ནི་རྣམ་མང་པོ་༼ས༽། །མི་བཟད་༼ཧ་ཧའི་སྒྲས་༽མཁའ་འགྲོ་༼མ་ཐམས་ཅད་༽འཇིགས་༼པར་༽བྱེད་༼པ༽་པ། །༼ཧ་ཧ་ལ་སོགས་པའི་སྔགས་ཀྱིས་༽ཤིན་ཏུ་འཇིགས་པའི་༼བསྒྲུབ་པ་པོ་༽དཔའ་བོ་ནི་༼རྗོད་པས༽། །༼མཁའ་འགྲོ་རྣམས་༽སྐྲག་ཅིང་རྣམ་པར་འབྱེར་བར་༼བྲོས་ནས་འགྲོ་༽བྱེད། །གལ་ཏེ་དཔའ་བོ་༼ལས་ཀྱི་མཁའ་འགྲོ་ལ་སོགས་པ་འཇིགས་པའི་སྒྲས་༽མི་འཇིགས་ན། །༼བསྒྲུབ་པ་པོའི་༽ལག་པ་གཡོན་པས་བཟུང་ནས་ནི། །རང་གི་གནས་སུ་༼མཁའ་སྤྱོད་ལ་སོགས་པར་༽ཁྱེར་བར་བྱེད། །༼བསྒྲུབ་པ་པོ་༽མི་རྣམས་མཁའ་འགྲོ་༼ཞིང་སྐྱེས་༽དེ་དག་དང་། །རྟག་ཏུ་༼ནམ་མཁའ་ལ་འགྲོ་བར་༽མངོན་པར་རྩེ་བྱེད་དེ། །༼བ་ར་པས༽བདེ་བ་ཅན་གྱི་༼ཚེ་རིང་བར་འགྱུར་༽གནས་འདྲར་འགྱུར། །ཧེ་རུ་ཀ་དཔལ་གནས་༼སམ་གོ་འཕང་༽འདོད་པས། །མཁའ་ལ་འགྲོ་བའི་གནས་སུ་༼རེས་ཤིག་༽ཁྱེར༼དེ་ཡན་ཆད་ཐུན་མོང་༽། །བསྒྲུབ་པ་པོ་ནི་སྔགས་ལུས་ཅན་༼ལྷར་བསྒོམ་པ་༽། །༼མཆོག་སྐུ་༣་༽འཁོར་བའི་རྒ་༼པ་པ་ མཚོན་བ་དང་འཆི་བ༽དང་སྐྱེ་བ་མེད་༼དེར་མ་ཟད་ཆོས་ཀྱི་སྐུ་ཡང་ཐོ་བ་པོ་༽། །༼དེ་ནས་ རྒྱུ་བའི་སྐུ་བྱུང་སྟེ་༽འགྲོ་བ་ཐམས་ཅད་སྡུད་པར་འགྱུར་༼བདུད་རྩི་ལྔ།དོན་བྱེད༽།དཔལ་འཁོར་ལོ་སྡོམ་པ་ལས་ཧ་༼ པ་ལ་སོགས་པ་༽ཧ་ཞེས་རྒོད་པའི་ལེའུ་སྟེ་༼་་ རབ་བསམ་གཏན་འབྲིང་སྔགས་དང་༢་ཐ་མ་ལ་རྫས་སམ་འཁྲུལ་འཁོར་དང་༣་གྱིས་ཀྱང་རྐྱང་མ་དབང་དུ་བྱ་བ་བསྟན་༽སུམ་ཅུ་རྩ་དགུ་པའོ། ། ༼ལེའུ་འདིས་སྔར་མ་ འདིས་ལམ་གྱི་གསང་བའི་ལམ་བརྟེན་པའི་དབང་དུ་བྱེད་་་སེམས་བསྟན་པས་ལས་སྦྱར་བ་ཙམ་་་་་གྱི་དབང་དུ་བྱ་བ་བསྟན། སྔ་ཕྱིའི་འབྲེལ་ཡིན་མིན་བྱས་པའི་རྐྱང་མ་དབང་དུ་བྱ་བ་བསྟན། ཤ་ལྔ་ལ་སོགས་པའི་སྦྱིན་བསྲེག་གིས་རིགས་ལྔའི་བུ་མོ་དབང་དུ་བྱ་བ་བསྟན༽ །དེ་ནས་ད་ནི་བཤད་བྱ་བ། །གང་གིས་མི་རྣམས་༼་་་དང་རྐྱང་མ་ལས་ལ་སྦྱར་བ་ཙམ་གྱིས་༽དབང་དུ་འགྱུར། །རྣལ་འབྱོར་༼བདེ་བ་ཅན་ལྟ་བུའི་༽སྔགས་ཀྱི་ཆོ་གར་གནས། །༼ ༣་མ་ལ་ན་མེད་༽ས་ལ་གནས་པ་༼པའི་རྐྱང་མ་རྣམས་༽གང་ཡིན་པ། །དཔའ་བོ་བཟླས་༼པ་ལ་སོགས་པ་ཡིས་༽པས་༼རྐྱང་མ་དབང་དུ་༽འགྲུབ་པར་འགྱུར། །༼སྦྱིན་བསྲེག་གིས་རྐྱང་མ་དབང་དུ་བྱ་བ་བསྟན་ཏེ།ཤ་ལྔ་ཆང་ཁྲག་བསྲེག་རྫས་ཉ་སོགས་ཟེར་༽སྒྲོན་མ་མྱོས་བྱེད་བཅས་པ་དང་། །ཉ་ཡི་ཤ་དང་ལྡན་པར་ནི། །དཔའ་༼བོའི་༽དབང་༼པོས་༽གནས་སྐབས་ཐམས་ཅད་དུ་༼ ཐུན་༣་འམ་༤༨་ཧོ་མ་བྱ་སྟེ་་་ལས་ཀྱི་ཕྱག་རྒྱ་༽། །ཉི་མ་བདུན་གྱིས་སྒྲུབ་བྱེད་པ། །༼དེ་ཡང་དུས་༽མཚན་མོ་སྦྱིན་བསྲེག་བྱེད་ལ་༼ཕྱིའི་དང་ནང་གི་སྦྱིན་བསྲེག་བཟའ་བ་དང་༢་ཀ་༽གཞོལ། །དངོས་གྲུབ་༼རྐྱང་མ་དབང་དུ་བྱ་བའི་༽རྒྱ་ཆེན་༼ལས་ལ་སྦྱར་བ་ཙམ་གྱིས་༽གསོལ་བར་འགྱུར། །བརྒྱ་དང་རྩ་བརྒྱད་ལྡན་ཉིད་ཀྱིས།༼སྦྱིན་བསྲེག་གཞན་ཡང་སྔར་གྱི་རྫས་ཀྱི་སྟེང་དུ་སྒྲུབ་བྱའི་སྐྲ་སེན་དང་རྐང་དྲེག་གྱི་རྡུལ་ ་་པས་སྦྱིན་སྲེག་བྱས་ན་སྦྱིན་སྲེག་སྔ་གྲོ་ཕྱི་གྲོ་དགོངས་ཀ་༣་དུ་༽ །ཐུན་གསུམ་དུ་ནི་སྒྲུབ་བྱེད་ན། །༼འདི་དག་རྒྱལ་རིགས་ལ་སོགས་པའི་བུ་མོ་དབང་དུ་བྱ་བའི་གཞུང་དུ་མཛད་དེ་སེམས་བརྟན་པ་ཐོབ་པས་རྒྱལ་པོ་དང་བློན་པོ་ལ་སོགས་པ་དབང་དུ་བྱ་བའི་གཞུང་དུའང་མངོན་༽རྒྱལ་པོ་དཔུང་དང་བྲམ་ཟེ་ལ་སོགས་པ་བཅས་པ་ནི། །ཞག་བདུན་གྱིས་ནི་དབང་དུ་འགྱུར། །ཕྱེད་ཀྱི་༼སྦྱིན་སྲེག་ལྔ་བཅུ་བཞི་༽དཔའ་བོ་ཆེན་པོ་༼སྔགས་པ་དབང་དུ་འགྱུར་༽སྟེ། །དེ་ཡི་ཕྱེད་ཀྱིས་༼ཉི་ཤུ་༧་༽བློན་པོ་འོ། །རྒྱལ་ཕྲན་ལ་ནི་སུམ་ཅུ་གཉིས། །༼བུད་མེད་དབང་དུ་བྱ་བའི་ཞོར་ལ་ཐམས་ཅད་དབང་དུ་བྱ་བ་བསྟན་༽བསྲེག་པའི་རིམ་གྱིས་སྦྱིན་བསྲེག་བྱ་༼འི་རིགས་ཀྱི་བུ་མོ་འོག་མ་འང་སྦྱར་རོ༽། །ཉི་ཤུ་བྲམ་ཟེ་ཉིད་ལ་ནི། །༼དེ་ཡང་༽ཉི་མ་བདུན་གྱི་སྦྱིན་བསྲེག་བྱ། །༼ར་ཛའི་རིགས་སུ་གྱུར་བ་ཙམ་༽དེ་བཞིན་རྒྱལ་རིགས་དག་ལ་༼སྦྱིན་བསྲེག་༽བདུན། །སྦྱིན་བསྲེག་ལྔ་བོ་༼འདི་དག་བུ་མོ་༽རྗེ་རིགས་ལ། །དམངས་རིགས་ལ་ནི་སྦྱིན་བསྲེག་གསུམ། །ཐ་མ་ལ་ནི་སྦྱིན་བསྲེག་༼གདོལ་བའི་རིགས་སམ་མཐར་སྐྱེས་མ་༽གཅིག །དེ་ལྟར་དཔའ་བོ་༼ས་༽རིགས་༼ལྔའི་༽རིམ་གྱིས། །༼སྔོན་དུ་སྙེན་པ་༽ཟླ་བ་༼ ཨོ་རྒྱན་སྣ་རྩ་ཁ་རང་ནི། རྗེ་ངར་གཏུམ་མོའི་རིགས་སུ་བྲིས། ཁོ་བོའི་ སྡོམ་མོང་ཐམས་ཅད་ལ། རྟགས་དང་མཐེ་བོ་པུས་མོ་དང་། ལྟེ་བ་རྡོ་རྗེ་ཕག་མོ་ཡིན། སྤྱི་བོ་སྤྱི་གཙུག་སོར་མོ་དང་། བོལ་གོང་གཤིན་རྗེ་མ་ཡིན་ནོ། མཆན་ཁུང་ནུ་མ་འགྲིན་པ་དང་། བརླ་ནི་རྨོངས་བྱེད་མའི་རིགས། སྨིན་འཚམས་མིག་དང་སྙིང་ཁ་དང་། འདོམས་བར་སྐྱེད་བྱེད་མིའི་རིགས། ལྟག་པ་སྣ་གཡོན་དཔུང་པ་དང་། ཤཾ་ལམ་སྐྲག་བྱེད་མའི་རིགས ༽གཅིག་ནས་ཡང་དག་སྡུད་༼ དུས་ཀྱི་སྙེན་པ་བྱས་ནས་སྦྱིན་བསྲེག༽། །སྔགས་དང་ལྡན་པའི་བསྒྲུབ་པ་པོས། །༼ འདི་སྦྱར་བ་ཙམ་གྱིས ལས་སྦྱོར་ཙམ་གྱིས་༽འགྲོ་བ་ཐམས་ཅད་༼ཁྱད་པར་དུ་རྐྱང་མ་༽དགུག་པར་བྱ། །༼དེ་དབང་དུ་གྱུར་བའི་རྐྱང་མ་དེ་༽དཔའ་བོ་ཆོ་ག་འདི་༼ ཧོ་མ་ཡི་༽ཡིས་ནི། །༼སྙོམས་འཇུག་བྱས་ན་༽འདོད་པ་བསྟེན་༼ཆོ་ག་༽ན་༼སི་ཏི་༽འགྲུབ་པར་འགྱུར། །༼མ་ཧ་དེ་བ་ལ་ཨུ་མ་ལ་སོགས་པའི་བཙུན་མོ་དུ་མ་ཡོད་པ་དབང་དུ་འདུས་པ་བཞིན་༽ས་སྟེང་འདོད་པའི་དབང་ཕྱུག་བཞིན། །༼རང་༽དཔལ་ལྡན་སྐལ་བ་བཟང་པོར་༼རྐྱང་མ་དུ་མ་དབང་དུ་༽འགྱུར། །༼ ལས་བཅུ་གཉིས་བསྒྲུབ་པ་བསྟན་༽བསྒྲུབ་པོ་མཁའ་འགྲོ་མ་༼རྐྱང་མ་༽རྣམས་ཀྱི། །ཡིད་འོང་འགྱུར་བར་གདོད་མི་ཟ། དཔལ་འཁོར་ལོ་སྡོམ་པ་ལས་རིགས་ལྔ་བོ་དབང་དུ་བྱ་བ་དང་ཕྱག་རྒྱ་ཆེན་པོ་༼སྐུ་གསུམ་ལམ་གྱི་བདེ་བ་༽བསྟེན་བའི་ལེའུ་སྟེ་བཞི་བཅུ་བའོ། ། ༼ ལེའུ་འདིས་སུཾ་་བྷ་ནིས་ལས་བསྒྲུབ་པ་དངོས་གྲུབ་ཀྱི་མཚན་མ་བསྟན་སུཾ་་བྷ་ནི་ལ་བརྟེན་པའི་ལས་སུཾ་བྷ་ནི། སུཾ་བྷ་ནིས་བསྲུང་ཐབས་བར་ཆ་བསྲུན་པ་༽ །དེ་ནས་ལས་ཀྱི་རབ་མཆོག་ནི། །༼གང་ཞིག་ཟེར་༽གང་གིས་ཤེས་ན་བསྒྲུབ་པ་པོས་༼སྙེན་པ་སྔོན་དུ་སོང་བས༽། །དབང་དང་དགུག་དང་དབྱེ་བ་དང་། །བསད་དང་བསྐྲད་པ་༼ཞི་རྒྱས་ཀྱང་བསྡུ་གསུང་༽ལ་སོགས་དང་། །༼སེམས་རྨོངས་པ་ཙམ་༽རྨུགས་དང་རེངས་བར་བྱ་བ་དང་། །༼འདི་ཡང་སེམས་མི་གསལ་བ་༽རྨོངས་དང་དེ་བཞིན་ཕུར་བུས་གདབ། །ཚིག་འཕྲོག་ལྐུགས་པར་འགྱུར་བ་དང་། །འོན་དང་༼བཅུ་༽དེ་བཞིན་ལོང་བ་དང་། །༼བཅུ་༡་༽མ་ནིང་ཉིད་དུ་བྱ་བ་དང་། །༼བཅུ་གཉིས་པོ་༽གཟུགས་ནི་༼དུ་མར་བསྒྱུར་བ་༽ཡོངས་སུ་༼མི་རྣམས་དུད་འགྲོར་བྱ་བ་ལ་སོགས་པ་༽བརྗེ་བ་སྟེ། །༼ གཙོ་བོར་བར་ཆད་མེད་པ་ཙཀྲ་རེ་རེ་ལ་༣་༣་༽ལས་ཆེན་བཅུ་གཉིས་འདི་དག་ནི། །དངོས་གྲུབ་བསྒྲུབ་པ་པོ་ལ་ནི། །དྲན་པས་༼དབང་པོ་རབ་སེམས་བརྟན་པ་ཐོབ་པའི་དབང་དུ་བྱས་པ་༽འགྲུབ་འགྱུར་གདོད་མི་ཟ་༼འདི་མན་ཆད་ལས་ཆེན་བཅུ་གཉིས་བསྒྲུབ་པར་བསྟན་ཏོ། དབང་པོ་འབྲིང་ལ་སོགས་པ་ལ་སྔགས་ཀྱི་ཆེ་བ་ཙམ་མོ༽། །༼དེ་ལྟར་ལས་ཆེན་བཅུ་གཉིས་བསྒྲུབ་པའི་སྔོན་དུ་ལྷའི་རྣལ་འབྱོར་བསྒོམ་པ་བསྟན་༽ཤར་དང་བྱང་གི་གནས་ལ་༼མཚོན་ཆ་ཙམ་སྟེ་སྐུ་གསུང་ཐུགས་ཀྱི་ཙཀྲ་༣་ཀ་ལ་གདོད་ནས་གྲུབ་པའི་དུར་ཁྲོད་འདི་ལྟ་བུའི་དངོས་གྲུབ་དེ་ཡང་མཁའ་འགྲོ་མར་གསོལ་བས་མཁའ་འགྲོ་མར་བསྟན་༽སོགས། །༼གཙོ་བོ་བཞི་༽མཁའ་འགྲོ་མ་ནི་ཐམས་ཅད་དང་༼གནས༽། །༼ཆོས་ཀྱི་སྐུ་ལས་བྱུང་བས་༽ཡེ་ཤེས་ལྡན་པའི་༼ལོང་སྐུ་ལྷན་ཅིག་སྐྱེས་མ།སྤྲུལ་བ་མཆོག་གི་ཞིང་སྐྱེས་མ།མཆོག་གཅིག་ཡིན་པས་སྔགས་སྐྱེས་མ་སུམ་བཅུ་བདུན་གྱི་ཕག་མོས་བསྡུས་པས་ལས་ཆེན་བཅུ་གཉིས་རྩོལ་བའི་ལྷན་ཅིག་སྐྱེས་མ་ལ་སོགས་པ་༣་༽རང་སྐྱེ་གནས། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །རྡོ་རྗེ་དཀྱིལ་འཁོར་༼གྱི་༽གཙོ་མོ་སྟེ། །༼དེ་ཕན་ཆད་མཁའ་འགྲོ་མ་༣་སྤྱིར་བསྟན་༽དེ་ནི་མཁའ་འགྲོ་མ་རྣམས་བཤད། །༼བར་འདི་ནས་མར་སོ་སོར་བཤད་༽ཀུ་ལུ་ཏ་དང་༼ཞིང་སྐྱེས་བསྟན།མྱ་ངན་༽དགོན་པ་༼མར་ངོ་༽དང་༼འདི་ནས་མར་བཞི་སྐུའི་ཙཀྲའི་འཚམས་མ་༤་མས་རིམ་པར་བསྟན༽། །སིན་དྷུའི་ཡུལ་༼ན་ག་རར་༽དང་གྲོང་ཁྱེར་དང་། །༼སུ་ཝརྞ་༽གསེར་གྱི་གླིང་དང་༼སྐུའི་ཙཀྲ་ཕྱོགས་བཞི་ལས་རིམ་པས་ཞིང་སྐྱེས་སྤྲུལ་བའི་སྐུ་སོ་སོར་བསྟན་༽སོའུ་ར་ཥཊ། །༼ གྲི་ཧ་དེ་བ་༽དེ་བཞིན་ཁྱིམ་གྱི་ལྷ་དང་ནི། །༼པྲེ་ཏ་པུ་ར། གསུང་གི་ཙཀྲའི་འཚམས་མ་བཞི་ལས་རིམ་་་༽ཡི་དྭགས་གོང་དང་ཁ་བའི་གནས། །ཀན་ཙི་ལམ་པ་ཀ་ཡི་ཡུལ། །ཀ་ལིང་ཀ་དང་ཀོ་ས་ལ༼གསུང་གི་ཕྱོགས་བཞི་ལས༽། །ཏྲི་ཤ་ཀུ་ནེ་ཨོ་ཊེ་དང་། །ཀ་མ་རུ་པ་མ་ལ་བ། །ལྷ་མོའི་མཁར་དང་ར་མི་༼ཤ་ར་༽དབང་། །གོ་ཏ་༼ཝ་༽པཪྻཾ་ཨར་པུ་ཏྱ། །ཨུ་རྒྱན་ཛ་ལན་དྷ་ར་དང་། །པུ་ལུ་ར་མ་ཡ་ལ་སོགས། །ཡུལ་འདི་དག་གི་བུ་མོ་གང་། །༼ཉི་ཤུ་བཞི་༽དཔའ་བོ་༼དང་༽གཉིས་མེད་རྣལ་འབྱོར་མ། །དེ་ཀུན་༼གདུལ་བྱ་བསམ་པ་དང་བསྟུན་ནས་་རྒྱུ་བ་དང་སྤྱོད་ལམ་དུ་མ་བསྟན་ཏོ་༽འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། །༼དེ་དག་གི་བསྡུ་བྱ་བཟློག་སྟེ་བསྟན་པ་༽རྣལ་འབྱོར་མ་དྲུག་ཀུ་ལུ་ཏ་༼ར་གང་གིས་ན་བསྡུས་པ་སྟོན༽། །༼མ་ རོར་༽མྱ་ངན་ཡུལ་ན་༼འཁོར་ལོ་བསྒྱུར་མ་༽མ་མོ་རྣམས་༼རྡོ་རྗེ་ཕག་མོའི༽། །སིན་དྷ་༼སིན་དྷུ་དང་ནི་ན་ག་ར་གང་ཞིག་རིགས་ཀྱི་སྐུའི་འཚམས་བཞི་པོ་འདི་དྲུག་གི་ནང་ན་ལ་མས་བསྡུས་༽ཉིད་དུ་ལ་མ་སྟེ། །རིགས་ཀྱི་གཙོ་མོ་༼ཤིན་ཏུ་དཔའ་མོ་༽ན་ག་རར། །༼རྨོངས་བྱེད་མ། གསེར་གླིང་དུའོ་༽ལམ་བ་༼ལཾ་པ་ཀ་དང་སོ་ར་ཥར་གང་ཞིག་རིགས་ཀྱི་ལྷ་ཉིད་༽དང་༼སྐུའི་༽ནི་སོའུ་༼ཤོནྜི་ན་༽རཥཊ་༼འཁོར་ལོའི་གོ་ཆ་མ༽། །རིགས་༼ཁྱིམ་གྱི་༽ཀྱི་ལྷ་མོ་༼ཁཎྚ་རོ་ཧ་༽རྣམས་༼འདི་འཚམས་སྦྱོར་ཡིན་གསུང་༽ཡིན་ཏེ། །ཡི་དྭགས་༼གཙོ་མོའོ་༽གྲོང་དུ་ནག་ཆེན་མོ་༼ཡ་མི་ནི༽། །མཁའ་འགྲོ་མར་བཅས་རུ་པི་ནི་༼་སྟེ་སྐུའི་འཁོར་ལོ་ཕྱོགས་བཞི་བོ་དེ་ གཟུགས་ཅན་མས་བསྡུས༽། །༼ཁྱིམ་གྱི་ལྷར་ནི་བུ་མོ་གང་༽ཁ་བའི་རི་དང་ཀན་ཙི་༼རྟ་རྣ་མ་༽དང་། །༼སྐྱེད་བྱེད་མ་གཉིས་མ་ལ་བའོ། ལཾ་པ་ཀ་ཡིན་༽པན་ཙ་ལ་ཡི་ཡུལ་དག་དང་། །༼ཤིན་ཏུ་བཟང་མིན་ ཤིང་གྲིབ་མ་༢་སྐྲག་བྱེད་མ་གྲི་ཧ་དེ་བ་ ལྷ་མོ་ཤ་མ་དེ་ཝི་༽ཁྱིམ་གྱི་ལྷ་མོ་ཀ་ལིང་ཀར། །༼ཀ་ལིང་ཀ་དང་ཀོ་ས་ལར་བརྟུལ་ཞུགས་འཛིན་མ་ཤ་ཟ་མ། ཡོངས་གྱུར་མའི་མིང་གི་རྣམ་གྲངས་༽བརྟུལ་ཞུགས་འཛིན་པ་༼མ་དང་ཤ་ཟ་མ་གཉིས་ཀ་ལྟུང་བྱེད་མའོ་༽རྣམས་༼ཡོངས་གྱུར་མས་གསུང་གི་འཚམས་བཞི་བསྡུས་༽ཡིན་ནོ། །༼གསུང་གི་ཕྱོགས་༽ཀོ་ས་ལར་ནི་༼ཆང་འཐུང་མ་༽ཤ་ཟ་བ། །༼འཁོར་ལོ་ཤུགས་ཅན་མོ་༽ཡི་དྭགས་གྲོང་དུ་གྱུར་བ་རུ་༼བ་ར་ཧི། པྲེ་ཏ་པུ་རི་ཡིན་ནོ། ཡི་དྭགས་ཏྲི་ཤ། ཀུ་ན་གྲོང་དང་དེ་༣་དུ༽། །༼འཇིགས་བྱེད་ཆེན་མོ་གསུང་༽རྡོ་རྗེ་མཁའ་འགྲོ་༼རླུང་ཤུགས་ཅན་མ་ཨོ་དེར་ཨེ་ར་བ་ཏི་གསུང་༽སྦོམ་དབང་ཕྱུག །༼ཨེ་ར་བ་ཏི༽ཏྲི་ཤ་ཀུ་ནི་༼རིམ་བཞིན་ལྟར་ན་འདི་འཇིགས་བྱེད་ཆེན་མོ་གསུང་༽ཁཎཊ་རོ་ཧུ་༼བྱིས་བཅས་མོས་གསུང་གི་ཕྱོགས་བཞི་བསྡུས་༽། །༼འདི་ལ་འདོད་ལྡན་མ་ཞེས་ཀྱང་བྱ་འདི་ཕྱོགས་དང་པོ་རང་ནས་སྨོས་༽དེ་བཞིན་༼འདི་དག་གིས་མཚོན་ནས་མི་ལྡོག་མ་དང་ཨེ་ཧི་ཀ་ལྷ་མོ་༢་ཀྱིས་ཐུགས་ཀྱི་འཚམས་བཞི་དང་ཕྱོགས་༤་སྡུས་པར་བྲེས་པར་བྱ་སྟེ་དེ་ཡང་དེ་བཞི་ ན་གཤེགས་པ་འདིས་ཤེས་གསུང་༽བུ་ལི་ར་མ་ལ། ༼ གསེར་གླིང་དུ་ནི་ཅི་གསུང་དང་། དེ་༤ན་དུ་ནི་ཨུ་རྒྱན་ཉིད ཡུལ་འདི་རྣམས་ཀྱི་བུད་མེད་གང་། དཔའ་མོ་དང་ནི་གཉིས་མེད་ཁྱབ། སྤྱིར་མཁའ་འགྲོ་མ་དཔག་དུ་མེད་པ་ཡོད་པ་ལས་མདོར་བསྡུས་ནས་འཛཾ་བུའི་གླིང་ན་ཞིང་སྐྱེས་ ཆ་ལུགས་ལྷོད་པར་གྱུར་བ་སྟེ་དེ་ལྟར་ཐུན་མོང་མ་ཡིན་པ་བཞིའོ་༽༼ ཛ་ལན་དྷ་ར་ཨུ་རྒྱན་ཏེ་དེ་གཉིས་གཏུམ་བྱེད་མའི་རིགས༽ །གསེར་གླིང་རྨེ་ཤ་ཅན་བུད་མེད། །༼ཊ་ཀི་ཀ༢་ལྟར་ན་རེ་རེ་ལ་འཁོར་སྟོང་ཕྲག་གཉིས་སེམ་གསུང་༽སྟོང་ཕྲག་ཉི་ཤུ་རྩ་༼བཞི་ཟེར་༽གཅིག་ཡིན། ༼ཉི་ཤུ་རྩ་༤་ལས་ལྷག་བཅུ་གཉིས་ཡིན་ན་ཡང་ཙུམ་བི་ཀ་མ་སྨོས་པས་དེས་མཁའ་འགྲོ་མ་སྙིང་པོའི་བཞི་བསྡུས་ལ། སྒོ་འཚམས་མ་བརྒྱད་ཧེ་རུ་ཀའི་ཕྱག་རྒྱ་དཾ་བམ་སྡུད་པ་མོས་བསྡུས་པའོ༽ །༼ཉི་ཤུ་་་་་་པོ་༽དེ་ལས་ལྷག་པ་༼བཅུ་གཉིས་སམ་ཕྱིའི་བརྒྱད་༽ཇི་རྙེད་པ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །༼སྙིང་པོའི་རྣལ་འབྱོར་མ་༤་༽འཁོར་ལོ་རྣལ་འབྱོར་མ་༼བྷ་ར་ཧིས་བསྡུས་པ་༽ཡིན་ནོ། །ཤྲི་ཧེ་རུ་ཀའི་སྲུབ་པ་ཆེ༼ཡུམ་བྷ་ར་ཧི༽། །དེ་ཡི་དཀྱིལ་འཁོར་༼ཧེ་རུ་ཀ་༽གཙོ་མོ་༼བྷ་ར་ཧི་༽ཡིན། །༼དྲུག་གི་བླ་མས་བསྡུས་པས་༽མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས། །རྒྱུ་༼བ་ལྟར་༽དང་མི་རྒྱུའི་འཇིག་རྟེན་༼ཐམས་ཅད་གཞལ་ཡས་ཁང་དུ་་་་་་སྤྱི་བཅུ་གཅིག་ཛ་ལན་དྷ་ར་༽གསུམ། །༼རྟེན་དང་རྟེན་པའི་ལྷས་གཅེར་བུ་རྒྱན་བཏགས་སྟེ་གང་བྱས་ན་༽འགྲོ་བ་ཐམས་ཅད་འདི་ཡིས་ཁྱབ། །༼བསྒྲུབ་པ་པོ་ལ་མཁའ་འགྲོ་མས་བྱིན་གྱིས་བརློབ་པ་ཡང་༽མཁའ་འགྲོ་མ་འདིའི་དམ་ཚིག་ནི། །སྤྲུལ་བའི་༼སྐུ་༽བསྒོམ་པ་༼མཆོག་གིས་བསྡུས་༽ཉིད་ཡིན་ཏེ། །བསམ་གཏན་༼སྔགས་སྐྱེས་ཞིང་སྐྱེས་ལ་སོགས་པར་ཞེན་ཏེ་བསྒོམས་པས་༽ལ་སོགས་༼བཟླས་པ་སོགས་༽གང་ཅིའང་རུང་༼ལ་གནས་པས༽། །ས་སྟེང་ན་༼ཡོད་པའི་དངོས་གྲུབ་རྣམས་༽ནི་རྫོགས་འགྱུར་རོ། །སྔགས་པས་རྟག་ཏུ་༼རྣལ་འབྱོར་བཞི་ལ་༽མཉམ་བཞག་པས། །༼དུས་༽མཚན་མོ་ནམ་མཁའི་གོས་ཅན་༼གསང་བར་བྱ་བ་ཡིན་པས་གཅེར་བུའམ་དུར་ཁྲོད་་་་༽བྱ་༼པ་པོ༽། །༼དཔའ་བོ་༽སྐྱེས་པའམ་༼དཔའ་མོ་༽གལ་ཏེ་གཡོན་པ་ཀུན། ༼རླུང་འཛིན་ནུས་པས་དྲངས་པ་ འཛིན་མི་ནུས་པས་ཝེས་བླང་མུ་ཏྲ་༢་བཅར་ལུས་བཟུངས་རྒྱས་པར་བྱའོ༽ །རྣལ་འབྱོར་མ་དང་དཔའ་བོ་དགེས། །ཕྱག་རྒྱ་༼པད་སྐོར་༽གར་༼དང་ཧྲི་ཧ་ཧ་སོགས་ཀྱིས་༽གྱིས་མཆོད་པ་ཡིས། །༼སྔགས་སྐྱེས་ལ་ལྷན་སྐྱེས་ལས་་་་་་་་་ཞེན་ནས་་ཕོ་ཉ་བསྲེས་ལ་༽རང་བྱུང་རྟག་ཏུ་མཆོད་ན་ནི། །མ་ལུས་ལུས་པ་༼སི་ཏི་༽མེད་འགྲུབ་༼པ་ལས་བྱུང་བའི་རྟགས་༽ཅིང་། །གཡོན་པས་མཆོད་ལ་རབ་ཏུ་འཇུག དཔལ་འཁོར་ལོ་སྡོམ་པ་ལས་༼པཱུ་ཛ་སྭོ་༽ཡི་གེ་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་༼ལ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་༽དགོད་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ། །༼སྔ་ཕྱིའི་བྲེལ་ལོ་་་་སྔགས་སྐྱེས་ལ་མཆོད་པས་ཞིང་སྐྱེས་མཆོད་པར་འགྱུར།དེས་ལྷན་སྐྱེས་མཆོད་པར་འགྱུར། ལེའུ་འདིས་རྣལ་འབྱོར་མ་བརྟེན་པའི་ཐབས་བསྟན་༽དེ་ནས་༼རྟགས་ཉི་ཤུ་ཚང་ན་ལྷན་སྐྱེས་རྟོགས་པ་མཆོག་གི་དངོས་གྲུབ་ཀྱི་རྒྱུའོ་༽དཔའ་བོ་མེ་ཏོག་ཆུ། །འཐུངས་ནས་སྔགས་འདི་༼ཐ་མལ་བའི་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་༽རྗེས་དྲན་བྱ༼འབྲ་བུ་ཟ༽། །ཕྱག་རྒྱ་༼༢་ཅར་ལུས་ཟུངས་རྒྱས་པར་བྱ་༽ལྷན་ཅིག་༼བུད་མེད་སྔོ་བསང་མ་རྟེན་ལ་དེའི་་་་་ལ་དྲོད་མ་ཡལ་བ་དེ་བདག་གིས་མཐུངས་ན་བདེ་བ་འབྱུང་སྟེ་བསྒྲུབ་པོ་ཉིད་ལུས་རྒྱས་ནས་མདངས་བཟང་བའི་བྱུང་བ་ཡིན་གསུང་༽བསྒྲུབ་པ་པོས། །༼གསང་བ་ཡིན་པས་བྱང་སེམས་རྒྱས་བར་བྱ་བའི་ཕྱིར་༽མཚན་མོ་རྟག་ཏུ་༼མི་ཤ་ལ་སོགས་པ་༽ཤ་༼ཆེ་བ་༽བཟའ་བྱ༼ཆང་ཡང་བཏུང༽། །སྔགས་གསུམ་བྱ་བ་༼ཟས་ཀྱི་ཐ་མལ་པའི་དུག་གཞོམ་པར་བྱ་བའི་ཕྱིར་མེ་གསུམ་གྱིས་བདུད་རྩིར་༽འདི་ཉིད་ཀྱིས། །གྲུབ་པའི་༼མཐར་ཆོས་སྐུ་༽བདེ་བ་ཐོབ་པར་འགྱུར། །༼བྱང་སེམས་ཤ་ཆེན་༽འཐུང་དང་དེ་བཞིན་༼ཕྱག་རྒྱ་མ་༽སྦྱིན་པ་དང་། །༼འདི་ལ་ལ་ན་མེད། སྐྱེ་༽ཐོག་མ་༼་་་་་་་བ་དང་པོར་དཔེའི་ཡེ་ཤེས་སྐྱེ་ལ་དེ་ལས་དོན་གྱི་མི་རྟོག་པའི རྒྱུད་ལ་སྦྱོར་བ་༽ཐ་མ་༼མི་རྟོག་པ་དང་༽དབུས་མེད་པ། །འཁོར་ལོ་༼ལྷན་སྐྱེས་ཀྱི་མིང་༽བསྒྱུར་བའང་དེ་བཞིན་ནོ། །༼ཕྱག་རྒྱ་བརྟེན་པའི་ཐབས་རྒྱས་པར་སྟོན་༽རེག་༼བསྒྲུབ་པ་པོས་༽དང་ལྷན་ཅིག་༼རེག་པར་བྱ། གང་དང་རེག་ན་རྐྱང་མ་ཕག་མོར་བྱིན་གྱིས་བརླབ་པ་དང་༽གཙོ་མོ་ཆེ། །བདེན་༼དང་།བྱང་སེམས་མི་འཆོར་༽པར་ཚངས་པར་སྤྱོད་པ་༼ཞེས་བྱའི་༽དང་། །ཐོག་༼རྐྱང་མ་དང་སྙོམ་པར་འཇུག་པའི་༽ཐོག་༼སྔོན། ཐ་མ་༽མཐའ་བཞད་༼པར་༽པའི་༼སྙོམ་འཇུག་དུས་སུ་ཐོག་མཐར་ཧ་ཧ་ལ་སོགས་པ་་་་་་་་་བརྒྱད་བརྗོད་པས་མཉེས་པར་བྱ་བ་བསྟན་ཏོ་༽ཕྱག་རྒྱ་བྱ༼ཧ་ཧ་ལ་སོགས་པ་ཐུང་ངུ་རྒྱད་བརྗོད༽། །༼མིག་ཐམས་ཅད་༽ལྟ་བའི་སྙེམས་༼སྦྱེག་པའི་ཉམས་༽པ་གྲགས་༼ཧ་ཧ་ལ་སོགས་པ་སྒྲ་ཆེར་༽ལྡན་པ་༼ལ་སོགས་པས་མཉེས་པའི་ཐབས༽། །༼དུས་༽མཚན་མོའམ་དེ་བཞིན་ཉིན་མོ་ནི། །༼ཐུང་ངུ་བརྒྱད་པོ་༽འདིས་ནི་བཞད་པ་དག་ཏུ་བྱ༼དེ་ཡན་ཆད་ཁ་ཟས་ལ་རྟེན་པས་ལུང་ཟུང་རྒྱས་པར་བྱའོ༽། །༼ཕྱིའི་༽གཟུགས་དང་༼ནང་གི ཀྱི་གསང་རྩའི ༽ལས་ཀྱི་གསང་བ་གང་། ཤོག་སྡེབ་༢༣་ངོ་ནས་རྟགས་ཅན་མང་པོ་ཞིག་ལ་བཙུད་རྒྱུ་མ་རྙེད །༼ཡུམ་གཉིས་ལ་ཕྱི་ནང་གཉིས་ཀྱི་གསང་བ་༽ཇི་ལྟར་གནས་པ་དཔའ་བོ་ཉོན༼ཕྱག་ན་རྡོ་རྗེ་ལ་བོས་པ༽། །རྟག་༼ཏུ་མི་གསང་ནིར་ཏེ་༽ཏུ་དེ་ཡི་མཆི་མ་འབྱུང་། །༼ནང་དུ་དགའ་བ་སྐྱེས་པ་༽དད་པས་དེ་ཡི་བ་སྤུ་༼གྱེན་ལ་༽ལྡང་། །རྡོ་རྗེ་ལས་ནི་འགོམ་མི་བྱེད། །དེ་བཞིན་ཕྱོགས་གོས་གྱུར་བ་མཆོད། །གཡོན་པའི་༼རྐྱང་མ་༽དབང་ཕྱུག་ཐམས་ཅད་༼དཔའ་༽ཀྱི། །འདི་ནི་༼འོག་གི་བཞད་པ་བརྒྱད་དང་ལྔར་༽ཕྱག་རྒྱའི་ཚོགས་ཀྱི་རིམ་༼པ་བསྟན༽། །༼བསྒྲུབ་པ་པོའི་ནང་གི་གསང་བ་ལྔ་ནི། རླུང་དབང་དུ་གྱུར་བས་ཅི་ཙམ་བསྡམ་ཡང་ཐུབ་ལ་དབུགས་དྲོ་ན་ཡང་བདེ་བ་བོང་དུ་བཏུབ་པས་༽དབུགས་འབྱིན་༼ལས་ཀྱི་གསང་བ་རྒྱས་བཤད་༽བསྐྱོད་དང་རྒོད་པ་༼དལ་བར་སྐྱོད་པ་དང་དབུགས་གནན་ཅིང་བསྐྱོད་པ་དང་དབུགས་རྔུབ་ཅིང་བསྐྱོད་པའོ་༽དང་། །༼སྔོན་དུ་༽སྒེག་དང་༼གླང་པོ་མ་ལྟ་བུ་ཡིན་ན་ཁབ་རྩེའི་ཀ་ར་ན་ལ་སོགས་པ་བྱ་༽གར་གྱི་ངོ་མཚར་དང་། །སྣ་ཚོགས་མདུན་དུ་བྱས་ནས་༼སོ་དང་སེན་མོ་གདབ་པ་ལ་སོགས་པ་༽ནི། །༼ཕྱོགས་གོས་གྱུར་བ་ནང་ལ་ཡང་ཡོད་༽ཕྱག་རྒྱ་༼དང་བཅས་པའི་བསྒྲུབ་པ་པོས་ཧ་བརྒྱད་ཀྱིས་རྒོད་པའི་འདོད་་་ན་་སུ་་བྱ་ཐུན་མོང་གི་གསང་བ་འདི་ལྔ་རྐྱང་མ་ལ་ཡང་བྲེས་པར་བྱའོ་༽སྔགས་ནི་རྗེས་དྲན་བྱ། །ཧ་ཧ་ཧེ་ཧེ་རྣམ་པ་བརྒྱད། །རྒོད་དང་སྣ་ཚོགས་དབང་མཆོག་དགའ། །ཧ་ཧའི་རྣམ་པ་ཉེ་བར་༼དེ་ལྟར་བསྒྲུབ་པ་པོའི་རྟགས་བཅུའོ་༽བརྟག །༼གཟུགས་ཀྱི་ཕྱག་རྒྱའི་༽ངུ་བར་༼ཕྱིའི་རྒྱུ་བའི་གསང་བ་ལྔ་ནི་༽བྱེད་པ་རྟག་ཏུ་༼རྐྱང་མ་ལ་ནང་དུ་བདེ་བ་སྐྱེ་བས།རྐྱང་མ་ལ་ལྔ་སྦྱར་བ༽བསྔགས། །དེ་ཉིད་ཀྱིས་དེ་དགའ་འགྱུར་ཞིང་༼བསྒྲུབ་པ་པོ་སྙོམས་པར་ཞུགས་པ་ལས་ནང་དུ་བདེ་བ་སྐྱེ་བས༽། །༼ཧ་ཧ་སོགས་༽སྔགས་དང་༼ནང་དུ་དགའ་བ་སྐྱེ་བས་༽བསམ་གཏན་ལེགས་སྦྱོར་བ༼སོ་དང་སེན་མོ་གདབ་པ་ལ་སོགས་པ༽། །གཙོ་མོ་༼བསྒྲུབ་པ་པོ་༽རྣམས་དང་༼འདི་རྣམས་༡་དུ་བགྲང་གསུང་སྟེ་ཐུན་མོང་བ་༽དཔའ་བོ་ཡི། །སྤུ་ལྡང་ལྷན་ཅིག་འབྱུང་བདེ་བ་༼གཏང་དང་བྲལ་བ་བསྣན་པས༽། ༼ གསང་རྩ་ལས་མི་འདའ་རྐྱང་མ་དང་བྱང་སེམས་སྡོམ་པ་༽ །རྡོ་རྗེ་བགོམ་པར་མི་བྱ་བ། །༼བུད་མེད་ཀྱི་བརྡའ་༽གཡོན་པས་ཡོངས་སུ་བརྟག་པ་ཡིན་༼ཅེས་ཕྱོགས་གོས་གྱུར་པ་དང་བཞི་ཧ་བརྒྱད་ཀྱི་དགོད་པ་དང་ལྔའོ༽ ། དཔལ་འཁོར་ལོ་སྡོམ་པ་ལས་མཁའ་འགྲོ་མའི་གཟུགས་༼ཀྱི་ལས་ཀྱི་གསང་བ་༢་༽ཡོངས་སུ་བརྗེ་བ་དང་༼ཐུན་མོང་གི་ཧ་ཧ་སོགས་བརྒྱད་༽རྒོད་པའི་སྔགས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ། །༼ཡི་གེ་བདུན་པའི་ལས་ཀྱི་ཚོགས་རྣམས་བསྟན་ཏེ་འབྲས་བུའི་གསང་བ་བསྟན༽དེ་ནས་༼ཡི་གེ་བདུན་པ་ལ་བརྟེན་པ་འབྲུ་ མ་གཅིག་གམ་བཞི་སྔོན་དུ་བྱ་སྟེ། དེ་ནས་ཉེ་བའི་སྙེན་པ་ཁྲི་ཕྲག་༤་འམ་༡་བྱས་ལ་ལས་སྦྱོར་བྱའོ། ཌ་ཀིའི་སྤྱན་གྱིས་༽གཟིགས་པ་༼འགྲུབ་ངེས་པས་༽བཤད་པ་སྟེ། །༼གང་ལ་གཟིགས་ན། ཧེ་རུ་ཀ་དང་༽དཔའ་བོ་དང་ནི་གཉིས་༼སུ་༽མེད་༼པར་བསྒོམ་པའི་༽མི། །གནས་ཀྱི་དབྱེ་བའི་༼ཕྱི་ནང་སྟེ་ནང་དུ་བསྒོམ་པར་༽ཆོ་ག་༼དེའི་གནས་མདོར་ན་དུར་ཁྲོད་ལ་སོགས་པ་༽ཤེས། ༼ སྤྱན་གྱིས་གཟིགས་པའི་རྒྱུ་བྱིན་གྱིས་བརླབ་པའོ༽ །བསྒོམ་ལ་རྟག་ཏུ་མངོན་དགའ་བའོ་༼བསྒྲུབ་པ་པོ་ལ༽། །༼གནས་ནང་ན་བཞུགས་པས་བྱིན་གྱིས་བརློབ་ན་༽ལམ་༼ཅུང་ཟད་བསྟན་ནས་༽གྱི་བཞི་མདོའམ་ཁྱིམ་དག་གམ། །༼དུར་ཁྲོད་༽དཔའ་བོའི་གནས་༼རོ་གནས་པའི་ས་༽ཀྱི་རི་བོར་ནི། །མཁའ་འགྲོ་མ་༼དང་དཔའ་བོ་༽ཡི་༼དམ་བཅས་པ་ལས་མི་འདའ་བས་༽དམ་ཚིག་གནས་༼བྱིན་གྱིས་བརློབ་པས༽། །༼ཡུལ་གཞན་ན་བཞུགས་ཀྱང་༽རིང་པོ་ནས་༼སྐུ་དངོས་སུ་བྱོན་མི་དགོས་༽ཀྱང་གཟིགས་༼བྱིན་གྱིས་བརློབ་སྤྱན་གྱིས་གཟིགས་༽པར་འགྱུར། །༼ཆ་ལུགས་བསྟན་༽ཕྱག་རྒྱ་༼ཕྱག་རྒྱ་དང་གཉིས་ཀར་༽གཅེར་བུར་༼བྱས་ཏེ་༽མཆོད་པ་༼ སུ་ཀས་༽ཡི། །༼ འདུས་གསུམ་༽ལས་ཉིད་ཀྱིས་ནི་ཡོངས་སུ་གྲོལ། །༼ཐ་མལ་པའི་ཕྱག་རྒྱའི་རྒྱུ་ལ་སོགས་པ་སྟགས་པགས་དང་རུས་རྒྱན་གསུང་༽གོས་༼ལས་༽གཞན་༼པ་༽དག་གིས་བཀབ་ནས་ནི། །༼ཐ་མལ་བའི་བདེ་བ་ལ་མ་ཆགས་སེམ༽་འདོད་པ་རྣམས་ཀྱིས་༼ཐ་མལ་པའི་གོས་ལ་སོགས་པའི་༽རེག་མི་བྱ། །དེ་བཞིན་སྐྲ་ནི་གྲོལ་འགྱུར་བ། །ལས་རྣམས་ཐམས་ཅད་༼བསྒྲུབ་པ་པོ་༽བརྩམས་པ་ལ། །རྩ་བའི་༼བསྙེན་པ་ཡི་གེ་བདུན་པ་ལ་སྐྱལ་ཀྱང་༽སྔགས་༼བཟླས་པ་༽དང་དེ་བཞིན་སྡིགས་༼སུཾ་བྷ་ནི་བརྗོད་པས་བསྲུང་ལ༽༼བར་ཆད་སེལ་བ་ལ ༽། །༼ར་བ་དང་དྲ་བ་དང་གུར་དང་བླ་རེ་དང་ས་གཞི་ལ་སོགས་པ་ཡང་བྱ༽ཕྱོགས་བཅིང་བར་ནི་འཇུག་པ་དང་། །༼དེ་ལྟར་བྱ་པས་བསྲུང་བའི་འཁོར་ལོའི་སྟོབས་ཀྱིས་༽ལྷ་དང་ལྷ་མིན་ཚོགས་ཀྱིས་ཀྱང་། །༼ཁ་ཅིག་གིས་མཐོང་ཡང་བར་ཆ་མི་ནུས་༽མ་མཐོང་པར་ནི་མཆོད་༼ གཡེང་བའི་ཉེས་པ་ཞི་བས་་་བསྒྲུབ་༽པར་གྱིས། །༼ཡི་གེ་བདུན་པ་ལ་སྙེན་པ་སོང་བས་མི་སྣང་བའི་དངོས་གྲུབ་བསྒྲུབ་པ་༽སྙིམ་པ་མེ་ཏོག་གིས་བཀང་སྟེ། །མཁའ་ལ་སྤྱོད་པ་གྱེན་དུ་འཐོར༼བས༽། །༼མེ་ཏོག་དམར་པོ་ལ་ཉེ་སྙིང་བཟླས་ཏེ་ཆུ་ལ་གཏོར་བས་ཆུ་དེ་ཡང་ཁྱིལ་ཁྱིལ་ནས་མེ་ཏོག་དང་བཅས་པར་སྙིམ་པར་ཆུ་བཅུས་ལ་མེ་ཏོག་ལ་སོ་མ་བཏབ་པར་ཁྱུར་མིད་བྱས་ན་མི་སྣང་བ་འགྲུབ༽མེ་ཏོག་དག་ནི་ས་གཞི་ལ་༼མར༽། །གལ་ཏེ་༼བཟླས་ཀྱི་བར་དུ་༽ལྟུང་བར་མ་གྱུར་ན། །དེ་ཉིད་དུ་ནི་མི་སྣང་འགྱུར།༼ བར་སོགས་ལས་གྲུབ་པའི་རྟགས་སོ་སོའི་་་ མེ་ཏོག་དེ་འདོད་ན་གཞན་ཡང་འགྲུབ༽ །༼ ངག་དབང་བསྒྲུབ་པ་བསྟན་གཞན་ཡང་༽གནས་ཀྱི་ཁྱད་པར་༼ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པ་༽ལ་གནས་ན།༼ལྷན་སྐྱེས་མ་དང་ཞིང་སྐྱེས་མ་ལ་སོགས་པ་ ༽ །མཁའ་ལ་འགྲོ་བར་སྟོང་ཕྲག་ནི། །༼འདོད་ན་ དེ་དག་དང་ལྷན་ཅིག་སྐལ་བ་མཉམ་པར་མྱོང་་་བསོད་༽གནས་ལ་དབང་ནི་བྱེད་པར་འགྱུར། །༼ཡང་༽ངག་གི་དབང་ཕྱུག་༼རྣལ་འབྱོར་མ་༽མ་༼ཞིང་སྐྱེས་༽རྣམས་དང་། །གསུང་གི་དབང་ཕྱུག་༼འགྲུབ་༽འགུགས་པར་འགྱུར།༼ བཟའ་ཕུར་བུ་པ་ཕྱི་རོལ་པའི་སྒྲ་བརྩམས་པ་དེ་ཡང་བྲིས༽ །༼བསྒྲུབ་པ་པོ་དེ་ལྟར་གྱུར་པས་༽ལྷ་དང་ལྷ་མོའི་༼མ་བསླབ་པར་སཾ་ཀྲི་ཏའི་༽གཏམ་༼འདོད་པ་༽ཤེས་ཤིང་། །ས་འོག་ལ་སོགས་གང་ཡོད་༼་པ་ཐམས་ཅད་བྲིས༽དང་། །སྐར་མ་རྒྱུ་བར་༼ ལ་སོགས་པའི་དུས་ཐམས་ཅད་པ་་་་་་་་མདོར་ན་མངོན་པར་འདོད་པ་ཐམས་ཅད་འཐོབ་ཐོས་པས་༽ཤེས་པར་འགྱུར། །༼ཉུང་བ་བསྟན་ཏེ་གནས་༽ཡུལ་༼མི་སྣང་བསྒྲུབ་པ་༽ ཡུལ་དེ་བཞིན་དགོན་པ་དང་། །གྲོང་ཁྱེར་དང་ནི་བཞི་མདོ་དང་། །ཤིང་གཅིག་དང་ནི་དཔའ་བོའི་ཁྱིམ། །རི་རྩེ་དང་ནི་མཚན་༼མ་༡་པ་༽དྲུང་དུ། ༼ སྔོན་དུ་འབྲུ་འབུམ་་་་སོང་བས་དེ་ནས་མི་སྣང་བར་གྱིས་༡་པའི་སྤེལ་ཚིག་དང་བཅས་པས་བཟླས་ན་༽ །རྟག་ཏུ་སྙིང་པོ་༼དང་༽ཉེ་སྙིང་འདོན་༼པར༽། །༼བར་ཅད་བྱ་བའི་བསམ་་པ་དང་ལྡན་པ་རྣམས་ཀྱིས་༽ལྷ་དང་མི་ཡིས་མཐོང་མི་འགྱུར། །དེ་བས་ཡུལ་ཕྱོགས་༼དེ་༽འདི་དག་ཏུ། །༼དེ་སྣང་མི་སྣང་བསྒྲུབ་པ་པོའམ་༽བསྒྲུབ་པ་པོ་ནི་༼སུས་ཀྱང་མི་མཐོང་བར་༽རྟག་ཏུ་གནས། ༼འདི་ཡང་སྔོན་དུ་སྙེན་པ་འབྲུ་འབུམ་༡་དེ་ནས་ཁྲི་ཕྲག་༡་བཟླས་པས༽ །ཤིང་རྩེར་༼ ལྷུང་པའི་ལ་སོགས་་་་མཐོན་པོ་༽༼འདི་ཡན་ཆད་ལྡེབ་གྲངས་༢༣་གི་རྒྱབ་ལོག་ནས་རྟགས་དང་རྟགས་ཅན་ཁ་ཤས་གསལ་ཁ་ཡོང་མེད་པས་ཞིབ་སྡུར་བྱེད་རོགས༽ཁ་དོག་དམར་༼ཨ་ཤོ་ཀའི་སྡོང་པོ་ཆེན་པོ་ཤིང་གི་རྩེ་མོ་ལ་་་ སྔགས་རི་རབ་ལྟ་བུར་བསམ་སྟེ་དེའི་་་གཙོ་མོ་གནོན་པར་བསམ་ཞིང་མེ་ཏོག་ལ་སོགས་པ་ ལ་སྔགས་སྟེ་གཏོར་ན་༽བསམ་ནས། །༼ལོ་ཀ་ལ་ནུས་པ་བསྟན་པའི་ཕྱིར་༽ཡི་གེ་བདུན་གྱི་བདག་ཉིད་ཅན། །༼ཤིང་དང་སྔགས་༽མི་ཕྱེད་པར་འགྱུར་ཕམ་པར་༼ཤིང་ལྷུང་སྟེ་ཆགས་ན་༽ནི། །༼རི་རབ་ཀྱང་ལྷུང་བས་༽ས་འཛིན་རྣམས་ཀྱང་གཞན་དུ་༼མི་ལྷུང་བ་༽མིན།༼མི་མོས་པ་བཟློག་ལ་གསང་སྔགས་ཐེག་པ་ཆེན་པོ་ལ་འཇུག༽ ༼ འདི་ཡང་སྔོན་དུ་སྙེན་པ་འབྲུ་འབུམ་གཅིག་ལ་སོགས་པ་སོང་བས་བྱ་ ཡི་གེ་བདུན་པའི་ཙཀྲ་བྲིས་ཏེ་བཏགས་ལ༽ །༼རྨི་ལམ་རྟག་པ་༽བདག་གི་ལུས་ལ་རྣམ་དགོད་དེ། །ས་ལ་ཀུ་ཤའི་སྟན་དུ་༼བདུད་རྩི་ལྔ་གཏོར་ཏེ་གདན་དུ་གཏིང་ལ་༽ཉལ། །༼ངག་ཏུ་ཡང་༽ཡི་གེ་བདུན་གྱི་བདག་ཉིད་གནས། །༼འདིས་མཚོན་པ་ཙམ་སྟེ་སྟོང་ལ་སོགས་པ་བཟླས་པ་ཡོད་༽བརྒྱ་རྩ་བརྒྱད་ནི་ཉིད་དུ་༼ཡིད་ལ་གཏོད་པ་རྨིས་ལ་༽བཟླས། །རྨི་ལམ་དུ་ནི་༼དགེ་མི་དགེ་༽བྱ་བ་ཀུན། །ཡིད་ལ་འདོད་པ་སྟོན་པར་འགྱུར། །༼དེ་ཉིད་བསྟན་པ་༽དུས་མིན་འཆི་དང་༼རྫས་དང་༽བཅོམ་དང་༼འོན་པ་དང་ལོང་ང་ལ་སོགས་ཀྱིས་༽ཉམས། །བྱ་བ་ཀུན་ཏུ་༼སྒྱུར་བསམ་པའི་ལས་༽གང་གྱུར་བ་༼པ་དང་༽། །༼ཉེས་པ་ཅི་བྱུང་ཡང་བསལ་ཐབས་༽རྣམ་པ་སྣ་ཚོགས་གཞན་དང་གཞན། །༼ངན་ན་བཟློག་ནུས་པ་༽ཐམས་ཅད་རྨི་ལམ་དག་ཏུ་སྟོན། །༼པྲ་སེ་ན་བསྒྲུབ་པ་བསྟན་༽དེ་བཞིན་སྔགས་བཟླས་༼འདི་ཡང་སྔོན་དུ་སྙེན་པ་འབྲུ་འབུམ་གཅིག་སོང་བས་དེ་ནས་ཡང་ཁྲི་ཕྲག་གཅིག་བཟླས་པས་པྲ་དབབ་པར་བྱས་པ་༽རལ་གྲི་ཆུ་༼ཕུ་ཆུ་མི་ཁྱིས་མ་འབགས་པ་ལ་རྩ་བམ་ལ་བལྟ༽ ། ༼དང་པོ་བགེགས་ལ་སོགས་པ་སྦྱངས་དེ་ཡང་བཀྲག་དང་ལྡན་པར་སྦྱངས་དེ་ནས་ཡི་གེ་བདུན་པ་བཟླས་ཤིང་བདུད་རྩི་ལྔས་ཐིག་ལེ་བདུན་བྱ། དེ་ནས་ཁྱེའུ་གཞོན་ནུ་མ་དང་གཞོན་ནུ་མས་ཁྲུས་བྱས་ལ་བཀུག་ལ་དེའི་ཡིས་ཀྱང་ཡི་གེ་༧་པ་བཟླས་བུས་ ལྟར་གཞུགས་པ་འདི་ཐམས་ཅད་ལ་འདྲའོ༽ །མཐེ་བོང་མར་མེ་མེ་ལོང་དང་༼གཉིས་ལ་ཡང་བགེགས་སྦྱང་ལ་སོགས་པ་བྱས་ལ་ བལྡབ་བསྲེའོ༽། །སྔགས་བཟླས་ཉིད་རྟག་༼ཏུ་གནས་པའི་༽རྣལ་འབྱོར་པ་༼ལ༽། །པྲ་སེ་ན་༼དེའི་ནང་དུ་འཇའ་ཚོན་ལྟ་བུའི་ལུས་མཐོང་༽ན་ནི་༼རྟེན་འབྲེལ་གྱིས་མཐུས་སུ་མཐོང་བའི་་་་་་་་༽འབེབ་པར་འགྱུར། ༼རལ་གྲིའི་གཞུང་ནས་མར་་་་་་་རིཏྲིའི་་་་ཐིག་ལེ་བདུན་བྱ། དེ་ལ་ཡི་གེ་བདུན་པོ་བཀོད་ལ་སྔགས་བཟླས་ལ་ལྟར་བཅུག་ན་མཐོང་གསུང་། ཡང་ན་ཆུ་གཙང་མ་འམ་མཐེ་བོང་ངམ་མར་མེ་འམ་མེ་ལོང་ནང་་་་་རུང་་་་སྦྱངས་སྟེ་བལྟས་ན་མཐོང་གསུང་༽ །༼ལྷར་༽བསྒོམས་དང་ལེན་བདུན་༼ཡི་གེ་བདུན་པ་༽བཟླས་བཀོད་པས་༼ཙཀྲ་བྲིས་སྟེ་བཅིངས༽། །དགེ་༼དངོས་སུ་མཐོང་༽དང་མི་དགེ་སྟོན་པར་འགྱུར་༼ནད་ཞི་བར་བྱ་བ་བསྟན༽། །དེ་ནས་དཔའ་བོ་ཡི་གེ་བདུན། །༼བསྒྲུབ་པ་པོ་ནད་བསོ་བ་ལག་པ་གཡོན་པ་ལ་ཡི་གེ་བདུན་པའི་ཙཀྲ་བྲིའོ༽སྔགས་དགོད་པ་ཡི་དབྱེ་བ་ཉིད། །༼ལག་མཐིལ་དུ་༽ཉི་མའི་དབུས་སུ་༼འཁོར་ལོ་དེ་༽བསམ་ནས་ནི། །༼ཡི་གེ་བདུན་པ་སྔགས་སྤེལ་ཚིག་དང་བཅས་པ་༽སྟོང་གི་བར་དུ་༼བཟླས་ན་ལས་སྦྱོར་དུས་སུ་༽བཟླས་ནས་སུ།༼དེ་ནས་ཙཀྲ་ལས་འོད་ཟེར་དཀར་པོ་བྱུང་སྟེ་ནད་པའི་ལུས་ལ་ཕོག་པས་ནད་བསལ་བསམས་ལ་ལག་པས་བྱོབ༽ །༼ནད་པ་དེ་ནད་དང་བྲལ་ཏེ་༽ཤེལ་གྱི་རྣམ་པ་ལྟ་བུ་ནི། །ནད་ཀྱིས་གདུངས་པ་༼དེ་ལ་སེམས་དང་་་་ ལག་པས་༽བལྟ་བར་བྱ། །མཐེ་བོང་༼སེ་གོལ་གཏོགས་པ་༽ཙམ་གྱིས་༼སྔགས་ཀྱི་ཆེ་བ་༽སྐད་ཅིག་གིས། །ནད་རྣམས་སེལ་བར་ཐེ་ཚོམ་མེད། །ནད་ལས་རྣམ་པར་གྲོལ་གྱུར་ན། །སྟོན་ཀ་ཡི་ནི་ཟླ་འདྲ་བ༼ར་འགྱུར་རོ༽། །༼ལག་པ་ལ་༽ཟླ་བའི་དབུས་སུ་རྣམ་དགོད་ཅིང་། ༼ དུག་ལ་སོགས་པ་ཞི་བར་བྱ་བ་བསྟན་༽ ༼ལག་པར་ཙཀྲ་བྲི་བའམ་བསམས་ཏེ༽ །ལག་པ་གཡོན་པར་འཁོར་ལོ་བྱེད༼འཁོར་ལོ་འདི་གོང་མ་ཀུན་ལ་འདྲེ༽། །༼ཙཀྲ་ལ་༽ཡི་གེ་ཤེལ་གྱི་མདོག་ལྟར་སྣང་༼བ་དེ་ལ༽། །༼འོད་ཟེར་ཁ་དོག་༽གཟུགས་ལྔ་རུ་ནི་བལྟ་བར་བྱ་༼དགོད་ཟེར༽། །༼གཟུགས་ལྔ་རུ་ནི་ཟེར་༽ནད་རྣམས་ཀུན་ལ་དགོད་པར་བྱ། ༼ དེའི་འོད་ཀྱིས་དུག་ལ་སོགས་པ་ཞི་བར་བསམ༽ །རིམས་དང་གདོན་དང་བརྗེ་བྱེད་དང་། །གཟེར་སོགས་ཀུན་དང་མཛེ་ཅན་དང་། །དུག་གིས་ཟིན་པའི་ནད་རྣམས་དང་། །གང་གི་ནད་ཀྱི་སྡུག་བསྔལ་བ། །ཟླ་གཟུགས་ཡེ་གེ་༼ཐིག་ལེ་བསམས་ནས་ནི་དེའི་འོད་ཀྱིས་ཕོག་སྟེ་བསལ་བར་བསམ་ལ་༽བསམས་ནས་ནི། །ཕྱོགས་བཅུར་རྣམ་པར་༼ནད་པ་ལ་ནད་གུད་དུ་༽འབྱེར་བར་འགྱུར། །༼དུས་༽མཚན་མོ་༼འཁོར་ལོ་དང་ལྡན་པས་བྱས་ན་མྱུར་དུ་འགྲུབ། ཧོ་མས་ནོར་བསྒྲུབ་པ་དང་༽གསང་བ་ལ་གནས་ཏེ། །༼བ་ལང་ཤ་༽གོ་མཾ་ས་ནི་མངར་གསུམ་༼ཀ་ར་བུ་རཾ་སྦྲང་༽བརྟག ༼ སྔོན་དུ་སྙེན་པ་འབྲུ་འབུམ་༡་བྱས་པས་སྦྱིན་བྱ་པས་རྒྱས་པ་ལ་སོགས་པའི་ལས་བསྒྲུབ་པ་བསྟན་ཏོ༽ །ཡིག་བདུན་གསང་སྔགས་ཤེས་པ་དང་། །༼སྐལ་བ་རབ་ཀྱི་བསྲེག་ལུགས་༽སྟོང་རྩ་བརྒྱད་དུ་སྦྱིན་བསྲེག་བྱས། །༼མཚན་གཅིག་གིས་༽སྔགས་པས་ནང་བར་དུས་སུ་ནི། །༼སྔགས་སྤེལ་ཚིག་དང་བཅས་པའི་སྦྱིན་སྲེག་༽གསེར་སྲང་སྟོང་ནི་རྙེད་པར་འགྱུར། །༼གཞན་ཡང་རྫས་སྔགས་སྔ་མ་༽སྦྱིན་བསྲེག་སྟོང་ཕྲག་བཅུ་ཡིས་ནི། །༼རྒྱལ་ཕྲན་༽ཡུལ་འཁོར་དམ་པ་རྙེད་པར་འགྱུར། །ཡང་ན་གསང་སྔགས་རྒྱལ་པོ་༼ཡི་གེ་བདུན་༽ནི། །གནས་ནི་གང་དུ་བསམས་པ་དག །དེ་དང་དེར་ནི་དེ་ཡི་ཚེ། །༼འཆི་བའི་དུས་ན་༽སྐྱེ་བར་འགྱུར་བར་ཐེ་ཚོམ་མེད། །༼སྤྱིར་བསྟན་ས་གཞི་༽དཀར་པོ་ཡིས་ནི་ཞི་བར་འགྱུར། །༼དུར་ཁྲོད་སོལ་བས་བྱུགས་ལ་༽ནག་པོས་སྐད་ཅིག་དག་གིས་༼ རྡ་དུ་ར་བསྲེག་༽གསོད། །༼དུར་ཁྲོད་ཀྱི་སོ་ཕག་གིས་༽དམར་པོས་དབང་དུ་འགྱུར་བ་སྟེ།༼མངར་༣་བསྲེག༽ །འཕྲལ་དུ་ངེས་པར་འགུགས་པར་འགྱུར། །༼ལྡོང་རོས་སམ་བ་བླས་༽སེར་པོ་ཐམས་ཅད་༼དཔུང་པ་ལ་སོགས་པ་རེངས་པ་༽གནོན་པ་སྟེ༼གཟུགས་བསྙན་བསྲེག༽། །༼རྒྱུད་འདིར་ངེས་པ་༽འདི་ནི་བསྟན་བཅོས་༼སུ་༽ངེས་པ་ཡིན། །༼ས་གཉིས་༽སེར་པོས་དཔུང་ནི་གནོན་པ་དང་། །གྲུ་དང་འཁྲུལ་འཁོར་༼ཐམས་ཅད་མི་འགུལ་༽གླང་པོ་གནོན། །དཀར་པོ་བསམས་པ་ཙམ་གྱིས་ནི། ༼དེར་མ་ཟད་གྲུ་བ་ལ་སོགས་པ་ཡང་འགྲོ་༽ །འཆི་བ་ངེས་པར་སློང་པར་འགྱུར། སྦྲུལ་ཆེན་བརྒྱ་ཡིས་ཟིན་ནས་ནི། །འཆི་བ་༼རང་འགྱུར་བ་དེ་ཡང་༽མྱུར་དུ་སློང་བར་འགྱུར་༼ལག་པས་རེག་པ་དང་འཁོར་ལོ་བཀྲུས་པའི་ཆུ་འཐུང་ན༽། །དུག་གིས་བརྒྱལ་བར་གྱུར་བ་དག །གསལ་བར་བྱས་ན་ཟད་པར་འགྱུར། །རིམས་༼རིམས་ཞི་བར་བྱ་བ་༽དང་གདོན་༼ལ་སོགས་པ་ཞི་བར་བྱ་བ་༽དང་བརྗེ་བྱེད་ནི། །༼འཁོར་ལོ་དང་ལྡན་པའི་༽ལག་པ་མཐོང་བ༼འམ་རེག་པ༽ས་འཇིགས་༼བདུད་དུ་འགྲོ་༽པར་འགྱུར། །༼རྒྱན་རྒྱལ་བར་བྱ་བ་༽རྒྱན་པོར་༼ནོར་ལ་རྒྱལ་པོ་དགེ་བ་༽ཁུ་ཚུར་བཅིངས་ནས་ནི། །༼ཡི་གེ་བདུན་༽ཡིད་ལ་རྟག་ཏུ་ཟློས་བྱེད་ན། །ཇི་སྲིད་ཁུ་ཚུར་མ་བཀྲོལ་བར། །༼བྱ་བ་ཟེར་ རྫས་༽རེངས་པ་ཐམས་ཅད་༼རྒྱན་རྒྱལ་བར་འགྱུར་༽འགྲུབ་པར་འགྱུར་༼བདག་དགྲ་ལས་རྒྱལ་བར་བྱ་ སྔགས་ཀྱི་བཟླས་པ་༢་ཀྱིས་༽། །༼རྒྱན་དང་དོ་བྲལ་ཐོབ་ ཡང་༽དགྲ་བོ་༼ལས་རྒྱལ་བར་བྱ་༽གལ་ཏེ་ལག་ན་ནི། །མཚོན་ཆ་སྣ་ཚོགས་འཕྱར་བ་ཡང་། །ཇི་སྲིད་༼ལག་པ་གཡོན་པ་ཙཀྲ་དང་ལྡན་པའི་ལག་པ་དེ་༽ཁུ་ཚུར་མ་བཀྲོལ་བར། །༼ཕ་རོལ་པོས་༽མཚོན་ཆ་གཏོང་བར་མི་ནུས་སོ། །༼མང་པོ་བརྗོད་མི་དགོས་ཏེ་མདོར་ན་༽ཡང་ན་༼ཅི་འདོད་པའི་༽བྱ་བ་ཐམས་ཅད་ནི། །༼ཡི་གེ་བདུན་པ་དང་དེའི་འཁོར་ལོས་༽ཇི་བཞིན་ཉིད་དུ་སྒྲུབ་པར་བྱེད། །༼ཤིང་གི་ཟས་སོགས་ཅི་བདེར་བསྒྲུབ་པ་༽འབྲས་བུ་༼དང་༽མེ་ག་༼དང་༽འདབ་མ་དང་། །སོ་རྩི་༼དང་༽དེ་བཞིན་ཟས་རྣམས་ལ། །༼འདོད་ན་ཐོད་པའི་སྣོད་དུ་དྷ་ཟས་གང་འདོད་པའི་བག་ཙམ་བཞག་སྟེ་དེ་ནས་ལྷའི་རྣལ་འབྱོར་དང་ལྡན་པས་དེ་དག་འོངས་པར་བསྒྲུབས་ན་འགྲུབ་༽ལུས་ཀྱི་སྦྱོར་བ་༼རབ་༽དང་པོ་སྟེ། །དེ་བཞིན་གཉིས་པ་༼འབྲིང་༽ནུས་པ་ཡིན། །གསུམ་པ་༼ཐ་མ་༽དག་ནི་ཕྱི་ཡི་ཉིད། །བཞི་བ་༼རབ་འབྲིང་ཐ་མ་༣་ ཐ་མ་འཁྲུལ་འཁོར་དང་༣་བཅས་སྟེ་སྤེལ་ཚིག་དང་བཅས་པ་བཀོད་པས་ ན་གཾ་༢་སམ་༣་གྱིས་ངེས་པ་མེད་པར་འགྲུབ་པ་༽ཡི་ནི་དམིགས་པ་མེད། །༼བདུན་པ་༽སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར། །ས་གཞི་ཤིང་དང་བཅས་པ་དང་། །༼ཡང་སྔགས་བཟླས་ཤིང་སྔགས་ཀྱི་རྡུལ་ཕྲ་རབ་ཀྱིས་རྒྱ་མཚོ་ཁྱབ་པར་བསམས་ན་༽རྒྱ་མཚོ་༼ཅེས་ནི་རྒྱ་མཚོའི་སྟེང་་་་་་་་་་བར་མི་འབྱིང་བར་འགྲོ་བའོ་༽སྐྱེ་རགས་བཏགས་པ་ཡང་༼མི་འཕྱོང་པར་ལམ་་་་བྲོང་གིས་འོང༽། །དེ་ལ་ངེས་པར་༼ཇི་ལྟར་འདོད་པ་ལྟར་༽འགྲུབ་པ་ནི། །འགྱུར་བར་འདི་ནི་ཐེ་ཚོམ་མེད། །ཁམས་གསུམ་༼སེམས་ཅན་༽རྒྱུ་དང་༼ཤིང་ལ་སོགས་པ་༽མི་རྒྱུ་བ། །སྨོད་འདེབས་༼འཆི་བའམ་འཆག་པ་ལ་སོགས་པར་སླར་འཚོ་བ་དང་འབྲས་བུ་དང་ལྡན་པ་ལ་སོགས་པར་༽ཕན་འདོགས་ནུས་པ་ཡིན། དཔལ་འཁོར་ལོ་སྡོམ་པ་ལས་ཉེ་བའི་སྙིང་པོའི་༼རྩ་སྔགས་དང་སུཾ་བྷ་ནིའི་སྔགས་ཀྱིས་བསྲུང་བ་སྔོན་དུ་སོང་བས་༽ལས་བསྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ། །༼བསྲུང་བའི་བུའི་གསང་བ་དངོས་གོ་ཆ་དང་ཡི་གེ་བདུན་པ་གཉིས་ཀྱི་ལས་བསྒྲུབ་པ་བསྟན་༽དེ་ནས་ཕོ་ཉ་རྙེད་ན་ནི། །ཡི་གེ་༼གོང་དུ་བསྟན་པ་ལྟ་བུའི་རྐྱང་མ་སྙེན་པ་ཡི་གེ་བདུན་པ་་་་་་་་་་བྱས་པ་ སླར་བསོ་བ་རྗེས་སུ་བཟུང་བ་སྟེ་ལག་པ་ལ་ཙན་དན་དཀར་པོ་དང་གུར་གུཾ་དང་གི་ཝཾ་ལ་སོགས་པ་ལ་ཙཀྲ་བྲིས་སྟེ་སྔགས་བཟློས་ཤིང་དེའི་ལུས་ལ་རེག་ན་ སྔོན་དུ་སྙེན་པ་སོང་བས་ལག་པ་གཡོན་པར་ཙན་དན་ལ་སོགས་པས་ཙཀྲ་བྲིས་ཏེ་སྔགས་སྤེལ་ཚིག་དང་བཅས་པ་བྲིས་བཀོད་ནས་ཕར་བ་མ་ཕྱེ་བར་བྱ་༽བདུན་པར་ལྡན་༼དོན་དྲུག་ལས་དང་པོ་ཙཀྲ་༽བསྒྲུབ་པ། །གང་དུ་ལས་ནི་ཡང་དག་རྩོམ། །དེ་ཡི་ལས་ནི་༼རྟེན་འབྲེལ་གྱི་མཐུས་༽མྱུར་འགྲུབ་༼གཡོན་པ་༽བཤད། །༼འཁོར་ལོའི་ཕྱིའི་རྩིས་་་་་ལ་༽དེ་བཞིན་དུ་ནི་ཡི་གེ་བདུན། །༼བྲི་བའི་གཞི་ དགུ་རྩེགས་ཀྱི་དབུས་སུ་རྒྱ་སྐེག་ལ་སོགས་ཀྱིས་༽ལག་པའི་དབུས་སུ་༼སྣ་ཚོགས་་་་་་་་སོན་རྩི་༽རྣམ་པར་དགོད། །རྣལ་འབྱོར་མ་༼སྙེན་པ་ཡི་གེ་བདུན་པ་་་་་སོང་ནས་༽ནི་དྲུག་༼ནང་གི་འདབ་མ་ལྔ་ལྟེ་བ་དང་དྲུག་ལ་༽ཡང་དག་༼གི་སྔགས་༽ །༼ཕྱི་རོལ་དུ་༽རྩིབས་དྲུག་འཁོར་ལོར་ཡང་དག་གནས༼ཨོཾ་བཾ་ལ་བསྐོར་་་ཉེ་སྙིང༽། །གཡོན་པའི་འཁོར་ལོ་༼དབུས་སུ་བསྒྲུབ་བྱའི་མིང་བསྐུལ་ཚིག་དང་བཅས་པ་༽བསྐུལ་༼ཨོཾ་བཾ་གི་མཐའ་མ་ནས་ཆེ་གེ་མོ་ཨ་ཀར་ཥ་ཡ་ཛ་ཅེས་པ་བྲི་༽དང་གནས། །༼གཉིས་པ་ཙཀྲ་དགུག་པ་༽གང་གི་༼དགུག་རྒྱུ་༽གཟུགས་འཛིན་བསམ་ནས་ནི༼རྐང་རྗེས་ཀྱི་རྡུལ་ལ་སོགས་པ་ལས་ལང་ཀ་བྱས་ལ༽། །ཁ་ནས་༼ཡི་གེ་༧་ལ་སྙེན་པ་སོང་ནས་༽གསང་སྔགས་རྒྱལ་བོ་༼དཔའ་བོ་གོ་ཆའི་སྔགས་༽ཟློས། །འགུག་རྒྱུ་གང་ལ་ལག་པ་དེ་བསྟན་ན།༼ འཁོར་ལོའི་ཕྱིར་འདབ་མ་དྲུག་ལ་་་་་་་་གསུམ་ཕྲུགས་སུ་སྦྱར་བ་འགུགས་པ་འཁོར་ལོ་དང་ལྡན་པའི༽ །དེས་ནི་༼ཐེ་ཚོམ་མེད་པར་༽ངེས་པར་༼ལྷའི་བུ་མོ་ལ་སོགས་པ་༽འགུགས་པར་འགྱུར། །༼གཞན་ཡང་༣་པ་སྦྱིན་སྲེག་གིས་ས་བདག་ནོར་བཅས་འགུག་པ་༽ཙན་དན་དམར་པོའི་རྡུལ་དང་༼ཙཀྲ་དང་ལྡན་པའི་ལག་པས་༽ནི་༼བསྲེག་རྫས༽། །སྐྱེ་ཚེ་དེ་བཞིན་ལན་ཚྭ་དང་། །བསྒྲུབ་པར་བྱ་བའི་རྐང་རྗེས་ས། །༼རྫས་༤་བོ་༽གཅིག་ཏུ་བསྡུས་ནས་༼བསྲེག་རྫས་སུ་༽བཏག་པར་༼རྫས་ཚང་བར་་་པ་༽བྱ། །ལག་པ་གཉིས་ཀྱིས་༼ལག་པ་གཉིས་ལ་ཙཀྲ་གོང་མ་བཀོད་༽མཉེས་ནས་ནི། ༼དྲུག་གི་སྔགས་ཀྱིས་སྤེལ་ཚིག་དང་བཅས་པ་༽ །རྣལ་འབྱོར་མ་ཡི་སྦྱིན་བསྲེག་བྱ། །༼དུས་༽མཚན་མོ་༼ཐབ་ཟླ་གམ་མམ་ལྕགས་སྐྱུ་ལྟ་བུ་བྲིས་ལ་བསྲེགས་པའི་ཆོག་གསུང་༽སྨེ་ཤ་ཅན་༼ཤན་པའི་༽མེའམ། །དུར་ཁྲོད་༼སྔར་གྱི་༽མེ་ལ་ཕྱེ་མ་༼བསྲེག་རྫས་༽བསྲེག །༼དབང་དུ་བྱ་རྒྱུ་ཆོ་གའི་ཁྱད་པར་༽བསྒྲུབ་པར་བྱ་ལ་མངོན་བསྲེས་ཏེ། །༼ནང་ན་གནས་པའི་ཕྱོགས་སུ་ཁ་བལྟས་ཏེ་དགུག་པའི་ལས་༽སྦྱོར་བ་༼དབང་པོ་ཐ་ཤལ་གྱིས་བསམ་གཏན་ལ་སོགས་པ་བཞིའི་་ས་འགྲུབ་པའོ༽འདི་ནི་བརྩམ་པར་བྱ། །༼བསྲེག་ལུགས་ཀྱི་གྲངས་གོ་ཆའི་སྔགས་སྔོན་དུ་སྙེན་པ་སོང་བའི་དབང་དུ་བྱས་པ་༽ཇི་སྲིད་བརྒྱ་ཡི་བར་དུ་བཟླས་༼ཏེ་སྦྱིན་སྲེག་བྱས་ན༽། །དེ་ནི་ངེས་པར་འགུགས་པར་འགྱུར་༼ཏེ༽། །༼ར་ཛའི་༽ས་ཡི་བདག་པོ་བདག་ཉིད་དང་། །༼དེའི་༽ནོར་ཡང་དབང་དུ་འགྱུར་བ་ཡིན། །སྦྱོར་བ་འདི་ནི་འགྲུབ་པར་༼འགྱུར་ཏེ་ཟེར་༽བསྐྱེད། །གཞན་དག་ཏུ་༼མི་འགྲུབ་པར་༽ནི་ང་མི་སྨྲ། ༼བཞི་བ་མནན་པའི་ལས་ཀྱི་གསང་བའི་ལས་ཙན་དན་དམར་པོ་རྡུལ་ལ་སོགས་པ་བཞི་༽ །རྡུལ་༼ལས་གཞན་སྡ་པའི་ལས་བསྟན་༽དེ་ཉིད་ནི་བླང་ནས་སུ། །ལྕགས་ཕྱེ་དང་ནི་རྣམ་པར་བསྲེ་༼དེ༽། །༼བསྒྲུབ་པ་པོས་དབུགས་ཕྱིར་མ་ཤོར་བར་༽དུར་ཁྲོད་རས་ལ་༼འཁོར་དང་ལྡན་པས་༽བཏུམས་ནས་ནི། །༼གོ་ཆའི་སྔགས་མ་ར་ཡ་དང་བཅས་པ་༽ལན་བདུན་བཟླས་ནས་༼ལམ་གྱི་༽བཞི་མདོ་རུ། །སོར་བརྒྱད་ཙམ་དུ་བརྐོས་ནས་ནི། །༼ལིང་ཀ་བྲིས་པ་དེ་ཡང་འདིར་བཅུག་ལ་༽དགྲ་ཡི་མིང་དང་བཅས་པ་ནི༼སྟཾ་པ་ཡ༽། །གང་གི་མིང་སྨོས་༼གཞན་པའི་ལས་༽སྦས་འགྱུར་བ། །༼དངོས་ལུས་རེངས་བུས་ ༽དེ་ནི་མྱུར་དུ་༼འདི་འཆི་བར་འགྱུར་གསུང་༽གནོན་པར་འགྱུར་༼རྗེས་བཟུང་གི་ལས་ལྔ་བའམ༽། །ཕྱེ་མ་ཉིད་ནི་བདས་ནས་ནི། །༼དག་པའམ་གཙང་བ་བྱ་བའམ་མི་གཙང་བ་མི་ཟ་བ་༽འབད་དེ་བ་ཡི་འོ་མ་༼གཙང་ཟེར༽་དང་། ༼ཙན་དན་དམར་པོ་ལ་སོགས་པ་སྔར་གྱི་བཞི་བོ་ལྤགས་ཕྱེ་དང་བཅས་བཏུམས་པའི་ས་གཏོར་ཞིང་སྔགས་བཟླས་པས༽ །དེར་ནི་སླར་ཡང་༼མནན་པ་དེ་སྟོན་ཏེ་༽གསོས་གྱུར་ན་༼པའི་བསམ་པས༽། །འགྲུབ་པ་ཉིད་དུ་ཐེ་ཚོམ་མེད། ༼དྲུག་པ་སྨྱོ་བ་རྗེས་བཟུང་དང་བཅས་པ་༽ །༼རྫས་བཞི་པོ་༽ཕྱེ་མ་དེ་ནི་བླངས་ནས་ནི༼གཞན་སྨྱོ་བའི་ལས་༽། །མྱོས་བྱེད་ལྔ་དང་༼དབྱུག་ ་་ཡང་ན་་་་་རྩ་བ་་འདབ་མ་ཤུན་པ་མེ་ཏོག་འབྲས་བུ་ལྔ་༽ལྡན་པས་སུ༼བསྲེས་སྟེ༽ ། ༼དབུགས་ཕྱིར་མ་ཤོར་བར་༽ །དེ་ནི་དུར་ཁྲོད་རས་ཀྱིས་བཅིངས། ༼ བྱང་ད་ལིང་ཀ་ཡང་བྱས་ལ་གསུང༽ །༼ཙཀྲ་དང་ལྡན་པའི་དགྲ་ལག་པས་༽དགྲ་ཡི་མིང་ཡང་༼ཆེ་གེ་མོ་སྨྱོ་བར་གྱུར་ཅིག༽་བཅིང་བར་བྱ། །༼སྙེན་པ་སོང་བས་གོ་ཆའི་སྔགས་སྤེལ་ཚིག་དང་བཅས་པས་༽བཟླས་བརྗོད་ལན་བརྒྱ་བྱས་ནས་ནི། །དུར་ཁྲོད་དུ་ནི་མྱུར་སྦས་ན། །འཕྲལ་དུ་སྨྱོ་བ་ཉིད་དུ་འགྱུར། །༼རྗེས་བཟུང་༽བཏོན་པ་ཉིད་ཀྱིས་༼མནན་པ་ལས་༽ཐར་བར་འགྱུར་༼ཏེ༽། །༼དུར་ཁྲོ་རས་ལ་བཏུམས་པ་དེ་གཏོར་ན་༽བཏོན་ནས་གོས་དང་ཕྲལ་ནས་ནི། །འབད་དེ་བ་ཡི་འོ་མ་དང་། ༼ ས་གཏོར་ཞིང་སྔགས་བཟླས་ན༽ །སླར་ཡང་གསོ་བར་བྱེད་པ་དང་། །འགྲུབ་པར་འདི་ལ་ཐེ་ཚོམ་མེད། དཔལ་འཁོར་ལོ་སྡོམ་པ་ལས་༼ལས་སྦྱོར་གྱི་དུས་སུ་མེ་ཏོག་མང་བ་ཡོད་ཀྱང་༽རྣལ་འབྱོར་མ་དྲུག་དང་ཡིག་བདུན་གྱི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ། །༼འདི་ཡང་གོ་ཆ་མའི་རྣལ་འབྱོར་མའི་ལས་དང་པོ་བསྒྲུབ་པའོ༽་དེ་ནས་ལས་ཀྱི་རབ་མཆོག་ནི། །༼ཚིག་བཅད་རྩོམ་པའི་༽ངག་གི་དངོས་གྲུབ་༼ སྤྱིར་ངག་གི་དབང་ཕྱུག་ཆེ་འབྲིང་གསུམ་ལས་ཆེན་པོ་ནི་ལོ་ཀ་འདི་ སྟོང་ཤིག་བྱས་ན་སྟོངས། ཆགས་ཤིག་བྱས་ན་ཆགས་པའོ། འབྲིང་པོ་ནི་བདག་ཉིད་ཀྱི་འདོད་པའི་དོན་གང་ཡིན་པ་ངག་ཏུ་བརྗོད་པ་ཙམ་གྱིས་འགྲུབ་པའོ། ཆུང་ངུ་ནི་ཤེས་རབ་ཆེན་པོར་འགྱུར་བའོ་གསུང་༽སྒྲུབ་བྱེད་པའོ། །ཀ་ར་བི་རའི་མེ་ཏོག་དམར་༼དམར་པོའོ༽། །བརྒྱ་རྩ་བརྒྱད་༼ལ་སོགས་པ་༽ནི་བླངས་ནས་སུ། །༼བརྒྱ་རྩ་བརྒྱད་བཟླས་ཏེ་༽འབད་དེ་༼དེ་ནས་་་་་་དེ་༽བ་ཡི་འོ་མས་བཀྲུ༼་ཞིང་བའི་འོ་མའི་ནང་ནས་གདོན༽། །༼གོ་ཆའི་སྔགས་བཟླས་ཟིན་པའི་གཏིང་ལ་ཡང་༽བཟླས་བརྗོད་༼འོ་མས་ཁྲུད་པའི་བར་ལ་སྔགས་བརྒྱ་རྩ་བརྒྱད་བཟློས་པར་སེམ་༽བརྒྱ་དང་བྱ་བ་ཡིན། །༼དེ་ནས་ཞག་བདུན་ཐུན་དུ་གཅོད་བཟླས་པ་ཡང་ན་ཞག་གཅིག་༽ལན་བདུན་༼ཞག་བདུན་དུ་༽བཟླས་པའི་མེ་ཏོག་གིས། །ལིང་ཀའི་སྤྱི་བོར་༼དབང་ཕྱུག་ཆེན་པོའི་ལྷ་བརྟེན་དབང་ཕྱུག་ཆེན་པོའི་ཕོ་མཚན་གྱིས་༽བསྣུན་པར་༼རྟེན་འབྲེལ་གྱི་སྨན་མར་གཏོང་པ་༽བྱ། །དེ་ལྟར་ཤིན་ཏུ་༼ལྷའི་རྣལ་འབྱོར་ལ་༽མཉམ་བཞག་པས། །ཉི་མ་བདུན་དུ་བྱ་བ་ཡིན་༼དེ་ནས་མེ་ཏོག་དེ་དག་བ་གཙང་མའི་འོ་མས་བཀྲུས་ཏེ་ཞག་གསུམ་དུ་ཚོགས་ཀྱི་འཁོར་ལོ་བྱ་དེ་ལྟར་ཞག་བཅུ༽། །དེ་ལྟར་ཉིན་ཞག་བཅུ་གཅིག་༼གི་ཚེ་ལས་སྦྱོར་བ་བྱ་སྟེ་༽ལ། །མེ་ཏོག་དག་ནི་བླངས་ནས་སུ། །༼དལ་བར་འབབ་པ་ན་༽ཆུ་བོ་ཆེན་པོར་སོང་ནས་ནི། །༼མེ་ཏོག་༽རེ་རེ་ནས་༼ཨོཾ་བཾ་སོགས་བཟླས་ཀྱིན་༽ནི་ཆུ་ལ་དོར། །དེ་ནས་ཐམས་ཅད་རིམ་བཞིན་དུ། །༼དེའི་དུས་སུ་བསྒྲུབ་གཡོག་གིས་རལ་གྲི་ཐོགས་སུཾ་བྷ་ནི་བཟློས་ཤིང་བར་ཆད་བསྲུང་ངོ་༽ལན་རེ་༼ཨོཾ་བཾ་ལ་སོགས་པ་༽བཟླས་ནས་༼དོར་༽རབ་ཏུ་སྦྱར། །ཆུ་བོར་མེ་ཏོག་༼དོར་བ་དང་༽མཐའ་མར་༼འདི་དུས་སུ་ནི་༽ནི། །རྒྱུན་ལས་༼ཡར་གྱེན་ལ་༽བཟློག་ཏེ་རབ་འབབ་ན། །ཆུ་དང་བཅས་པར་༼ལན་༣་པ་གཉིས་ལོ་ཀ་ན་སྔོན་མ་ལ་ངག་གི་སི་ཏི་ཆེན་པོ་བར་མ་ལ་འབྲིང་ཐ་མ་ལ་ཆུང་ངུའོ་གསུང་གྱེན་ལ་ལག་པའི་རྩེ་སྙིམ་པས་མེ་ཏོག་༽བླངས་ནས་ནི། །སོས་༼མེ་ཏོག་ལ་༽མ་རེག་པར་༼ཆུ་ཉིན་མཚན་གཉིས་ཀ་ལ་༽དེ་འཐུངས་ན། །༼ནམ་མཁའ་དང་མཉམ་པའི་༽གསང་བའི་རྒྱུད་ལས་འབྱུང་བ་ཡི༼་དེ་དག་གིས་ཀྱང་༽། །བསྒྲུབ་པོའི་ཚིག་༼ངག་གི་སི་ཏི་༽ནི་འགྲུབ་པར་འགྱུར། །དེ་ནས་༼གཞན་གཉིས་པ་ཡང་འགུགས་པ་འདིར་ཡང་སྙེན་པ་སྔོན་དུ་སོང་བས་བྱ་༽སྐྱེ་གནས་༼གྲོ་ག་ལ་སོགས་པ་ལ་དུར་ཁྲོད་ཀྱི་་་་ན་ཙི་ལ་སོགས་པས་རྣལ་འབྱོར་མ་དྲུག་འབའ་ཞིག་པའི་འཁོར་ལོར་བྲིས་ཏེ་རབ་གནས་ཀྱང་བྱས་ལ་དེ་ནས་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་ལས་ལིང་ཀ་བྱས་ལ་འཁོར་ལོར་སྙིང་ཁར་བཅུག་སྟེ་དེ་ནས་དེའི་སྐྱེ་གནས་ནས་སྐུད་པ་དམར་པོ་གཅིག་གཏོན་ལ་དེ་རང་གིས་མཐེ་ཆུང་ལ་དཀྲིས་སྟེ་བསྐུལ་ཞིང་སྔགས་བཟླས་༽བརྒྱ་༼བསྒྲུབ་བྱ་དུ་མ་༽བཅིངས་ལ་༼ལིང་ཀའི་སྐྱེ་གནས་སྐུད་པས་བཅིངས་ལ༽། །སྔགས་པས་༼བསྒྲུབ་པའི་ལིང་ཀ་ལ་༽བསྒྲུབ་བྱར་མངོན་ཕྱོགས་ན། །༼དཔའ་བོའི་གོ་ཆ་སྤེལ་ཚིག་དང་བཅས་པ་བསྐུལ་ཞིང་སྔགས་བཟླས་༽བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །བསྒྲུབ་པར་བྱ་བའི་ལྟོ་བར་གནས་༼འཁོར་ལོ་གནས་སོ༽། །དེ་ནས་ཡིད་ནི་གནས་བཞིན་དུ་༼མཉམ་པར་བཞག་པ༽། །བློ་ལྡན་ཐུན་གསུམ་མཐེ་ཆུང་༼ལ་སྐུད་པའི་སྣེ་དཀྲིས་སྟེ་༽བསྐྱོད། །༼སྔར་༽བྲམ་ཟེ་གསོད་པའང་ཞག་བདུན་གྱིས། ༼ ཆོས་དང་ལྡན་པ་སྨོས་ཅི་དགོས་༽ །བརྒྱ་བྱིན་ཡང་ནི་ངེས་པར་འགུགས། །༼ཡང་ཡང་འགུགས་པ་༣་པ་༽ཙན་དན་དམར་པོ༼་དང་བསྒྲུབ་བྱའི་རྐང་རྗེས་ལ་༽འི་རྡུལ་ལས་ནི། །༼འགུགས་པར་བྱ་རྒྱུ་དེ་༽བསྒྲུབ་པར་བྱ་བའི་གཟུགས་བྱས་ལ། །༼སྒ་པི་པི་ལིཾ་ཕོ་བ་རིས་༽ཚ་བ་གསུམ་གྱིས་ལུས་ལ་བསྐུ། །༼དེའི་སྟེང་དུ་༽སྤྲ་ཚིལ་གྱིས་ནི་རབ་ཏུ་བྱུག་༼གཡོག༽ །བསྒྲུབ་པ་པོ་ཡི་༼ཡང་ན་མཚན་མ་དང་ལིང་ཀའི་དེའི་སྙིང་ཁར་གསུང་༽གསང་གནས་སུ། །༼འཁོར་ལོ་སྙིང་ཀར་གཞུག་༽ཟངས་མའི་ཁབ་ཀྱིས་ཕུག་ནས་སུ། །སེང་ལྡེང་མདག་མ་དུ་མེད་ལ། །ལན་བརྒྱ་བཟླས་ཏེ་༼དཔའ་བོའི་གོ་ཆ་སྤེལ་ཚིག་དང་བཅས་པ་ཤ་ཚིལ་ཞུ་ཞུ་རུ་༽སྲོས་ནས་སུ། །རྒྱ་པོ་བློན་པོ་༼རྒྱལ་པོའི་༽མདུན་ན་འདོན་༼དང་བྲཾ་ཟེ་ཤིས་པ་འདོན་པ༽། །༼གཞན་ཡང་༽ཆུང་མ་འཁོར་དང་བཅས་པ་རྣམས། །མྱུར་དུ་འགུགས་༼ནས་ལ་བྱེད་དུ་འཇུག་༽པར་བྱེད་པ་ཡིན། ༼རྒྱལ་པོ་་གཞན་ཡང་དགུག་པ་བཞི་བ་༽ །མི་ཡི་བདག་པོ་འཁོར་༼དང་༽བཅས་༼པ་༽ནི། །གྲོ་གའི་འདབ་མར་༼དཔའ་མོའི་གོ་ཆའི་འཁོར་ལོའི་ལྟེ་བར་སྤེལ་ཚིག་དང་བཅས་པ་བྲིས་སྟེ་༽བྲིས་པའམ། །༼སྣག་ཚ་༽དུར་ཁྲོད་རས་ལ་སེན་རྩི་༼རྒྱ་སྐེག་དང༽་དང་། གྷི་ཧཾ་དག་གིས་བྲིས་ནས་ནི། ༼རྐང་རྗེས་རྡུལ་ལ་ལིང་ཀ་བྱས་ལ་དེའི་སྙིང་ཁར་ཙཀྲ་བཅུག་ལ་ལིང་ཀ་དེ་ཡང་་སྲ་ཚིལ་གྱིས་གཡོག༽ །མིང་དང་སྤེལ་ནས་གང་ལ་ནི། ༼བསྒྲུབ་བྱ་གང་ན་གནས་པར༽ །མངོན་པར་ཕྱོགས་ཏེ་༼དཔའ་མོའི་གོ་ཆ་༽བརྒྱ་བཟླས་ནས། །དུར་ཁྲོད་མེ་ལ་༼སྲ་ཚིལ་ཞུ་ཞུ་ཙམ་༽དེ་གདུངས་ན། །༼དགུག་པ་༽དུར་ཁྲོད་མེ་དེ་འགྲུབ་ཕྱིར་༼དེ་ལ་གདུང་པར་༽བཤད། །ཇི་སྲིད་སྤྲ་ཚིལ་མ་༼མ་ཐིགས་པར་༽ཞུ་བར། །བསྲོས་པར་གྱུར་ན་རྒྱལ་བོ་ནི། །འཁོར་ལོ་བསྒྱུར་དང་བཅས་པ་ཡང་། །ངེས་པར་འགུགས་པར་འགྱུར་བ་ཡིན། །༼གཞན་ཡང་༽བསྒྲུབ་པར་བྱ་བའི་༼ལྔ་བ་སྦྱིན་སྲེག་གི་ལས་བསྒྲུབ་པ་༽རྐང་རྗེས་ས། །ཙན་དན་དམར་པོ་ཉིད་དང་ནི། །དུར་ཁྲོད་ཐལ་བར་བསྲེས་པ་རྣམས། །བསྒྲུབ་པ་པོ་ཡིས་གཅིག་བསྡུས་༼པ་ཙམ་ལས་ལིང་ཀ་བྱ་མི་དགོས་༽ལ། །སེང་ལྡེང་མེ་ནི་དུ་མེད་ལ། །རྡུལ་དེ་༼ཙཀྲ་དང་ལྡན་པའི་ལག་པ་༢་༽ལག་པ་གཉིས་ཀྱིས་ནི། །མཉེས་ལ་སྦྱིན་བསྲེག་བྱས་ནས་ནི། །ཇི་སྲིད་༼ཕྱེ་མ་༽ཐམས་ཅད་བསྲེགས་པས་འགྲུབ། ༼ ཐབ་དང་མེ་ལྷ་ལ་སོགས་པ་ཐམས་ཅད་སྦྱིན་སྲེག་གི་ཆོ་ག་ལས་ཤེས་པར་བྱ་༽ །༼ཕྱེ་མ་དེ་རྣམས་བླང་ལ། ཞི་བ་ལ་སོགས་པའི་ལས་ཐམས་ཅད་གོ་ཆའི་སྔགས་བརྗོད་ཅིང་བསྲེག་པ་ཉིད་ཀྱིས༽༼ལ་ལ་མེ་གསུང་༽རྡུལ་དེ་བླངས་ནས་མ་ཡེངས་པར། །དབུགས་མ་འབྱིན་པར་སྦས་ནས་ནི། །བརྒྱལ་ཞིང་སེམས་ནི་བྲལ་འདྲ་ལ། །རྨོངས་ཤིང་སེམས་ནི་ཉོན་མོངས་ལ། །རླུང་གི་ཤུགས་ཀྱིས་འོངས་ནས་ནི། །བསྒྲུབ་པ་པོ་ཡི་སྟེང་དུ་ལྷུང་༼སྟེ་སྟེང་ངམ་གམ་དུ་འདི་ཡང་ལྷ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པས་སྔོན་དུ་སྙེན་པ་སོང་བ་༡་གིས༽། །༼སྐྱེས་པ་༽ཕྱུགས་སམ་ཡང་ན་ཕོ་ཉ་མོ༼རྐྱང་མ༽། །དེ་ནས་ལས་ཀྱི་ཕོ་ཉ་མོར་༼དབང་དུ་བྱ་བ༽། །བྱ་བ་འདི་ནི་འཛིན་པར་འགྱུར། །༼དྲུག་པ་མནན་པའི་ལས་ཀྱིས་དབང་དུ་བྱ་བའམ་དགུག་པ་༽ཀ་ར་བི་རའི་ལྕུག་མ་ནི། །རླན་བཅས་༼སྦོམ་ཕྲའི་ཚད་༽དཔུང་བའི་ཚད་མཉམ་བླངས། ༼དེ་ལ་དཔའ་མོའི་གོ་ཆའི་སྔགས་ཚར་༣་བྲིས་ལ་དེ་དག་བཟའ་མི་དུས་༡་ཤི་བའི་རོ་བསྲེགས་པའི་མེ་ལ་བསྲོ། དེ་ནས་༽ །འབར་གྱུར་རོ་བསྲེག་མེ་ལ་དོར། །ཇི་སྲིད་དེ་ནི་མ་ཚིག་པར། །མྱུར་དུ་སོང་ཏེ་དེ་བླངས་ནས། །༼དཔའ་མོའི་གོ་ཆ་༽རིག་པ་ལན་བདུན་༼སྔགས་སྤེལ་ཚིག་དང་བཅས་པ་༽བཟླས་ནས་ནི། །གང་ཞིག་བཟླས་ཏེ་༼ལག་པ་༽བསྐོར་ན་ནི། །དེ་ནི་དེ་ཡི་སྐད་ཅིག་ལ། །བུད་མེད་དང་ནི་སྐྱེས་པ་དག ༼བདུན་པ་དབང་དུ་བྱ་བའི་སྦྱོར་བ་གཞན་༽ །རླུང་གི་ཤུགས་ཀྱིས་༼ལག་པས་སྐོར་བ་ཙམ་གྱིས་༽འོངས་པར་འགྱུར།༼སྦྱོར་བ་གཞན་གདབ་དབང་་་་པ་ལས་བརྒྱད་སྙེན་པ་སྔོན་དུ་སོང་བ་ལ་སོགས་པ་ཐམས་ཅད་ལ་འདྲའོ༽ །ཀ་ར་བི་རའི་མེ་ཏོག་དམར་༼བ་ལ༽ །༼གནག་གི་དབང་ཕྱུག་ཆེན་པོ་སྟེ་བརྗོད་པ་ཙམ་གྱིས་འགྲུབ་པར་གསུང་༽ །༼དཔའ་མོའི་གོ་ཆ་༽བརྒྱ་བཟླས་༼སྐར་མ་༽རྒྱལ་གྱི་སྦྱོར་བ་ལས། །བསྒྲུབ་པོས་གྷིཧཾ་༼གིས་༽གོས་བྱུགས་ལ། །༼ བུ་ཞིག་ཞེས་བྱ་བ་ལ་སོགས་པ་༽མེ་ཏོག་༼ཀ་ར་བི་རའི་མེ་ཏོག་གཏོར་ཏེ་༽ཆུ་ལ་གནས་པ་དག།༼ཀ་ར་བི་རའི་མེ་ཏོག་གཏོར་བའི་༽ཆུ་བོ་ཆེན་པོ༼འི་ནང་དུ་༽ར་ཞུགས་ནས་ནི། །ལྟེ་བ་ནུབ་༼ཙམ་དུ་འདུག་༽པའི་བར་དུ་༼འདུག་ལ་༽ནི། །༼ཀ་ར་བི་རའི་མེ་ཏོག་ཆུ་ལ་བཞག་པ་དེ་༽ལག་པའི་སྦྱོར་བས་དབུས་༼སུ་བཞག་ལ་༽གནས་ལ། །༼དཔའ་མོའི་གོ་ཆ་སྤེལ་ཚིག་དང་བཅས་པ་༽རིག་པ་སྟོང་དུ་བཟླས་ནས་ནི། །ལག་པ་༼འཁོར་ལོ་དཔལ་ལྡན་པ་༽གཉིས་ཀྱིས་༼མེ་ཏོག་དེ་༽ཕྱེར་༤༤་་་་༧་་ སྤགས་ཏེ། །ཆུ་དང་བཅས་པ་བཏུང་བར་བྱ། །དེ་༼དེ་ཕྱིན་ཆད་༽ནས་བསྒྲུབ་པ་པོ་དེ་ཡིས། །ཚིག་༼ངག་གི་དབང་ཕྱུག་༽གི་དངོས་གྲུབ་ཐོབ་པར་འགྱུར། །༼ཇི་ལྟ་བུའི་ངག་འགྲུབ་ན༽རྒྱལ་པོའམ་རྒྱལ་པོའི་ཆུང་མ་ནི། །ཡིད་ཀྱིས་ངེས་པར་༼ཁུག་པ་ཞེས་བརྗོད་པས་དྲན་བས་༽འགུགས་པར་འགྱུར། །ལྷར་བཅས་ལྷ་མིན་མི་རྣམས་ནི། །མྱུར་དུ་༼སེམས་ལ་དབང་དུ་བྱེད་པར་འགྱུར་༽དབང་དུ་བྱེད་པར་འགྱུར། །༼སེམས་༽ཁྲོས་པས་ཚིག་གིས་༼སོང་ཞེས་པ་ཙམ་གྱིས་༽གསོད་པར་འགྱུར། །དབྱེ་དང་བསྐྲད་པ་ཉིད་ཀྱང་བྱེད། །བསྒྲུབ་པ་པོ་ཡི་༼སེམས་ལ་འདོད་ཅིང་༽ཚིག་ཉིད་ཀྱིས། །ཚར་གཅོད་པ་ཉིད་བྱེད་པར་འགྱུར། །༼གྱེན་ལ་བཟློག་ན་ཅེས་པ་༽ཚིག་ཙམ་གྱིས་ནི་ཆུ་བོ་དང་། །ཤིང་རྟ་༼འཆག་༽འཁྲུལ་འཁོར་༼འཆག་༽རྒྱ་མཚོ་༼སྐྱེམས་༽དང་། །གླང་པོ་རྟ་༼འཆི་༽དང་དེ་བཞིན་སྤྲིན་༼ཡང་འཐོར་༽། །སྐྱེས་བུ༼་རེངས་ནས་འགྲོ་བུད་མེད་ཀྱང་རེངས་ནས་འགྱུར་གསུང་༽འམ་ཡང་ན་བྱ་བ་གནོན་༼གཞན་གྱིས་གནོད་པར་སེམས༽། །ཡིད་ལ་གང་དང་གང་འདོད་པ་༼དང༽། །༼བརྗོད་པ་ཙམ་གྱིས་༽ཚིག་གིས་ཐམས་ཅད་༼འགྲུབ་༽བྱེད་པར་འགྱུར། །༼གཞན་ཡང་༽དེ་ནས་གཞན་གྱི་ལས་བཤད་པ། །དཔའ་བོ་ཆེན་པོ་༼ཞེས་བསྡུད་པ་པོས་གསུངས་པ་༽རང་ཉིད་གསུངས། །དགུག་པ་ཡི་ནི་སྦྱོར་བ་དག།༼ཤེས་པ་ཆགས་པའི་སྟོབས་ཀྱིས་༽བུད་མེད་ཐམས་ཅད་རྨོངས་བྱེད་པ། །༼ཉི་ཟླ་གཟས་ཟིན་པའི་དུས་སུ་བྱ་་་་ ཙན་ཏིའི་རྒྱུ་ཕྱག་༤་བ་བྱས་ལ་༽ཀ་ར་༼རྫས་༽བི་རའི་མེ་ཏོག་ནི། །དམར་པོ་ཡང་དག་བླངས་ནས་སུ། །རིག་པ་༼དཔའ་མོའི་གོ་ཆ་༽ལན་བདུན་བཟླས་པ་༼འི་ཀ་ར་བི་རའི་མེ་ཏོག་༽་དག །སྐྱེ་གནས་དབུས་སུ་༼ཙན་ཏི་ཀའི་རུ་པ་བྱས་པའི་མེ་ཏོག་གཉིས་ཀ་ར་བི་རའི་མེ་ཏོག་གཉིས་༽གཞུག་༼བཞག་༽པར་བྱ། །མེ་ཏོག་༼༢་པོ་༽དེ་ནི་༼༢་༽ཁ་སྦྱར་བྱས། །༼ཙན་ཏི་ཀའི་༽གསང་བའི་གནས་སུ་ངེས་པར་སྦྱར། །གཉིས་མེད་ཡེ་ཤེས་༼ལྷའི་རྣལ་འབྱོར་ལ་གནས་པའི་༽རྣལ་འབྱོར་ལྡན། །སྔགས་པས་བརྒྱ་ཕྲག་གཅིག་ཏུ་༼གོ་ཆའི་སྔགས་༽བཟླས། །སྐྱེ་གནས་དབུས་ནས་མེ་ཏོག་དེ་༼བཏོན་ཏེ༽། །བསྒྲུབ་པ་པོ་ཡིས་གཅིག་བླངས་ནས། །༼སྤེལ་ཚིག་དང་བཅས་པས་ཙན་ཏིའི་སྤྱི་བོར་བསྣུན་༽མེ་ཏོག་གིས་ནི་༼༡་བཅངས་པ་༽གང་བསྣུན་༼ཀྱང་༡་གིས་༽པ། །དེ་ཡི་མོད་ལ་དབང་དུ་འགྱུར། །༼ཆགས་པའི་དབང་གིས་༽བརྒྱལ་ཞིང་སེམས་དང་བྲལ་བ་དང་། །ཡན་ལག་ཚིགས་ཀུན་༼བསྒྲུབ་པ་པོ་༽གཞན་དབང་སྟེ། །༼བསྒྲུབ་པ་པོ་ལ་འཕྲལ་དུ་༽ཡིད་ཆེས་སེམས་ནི་འཇུག་པ་རུ་༼གྲུབ་པ་ཉེ་བ་ལ་དགོངས་པ༽། །སྐད་ཅིག་གིས་ནི་དབང་དུ་བྱེད། །འདི་ནི་༼ངེས་པར་༽མངོན་དུ་འགྲུབ་པ་སྟེ། །དོན་ཡོད་དབང་དུ་བྱེད་པ་ཡིན།དཔལ་འཁོར་ལོ་སྡོམ་པ་ལས་རྣལ་འབྱོར་མ་དྲུག་གི་ཚིག་གི་དངོས་གྲུབ་དང་དགུག་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ། ། ༼འདི་ཡང་ལྷ་ཡབ་ཡུམ་གྱི་རྣལ་འབྱོར་ལ་གནས་ནས་བསྒྲུབ༽ །དེ་ནས་ཡི་གེ་༼ལས་སྦྱོར་དུས་སུ་འདི་བཟླས་༽ཧ་ལྔ་ནི་༼འདི་ཡང་་ བཞི་གང་རུང་ལ་བསྙེན་པ་བསྐྱལ། ཁྱད་པར་གྱི་བསྙེན་པ་ཧ་ལྔ་བཟླས་པ་བྱ་བ༽། །ལས་རྣམས་ཐམས་ཅད་འགྲུབ་༼ཁྲག་འགུག་པ་ལས་སོ༽་བྱེད་པ། །གང་ཞིག་༼སྔགས་ཀྱི་ཆེ་བ་༽ཤེས་པ་ཙམ་གྱིས་ནི། །མྱུར་དུ་དངོས་གྲུབ་༼ཐ་མ་༽ཐོབ་པར་བཤད། །༼མདུན་མ་༽ཧཱེ་༼བྱང་ནུབ་ལྷོ་༽ཧཱོ་ཧཱུཾ་ཧཾ་ཧ༔༼དབུས་༽ཡི་གེ་ལྔ་བོ་དང་། ༼གཞི་༽ །ལག་པ་༼ལག་གཉིས་ཕན་ཚུན་༽མཉེས་པས་བསྐུལ་ཚིག་༼སྔགས་༽བཅས་༼པ་བཟླས་་ཁྲག་སྐྱུག་གི་པར་༡་པ༽། །ཁ་ནས་ཀྱང་ནི་ཁྲག་འཛག་ཅིང་། །དགྲ་བོ་དེ་ཡི་མོད་ལ་འཆི་༼བསད་པའོ༽ ། ༼གཞན་ཡང་༽ །ཤིན་ཏུ་མཛེས་པའི་ཐོད་༼པ་ལ་འཁོར་ལོ་བྲིས་ལ་་་་ཡང་་་པ་ཅང་ལོ་ཅན་ལ་བྲིའོ༽གནས་པ། །༼རང་གི་༽སྲིན་ལག་༼གི་༽ཁྲག་གིས་༼ཙཀྲ་དེ་༽བསྙེ་བར་བྱ། །ཇི་སྲིད་༼ཁྲག་བདག་གི་ཐོད་པར་དངོས་སུ་འབྱུང་༽སྐམས་ཀྱི་བར་དུ་སྟེ། །༼བསྒྲུབ་བྱའི་ཁྲག་ཟད་པས་༽དེས་ནི་བསྒྲུབ་བྱ་རྣམ་པར་འཇིག་༼འཆི༽ ། ༼གཞན་ཡང་༽ །གལ་ཏེ་༼བསམ་རྒྱུད་༽ཁྲོ་བ་འབར་བ་དང་། ༼ལག་ལ་ཙཀྲ་བྲིས་ལ་རབ་གནས་ཇི་ལྟ་བ་༤ན་བྱས་ལ་༽ །༼དུག་མ་་་པས་ལག་པ་༢་འཁོར་ལོར་བྲིས་ལ་༽མིག་དམར་གྱུར་བས་༼ཧ་ལྔ་ལ་སྤེལ་ཚིག་དང་བཅས་པ་༽བཟླས་ན་ནི། ༼ཙཀྲ་དང་ལྡན་པའི་ལག་པ་དེ་བསྟན་ན་༽ །དཔུང་ཚོགས་བཞོན་པར་བྱས་པ་ཡི། །རྒྱལ་པོ་མྱུར་དུ་བརླག་༼རེངས་ཞིང་འཆི་༽པར་བྱེད། ༼དམ་ཚིག་ཅན་ལ་གཏོར་མ་སྦྱིན་པའི་ཕྱིར་༽ །བྱི་ལ་དང་ནི་ནེའུ་ལེ་དང་། ༼འདི་རྣམས་ཀྱི་ཤ་༽ །ཁྱི་ཁྭ་ཝ་དང་ཆུ་སྐྱལ་༼རྣམས་ཀྱིས་༽དང་༼ ནི ༽ ། ༼ ལས་དེ་དག་བསྒྲུབ་པའི་དུས་སུ་གཏོར་མ་དང་སྦྱིན་སྲེག་བྱ་བའི་ཤ་བསྟན་༽ །མཁའ་འགྲོ་མ་ལ་གཏོར་༼མ་དང་སྦྱིན་༽བསྲེག་བྱ། །༼སྔར་གྱི་ལས་རྣམས་༽འདི་དག་མྱུར་དུ་འགྲུབ་ཡིན་པ། །རྒྱུད་འདི་ལ་ནི་ཐེ་ཚོམ་མེད། །རི་བོང་ལ་སོགས་སྤུ་ལས་ནི། །སྲད་བུ་བྱས་ཏེ་ལན་སྟོང་བཟླས། ༼སྲད་བུ་དེ་༽ །གང་གི་༼བསྒྲུབ་བྱ་་་མེ་ཏོག་དང་ཙཀྲ་ལྡན་པའི་ལག་པ་དེས་༽མགུལ་དུ་བཅིངས་གྱུར་བ། །དེ་ནི་དེ་དང་འདྲ་བར་༼གང་བཏགས་པ་དེའི་གཟུགས་སུ་༽འགྱུར། ༼གཞན་ཡང་ལག་པ་ལ་ཙཀྲ་སྤེལ་ཚིག་དང་བཅས་པ་བྲིས་པ་དེ་༽ །ལག་པ་བཟླས་བརྗོད་སྟོང་བྱ་སྟེ། །ཀ་ར་བི་རའི་མེ་ཏོག་དང་། །༼མེ་ཏོག་རེ་རེ་ལ་༽ཡི་གེ་༼ཧ་ལྔ་༽རེ་རེས་མངོན་བཟླས་ཏེ། །སྦྲུམ་མ་ལ་ནི་རེག་གྱུར་ན། ༼བུ་ལས་བུ་མོའམ་བུ་མོ་བུའམ་མི་ལས་དུད་འགྲོ་ལ་སོགས་པ་༽ །མངལ་ནི་རྣམ་པར་འཕོ་འགྱུར་ཏེ། ༼ཤ་བ་དང་རྣ་བ་ལ་སོགས་པ་གཞན་ཡང་གཟུགས་བསྒྱུར་བའི་ལས་ཀྱི་ཚོགས་མངལ་སླར་སོས་པར་གྱུར་༡་པའི་སྤེལ་ཚིག་དང་བཅས་པ་བཟླས་ན་སླར་འཚོ་བར་འགྱུར་རོ༽ །བཏང་ན་ཐར་བར་འགྱུར་བ་ཡིན། །གང་ལ་༼འཁོར་ལོ་ལྡན་པའི་ལག་པས་༽སྡིགས་མཛུབ་བྱས་ཏེ་འཆི། །སླར་ཡང་༼ལག་པའི་ཙཀྲ་བཀྲུས་ཏེ་ཆུས་གཏོར་ཞིང་སྔགས་བཟླས་ན་༽འཚོ་བར་བྱེད་པ་ཡིན། དཔལ་འཁོར་ལོ་སྡོམ་པ་ལས་༼བྷ་ག་ཅན་བསྐྱེད་པའི་ས་བོན་༽ཡི་གེ་ཧ་ལྔའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ། །༼ལེའུ་བཞི་བཅུ་རྩ་བདུན་པ་ནས་རྩ་དགུ་པའི་བར་གྱིས་ཡུམ་གྱི་ཉེ་སྙིང་ཉི་ཤུ་རྩ་༡་པས་འཁྲུལ་འཁོར་ལ་སོགས་པའི་ལས་དང་སྐྱེ་བ་བདུན་པ་བརྟག་པ་བསྟན་ཏེ་དེའང་ལེའུ་༤་བཅུ་བདུན་པ་དང་བརྒྱད་པས་ཙཀྲ་ལ་སོགས་པ་ལ་བརྟེན་པའི་ལས་བསྟན་ལ་རྩ་དགུ་པས་སྐྱེ་བ་བདུན་པ་བསྒྲུབ་པ་བསྟན་ཏོ༽ །༼རྗེ་བཙུན་མའི་ཉེ་བའི་སྙིང་པོ་ནས་བསྟོན།ཉེ་སྙིང་འབུམ་ཕྲག་བཞི་སྔོན་དུ་སོང་པས་ལེའུ་༣་པོ་འདིའི་ལས་བསྒྲུབ་པ་ནི་ལས་སྦྱོར་དུས་སུ་སྦྱར་ནས་༽དེ་ནས་༼ཡང་དག་ཡིན་ཟེར་༽གཞན་ཡང་བཤད་བྱ་བ་༼བཅུ་༢་པར་ཁ་སྐོང་༽། །མཁའ་འགྲོ་ཀུན་གྱི་སྙིང་པོ་སྟེ།༼ སརྦ་བྷུ་ཏ་ཌ་ཀི་ནི་ལ་སོགས་པའི་བཟླས་པའི་ཕན་ཡོན་དང་དབང་པོ་རབ་ཀྱི་ལས་བསྟན་༽ །འདི་ནི་བརྗོད་པ་ཙམ་གྱིས་ཀྱང་༼དབང་པོ་རབ་ལ་བཟླས་པ་དང་དྲན་པ་ཙམ་གྱིས་འགྲུབ་པར་བསྟན༽། །དངོས་གྲུབ་༼གང་འདོད་༽ཐམས་ཅད་བསྐྱེད་བྱེད་ཡིན། དེ་ལ་མཁའ་འགྲོ་མའི་༼ཉེ་སྙིང་སྤེལ་ཚིག་དང་བཅས་པས་༽རིག་པ་ཆེན་པོ་བཟླས་ན་༼རྒྱལ་རིགས་ལ་སོགས་པ་༽རིགས་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། ༼དུས་༽རྟག་ཏུ་༼ཉེ་སྙིང་ལ་འདི་འབའ་ཞིག་ལ་རྩེ་༡་ཏུ་༽བཟླས་བརྗོད་བྱས་པས་ནི་༼བསོད་ནམས་ཁྱད་པར་གྱི་ལས་༽དཔལ་ཆེན་པོ་བསྐྱེད་པར་འགྱུར་རོ༼སྔོན་དུ་བསྙེན་པ་འབུམ་ལ་སོགས་པ་སྔོན་དུ་སོང་པས་ལས་ཀྱི་སྦྱོར་བ་གསང་པ་བསྒྲུབ་པ༽ ། ༼དྲག་པོའི་ལས་༽མི་རུས་ཀྱི་༼རྗེ་ངར་ལས་༽རྒྱུ་ལས་ཕུར་བུ་སོར་དྲུག་པ་༼སྟོད་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པ་སྨད་ཟུར་༣་པར་བྱས་ལ་སརྦ་བུད་དྷ་ཌ་ཀི་ནི་ལ་སོགས་པའི་སྔགས་རྫོགས་པ་བྲིའོ༽བྱས་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གང་གི་སྒོར་སྦས་པ་དེའི་རིགས་རྒྱུད་རྣམས་༼རྩ་བ་ནས་༽གཅོད་པར་འགྱུར་རོ། ༼མི་སྐྱེ་བར་འདོད་ན་ཞིང་སྐྱིལ་དུ་སྦ་༽ཞིང་དང་ར་བ༼ར་སྦས་ན་ཕྱུགས་རྣམས་འཆི་༽དང་མ་ཧེ༼འི་ར་བ་༽དང་གླང་བོ་ཆེ༼འི་ར་བ་༽དང་། རྟའི་གནས་སུ་༼ར་བ་༽བརྐོས་ཏེ་༼ཕུར་བ་༽སྦས་ན། ༼ཞིང་དང་ཕྱུགས་ལ་སོགས་པ་༽ཐམས་ཅད་བརླག་པར་འགྱུར་རོ། ༼གཞན་ཡང་༽དེ་ནས་རྒྱལ་བོའམ་རྒྱལ་བོའི་བློན་པོ་དབང་དུ་བྱ་བར་འདོད་ན། ༼ཕག་མོའི་ཉེ་སྙིང་ཕ་དང་ཊ་ཕྱེ་བས་ཡི་གེ་ཉི་ཤུ་རྩ་༡་པའི་ཙཀྲ་བྲིས་ལ་རབ་གནས་ལ་སོགས་པ་བྱས་ཏེ་ལིང་ཀའི་སྙིང་ཀར་བཅུག་ལ་༽རྒྱལ་པོའི་སྒོར་ས་ལས་བྱས་པའི་༼རྫ་མཁན་གྱི་ལག་པ་ཕྱིས་པའི་ས་ལ་༽གཟུགས་བརྙེན་སོར་བརྒྱད་པར་བྱས་ལ། ༼དབང་དུ་བྱ་བ་ལ་༽མཁས་པས་༼རང་གི་མདུན་དུ་ལིང་ཀ་༽བཞག་ནས་༼མར་གྱི་ཉི་ཤུ་ལྔ་ལ་༽ཉིན་དང་པོ་ལ་༼ཤིང་༽མ་དུ་ལུང་ཀའི་འབྲས་བུ་དང་མེ་ཏོག་༼ལོ་མ་དང་༽བསྲེས་ཏེ། ༼སྤེལ་ཚིག་དང་བཅས་པ་༽སྦྱིན་བསྲེག་༼ལམ་གྱི་གཞི་མདོ་ལ་སོགས་པར་༽བརྒྱ་སྟོང་བྱས་༼ལིང་ཀ་དེ་མནན་པ་བྱས་ན་༽ན་དེ་དབང་དུ་འགྱུར་རོ།༼གཞན་ཡང་ སརྦ་བུ་དའི་༽སྔགས་༼སྔར་༤ན་དུ་ཙཀྲ་བྲིས་ཏེ་སྣག་ཚ་སྐྱེད་པས་བྱ་ཁྲག་དགུག་པ་ལ་སོགས་པར་གང་འདོད་པ་དེའི་རྐང་རྗེས་དང་རྫ་མཁན་གྱི་ལག་པ་ཕྱིས་པའི་ས་ལ་ལིང་ཀ་བྱས་ལ་ཁོག་པར་འཁོར་ལོར་བཅུག་ལ་རྫས་་་་་་མས་་་་་་་བྱས་ལ་མནན་ན་༽འདི་ཉིད་ཀྱིས་དགུག་པ་༼སྤེལ་ཚིག་སྤོས་ ༽དང་། གནོན་པ་༼རེངས་པ་༽དང་། རྨོངས་༼དྲན་པ་ཤན་༽པ་དང་། ༼ཁྲག་༽སྐེམས་པ་དང་། ༼སེམས་༽རྨུགས་༼འདི་དག་གི་ཉམས་བླང་ཞིབ་མོར་སྔར་དང་འདྲ་༽པ་དང་༼ཅུང་ཟད་དྲན་པ་དང་བྲལ་བ༽ ། ཚིག་༼སྨྲ་མི་ཤེས་པ་༽འཕྲོག་པ་དང་། ལོང་པར་བྱེད་པ་དང་། ༼སླར་ཡང་སོས་པར་གྱུར་ཅིག་པའི་སྤེལ་ཚིག་དང་། ལིང་ཀའི་སྙིང་ཁ་ནས་འཁོར་ལོ་བཏབ་ནས་ཙན་དན་དཀར་པོའི་ཆུས་བཀྲུས་ནས་༽སླར་གཏོང་བར་བྱེད་དོ། དེ་ནས་༼གཞན་ཡང་༽སྐྱེས་པ་བུད་མེད་དུ་བྱ་བར་འདོད་ན། ༼རོ་དང་དུས་༡བསྐྱལ་བའི་༽རོའི་མེ་ཏོག་དང་། ཀ་ཀ་ཨན་ཏྲི་ཀའི་འབྲས་བུ་༼ནག་པོ་ཆེན་པོ་བྱ་ཁྭའི་མཆུ་འདྲ་བསྐྱུལ་བ་༽དང་། བཀྲེས་པའི་༼བྱ་རོག་༽སེན་མོ་དང་། ༼དེའི་༽རྐང་བའི་འོག་གི་སྤགས་པ་ཆ་མཉམ་པར་བྱས་ལ། རི་བོང་གི་ཁྲག་དང་བཏགས་ཏེ། རི་ལུ་བཅུ་གཅིག་བྱས་ལ་གྲིམ་མ་ལ་བསམ་མོ། དེ་བཞིན་དུ་༼བསྒྲུབ་བྱའི་སྐྱེས་པའི་ཉིན་ཞག་དྲིས་ལ་དེ་ཤེས་ན་ཉིན་ཞག་གང་ཡང་སྐྱེས་པ་དེའི་ཉི་མ་དང་ཚེས་གང་ལ་བཟླས་པའི་རི་ལུ་མ་ནོར་བས་བསྒྲུབ་་་་་་དངོས་སམ་རྒྱུ་བ་ལ་བསྟུན་གསུང་༽ཞག་བཟང་པོ་ལ་ལག་པ་ལ་བཅིངས་ཏེ། ༼རི་ལུ་ ཚེས་བཅུ་གཅིག་པ་ལ་་་་་་་་་་པ་ཡིན་ན་བཅུ་གཅིག་པའི་བར་གྱི་སྔགས་བཟླས་པ་རྫོགས་ནས་བཅུ་གཉིས་པ་སྐྱེས་པའི་ཉིན་ཞག་ཤེས་པར་བྱས་ལ་༽ཉི་མ་གཅུ་གཉིས་༼བསྒྲུབ་བྱ་ཚེས་བཅུ་གཉིས་ལ་སྐྱེས་པ་དེའི་ཉི་མ་དང་ཚེས་༢་པའི་རི་ལུས་བཅུ་༣་པ་ཡིས་དེའི་འདྲེས་ཀྱིས་ཡར་ངོ་མར་ངོ་༢་ཀ་སྦྱར་གསུང་༽པ་ལ་༼རི་ལུ་༽གང་གི་ཕྱེ་མ་༼དངོས་སུ་༽མགོ་ལ་བཞག་པ་དེ་བུད་མེད་དུ་འགྱུར་རོ། ༼གཞན་ཡང་༽དེ་ནས་སྐྱེས་པ་ཁྱིར་བྱ་བར་འདོད་ན།༼ལྕགས་རྡོའི་བྱེ་བྲག་༡་ཡོད་གསུང་དེའི་ཕྱེ་མ་༽རྒྱ་ལྕགས་༼ཟད་པ་༽ནེའུ་ལེའི་༼དྲེ་མོ་༽སྤྱི་བོར་བཞག་ལ། མཚན་མོ་བདུན་གྱི་བར་དུ་༼ཐུན་རེ་རེ་ལ་ཉེ་སྙིང་༽བརྒྱ་སྟོང་བཟླས་ལ། ཉིན་ཞག་བརྒྱད་པ་ལ་༼དེ་༽གུར་གུམ་༼ལྕགས་ཕྱེ་དང་༽དང་མཉམ་པོར་བྱས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་ལ་༼ལྕགས་༽ཕྱེ་མའི་སྦྱིན་བསྲེག་༼བརྒྱ་རྩ་བརྒྱད་༽བྱས་ན། ༼དེའི་ཐལ་བ་༽གང་གི་སྤྱི་བོར་བཞག་པ་དེ་ཁྱིར་འགྱུར་རོ། ༼རྗེས་བཟུང་༽སླར་གསོ་བ་མི་མཚན་མོའི་དུས་སུ་མཁའ་འགྲོ་མ་རྣམས་ལ་༼ཤ་དང་ཆང་གི་༽མཆོད་པ་ཆེན་པོ་བྱས་ཏེ། གཏོར་མ་བྱིན་ན་༼སྤྱི་བོའི་རྫས་ཀྱིས་ཕྱིས་ཏེ་སླར་སོས་པར་གྱུར་༡་པའི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ན་༽དེའི་འོག་ཏུ་རྣལ་མར་འགྱུར་རོ། རྫས་རྫས་མ་ཡིན་པར་འདོད་ན།༼གསེར་གསེར་མ་ཡིན་པར་འགྲོ༽ གསེར་ཤིང་གི་༼ལང་ཏང་པས་༽འབྲས་བུས་སྦྱིན་བསྲེག་༼སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་ཚོགས་འཁོར་༽བརྒྱ་༼ཐབ་དུ་༽བྱས་༼ལས་ཐམས་ཅད་པའི་ཐབ་ཁུང་བྱས་ཏེ་བྱ་༽ན། རྫས་རྫས་མ་ཡིན་པར་༼གསེར་ར་གཞན་ལ་སོགས་པ་༽འགྱུར་རོ། ༼གྲངས་བརྒྱ་འདྲ་༽ཨ་རུ་རའི་སྦྱི་བསྲེག་བྱས་ན་རྣལ་མར་འགྱུར་རོ། ༼གཞན་ཡང་༽དེ་ནས་གློ་བུར་བ་རྣམས་༼སེར་བ་དང་ཐོག་ལ་སོགས་པ་༽བསྐྱེད་པར་འདོད་ན། བྱ་ཆེན་པོའི་གནས་ཀྱི་༼འུག་པའི་ཚང་གི་ཤིང་ལ་ཤན་པའི་བུ་མོའི་སྐྲས་་་་་་་་་་་་་་་་༽སྦྱིན་བསྲེག་༼བསྲེག་ལུགས་བརྒྱ་༽བྱས་ན། ༼ཐུན་རེ་ལ་བརྒྱ་རྩ་རེ་༽ཞག་བདུན་གྱིས་གློ་བུར་བ་༼གཟེར་དང་ཐོག་ལ་སོགས་པ་༽འབྱུང་བར་འགྱུར་རོ། སླར་བཟློག་པ་ནི་༼ཀུ་ཤའི་༽འབྲས་ཕུབ་ཀྱི་སྦྱིན་བསྲེག་༼སྲེག་བླུགས་བརྒྱ་རྩ་༽བྱས་ན་ཞི་བར་འགྱུར་རོ། །བྱི་ལའི་སྤུ་ཟླ་བ་གཟས་ཟིན་པའི་ཚེ་བསྡུས་ནས་གང་གི་མིང་ནས་༼ཉེ་སྙིང་མཐར་ཆེ་གེ་མོ་བྱི་ལར་གྱུར་༡་པ་དང་བཟླས་ཏེ་བཟླས་བ་་་་༽བརྗོད་ནས་སྦྱིན་བསྲེག་བྱས་པ་དེའི་ཐལ་བ་བླངས་ཏེ། ༼གང་གི་༽མགོ་བོར་བྱིན་ན་བྱི་ལར་འགྱུར་རོ། སླར་བཟློག་ན་༼སྤྱི་བོའི་ཐལ་བ་ཕྱིས་ཏེ་སྤེལ་ཚིག་སླར་སོས་པར་གྱུར་ཅིག་པ་དང་བཅས་ཏེ་བཟླས་ན་༽རྣལ་མར་འགྱུར་རོ། ༼གཞན་ཡང་༽བྱ་རོག་གི་རྒྱུས་པ་ལ་སྲད་བུ་བྱས་ལ། ༼ཉེ་སྙིང་༽བརྒྱ་རྩ་བརྒྱད་མངོན་པར་བཟླས་ཏེ། ༼རང་གཞན་༽གང་གི་མགུལ་དུ་བཅིངས་པ་དེ་ཁྭར་འགྱུར་རོ། ༼གཞན་ཡང་༽སེམས་ཅན་གང་ལ་གང་གི་རྒྱུས་པ་སྲད་བུ་བླངས་ལ་༼སྤེལ་ཚིག་དང་བཅས་པས་༽མངོན་པར་བཟླས་ཏེ། ༼སྲད་བུ་དེ་མགུལ་དུ་༽བཅིངས་པ་དེ་དང་དེ་འདྲ་བར་འགྱུར་རོ། དེ་བཞིན་དུ་ཁྭ་དང་། ཐ་བ་དང་། རྨ་བྱ་དང་། ཆུ་སྐྱར་དང་། འུག་པ་དང་། ཁྲ་དང་། བྱ་རྒོད་ཀྱི་གཟུགས་༼སྐྱེར་བཅིངས་ན་༽འཛིན་པར་འགྱུར་རོ།༼འདི་དག་ཐམས་ཅད་སྔོན་དུ་བསྙེན་པ་སོང་པའི་ལས༽ ༼གཞན་ཡང་༽བ་གླང་གི་སྤུ་ལས་སྲད་བུ་བྱས་ལ། ༼ལས་སྦྱོར་དུས་སུ་༽ལན་བརྒྱད་བརྒྱ་བཟླས་བརྗོད་བྱས་ཏེ་མགུལ་དུ་བཅིངས་ན་བ་གླང་དུ་འགྱུར་རོ། གང་དང་གང་རྐང་བ་བཞི་བ་དེའི་༼སྤུ་ལས་༽སྲད་བུ་བྱས་ལ། ༼ཙཀྲ་དང་ལྡན་པས་་་སྤེལ་ཚིག་དང་བཅས་པས་འདི་དག་གི་རྒྱུས་པ་ལ་སྔགས་བཟླས་ཏེ་མགུལ་དུ་བཏགས་པའི་སྦྱོར་བས་༽མངོན་པར་བསྔགས་པས་མགུལ་དུ་བཏགས་ན་དེ་དང་དེའི་༼དུད་འགྲོ་རྐང་༤་བའི་༽གཟུགས་སུ་འགྱུར་རོ། ༼སྤེལ་ཚིག་དང་བཅས་པས་སྲད་བུ་བཀྲོལ་ན་༽བཀྲོལ་ན་ཐར་བར་༼རྗེས་བཟུང་༽འགྱུར་རོ། ༼༡་བུར་གང་ལ་སརྦ་བུ་ཊ་ལ་སོགས་པ་སྤེལ་ཚིག་དང་བཅས་པ་༽འབྲུ་ལ་བཟླས་ནས་ནོར་གྱི་བདག་པོའི་ཁྱིམ་དུ་བཅུག་ན། ༼བཟླས་པའི་འབྲུ་ཡང་ན་འབྲུ་དེ་ཕྱེད་བསྒྲུབ་བྱའི་སྣོད་དུ་བླུགས་ཕྱེད་རང་གི་སྣོད་དུ་བླུགས་༽ལྷག་མས་བདག་ཉིད་༼སྤྱི་བོར་བླུགས་ན་༽དབང་བསྐུར་ན། ༼དེ་ནས་ཡང་༽མཚན་མོ་བདུན་གྱིས་འབྲུ་ཐམས་ཅད་༼རང་གི་ཁྱིམ་དུ་༽འགུགས་པར་འགྱུར་རོ། དཔལ་འཁོར་ལོ་སྡོམ་པ་ལས་སངས་རྒྱས་ཐམས་ཅད་ཀྱི་མཁའ་འགྲོ་མའི་སྔགས་ཀྱི་ལས་ཐམས་ཅད་པའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བདུན་བའོ། །༼འཚམས་སྦྱར་བའི་སྒོ་ནས་སྔར་བཤད་པའི་ལས་ཀྱི་ཚོགས་ཀྱི་སྔགས་དངོས་བཤད་དངོས་འདི་ཡང་ཉེ་སྙིང་གི་ལས་ཡིན་༽།དེ་ནས་གཞན་ཡང་བཤད་བྱ་བ། །མཁའ་འགྲོ་ཀུན་༼སུམ་ཅུ་བདུན་༽གྱི་བདེ་བའི་མཆོག་༼གི༽ །༼ཉེ་སྙིང་༽སྙིང་པོ་རྣལ་འབྱོར་མ་ཀུན་གྱི། །འདོད་པའི་ལས་ཀུན་༼ལེའུ་༤་བཅུ་བདུན་པར་བསྟན་པ་རྣམས་༽བསྒྲུབ་པ་པོ། །༼སྔགས་ཀྱི་ཆེ་བ་༽གང་ཞིག་༼དབང་པོ་རབ་ཀྱིས་སྦྱི་བསྲེག་ལ་སོགས་པ་རྫས་ཀྱི་སྦྱོར་བ་ཅུང་ཟད་ལ་བརྟེན་དེ་༽དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་གཡོ་བྱེད་ཅིང་། །རྗེས་སུ་དྲན་པ་ཙམ་གྱིས་ཀྱང་། །༼མི་བསླུ་བས་༽ཡང་དག་དངོས་གྲུབ་༼རྣམས་༽རིམ་གྱིས་གོེར། །༼ཨོཾ་ནས་རིམ་པས་གློག་༽ཧཱ་སྭཱ་ཊཕ་ཧཱུཾ་ཧཱུཾ་ཡེ་ནི་རྞ་ཝ་ཛྲབ་ཡེ་ནི་ཀི་ཊཱ་དྷབུ་རྦས་ཨོཾ། །སྔགས་༼ཀྱི་ཆེ་བ་བསྟན་པ་དང་པོ་༽འདི་བཟླས་པས་འགྲུབ་པ་སྟེ། །ལས་༼དངོས་གྲུབ་༣་༽རྣམས་ཀུན་བྱེད་དགེ་བ་ཡིན། ༼བསྟན་པ༽ །མཁའ་འགྲོ་རྣལ་འབྱོར་མ་༼བཤད་པ་༽རྣམས་དང་། ༼སོ་སོར་བཤད་པ་༽ །ཁཎྜ་རོ་ཧ་ལཱ་མ་༼བསྡུས་པ་༽སོགས། ༼སུམ་བཅུ་རྩ་བདུན་༽ །མཁའ་འགྲོ་མ་ནི་ཐམས་ཅད་ཀྱི། །༼འདི་བཟླས་པས་ཐམས་ཅད་བཟླས་པར་༏གྱུར་བས་༽སྔགས་ནི་འདི་ཉིད་ཡིན་པར་བཤད། །༼འཇིག་རྟེན་གྱི་ཁམས་༽ས་འོག་ཡང་ན་མཐོ་རིས་སམ། །དེ་བཞིན་མི་ཡུལ་དག་ཏུ་ཡང་། །ལས་ནི་གང་དག་ཡོད་པ་༼༢་གྲགས་པ་༽རྣམས། །ཀླགས་པས་དེ་དག་ཐམས་ཅད་༼ཆེ་བ་འགྲུབ་ངེས་པ་ལ་དགོངས་༽འགྲུབ། །༼ཉེ་སྙིང་༽འདི་ལས་ཤིན་ཏུ་མཆོག་གྱུར་གང་། །འཇིག་རྟེན་གསུམ་ན་༼སྔགས་༽ཅིའང་མེད། །གང་ཕྱིར་༼འགྲུབ་པ་ཉེ་བའི་༽འདི་ནི་༼༢་༢་པ་༽བླ་མེད་པ། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། །མཁའ་འགྲོ་མ་ནི་ཀུན་གྱི་གནས་༼ཀྱང་ཡིན་པས་༽། །མདོ༼ར་བསྡུ་ན༽་བཤད་༼འདི་དངོས་གྲུབ་ཐམས་ཅད་འགྲུབ་པ་༽རྒྱས་པར་མ་ཡིན་ནོ།༼འདིས་དང་པོ་གནས་བསྟན་༽ །མེ་ཏོག་འབྲས་བུ་སྣ་ཚོགས་ཀྱི༼ས་བརྒྱན་པ་༽། །རི་བོ་བཟང་པོ་བི་བར་བ་༼ནག་པོ་མངོན་རྟོགས་ལྟར་རམ་ལུའི་པའི་འགྲེལ་བ་ལྟར་རམ་ཀླུའི་པའི་རྩ་རྐྱང་ལྟར་བསྒོམ་སྟེ་ཀླུའི་པ་རྩ་རྐྱང་ལྟར་བསྒོམ་ན་ཚངས་པའི་གནས་༤་ནས་འབྱུང་པ་རིམ་བརྩེག་གི་བར་བསྒོམས་ལ་དེ་ནས་རྩ་་་་་པར་ལས་བསྟན་འདིར་སྔགས་ལ་སོགས་པ་བསྟན༽ །༼ ༢་པ་དངོས་གྲུབ་དེ་དག་ཀྱང་བསྐྱེད་པའི་རིམ་པ་ལ་གནས་པས་་་འགྲུབ་པས་བསྐྱེད་པའི་རིམ་པ་བསྟན་ ་ཞལ་༤་དང་འབྲེལ་བའི་ཐོད་པ་བཞི་༽༼བསྒྲུབ་པ་པོ་ལ་གནས་པ་༽ །དེ་ཡི་སྟེང་དུ་རྟག་བསྒོམ་པ། ༼བསྒོམ་བྱའི་ལྷ་བསྟན་ཏེ་ཕྱིའི་དལ་དང་ལུས་ཀྱི་༢་ཀ་ཐུན་མོང་དུ་བསྟན་༽ །མཁའ་འགྲོ་༼གཙོ་བོས་་་་་དང་སྒོ་འཚ་་་་་་་མ་གོང་དུ་་་་་ཟིན་ནས་༽དེ་བཞིན་ལཱ་མ་དང་། །ཁཎྜ་རོ་ཧ་རྣལ་འབྱོར་མ་༼གཟུགས་ཅན་མ༽། །༼གཙོ་བོ་ཧེ་རུ་ཀ་༽དཔའ་བོ་རྣམས་ཀྱི་དཔའ་བོ་མཆོག ༼འདི་འཚམས་ཀྱི་ཐོད་པ་༽ །ཧ་ཧ་ཧོ་ཧོ་ཞེས་བྱ་བ་༼དེ་ཚོས་བདེ་ཆེན༽། །དཔའ་བོ་ཉི་ཤུ་རྩ་བཞི་ཡི། །མཁའ་འགྲོའི་དྲ་བ་བདེ་མཆོག་ཡིན། །༼ལྷ་རྣམས་བཟློག་ཏེ་དགོད་པ་བསྟན་གནས་རྣམས་ཀྱང་བཟློག་པར་འདོད་༽རྡོ་རྗེ་སེམས་དཔའ་རྣམ་སྣང་མཛད། །དེ་བཞིན་པད་མ་གར་དབང་དང་། །ཤྲཱི་ཧེ་རུ་ཀ་ཉིད་དང་ནི། །ནམ་མཁའི་མཁའ་སྙིང་དང་ནི་རྟ་མགྲིན་ཉིད། །རིན་ཆེན་རྡོ་རྗེ་སྟོབས་པོ་ཆེ༼དེ་མན་ཆད་སྐུའི་བརྒྱད་དོ༽། །མིག་མི་བཟང་དང་འཇིགས་བྱེད་༼ཆེན་པོ་༽དང་། །རྡོ་རྗེ་བཟང་༼པོ་༽དང་རབ་༼ཏུ་༽བཟང་༼པོ་༽དང་། །རྡོ་རྗེ་ཧཱུཾ་མཛད་དཔའ་ཆེན་པོ། །དེ་བཞིན་རྡོ་རྗེ་རལ་བ་ཅན། །༼དེ་ཡན་ཆད་གསུང་གི་བརྒྱད་དོ་༽མྱུ་གུ་ཅན་དང་རྡོ་རྗེའི་ལུས། །རྡོ་རྗེའི་འདི་ནི་ཉིད་དག་དང་། །འོད་དཔག་མེད་༼པ་༽དང་ལྷ་ཡི་སྒྲ། །དེ་བཞིན་མཆེ་བ་རྣམ་གཙིགས་དང་། །ཀེང་རུས་ཀེང་རུས་ཆེན་པོ་དང་། །ཐོད་པའི་དུམ་བུ་༼དེ་ཡན་ཆད་ཐུགས་ཀྱི་བརྒྱད་༽ལ་སོགས་པ་༼ཡུལ་ཨུ་པ་སི་ལ་པ་ལ་སོགས་པ་དང་སྒོ་འཚམས་མ་བརྒྱད་བསྡུའོ༽། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །འགྲོ་བ་འདི་དག་ཐམས་ཅད་ཁྱབ། །དཔའ་བོ་རྣམས་དང་མཁའ་འགྲོ་ཉིད། ༼ཤུགས་ཀྱིས་བསྟན་པ་སྟེ་གོ་རིམ་མ་བཟློག་པར་བསྟན༽ །རྣམ་འབྱོར་མ་ནི་རབ་༼ཏུ་༽གཏུམ་༼མོ་ལ་༽སོགས་༼པ་༣་ཀ༽ །༼བྱ་བ་ཟེར་༽ །ལུས་༼ཀྱི་དཀྱིལ་འཁོར་བསྟན་༽རྣམས་ཀུན་ལ་བསྒྲུབ་པ་པོས། ༼ལུས་ལ་གནས་པ་ལྟར་བསྒོམ་དགོས་པས་༽ །འཁོར་ལོར་ཞུགས་པར་བལྟ་བར་བྱ། ༼རྩེ་༡་པའི་ཡིད་ཀྱིས་ཉམས་རྗེས་མེད་ཐུན་དཔྱད་པ་མེད་པ་༽ །གྲུབ་དོན་ཤིན་ཏུ་མཉམ་བཞག་པས། ༼ཧེ་བཛྲའོ་ལྷ་སུམ་ཅུ་རྩ་བདུན་རྫོགས་པ་༽ །འཁོར་ལོའི་བདག་ཉིད་རྟག་ཏུ་བསྒོམ། །སྔར་བཤད་པ་ཡི་ཆོ་ག་ཡིས་༼ལྷར་བསྐྱེད་པ་ནས་ལེའུ་དང་པོར་སྒྲ་ཚུལ་ལས་བྱུང་གིས་༽། །མཁའ་འགྲོ་དྲ་བ་བདེ་མཆོག་མཆོད་མངལ་སྐྱེས་དང་བསྟན་སྔགས་ཀྱི་མཆོད་པ་འཕྲོ་བ་སྔར་བཤད་པས་ཀྱང་གསུངས།༼དཀྱིལ་འཁོར་ཆེན་པོ་ཅིའི་ཕྱིར་མཆོད་ཞེ་ན་༽ །འཁོར་ལོ་༼ལྷ་རྫོགས་པ་ལ་དངོས་གྲུབ་༽ཆེན་པོ་གྲུབ་ཀུན་གནས་༼སྔགས་སྐྱེས་ཞིང་སྐྱེས་ལྷན་༡་ཏུ་གནས་ ལ་ལྷ་རྐྱང་པ་ལ་ལས་༡་ཚར་བ་རེ་རེ་ཙམ་ལས་མི་གནས་པས་དལ་ཆེན་པོ་བསྒོམ་ཞིང་མཆོད་པའོ༽། །༼རྒྱས་པ་༽འདི་ནི་སངས་རྒྱས་བྱེ་བ་དང་། །དཔའ་བོ་བྱེ་བས་རབ་ཏུ་གསུངས། ༼ལྷ་ཚངས་པས་ལས་གྲུབ་པར་བསྟན་པའོ་༡་པས་ལས་མ་གྲུབ་པར་བསྟན་སུམ་བཅུ་རྩ་བདུན་ཚང་བར་བསྒོམ་ན་་ལྷ་སུམ་བཅུ་བདུན་གྱིས་བྱིན་གྱིས་བརླབས་པར་མ་ཟད་༽ །མཁའ་འགྲོ་མ་ནི་རེ་རེ་ཡི། །འཁོར་ནི་བྱེ་བ་དག་ཏུ་འགྱུར༼བས་ཀྱང་བྱིན་གྱིས་བརློབ༽ ། ༼མཁའ་འགྲོ་མ་རང་ནང་དག་ཡིན་ཞེ་ན་༽ །རྣལ་འབྱོར་མ་ནི་མཁའ་འགྲོ་ཉིད། །གཟུགས་ཅན་མ་དང་དུམ་སྐྱེས་མ། །དེ་བཞིན་ལཱ་མ་ལ་སོགས་ནི། ༼དེ་དག་གིས་བྱིན་གྱིས་བརླབ་པོ་༽ །དངོས་གྲུབ་ཀུན་བྱེད་༼ཐམས་ཅད་ཙང་པས་༽དགེ་བ་ཡིན། དཔལ་འཁོར་ལོ་སྡོམ་པ་ལས་དཔའ་བོ་དང་མཁའ་འགྲོ་མའི་གནས་ཀྱི་གསང་བའི་༼ལུས་ཀྱི་དལ་གཙོ་༽དཀྱིལ་འཁོར་༼ཆེན་པོའི་༽གྱི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ། །དེ་ནས་༼ལེའུ་བཅུ་༡་པས་སྐྱེ་བ་བདུན་པའི་མཚན་ཉིད་ལ་སོགས་པ་མདོར་བསྟན་བཅུ་༤་པས་རྒྱས་པར་བཤད་འདིར་མིའམ་ཕྱུགས་ཀྱི་སྐྱེ་བ་བདུན་པ་བསྒྲུབ་པ་སོ་སོར་བཤད་༽གཞན་ཡང་བཤད་བྱ་བ། ༼འོག་ནས་འབྱུང་བ་༽ །ཕྱུགས་ལས་དེ་བཞིན་ཆོ་ག་སྟེ། ༼སྐྱེ་བ་བདུན་པ་༽ །གང་ཞིག་༼མེ་ལོང་ལས་སྐྱེ་བ་གང་ཡིན་པའི་རྣམ་པ་འཆར་ དེ་ཉིད་ལ་བརྟེན་ནས་སྐྱེ་བ་བདུན་པ་བསྒྲུབ་པ་བསྟན་སྐྱེ་བ་བདུན་པའི་བར་གསུང་༽ཤེས་པ་ཙམ་གྱིས་ནི།༼ མིའི་གཙོ་བོ་ཕྱུགས་ཀྱི་་་་་་་ ད་བྱས་ལ་དེ་ལ་བསྙེན་བསྐུར་བྱ་བས་ལུས་དོར་བཟོས་པ་ལ་སོགས་པའོ༽ །མྱུར་དུ་དངོས་གྲུབ་ཐོབ་འགྱུར་བའི༼་ལྷའི་ལུས་སུ་འགྱུར་བ་ལ་སོགས་པའི་་་་དེ་དག་གིས་སྤྱིར་མདོར་བསྟན༽ ། ༼དེ་ནས་དཔྲལ་བར་༽ །ས་ལུ་༼བསྒྲུབ་པའི་ཚུལ་རྒྱས་པར་བཤད༽བཏགས་པ་སྔགས་པ་ཡིས། ༼བོང་བུ་༽ །ཕྱུགས་ཀྱི་གཟུགས་བྱས་༼པས་༽རིམ་༼པ་༽ཇི་བཞིན། ༼འདི་དག་གིས་སྐྱེ་བ་བདུན་པ་མཐོང་ངོ་༽ །རུས་སྦལ་རྔ་མོ་ཕག་དང་ཝ། །ཁྭ་དང་འུག་པ་བྱ་རྒོད་དང་། །ཁྲུང་ཁྲུང་ཁྭ་དང་ས་ར་ས་༼བཞད་ཆེན་པོ་༽། །དེ་རྣམས་ལས་༼སྐྱེ་བ་བདུན་པ་གང་ཡིན་པ་བརྟག་པ་༽ནི་བཤད་བྱ་སྟེ། །དེ་ཡི་མཚན་ཉིད་བསྟན་པར་བྱ༼ ༽ ། ༼སྐྱེ་བ་གཅིག་ལས་མེ་ལོང་གི་ནང་དུ་་་རུས་པ་༡་འབྱུང་༢་པ་ལ་སོགས་པ་འགྲོ་༽ །སྐྱེ་བ་གཅིག་དང་སྐྱེ་བ་གཉིས། །གསུམ་དང་བཞི་དང་ལྔ་ཉིད་སྟེ། ༼དེ་ཡན་ཆད་མཆོད་པ་ཙམ་ལས་ནུས་པ་མེད་༽ །སྐྱེ་བ་དྲུག་དང་བདུན་དུ་ཡང་། ༼མེ་ལོང་ལ་གཟུགས་བརྙན་དུ་བྱུང་པ་སྟེ་༽ །སྐྱེ་བ་བརྒྱུད་པར་༼བར་མ་ཆད་པའོ༽གདོན་མི་ཟ༼འདི་ཡན་ཆད་བྱོལ་སོང་གི་སྐྱེ་བ་བདུན་པ་བསྒྲུབ་པའོ༽ ། ༼གཞན་ཡང་དུད་འགྲོ་ཡིན་ན་ཁ་༡་རྫས་སྦྱོར་བའི་དགོས་པ་༽ །གང་གི་༼སྐྱེ་བ་བདུན་པའི་མཚན་ཉིད་༽ཁ་ཡི་དྲི་ཞིམ་ཞིང་། ༼དེ་དག་གི་རྗེས་སུ་འབྲངས་ནས་ལུས་འདོད་གཞན་གྱི་བྱེད་ཙུགས་ཀྱི་བར་དུ་༽ །མིག་མི་འཛུམས་པར་རྣམ་པར་བལྟ། །བདེན་པར་སྨྲ་ཞིང་༼གཞན་གྱིས་དེ་༽མཐོང་ན་དགའ། །རྟག་ཏུ་དམ་ཆོས་༼དད་པ་ཆེ་བས་༽དགའ་འགྱུར་ཞིང་། །༼སྔར་གྱི་༽རང་གི་སྐྱེ་བ་ཤེས་པ་དང་། ༼རྔུལ་ལ་༽ །ལུས་ཀྱི་དྲི་ནི་རྟག་ཏུ་ཞིམ། །མཚན་ཉིད་འདི་དང་ལྡན་པ་ནི། །སྐྱེ་བ་བདུན་དུ་འབྱུང་བ་ཡིན། ༼ཞི་བར་འདོད་ན་ཚན་དན་དཀར་པོ་དང་བསྲེགས་ལ་སྦྱང་བ་རང་འབར་བ་དང་རྟོགས་པར་བྱས་པས་དུག་མེད་པར་བྱས་ཏེ་བཟས་གསུང་།དབང་ལས་ལ་སོགས་པ་ཡང་བསྒྲེས་དེ་ལ་གུར་ སུམ་རྒྱས་གྷི་ཝཾ་དང་སྐེ་ཚེ་སྲེག་པར་བྱའོ་འདོད་འདིར་ཡང་སྔོན་དུ་བསྙེན་པ་སོང་པས་དེ་ནས་ཡུམ་གྱི་ཉེ་སྙིང་གི་འཁོར་ལོ་བྲིས་ལ་ཙཀྲའི་ལྟེ་བ་ལ་མི་འམ་ཕྱུགས་ཀྱི་སྐྱེ་བ་བདུན་གང་རྡོག་པར་འདོད་པ་དེ་བྲིས་བར་གྱིས་བྲིས་པ་སྤེལ་ཚིག་དང་བཅས་པ་བྲིས་ལ་རབ་གནས་ལ་སོགས་པ་བྱས་ལ་འབྲས་ཟན་ལ་བོང་བུའི་རྒྱུ་བ་བྱས་ལ་དེའི་སྙིང་ཀར་ཙཀྲ་བཅུག་ལ་བསྒྲུབ་པ་པོ་ཡང་ནང་དུ་ཞུགས་ཏེ་སྐྱེ་བ་བདུན་གྱི་མེ་ལོང་ལ་མི་ཚིལ་ལསོགས་པས་ཕྱིས་ཏེ་སྦྱང་ལ་ལྟས་ན་སྐྱེ་བ་དུ་བླངས་པ་དེའི་གཟུགས་་་་་་མཐོང་བ་འོང་ངོ༽ །དེ་ནི་ཟོས་པ་ཙམ་གྱིས་ནི༼་དེ་ལྟར་ཤེས་ནས་དེ་ལ་བསྙེན་བསྐུར་བྱས་པས་དེ་མངོན་ཤེས་ཅན་་་་་་་་༢༨་་་ ་ཡིན་པས་ལུས་འདོར་གསུང་། འབའ་དན་ཏ་འཕོ་བའི་སྦྱོར་བ་བྱ་དགོས་གསུང་༽། །༼གཞན་ལྟར་༽ལྷ་ཡི་གཟུགས་ནི་འཛིན་པར་འགྱུར། །༼དེའི་ཤའམ་གོ་རོ་ཙ་ན་༽བསྣམས་པའམ་རེག་པ་ཙམ་གྱིས་ནི། །༼གོ་རོ་ཙ་ན་༽གང་ཞིག་༼མ་ཟོས་པར་༽ཐིག་ལེ་བྱས་པ་དེ། །མོད་ལ་༼མཁའ་ལ་སྤྱོད་༽འགྲུབ་པར་འགྱུར་བ་སྟེ། །༼གང་འགྲུབ་ན་༽འདི་ནི་༼དུད་འགྲོ་གང་འདོད་པའི་༽རང་དགའི་གཟུགས་འཆང་འགྱུར།༼ བཟའ་བར་མ་ཟད་ཐིག་ལེའི་སྦྱོར་བས་དང་སི་ཏི་འགྲུབ་༽ །དེ་ཡི་སྙིང་ཁའི་༼ ་་གི་ཝང་གི་བྱེ་བྲག་༽རོ་ཙ་ན་༼དབུས་ན་གོ་རོ་ཙ་ན་སེར་པོ་མཐོ་བ་ཙམ་ཡོད་པ་དེ་༽ ། ༼གོང་གི་སྐྱེ་བ་བདུན་པ་རྟོགས་པར་ལ་༽ །མཁས་པ་ཡིས་ནི་བསླངས་ནས་ནི། ༼སྤྱི་དོན་༢་པ་འཕོ་བ་བྱེད་ན་མི་ལ་གདན་དང་པའམ་སཾ་བུ་ཏ་༤ན་དུད་འགྲོ་ཡིན་ན་་་་་བི་ད་ན་བཞིན་ནོ་དེ་དག་ཁ་བསྐང་ངོ། ༢་པ་ལྟར་་་་་་་་་་་དུད་འགྲོ་གང་ཡིན་གྱི་རུས་པ་བྱས་ལ་སྔར་གྱི་སྤེལ་ཚིག་ཅན་གྱི་ཙཀྲ་སྙིང་ཁར་བཅུག་ལ་བདག་གིས་སྔར་བཟླས་པའི་སྙིང་པོ་ག་ནས་་་་་་་་་ ་་་་་༢༨་་་སྙིང་ཀར་ཙཀྲ་ལ་བཞུག་དེའི་འོད་ཀྱི་སྐྱེ་བ་བདུན་གྱི་རྣམ་ཤེས་ཧཱུཾ་གི་རྣམ་པར་བླངས་ལ་གཟུགས་བསྙན་ལ་བཞུག་གོ་༽ །སྙིང་པོའི་སྔགས་ནི་བཟླས་ནས་སུ༼ལག་གི་ རྒྱུ་བར་བྱ་བར་འདོད་པ་དེར་གྱུར་༡་པ་བཏགས་ནས་༽། །དེ་ཡི་༼དཔྲལ་བར་༽ཐིག་ལེ་བྱ་བ་ཡིན། །སེམས་ཅན་གང་དང་གང་གི་ནི། ༼བདུན་པའི་ཤ་རུས་པ་ལྤགས་པ་སེན་མོ་ལྔ་༽ །གཟུགས་སུ་བྱེད་པར་འདོད་པ་ན། །དེ་དང་དེ་ཡི་གཟུགས་སུ་ནི། །༼འདོད་པ་ཙམ་གྱིས་༽ཐིག་ལེས་༼ཐིག་ལེ་བྱས་པ་ཙམ་གྱིས་༽འགྱུར་བར་ཐེ་ཚོམ་མེད། །མཁས་པས་༼ཡོངས་འདུ་བྱ་བ་མེ་ཏོག་དམར་པོ་ཡོད་༽ཤིང་ལོའི་ཁུ་བ་ནི། །རོ་ཙ་ནར་༼དང་༽བཅས་༼པ་༽བླངས་ནས་སུ། །དཔྲལ་བར་ཐིག་ལེ་བྱས་ནས་ནི། །༼འབྲིང་གི་༽དེ་གཟུགས་འཛིན་པར་ཐེ་ཚོམ་མེད། ༼གཞན་ཡང་༽ །ཕྱུགས་ཉིད་ཀྱི་ནི་བ་སྤུ་དག་༼དང་སྐྱེ་བ་བདུན་པའི་གོ་རོ་ཙ་ན་བསྲེས་ཏེ་དེ་ལས་ཐག་པ་བྱས་ཏེ་༽ །ལག་པའམ་སྤྱི་བོར་བཅིང་བར་བྱ་༼དེས་ཀྱང་འདོད་པའི་རྒྱུ་བ་འཛིན་པར་འགྱུར་རོ༽། །དེ་ཡི་ཡན་ལག་ལྔ་ལྡན་ཅིང་། ༼གང་གི་རྒྱུ་བཔར་བྱེད་པར་འདོད་པའི་ཕྱུགས་ཀྱི་སྤུ་ལ་ཐ་གུ་བྱས་པ་༽ །དེ་ཡི་སྤུ་དང་རྣམ་བསྲེས་ལ། །ལག་དང་སྤྱི་བོར་བཅིངས་ནས་ནི། ༼སྐུད་པ་གང་བྱས་དེའི་༽ །དེ་ཡི་གཟུགས་འགྱུར་ཐེ་ཚོམ་མེད། ༼བསྒྲུབ་པའི་ཛོ་གའམ་བསྟན་ཏེ་གང་རུང་རུང་གིས་མི་འགྲུབ་མཆོག་གིས་འགྲུབ་པའོ་༽ །རྣལ་འབྱོར་པ་ནི་༼ཡུམ་གྱི་ཉེ་སྙིང་༽བསྒོམ་ཞིང་བཟློས། ༼ལྷའི་རྣལ་འབྱོར་འཁོར་ལོ་རྒྱས་པ་ཡང་ན་དེ་བསྒྲལ་བར་༽ །མི་རྣམས་ནུས་པར་༼སྐྱེ་བ་བདུན་པ་བརྟག་པ་༽ལྡན་ཡིན་ཡང་། ༼དེ་བསྒྲལ་བ་ལ་སོགས་པ་༽ །དཀའ་ཞིང་སྡིག་ལ་མངོན་དགའ་རྣམས།༼༢༨་འདིའི་ངོ་ནས་རྟགས་གཉིས་རྟགས་ཅན་ལ་བསྒྱར་ས་མ་རྙེད་༽ །དངོས་གྲུབ་ལམ་ནི་འགོག་པ་ཡིན། །གླང་པོ་རྟ་དང་བོང་བུ་དང་། །རུས་སྦལ་རྔ་མོ་ཕག་དང་ཝ། །ཁྭ་དང་འུག་པ་བྱ་རྒོད་དང་། །ཁྲུང་ཁྲུང་ཁྲ་དང་ས་ར་ས་༼བཞད་ཆེན་པོ༽ ། ༼དེ་ལྟ་བུའི་༽ །གཟུགས་བཟང་བ་དང་གཟུགས་ངན་པ་༼རྣམས་ཀྱང་༽ ། ༼མཁའ་སྤྱོད་ལ་སོགས་པར་འགྱུར་ནུས་གསུང་༽ །ལྷ་ཡི་གཟུགས་སུ་དེ་འགྱུར་རོ། ༼དེའི་ཟ་བ་ལ་སོགས་པ་༽ །རྣལ་འབྱོར་དཔའ་ཆེན་རང་དགའི་༼གང་འདོད་པར་༽གཟུགས་༼སུ༽། །༼འདི་ཉིད་ལ་༽སྐྱེ་འགྱུར་དེ་ནི་ཐེ་ཚོམ་མེད། ༼ཐབས་༽ །དེ་ལས་ཤིན་ཏུ་མཆོག་གྱུར་བ། །༼དམན་པ་དང་འབྲིང་ལ་དད་ན་དེ་ལས་༽འཇིག་རྟེན་གསུམ་ན་ཡོད་མ་ཡིན། དཔལ་འཁོར་ལོ་སྡོམ་པ་ལས་སྐྱེ་བ་བདུན་དུ་བསྒྲུབ་པར་བྱ་བའི་གཟུགས་ཡོངས་སུ་བརྗེ་བའི་ཆོ་གའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ། །༼དེ་ལྟར་ལེའུ་གསུམ་གྱིས་སྐྱེ་བ་བདུན་པ་བསྟན་༽ །༼འདི་རྗེ་བཙུན་མའི་སྙིང་པོས་ལས་བསྒྲུབ་པས་འབྲ་བུའི་གསང་པ་ལ་་་ སྐྱེ་བ་བདུན་པའི་ཕན་ཡོན་ནི་དུད་འགྲོ་རྣམས་ཀྱིས་མི་སྐྱེ་བ་བདུན་གྱི་ཤ་ཟོས་ན་མཁའ་སྤྱོད་ལ་སོགས་པར་ལྷའི་ལུས་དང་འདྲ་བར་འགྱུར་བ་ལ་སོགས་པའོ། དེས་ན་གོང་གི་རུས་པ་ལ་ཅེས་པ་སོགས་ཀྱང་དོན་འདི་ལ་དགོངས་ཀྱི་དུད་འགྲོ་སྐྱེ་བ་བདུན་པ་བརྟག་པ་མིན་ནམ་སེམས་གསུང་༽དེ་ནས་སྦྱིན་བསྲེག་ཆོ་ག་ནི། །ངེས་པར་༼མཚོན་པ་༽དབང་དུ་བྱེད་འགྱུར་བ། ༼སྐུ་གསུམ་གྱི་དལ་རྒྱས་པའམ་ཨ་བི་ད་ན་ལས་བྱུང་བ་ལྟར་ཡི་གེ་༣་པའི་བསྐྱེད་རིམས་སྔོན་དུ་སོང་པས་བསྲེག་རྫས་་་འཇུག་པ་བསྟན་༽ །༼བཛྲ་བེ་རོ་ཙ་ན་བསྙེན་པ་རསཙཀྲ་དང་བཅས་པ་སྔོན་དུ་སོང་པས་སྦྱིན་བསྲེག་སོགས་བྱའོ་༽གང་ཞིག་ཤེས་པ་༼ཆེ་བ་༽ཙམ་གྱིས་༼འཁོར་ལོ་རྒྱས་པའི་རྣལ་འབྱོར་༽ནི། །མྱུར་དུ་༼དབང་༽དངོས་གྲུབ་ཐོབ་འགྱུར་བཤད། །༼སྔོན་དུ་བསྙེན་པ་སོང་པས་ཡི་གེ་བཅུ་༣་པའི་འཁོར་ལོ་ཇི་ལྟ་༤ན་བྲིས་ཏེ་རབ་གན་ལ་སོགས་པ་བྱས་ཏེ་དེ་དང་ལྡན་བས་ལག་པའི་སྦྱིན་བསྲེག་བྱ་་ བ་ལང་ཤ་༽༼སྔོན་དུ་བསྙེན་པ་སོང་པས་ཡི་གེ་བཅུ་༣་པའི་འཁོར་ལོ་ཇི་ལྟ་༤ན་བྲིས་ཏེ་རབ་གནས་ལ་སོགས་བྱས་ཏེ་དེ་དང་ལྡན་པས་ལག་པའི་སྦྱིན་བསྲེག་བྱ་༽གོ་མཾ་ས་དང་མྱོས་བྱེད་བསྲེ། །ལག་པ་གཡོན་པས་སྦྱིན་བསྲེག་བྱ། ༼འདི་རྣམས་འགྲུབ་ངེས་པ་༽ །སངས་རྒྱས་ཀྱང་ནི་༼མཚོན་པ་ཙམ་༽དབང་འགྱུར་ན། །ཕྲན་ཚེགས་མི་ནི་སྨོས་ཅི་དགོས། །༼ཤ་ལྔ་བཅུད་ལོན་ལྔ་ པ་པར་ཟོས་ནས་༽སྐྱུགས་པ་༼དང་༽སོ་ཤིང་༼བྲུད་ནས་༽དོར་བ་དང་། ༼ བག་ཟན་གྱི་དྲི་མ་བྲལ་བ་༽ །དེ་བཞིན་རང་གི་ལུས་མཉེས་པ། །༼བསྒྲུབ་བྱའི་༽མིང་༼དང་༽ནི་མྱོས་བྱེད་༼ཆང་རྫས་ལྔ་༽བཏགས་བསྲེས་པས། །ཁམས་གསུམ་དག་ནི་༼གང་འདོད་པ་རྣམས་༽དབང་དུ་འགྱུར། ༼གཞན་ཡང་༽ །ཟླ་མཚན་གྱི་ནི་ཁྲག་དང་ནི། །༼སྔར་གྱི་རྫས་བཅུ་བོ་༽ཟོས་ནས་ཟློན་པའི་ཟས་དག་དང་། །༼གང་རུང་གི་༽མི་ཡི་སྐྲ་དང་༼ཕྱེ་མ་བྱས་པ་༽ལྡན་པ་ཡིས། །༼གང་འདོད་༽མོད་ལ་༼སྦྱིན་བསྲེག་བྱས་པས་༽འགུགས་པར་འགྱུར་བ་ཡིན། །༼བག་ཟན་གྱི་དྲི་མ་བྲིལ་བ་སྔ་དང་འདྲ་༽རང་གི་ལུས་བྱུང་སྐྱུགས་པ་དང་༼གཞན་ཡང་དབྱེ་བ་༽། །མཁས་པས་རང་གི་སྐྲ་༼ཕྱེ་མར་བྱས་པ་དང་༽དང་ནི། །ནིམ་པའི་ཤིང་༼གི་མེ་ལ་སྦྱིན་སྲེག་༽ལ་རབ་སྦྱོར་ན། ༼སྤེལ་ཚིག་དང་བཅས་པ་༽ །མོད་ལ་དབྱེ་བར་འགྱུར་བ་ཡིན། །༼གཞན་ཡང་བསྐྲད་པའི་ལྷའི་སྦྱོར་ལ་༽རབ་མཉམ་བཞག་པས་ད་དུའི༼འི་༽་མེར་༼ར་ལ་༽། །ཁྭ་ཡི་གཤོག་པས་༼དང་༽ཉུུངས་མར་ལ་༼པལ་ཀའི་མར་ཁུ་༽། །༼སྤེལ་ཚིག་དང་བཅས་པ་༽བསྲེས་པའི་སྦྱིན་བསྲེག་བྱས་གྱུར་ན། །འཕྲལ་དུ་འཆི་བའམ་སྐྲོད་པར་འགྱུར། ༼གཞན་ཡང་དག་༽ །གཉིད་ལོག་༼པའམ་༽མ་ལོག་༼པའི་༽ལངས་པའམ། །ཟས་ལ་སྤྱོད་སོགས་མེ་ཐུན་ནམ་༼སྙོམས་འཇུག་བྱེད་པ་༽། །སྔགས་པས་རྟག་ཏུ་ཟློས་བྱེད་དེ། ༼དབང་དུ་བྱ་བ་འགྲུབ་པ་ལ་བར་ཆད་༽ །དེ་ལ་བདུད་ནི་ཡོད་མ་ཡིན། ༼གཞན་ཡང་རྒྱས་པ་༽ །ལྕེ་སྦྱང་གི་ནི་བསྲེག་བླུགས་བྱ། ༼དེ་ལྟ་བུའི་ཐུན་གསུམ་༽ །ཡང་དག་སྦྱིན་བླུགས་བྱེད་པའི་མི། །དེ་ཡི་ཟླ་བ་གསུམ་རྗེས་ལ། །རིགས་ཀྱི་དབུལ་བ་འཇིག་པར་༼སྔར་བུ་མེད་པ་ལ་བུ་མང་པོ་འབྱུང་་༽འགྱུར། ༼གཞན་ཡང་༽ །ཤ་ཆེན་དག་གིས་ལ་ལ་ཞིག །༼ཆང་༽མྱོས་བྱེད་ལྡན་པ་སྦྱིན་བསྲེག་བྱེད། ༼ཐུན་རེ་ལ་གོང་མ་ཀུན་ལ་སྦྱར་གསུང་༽ །༼ སྔོན་དུ་བསྙེན་པ་སོང་པས་ཤ་ མེད་པར་ཆང་མ་ བསགས་པས་ནོ་མ་ཟླ་བ་དྲུག་བྱས་བར་མཁའ་སྤྱོད་དུ་འགྲོ་གསུང་༽ འདི་ཡང་ཀུན་ལ་སྦྱར་གསུང་༽་བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །༼ཀུན་ལ་སྦྱར་༽བསྒྲུབ་པ་པོ་ནི་ཐུན་གསུམ་དུ༼དུ་བྱེད་༽། །མ་ལུས་ས་རྣམས་སྤྱོད་པ༼འི་མི་༽ནི། །ཟླ་བ་དྲུག་གིས་༼མཁའ་སྤྱོད་དུ་གཞན་ཡང་རྒྱས་པ་སྤེལ་ཚིག་དང་བཅས་པའི་སྦྱིན་སྲེག་གིས་༽དབང་དུ་འགྱུར། །དགེས་པར་གྱུར་ན་༼སྦྱིན་སྲེག་གི་མཉེས་ནས་༽མཁའ་འགྲོ་མ། །རྒྱལ་སྲིད་སྟེར་བར་གདོད་མི་ཟ། ༼ལས་དེ་ཐམས་ཅད་ལ་ལྷའི་རྣལ་འབྱོར་བསྒོམ་དགོས་པར་བསྟན་༽ །ལྷ་རྣམས་ཐམས་ཅད་བསྒོམས་ནས་ནི༼ དཔའ་བོ་༡་པས་མི་ཕན་པར་གསུང་༽ ། ༼སྔ་གྲོའམ་དགོངས་ཀ་ལྟ་བུ་༽ །ཐུན་གཉིས་བར་དུ་༼ཤ་ཆེན་དང་མྱོས་བྱེད་གྱིས་༽སྦྱིན་བསྲེག་བྱ། །རང་གི་ལུས་ནི་༼མ་ཤིའི་བར་༽དེ་ཉིད་ཀྱིས། །༼གོང་གི་ཤ་ཆེན་གྱི་ནོ་མ་ཟླ་བ་དྲུག་གི་༽མཁའ་ལ་སྤྱོད་པ་ཉིད་ཐོབ་འགྱུར། ༼གཞན་ཡང་༽ །གོ་མ་སྐྱ་དང་༼ལྕེ་སྤྱང་ཆང་༽མྱོས་བྱེད་ཀྱིས། །སྦྱིན་བསྲེག་ཕྱི་ནང་༼དང་༽བྱ་བ་༼བཟའ་བ་༽བྱས། །དེ་ཡི་ལག་ཏུ་མྱུར་འགྲུབ་སྟེ། །དངོས་གྲུབ་༼དབང་ལ་སོགས་པ་༽ཐམས་ཅད་དུ་༼སྔ་མ་ཐམས་ཅད་༽འགྱུར་བ། །སྔགས་ཀྱི་བཟླས་བརྗོད་མཚན་མོ་བཟླས༼གསང་བ་ཡིན་པས་ཡུམ་གྱི་་་་་་་ནས་ཕྱི་ནསྔ་གི་སྦྱིན་སྲེག་སྔར་ལྟར་བྱ་༽། །༼མཚན་གཅིག་གིས་༽ཡུལ་འཁོར་གཅིག་ནི་༼དབང་དུ་འགྱུར་༽འཇིག་པར་བྱེད། །དེ་ལྟར་ཉིན་རེ་༼སྔགས་བཟླས་པ་སྔོན་དུ་སོང་བས་སྦྱིན་སྲེག་བྱ་༽བྱས་ནས་ནི། །རྒྱལ་པོ་ཉིད་དུ་དེ་བྱེད་འགྱུར། །འདི་ལས་རབ་མཆོག་གཞན་དག་ནི། །འཇིག་རྟེན་གསུམ་ན་ཡོད་མ་ཡིན། །༼གཞན་ཡང་ཁྱད་པར་གྱི་ཆེ་བ་རྒྱུན་དུ་བཟླས་ན་ གནར་གཅོད་པའི་སྡུག་བསྔལ་ཉམས་སུ་མི་མྱོང་༽རྣལ་འབྱོར་ཆེན་པོ་རང་དགར་འཆི། །སྣ་ཚོགས་༼གང་འདོད་པ་འདི་དང་ཕ་རོལ་གཉིས་ཀ་ལ་༽གཟུགས་ནི་འཛིན་ཅིང་རོལ། །༼གཞན་ཡང་༽བིལ་བ་༼ཤིང་་་་་༽དེ་བཞིན་པ་ལ་ཤ༼འི་འབྲས་བུ་༽། །ཨུ་དུམ་བཱ་ར་ཉིད་དག་ནི་༼༣་གྱི་༽ ། ༼ཐབ་༡་ལ་ཐུན་ངེས་ཎ་པར་༽ །སྦྱིན་བསྲེག་འབུམ་བྱས་༼བསྲེག་ལུགས་༽མྱུར་དུ་ནི། །ནོར་གྱི་བདག་པོ་ཆེན་པོར་༼གནམ་ཐོ་སྲས་ལྟ་བུར་༽འགྱུར། ༼གཞན་ཡང་༽ །གོ་མཾ་ས་དང་མྱོས་བྱེད་༼བ་ལང་ཤ་དང་ཆང་༽བསྲེ། །རྒྱལ་སྲིད་འདོད་ཅིང་༼སྤེལ་ཚིག་དང་བཅས་པས་༽སྦྱིན་བསྲེག་བྱེད། །༼ཧེ་རུ་ཀ་༽རྣལ་འབྱོར་དབང་ཕྱུག་མཉེས་བྱས་ན། །དབུལ་པོ་ཉིད་དུ་ག་ལ་༼སྟེ་ཕྱུག་པོར་༽འགྱུར། ༼གཞན་ཡང་༽ །གོ་མཾ་ས་ནི་བསྲེགས་པའི་རྒྱུས། ༼གཅོ་གཡང་ཤ་འབའ་ཞིག་གིས་་བར་ཆད་མེད་པར་༽ །ཅི་བདེ་བ་ནི་༼ནོར་ལ་སོགས་པ་༽འགྲུབ་པར་འགྱུར། ༼ གཅོ་གཡང་ཤས་༽ །གོ་མཾ་ས་ཡི་སྦྱིན་བསྲེག་གིས། །མྱུར་དུ་ནོར་༼གྱི་༽བདག་༼པོ་གནམ་ཐོ་སྲས་དང་༽མཉམ་པར་འགྱུར། ༼དཀའ་ཐུབ་༽ །བརྟུལ་ཞུགས་གཙང་སྦྲ་མེད་ན་ཡང་། །༼བཟླས་བསྒོམ་གཉིས་ལ་གནས་ན་༽གནང་བས་དངོས་གྲུབ་༼མཆོག་གི་དངོས་གྲུབ་ཀྱང་༽ཐོབ་པར་འགྱུར། ༼གཞན་ཡང་དུར་བ་འབའ་ཞིག་བསྲེགས་ན་༽ །ལྷག་པའི་ཚེ་འགྱུར་གུ་༼འདི་མན་ཆད་དུད་འགྲོ་ཁ་འཆིང་ཡང་༽སྨན་དྷ། །༼ཡོད་༽མུད་ག་མ་ཤ་ཙ་ན་ཀ།༼རི་ལུ་ཁ་ཚ་༡་་་ན་ལེབ་་་་སྲན་ཆུང་༽ །སྦྲང་རྩིའི་རྩིགས་མ་༼རོ་ཁ་བ་༽སྐེ་ཚེ་དང་། ༼སྒྲེས་པོ་རྣམས་བ་ཤ་ཀའི་ལོ་མ་ཟེར་༽ །ཏ་མ་ལ་ཡི་འདབ་༼ལ་ལ་དུ་མ་གནམ་ལ་༤་ཕྱང་ཟེར་༽བླངས་ཏེ༼འདི་དག་གི་སྦྱིན་སྲེག་བྱས་ན་༽། །གང་ཞིག་༼དུད་འགྲོ་གདུག་པ་ཅན་གང་ཡང་རུང་བ་༽ཁ་ནི་འཆིང་བྱ་བ། །རྣལ་འབྱོར་ཅི་འདོད་གྱུར་བ་ཡི། །༼གང་གི་ཁ་འཆིང་བར་འདོད་པ་སྟེ་༽གང་དུ་དགའ་བ་དེར་འགྱུར་རོ། །༼དེ་ལྟ་བུའི་དངོས་གྲུབ་རྣམས་བསྒྲུབ་པ་ལ་འཁོར་ལོ་ཆེན་པོ་བསྐོར་དགོས་པས་ལྷ་རྣམས་ཀྱི་གནས་ཕྱི་ནང་གི་བཅུ་བསྟན་༽༼ ་་་་་གནས་ལ་སོགས་པ་བཅུའི་ལྷ་དགོད་པ་ཕྱིའི་རང་ལུས་ཀྱི་གཉིས་ཐུན་མོང་དུ་བསྟན་ལ་དེས་ས་བཅུ་ཐོབ་པར་འགྱུར་བའོ་༽དེ་ནས་གཞན་ཡང་བཤད་བྱ་བ། །གནས་༼ས་བཅུ་ལ་༽ལ་སོགས་པའི་རྣལ་འབྱོར་མ་༼དང་༽། །ཧེ་རུ་ཀ་དཔལ་༼དང་༽སྐུའི་ཡན་ལག ༼དཔའ་བོ་ཉི་ཤུ་༤་༽ །ཀུན་ཏུ་བརྟེན་༼ཕྱི་དལ་ནང་གི་དལ་༽གཡོའི་བདག་ཉིད་ཅན། ༼ཕྱིའི་དཀྱིལ་འཁོར་མཆོད་ཅིང་བསྒོམ་པ་དང་ནང་གི་རྩ་སྟེ་རྫོགས་པ་བསྒོམ་པ་གཉིས་ཀས་༽ །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། ༼ཡོན་ཏན་སྐྱེད་༽ །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། ༼སྒྲིབ་པ་དག་པ་༽ །ཚན་དྷོ་ཧ་ནི་མངོན་གྱུར་ཡིན། །ཨུ་པ་༼དེ་དང་ཉེ་བའི་༽ཚན་དྷོ་སྦྱང་དཀའ་བ། །འདུ་བ་རིང་དུ་སོང་བ་ཡིན། །ཉེ་བའི་འདུ་བ་མི་གཡོ་བ། ༼རྣམ་རྟོག་ནུས་པ་ལ་༽ །དུར་ཁྲོད་ལེགས་པའི་བློ་གྲོས་ཡིན། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤྲཱི་ཧེ་རུ་ཀའི་༼ལུས་ཀྱི་གནས་གསུམ་བཅུ་༤འམ་ཉི་ཤུ་བཞིར་༽ཡུལ་དུ་སྤྱོད། །འདི་ནི་ནང་གི་༼ལུས་ཀྱི་གནས་ཉི་ཤུ་༤འམ་ལུས་ཀྱི་རྩ་ཉིཤུ་༤འི་རྩ་གཉིས་པོ་དེས་ས་བཅུར་འདུས་པའོ་༽བདག་ཉིད་ས། །ཕ་རོལ་ཕྱིན་བཅུའི་ས་༼ ཡར་བ་ས་སྡུད་པ་ཕ་རོལ་དུ་ཕྱིན་་པའི་ཕྱིའི་སྒྲོ་འདོགས་ནང་དུ་དཔྱོད་པ་༽རྣམས་ནི། །༼འདིར་༽རྣལ་འབྱོར་མ་ཡི་༼པུ་ཛ་ལ་སོགས་པ་ཡུལ་རྣམས་བསྟན་པའོ་༽བརྡ་ཡི་སྐད་༼དུ་བརྟགས་པ་་་ཐུགས་གསུང་༽། །མཐོ་རིས་ས་སྟེང་ས་འོག་ཏུ།༼ པོའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཚོགས་བསག་ཅིང་སྒྲིབ་པ་སྦྱངས་པས་དེས་ཐམས་ཅད་ལ་འདྲེའོ་༽ །༼ཉི་ཤུ་ལྔ་༽དཔའ་བོ་ཡན་ལག་བརྟན་གཡོའི་བདག༼སརྦའི༽ །པུ་ལ་སོགས་པ་གང་བསྟན་པ། ༼འཛཾ་བུའི་གླིང་དུ་སྐྱེས་༽ །ཕྱི་ནང་༼ལུས་༽བདག་ཉིད་༼དང་༽ཅན་དུ་གནས་༼རྒོང་ང་༽ ། །༼དེ་ཐམས་ཅད་རྣལ་འབྱོར་མ་སུམ་ཅུ་༧་གསུང་༽དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །༼ཕྱིའི་དབང་དུ་བྱས་ན་ལྷ་རྣམས་༽ཀུན་ཏུ་ཕྱག་༼༡༢་༽དང་ཞབས་༼༢་༽ལྡན་པ།༼ཕྱིའི་ལྷ་ཞལ་གྱི་རྣམ་པ་ཅན་༽ །ཀུན་ཏུ་མིག་དང་མགོ་བོའི་ཞལ། །ཀུན་ཏུ་ཐོས་ལྡན་༼སྙན་མངའ་བ་༽འཇིག་རྟེན་ན།༼རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཁྱབ་ལ་དེ་ལྟ་བུའི་ཚུལ་གྱིས་ཁྱབ་པར་༽ །ཐམས་ཅད་གཡོགས་པར་༼ནང་དུ་ནི་རྩའི་རྒྱུ་པ་༽རྣམ་པར་བཞུགས་༼སོ་༽ །༼ གནས་བརྩོགས་པ་བཅུ་ལ་བརྡས་བཏགས་ན་ ༽ །དེ་བས་༼གནས་པ་བསྒོ་བ་ཡིན་༽དངོས་གྲུབ་༼སྔར་གྱི་རྣམས་༽བསྒྲུབ་བྱའི་ཕྱིར།༼རིམ་པ་༢་ལ་༽ །བསམ་གཏན་ལྡན་པའི་སེམས་ཀྱིས་ཏེ།༼སྔར་གྱི་དངོས་གྲུབ་ཐམས་ཅད་འདོད་པ་༽ །སྒྲུབ་པ་པོ་ལ་ཕན་པའི་ཕྱིར།༼སྐྱེད་རྫོགས་གཉིས་༽ །གསང་བའི་དེ་ཉིད་གསུངས་པ་ཡིན།དཔལ་འཁོར་ལོ་སྡོམ་པ་ལས་དབང་གི་༼ཕྱི་ནང་གཉིས་ཀྱི་༽སྦྱིན་བསྲེག་དང་གནས་༼ཕྱི་དང་ནང་ལ་སྦྱར་བ་གཉིས་སུ་༽ལ་སོགས་པའི་ས་༼དངོས་གྲུབ་ཀྱི་རྒྱུ་༽བསྟན་པའི་ཆོ་གའི་ལེའུ་སྟེ་ལྔ་བཅུ་པའོ། །༼བཞི་བཅུ་ཞེ་་་འི་དོན་མདོར་བསྟན་ནས་བཤད་པར་བྱ་བ་སྤྱི་དོན་༣་ལས་དང་པོ་དེ་ཁོ་ན་སྟོང་ཉིད་བཅུ་བཞིར་བསྡུས་པའི་ཚུལ་གྱིས་བཤད་པར་དམ་བཅའ་བའོ་༽དེ་ནས་གཞན་ཡང་བཤད་བྱ་བ། །༼རྒྱུད་རྒྱས་པ་ན་མེད་པས་༽མན་ངག་ཤིན་ཏུ་༼དེ་ཁོ་ན་ཉིད་བཅུ་བཞི་༽རྙེད་དཀའ་སྟེ།༼གསང་བར་བྱ་བ་ཡིན་པས་༽ །དཔའ་བོའི་བརྡ་ཡི་སྐད་དུ་ནི།༼རང་དགར་འཇུག་པ་སྤང་བའི་དོན་དུ་༽ །ང་ཡིས་རྒྱུད་དུ་སྦས་པ་ཡིན། །གོས་དང་ཕྱག་རྒྱ་ལྔ་ལ་སོགས།འདིའི་སྐོར་གྱི་མཆན་ཡང་བཙུད་མེད༽༼༥༢་་་་༡་་་་རབ་ཡན་ལག་་་་་་་་། ༽༼སྣང་ངོ་ལ་འདི་༢་ཀ་༡་ཏུ་༽ །ཨ་ལི་ཀ་ལི་ཞེས་བརྗོད་པ་༼རྐང་པ་འདི་གཉིས་ལ་༣་༽། །༼བསོད་ནམས་སྒོ་ཡེ་ཤེས་ཚོགས་༽རྒྱུ་སོགས་སྟོང་པ་སྔོན་འགྲོ་བ།ཧེ་རུ་ཀའི་ཡི་གེ་བརྒྱ་བ་གསུང་།ཧེ་རུ་ཀ་ཞེས་པ་ནི་༢་སུ་ཎ་པའི་ཡེ་ཤེས་ནམ་ཐར་༣་གྱི་བདག་ཉིད་ཡིན་པའོ། །འཇུག་པ་༼ཟླ་སྟེང་དུ་ཧཱུཾ་ལས་འོད་ཕྲོས་པ་བྱ་གྲུབ་ཟླ་གདན་རྡོ་རྗེ་པདྨ་་་་། ཟླ་སྟེང་དུ་ཧཱུཾ་ལས་འོད་བྱུང་པ་ལ་སོགས་པའི་རིམས་ཀྱིས་རྟེན་དང་བརྟེན་པ་རྫོགས་པར་བྱེད་པའོ་འབྲས་བུ་སྤྱི་ལ་དམིགས་པ་དང་་་་་་་་་་་་་་་་་་༽སྒྲ་ལ་སོགས་པ་༼མ་ལ་༽ནས། །ཇི་སྲིད་བསྡུས་པའི་སྦྱར་ལྡན་ཞིང་།༼མྱང་བ་སྒོམ་་་་དེ་འོད་དུ་ཞུ་་ མ་ལ་ བས་༽ །བདུད་རྩི་ཚིམ་བྱེད་༼འོད་བསྡུས་ནས་ད་དུ་གྱུར་བ་ལས་རྒྱུ་རྡོ་རྗེ་འཆང་དུ་གྱུར་པ་་དྷར་མ་དྷ་དུ་༽མྱ་ངན་འདས། །དམ་རྒྱ་སོགས་ཕྱག་རྒྱ་བཞི་དང་རྡོ་རྗེ་སེམས་དཔའ་བསྡུ་བ་ལ་སོགས་པ་རྫོགས་རིམ་སྒོམ་ལག་པའི་མཆོད་པ་དབང་བསྐུར་བ་༼ཁྲུས་ནང་དུ་སྣང་ངོ་༽ །༼ཡི་གེ་ཉི་ཤུ་༤་༽ །གོ་ཆ་ཆེན་པོ་༼བཞི་བོ་འདི་སྒོང་སྐྱེས་ལྟར་་་་་་་ས་སྤྱོད་འབའ་ཞིག་དུ་རྩིའོ་༽ཡབ་ཡུམ་གཉིས་སུ་མེད་པས་༽ཡང་དག་བསྲུངས།༼༡༤བོ༽ །སྔགས་རྣམས་ཀུན་གྱི་མཆོད་པ་ཡིན། །དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན་ཆོ་གའི་མན་ངག་མི་བསླུ་བར་ལམ་གྱི་གསང་བ་དེ་གོམས་པས་ཕན་ཡོན་གྱི་ཚུལ་གྱིས་འབྲས་བུའི་གསང་བ་ལ་འཇུག་པ་བསྡུས་ཏེ་བསྟན་ཏོ། །མི་མཆོག་གང་ཞིག་ཀུན་སྤྱོད་པ། །སྡིག་པ་ཐམས་ཅད་རྣམ་དག་བདག་དངོས་སུ་སྤང་བའི་དོན། །དེ་བཞིན་གཤེགས་པའི་ས་ཐོབ་ཅིང་ཐོབ་བྱ་ཐོབ་པའི་ཕན་ཡོན་བསྟན་དེས་འདྲེ། །སྐྱེ་ཞིང་དང་སྐྱེ་གནས་བདེ་གཤེགས་ཀྱི། །འབྲས་བུ་མཆོག་དེ་མ་ཐོབ་བར་དུ་ཡང་ལམ་དུ་དེ་ཁོ་ན་ཉིད་བཅུ་བཞི་གོམས་ལས་རིགས་སུ་སྐྱེས་ཆོས་ལྡན་རྒྱལ་པོར་འགྱུར་དེ་མ་ཐོབ་བར་དུ་གསུང་འཁོར་ལོས་བསྒྱུར་བ་ལ་སོགས། །ཇི་སྲིད་མངོན་བསགས་སྡིག་པ་ཡི། །བག་ཆགས་ཀུན་ཟད་མཚན་ཉིད་ཡིན། །དེ་ཉིད་བཅུ་བཞི་གང་ཞིག་འདི་ནི་རྟག་བསྒོམ་པ། །ཁམས་ཀྱི་རྒྱལ་ཕྲན་དུ་འགྱུར་ས་ལ་འདོད་པ་ཀུན་དབང་ཕྱུག་ཆེན་པོར་འགྱུར། །སྡིག་པ་ཟད་པའི་དཔེ་དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་སུ་བཞག་ན་ནི། །མར་གསར་ཞུ་ཞིང་ཞུ་འགྱུར་ཞིང་། །སྣོད་ཀྱི་དྲི་མ་ཡང་རིམ་པས་དག་པར་འགྱུར། །དེ་ཉིན་༡༤དེ་བཞིན་ཤྲཱི་ནི་ཧེ་རུ་ཀའི། །མཚན་གྱིས་སྡིག་པ་འཇིག་པར།མཚན་གྱིས་སྡིག་པ་དག་པར་འགྱུར།འགྱུར། །རིམ་པ་གཉིས་པའི་བསམ་གཏན་མཉམ་རྗེས་གཉིས་ཀ་ལའང་་་་་་་་་་་་ མངོན་པར་རྫོགས་་་་་་་་་་པ་མཉམ་རྗེས་གཉིས་པོ་་་་་་་འདིའི་འབྲས་བུ་་་་་་་་ལ་མི་བསླུ་བ་བསམ་གཏན་སེམས་དཔའ་ཙམ་གྱིས་སམ། །པི་ཏི་ལ་སོགས་པ་ཀློག་ཅིང་བསྒོམ་པ་མིན་པ་འདོན་དང་བྲིས་པ་ཡིས། །ལ་ཀུའི་སི་ཏི་ལ་སོགས་པ་ལས་ཤེས་མཐོ་རིས་གཟུགས་མེད་པ་དང་གཟུགས་ཀྱི་ལྷ་དང་འདོད་པའི་ལྷ་རྣམས་ཀྱི་ལོངས་སྤྱོད་ཐོབ་པར་འགྱུར་ལོངས་སྤྱོད་ཐོབ་འགྱུར་བའམ། །ཡང་ན་མིའི་ནང་དུ་སྐྱེས་ན་སངས་རྒྱས་མ་ཐོབ་བར་དུ་འཁོར་ལོ་བསྒྱུར་བ་ཐོབ། །གཞན་ཡང་རྣལ་འབྱོར་པ་རྣམས་འདི་རང་གི་མཐར་ཀུན་རྫོབ་དུ་འཕོ་བའི་འཆི་བའི་ཚེ། །གཙོ་བོ་དཔལ་ལྡན་ཁྲག་འཐུང་སོགས་མཁའ་འགྲོ་གསུམ་བཅུ་བདུན། །ལག་ན་མེ་ཏོག་བསྡུ་བའི་ཕྱིར་སྣ་ཚོགས་ཐོག །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡི་མཆོད་པས་མཆོད། །འཇིག་རྟེན་ལྷ་དག་བྱུང་ནས་འཆི་བ་འཆི་བ་ཞེས་བྱ་བའི་རྣམ་རྟོག་འདི། །རྣལ་འབྱོར་པ་ལ་དེར་བསམ་པ་གཉིས་ཞལ་མཐོང་བ་དང་ཆོས་ཉན་པ་ལ་སོགས་པ་རིམས་ཀྱིས་བར་ཐོབ་བསྒྲུབ་པ་ཉམས་སུ་ལེན་པ་དཀའ་བས་མཁའ་ལ་འགྲོ་བའི་གནས་སུ་ཁྱེར། །དེ་འདྲའི་དཔལ་ཆེན་སྐྱེས་པའམ་རྣལ་འབྱོར་མ་བུད་མེད། །དེ་འདྲའི་ཛོ་ཀི་དེ་ས་སྟེང་ན་ནི་སྲིད་པ་ཙམ་བསྒྲུབ་པ་ཉམས་སུ་ལེན་པར་དཀའ་བས་རྙེད་པར་དཀའ། །དཔལ་ལྡན་ཧེ་རུ་ཀ་སྡོམ་པའི་སྒོ་ནས་བསྟན་རྒྱུད་ཆེན། །བཞི་བ་ཕན་ཡོན་དང་འབྲས་བུའི་ལམ་ལ་་་་་་པའི་ཉེས་དམིགས་འབུམ་གང་གིས་ཤེས་ནས་སྤྱིར་དེ་ལ་མ་དད་པ། །དེ་ཟད་པར་་་་་དབུལ་བ་སྡུག་བསྔལ་གྱིས་གདུངས་པ། །ལམ་གྱི་ཁྱད་པར་བསྟན་དེ་ལ་རྟག་ཏུ་འབྱུང་བར་འགྱུར། །སྔར་སྐྱེད་པའི་ལྷ་མོའི་རྣམ་པ་གསལ་བར་བསྟན་་་་་་་མགུལ་རྒྱན་གདུ་བུ་དཔུང་རྒྱན་དང་། །རྣ་ཆ་ཚངས་པའི་སྐུད་པ་དང་། །དོ་ཤལ་མགོ་བོའི་ལྔ་བཅུའི་་འཕྲེང་བ་དང་། །་་་ལྟར་སྐྱེད་པའི་་་་་་ད་འདྲ་བའི་ཚོགས་པ་་་་་་ཀུན་དང་མ་བགྲང་སྐེ་རགས་སིལ་སིལ་སྒྲ་སྒྲོགས་པ། །དལ་གྱི་རི་སྟེངས་མཉམ་བཞག་སྐྱེད་རིམ་འམ་སྣ་ཚོགས་པད་མ་ཡི། །ལྟེ་བར་ཨ་ལི་ཀ་ལི་ར་གྱུར་པ་ལས་་་་་་་་སྐྱེས། །དབུ་མའི་དངོས་པོ་རྣམ་པར་་་་་བདག་པོ་རྣམ་གནོན་ཅིང་། །རྡོ་རྗེ་དྲིལ་བུས་དངོས་གྲུབ་རྣམས་ཀྱི་རྒྱུ་ཕྱག་མཚན་གྱིས་མཚོན་པ་ཙམ་་་སྐུ་ལ་མཁྱུད། །ཉི་ཤུ་རྩ་བཞི་ཕྱེད་ལྡན་པའི། །དཔའ་བོ་རྣལ་འབྱོར་མ་༼སུམ་བཅུ་རྩ་དྲུག་གི་༽ཚོགས་༼ཉི་ཤུ་རྩ་བཞི་༽བསྐོར་༼བའི་༽ །༼དེ་ལྟ་བུའི་༽ །ཤྲཱི་ཧེ་རུ་ཀ་རྒྱལ་༼ཙཀྲ་རྫོགས་པ་༽ཆེན་པོ། །གོ་འཕང་མཆོག་༼ཏུ་གྱུར་པ་༽ནི་བསྒོམ་པར་བྱ།༼ བསྒྲུབ་པ་པོ་དེ་ལྟར་བསྒོམས་པ་དང་དལ་ཡང་ཚེས་བཅུ་མཆོད་པ་ལ་སོགས་པ་རྣམས་ཀྱིས་ཀྱང་༽ །དཔའ་བོ་ཀུན་དང་རྣལ་འབྱོར་མའི། །༼མིའི་རུས་པ་ལ་སོགས་༽འཁོར་བཅས་དབུས་སུ་འབྱོར་ལྡན་པ།༼བསྒྲུབ་པ་པོ་དེ་ལྟར་བསྒོམ་པ་དང་ཡང་ཚེས་བཅུའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་ཀྱང་གསུང་༽ །ཐམས་ཅད་༼དཀྱིལ་འཁོར་༽དགེས་ཤིང་གཉིས་མེད་×པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱི་གདུལ་བྱ་ལ་༼ཉམས་དགུ་སོགས་༽། །༼རྣམ་རྟོག་རིམས་ཀྱིས་ཟད་པ་ཡིན་པའི་ཕྱིར་༽ཐབས་ནི་སྣ་ཚོགས་སྟོན་པ་ཡིན།༼ལྔ་པ་༽བསམ་གྱིས་མི་ཁྱབ་པའི་དོན་ཡིན་པས་གང་ལ་ཡང་མི་སྨད་པ་བསྟན་༽ །ཟབ་མོའི་ཆོས་ནི་སྟོན་པ་ལ། །༼སྐལ་མེད་༽གལ་ཏེ་མོས་པར་མ་གྱུར་ཀྱང་།༼དེ་ལ་བསྒྲུབ་པ་པོ་ལ་༽ །སྨད་པ་དག་ཏུ་མི་བྱ་སྟེ།༼ཆོས་མིན་བྱ་བའི་ཐེ་ཚོམ་ཟ་བ་པོ་་དཔེར་ན་སྒྱུ་མ་མཁན་ནམ་གར་མཁན་ནམ་རི་མོ་མཁན་དང་འདྲ་སྟེ་ཆོས་ཉིད་བསམ་མི་ཁྱབ་པས་༽ །ཆོས་ཉིད་བསམ་༼གྱིས་༽མི་ཁྱབ་༼གདུལ་བྱ་སྣ་ཚོགས་སུ་༽དྲན་བྱ་༼པ་ཡིན་པས་རྟོགས་པར་དཀའ་༽། །གང་གིས་༼ན་༽འདི་བད×་སྲས་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། ༼སྔར་༽ །སངས་རྒྱས་རྣམས་ནི་༼སྔར་༽འབྱུང་འགྱུར་ཏམ། ༼ཕྱིས་༽ །མ་བྱུང་ན་ཡང་རྣམ་ཀུན་ཏུ། །བསམ་མི་ཁྱབ་པའི་ཆོས་ཉིད་ནི། ༼སྐྱེ་འགག་༽ །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། ༼མི་རྗེད་པར་དྲན་པ་ན་༽ །དེ་ལྟར་རྣམ་པར་བཞག་ནས་ཀྱང་།×་་་་འགྲོ་བ་བསམ་ཡས་ཤིང་།༼ ཕན་ཡོན་གྱི་སྒོ་ནས་མཆོག་གི་སྒོ་ནས་བསྟན།དེ་ནས་ཕན་ཡོན་གྱི་སྒོ་ནས་བསྟན་གང་ཟག་གི་རིམ་པས་རྒྱུད་ཀྱི་རིམ་པ་བསྟན་པ་༽ །སངས་རྒྱས་རོལ་བ་བསམ་མི་ཁྱབ། །ཇི་སྲིད་༼མདོ་ཕ་རོལ་ཕྱིན་པ་༽མདོ་བྱ་༼བའི་རྒྱུད་༽སྤྱོད་པ༼འི་རྒྱུད་༽་ནི། །རྣལ་འབྱོར་༼གྱི་རྒྱུད་༽གསང་༼པ་བླ་ན་མེད་པའི་རྒྱུད་༽མཐའི་དབྱེ་བ་༼མས་བླ་ན་མེད་པ་༽ཉིད། ༼མཐའི་དབྱེ་བ་མའི་བླ་ན་མེད་པ་སཾ་པ་ར་༽ །སེམས་ཅན་མོས་པས་འཇུག་པ་རྣམས། །༼རྒྱུད་ཀྱི་མཚན་༽དེ་དང་དེ་ལ་དགའ་བ་ཡིན།༼མ་བླ་ན་མེད་པ་མནད་དྲང་བའི་དོན་ཡིན་པས་མའི་ཡང་བླ་ན་མེད་ངེས་པའི་དོན་ཡིན་ནོ་བྱ་བ་༽དཔལ་ཧེ་རུ་ཀ་ཞེས་བྱ་བའི་རྒྱུད་ཀྱི་རྒྱ×བསྟན་ཆོས་ཐམས་ཅད་༼ཉོན་མོངས་འཇོམས་པ་༽དཔལ་༼རྗོད་བྱེད་དོན་གྱི་་་་་་་་་་༽ཧེ་རུ་ཀ་༼བསྒྲུབ་ཉེ་བ་༽དཔའ་བོ་ཆེན་པོ༼འི་ཟེར་༽ས་ཀླགས་པས་འགྲུབ་པ་༼མིང་གི་རྣམ་གྲངས་༽ཐམས་ཅད་མཁྱེན་པ་གཞན་གྱིས་མི་ཐུབ་པ་འདོད་ན་གྲུབ་པའི་༼ཆེ་བ་ས་བཅུ་༣་པ་རྡོ་རྗེ་འཛིན་པ་ཡེ་ཤེས་དེ་གཞན་ལས་ཁྱད་པར་དུ་བསམ་༽མཆོག་གི་མཆོག་༼རྡོ་རྗེ་འཛིན་པ་ཡེ་ཤེས་དེ་༽ དཔལ་འཁོར་ལོ་སྡོམ་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་༼སྒོ་དྲུག་ལས་༽ལས་ལེའུ་ལྔ་×ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནདྷེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། སླད་ཀྱི་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀིརྟི་དང་། ལོ་ཙཱ་བ་མལ་བནདྷེ་བློ་གྲོས་གྲགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།༼བཀའ་མཆན་ལ་སྣ་བསྲིངས་པ་ཚན་ཅིག་སྣང་སྟེ་གོང་དུ་བསྲིངས་པ་རྣམས་ལ་གོང་དུ་དང་གྱོག་བྱས་པ་ལ་མཚམས་བཅུག་ཡོད།བཤམ་དུ་བསྲིངས་པ་རྣམས་ལ་དང་གྱོག་རེས་མཚམས་བྱས་ཡོད། སྟེང་ན་ཞ་བྲིས་ཡོད་ཟིན་མཆན་དུ་སྣང་། སྦྲུལ་ཤད་ཅན་རྣམས་སུ་ན་ལ་གྲ་ཡིས་བཏབ་པར་སྣང་། འགྱུར་ཆན་གོང་ན་སྦྲུལ་ཤད་ཅན།༽


previousབདེ་མཆོག་ཉུང་ངུའི་ཕྱག་མཆན།no next