Nitartha Digital Library
Tibetan
བསྐྱེད་རིམ་གྱི་ཟིན་བྲིས་ཆོ་ག་སྤྱི་འགྲོས་ལྟར་བཀོད་པ་མན་ངག་ཀུན་བཏུས།


   
   
   
  collapse section
  collapse section
   
   
   
  collapse section
  collapse section
  collapse section
   
  collapse section
   
   
   
   
  collapse section
   
   
ང་རྒྱལ་བརྟན་པ།
   
   
   
   
   
   


 
previousང་རྒྱལ་བརྟན་པ།next

ང་རྒྱལ་བརྟན་པ།

གཉིས་པ་ང་རྒྱལ་བརྟན་པ་ནི། བསྒོམ་བྱའི་ལྷ་དེ་ཉིད་ཀྱང་ཡིད་ངོར་གསལ་བའི་དམིགས་རྟེན་ལྟ་བུ་ཙམ་མ་ཡིན་པར། བསྒོམ་བྱའི་ལྷར་སྣང་དང་སྒོམ་མཁན་ཐ་དད་མེད་པར་ཡི་དམ་གྱི་ལྷ་དེ་ཉིད་ངའོ་སྙམ་པའི་ང་རྒྱལ་གྱི་འཛིན་སྟངས་མ་བྲལ་བ་ལ་བསླབ་པས་བར་ཆད་ཀྱིས་མི་ཚུགས་ཤིང་བདག་འཛིན་འཇིག་པའི་དགོས་པ་ཁྱད་པར་བ་ཡོད་དེ། དགོངས་འདུས་ལས། ཀུན་བཏགས་མཉམ་རྗེས་མེད་པ་ལ། །ང་རྒྱལ་བརྟན་པ་གནད་ཆེ་སྟེ། །དེ་ཡང་གསལ་རུང་མ་གསལ་རུང་། །ལྷ་རང་ཡིན་ནམ་སྙམ་བྱ་ཞིང་། །ཐ་མལ་སྣང་ཞེན་མེད་པར་བྱ། །ཞེས་དང་། །རྩེ་ལེས། སྣོད་བཅུད་གཟོད་ནས་དག་པའི་ལྷ་སྔགས་སུ། །ཡིན་ཚུལ་ཇི་བཞིན་ཤེས་པ་མེད་ཐབས་མེད། །ཅེས་དང་། །སེམས་ཉིད་ངལ་གསོ་ལས། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་པས། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་། །དམ་ཚིག་ཡེ་ཤེས་གཉིས་མེད་དགུག་གཞུག་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །ཡེ་ནས་དཀྱིལ་འཁོར་ཡིན་པའི་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེབས་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། ཅེས་གསུངས་པ་ལྟར། །སྦྱང་བྱ་སྐྱེ་འཆི་བར་དོ་གསུམ་དང་། ཕྲ་བའི་ལུས་ངག་ཡིད་གསུམ་ཉིད། སྦྱངས་འབྲས་རྒྱལ་བའི་སྐུ་གསུམ་དང་། རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཡེ་ནས་གནས་པར་ཐག་བཅད་ནས། གློ་བུར་གྱི་སྒྲིབ་པ་སྦྱངས་བའི་ཕྱིར། སྦྱོང་བྱེད་ཏིང་འཛིན་གསུམ་དང་། གསལ་བ་གསུམ་གྱི་ལམ་ཁྱེར་དང་མ་བྲལ་བར། སྣང་གྲགས་རིགས་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་རྒྱས་འདེབས་པ་ལ་ང་རྒྱལ་བརྟན་པ་ཞེས་བྱ་བར་གསུངས་སོ། །


previousང་རྒྱལ་བརྟན་པ།next