Nitartha Digital Library
Tibetan
ཀློང་ཆེན་ཆོས་འབྱུང་།


   
   
   
   
   
   
   
   
   
   
   
   
   
སྤྱི་དོན་བཅུ་པ། མ་འོངས་པའི་བསྐལ་པ་ལ་སངས་རྒྱས་འབྱུང་ཚུལ་བསྟན་པ།


 
previousསྤྱི་དོན་བཅུ་པ། མ་འོངས་པའི་བསྐལ་པ་ལ་སངས་རྒྱས་འབྱུང་ཚུལ་བསྟན་པ།no next

སྤྱི་དོན་བཅུ་པ། མ་འོངས་པའི་བསྐལ་པ་ལ་སངས་རྒྱས་འབྱུང་ཚུལ་བསྟན་པ།


LR16_Page_499
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བཅུ་པ་མ་འོངས་པའི་བསྐལ་པ་ལ་སངས་རྒྱས་འབྱུང་ཚུལ་བསྟན་པ་ནི། བསྐལ་བཟང་ལས། བསྐལ་པ་བཟང་པོ་འདིའི་གོང་དུ་མུན་པའི་བསྐལ་པ་བཞི་བཅུ་འབྱུང་ངོ་། །དེ་ནས་བསྐལ་པ་བཟང་པོ་འདི་འབྱུང་ངོ་། །འདིའི་འོག་ཏུ་མུན་པའི་བསྐལ་པ་དྲུག་ཅུ་འབྱུང་ངོ༌། །དེའི་འོག་ཏུ་བསྐལ་པ་གཉན་པ་ཆེན་པོ་ཞེས་བྱས་བ་ལ། སངས་རྒྱས་ཁྲི་འབྱུང་ངོ༌། དེའི་འོག་ཏུ་བསྐལ་པ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ༌། །ཞེས་བཤད་དོ། །དེས་ན་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ཤིན་ཏུ་དཀའ་སྟེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསག་པར་དཀའ་བ་དང། གདུལ་བྱ་སྣོད་དུ་གྱུར་པ་དཀོན་པའི་ཕྱིར་རོ། །འོ་ན་མུན་པའི་བསྐལ་པ་རྣམས་ལ། སངས་རྒྱས་རྣམས་རྣམས་ཀྱི་ཐུགས་རྗེས་མི་གཟིགས་སམ་ཞེ་ན། ཐེག་པ་ཆུང་བ་གོང་ལྟར་འདོད་ཀྱང། ཐེག་པ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་རྒྱུན་ཆད་མེད་པར་གཟིགས་པར་འདོད་ཅིང། ཚུལ་ཇི་ལྟར་གཟིགས་ན་


LR16_Page_500
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་སྐྱེས་པར་གཟིགས། ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་འགག་པར་གཟིགས། གཉིས་མེད་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐཀམས་ཅད་སྐྱེ་འགག་གཉིས་སུ་མེད་པར་གཟིགས་སོ། །དེ་ལྟར་ཐུགས་རྗེས་གཟིགས་ནས་འགྲོ་བའི་དོན་མཛད་ཚུལ་ནི། རྟེན་ཅན་གྱི་གྱི་དོན་བྱེད་པ། རྟེན་མེད་ཀྱིས་དོན་བྱེད་པ། ངོ་བོ་ཉིད་ཀྱིས་དོན་བྱེད་པ་དང་གསུམ་ལས། རྟེན་ཏན་གྱིས་དོན་བྱེད་པ་ནི། གཞི་ཆོས་སྐུ་གཉསི་སུ་མེད་པའི་ཡེ་ཤེས་ལ་བསྟེན་ནས། གདུལ་བྱ་ལས་དག་པ་ལ་ལོགས་སྐུ། ལས་མ་དག་པ་ལ་སྤྲུལ་སྐུས་མཛད་པ་སྟེ། ཡེ་ཤེས་ཡོད་པའི་ལུགས་སོ། །གཉིས་པ་རྟེན་མེད་ཀྱིས་དོན་བྱེད་པ་ནི། སངས་རྒྱས་ལ་རང་རྒྱུད་པས་བསྡུས་པའི་ཡེ་ཤེས་མེད་མོད་ཀྱང། གདུལ་བྱའི་བློ་སྣང་ལ་གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་པ་སྟེ། ཡེ་ཤེས་མེད་པའི་ལུགས་སོ། །གསུམ་པ་ངོ་བོ་ཉིད་ཀྱིས་དོན་མཛད་པ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཤིས་ཅི་ཡང་མ་ཡིན་པའི་རྩལ་ཅི་ཡང་མི་འགག་པར་ཤར་ནས་མཛད་པ་སྟེ། གཉིས་མེད་ཀྱི་ལུགས་སོ། །གཟུགས་སྐུ་གཉིས་ནི་གཞན་དོན་མཛད་པའི་ཆ་ཡིན་ནོ། །དེ་ལ་གཉིས་སྟེ། གདུལ་བྱ་དག་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་ལོངས་སྐུས་དོན་མཛད་ལ། དེ་ཡང་དོན་མཛད་པ་པོ། སྐུ་ལྔ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཆང་ངོ་། །སྐུ་ལྔ་ཡོན་ཏན་གྱི་ལྡོག་ཆ་ནས་ཕྱེ་ཡི། དངོས་པ་ཐ་དད་ལྔར་འདྲེན་པ་ནི་མ་ཡིན་ལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་


LR16_Page_501
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐུ་མཚན་ཉིད་པའོ། །དེ་ལའངས་ཆོས་ཀྶུ་ནི་བདག་དོན་དགོངས་པའི་ཆ་ཡིན་པས་འགྲོ་དོན་མི་མཛད་ལ། གཟུགས་སྐུ་གཉིས་ནི་གཞན་དོན་མཛད་པའི་ཆའོ། །དེ་ལ་གཉིས་ཏེ། གདུལ་བྱ་དག་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ། ལོངས་སྐུས་དོན་མཛད་ལ། མ་དག་པའི་རིགས་དྲུག་ལ་སྤྲུལ་སྐུས་དོན་མཛད་དེ། འདི་སྐད་དུ། གང་གིས་སྲིད་པ་ཇི་སྲིད་བར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །དེ་བཞིན་ལས་ཀྱང་རྒྱུན་མི་ཆད། །ཅེས་པས་སྐུའི་སྤྲུལ་སྐུ་རྒྱན་མི་ཆད། །དེ་བཞིན་ལས་ཀྱང་རྒྱུན་མི་ཆད། །ཅེས་པས་སྐུའི་མཛད་པ་བསམ་གྱིས་མི་ཁྱབ་པ་བཞི། གསུང་གི་མཛད་པ་ལ་བཞི་སྟེ། དབྱེ་བ་ལ་དགོངས་ཏེ་མཛད་པ་གསུང་རབ་ཏན་ལག་བུ་གཉིས། བསྡུ་བ་ལ་དགོངས་ཏེ། མཛད་པ་སྡེ་སྣོད་རིན་པོ་ཆེ་གསུམ། རྒྱུ་འབྲས་ལ་དགོངས་ཏེ་མཛད་པ་སྔགས་མཚན་ཉིད་གཉིས་སོ། །དེ་ཡང་རྒྱས་པའི་དོན་གཉིས་པ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཕྱོགས་བཅུའི་འཇིག་རེན་རྡུལ་སྙེད་དུ། །འགྲོ་བའི་ཕྲིན་ལས་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས། གདུལ་བྱ་རྣམས་ནི་ཆུད་མ་ཟོས། །ངན་སོང་སྦྱོང་ཞིང་བྱང་ཆུབ་ཅིང། །ཡེ་ཤེས་ཚོགས་རྫོགས་སྐུ་རུ་སྟོན། །ཅེས་པས་མངོན་ནོ། །ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསན་པ་གསལ་བར་བྱེད་པའི་ཉི་འོད་ཅེས་བྱ་བ། མདོ་རྒྱུད་བསྟན་བཅོས་རྒྱལ་རབས་ཆེ་ཆུང།


LR16_Page_502
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བཀའ་ཐེམས་འདྲ་འབག་ཆེན་མོ། །མདོ་སྔགས་རྣམས་ཀྱི་འགྱུར་བྱང། ཆོས་འབྱུང་གསར་རྙིང་ཀུན་ལས་ལེགས་པར་བསྡུས་ཤིང་གོ་བདེ་བར་བཀོད་པ་འདི་ནི། ཐེག་པ་མཆོག་གི་རྣལ་འབྱོར་པ་རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་ཆུ་ཕོ་སྟག་གི་ལོ། །སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་དཔལ་བསམ་གྲུབ་བདེ་ཆེན་དགོན་པར་ཡོངས་སུ་རྫོགས་པར་སྦྱར་བའོ། །


previousསྤྱི་དོན་བཅུ་པ། མ་འོངས་པའི་བསྐལ་པ་ལ་སངས་རྒྱས་འབྱུང་ཚུལ་བསྟན་པ།no next