Nitartha Digital Library
Tibetan
ཀློང་ཆེན་ཆོས་འབྱུང་།


   
   
   
   
   
   
   
སྤྱི་དོན་བཞི་པ། བོད་གངས་ཅན་གྱི་ཡུལ་དུ་བཀའ་དང་བསྟན་བཆོས་ཇི་ལྟར་འགྱུར་ཚུལ།
   
   
   
   
   
   


 
previousསྤྱི་དོན་བཞི་པ། བོད་གངས་ཅན་གྱི་ཡུལ་དུ་བཀའ་དང་བསྟན་བཆོས་ཇི་ལྟར་འགྱུར་ཚུལ།next

སྤྱི་དོན་བཞི་པ། བོད་གངས་ཅན་གྱི་ཡུལ་དུ་བཀའ་དང་བསྟན་བཆོས་ཇི་ལྟར་འགྱུར་ཚུལ།


LR16_Page_204
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིན་དོན་བཞི་པ་བོད་གངས་ནཅ་གྱི་ཁྲོད་དུ་ཇི་ལྟར་འགྱུར་ཚུལ་ལ་བཞི་སྟེ། ཡུལ་གྲུ་དང་ས་བཅད་ཀྱིས་རྒྱལ་ཁམས་གཏན་ལ་དབབ་པ་དང། བོད་ཡུལ་གངས་རིའི་ཁྲོད་འདིར་བོད་མི་ཇི་ལྟར་བྱུང་བའི་ཚུལ་དང། རྗེའི་བྱོན་རབས་དང། ཆོས་དང་མཐུན་པའི་རྒྱལ་པོའི་རིང་ལ་དམ་པའི་ཆོས་བོད་དུ་བྱུང་ཚུལ། དང་པོ། ཡུལ་གྲུ་དང་ས་བཅད་ཀྱིས་རྒྱལ་ཁམས་གཏན་ལ་དབབ་ཚུལ། དང་པོ་ནི་འཛམ་བུའི་གླིང་ན་རྒྱལ་ཁམས་ཆེན་པོ་བཅུ་གསུམ་ཡོད་དོ། །ཨོག་བྲན་མིག་གཅིག་པའི་རྒྱལ་ཁམས། ཀེ་ཀེ་རྨེ་ཤ་ཅན་གྱི་རྒྱལ་ཁམས། རྐང་གཅིག་ཨ་ཁི་རའི་རྒྱལ་ཁམས། སོག་པོ་སྤྲེལ་ལག་ཅན་གྱི་རྒྱལ་ཁམས། རྒྱལ་མོ་ཁྱི་ཅན་གྱི་རྒྱལ་ཁམས། རྣ་བོ་ཆེ་བོག་བུའི་རྒྱལ་ཁམས། ཚེ་ཚེ་རའི་རྒྱལ་ཁམས། རྩེར་རྩེར་རྟ་མགོ་ཅན་གྱི་རྒྱལ་ཁམས། དེ་རྣམས་སྲིན་པོ་ཡིན་སྐད། དེ་ནས་མི་ལ་རྒྱལ་ཁམས་ཆེན་པོ་ལྔ། རྒྱ་དཀར་པོའི་རྒྱལ་ཁམས། རྒྱ་ནག་རྒྱལ་ཁམས། སྟག་གཟིག་ནོར་གྱི་རྒྱལ་


LR16_Page_205
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས། ཁྲོམ་གེ་སར་དམག་གི་རྒྱལ་ཁམས། བོད་ཁ་བ་ཅན་གྱི་རྒྱལ་ཁམས་དང་ལྔ་སྡེ། རྒྱལ་ཁམས་བཅུ་གསུམ་པོ་དེའི་ནང་ནས། འོ་སྐོལ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ལ་ས་བཅད་ཀྱི་རྡོ་རིང་ཆེན་པོ་བཞི་ཡོད་དེ། ཤར་ཕྱོགས་རྒྱ་ནག་པོ་དང་བོད་ཀྱི་ས་མཚམས་ཤམ་བུ་གངས་དཀར་ལྷའི་ཡུལ་དུ་འགྲོན་བུ་དང་གི་རྡོ་རིང་བཙུགས་པ་ཚུན་ཆད། ལྷོ་ཕྱོགས་རྒྱ་དཀར་པོ་དང་བོད་ཀྱི་ས་མཚམས་སེ་སྙུག་མ་བུ་ཁུར་གྱི་ཡུལ་དུ་མཐིང་ཤུན་གཡུ་ཡི་རྡོ་རིང་བཙུགས་པ་ཚུན་ཆད། ནུབ་གླང་མ་རྐང་གཅིག་ཀླུའི་ཡུལ་དུ་བཤའ་རྩེ་དངུལ་གྱི་རྡོ་རིང་བཙུགས་པ་ཚུན་ཆད། བྱང་ཕྱོགས་མ་རྨའི་ལ་རྒྱུད་སྨན་གྱི་ཡུལ་དུ་ར་གན་གསེར་གྱི་རྡོ་རིང་བཙུགས་པ་ཚུན་ཆད་པོ་དེ་མངའ་རིས་བོད་ཀྱི་རྒྱལ་ཀམས་སུ་གཏོགས་པ་ཡིན། བོད་ལ་ཡུལ་གྲུ་ཆེན་པོ་གསུམ་ཡོད་པ་ལས། སྟོད་མངའ་རིས་སྐོར་གསུམ་གངས་དང་གཡའ་ཡི་རཱ་བས་བསྐོར་བ་རྫིང་དང་འདྲ་བ་ལ་ཡུལ་གྲུ་ཆེན་པོ་གཅིག་སྨད་ལྷ་རིས་ཕྱུགས་དྲུག་ནགས་དང་ན་ཡི་ལྗོངས་ཀྱིས་བསྐོར་བ་ཞིང་དང་འདྲ་བ་ལ་ཡུལ་་གྱི་གྲུ་གཅིག །བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ་བ་བྲག་དང་ཆུ་འཐབ་ཀྱིས་བསྐོར་བ་ལ་ཡུལ་གྱི་གྲུ་གཅིག་དང་གསུམ་པོ་དེ་ལ་ཡུལ་གྲུ་ཆེན་པོ་གསུམ་ཟེར་བ་ཡིན་ནོ། །གཉིས་པ། བོད་ཡུལ་གངས་རིའི་ཁྲོད་འདིར་བོད་མི་ཇི་ལྟར་བྱུང་ཚུལ། གཉིས་པ་བོད་ཡུལ་གངས་རིའི་ཁྲོད་འདིར། བོད་ཀྱི་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་ཤཱཀྱ་ཐུབ་པ་མ་བྱོན་པ་རྩོད་དུས་ཀྱི་འགོ་འཛིན་


LR16_Page_206
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། རྒྱ་གར་དུ་རྒྱལ་པོ་དྲང་སྲོང་རྒྱལ་བ་ཞེས་བྱ་བ་ལ། བུ་ཡུལ་འཁོར་སྐྱོང་དང། སྐྱ་སེང་གཉིས་ཀྱི་དང་པོ་ལ་བུ་དགྲ་ངན་དང། འཐབ་དཀའ་དང། རྣ་བ་ཅན་ལ་སོགས་པ་བརྒྱ་ཐམ་པ་བྱུང་ལ། གཉིས་པ་ལ་སྲིད་སྒྲུབ་དང། ཡུལ་འཁོར་བསྟན་པ་དང། འཇིགས་སྡེ་དང། རིཊ་མེད་པ་དང། ལྷག་བཅས་དང་ལྔ་བྱུང་སྟེ། དེ་དག་འཁྲུག་པ་ཆེན་པོ་བྱས་སོ། །དེའི་ཚེ་མུ་སྟེགས་ཁྱབ་འཇུག་ཆེན་པོས་སྲིད་སྒྲུབ་ཀྱི་ཁ་ལོ་བ་བྱས་ཏེ། དགྲ་ངན་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་བྱས་སོ། །རུ་པ་ཏེ་ཞེས་བྱ་བའི་རྒྱལ་པོ་དཔུང་ཚོགས་དང་བཅས་པ་གཡུལ་གྱིས་འཇིགས་ཏེ། བུད་མེད་ཀྱི་ཆས་སུ་བྱས་ནས་རི་གངས་ཅན་གྱི་ཁྲོད་དུ་བྲོས་ཏེ་གནས་པའི་རིགས་ལས་དིང་སང་བོད་ཅེས་བྱ་བར་གྲགས་པ་ཡིན། ཞེས་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་བྱས་པས་ལས་བཤད་དོ། །བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཡུལ་ངན་ཤོས་ཀྱང་ཡིན། དེར་སྐྱེས་འི་མི་རྣམས་ནི་ངན་འགྲོ་ནས་ངན་འགྲོར་སྐྱེས་པས། སངས་རྒྱས་ཀྱི་གདུལ་བྱར་མ་གྱུར་པས། ས་ཕྱོགས་དེ་ན་སངས་རྒྱས་ཀྱི་བསྟན་པ་ཡང་མེད། དེ་བཞིན་གཤེགས་པའི་ཞབས་ཀྱིས་ཀྱང་མ་བཅགས། གསུང་གི་འོད་ཟེར་གྱིས་ཀྱང་མ་ཁྱབ་པས། མཚན་མོ་མུན་ནག་གི་མུན་པའི་སྨག་དང་འདྲ་བར་ནག་ཐིབས་སེ་འདུག་པར་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་སྤྲེའུ་ཞིག་ཡོད་པ་ལ། ཁྱེད་ཀྱིས་ཁ་བ་ཅན་གྱི་རྒྱལ་ཁམས་མ་གིར་སྒོམ་ནུས་


LR16_Page_207
[མ་དཔེ་གཟིགས་ན་འདིར་གནོན།]

སམ་གསུངས་པ་དང། སྤྲེའུ་ན་རེ། སྒོམ་ནུས་ཟེར་བ་ལ། དེ་ལ་གཏན་ཁྲིམས་ལྔ་ཕོག་མི་སྡུག་པའི་སྒོམ་བསླབས་ནས་བཏང་ངོ་། །སྤྲེའུ་དེས་ཀྱང་ཁ་བ་ཅན་གྱི་ཡུལ་དུ་ཡོང་ནས། བྲག་གི་ཕུག་པ་ཞིག་ཏུ་སྒོམ་ཞིང་ཡོད་པ་དང། ཉིན་ཞིག་བྲག་སྲིན་མོ་གཅིག་སྤྲང་མོའི་ཆ་བྱད་དུ་བྱས་ཏེ། སྤྲེའུའི་དྲུང་དུ་ཡོང་ནས། འདོམས་བསྟན་ས་གཏོར། འདོད་སྤྱོད་པའི་བརྡའ་ལ་སོགས་པ་ཞག་བདུན་བྱས་ཀྱང། སྤྲེའུས་མི་སྡུག་པ་ལ་མཉམ་པར་བཞག་པས་སེམས་མཛེས་མ་རྒྱན་གྱིས་བརྒྱན་པ་ཞིག་ཏུ་བྱས་ནས། ནུ་མ་དང་འདོམས་བསྟན་ཏེ་འུ་ཅག་གཉིས་ཁྱིམ་ཐབ་བྱའོ་ཟེར། སྤྲེའུས་ང་ཐུགས་རྗེ་ཆེན་པོའི་དགེ་བསྙེན་ཡིན་པས་བྱར་མི་རུང་བྱས་པས། མོ་ན་རེ་འོ་ན་ང་ཞེ་སྡང་སྐྱེས་ནས་ཁྱོད་ལ་མ་དད་པ་སྐྱེ་ཏེ་ངན་སོང་དུ་འགྲོའོ་ཟེར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སྤྲེའུ་སྙིང་རྗེ་སྐྱེས་ཏེ། བྲག་སྲིན་མོའི་གདོང་ལ་མིག་འབྲུག་ཚུགས་སུ་ཞག་བདུན་གྱི་བར་དུ་བལྟས་ཏེ། ག་རེ་འདི་དང་ཁྱིམ་ཐབ་བྱས་ནས་ནི་སྡོམ་པ་ཉམས་གྱི་བར་དུ་བལྟས་ཏེ། ག་རེ་འདི་དང་ཁྱིམ་ཐབ་བྱས་ན་ནི་སྡོམ་པ་ཉམས་འགྲོ་བར་འདུག་མ་བྱས་ན་མོ་འཆི་བར་འདུག་པས་དེ་བས་ཀྱང་ཉེས་པ་ཆེ་སྟེ། བྱང་ཆུབ་ཀྱི་སེམས་ཉམས་འགྲོ་བར་འདུག་པས། འདི་ཨཱརྱ་པ་ལོ་ཞུ་དགོས་སྙམ་ནས། རྫུ་འཕྲུལ་གྱིས་པོ་ཊ་ལར་ཕྱིན་ཏེ། འཕགས་པ་ལ་ཕྱག་བྱས་ནས་འདི་སྐད་ཞུས་སོ། །སྤྱན་རས་གཟིགས་བདག་གི་ཁ་བ་ཅན་གྱི་བྲག་ཅིག་ལ་སྒོམ་བའི་སར། བྲག་སྲིན་མོ་ཞིག་ཡོང་ནས་ཁྱོད་ཁྱིམ་ཐབ་བྱ་དགོས། དེ་མི་བྱེད་ནས་མོ་འཆི་ཟེར་བས། ད་དེ་ལྟ་བུ་བྱར་རུང་


LR16_Page_208
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་མི་རུང་ཞུས་པས། འཕགས་པའི་ཞལ་ནས། ཁྱད་དེ་དང་ཁྱིམ་ཐབ་གྱིས་ཤིག་དེ་ལེགས་སོ། །ཞེས་གསུངས་སོ། །ཇོ་མོ་སྒྲོལ་མའི་ཞལ་ནས་ཀྱང། དེ་འགྲོ་བ་མི་རུ་འཕེལ་བས། ཆོས་ཀྱི་རྟེན་དུ་འགྱུར་ཏེ་ཤིན་ཏུ་ལེགས་སོ་གསུངས་སོ། །དེ་ནས་སྤྲེའུ་བྱང་ཆུབ་སེམས་དཔའ་དེས། བྲག་སྲིན་མོ་ཤི་ཡིས་དོགས་ནས་རྫུ་འཕྲུལ་གྱིས་མྱུར་བར་མོའི་རྩེར་ཕྱིན་ཏེ། །ཁྱིམ་ཐབ་ཏུ་ཁས་བླངས་པ་དང། དེ་ནས་ཟླ་བ་བཅུ་ནས་འགྲོ་བ་རིགས་དྲུག་ལས་ཚེ་འཕོས་པའི་བུ་དྲུག་བྱུང་སྟེ། དེ་ཡང་ཕ་སྤྲེའུ་ཡིན་པས་ལུས་པོ་སྤུ་ཡིས་ཁེངས་པ། མ་བྲག་སྲིན་མོ་ཡིན་པས་མཇུག་མ་མེད་པ། གདོང་དམར་བ། བཞིན་མི་སྡུག་པར་བྱུང་ངོ་། །དེ་ཡང་གཅིག་ལྷ་ལས་ཚེ་འཕོས་པས་ཁོང་ཁྲོ་ཆེ་ཞིང་རྩུབ་པ་འཐབ་མོ་ལ་དགའ་བ་ཞིག་བྱུང། གཅིག་མི་ལས་ཚེ་འཕོས་པས་འདོད་ཆགས་ཆེ་ལ་མི་ནོར་ལ་དགའ་བ་ཞིག་བྱུང། ཚིག་དུམ་འདི་སྒྲིག་པོས་བསྣན། གཅིག་བྱོལ་སོང་ལས་ཚེ་འཕོས་པས་ལུས་བྱད་ངན་པ་ལྟོ་ལ་བརྣན་པ་སེར་སྣ་ཆེ་བ་ཞིག་བྱུང། གཅིག་དམྱལ་བ་ལས་ཚེ་འཕོས་པས། ཞེ་སྡང་ཅན་ཁྲོ་གཏུམ་ཆེ་བ་ཞིག་བྱུང་ངོ་། །བུ་དེ་རྣམས་ཀྱང་སྐྲ་ཡོད་པ་སྨྲ་ཤེས་པ། ཤ་དམར་པོ་དང། ཁྲག་དྲོན་མོ་ལ་དགའ་བ་བྱས་པ་རྣམས་བྱུང་སྟེ། མ་བྲག་སྲིན་མོ་ལྟོགས་ནས་ཕྲུ་གུ་དེ་རྣམས་ཟ་བར་འདུག་པས། ཕས་ལྷོ་ཕྱོགས་ཀྱི་ནགས་མ་བྱ་ཚོགས་ཅན་བྱ་བ་ན། སྤྲེའུའི་ཁྱུ་ཡོད་པ་དེའི་ཟླ་ལ་བསྐྱལ་བས། དེ་རྣམས་སྤྲེལ་མོ་དང་ལྷན་ཅིག་ཏུ་ཚོགས་པ་ལས། ཟླ་བ་དགུ་ངོ་དང་བཅུ་ན་སྤྲེའུ་ཡང་མིན། མི་ཡང་མིན་པ་བཞི་བརྒྱར་འཕེལ་ལོ། །དེ་ནས་ལོ་


LR16_Page_209
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལོན་པ་དང། སྤྲེའུ་བྱང་སེམས་ཀྱིས་བུ་དེ་རྣམས་ཅི་འདྲ་འདུག་བལྟར་ཕྱིན་པ་ལས། ཚ་བོ་རྣམས་བཀྲེས་ཤིང་རིད་པ་མཐོང་ནས་ཤིང་ཐོག་གིས་གསོས་པས། སྤྲེའུ་བྱང་སེམས་དེའི་ལུས་ཀྱི་སྤུ་ཐམས་ཅད་བྱི། རྐག་ལག་གས། མཇུག་མ་སྐྱ་བ་བཞིན་དུ་སོང་ནས། སྤྲེའུ་རྣམས་མ་འཁྱོང་པར་སྡུག་བསྔལ་ལོ། །དེར་འདི་ཅི་ལས་བྱུང་སྙམ་དུ་བསམས་པས། དེ་ཡང་འཕགས་པ་དང་རྗེ་བཙུན་མའི་གསུང་བཞིན་བསྒྲུབས་པ་ལས་བྱུང་སྟེ། ཁོང་པ་ལ་ནི་འཁྲུལ་པ་མི་མངའ། ང་རང་གི་སྡོན་གྱི་ལས་ངན་པ་ཡིན་པས་འཕགས་པ་ལ་ཞུའོ་སྙམ་ནས། རྫུ་འཕྲུལ་གྱིས་པོ་ཊ་ལར་བྱོན་ནས་ཕྱག་བྱས་པས། འཕགས་པས་མཁྱེན་ནས་དགྱེས་ཏེ། རིགས་ཀྱི་བུ་བདེ་བར་འོངས་སམ་ཞེས་གསུངས་པ་དང། སྤྲེའུས་སྔར་བཞིན་རྒྱས་པར་བསྙད་པས། འཕགས་བའི་ཞལ་ནས་ཤིན་ཏུ་ལེགས་པས། ཁྱོད་ཀྱི་རིགས་རྒྱུད་དེ་རྣམས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱང་གི དེ་ཡང་ཁྱོད་ཀྱི་རིགས་རྒྱུད་དེ་རྣམས་ནི། རིགས་རྣམ་པ་གཉིས་སུ་འགྱུར་ཏེ། གཅིག་ནི་ཕའི་རིགས་སུ་འགྱུར། གཅིག་ནི་མའི་རིགས་སུ་འགྱུར་རོ། །ཕའི་རིགས་སུ་འགྱུར་བ་རྣམས་ནི། དད་པ་དང་ཤེས་རབ་ཆེ་བ། སྙིང་རྗེ་དང་བརྩོན་འགྲུས་ཆེ་བ། ཆོས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ལྷག་པར་མོས་པ། དགེ་བའི་རྩ་བ་ཆུང་དུས་མི་ངོམས་པ། བློ་རྒྱ་ཆེ་བ་ལ་དགའ་བ། མིག་དང་ལག་པ་བྱ་བྱེད་མང་ཞིང། ཅུང་ཟད་བྱད་བཞིན་མི་སྡུག་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་བློ་ཆེན་ཞེས་བྱ་བའི་རིགས་སུ་འགྱུར་རོ། །མི་རིགས་སུ་གྱུར་པ་དེ་རྣམས་ནི། ཤ་དམར་པོ་ཟ་ཞིང་ཁྲག་དམར་པོ་འཐུང། ཚོང་དང་


LR16_Page_210
[མ་དཔེ་གཟིགས་ན་འདིར་གནོན།]

ཁེ་སྤོགས་ལ་དགའ་བ། སྐད་རྒྱང་ཆེན་པོ་གཏོང་བ། མཛའ་བོ་དང་བདག་གི་བར་སེམས་པ་གཞན་གྱི་སྐོན་ཐོས་པ་ལ་དགའ་བ། གདོལ་པ་དང་ཤ་ཟའི་རིགས་སུ་འགྱུར་ཏེ་དེ་རྣམས་གསོལ་ལ་སྐྱོངས་ཤིག དེ་རྣམས་ཀྱི་ཟས་སྐལ་འདི་ལ་གྱིས་གསུངས་ནས། ནས། གྲོ། སྲན་མ། སྲན་ཆུང། སོ་བ་ལ་སོགསཔ་རྣམས་གནང་ནས་འདི་རྣམས་ཁ་བ་ཅན་གྱི་ཡུལ་དབུས་ཤིག་ཏུ་ཐོབ་ཅིག འབྲུ་སྨིན་ཅིང་འཕེལ་བར་འགྱུར་རོ་གསུངས་ནས། སྤྲེའུས་ཁ་བ་ཅན་དུ་ཆས་པ་དང། འཕགས་པས་བྲག་སྲིན་མོ་དང་ཁྱིམ་ཐབ་བྱས་པའི་བྱ་དགའ་ལས་གསེར་དངུལ་ཟངས་ལྕགས་ལ་སོགས་པ་རིན་པོ་ཆེའི་ཕྱེ་འབྱུང་ཁུངས་སུ་བྱིན་གྱིས་བརླབས་ཏེ། ཁ་བ་ཅན་དུ་གུ་ལང་ལ་སོགས་པ་རིན་པོ་ཆེའི་གཏེར་ཁ་དུས་སུ་དབྱེ་བ་དང། ཡང་ལྗགས་ཀྱི་རྩེ་མོ་ལས་ཞལ་ཆབ་ཐིགས་པ་གཅིག་ཁ་བ་ཅན་དུ་སྟོར་བས། དུས་དུས་སུ་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཐོད་རྒལ་བ་རེ་རེ་འབྱུང་བ་དང། ཡིད་བཞིན་གྱི་ནོར་བུ་ངོ་མཚར་ཅན་ཐམས་ཅད་འབྱུང་བ་དང། ཕྱོགས་མཚམས་ཀྱི་ལས་སྒོ་ཐམས་ཅད་ཁ་བྱེ་བ་དང། ཆོས་དང་ཟང་ཟིང་གི་ལོངས་སྐྱོད་ཐམས་ཅད་འབྱུང་བར་བྱ་ཡི། མཐར་ཡང་ཁྱོད་ཀྱི་རིགས་རྒྱུད་ཐམས་ཅད་གསེར་གྱིས་འཚོ་བར་འགྱུར་རོ་གསུངས་སོ། །དེ་ནས་བྱང་སེམས་སྤྲེའུ་དེས་ཁ་བ་ཅན་གྱི་དབུས་ཕྱོགས་ས་ཕྱོགས་ཉམས་དགའ་ལ་འབྲུ་སྣ་སྨིན་པ། ཡུལ་དབུས་ཀྱི་ཆ་ལ་བརྟེན་པ། བཞེད་སྣ་དགུ་ཚང་པ། རང་བཞིན་གྱིས་ཡོན་ཏན་ཐམས་ཅད་འབྱུང་བ། ཁ་བ་ཅན་གྱི་སྙིང་པོ་ལྟ་བུ་ཞིག་ཏུ་


LR16_Page_211
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ནས་ལྔ་བཏབ་སྟེ། དབྱར་གྱི་དུས་ནགས་མ་བྱ་ཚོགས་ཅན་དུ་ཚ་བོ་རྣམས་བསྐྱངས། སྟོན་ཀ་འབྲུ་བཏབ་སར་བལྟར་ཕྱིན་པས་འབྲུ་རྣམས་ཤིན་དུ་རྒྱས་པ་མཐོང་ནས། དེར་སྤྲེལ་ཕྲུག་ཚ་བོ་རྣམ་བཀུག་ནས་བསྟན་ཏེ། འདི་རྣམས་ཁྱོད་རྣམས་ཁྱེར་ལ། ཨཱརྱ་པ་ལོས་ཟས་སྐལ་དུ་གནང་བ་ཡིན་པས། འདི་ལས་གཅིག་ཟོ་དང། ཞེས་སྨྲས་པས། སྤྲེལ་ཕྲུག་བཞི་བརྒྱ་པོ་རྣམས་འདི་ལ་ལྟོས་ལས་ཟོ་དང་ཞེས་ཟེར་ཏེ། མིང་ཡང་ཡར་ལུང་ཟོ་དང་གྲགས་སོ། །ཡུལ་ལ་སྔ་བ་དེ་ཡིན་ནོ། །དེ་རྣམས་ནི་ཟང་ཟིང་གིས་བསྡུས་པའི་ཚུལ་བསྟན་པའོ། །ད་ནི་ཆོས་ཀྱིས་བསྡུས་བར་དགོངས་ཏེ། བྱང་སེམས་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་གཡས་པའ་མཐིལ་ནས་འོད་ཟེར་གཅིག་སྤྲོས་ཏེ། དེའི་སྣ་ལ་ཁྱེའུ་མཚན་དང་དཔེ་བྱད་དུ་ལྡན་པ་གཅིག་ཏུ་སྤྲུལ་ནས་ཁ་བ་ཅན་གྱི་སྤྲེའུ་ཡང་མིན། མི་ཡང་མིན་པའི་མཇུག་རྡུལ་ལུས་པོ་སྤུས་གང་པ་དེ་རྣམས་ཀྱི་གསེབ་ཏུ་ཕྱིན་པས། དེ་རྣམས་ན་རེ། ཁྱེད་ཀྱི་ལུས་ལེགས་པོ་དེ་ཅི་ལས་བྱུང་བྱས་པ་དང། སྤྲུལ་པའི་ཁྱེའུས་སྨྲས་པ། ངས་མི་དགེ་བ་བཅུ་སྤངས་ཤིང། དགེ་བ་བཅུ་བསྒྲུབས། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ལས་བྱུང་བྱས་པ་དང། སྤྲེལ་ཕྲུག་རྣམས་ན་རེ། འོ་ན་དེ་རྣམས་ངེད་ལའང་སློབས་དང་ཟེར་ནས་སྤྲུལ་བའི་ཁྱེའུས་དེ་རྣམས་ལ་མི་དགེ་བ་བཅུ་སྤོང་ཞིང། དགེ་བ་བཅུ་སྒྲུབ་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པའི་ཆོས་བཤད་པས། །སྤྲེའུ་ཕྲུག་རྣམས་ཀྱིས་ཀྱང་དེ་ལྟར་བྱས་པས་གཟུགས་བྱད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ལྟར་སྤྲུལ་པའི་ཁྱེའུ་དེས་དགེ་བ་བཅུའི་ཁྲིམས་ལ་བཀོད་པས། སེམས་དང་


LR16_Page_212
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུ་འདྲེས་ནས། ཆོས་ལ་རང་དགར་བྱར་ཡོད་དེ། དེ་ནི་བཀའ་དྲིན་ཤིན་ཏུ་ཆེའོ། །དེ་ལ་ཡང་སྤྱིར་འཛམ་བུའི་གླིང་འདི་ན་མི་རིགས་མི་མཐུན་པ་སུམ་བརྒྱ་དང་དྲུག་ཅུ། སྐད་རིགས་མི་མཐུན་པ་བདུན་བརྒྱ་དང་ཉིས་ཤུ། ལུས་ཀྱི་རྣལ་འབྱོར་འགྱུར་མི་འདྲ་བ་བཅུ་བདུན། རུས་པ་ལྕེས་འགྱུར་ཚད། མིང་ཁ་ནས་ཐོན་ཚད་ཡོད་སྐད་ནའང། རུས་ཀྱི་ཕྱི་མོ་བཅུ་གཉིས་ཙམ་ལ་བསྡུ། དེ་ལ་རྒྱལ་རིགས་སུ་གཏོགས་པས་ཆེ་བ་དང། རྗེའུ་རིགས་སུ་གཏོགས་པས་བཙུན་པ་དང། བྲམ་ཟེའི་རིགས་སུ་གཏོགས་པས་གཙང་བ་དང། དམངས་ཀྱི་རིགས་སུ་གཏོགས་པས་མང་བ་དང། བཞི་པོ་དེ་རུ་འཛམ་གླིང་གི་མི་རིགས་ཐམས་ཅད་འདུ་བ་ཡིན་པས། སྤྱིའི་རིགས་ཀྱི་ཕྱི་མོ་བཞི་ཡང་ཟེར་ལ། ཕྱིའི་རིགས་ཀྱི་ཕྱི་མོ་བཞི་ཡང་ཟེར་བ་ཡིན་སྐད། རྒྱ་དཀར་པོ་ལྷ་ནས་ཆད་པས་སམ་སྐྲྀ་ཏ། ལེགས་པར་སྦྱར་བ། ལྷའི་སྐད་དུ་སྨྲ་བ། རྒྱ་ནག་པོ་ཀླུ་ནས་ཆད་པས་ནཱ་ག་ཏྲི་ཏ་ཀླུའི་སྐད་དུ་སྨྲ་བ། ཧོར་སྤྲེའུ་མ་ཡིན་ལས་ཆད་པས་ཨ་སུ་ཏྲི་ཏ་ལྷ་མ་ཡིན་གྱི་སྐད་དུ་སྨྲ་བ། བོད་སྤྲེའུ་དང་བྲག་སྲིན་ལས་ཆད་པས་ཨ་བ་པྲི་ཏི་ཏ་ཟུར་ཆག་གི་སྐད། འདྲེའི་སྐད་དུ་སྨྲ་བ་དང་བཞི་ལ་རབ་གྱི་རུས་ཀྱི་ཕྱི་མོ་གཉིས་ཏེ་བཞི་ལས། བོད་ཕམ་ཆེར་གྱི་རུས་གྱེས་པར་འདོད་པས་ནང་གི་རིགས་ཕྱི་མོ་བཞི་ཟེར། དེ་ལ་རུས་ཀྱི་ཕྱི་མོ་བཅུ་གཉིས་ཟེར་བ་ཡིན་ནོ། །


LR16_Page_213
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ། རྗེའི་བྱོན་རབས། གསུམ་པ་རྗེའི་བྱོན་རབས་ཀྱི་དབང་དུ་བྱས་ན། རྗེ་རྒྱལ་རིགས་ལ་དབྱེ་ན་སུམ་བརྒྱ་དང་དྲུག་ཅུ་ཡོད་ཀྱང། བསྡུ་ན་རྣམ་པ་གཉིས་སུ་འདུས་ཏེ། དག་པ་སངས་རྒྱས་ཀྱི་རྗེ་དང། མ་དག་པ་སེམས་ཅན་གྱི་རྗེ་འདི་སྐད་རྣམ་པ་གཉིས་སུ་འདུས། དེ་ལ་དག་པ་སངས་རྒྱས་ཀྱི་རྗེ་ནི་གསུམ་ཡིན་ཏེ། ཐེག་པ་ཆེན་པོ་མདོ་སྡེ་ཟླ་བའི་སྒྲོན་མེ་ལས། འདི་སྐད་དུ། ཁྱབ་གདལ་བཞི་སྙིང་མི་མཇེད་འཇིག་རྟེན་ན། །འགྲོ་བའི་དོན་མཛད་རྗེར་གྱུར་རྒྱལ་པོ་ལ། །སངས་རྒྱས་སྐུ་གསུམ་རྣམ་པ་དེར་བསྟན་ཏེ། འགྲོ་ལ་ཕན་པའི་རྒྱལ་པོ་རྣམ་པ་གསུམ། །ཞེས་པས། ཆོས་སྐུ་དང། ལོངས་སྐུ་དང། སྤྲུལ་སྐུ་དང་གསུམ་མོ། །གཉིས་པ་མ་དག་པ་སེམས་ཅན་གྱི་རྗེ་ལ། བསྡུ་ན་རྣམ་པ་ལྔ་ཡིན་ཏེ། དེ་ཡང་བུ་མོ་བློ་གྲོས་གཞོན་ནུས་ཞུས་པའི་མདོ་ལས། འདི་སྐད་དུ། སྤྱི་ཕུད་ས་འཛིན་བྱེ་བྲག་ཕྱོགས་སྐྱོང་དང། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམ་པ་ལྔ། །འགྲོ་བའི་དོན་མཛད་ལམ་གནས་བྱང་ཆུབ་སེམས། །བཅུ་གཅིག་ཡོན་ཏན་སྐུ་ལ་རབ་ཏུ་བརྒྱན། །བྱང་ཆུབ་སེམས་དཔའི་རྒྱལ་པོ་ཡིན་པར་གྲགས། །ཞེས་གསུངས་སོ། །དེ་ཡང་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་པ་དང། ས་འཛིན་ནི་བརྒྱ་བྱིན། བྱེ་བྲག་ནི་འགྲོ་བ་རིགས་དྲུག་པོ་སོའི་རྒྱལ་པོ། ཕྱོགས་སྐྱོང་ནི་ཡུལ་འཁོར་སྲུང་ལ་སོགས་པ་བཞི། འཁོར་ལོས་བསྒྱུར་བ་ནི་རིན་པོ་ཆེ་བཞིའི་འཁོར་ལོ་ལ་དབང་བསྒྱུར་བའི་རྒྱལ་པོ་རྣམས་སོ། །བྱང་ཆུབ་སེམས་དཔའི་རྒྱལ་པོ་དེ་རྣམས་


LR16_Page_214
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འོག་ཏུ། འོ་ཅག་འཛམ་བུའི་གླིང་པ་ལ་རྒྱལ་པོ་རྣམ་པ་གསུམ་བྱུང་བ་ནི། གདུང་རྒྱུད་བསྐོས་དང་གློ་བུར་གསུམ་ལགས་ཏེ། དེ་ལ་གདུང་རྒྱུད་ཀྱི་རྒྱལ་པོ་ནི། དང་པོ་རྗེ་མང་པོས་བཀུར་བ་ནས་གདུང་རབས་ལྔ་ན་རྒྱལ་པོ་སྤྱི་བོ་སྐྱེས་བྱོན་ནས། གསེར་གྱི་འཁོར་བསྒྱུར་ནས་གླིང་བཞི་ལ་མངའ་དབང་ཇི་ལྟར་མཛད་པ་དང། དེ་ནས་མང་ཞིག་ན། རྒྱལ་པོ་ཚངས་པས་བྱིན་ཅེས་བྱ་བའི་རིང་ལ་བདེ་བར་གཤེགས་པ་འཁོར་བ་འཇིག་འཇིག་རྟེན་དུ་ཇི་ལྟར་བྱུང་བ་དང། དེ་ནས་གདུང་རབས་མང་ཞིག །རྒྱལ་པོ་ཨུ་པ་ལའི་གདོང་ཞེས་བྱ་བའི་སྐུ་རིང་ལ། བདེ་བར་གཤེགས་པ་གསེར་ཐུབ་འཇིག་རྟེན་དུ་ཇི་ལྟར་བྱོན་པ་དང། དེ་ནས་གདུང་རབས་མང་ཞིག་ན། རྒྱལ་པོ་ཀྲྀ་ཀྲྀ་ཞེས་བྱ་བའི་རིང་ལ། སངས་རྒྱས་འོད་སྲིངས་འཇིག་རྟེན་དུ་ཇི་ལྟར་བྱོན་པ་དང དེ་ནས་གདུང་རབས་མང་ཞིག་ན། གྲོང་ཁྱེར་སེར་སྐྱ་རུ་རྒྱ་པོ་ཟས་གཙང་མའི་སྐུ་རིང་ལ། སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་ཇི་ལྟར་བྱོན་པ་དང། དེ་དག་ལ་སོགས་ཏེ་ཐོག་མར་རྒྱལ་པོར་གང་གིས་ལས་ཅི་མཆད་པ་དང། ཐ་མ་གདུང་རབས་ཇི་ཙམ་ཐལ་ན་རྗེ་མང་པོས་བཀུར་གཉིས། ཁྲི་ཕྲག་ལྔ་བརྒྱ་ཕྲག་གཉིས། དགུ་བཅུ་རྩ་བཞི། སངས་རྒྱས་ཉིད་དང་དགུ་བཅུ་རྩ་ལྔ་བྱུང་ངོ་། །ལུགས་གཅིག་ཏུ་གདུང་རབས་འབུམ་དང། ལྔ་ཁྲི། སྟོང་བརྒྱ་བཞི་བཅུ་ཞེ་བརྒྱད་འདས་པར་མདོ་སྡེ་ལས་བཤད། སྟོང་ཁྲི་འབུམ་དང། ས་ཡ་དྲུག་ཅུ་རྩ་གཅིག་


LR16_Page_215
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་འདུལ་བ་ལས་བཤད། ས་ཡ་བདུན་ཁྱི་ལྔ་སྟོང་ལྔ་བརྒྱ་ཉིས་ཤུ་རྩ་བདུན་འདས་པར་མངོན་པ་ལས་བཤད་ཟེར་ཏེ། འདི་དག་ལ་བརྟགས་པར་བྱའོ། །ཤཱཀྱའི་རིགས་རབ་ཏུ་བྱུང་པས་གདུང་ཆད་པར་སྡེ་སྣོད་གསུམ་ཀ་མཐུན་ནོ། །བསྐོས་པའི་རྒྱལ་པོ་སྡེ་བཞི་ནི། གདུང་རྒྱུད་གློ་བུར་གཉིས་ཀྱི་བར་སྐབས་སུ། ཕྱོགས་བཞིར་བསྐོས་པའི་རྒྱལ་པོ་སྡེ་བཞི་བྱུང། ཤར་ཕྱོགས་རྒྱ་ནག་གཙུག་ལག་རྒྱལ་པོ་དེ། མར་ཁུའི་གཞོང་བུས་བསྐོས་ཤིང་ལེགས་ཉེས་སྟོན། ལྷོ་ཕྱོགས་རྒྱ་གར་ཆོས་ཀྱི་རྒྱལ་པོ་དེ། བདུད་རྩི་བུམ་པས་བསྐོས་ནས་མ་རིག་སེལ། ནུབ་ཕྱོགས་སྟག་གཟིག་ནོར་གྱི་རྒྱལ་པོ་དེ། ཡིད་བཞིན་ནོར་བུས་བསྐོས་ཤིང་དབུལ་བ་སེལ། བྱང་ཕྱོགས་གེ་སར་དམག་གི་རྒྱལ་པོ་དེ། དཔག་ཆེན་མདའ་ཡིས་བསྐོས་ཤིང་དགྲ་དཔུང་འདུལ། ཅེས་སོ། །གསུམ་པ་འོ་སྐོལ་བོད་ཀྱི་རྒྱལ་པོ་གློ་བུར་དུ་བྱུང་བ་འདིའི་དབང་དུ་བྱས་ན། བོད་ཀྱི་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཡིན་ཏེ། ཁ་ཅིག་ན་རེ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྲས་ལྔ་ཚིགས་ཡིན་ཟེར་རོ། །ཁ་ཅིག་གཟུཊ་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་ལྔ་ཚིཊ་ཡིན་ཟེར་རོ། །ཁ་ཅིག་བོད་རྣམས་བདུད་དང་གནོད་སྦྱིན་གྱི་རྒྱལ་ཕྲན་བཅུ་གཉིས་ཀྱིས་སྣྲེལ་བའི་དུས་སུ། ཀོ་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་ཡིན་ཟེར། དངོས་ནི་ཤཱཀྱ་རི་བྲག་པའི་རྒྱུད་ཡིན་ཏེ། ཤཱཀྱ་རི་བྲག་པའི་རྒྱུད་པ་ནི་འཕགས་རྒྱལ་ན་གནས་ཏེ། འཕགས་རྒྱལ་གྱི་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཞེས་བྱའོ། །དེའི་བུ་གཏུམ་པོ་རབ་སྣང། དེའི་བུ་ཤར་པ་ལ་སྲས་གཉིས་ཏེ། སྐྱབས་སེང་དང་དམག་བརྒྱ་པ་གཉིས་ཏེ། དེ་གཉིས་རྒྱལ་སྲིད་ལ་མ་འཆམ་པས་


LR16_Page_216
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སེང་གི་བུ་ལྔ་དམག་བརྒྱ་པས་མ་ཐུབ་སྟེ། རྩིས་བྱས་པས་ཁྱོད་ཀྱི་བཙུན་མོ་དམ་པ་གཅིག་ལ་བུ་བཙས་པར་འགྱུར་ཏེ། དེས་ཡང་ན་རྒྱལ་སྲིད་འཛིན་པར་བྱེད། ཡང་ན་བརླག་པར་བྱེད་དོ་ཟེར། དེ་ནས་བཙུན་མོ་དམ་པ་ལ་སྲས་གཅིག་བཙས་པ་དེ། མི་བྱ་ངང་པ་ལྟར་མས་ནས་འགེབས་པ། གཡུའི་སྨིན་མ་ཡོད་པ། ལག་པ་བྱའི་རྒྱལ་པོ་ལྟར་དྲྭ་བས་འབྲེལ་བ། སོ་དུང་འཁོར་མ་ཡོད་པ་ཞིག་བྱུང་བས། དེ་ཡབ་རྒྱལ་པོ་ལ་སྙན་དུ་གསོལ་བས། དེ་ལྟས་ངན་གཅིག་ཡོད་པར་འདུག་པས་སོད་ཅིག་ཟེར་རོ། །བློན་པོ་རྣམས་ཀྱིས་མཚོན་གྱིས་གསོད་མ་ཕོད་པར། ཟངས་ཁ་སྦྱར་དུ་བཅུག་སྟེ་གཟེར་བཏབ་ནས་ཆུ་བོ་གདྒ་ལ་བསྐྱུར་བས། ཡངས་པ་ཅན་པའི་རྒྱལ་པོ་ཡིན་པས། བྱ་དང་རི་དྭགས་ཐམས་ཅད་ཀྱིས་རྩེད་ཟླ་བྱས། གཅན་གཟན་ཐམས་ཅད་ཀྱིས་ཟས་བསྐྱལ། ཤིང་ཐམས་ཅད་ཀྱིས་མགོ་བཏུད། །དེ་ནས་རྒྱལ་བུ་ན་རེ། ང་བསོད་ནམས་ཆེ་བར་འདུག་པ་ལ། ངའི་ཕ་མེས་གང་ཡིན་ཟེར་བ་ལ། རྒྱལ་པོ་དམག་བརྒྱ་པས་ལྟས་ངན་དུ་བྱས་ཏེ་ཆུ་ལ་བོར་བ་དེ། ངེད་ཀྱིས་རྙེད་པའི་གཏམ་བརྗོད་པས། རྒྱལ་བུ་ཡིད་མ་དགའ་ནས་གངས་དབྲག་ཏུ་བྲོས་པས། ལྷ་རི་གྱང་མ་གྱང་མཐོའི་ཁར་བྱུང༌། དེ་ནས་བལྟས་ཕས་ཁ་བ་ཅན་གྱི་རྒྱལ་ཁམས་ན། ཡུལ་ཡར་མོ་སྣ་བཞི། ལྷ་ཡར་ཤམ་པོ་བདེ་འབྱུང་མཐོང་ཁམས་ན། ཡུལ་ཡར་མོ་སྣ་བཞི། ལྷ་ཡར་ལྷ་ཤམ་པོ་བདེ་འབྱུང་མཐོང་ནས། དེར་བྱོན་པས་ལྷ་རི་སྤོ་མཐོའི་ཁར་བྱུང་ངོ་། །དེ་ནས་དམུ་སྐས་ལས་བངས་ནས་ཡར་ལུང་བཙན་ཐང་སྒོ་བཞིར་བྱོན་པས།


LR16_Page_217
[མ་དཔེ་གཟིགས་ན་འདིར་གནོན།]

གམ་ལྷའི་སྲས་དང། ཐོག་ལྷ་བོན་པོ་དང། སེ་སེན་པོ་དང། ཞང་ཞུང་བོན་པོ་དང། ཤེས་པ་མཁན་བཅུ་གཉིས་ཕྱུགས་སྐྱོང་པའི་རྩར་བྱོན་པས། དེ་དག་གིས་ཁྱེད་སུ་ཡིན་བྱས་པས་བཙན་པོ་ཡིན་ཟེར། གང་ནས་བྱོན་བྱས་པས། མཛུབ་མོ་གནམ་ལ་སྒྲེང་ཞིང་ནམ་མཁའ་ལ་བལྟའོ། །དེའི་སྐད་མ་གོ་ནས་འདི་གནམ་ནས་བྱོན་པའི་བཙན་པོ་ངོ་མཚར་ཅན་ཞིག་འདུག་པས། ཁྱིམ་གྱི་མི་རྣམས་ལ་སྟོན་ཟེར་ཏེ། ཤིང་ཁྲི་བྱས་པའི་སྟེང་དུ་བཞུགས་ནས། མི་བཞིས་གཉའ་བ་ལ་ཁུར་ཏེ། གྲོང་ཁྱེར་གྱི་མི་རྣམས་ལ་བསྟན་ནས། འདི་གནམ་ནས་བྱོན་ཇཔའི་བཙན་པོ་ངོ་མཚར་ཅན་ཞིག་འདུག་སྟེ། འོ་ཅག་གི་ཇོ་བོ་བྱའོ་ཟེར་ནས། མིང་ཡང་གཉའ་ཁྲི་བཙན་པོར་གྲགས་ཏེ། བོད་ཀྱི་བཙན་པོ་ལ་སྔ་བ་དེ་ཡིན་ནོ། །དེའི་སྲས་དམུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི། དེའི་སྲས་སོ་ཁྲི། དེའི་སྲས་ཡེ་ཁྲི། དེའི་སྲས་གདགས་ཁྲི། དེའི་སྲས་སྲིབས་ཁྲི་བཙན་པོ་དང་བདུན་ལ་ཁྲི་བདུན་ཟེར་ཏེ། ཐ་མ་དེ་རྣམས་ཀྱི་རིང་ལ་རྡོལ་བོན་དར་རོ། །བཙན་པོ་དེ་རྣམས་ཀྱི་དབུ་ལ་འོད་ཀྱི་ལྷ་ཐག་ཡོད་པས། སྲས་ཀྱི་ཆིབས་ཁ་ཐུབ་ཙ་ན། ཡབ་འོད་ལུས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་གྱུར་པ་ལ། གྲི་གུམ་བཙན་པོས་བོན་བྱས་པས་མ་རུང་སྟེ། རལ་གྲི་གླང་པོ་སྣ་བྱ་བ་ཀླད་ལ་སྐོར་བས་འོད་ཀྱི་ལྷ་ཐག་ཆད། འདྲེ་སྲིན་ཐམས་ཅད་ཅད་འཁྲུག་པས་རྗེ་འབངས་རྣམས་ལོ་ངམ་གྱིས་བཀྲོངས། སྲས་གསུམ་ཡོད་པ་ལ། ཤ་ཁྲི་ཀོང་པོར་སྤྱུགས་པས་ཀོང་རྗེ་དཀར་པོ་ཡིན། ཉ་ཁྲི་ཉང་པོར་སྤྱུགས་པས་ཉང་བཙུན་རྒྱལ་པོ་ཡིན། བྱ་ཁྲི་སྤུ་བོར་སྤྱུགས་པས་སླད་ཀྱིས་བྱ་ཁྲི་སྦུ་བོ་ནས་སྤྱན་དྲངས་ནས་མཚན་ཡང་སྤུ་དེ་གུང་རྒྱལ་


LR16_Page_218
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲགས་སོ། །སྤུ་དེ་གུང་རྒྱལ་གྱི་དུས་སུ་མངའ་ཐང་འགྲིབས་པས་བར་གྱི་ལྡིང་གཅིག་ཟེར་རོ། །དེའི་སྲས་ཨ་ཤེ་ལེགས། དེའི་སྲས་ཨི་ཨོ་ལེགས། དེའི་སྲས་དེ་ཤོ་ལེགས། དེའི་སྲས་གུ་རུབ་ལེགས། དེའི་སྲས་ཐེ་ཤོ་ལེགས། དེའི་སྲས་སྲོང་རྗེ་ལེགས་ཏེ་སའི་ལེགས་དྲུག་ཟེར། དེ་རྣམས་ཀྱི་ཕོ་བྲང་འཆིང་ང་སྟག་རྩེར་བཏབ་སྟེ། བོད་ཀྱི་མཁར་ལ་སྔ་བ་དེ་ཡིན་ནོ། །ཆེ་བའི་ལྡེ་བརྒྱད་ལ། ལྡེ་འཕྲུལ་པོ། ལྡེ་ནོལ་ནམ། ལྡེ་ནོལ་པོ། སེ་ནོལ་ནམ། སེ་ནོལ་པོ། ལྡེ་རྒྱལ་པོ། ལྡེ་གཞུང་བཙན། ལྡེ་སྲིད་བཙན་དང་བརྒྱད་དོ། །ཚིགས་ཀྱི་བཙན་ལྔ་ལ། རྒྱལ་ཐོ་ཐོ་ལོང་བཙན། ཁྲི་བཙན་ནམ་དང། ཁྲི་གུང་བཙན། ཁྲི་ཐོག་རྗེ་བཙན། ཁྲི་ཐོག་བཙན་དང་ལྔས་ཕོ་བྲང་དུར་པ་ཐང་དུ་མཛད་དོ། །བཞི་པ། དམ་པའི་ཆོས་བོད་དུ་བྱུང་ཚུལ། བཞི་པ་ཆོས་མཐུན་བའི་རྒྱལ་པོའི་རིང་ལ་དམ་པའི་ཆོས་བོད་དུ་བྱུང་ཚུལ་ནི། དེ་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་གར་ལ་སོགས་པ་ཀུན་ཏུ་རྒྱས་པར་གྱུར་མོད་ཀྱང། བོད་ཀྱི་ཡུལ་རི་བྲག་ཁ་བ་ཅན་གྱི་ལྗོངས་འདི་དག་སྟོན་པས་ཞབས་ཀྱིས་མ་བཅགས་པས་མཆོད་རྟེན་དུ་མ་གྱུར་ཞིང། བདག་ཉིད་ཆེན་པོ་གཞན་གྱིས་ཀྱང་བཏང་སྙོམས་སུ་གྱུར་པའི། སྐལ་བ་དམན་པར་གྱུར་པ་དེ་ཡུན་རིང་དཀོན་མཆོག་གི་སྨྲ་མི་གྲགས་པར་གྱུར་ཏེ་གནས་པ་ལ། དུས་ནམ་ཞིག་ན་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་དབང་གིས་སའི་བདག་པོ་དང། རྒྱལ་པོའི་བློན་པོ་


LR16_Page_219
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང། པཎྜི་ཏ་དང། ལོ་ཙཱ་བ་ཆེན་པོ་དེ་དག་ཏུ་བལྟུམས་ནས་བསྟན་པ་རྒྱས་པར་མཛད་པ་ཡིན་ནོ། །དེ་ཡང་བྱང་ཕྱོགས་ཀྱི་རྒྱུད་འདིར་ཕྱི་མའི་དུས་ཀྱི་ཚེ་བསྟན་པ་རྒྱས་པར་གྱུར་པ་ཡིན་ཏེ། དེ་སྐད་དུ་ཡང་མདོ་ལས། ང་ཡི་འདུལ་བའི་བསྟན་པ་ལ། །ལོ་ནི་ལྔ་བརྒྱ་ཕྲག་བཅུར་གནས། །དྲུག་བརྒྱ་དག་གི་གནས་པ་ལས། །ཉིས་སྟོང་བདུན་བརྒྱ་ཙམ་ན་ནི། །མཐའ་ཁོབ་ཡུལ་དུ་དར་བར་འགྱུར། །ཞེས་པ་དང། ཡང་ཤེས་རབ་གྱི་ཕ་རོལ་དུ་ཕྱིན་པའི་གླེགས་བམ་བརྒྱད་སྟོང་པ་ལས། ཤཱ་རིའི་བུ་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་འདི་དག་ནི་དེ་བཞི་གཤེགས་པ་འདས་ནས་དམ་པའི་ཆོས་ནུབ་པའི་དུས་ན་ལྷོ་ཕྱོགས་སུ་འབྱུང། ལྷོ་ཕྱོགས་ནས་ཀྱང་མཐའ་ཁོབ་ཏུ་འབྱུང། མཐའ་ཁོབ་ནས་ཀྱང་བྱང་ཕྱོགས་སུ་འབྱུང་སྟེ། ཆོས་འདུལ་བའི་གཉེན་པོར་གྱུར་པ་ནི་མ་ཡིན་ནོ། །ཟེས་དང། ཡང་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཕྱི་མའི་དུས། ཕྱི་མའི་ཚེ་ན་བྱང་ཕྱོགས་ཀྱི་གནས་སུ་རྒྱས་པར་འགྱུར་རོ། །ཞེས་དང། ཡང། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། གདོང་དམར་གྱི་ཡུལ་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་དུ་མ་ནས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ནས་མངའ་བདག་རྒྱལ་པོ་མེས་དབོན་རྣམ་གསུམ་གྱི་རིང་ལ་དམ་པའི་ཆོས་བོད་ཡུལ་དུ་བྱུང་བ་ཡིན་ཏེ། དེ་ཡང་འདི་ལྟར་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། མེས་སྲོང་བཙན་གྱི་སྐུ་རིང་ལ་སྲོལ་བཏོད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་དར་


LR16_Page_220
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྒྱས་པར་མཛད་པ་ཡིན་ནོ། །ཐོག་མར་དམ་པའི་ཆོས་དབུ་བརྙེས་ཚུལ། དེ་ལ་དང་པོ་ནི། རྗེ་གཉའ་ཁྲི་བཙན་པོ་ནས་གདུང་རབས་ཉིས་ཤུ་རྩ་དྲུག་ན་ཡུལ་ཡར་ལུང་གི་ཕོ་བྲང་ཡུམ་བུ་བུ་བླ་ཁང་བྱ་བ་རྒྱལ་པོ་ཐོག་རྗེ་ཐོག་བཙན་ཞེས་བྱ་བ་ལ། སྲས་རྒྱལ་བུ་ཞིག་འཁྲུངས་ནས། བྱད་ལ་མཐོ་དོ་ཡོད་པ། རྣ་བ་བུང་བུའི་རྣ་བ་ཙམ་ཡོད་པ་ཞིག་བྱུང་སྐད། རྒྱལ་པོ་ན་རེ། འདི་ལྟས་ངན་ཡིན་ནམ། བཟང་པོའི་ལྟས་ཡིན་མི་ཤེས་པས། ཕྱི་ཡི་མི་རྣམས་ལ་མ་བཤད་ཅིག་ཟེར་བ་ལ། བློན་པོ་གཅིག་བཤད་ནི་འདོད། བཤད་དུ་མེད་པས་མ་བདེ་སྟེ། རོ་སྟོད་རྒྱངས་ཤིང་ནི་འདོད། བཤད་དུ་མེད་པས་མ་བདེ་སྟེ། རོ་སྟོད་རྒྱངས་ཤིང་ན་བས། ཁོས་བྱི་ཁུང་གི་བུག་པ་ཞིག་ན་ཕར་ཁ་བཙུགས་ནས། ངེད་ཀྱི་རྒྱལ་པོ་ལ་སྲས་རྒྱལ་བུ་བྱད་མཐོ་དོ་ཡོད་པ། རྣ་བ་བུང་བུའི་རྣ་བ་ཙམ་ཡོད་པ་ཞིག་ཡོད་དོ་ཞེས་སྨྲས་པས། ཐམས་ཅད་ཀྱིས་ཐོསྀཾ་་གླེང་བ་ཞིག་བྱུང་བས། བྱི་ཁུང་དུ་སྨྲས་པའི་རྣམ་ཐར་ཡན་པ་ཞེས་ཀྱང་གྲགས་ལ། མཚན་རང་ལྷ་མཐོ་དོ་རི་སྙན་ཤལ་བྱ་བ་ཡིན་ནོ། །རྒྱལ་པོ་དེ་ཡི་རིང་ལ་བདེ་བར་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་སྤང་སྐོང་ཕྱག་རྒྱ་པ་དང། གསེར་གྱི་མཆོད་རྟེན་བང་རིམ་ལྔ་པ་དར་ཚོན་སྣ་ལྔས་དྲིལ་ཏེ་ཕོ་བྲང་གི་ཡང་ཐོག་ན་བྱོན་ནས་འདུག་པ་གཟིགས་པས་ཤིན་ཏུ་དགྱེས་ཏེ་ཆོས་དང་བོན་དུ་མ་ཤེས། ངོ་མཚར་ཅན་ཞིག་ཡིན་སྙམ་དུ་དགོངས་ནས་མཚན་ཡང་གཉན་པོ་གསང་བའི་དབྱངས་ཞེས་བྱ་བར་བཏགས་ནས་མཆོད་པ་ཕུལ་ཞིང་གསོལ་བ་བཏབས་པས། རྗེ་སྐུ་ཚེ་རིང་


LR16_Page_221
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འབངས་བཀྲ་ཤིས་པ་དང། ཆབ་སྲིད་མངའ་ཐང་རྒྱས་པར་གྱུར་ཏོ། །ཞེས་གསུངས་སོ། །ཁ་ཅིག་ན་རེ། གཞན་རྣམས་དེ་ལྟར་ཡིན་མོད་ཀྱི། ཆོས་བྱོན་ལུགས་ཀྱི་ལོ་རྒྱུས་སུམ་ཟུར་བཞི་སྟེངས་རྙིང་པ་ལས། རྒྱལ་པོ་དེའི་རིང་ལ་ཐོ་དཀར་དང། ལིའི་ལོ་ཙཱ་བ་གཉིས་ཀྱིས་རྒྱ་ནག་གི་མཁན་པོ་ལི་བྱིན་གསན་དྲངས་ཏེ་བྱོན་ནས། རྒྱལ་པོ་ལ་ཆོས་བཤད་ཀྱང། བོད་ལ་ཡི་གེ་མེད་པས། བསླབ་ཏུ་མ་བཏུབ་ཅིང་དར་བར་མ་ནུས་ནས། སྐུའི་རྟེན་དུ་རིགས་ལྔའི་ལུགས་སྐུ་ཚར་གཅིག་གསུང་གི་རྟེན་དུ་སྤང་ཀོང་དང་གཙུག་ཏོར་དྲི་མེད། ཐུགས་ཀྱི་རྟེན་དུ་གསེར་གྱི་མཆོད་བང་རིམ་ལྔ་པ་དང། དེ་རྣམས་ལ་རིགས་ལྔའི་ཕྱག་རྒྱས་བཏབ་ནས་འདི་ལ་མཆོད་པ་གྱིས་གསུངས་ནས་མཁན་པོ་རྒྱ་ནག་ཏུ་བཞུད། རྒྱ་ནག་ཏུ་ཕལ་ཆེན་དང། དགོངས་འགྲེལ་དང། རྫོགས་ཆེན་ལ་སོགས་པ་མང་དུ་བསྒྱུར་ནས་དར་ཞིང་རྒྱས་པར་མཛད་སྐད། བོད་ཀྱི་རྒྱལ་པོས་དཀོན་མཆོག་གི་མཆོད་རྟེན་ལ་མཆོད་ཅིང་གསོལ་བ་བཏབ་པའི་བྱིན་བརླབས་ཀྱིས་ཆབ་སྲིད་དང་མངའ་ཐང་རྒྱས། རྒྱལ་པོ་ཡང་ཚེ་གཅིག་ལ་སྐུ་ལུས་གཉིས་བཞེས། རྒྱ་གར་ནས་ཆོས་བྱོན། རྒྱ་ནག་ནས་ཧ་ཤང་བྱོན་ཏེ་དབུ་བརྙེས་པར་གྱུར་ཏོ་ཞེས་ཟེར་རོ། །དེ་ཡན་ཆད་ནི་ཆབ་སྲིད་བོན་གྱིས་བསྐྱངས་སོ། །དེའི་རྨི་ལམ་དུ་མི་རབས་ལྔ་ན་འདིའི་དོན་ཤེས་པ་འབྱུང་ཟེར་བ་ལུང་བསྟན་ནོ། །དེའི་སྲས་ཁྲི་གཉན་གཟུགས་བཙན། དེའི་སྲས་འབྲོང་གཉན་ལྡེ་རུ། དེའི་སྲས་སྟག་རི་གཉན་གཟིགས་དམུས་ལོང་ཞིག་སྐྱེས་པ་རྒྱལ་སར་བཏོན་ཏེ། གཉན་


LR16_Page_222
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསང་བ་ལ་མཆོད་པས་སྤྱན་བྱེ་སྟེ། སྟག་རི་ལ་གཉན་འགྲོ་བ་གཟིགས་པས་མཚན་དེ་ལྟར་གྲགས་སོ། །བར་དུ་དམ་པའི་ཆོས་ཀྱི་སྲོལ་བཏོད་ཚུལ། དེའི་སྲས་གནམ་རི་སྲོང་བཙན་དང། བཙུན་མོ་ཚེ་སྤོང་བཟའ་འབྲི་ཟ་ཐོད་དཀར་གྱི་སྲས་མཚན་དང་ལྡན་པ། དབུ་ལ་ཨ་མི་ཏཱ་བྷ་འོད་དཔག་མེད་དམ་སྣང་བ་མཐའ་ཡས། བཞུགས་པ་ཞིག་མེ་མོ་གླང་ལ་བལྟམས་ནས་ཁྲི་ལྡེ་སྲོང་བཙན་ཏུ་བཏགས་ཏེ། དབུའི་འོད་དཔག་མེད་དར་ལེབ་རྒག་གྱིས་དཀྲིས་ནས་ལོ་བཅུ་གསུམ་པ་ལ་རྒྱལ་སར་བཏོན་ཏེ། མཐའི་རྒྱལ་ཕྲན་ཐམས་ཅད་དབང་དུ་འདུས་ཏེ་སྐྱེ་འབུལ་འཕྲིན་ཡིག་ཀློག་གོ །དེའི་ཚེ་བོད་ལ་ཡི་གེ་མེད་པས། ཐོན་མི་ཨ་ནུའི་བུ་ཐོན་མི་སམྦྷོ་ཊ་བོད་ཡང་དག་པ་དང། སྟག་ལོ་དེ་ཁྲོང་གཉིས་ལ་སོགས་པ་མི་བཅུ་དྲུག་ཙམ་ཡི་གེ་སློབ་ཏུ་བཏང་བ་མང་ཡུལ་དུ་བྱོན་ནས་ཡི་གེ་མཁན་ལི་བྱིན་ཀ་ར་ཞེས་བྱ་བ་ལ་སྒྲ་དང་ཡི་གེར་བཅས་པ་བསླབས་ནས། རྒྱ་གར་གྱི་ཡི་གེ་ལྔ་བཅུ་ལས་བོཡ་ཀྱི་ཀ་ཁ་སུམ་བུར་བསྒྱུར་ཞིང། ཀ་ཁའི་བསྟ་བཅོས་ཞེས་བྱ་བ་དང། སུམ་ཅུ་པ་དང་རྟགས་འཇུག་མཛད་དེ་སྒྲའི་སྡེབ་སྦྱོར་རྣམས་ལེགས་པར་མཛད་ནས་ཡིག་ཀློག་གི་གྲྭ་བཙུགས། རྒྱའི་ལོ་ཙཱ་བ་ཁ་ཆེ་ཨ་མོ་གྷ་ཞེས་བྱ་བས་སྒྲ་རང་འགྱུར་དུ་མཛད་དེ། མདོ་སྡེ་དཀོན་མཆོག་སྤྲིན་དང། ལང་ཀར་གཤེགས་པ་དང། གསེར་འོད་དམ་པ་དང། གཟུངས་ཙིན་ཏ་མ་ཎི་དང། མདོ་སྡེ་པདྨ་དཀར་པོ་དང། འདུས་པ་རིན་པོ་ཆེའི་ཏོག་དང། གཟུངས་གྲྭ་


LR16_Page_223
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རྣམས་བསྒྱུར། གཞན་ཡང་ཆོད་དགེ་བ་བཅུ་ལ་བརྟེན་པའི་ཁྲིམས་དང། ཁྱད་པར་སོ་སོ་ཐར་པ་རྩ་བ་བཞིའི་ཁྲིམས་བཅས། བསྙེན་གནས་ཀྱི་ཁྲིམས་ཡན་ལག་བརྒྱད་པ་ཡང་སྲུང་བ་ལ་བཀོད་ཅིང། དེ་ལྟར་ཆོས་ཁྲིམས་ལེཊ་པར་བཅས་ནས་བདེ་བ་ལ་བཀོད། མིང་ཡང་སྲོང་བཙན་སྒམ་པོར་གྲགས་སོ། །སྤྲུལ་པའི་རྒྱལ་པོ་དེའི་སྐུ་རིང་ལ་རྒྱ་གར་ལྷོ་ཕྱོགས་ནས། ཙན་དན་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གདན་དྲངས། ཐོན་མི་སམྦྷོ་ཊ་དང། བློན་པོ་མགར་སྟོང་བཙན་ཡུལ་བཟུང་གིས་བལ་པོའི་ཡུལ་ནས་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ། །ཁྲི་གཉེར་ཅན་གྱི་སྤྲུལ་པ་བལ་མོ་བཟའ་ཁྲི་བཙུན་དང། ལྷ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། །ཙན་དན་གྱི་ཇོ་མོ་སྒྲོལ་མ་རྣམས་སྤྱན་དྲངས། རྒྱ་ནག་པོའི་ཡུལ་ནས། རྒྱའི་རྒྱལ་པོ་སེདྒེ་ཁྱད་པར་ཅན་བཅོམ་ལྡན་འདས་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་གདན་དྲངས། དེ་ནས་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་རྐྱལ་བསྒྱེལ་འདྲ་བ་འདི་མནན་དགོས་པར་གཟིགས་ཏེ། དཔུང་མགོ་གཡས་པ་ལ་ཀ་ཚལ། གཡོན་པ་ཁྲ་འབྲུག་བརླ་གཡས་པ་ལ་གཙང་འགྲམ། གཡོན་པ་ལ་གྲོམ་པ་རྒྱངས་ཏེ་རུ་བཞིའི་གཙུག་ལག་ཁང་ཆེན་པོ་བཞི་བརྩིགས་པས་ཀྱང་ཞིག །ཡང་སྲིན་མོའི་ཡན་ལག་བཞི་གནོན་དགོས་པར་མཁྱེན་ནས་གྲུ་མོ་གཡས་པ་ལ་ཀོང་པོ་བུ་ཆུ་ལྷ་ཁང། གཡོན་པ་ལ་ལྷོ་བྲག་མཁོ་མཐིང། པུས་མོ་གཡས་པ་ལ་ཀ་བྲག །གཡོན་པ་ལ་པྲ་དུམ་


LR16_Page_224
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ། མཐའ་འདུལ་གྱི་གཙུག་ལག་ཁང་ཆེན་པོ་བཞི་བརྩིགས་ཏེ་གདོད་འོ་ཐང་མཚོ་ལ་རྡོ་མཁར་བརྩིགས། ཤིང་གིས་ཕུབ། ཀླུའི་འདག་པས་ཞལ་ཞལ་བྱས་ཏེ། ར་ལ་ས་བསྐྱལ་ནས་བདལ་ཏེ་ལྷ་སའི་གཙུག་ལག་ཁང་ར་ས་འཕྲུལ་སྣང་བཞེངས། གློ་བུར་བྱང་མར་བཟོ་རྒྱུ་སྤུངས་པ་ལས་རང་བྱོན་དུ་བྱོན་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་བཞུགས་སོ་གསོལ་ལོ། །དེ་ནས་རྒྱལ་པོས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་སོ། །རྒྱལ་མོ་ཨོང་ཇོས་ར་མོ་ཆེའི་གཙུག་ལག་ཁང་བཞེངས་སོ། །དེའི་ཚེ་རྒྱ་གར་གྱི་སློབ་དཔོན་ཀུ་མཱ་ར་དང། བྲམ་ཟེར་ཤང་ཀཱ་ར་དང། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ་དང། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་དཱ་བ་ཚོ་དང། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཞིང་གཏན་ལ་ཕབ་བོ། །རྒྱལ་པོ་དེ་ནི་ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས་ཤིང། ལིའི་བཙུན་པ་གཉིས་ཀྱི་ལོ་རྒྱུས་ཡོད། རྒྱལ་པོ་དེས་ལོ་དྲུག་ཅུ་རྩ་དགུ་རྒྱལ་སྲིད་བཟུང་སྟེ། བརྒྱད་ཅུ་རྩ་གཉིས་ལ་གཤེགས་སོ། །དེ་དང་མཉམ་དུ་ཨོང་ཇོའི་ཞལ་ནས་ལྷ་ཤཱཀྱ་མུ་ནེ་ར་མོ་ཆེ་ནས་གདན་དྲོངས་ལ། འཁྲུལ་སྣང་གི་གློ་འབུར་དུ་སྦོས་ལ་སྒོ་ལ་ཞལ་གྱིས་ལ་འཇམ་དབྱངས་བྲིས་ཤིག་གསུངས་ཏེ། ཁྲི་བཙུན་དང་གཉིས་ཀ་རྒྱལ་པོ་དང་མཉམ་དུ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཐིམ་མོ། །བློན་པོ་རྣམས་ཀྱིས་ཀྱང་ལྷ་གཉིས་བརྗེས་ཏེ་ཞལ་ཆེམས་ལྟར་བྱས་སོ། །རྒྱལ་པོ་དེའི་སྲས་མང་སྲོང་མང་བཙན། དེའི་སྲས་གུང་སྲོང་གུང་


LR16_Page_225
[མ་དཔེ་གཟིགས་ན་འདིར་གནོན།]

བཙན། དེའི་སྲས་འདུས་སྲོང་མང་པོ་རྗེ་བློ་ནམ་འཕྲུལ་གྱི་རྒྱལ་པོ། དེའི་སྲས་ཁྲི་ལྡེ་གཙུག་བཙན། དེས་ལྷ་ས། མཁར་བྲག་མཆིམས་ཕུར་ནམ་ར། དར་འཕུར་མཁར་སྡག་མདོ་སྨད་དུ་རྨ་ཆུ་ཁྲི་རྩེ། བྲག་དམར་དུ་སྒ་ཆུ་ཤར་སྒོ། འཕང་ཐང་ཀ་མེད། ཀ་ཆུ་བན་ཆུང། བྲག་དམར་མགྲིན་བཟང་ལ་སོགས་པ་བཞེངས་སོ། །བྲན་ཀ་མུ་ལ་ཀོ་ཤ་དང། གཉགས་ཛྙཱན་ཀུ་མཱ་རས་མདོ་སྡེ་ལས་བརྒྱ་པ་དང། གསེར་འོད་དམ་པ་གཉིས། སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སེ་ལ་བཞུགས་པའི་ཞལ་ངག་ནས་བསྒྱུར། རྩིས་དང་སྨན་དཔྱད་ལ་སོགས་པ་བསྒྱུར་ཏེ་ཅོས་སྲོལ་ཆེ་བར་མཛད། དེའི་སྲས་འཇང་ཚ་ལྷ་དབོན་ལ་རྒྱའི་པོའི་སྲས་མོ་གྱིམ་ཤིང་ཨོང་ཇོ་བླངས་པས་བུ་ཤི་སྟེ། མེས་དང་འདུས་ནས་ལྷ་ཤཱཀྱ་མུ་ནེ་ར་སའི་ལྷོ་ཕྱོགས་གློ་འབུར་ལ་སྦས་པ་བཙལ་ཏེ་མཆོད་པ་བྱས་སོ། །དམ་པའི་ཆོད་དར་ཞིང་རྒྱས་པར་མཛད་ཚུལ། བར་དུ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་པ་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན་ཏེ། དེ་ཡང་མཁྱེན་རབ་གྱི་བདག་པོ་འཕགས་པ་འཇམ་དཔལ་དེས་བཞུགས་ས་རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་ཀྱང། ཞལ་བོད་དུ་བསྟན་ནས་ཐུགས་ཀྱིས་བོད་ཁ་བ་ཅན་རྣམས་འདུལ་བར་དགོངས་སོ། །བོན་པོ་དང་སངས་རྒྱས་ཆོས་པ་གཉིས་བར་གྱི་འཐབ་ཟིངས། དེ་ཡང། རྒྱལ་པོ་དབང་ཆེ་བ་ཞིག་ཏུ་སྤྲུལ་ནས་མངའ་འོག་ཏུ་སྡུད་


LR16_Page_226
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགོངས་ནས། རྒྱ་ནག་རི་བོ་རྩེ་ལྔ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་བས་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་གཙུག་བཙན་བྱ་བའི་མངའ་འོག་ན་འདུག་པར་མཁྱེན་ནས། རྒྱལ་པོ་ཁྲི་ལྡེ་གཙུག་བཙན་དང། ཡུམ་རྒྱ་མོ་གྱིམ་ཤིང་ཨོང་ཇོ་གཉིས་ཕོ་བྲང་བྲག་དམར་ན་རིན་པོ་ཆེའི་ཁྲི་སྟེང་ན་གཟིམས་ནས་བཞུགས་པ་ལ། འཕགས་པ་འཇམ་དཔལ་གྱི་ཐུགས་ཀ་ནས་འོད་ཟེར་ལྔའི་རྩེ་མོ་ལ་གསེར་གྱི་ཁྱེའུ་ཆུང་མཚོན་གང་པ་ཞིག་གྱིམ་ཤིང་ཨོང་ཇོ་ཡི་མངལ་དུ་འཕྲོས་པའི་སྤྲུལ་པ་བཀྱེའོ། །དེའི་ཡུལ་གྱི་རྨི་ལམ་ན་འོད་ཟེར་ཉི་མ་ཉར་བ་འདྲ་བ་ཞིག་བྱུང་ནས་མངལ་གྱི་ནང་དུ་འོད་ཀྱི་ཁྱེའུ་ཇོ་ཞིག་ཞུགས་པ་རྨིས་ནས། ཡབ་རྒྱལ་པོ་ལ་བཟླས་པས་བར་སྣང་གི་ལྷ་བྲན་ཞིག་ངེད་རང་གི་བུར་འོངས་པ་ཡིན་ཏེ་ཡོང་བས། རྨི་ལམ་དེ་རབ་ཏུ་བཟང་ངོ་གསུངས་ནས་རྒྱལ་པོ་ཤིན་ཏུ་དགྱེས་སོ། །དེ་ནས་ཡུམ་ལུས་མ་བདེ་བ་མེད་པར་འགུལ་འཕར་ལ་སོགས་པ་བྱུང་བ་དང། ཤེས་པ་གསལ་བ་དང། ལུས་ཡང་བ་དང། བདེ་བ་དང། ཉོམ་མོངས་པ་མི་སྐྱེ་བར་གྱུར་ཏེ། དེ་ནས་ཟླ་དགུ་ངོ་བཅུ་ནས་ཕོ་བྲང་བྲག་དམར་དུ་ཡུམ་ལ་ན་ཚ་མེད་པར་བལྟམས་སོ། །སོ་དུང་སོ་འཁོར་མ་ཡོད་པ། སྐྲ་མཐོན་མཐིང་གཙུག་གཡས་སུ་འཁྱིལ་བ། མཛེས་པ་ལྷའི་བུ་ལྟ་བུ་ཞིག་བྱུང་སྟེ། ས་རྟའི་ལོ་དཔྱིད་ཟླ་ར་བ། སྐར་མ་རྒྱལ་གྱི་ནམ་ལངས་ཉི་མ་ཤར་བ་ལ་སྐུ་འཁྲུངས་ཏེ། རྒྱལ་པོ་ལ་ཕོ་བྲང་འཕང་ཐང་དུ་བསྟན་པར་ཆས་པ་ན། བུ་ཆེན་མ་སྣ་ནམ་མཟས་ཕྲོགས་ཏེ། རྒྱ་མོ་ན་རེ། ཡིན་པ་དང་ངའི་ཡིན་ཏེ། དྲི་མོ་ཁྱོད་ཁྱེར་ཟེར་ནས་བཏང། སྣ་ནམ་གྱི་བུར་བྱས་ནས་མཚན་ཁྲི་སྲོང་ལྡེ་བཙན་དུ་བཏགས་


LR16_Page_227
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བུ་ཨོང་ཇོའི་ཡིན་པར་མི་ཀུན་གྱིས་ཤེས། དེ་ཆུང་བའི་དུས་སུ་རྒྱའི་ཡུལ་དུ་སང་ཤི་ལ་སོགས་མི་བཞི་ཆོས་འཚོལ་དུ་བཏང་ངོ་། །དེའི་དུས་སུ་ཧ་ཤང་མངོན་ཤེས་ཅན་གྱིས་བོད་ཀྱི་ཕོ་ཉ་བ་འཕགས་པ་བྱང་སེམས་ཀྱི་སྤྲུལ་པ་ཞིག་འོང་སྟེ། འདི་འདྲའོ་ཞེས་འདྲ་འབག་བྱས་སོ། །སླེབས་པ་དང་རྒྱའི་རྒྱལ་པོས་བསྙེན་བཀུར། ཆོས་མང་པོ་བསྐུར། ཧ་ཤང་ཞིག་དང་བཅས་པ་བརྫངས་ཏེ་བོད་དུ་སླེབས་པ་ན། ཡབ་རྒྱལ་པོ་ཡར་འབྲོག་རྦ་བ་ཚལ་དུ་ཆིབས་སྒྲོན་པར་གྲོངས། རྒྱལ་བུ་ནར་མ་སོན་པས། ཞང་མ་ཞང་ཁྲོན་པ་སྐྱེས་ན་རེ། རྒྱལ་པོ་སྐུ་ཚེ་ཐུང་པ་ཆོས་བྱས་པས་ལན། བཀྲ་མི་ཤིས། ཚེ་ཕྱི་མ་མི་བདེན། ཚེ་འདིའི་རྐྱེན་བཟློག་ལ་བོན་བྱ། སུས་ཆོས་བྱེད་པ་དེ་ཕོ་རེང་དུ་གཏང་ལ་མཐར་སྤྱུགས། དེ་ཕྱིན་ཆད་བོད་ལ་ཚེ་ཚུང་བ་མི་ཡོང། ར་མོ་ཆེའི་ལྷ་ཤཱཀྱ་མུ་ནེ་ཡང་སླར་རྒྱ་ནག་ཏུ་སྐྱེལ་ཟེར་ནས། འབྲེང་བའི་དྲྭ་བར་བཅུག་སྟེ་མི་སུམ་བརྒྱས་དྲུད་པར་བརྩམས་པས། བསྒྲུལ་བར་མ་ནུས་པར་བྱེ་ཐེམས་སུ་སྦས། ལྷ་སའི་དཀོན་གཉེར་ཧ་ཤང་རྒད་པོ་རྒྱལ་ཡུལ་དུ་བསྐྲད་དོ། །དེའི་ལྷམ་པ་གཅིག་བོད་དུ་ལུས་པས་དེ་ན་རེ། ད་དུང་ཆོས་མེ་སྟག་ཙམ་ཞིག་མྱུར་དུ་ཡོང་ཟེར་ནས་སོང། མཁར་བྲག་དང། མགྲིན་བཟང་རྨང་ནས་བཤིག །དེའི་ཅོང་མཆིམས་ཕུའི་རྫ་ལ་བསྐྱལ། ར་སར་བཟོ་གྲྭ་བཙུགས། བཤས་བྱས་ནས་ལྡེར་ཆོས་ལ་ལག་པ་དམར་པོས་འཇུས། ཕྱག་ལ་ནང་ཆ་བཀལ་ལོ། །བློན་པོ་མང་དར་དང། ལྷ་ལ་གཉིས་ཆོས་ལ་དགའ་ཟེར་ནས་ཆད་པ་བཅད་དོ། །བོད་ནག་པོར་བཏག་བས་མ་རུང་སྟེ། དུས་དེར་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་བྱ་བ་བརྒྱལ་ནས་ཨ་ལ་ལ་ཟེར་ཞིང། རྒྱབ་གས་ནས་ཤི། ལྕོག་རོ་


LR16_Page_228
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་པ་རྒྱལ་གོང་མགོ་དང། ལྕེ་དང། རྐན་དང། རྐང་ལག་ཐམས་ཅད་བསྐམས་ཏེ་གུམ་པས། བླ་འོག་གི་མི་དང་ལྟས་མཁན་ཀུན་མཐུན་པར། རྒྱའི་ལྷ་ཁྲོས་ཏེ་བྱེ་ཐེམས་སུ་བཅུག་པས་ལན། ལྷའི་ཁུངས་དང་པོ་རྒྱ་གར་ནས་ཡོང་བ་ཡིན་པས། ད་ཡང་སྐྱེལ་ལོ་ཟེར་ནས་བྱེ་ཐེམས་ནས་བཏོན། དྲེའུ་གཉིས་ལ་འགྱོགས་བགྱིས་ནས་མང་ཡུལ་དུ་བསྐྱལ་ལོ། །དེའི་དུས་ཡུལ་ངན་ཆེན་པོ་བྱུང། འབངས་གུམ་པ་ལ་དགེ་རྩ་བགྱིར་མི་གནང་བའི་ཁྲིམས་བུ་ཆུང་བཅས། དེའི་ཚེ་སྦ་གླང་ཀླག་གི་སྦ་གསལ་སྣང་གི་བུ་ཚ་མིང་སྲིང་གཉིས་ཡོད་པ་དུས་གཅིག་ཏུ་གུམ་པས། ཧ་ཤང་གིས་ཆོ་ག་བྱས་པས། བུ་ལྷར་སྐྱེས། བུ་མོ་ལོ་དུས་ན་རང་གི་བུར་སྐྱེས་ཏེ་སྐྱེ་བ་དྲན་པ་ཞིག་བྱུང་སྟེ། ཆོས་ལ་ཡིད་ཆེས་སྐྱེས་ནས། སྦ་གསལ་སྣང་མང་ཡུལ་གྱི་ཁ་བློན་ལ་བཏང་བ་ལྟར་མཛད་དེ་ལོ་ཙཱ་བསླབས་སོ། །དེའི་ཚེ་སང་ཤི་བོད་དུ་སླེབས་ཏེ་ཆོས་བྲག་ལ་སྦས་སོ། །དེ་ནས་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སར་བཏོན་ཏེ་ཇོ་མོ་གསུམ་ཁབ་ཏུ་བཞེས་ཏེ། ཚེ་སྤོང་བཟའ་དམར་རྒྱན། འབྲོ་བཟའ་བྱང་ཆུབ་སྒྲོན། ཕོ་ཡོང་བཟའ་རྒྱལ་མོ་བཙུན་ནོ། །ཡབ་མེས་ཀྱི་ལེའུ་ཚེ་གཏམ་མཛད་པ་ན་ཆོས་ཀྱི་གཏམ་བྱས་ཏེ་ཆོས་སྦས་པ་བླངས་ཏེ་སྙན་དུ་གསོལ་བས་དད་པར་གྱུར་ཏེ། རྒྱལ་མོ་མགོ་དང་པཎྜི་ཏ་ཨ་ནན་ཏ་དང་གསུམ་གྱིས་སྒྱུར་ཅིག་གསུངས་ཏེ་བསྒྱུར་བར་བརྩམས་པས་བློ་ནམ་ཞང་ཁྲོན་པ་སྐྱེས་ལ་སོགས་པས་བཀག་གོ །དེར་བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་སང་ཤི་རྒྱ་ཡུལ་དུ་བརྫངས་སོ། །རྒྱལ་པོས་ལོ་བདུན་དུ་འབངས་རྣམས་དང་ཕྱིའི་སོ་ཁ་བསྲུང་བ་དང། ནང་གི་སོ་


LR16_Page_229
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་མཛད་པས་རྒྱལ་ཁྲིམས་བསྐྱངས་སོ། །གསལ་སྣང་གེས་མང་ཡུལ་དུ་མ་བསྡད་པར་རྒྱ་གར་དུ་ཕྱིན་ནས། མ་ཧ་བྷོ་དྷི་དང། ཤྲཱི་ན་ལེན་དྲ་ལ་མཆོད་པ་བྱས། བལ་ཏུལ་དུ་མཁན་པོ་བོ་དྷི་སཏཱ་མཇལ་ཏེ། མང་ཡུལ་དུ་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་ཏེ་སེམས་བསྐྱེད་སྡོམ་པ་མནོས་ཡེ་ཤེས་དབང་པོ་ཞེས་མིང་བཏགས་སོ། །སློབ་དཔོན་བོད་དུ་འབྱོན་པར་ཞུས་པས། ལུང་བསྟན་ཅིང་ཞལ་གྱིས་བཞེས་ཏེ་བལ་པོར་གཤེགས་སོ། །སྦས་ཆོས་བསླབས་ཏེ་ཕོ་བྲང་རླུང་ཚུགས་སུ་རྒྱལ་པོ་དང་མཇལ་ཏེ་ཆོས་ཀྱི་གླེང་མཆིད་བྱས། པོ་དྷི་སཏྭའི་ལོ་རྒྱུས་བསྙད་པས། ཁྱོད་ཡིབ་ཅིག། ངས་ཞང་ཉང་བཟང་ཁད་ཀྱིས་གསོལ་དུ་གཞུག་གོ་ཟེར་ནས། ཞང་ཉང་བཟང་དང། མགོས་ཁྲི་བཟང་ལ་སོགས་པ་ཆོས་ལ་དགའ་བའི་བློན་པོ་ཀུན་ལ་ཆོས་བྱེད་པར་གསོལ་བ་བཏབ་པས། ཉང་བཟང་ན་རེ། མ་ཞང་དབང་ཆེ་ཆོས་ལ་གནག་པས་མི་འགྲུབ་མཆི་ཟེར་ནས། མགོས་ན་རེ་ཐབས་བགྱི་བར་རྔོ་ཐོགས། ཁོ་བོའི་གཏིང་གནོན་སླད་ཀྱིས་མཛོད་ཅིག་ཅེས་ཟེར་རོ། །རྒྱལ་བློན་ཆད་བྱས་ཏེ་མགོས་ཀྱིས་བློ་བཏོན་ནས། མ་ཞང་ཁྲོན་པ་སྐྱེས་གསོན་པོར་དུར་དུ་བཅུག་སྟེ་ཁ་ཕ་བོང་གིས་བཅད་དོ། །དེ་ནས་ཁྲོན་པ་སྐྱེས་གསོན་པོར་དུར་དུ་བཅུག་སྟེང་ཁ་པ་བོང་གིས་བཅད་དོ། །དེ་ནས་ལོ་ཉིས་ཤུ་ཐུམ་པ་གླང་གི་ལོ་ལ་དམ་པའི་ཆོས་བྱ་བའི་ཐུགས་དགོངས་སྐྱེས་ཏེ། སྔ་མའི་རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་བོད་མོན་རུམ་དང་འདྲ་བ་ལ། གཙུག་ལག་ཁང་བཞེངས། དམ་པའི་ཆོས་བསྒྱུར། བོད་ལ་ཤིན་ཏུ་བཀའ་དྲིན་ཆེ་བར་མཛད་འདུག་བདག་གིས་ཀྱག་དམ་པའི་ཆོས་དར་ཞིང་རྒྱས་པར་བྱ་དགོས་སྙམ་པའི་བསམ་པ་རྒྱ་ཆེན་པོ་བསྐྱེད་ནས། སྔོན་ལ་དཀོན་མཆོག་གསུམ་གྱི་རྟེན་


LR16_Page_230
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་མི་རྣམས་ཀྱིས་མོས་པ་བྱེད་པའི་ས། བདག་རང་གི་གཡར་དམ་བྲག་དམར་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པར་དགོངས་ཏེ། བློ་ཉེ་བའི་འབངས་བློན་འགའ་བསགས་ནས། བདག་འདུས་བྱས་ཀྱི་དགེ་བའི་རྩ་བ་ལ་གཙུག་ལག་ཁང་ཞིག་བཞེངས་སུ་གསོལ་བའི་གྲོས་བྱས་པས། བློན་པོ་དེ་རྣམས་ཀྱི་མཆིད་ནས། དེ་སྐད་བྱས་ན་རྗེའི་ཐུགས་དགོངས་དེ་རང་མི་འབྱོངས་པས། བློན་འབངས་རྣམས་བསག་ལ་འདི་སྐད་གསུངས་ཤིག་པར་བགྲོས་སོ། །ཡང་ན་ཧས་པོ་རི་ཟངས་ཀྱི་སྦུགས་སུ་འཇུག་གམ། ཡང་ན་དགེ་རྒྱས་བྱེ་མའི་གླིང་གསེར་ཕྱེས་འགེངས་སམ། ཡང་ན་གཡས་རུའི་གཙང་པོ་ཟངས་ཀྱི་སྦུགས་སུ་འཇུག་གམ། ཡང་ན་ཧས་བོ་རི་ཡི་རྩེ་མོ་ལ་ཤེལ་གྱི་མཆོད་རྟེན་ཞང་པོ་རྒྱའི་ཡུལ་ནས་མཐོང་བ་ཞིག་བརྩིག་གམ་ཞེས་གསུང་ཤིག དེའི་དུས་ན་བདག་ལ་ལས་དེ་ཙམ་མི་འགྲུབ་བོ་ཞེས་བཀའ་གཅོག་པའི་ཚུལ་བགྱིད། ལ་ལས་གཙུག་ལག་ཁང་བཞེངས་སོ་བའི་ཚུལ་བགྱིད། ལ་ལས་རྗེ་ཡི་དབང་ཟ་བའི་ཚུལ་བགྱི་ཡིས་ཞེས་ཟེར་རོ། །རྗེས་འབངས་བློན་རྣམས་བསགས་ཏེ་གོང་གི་འདམ་ཀ་ཀུན་བོར་ནས། འབངས་རྣམས་དེ་ཙམ་མི་འགྲུབ་བོ་ཞེས་གླེངས། བློན་པོ་ཀུན་གྱིས་གོང་གི་གྲོས་བྱས་པ་ལྟར་གླེངས་སོ། །དེར་མཇུག་ཏུ་གཙུག་ལག་ཁང་བཞེངས་པར་གྲོས་འཆམ་མོ། །དེར་རྒྱལ་པོས་དགུང་ལོ་ཉིས་ཤུས་རྩ་གཅིག་སྟག་གི་ལོ་ལ་རྨང་འདིང་པར་བཞེད་ནས། རྒྱ་གར་གྱི་ཡུལ་ནས་སློབ་དཔོན་བོ་དྷི་སཏཱ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་མཁྱེན་པ་ཆེ་བཞིག་བཞུགས་པར་གྲགས་ནས། སྦ་གསལ་སྣང་ལ་སོགས་པའི་བང་ཆེན་མི་གསུམ་ལ་གསེར་ཕྱེ་བྲེ་གང་ཞུ་རྟེན་


LR16_Page_231
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐུར་ནས་སྤྱན་འདྲེན་དུ་བཏག་བས། བོད་ཀྱི་བཙན་པོ་དང། ངེད་གཉིས་ཚེ་སྔོན་གྱི་ལས་འབྲེལ་ཡོད་པས་འགྲོ་དགོས་གསུངས་ཏེ་བོད་དུ་ཀྱོན་ནས། རྒྱལ་པོས་ཞུ་བ་ཕུལ་བ། སློབ་དཔོན་ཆེན་པོ་ལགས། བདག་རང་གི་གཡར་དམ་དཀོན་མཆོག་གསུམ་གྱི་ཕོ་བྲང་གི་རྟེན་འགྲོ་བ་མི་རྣམས་ཀྱིས་མོས་པ་བྱེད་པའི་ས། གཙུག་ལག་ཁང་ཞིག་བཞེངས་པ་ལགས་པས། སློབ་དཔོན་གྱིས་ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུ་བ་ཕུལ་བ་དང། སློབ་དཔོན་གྱིས་གསུངས་པ། བོད་ཀྱི་ལྷ་འདྲེ་མི་མ་ཡིན་རྩུབ་མོར་འདུག་པས། ངས་བྱང་ཆུབ་ཀྱི་སེམས་ཀྱིས་འདུལ་བ་ཡིན་ཏེ། ཐུལ་ལམ་མི་ཐུལ་མི་ཤེས་པས། རྒྱལ་པོ་རང་རྨང་ཐིངས་ཤིག་གསུངས་ནས། སློབ་དཔོན་གྱིས་ས་གཞི་བྱིན་གྱིས་བརླབས། མངའ་བདག་ཉིད་ཀྱི་སྐུ་ལ་དར་དཀར་གྱི་ན་བཟའ་གསོལ། ཕྱག་ཏུ་གསེར་གྱི་འཇོར་ཐོགས་ཏེ་རྨང་བརྐོས་པ་དང། །ས་ཁྲུ་གང་ཙམ་གྱི་འོག་ནས་འབྲས་དཀར་མོ་ཁལ་གཅིག་དང། ས་ཞག་རོ་ཀ་ར་ལྟར་བྲོ་བ་མང་པོ་བྱུང་ནས། རྒྱལ་པོ་ཉིད་ཀྱི་ཞལ་དུ་གསོལ། །དབུ་ལའང་བྱུགས། འོ་ང་ཡི་བསམ་པ་འགྲུབ་ནས་ཡོང། བོད་ཡུལ་དུ་ཆོས་ཀྱི་བསྟན་པ་དར་ནས་འོང་གསུངས་སོ། །དེ་ནས་རྨང་བཏིང་ནས་བརྩིགས་པ་དང། དགེ་བསྙེན་ཉིས་ཤུ་རྩ་གཅིག་ལ་སོགས་པ་བོད་ཀྱི་གནོད་སྦྱིན་མཐུ་བོ་ཆེ་དང། མཐུ་མོ་ཆེ་རྣམས་ཀྱིས་བར་གཅོད་བྱས་ཏེ། ཉིན་མོ་མིས་བརྩིགས་པ་ནུབ་མོ་ལྷ་འདྲེས་བཤིག ར་རྡོ་་ཀླུངས་སུ་ཕབ། ཀླུང་རྡོ་རི་ལ་བསྐྱལ། རྩིག་ཏུ་མ་བཏུབ་བོ། །དེར་རྒྱལ་པོ་ཐུགས་མུག་སྟེ། བདག་བསོད་ནམས་ཆུང་ངམ། སློབ་དཔོན་བྱིན་


LR16_Page_232
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ཆུང་ངམ། བོད་ཀྱི་ལྷ་འདྲེ་གདུག་པ་ཆེའམ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཁྱེད་བསོད་ནམས་མི་ཆུང། ང་བྱིན་བརླབས་མི་ཆུང་སྟེ། བདག་གིས་རྒྱུ་མཚན་ཉིད་ཀྱི་ཆོས་གཅིག་ཀྱང་མ་ལུས་པ་ཞིག་ཤེས། བྱང་ཆུབ་ཀྱི་སེམས་འབྱོངས་པ་ཡིན་ཏེ། བོད་ཀྱི་ལྷ་འདྲེ་གདུག་པ་ཅན་འདི་རྣམས་མི་ཐུལ་བར་འདུག་པས། ད་དྲག་པོའི་འཕྲིན་ལས་ཀྱིས་འདུལ་བའི་དུས་ལ་བབ་འདུག་པས། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ན། སློབ་དཔོན་པདྨ་གནས་ཞེས་བྱ་བ་ཚེ་ལ་དབང་བའི་རིག་འཛིན་ཐོབ་པ། ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་བ། མཐུ་ཆེ་ལ་རྩ་དྲག་པ། གསང་སྔགས་ཀྱི་སྤྱོད་པ་མཛད་པ་སྤྱན་དྲངས་ན་མངའ་བདག་གི་དགོངས་པ་འགྲུབ་ཅིང་མི་མ་ཡིན་གདུག་པ་ཅན་རྣམས་ཀྱང་ཐུལ་བར་འགྱུར་རོ། །ཞེས་གསུངས་པས། རྗེས་དེ་སྤྱན་མི་འདྲོངས་ལས་ཆེ་བྱས་པས། དེ་སྤྱན་འདྲོངས་པའི་རྒྱུ་མཚན་གསུམ་ཡོད་པས་འདྲོངས་ནས་འོང་གསུངས། དེ་ཡང་ད་ལྟ་བལ་ཡུལ་ཡང་ལེ་ཤོད་ན་བཞུགས་ཡོད་པས་ཐག་ཉེ་བ་དང། བོད་འདུལ་བའི་དུས་ལ་བབ་པར་མཁྱེན་པ་དང། འོ་ཅག་གསུམ་ཚེ་སྔོན་འབྲེལ་བ་ཡོད་པ་དང་གསུམ་གྱིས་སྤྱན་འདྲོངས་ནས་ཡོང་གསུངས་སོ། །སློབ་དཔོན་པདྨའི་སྐུ་ཆེ་བའི་ལོ་རྒྱུས་མདོར་བསྡུས། དེ་ཡང་སློབ་དཔོན་པདྨའི་སྐུ་ཆེ་བའི་ལོ་རྒྱུས་དང། རྣམ་པར་ཐར་པ་ནི་ནམ་མཁའི་མཐའ་དང་མཚུངས་ཤིང་ཚིག་ཏུ་བརྗོད་ཀྱིས་མི་ལང་ཡང། འཁྲུངས་རབས་རྣམ་ཐར་མདོར་བསྡུས་བརྗོད་པ་ནི། དེ་ཡང་རྒྱ་


LR16_Page_233
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་ཡུལ་ན་ནུབ་ཕྱོགས། དཔལ་ཨུ་རྒྱན་ཞེས་བྱ་བའི་ཡུལ་རིན་པོ་ཆེ་འབར་བའི་གྲོང་ཁྱེར་ན། རྒྱལ་པོ་ཨིནྡྲ་བྷཱུ་ཏི་འབྱོར་པའི་དབང་པོ་ཞེས་བྱ་བ་ཆོས་སྐྱོང་བའི་རྒྱལ་པོ་ཨུ་རྒྱན་གྱི་རྒྱལ་ཁམས་ལ་མངའ་མཛད་པ། བཻཌཱུ་རྱའི་ཤིན་ཏུ་དྭངས་པ་ཕོ་བྲང་རིནཔོ་ཆེ་འོད་འབར་བ། ཕྱི་ནང་མེད་པ་མ་བསྒྲིགས་པར་གསལ་བའི་ནང་ན། བཙུན་མོ་བརྒྱ་རྩ་དང། ཕྱི་བློན་དང་ནང་བློན་དང་བར་བློན་ལ་སོགས་པའི་འཁོར་དཔག་ཏུ་མེད་པའི་ཚོགས་དང་བཅས་ནས་བཞུགས་པ་ལས། རྒྱལ་པོ་ལ་སྲས་མི་མངའ་ནས། དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ། ཆོས་ཀྱི་སྤྲིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཞར་གཅིག་བཏོན་ནས་འགྲོ་བ་རྣམས་ལ་མཆོད་སྦྱིན་རྒྱ་ཆེན་པོ་མཛད་དམ་བཅས་ཏེ། དཀོར་མཛོད་ཀྱི་ནོར་ཐམས་ཅད་སྦྱིན་པར་བཏང་བས། ལོ་མང་བར་མ་ལོན་པ་དང་དཀོར་མཛོད་ཀྱི་ནོར་ཐམས་ཅད་ཟད་ཅིང་སྟོངས་སུ་ཉེ་བ་ལ། སྦྱིན་པའི་འཕྲོ་བཅད་པས། སློང་མོ་མ་འཕྲོ་མ་ཆད་ནས། ད་ནི་བང་མཛོད་ཐམས་ཅད་སྟོངས་ནས་མེད་དོ་ཞེས་སྨྲས་པ་དང། འོ་ན་ངེད་རྣམས་ལ་མ་བྱིན་ན་སྔར་བྱིན་པ་ཐམས་ཅད་དོན་མེད་དོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ། ཕྱིའི་རྒྱ་མཚོའི་གླིང་ལ་ཀླུའི་བུ་མོ་མཛེས་ལྡན་མའི་ལག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བ་ཟད་མི་ཤེས་པ་ཞིག་ཡོད་པར་འདུག །དེ་ཆོས་ཀྱི་སྦྱིན་པ་གཏོང་བའི་བྱང་ཆུབ་སེམས་དཔའ་ཞིག་གིས་བསླངས་ན་སྟེར་བ་ཡིན་འདུག་པས། དེ་བསླང་དགོས་སྙམ་ནས་རྒྱ་མཚོ་ལ་རྫིངས་བཅས་ནས། ཕྱིའི་རྒྱ་མཚོ་ལ་ནོརབུ་རིན་པོ་ཆེ་ཐེངས་མང་དུ་བླངས་པའི་དེད་དཔོན་ཞིག་ཡོད་


LR16_Page_234
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀའ་བསྒོ་མཛད་ནས། འཁོར་དང་བཅས་ཏེ་ཆད་པ་ལས། རྒྱལ་པོ་ལ་འཀོར་རྣམས་ཀྱིས་མ་བཞུད་ཅེས་ཞུ་བ་ཕུལ་ཀྱང་མ་གནང་སྟེ། རྫིངས་ཀྱི་ནང་དུ་བཞུད་ནས་ཕྱོགས་བཟིར་དར་པོ་ཆེ་བཞི་ཕྱར། མཐུན་པའི་རླུང་བྱུང་བ་དང་འགྲོ །མི་འདོད་པའི་རླུང་བྱུང་བ་དང་ཕྱོགས་བཞིར་ཞ་ཉེའི་གཏིང་རྡོ་ཆེན་པོ་བཞི་རྔ་མའི་ཟག་པ་ལ་འཕྱང་དུ་བཅུག་ནས། རྫིངས་སྡོད་པ་དང་བཅས་ཏེ་རྒྱལ་པོ་འཀོར་བཅས་ཕྱིའི་རྒྱ་མཚོ་ལ་ཉག་ཐག་བཅད་ནས་བཞུད་དོ། །དེ་ནས་རྫིངས་ཀྱི་དར་པོ་ཆེ་ཕྱར་ཏེ། རླུང་ཕྱོགས་སུ་བཏང་བས་དཔག་ཆེན་གྱི་མདའ་འཕངས་པ་བཞིན་སོང་ངོ་། །དེ་ནས་རིན་པོ་ཆེའྀ་གླིང་དུ་ཕྱིན་པ་དང། འཁོར་གཞན་རྣམས་རིན་པོ་ཆེའི་གླིང་དུ་བཞག་ནས། རྒྱལ་པོ་དང་དེད་དཔོན་གྲུ་ཆུང་ཞིག་ཏུ་ཞུགས་ནས་སོང་བས། རི་དཀར་པོ་ཞིག་སྣང་ནས། ཕ་གི་ཅི་ཡིན་ཞེས་རྒྱལ་པོས་དྲིས་པ་དང། ཕ་གི་རིན་པོ་ཆེ་དངུལ་གྱི་རི་ཡིན་ཟེར་རོ། །དེ་ནས་ཡང་ཕྱིན་པ་དང་རི་སྔོན་པོ་ཞིག་སྣང་ནས། ཕ་གི་ཅི་ཡིན་དྲིས་པས། རིན་པོ་ཆེ་བཻཌཱུ་རྱའི་རི་ཡིན་ཞེས་ཟེར་རོ། །དེ་ནས་བྱོན་པ་དང་རི་སེར་པོ་ཞིག་སྣང་ནས་དྲིས་པས། དེ་ནི་གསེར་གྱི་རི་ཡིན་ནོ། །ཕ་གི་རྩ་རུ་འགྲོ་བ་ཡིན་ཟེར་ནས་གསེར་གྱི་རི་དེའི་རྩར་ཕྱིན་པ་དང། གསེར་གྱི་བྱེ་མའི་ས་གཞིར་སྣང་ངོ་། །དེའི་མདུན་ན་རིན་པོ་ཆེ་སྣ་ཚོགས་པའི་མཁར་ཞིག་སྣང་ངོ་། །དེད་དཔོན་གྱིས་རྒྱལ་པོ་ལ་སྨྲས་པ། མཁར་པ་གིའི་མདུན་རྡོ་རྗེའི་གཏུན་ཞིག་ཡོད་ཀྱི་དེས་མཁར་དེའི་སྒོ་རྡུངས་ཤིག་དེའི་ནང་ནས་ལྷ་མོ་བརྒྱས་རིན་པོ་ཆེ་ཁྱེར་ནས་འབུལ་དུ་འོང་གི་དེ་རྣམས་ལ་གཏབསམ་མ་སྨྲས་ཞིག །དེ་ནས་ཡང་སྒོ་བརྡུངས་པས། ནང་གི་


LR16_Page_235
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ལ་ཀླུའི་བུ་མོ་མཛེས་ལྡན་བ་བྱ་བ་བུ་མོ་སྔོན་པོ་མཛེས་པ་གཅིག་གིས་ནོར་བུ་རིན་པོ་ཆེ་སྔོན་པོ་འོད་ཁ་དོག་ལྔར་འབར་བ་ཞིག་འབུལ་དུ་འོང་གི་དེ་མྱུར་དུ་ལོངས་ལ་མ་ཤོར་བར་གོས་ཀྱི་ཐ་མར་ཕུར་བ་གྱིས་ཤིག་དེ་ནོར་བུ་རིན་པོ་ཆེ་བསམ་འཕེལ་དུ་འོང་བ་ཡིན་ནོ། །ཞེས་དེད་དཔོན་གྱིས་རྒྱལ་པོ་ལ་བསླབས་ནས་བཏང་བ་དང། རྒྱལ་པོས་ཀྱང་དེ་ལྟར་བྱས་པས་ལྷ་མོ་དང་ཀླུ་མོ་རྣམས་ཀྱིས་རྒྱལ་པོ་ལ་ནོར་བུ་རིན་པོ་ཆེ་ཕུལ་ནས། བསམ་པའི་དོན་ཐམས་ཅད་འགྲུབ་བོ། །དེད་དཔོན་དྲིན་ཆེའོ་ཞེས་སྨྲས་ཏེ་འཁོར་རྣམས་ཡོད་ས་དེར་བྱོན་ནོ། །དེད་དཔོན་རིན་པོ་ཆེ་བརྟག་པ་ལ་མཁས་པ་དེས་རིན་པོ་ཆེ་འཆིང་བུ་ལ་སོགས་པ་ཐོབ་ནས་རིན་པོ་ཆེའི་ཆ་བགོས་ཏེ་བྱོན་ནོ། །མང་ན་རྫིངས་ཆུར་བྱིངས་ནས་སྲོག་འདོར་བར་བྱེད་ད། །ཆོག་ཤེས་པར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་རྫིངས་ཁ་ལོ་བསྒྱུར་ནས་རྒྱལ་པོ་འཁོར་དང་བཅས་པས་ཡུལ་ཕྱོགས་སུ་འོངས་པ་དང། ཕྱིའི་རྒྱ་མཚོའི་གླིང་ཞིག་ན། པདྨའི་སྡོང་པོ་ཞིག་སྐྱེས་པའི་ཁ་ན་ཁྱེའུ་ལོ་བརྒྱད་ལོན་པའི་ན་ཚོད་ཞིག་ལྟ་ན་སྡུག་པ་བྱད་བཞིན་ལེགས་པ་ཤིན་ཏུ་ངོ་མཚར་བ་ཞིག་འཁྲུངས་ནས་འདུག་པ་དང། རྒྱལ་པོས་ཁྱེའུ་དེ་ལ་སྨྲས་པ། ཁྱེའུ་ཁྱོད་ཀྱི་ཕ་ནི་གང་ཡིན༌། མ་ནི་གང་ཡིན༌། རིགས་ནི་གང་དུ་གཏོགས། ཡུལ་ནི་གང་དུ་བཟུང། ཟས་སྐལ་ནི་གང་ལ་བརྟེན༌། འདི་ན་དོན་ཅི་བྱེད་ཡེ་ཤེས་ཡིན་ནོ། །མ་ནི་དབྱིངས་ཀུན་ཏུ་བཟང་མོ་ཡིན་ནོ། །རིགས་ནི་དབྱིངས་དང་རིག་པ་གཉིས་སུ་མེད་པར་གཏོགས་སོ། །ཡུལ་ནི་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པར་བཟུང་ངོ༌། །ཟས་སྐལ་དུ་


LR16_Page_236
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་གི་རྟོག་པ་ཟའོ། །འདི་ན་ཉོན་མོངས་པ་གསོད་པའི་སྤྱོད་པ་བྱེད། ཅེས་སྨྲས་པ་དང། དེར་རྒྱལ་པོ་ངོ་མཚར་སྐྱེས་ཏེ། འདི་ནི་སྤྲུལ་པའི་སྐུ་ཞིག་འདུག་པས་ངའི་བུ་སྐལ་དང་མཆོག་གནས་བྱའོ་གསུངས་ནས་པདྨའི་སྡོང་པོ་དེ་ཡང་བཅད། ཁྱེའུ་དེ་ཡང་གདན་དྲངས་ཏེ་རྒྱལ་པོ་ཉིད་ཀྱི་ཡུལ་དུ་ཕྱིན་པར་གྱུར་ཏོ། །དེ་ནས་འཁོར་ཐམས་ཅད་རབ་ཏུ་དགའ་ནས་རྒྱལ་པོ་ལ་བསུ་བ་རྒྱ་ཆེན་པོ་མཛད་དོ། །དེ་ནས་རྒྱལ་པོས་སྨོན་ལམ་འདི་སྐད་བཏབ་བོ། །ངས་རྙེད་པའི་ནོར་བུ་རིན་ཆེན་འདི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཡིན་ན། ང་ཡི་ཁྱེའུ་འདི་བཞུགས་སའི་རིན་པོ་ཆེ་སྣ་བདུན་གྱི་ཁྲིར་གྱུར་ལ། རིན་པོ་ཆེ་སྣ་བདུན་གྱི་གདུགས་ཀྱང་ཡོད་པར་གྱུར་ཅིག་ཅེས་བརྗོད་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་གྱི་ཁྲི་དང་གདུགས་བྱུང་སྟེ། དེ་ལ་ཁྱེའུ་བཞུགས་ཏེ་རྒྱལ་པོར་མངའ་གསོལ་ནས་རྒྱལ་བུའི་མཚན་ཡང་མཚོ་སྐྱེས་རྡོ་རྗེར་བཏགས་སོ། །དེ་ནས་ཡང་རྒྱལ་པོས་ནོར་བུ་རིན་པོ་ཆེ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ནོར་བ་ཡིན་ན་བདག་གིས་སྔོན་ཆད་སྦྱིན་པ་བཏང་བའི་བང་མཛོད་སྟོངས་པ་ཐམས་ཅད་གང་ངར་ཤོག་ཅིག་ཅེས་བརྗོད་མ་ཐག་ཏུ་སྔོན་གྱི་བང་མཛོད་སྟོངས་པ་ཐམས་ཅད་སྔོན་ཅི་ཡོད་པས་གང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་དེས། རྔ་བོ་ཆེ་བརྡུངས་ནས་ཕྱོགས་ཐམས་ཅད་དུ་སྒྲ་བསྒྲགས་ཏེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དེས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་ཀྱི་ཆར་འབེབས་པས། སུ་ཅིའདོད་པ་གང་ལ་གང་པོས་ནོར་བུ་རིན་པོ་ཆེ་ལ་སྨན་དང་དྲི་ཡིས་ཁྲུས་ཆབ་གསོལ།


LR16_Page_237
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱི་རྩེ་ལ་བཏགས། ཙན་དན་དང་ཨ་ག་རུ་ལ་སོགས་པའི་དྲི་ཡིས་བདུགས། རྒྱལ་པོས་ཁྲུས་བྱས། གོས་གཙང་མ་བགོས་ནས། ཕྱོགས་བཞིར་ལྷ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་བ་བཏབ་བོ། །ངས་རྙེད་པའི་ནོར་བུ་རིན་པོ་ཆེ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞིག་ཡིན་ངེས་ན། མི་དང་སེམས་ཅན་ཅི་འདོད་པ་རྣམས་ལ་གང་འདོད་ཀྱི་ཆར་ཕོབ་ཅིག་ཅེས་བརྗོད་པ་ཙམ་གྱིས་ཕྱོགས་བཞི་ནས་རླུང་ལངས་ནས་མི་གཙང་བ་ཐམས་ཅད་ཕྱདག་ནས་ཆར་ཟིམ་བུ་བབས་ཏེ་རྡུལ་མི་ལྡང་བར་བྱས་སོ། །དང་པོ་ཁ་ཟས་རོ་བརྒྱ་པའི་ཆར་བབས། དེས་ལྟོགས་པ་ཐམས་ཅད་ཚིམ་པར་བྱས་སོ། །དེ་ནས་གོས་ཀྱི་ཆར་ཕབ། འཁྱགས་པ་ཐམས་ཅད་དྲོ་བར་བྱས་སོ། །དེ་ནས་ནོར་གྱི་ཆར་བབས། གང་ལ་གང་འདོད་པས་ཚིམ་པར་བྱས་སོ། །དེར་རྒྱལ་པོ་མངའ་འོག་ཏུ་འདུས་པ་ཐམས་ཅད་ལྟོགས་པ་འཕོགས་པ་ཐམས་ཅད་དང་བྲལ་བར་བྱས་ནས། ད་ནི་ཁྱོད་ཅག་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་ཅིག་ཅེས་བཀའ་བསྒོས་ནས་དེ་རྣམས་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཆོས་ལ་སྤྱད་པས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ། །དེ་ནས་རྒྱལ་བུ་སྤྲུལ་པའི་སྐུ་དེས་རྒྱལ་ས་བཟུང་བས། འགྲོ་བའི་དོན་མི་འོང་བར་ཐུགས་ཀྱིས་དགོངས་ནས། རྒྱལ་པོ་དང། བློན་པོ་རྣམས་སུན་འདོན་པའི་ཕྱིར། བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ། སྐུ་གཅེར་བུ་ལ་རུས་པའི་རྒྱན་དྲུག་གསོལ། ཕྱག་ན་དུག་གསུམ་རྩད་ནས་གཅོད་པའི་ཁ་ཊཾ་ག་ནས་མཁའི་དབྱུག་པ་རྩེ་གསུམ་པ་ཞིག་ཐོགས་ཏེ་གར་མཛད་པས། ཕོ་བྲང་གི་རྩེར་རྒྱལ་བུས་གར་མཛད་པ་ལ་བལྟ་བའི་མི་


LR16_Page_238
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཚོགས་པས། ཁ་ཊཾ་ག་ཕྱག་ནས་ཤོར་བའི་ཚུལ་མཛད་ནས། བློན་པོ་དབང་ཆེ་བ་ཀ་མ་ཏ་བྱ་བའི་བུའི་མགོ་ལ་བརྒྱབ་པས། བློན་པོའི་བུ་ཤི་བར་གྱུར་ཏོ། །དེ་ཡང་རྒྱལ་ཁྲིམས་གང་གིས་ཉམས་པ་དེ་ལ་ཆད་པ་གཅོད་པས་བློན་པོ་རྣམས་ཚོགས་ནས་རྒྱལ་པོ་ལ་གསོལ་བ། རྒྱལ་བུར་མངའ་གསོལ་ཡང་ཚུལ་མ་ཡིན་པའི་སྤྱོད་པ་བྱས་ནས་བློན་པོའི་བུ་བསད་པས། ད་རྒྱལ་བུ་རང་གསལ་ཤིང་གི་རྩེ་ལ་བསྐྱོན་ནས་ཆད་པས་བཅད་འཚལ་ཞེས་ཞུས་པ་དང། རྒྱལ་པོ་ན་རེ་འདི་མི་མ་ཡིན་གྱི་བུ་ཡིན་ནམ་སྤྲུལ་པ་ཡིན་མི་ཤེས་པས། བློན་པོ་རྣམས་ཀྱིས་སྤྱུགས་པར་བྱས་སོ། །དེ་ནས་ཡབ་རྒྱལ་པོ་ཤིན་ཏུ་ཐུགས་ལ་གཅགས་ནས་མ་མགུ་སྟེ། རྒྱལ་ཁྲིམས་བཙན་པའི་དབང་གིས་མི་སྤྱུགས་པའི་དབང་མེད་ནས། རྒྱལ་བུ་ལ་གསུངས་པ། རིན་ཆེན་མཚོ་དཀྱིལ་པདྨའི་སྡོང་པོ་ལ། །ཕ་དང་མ་མེད་ཁྱེའུ་སྤྲུལ་པའི་སྐུ། །སྲས་ཀྱིས་འཕོངས་ནས་རྒྱལ་པོར་དབང་བསྐུར་ཡང། །རྒྱལ་བུའི་སྤྱོད་པས་བློན་པོའི་ཕྲུ་གུ་བཀུམ། །བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པས་གཅོད། །བསད་པས་སྤྱུགས་པར་གནང་གི་ད་ནི་གང་དགར་བཞུད། །ཅེས་གསུངས་པ་དང། རྒྱལ་བུས་སྨྲས་པ། འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང། །ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་པོར་བྱུང། །ལས་ཀྱིས་ལན་ཆགས་བློན་པོའི་བུ་ཡང་བསད། །ཡབ་གྱི་རྒྱལ་ཁྲིམས་ཉམས་པས་སྤྱུགས་པར་ལེགས། །སེམས་ལ་སྐྱེ་ཤི་མེད་པས་བསད་ཀྱང་འཇིགས་པ་མེད། །ཡུལ་ལ་ཞེན་པ་མེད་པས་སྤྱུགས་ཀྱང་མི་དགའ་མེད། །ཡབ་དང་ཡུམ་ཡང་ཡུན་དུ་བདེ་བར་བཞུགས། །ལས་


LR16_Page_239
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འབྲེལ་བས་ཕྱི་མར་མཇལ་ཏེ་མཆིས། །ཞེས་སྨྲས་ཏེ་ཡབ་ཡུམ་ལ་ཕྱག་བྱས་སོ། །ཡབ་ཡུམ་ཡང་འདི་སྤྲུལ་པ་ཞིག་ཡིན་སྙམ་ནས་ཤིན་ཏུ་མ་དགྱེས་སོ། །དེར་བློན་པོ་རྣམས་ཀྱིས་རྒྱལ་བུདྀཾ་་ཁྲིད་དེ། ཨུ་རྒྱན་གྱི་ཡུལ་གྱི་ལྷོ་ཕྱོགས་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་བྱ་བ་ན། མི་མ་ཡིན་དང་གཅན་གཟན་གཏུམ་པོ་ཡོད་པ། ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བའི་དུར་ཁྲོད་ཆེན་པོ་དེར་བསྐྱལ་ལོ། །ཡུལ་དེའི་ཆོས་ལུགས་ཀྱིས་མི་ཤི་ཚད་དུར་ཁྲོད་དེར་སྐྱེལ་བས། རོ་གོས་རས་ཡུག་རེས་བཏུམས་ནས། རོ་ཟན་འབྲས་ཆན་ཁལ་རེ་སྔས་སུ་བཅུག་ནས་འཇོག་པས། རྒྱལ་བུ་དེ་ཡང་སྔགས་སྤྱོད་རྣལ་འབྱོར་པ་བྱས་ནས། ཟས་སུ་རོ་ཟས་ཟོས། གོས་སུ་རོ་གོས་གྱོན། ཤིན་ཏུ་ལོངས་སྤྱོད་དང་ལྡན་པར་ཡོད་པ་ལ། དུས་ཕྱི་མ་ལན་ཅིག་ཡུལ་དེར་མུ་གེ་བྱུང་ནས་མི་ཕལ་ཆེར་ཤི་ནས། རོ་གོས་རས་ཡུག་རེས་དྲིལ་ནས་སྐྱེལ་བ་ལས། རོ་ཟན་འབྲས་ཆན་སྐྱེལ་བ་མེད་ནས། དེ་ནས་ཟས་སྐལ་དུ་རོ་ལ་ལོངས་སྤྱད་པས་དུར་ཁྲོད་ན་གནས་པའི་ལས་ཀྱི་མཁའ་འགྲོ་མ་རྣམས་དབང་དུ་བསྡུས་ནས། མི་ཀུན་གྱིས་སྲིན་པོ་ཤཱདྟ་རཀྴི་ཏ་བྱ་བར་མཚན་བཏགས་སོ། །དེ་ནས་ཟ་ཧོར་གྱི་ཡུལ་དུར་ཁྲོད་དགའ་བའི་ཚལ་དུ་སྤྱོད་པ་མཛད་ནས་རོ་ལ་ལོངས་སྤྱད་པས། མཁའ་འགྲོ་མ་བདུད་འདུལ་མ་བྱ་བས་དབང་བསྐུར་བྱིན་གྱིས་བརླབས་སོ། །དེ་ནས་ཨུ་རྒྱན་གྱི་ལྷོ་ཕྱོགས་དུར་ཁྲོད་སོ་སའི་གླིང་དུ་བྱོན་ནས། བརྟུལ་ཞུཊ་ཀྱི་སྤྱོད་པ་མཛད་པས། མཁའ་འགྲོ་མ་ཞི་འཚོས་དབང་བསྐུར་བྱིན་གྱིས་བརླབས་སོ། །དེ་ནས་སྔར་པདྨ་ལ་སྐུ་འཁྲུངས་པའི་རྒྱ་མཚོའི་གླིང་དེར་བྱོན་ནས་གསང་སྔགས་མཁའ་འགྲོ་བའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོའི་གླིང་


LR16_Page_240
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཁའ་འགྲོ་བཞི་དབང་དུ་འདུས། རྡོ་རྗེ་ཕག་མོའི་ཞལ་མཐོང་བྱིན་གྱིས་བརླབས་ཏེ་རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་བྲན་ལ་སོགས་པ་རྣམས་བྲན་དུ་ཁས་བླངས་དབང་དུ་བསྡུས་སོ། །མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས། ཆོས་བཤད་དེ། དེར་ནུས་པ་དང་ལྡན་པའི་རྣལ་འབྱོར་པར་གྱུར་ཏོ། །མཁའ་འགྲོ་མ་རྣམས་ཀྱིས་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས་སོ། །དེ་ནས་རྒྱ་གར་གྱི་སློབ་དཔོན་མཁས་པ་རྣམས་ལ་གསང་སྔགས་ཕྱི་ནང་གི་ཅོས་ཐམས་ཅད་རྩད་གཅད་སྙམ་ནས། ཟ་ཧོར་པྲེ་ཏ་རའི་ལམ་དུ་དགེ་སློང་ཤཱཀྱ་མི་ཏྲའམ་ཤཱཀྱ་བཤེས་གཉེན་བྱ་བ། སློབ་དཔོན་པྲ་ཧ་ཏི་བྱ་བ་ལ་ཆོས་ཉན་དུ་འགྲོ་བ་དང་འཕྲད་ནས། ཁྱེད་གནས་གང་དུ་འགྲོ་དྲིས་པས། ངེད་བྲག་དམར་བྱ་ཁྱུང་བྱ་བ་ན་སློབ་དཔོན་པྲ་ཧ་ཏི་བཞུགས་པས་དེ་ལ་ཆོས་ཞུ་རུ་འགྲོ་ཟེར། འོ་ན་ཡ་ཡང་འགྲོ་ཟེར་ནས་ཁོ་དང་འགྲོགས་ཏེ་ཡོངས་པས། སློབ་དཔོན་པྲ་ཧ་རི་དང་མཇལ་ནས། ཆོས་ཞུས་རབ་ཏུ་བྱུང་སྟེ་མཚན་ཡང་ཤཱཀྱ་སེདྒེ་ཞེས་བྱ་བར་བཏགས་སོ། །ཡོ་གའི་ཆོས་མུན་ཏ་ཛ་ཡ་དང། ཡོ་གའི་ཆོས་རྩ་བརྒྱད་དང། ཧ་ཐ་སང་ཀྲ་ཧ་དང། ཡོ་གའི་རྒྱུད་སྡེ་ཆེན་པོ་གསུམ་བཤད་པས་ཚར་རེས་ཤེས་པ་དང། སྒྲིབ་པ་སྦྱང་བའི་ཕྱིར་ཚར་བརྒྱད་ཉན་པ་དང། མ་བསྒྲུབས་པར་དུ་དེ་ཉིད་དུ་ཡོ་གའི་ལྷ་སུམ་ཅུ་རྩ་གཉིས་ཀྱི་ཞལ་མཐོང་ངོ་། །དེ་ནས་ཤཱཀྱ་སེདྒེ་དེའི་ཐུགས་ལ་རྣལ་འབྱོར་མ་ཧཱ་ཡོ་གའི་ཆོས་ཤིག་བསྒྲུབ་ལ་རྣལ་འབྱོར་ཚེའི་རིག་འཛིན་དང། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བསྒྲུབ་པར་དགོངས་ནས། རི་མ་ལ་ཡ་ན་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་


LR16_Page_241
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་བཞུགས་པའི་སྤྱན་སྔར་ཕྱིན་ཏེ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ངས་སྐྱོད་འདུལ་བའི་དུས་ལ་མ་བབ་པས། དགེ་སློང་མ་ཀུན་དགའ་བྱ་བ་ཕྱི་ནང་གསང་བ་གསུམ་གྱི་དབང་བསྐུར་བ་མཁས་པ་ཞིག་ཡོད་པས་དེར་སོང་ལ་དབང་ཞུས་ཤིག་ཅེས་ལུང་བསྟན་ཏོ། །དེ་ནས་ཤཱཀྱ་སེདྒེ་དགེ་སློང་མའི་སྤྱན་སྔར་ཕྱིན་ཏེ། གཡོག་མོ་ཀུ་ཀུ་མ་ལ་འཕྲིན་བརྫངས་པས་མ་བྱོན་ནས། བརྗེད་དམ་བྱས་པས་ཤེལ་དཀར་གྱི་གྲི་གུས་མོ་རང་གི་བྲང་གཤགས་ཏེ་བསྟན་པ་དང་ཞི་བའི་ལྷ་བུདྡྷ་རྩ་གཉིས་བཀྲ་ལམ་པ་མཐོང་བ་དང། དེ་ཉིད་དགེ་སློང་མ་ཡིན་ནམ་སྙམ་ནས་ཕྱག་བཙལ་བསྐོར་བ་བྱས་པ་དང། ང་གཡོག་མོ་ཡིན་ནང་དུ་འདོང་ཟེར་བས་ཕྱིན་པ་དང། དགེ་སློང་མ་དང་མཇལ་ཏེ་ཕྱག་བཙལ་སྐོར་བ་བྱས་ནས་ཕྱི་ནང་གསང་གསུམ་གྱི་དབང་ཞུ་བྱས་པས། དགེ་སློང་མས་ཤཱཀྱ་སེདྒེ་ཡི་གེ་ཧུཾ་ཞིག་ཏུ་བྱས་ནས། ཞལ་དུ་མིད་པས་ཁོང་པའི་ནང་དུ་བདང་བསྐུར་ཏེ་གསང་བའི་པདྨར་བཏོན་ཏེ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱས་ནས། ཞལ་དུ་མིད་པས་ཁོང་པའི་ནང་དུ་དབང་བསྐུར་ཏེ་གསང་བའི་པདྨར་བཏོན་ཏེ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་པར་བྱས་ནས། ཕྱི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དབང་བསྐུར་ཏེ་ཚེའི་རིག་འཛིན་ཐོབ་པར་དབང་བསྐུར་རོ། །ནང་འཕགས་པ་སྤྱན་རས་གཟིགས་སུ་དབང་བསྐུར་ཏེ། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པར་དབང་བསྐུར་རོ། །གསང་བ་དཔལ་རྟ་མགྲིན་དུ་དབང་བཀྶུར་ཏེ་དྲེགས་པ་ཅན་ཐམས་ཅད་དབང་དུ་དུ་སྡུད་པར་དབང་བསྐུར་རོ། །དེ་ནས་ཤཱཀྱ་སེདྒེས་སླར་འཇམ་དཔལ་བཤེས་གཉེན་ཅན་དུ་ཕྱིན་ཏེ། འཇམ་དཔལ་ལ་ཕྱི་ནང་གི་ཅོས་མང་པོ་གསན། ཚར་རེས་ཤེས་པ་བྱུང་ནས་འཇམ་དཔལ་གྱི་ཞལ་མཐོང་པ་བྱུང་གསུངས་སོ། །དེ་


LR16_Page_242
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་དཔོན་ཧུཾ་ཀ་རའི་དྲུང་དུ་བྱོན་ཏེ། དཔལ་ཡང་དག་གྲུབ་པ་དང། སྒྲུབ་པ་རྣམ་གསུམ་གྱི་ཚོ་ག་གསན། སློབ་དཔོན་སོག་སྐྱ་དྷེ་བའི་དྲུང་དུ་ཕྱིན་ཏེ་རྡོ་རྗེ་ཕུར་པའི་ཆོ་ག་གསན། ཕུར་པའི་ལྷ་ཚོགས་ཀྱི་ཞལ་མཐོང། སློབ་དཔོན་ནཱ་ག་རྫུ་ནའི་སྤྱན་སྔར་བྱོན་ཏེ་པདྨ་གསུང་གི་ཆོ་ག་གསན། པདྨ་དབང་གི་ཞལ་མཐོང། སློབ་དཔོན་སངས་རྒྱས་གསང་བའི་སྤྱན་སྔར་བྱོན་ཏེ། ཞི་ཁྲོ་སྒྱུ་འཕྲུལ་གྱི་ཆོས་གསན། སློབ་དཔོན་རྡོ་རྗེ་མི་འགྱུར་བཱི་མ་ལའི་སྤྱན་སྔར་བྱོན་ཏེ། བདུད་རྩི་ཡོན་ཏན་གྱི་ཆོས་གསན། སློབ་དཔོན་རོམ་བུ་གུ་ཧྱ་དེ་བའི་སྤྱན་སྔར་བྱོན་ཏེ་བསྟན་པ་བསྲུང་བའི་ངན་སྔགས་དང་དྲག་སྔགས་མང་པོ་གསན། སྤོན་དཔོན་ཤྲཱི་སིང་ཧའི་སྤྱན་སྔར་བྱོན་ཏེ། བཀའ་རྫོགས་པ་ཆེན་པོའི་སེམས་ཕྱོགས་ཐམས་ཅད་བསྟན་ཏེ། ཆོས་ཐམས་ཅད་ཚར་རེས་ཤེས་ཤིང་ལྷའི་ཞལ་མཐོང། མཚན་ཡང་བློ་ལྡན་མཆོག་སྲེད་དུ་བཏགས་སོ། །དེ་ནས་བློ་ལྡན་མཆོག་སྲེད་ཀྱི་ཐུགས་དགོངས་ལ། ད་ངས་གསང་སྔགས་ཀྱི་དོན་ལ་མངའ་བརྙེས། སྐྱེ་ཤི་མེད་པ་ཚེའི་རིག་འཛིན་བསྒྲུབ་ལ། སྔོན་གྱི་ཟ་ཧོར་གྱི་རྒྱལ་བློན་རྣམས་ཆོས་ལ་འཛུད་དགོས་སྙམ་སྟེ། ཟ་ཧོར་གྱི་ཡུལ་དུ་བྱོན་ནས། ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་མེ་ཏོག་མན་དྷ་ར་བ་ཞེས་བྱ་བ་མཚན་དང་ལྡན་པ་ཞིག་དབང་དུ་བསྡུས་ནས། སྒྲུབ་སྡེ་མོ་གཟུངས་མར་ཁྲིད་ནས་རི་པོ་ཏ་ལ་ཞེས་བྱ་བར་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་གི་ལྷོ་ཕྱོགས་ན་བྲག་ཕུག་མཱ་ར་ཡི་ཀ་ཞེས་བྱ་བ། ཁ་ལྷོ་ཕྱོགས་ལ་བལྟས་པ།


LR16_Page_243
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དུ་མེ་ཏོག་གི་ཆར་འབབ་པ། ཙན་དན་གྱི་ནགས་ཚལ་ཡོད་པ། རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནས་དེར། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་ཚེ་བསྒྲུབས་པས། ཟླ་བ་གསུམ་ན་སངས་རྒྱས་སྣང་བ་མཐའ་ཡས་ཚེ་དཔག་མེད་ཀྱི་ཞལ་མཐོང་སྟེ། འཆི་མེད་ཚེའི་བདུད་རྩིའི་བུམ་པ་ཡབ་ཡུམ་གཉིས་ཀྱི་སྤྱི་བོར་བཞག ཞལ་དུ་བླུད་པས་སྐུ་སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཏེ། ཡོ་ག་ཚེའི་རིག་འཛིན་ཐོབ་བོ། །དེ་ནས་ཟ་ཧོར་གྱི་ཡུལ་མི་རྣམས་ཆོས་ལ་འཛུད་པའི་ཕྱིར། གྲོང་ཁྱེར་ན་མར་ལ་བསོད་སྙོམས་ལ་བྱོན་པས། རྒྱལ་པོ་དང་ཡུལ་མི་རྣམས་ཀྱིས་ཕྲག་དོག་བྱས་ཏེ། མཐའི་བན་དྷེ་འཁྱམས་པོ་ཞིག་གིས་སྔོན་ཡང་ངེད་ཀྱི་མི་བསད། བུད་མེད་ཐམས་ཅད་ལ་སྤྱད། དེ་ནས་རྒྱལ་པོའི་བུ་མོ་ཁྲིད་ནས་རྒྱལ་སྲིད་བསླད། ད་དུང་འདིས་ངེད་ལ་གནོད་པ་སྐྱེལ་བས་འདི་ལ་སྐྱོན་དབབ་དགོས་ཟེར་ནས། སྡིག་འདིས་ངེད་ལ་གནོད་པ་སྐྱེལ་བས་འདི་ལ་སྐྱོན་དབབ་དགོས་ཟེར་ནས། སྡིག་པའི་སྤྱི་ཁུར་བྱས་མེ་ལ་བསྲེག་དགོས་ཟེར་ཏེ། མི་རེས་ཙན་དན་ཁུར་པོ་རེ་དང། ཏིལ་མར་བྲེ་རེ་བསྡུས་ཏེ་བསྲེགས་པས། གཞན་བསྲེགས་པ་ཀུན་ཞག་གསུམ་ནས་དུ་བ་ཆད་པ་ཡིན་པས། ཞག་དགུ་རུ་དུ་བ་མ་ཆད་པས་བལྟས་ཙ་ན། མེ་ལྕེ་ཐམས་ཅད་ཕྱི་རུ་འབར་ནས་རྒྱལ་པོའི་ཕོ་བྲང་ཐམས་ཅད་པས་བལྟས་ཙ་ན། མེ་ལྕེ་ཐམས་ཅད་ཕྱི་རུ་འབར་ནས་རྒྱལ་པོའི་ཕོ་བྲང་ཐམས་ཅད་ཀྱང་འཚིག་ལ་ཉེ། ཏིལ་མར་རྒྱ་མཚོར་འཁྱིལ་ནས། ནང་ཐམས་ཅད་པདྨར་འཚིག་ལ་ཉེ། ཏིལ་མར་རྒྱ་མཚོར་འཁྱིལ་ནས། ནང་ཐམས་ཅ་པདྨར་ཆགས་ཏེ། པདྨའི་སྡོང་པོ་ཆེན་པོ་ཞིག་གི་ཁ་ན་ཡབ་ཡུམ་གཉིས་སྐུ་གྲང་གྲང་བསིལ་བསིལ་ལྟར་འདུག་པས། རྒྱལ་པོ་ལ་སོགས་པ་ཡ་མཚན་སྐྱེས་ནས་བསྟོད་པ་ཕུལ་བ། སྐུ་ནི་མི་འགྱུར་རྡོ་རྗེའི་སྐུ། གསུང་ནི་མི་འགག་རྡོ།


LR16_Page_244
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གསུང། །ཐུགས་ནི་མི་འགྱུར་རྡོ་རྗེའི་ཐུགས། །སྐུ་གསུང་ཐུགས་ལ་འཆི་མེད་རྡོ་རྗེ་ལྟར། །མཚོ་སྐྱེས་རྡོ་རྗེ་ཁྱེད་ལ་ཕྱག་འཚལ་ལོ། །བདག་ཅག་མ་རིག་རྨོངས་པས་མཐོལ་ལོ་བཤགས། །བདག་ཅག་ཡུལ་ཁམས་བདེ་ལ་འགོད་དུ་གསོལ། །ཞེས་གསོལ་བ་བཏབ་པས་གྲོང་ཁྱེར་གྱི་མེ་ཤི་སྟེ་སྔར་ལྟར་མཛེས་ལ་ཉམས་དགའ་བར་འགྱུར་རོ། །མཚན་ཡང་པདྨ་འབྱུང་གནས་དང། པདྨ་སཾ་བྷ་བར་པདྨ་འབྱུང་གནས་བཏགས་ཏེ། ཟ་ཧོར་གྱི་རྒྱལ་ཁམས་ཆོས་ལ་བཙུད་དོ། །དེ་ནས་སློབ་དཔོན་གྱི་ཐུགས་དགོངས་ལ་ད་ནི་ཨུ་རྒྱན་གྱི་རྒྱལ་ཁམས་ཆོས་ལ་འཛུད་པར་དགོངས་ནས། ཨུ་རྒྱན་གྱི་ཡུལ་ན་ཕར་ཡབ་ཡུམ་གཉིས་ལ་བསོད་སྙོམས་སུ་བྱོན་པ་དང། ཡུལ་པ་རྣམས་ཀྱིས་ངོ་ཤེས་ཏེ། འདིས་སྔོན་ཡང་ངེད་ཀྱི་བློན་པོའི་བུ་བསད། རྒྱལ་ཁྲིམས་ལ་གནོད་པ་བསྐྱལ། ད་ཡང་འདིས་གནོད་པོའི་བུ་བསད། རྒྱལ་ཁྲིམས་ལ་གནོད་པ་བསྐྱལ། ད་ཡང་འདིས་གནོད་པ་སྐྱེལ་བས། འདི་བསྲེག་དགོས་ཟེར་ཏེ་སྔར་གྱི་བུ་བསད་པའི་བློན་པོ་ལ་སོགས་པ་ཡུལ་པ་རྣམས་ཀྱིས་སྡིག་པའི་སྐྱི་ཁུར་བྱས་ནས་ཙན་དན་ཁུར་རེ་དང་ཏིལ་མར་བྲེ་རེ་བསྡུས་ནས་བསྲེགས་པས། སྔོན་ཆད་བསྲེགས་པ་ཞག་བདུན་ནས་དུ་བ་ཆད་པ་ལ། ཞག་ཉིས་ཤུ་རྩ་གཅིག་ཏུ་དུ་བ་མ་ཆད་ནས་རྒྱལ་པོས་ལྟོས་ཤིག་ཅེས་བསྐུལ་བས་སུས་ཀྱང་འཇིགས་ཏེ་བལྟ་མ་ནུས་ནས། སྔར་གྱི་ཡབ་རྒྱལ་པོ་དེ་ཉིད་ཐུགས་མ་ཆེས་ཏེ། གལ་ཏེ་སྤྲུལ་པའི་སྐུ་ཞིག་ཡིན་ནས་མ་འཚིག་གམ་སྙམ་ནས། འཁོར་དང་བཅས་པ་བལྟར་འོངས་པ་དང། ཏིལ་མར་ཞིང་དོར་ཙམ་ཞིག་འཁྱིལ་བའི་དབུས་ན། སོལ་བའི་གུར་ཆེན་པོ་ཞིག་གི་ནང་ན། པདྨའི་སྡོང་པོ་ཞིག་གི་ཁ་ན་ཡབ་ཡུམ་གཉིས་ཆར་སྐུ་ཟིལ་པ་ཁྲིམ་མེ་བྱས་ནས་


LR16_Page_245
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གྱི་འགྲོ་བ་རྣམས་ཐུགས་རྗེས་སྒྲོལ་བའི་བརྡར་ཐོད་པའི་འཕྲེང་བ་སྐུ་ལ་གསོལ་ནས་བཞུགས་པས། ཡབ་རྒྱལ་པོ་ལ་སོགས་པ་རྣམས་ངོ་མཚར་སྐྱེས་ཏེ་ཕྱག་བཙལ་སྐོར་བ་ལན་གསུམ་བྱས་བསྟོད་པ་ཕུལ་བ། དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོའི་སྐུ། སྐྱེ་འཆི་གཉིས་སྤངས་པདྨའི་ནང་ནས་འཁྲུངས། །འཁོར་བ་ཐུགས་རྗེས་སྒྲོལ་བའི་ཐོད་ཕྲེང་སྐུ་ལ་གསོལ། །སྤྲུལ་སྐུ་རྡོ་རྗེ་ཐོད་ཕྲེང་སྐུ་ལ་ཕྱག་འཚལ་བསྟོད། །ཞེས་རྒྱལ་པོས་ཞབས་སྤྱི་བོར་བླངས་ནས་མཆོད་གནས་སུ་ཞུས་པས། སློབ་དཔོན་གྱིས་གསུངས་པ། ཁམས་གསུམ་འཁོར་བར་སྐྱེས་པའི་སྡུག་བསྔལ་བཙོན་དོང་ཡིན། །ཆོས་སྐྱོང་རྒྱལ་པོར་སྐྱེས་ཀྱང་འདུ་འཛི་གཡེང་བའི་གནས། །རང་སེམས་སྐྱེ་མེད་ཆོས་སྐུར་མ་ཤེས་ན། །འཁོར་བའི་སྐྱེ་གནས་མི་ཆོད་རྒྱུན་མར་འཁོར། །རྒྱལ་པོ་ཆེན་པོ་སེམས་ཉིད་སྟོང་གསལ་ལྟོས། །ཕྱི་མར་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །ཞེས་གསུངས་པས་རྒྱལ་པོ་ཉིད་ཀྱིས་དུས་དེ་རང་སེམས་ཆོས་སྐུར་མཐོང་སྟེ་རྟོགས་གྲོལ་དུས་གཅིག་ཏུ་བྱུང་ནས། རྒྱལ་པོ་འཁོར་དང་བཅས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །རྒྱལ་པོས་བསྟོད་པ་ཕུལ་བ། དངོས་གྲུབ་མཆོག་བརྙེས་ཡ་མཚན་ཆེན་པོའི་སྐུ། །རྟོགས་པ་བླ་མེད་པདྨ་རྒྱལ་པོའི་སྐུ། །དེ་བཞིན་གཤེགས་པའི་མན་ངག་གསང་ཆེན་རྣམས། །ཀློང་ནས་གྲོལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། ཐོད་པའི་འཕྲེང་བ་སྐུ་ལ་གསོལ་བས་པདྨ་ཐོད་འཕྲེང་དུ་བཏགས། རྒྱལ་པོའི་སྲས་མཛད་པས་པདྨ་རྒྱལ་པོར་བཏཊ་སོ། །དེ་ནས་རྒྱལ་པོའི་མཆོད་གནས་ལོ་བཅུ་གསུམ་མཛད་ནས། ཨུ་རྒྱན་གྱི་རྒྱལ་ཁམས་ཆོས་ལ་བཀོད་དོ། །རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཙུན་མོ་འཁོར་


LR16_Page_246
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་བོ། །དེ་ནས་ཡང་སློབ་དཔོན་གྱིས་མུ་སྟེགས་ཀྱི་བསྟན་པ་བསྣུབས་བའི་ཕྱིར། རྒྱ་གར་ཡུལ་དུ་བྱོན་ནས་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་དང་བགྲོ་གླེང་བྱས་པས། མུ་སྟེགས་ཀྱིས་སློབ་དཔོན་མ་ཐུབ་པས་མུ་སྟེགས་ཐུལ་ནས། མུ་སྟེགས་པས་སློབ་དཔོན་ལ་མཐུ་བྱེད་པ་ལ། མཁའ་འགྲོ་མ་བདུད་འདུལ་མས་སློབ་དཔོན་ལ་བསེའི་སྒྲོམ་བུ་ཞིག་གཏད་ནས། བདུད་དང་མུ་སྟེགས་ཐུལ་ཅིག་པར་ལུང་བསྟན་པ་དང། བསེའི་སྒྲོམ་བུ་ནས་སྲོག་སེར་ཐོགས་དང་བཅས་པའི་མཁའ་འགྲོ་མའི་ངན་སྔགས་ཞག་བདུན་མ་བྱུང་སྟེ། མུ་སྟེགས་ནགས་བསེབ་ན་སློབ་དཔོན་ལ་མཐུ་བྱེད་བའི་ནགས་ལ་ཐོགས་དབབ་སྟེ་མེས་འཚིག་ནས་མུ་སྟེགས་ཁ་བསྟབ་ནས། མ་ཤི་བ་རྣམས་ནང་པ་སངས་རྒྱས་པ་ལ་བཙུད་ནས། མཚན་ཡག་འཕཊ་པ་སེདྒེ་སྒྲ་སྒྲོག་ཏུ་བཏགས་སོ། །དེ་ནས་སློབ་དཔཡོནགཡི་ཐུགས་དགོངས་ལ། ཚེའི་རིག་འཛིན་གྲུབ་ཀྱང་ཕྱག་རྒྱ་ཆེན་པོའི་རིག་འཛིན་མ་གྲུབ་ན་ཕན་པ་མེད་པར་དགོངས་ནས། རྒྱ་གར་ཡུལ་གྱི་ཚུར་རོལ། བལ་པོ་ཡུལ་གྱི་ཕ་རོལ་ན། ཡང་ལེ་ཤོད་ཀྱི་བྲག་ཕུག་བྱ་བ་ན་མེ་ཏོག་དགུན་ཡང་མི་སྐམ་པ་བཀྲ་ཤིས་བྱིན་ཆེ་བའི་ས་དེར་བྱོན་ནས། སྒྲུབ་སྡེ་མོ་བལ་མོ་ཤཱཀྱ་དེ་བཱི་བྱ་བ་མཚན་དང་ལྡན་པ་ཞིག་ཁྲིད་ནས། དཔལ་ཡང་དག་སྒྲུབ་པ་མར་མེ་དགུ་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྒྲུབ་པ་མཛད་པ་ལས། བར་གཅོད་རྣམ་པ་གསུམ་བྱུག་སྟེ། ཀླུ་རྒྱང་ཨོ། གནོད་སྦྱིན་རྒོད་ཁ་མ། ིད་དུར་བར་སྣང་ཁམས་ཀྱི་གློག་མ་སྤྲིན། དེ་གསུམ་གྱིས་བར་གཅོད་བྱས་ཏེ་ལོ་གསུམ་དུ་ཆར་ཐིགས་གཅིག་ཀྱང་མ་བྱུང་མ་


LR16_Page_247
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཏེ་རྩི་ཤིང་དང་ལོ་ཐོག་མ་སྐྱེས་པས། རྒྱ་གར་དང་བལ་པོ་དང་བོད་ལ་སོགས་པ་ལ་མུ་གེ་དང་ཕྱུགས་ནད་དང་མི་ནད་ཐམས་ཅད་སྤྲིན་མཆེད་པ་ལྟར་བྱུང་ནས་མི་ཕྱུགས་མང་པོ་ཤི། དེར་སློབ་དཔོན་གྱི་ཐུགས་ལ་དའི་ཅིས་ཀྱག་མ་ལན་ཏེ་བདག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་ལ་མི་མ་ཡིན་པ་འདི་རྣམས་ཀྱིས་བར་གཅོད་བྱས་པར་དགོངས་ནས། བལ་པོ་ཇི་ལ་ཇི་ཚ་དང་བལ་པོ་ཀུ་ལ་ཀུན་ཞི་གཉསི་ལ་གསེར་ཕྱེ་བྲེ་གང་སྤྱན་གཟིགས་སུ་བསྐུར་ནས། རྒྱ་གར་ན་ཕར་སློན་དཔོན་པཎྜི་ཏ་རྣམས་ཀྱིས་སྤྱན་སྔར་བསྲིངས་པ། བདག་མ་ཧཱ་མུ་དྲྭ་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བར་གཅོད་རྣམ་པ་གསུམ་བྱུང་བས་བར་གཅོད་ཞི་བ་དང་འདུལ་བའི་ཆོས་ཤིག་རྫོང་བར་ཞུའོ། །ཞེས་སྤྱན་སྔར་བརྫངས་པས། རྒྱ་གར་གྱི་པཎྜི་ཏ་རྣམས་ན་རེ། རྒྱ་གར་གྱི་སློབ་དཔོན་པྲ་ཧ་ཏི་ལ་བར་གཅོད་འདུལ་བའི་རྡོར་ཕུར་པའི་ཆོས་ཞུས་ཤིས། གསུངས་ནས་སློབ་དཔོན་པྲ་ཧ་རི་ལ་ཞུས་པས། ཕུར་པ་བི་ཏོ་ཏ་མ་ལ་འབུམ་སྡེའི་ནང་ནས་དགྲ་བགེགས་འདུལ་བའི་ལས་ཁ་མི་ཁུར་གཉིས་བརྫངས་པས། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་སླེབས་པ་ཙམ་གྱིས་བར་གཅོད་རྣམ་པ་གསུམ་ཡང་ཞི། རྒྱ་མཚོ་ལས་རླངས་བྱུང། ས་ལ་དྲོད་བྱུང། བར་སྣང་ལ་སྤྲིན་གཏིབས། སྤྲིན་ལས་ཆར་བབས་ཏེ། རྩི་ཤིང་ལོ་ཐོག་དང་འབྲས་བུ་ཐམས་ཅད་དུས་གཅིག་ཏུ་སྔོ་ལམ་གྱིས་སྐྱེས་ཏེ། འབྲས་བུ་དུས་སུ་སྨིན་ནོ། །འབྲས་བུ་དེ་ཟོས་པས་མི་ནད་ཕྱུགས་ནད་ཆད། མུ་གེ་ཡང་སངས་ནས། རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་དུ་གྱུར་ཏོ། །སློབ་དཔོན་པདྨས་དེའི་དུས་སུ་དཔལ་ཡང་དག་གི་ལྷ་ཚོགས་དང། རྡོ་རྗེ་ཕུར་པའི་ལྷ་


LR16_Page_248
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཀྱི་ཞལ་གཟིགས་ཏེ། ཡང་དག་ནི་ཚོང་པ་དང་འདྲ། དངོས་གྲུབ་ཆེ་ལ་བར་གཅོད་མང། བར་གཅོད་འདུལ་བ་ལ་དགོངས་ནས་ཧེ་རུ་ཀ་གལ་བོ་དང། བི་ཏོ་ཏ་མ་ལ་ལ་བརྟེན་ནས། ཡང་ཀུར་སྦྲགས་མའི་སྒྲུབ་པ་མཛད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །དེའི་དུས་སུ་ནམ་གྱི་སྲོད་ལ་ཤོ་ནམ་མཆེད་བཞིས་སྲོག་སྙིང་ཕུལ་ཏེ། དམ་ལ་བཏགས། བསེའི་སྐྱེས་བུ་བཞི། དུང་གི་སྐྱེས་བུ་བཞི། ལྕགས་ཀྱི་སྐྱེས་བུ་བཞི། ཕོ་རྒྱུད་རྣམས་ཀྱིས་སྲོང་སྙིང་ཕུལ་ཏེ། དམ་ལ་བཏགས་ནས་རྡོ་རྗེ་ཕུར་པའི་བཀའ་སྲུང་དུ་བཞག་གོ །དེ་ནས་སློབ་དཔོན་པདྨས་སྐུ་ལྷའི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་མནན། གསུང་སྔགས་ཀྱི་དཀྱིལ་འཁོར་གྱིས་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས། ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་གྱིས་ཆོས་ཉིད་སྤྲོས་པ་མེད་པས། རྣལ་རྟོག་དང་དུག་ལྔ་རང་བཞིན་དངོས་མེད་ཀྱི་ངང་ལས་ཕྱག་རྒྱ་ཆེན་པོའི་དགོངས་པ་ལས་མི་འགྱུར་བར་བཞུགས་སོ། །སློབ་དཔོན་པདྨ་བོད་དུ་སྤྱན་དྲངས་པའི་ཚུལ། དེ་ལྟ་བུའི་སློབ་དཔོན་པདྨ་སྤྱན་དྲངས་ཚུལ་ནི། གོང་དུ་མཁན་པོ་བོ་དྷི་སཏཱས་ལུང་བསྟན་པ་དེ་རྒྱལ་པོའི་མནལ་ལམ་དུ་བྱུང་པ་སྐད་བྱས་ནས་འབངས་རྣམས་དང་བཀའ་བགྲོས་ཏེ། སྦས་མང་པོ་རྗེ་སྣང་གསལ་སྣང་འང་ཟེར་དང། སེང་མགོ་ལྷ་ལུང་གཉིས་ལ་བཀའ་བསྩལ་ནས་གཡོག་གསུམ་དང་བཅས་དཔོན་གཡོག་ལྔ་ལ་གསེར་ཕྱེ་བྲེ་གང། བར་གྱི་ལམ་རྒྱགས་དང་བཅས་པ་བརྫངས་ནས་སྤྱན་དྲངས་ཀྱང་ཟེར། ལུགས་གཅིག་


LR16_Page_249
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཤུད་བུ་དཔལ་གྱི་སེདྒེ། སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ་བ་དང་གསུམ། སྣུབས་ནམ་མཁའི་སྙིང་པོ་དང་བཞིས་བང་ཆེན་ལ་ཕྱིན་ནས་སྤྱན་དྲངས་ཀྱང་ཟེར། དེར་སྤྱན་འདྲེན་པ་རྣམས་ལམ་དུ་ཚུད་པ་དང་སློབ་དཔོནགཡི་སྤྱན་ལམ་དུ་སྲུང་མ་རྣམས་ཀྱིས་བསྐུལ་ནས། བོད་ཡུལ་ཧས་པོ་རིའི་རྩེར་བོད་ཀྱི་ལྷ་བཙན་པོས་གཙུག་ལག་ཁང་བཞེངས་སུ་གསོལ་བས། སློབ་དཔོན་ཆེན་པོའི་སྤྱན་སྔར་བང་ཆེན་པོ་འོངས་པ་འདི་རྣམས་ཐང་ཆད་ལ་ཉོན་མོངས་པས་སློབ་དཔོན་མང་ཡུལ་གུང་ཐང་ཙམ་དུ་གཤེགས་པར་ཞུའོ། །ཞེས་སྲུང་མ་རྣམས་ཀྱིས་བསྐུལ་ནས་དེར་སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ནས་མང་ཡུལ་གུང་ཐང་དུ་ཟླ་བ་གསུམ་བཞུགས་པ་དང། བང་ཆེན་པ་རྣམས་དང་མཇལ་ནས་སློབ་དཔོན་གྱིས་མཁྱེན་བཞིན་དུ་ཁྱེད་སུ་ཡིན། གར་འགྲོ་དྲིས་པས་བང་ཆེན་རྣམས་ཀྱིས་ལྷ་སརས་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་སྤྱན་འདྲེན་དུ་བཏང་བ་ལགས་སོ། །ཁྱེད་ལགས་སམ་ཞུས་པས། འོ་ང་ནི་ཟླ་བ་གསུམ་གྱི་གོང་ནས་སྲུང་མ་རྣམས་ཀྱིས་བསྐུལ་དུ་བྱུང་ནས། ཁྱོད་བང་ཆེན་པ་རྣམས་ཉོན་མོངས་ཀྱིས་དོགས་འདིར་བསྡད་པ་ཡིན། ཟླ་བ་གསུམ་འདིར་བསྡད། ཁྱོད་རང་འགོར། ད་ང་ལ་སྐུ་ཡོན་ཅི་ཡོད་ཕུལ་ཅིག་གསུངས་པར་ཕྱག་བྱས་ཏེ་གསེར་ཕྱེ་བྲེ་གང་ཕུལ་བས། ད་ཅི་ཡོད་ཕུལ་ཅིག་གསུངས་པ་དང། རྒྱ་པོས་དེ་ལས་མ་བསྐུར། ངེད་བང་ཆེན་རྣམས་ཀྱི་ལུས་ངག་ཡིད་གསུམ་བྲན་དུ་འབུལ་ཞེས་ཕྱག་བཙལ། སློབ་དཔོན་གྱི་ཞབས་སྤྱི་བོར་བླངས། སྐོར་བ་བྱས་པས་སློབ་དཔོན་མཉེས་ཏེ། ངས་བོད་ཀྱི་དད་པ་ལ་རྒྱུས་སྒོ་དང་འགྱུར་ལྡོག་ཡོད་


LR16_Page_250
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བལྟས་པ་ཡིན། ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད་གསུངས། ཕྱག་གཡས་པ་གུང་ཐང་གི་གཡས་ཕྱོགས་ས་བརྐྱངས་པས་གཡས་ཕྱོགས་ཀྱི་རི་ཐམས་ཅད་གསེར་དུ་གྱུར། གཡོན་བ་ནུབ་ཕྱོགས་སུ་བརྐྱངས་པས་ས་རྡོ་ཐམས་ཅད་གཟི་མཆོང་དང་གསེར་གཡུར་གྱུར། བང་ཆེན་པོ་ཀུན་ལ་ཡང་བྱིན། ངའི་རྫུ་འཕྲུལ་དང་ནུས་མཐུ་འདི་ལྟར་ཡོད། ཁྱེད་རང་རྣམས་ང་ལ་ཡིད་ཆེས་པར་གྱིས་གསུངས། གསེར་གྱིས་བདག་ལ་དགོས་པ་མེད། འོན་ཀྱང་མངའ་བདག་གི་དགོངས་པ་བསྒྲུབ་ཅིང་བསོད་ནམས་ཐོབ་པར་བྱ་བའི་ཕྱིར་དེ་རེ་ཞིག་བླང་གི གསུངས་ནས་མང་ཡུལ་དང་བལ་ཡུལ་གྱི་ཕྱོཊ་སུ་གཏོར་ནས་བཏང་སྟེ། དུས་ཕྱི་མ་ལ་བོད་ཀྱི་གསེར་ཐམས་ཅད་མང་ཡུལ་དང་བལ་ཡུལ་དུ་འབོལ་བར་འོང་ངོ་གསུངས། བང་ཆེན་པ་རྣམས་ལ་བྱིན་པི་གསེར་གཡུ་ལྕུག་ཡིན་ནམ་སྙམ་ནས་སོ་སོར་ཕག་ཏུ་ཁ་ཕྱེ་ནས་བལྟས་ཙ་ན་བདེན་པར་སྣང་ངོ་། །ཡིད་རང་སར་ཆེས་སོ། །དེ་ནས་སློབ་དཔོན་པདྨ་དང་གཡོག་པོ་ཚོས་མར་བྱོན་ཏེ། མང་ཡུལ་དོན་མཁར་བྱ་བར་བྱོན་པ་དང། རི་ཆེན་པོ་གཉིས་སུ་བརྫུས་ཏེ་དབོན་གཡོག་ཚོ་བཅར་བར་བྱས་པས། སློབ་དཔོན་གྱིས་བྲག་ལ་ཕྱག་མཁར་བཙུགས་ནས་བྲག་ལམ་བཏོད་དེ་བྲག་གི་ཁ་ན་ཡར་བྱོན་པས། མོ་རང་དངངས་ཤིང་བྲེད་པར་གྱུར་ཏེ་སྲོག་སྙིང་ཕུལ་ནས་སྲུང་མར་ཁས་བླངས་སོ། །གསང་མཚན་ཡག་གངས་ཀྱི་ཡུལ་ཆེན་རྡོ་རྗེ་གཡུ་བུན་པར་བཏགས་སོ། །དེ་ནས་བྱང་གནམ་ཐང་ན་མར་བྱོན་ཙ་ན། གནམ་ལྷ་དཀར་མོས་


LR16_Page_251
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལ་ཐོག་དབབ་པར་བྱས་པས། སློབ་དཔོན་གྱིས་ཕྱག་གཡོན་པའི་མཐིལ་དུ་ཆུ་མེ་ལོང་གང་ཙམ་ཞིག་བཞག་པ་དང། དེར་སོང་ཟེར་སོང་ཙམ་ན། ཐོག་ཁྲག་སྐམ་སྲན་མའི་རྡོག་པོ་ཙམ་བདུན་དུ་སོང་ནས་འདུག དེ་ནས་མོ་ཡང་ཡ་མཚན་སྐྱེས་ཤིང་བྲེད་ནས་མོ་དཔལ་མོ་དཔལ་མཚོར་བྲོས་སོ། །སློབ་དཔོན་གྱིས་མཚོ་མེ་ཕུང་དུ་བསྒོམས་པས་མཚོ་ལྷོགས་ཀྱིས་འཁོལ་བ་དང། མོ་ཤ་རུས་བྱེ་སྟེ་བྲོས་པ་ལ་སློབ་དཔོན་གྱིས་རྡོ་རྗེ་གཅིག་བརྒྱབ་སྟེ་མིག་གཡས་པ་བཅར་བས་མོ་བྲེད་དེ། སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་འཕྲེང་སྩལ། བར་ཆད་མི་བགྱིད་དགོངས་པ་གློད་པར་འཚལ། ཞེས་ཟེར་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། མིང་ཡང་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མར་བཏགས་སོ། །དེ་ནས་འུ་ཡུག་ན་མར་བྱོན་ཙ་ན་བསྟན་མ་རྣམས་ཀྱིས་རི་བར་དུ་བཅར་རབ་བརྩམས་པ་ལས། སློབ་དཔོན་གྱིས་རི་ཐམས་ཅད་ཕྱག་འཁར་གྱིས་བོར། གཡའ་རི་དང་གངས་རི་ཐམས་ཅད་བཤིག་བསྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས་རྣམས་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་ལྕེ་ཕུ་ཤ་བུད་ལུང་དུ་བྱོན་ཙ་ན། ཡར་ལྷ་ཤམ་བུས་བདེ་འབྱུང་གཡག་དཀར་པོ་རི་ལོགས་ཙམ་ཞིག་ཏུ་སྤྲུལ་ནས་ཉམས་བླངས། ཁ་སྣའི་རླངས་ལས་ན་བུན་དང་སྤྲིན་དུ་བྱས། ཁ་ཆུ་དང་སྣ་ཆུ་ལས་ཁ་བ་བུ་ཡུག་ཏུ་འཚུབས་པ་དང། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང། ཞགས་པའི་ཕྱག་རྒྱས་སྐེ་ནས་བཏགས། ལྕགས་སྒྲོག་གི་ཕྱག་རྒྱས་རྐང་བཞི་སྒྲོག་དུ་བཅུག །དྲིལ་བུའི་ཕྱག་རྒྱས་རྡུང་གཏག་


LR16_Page_252
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བས། ཁྱེའུ་དར་དཀར་གྱི་རས་ཁ་ཅན་གཅིག་ཏུ་སོང་ནས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་སྐུ་ལྷ་ཐང་ལྷའི་རྩར་བྱོན་པ་དང། དེས་སློབ་དཔོན་ལ་ཉམས་སད་པའི་ཕྱིར་གནོད་སྦྱིན་ཆེན་པོ་ཞིག་ཏུ་སྤྲུལ་ནས། སློན་དཔོན་དཔོན་གཡོག་ཟ་བའི་ཚུལ་དུ་བྱུང་བ་ལ། སློབ་དཔོན་གྱིས་སྡིགས་བཛུབ་ཅིག་མཛད་པས། བྱིས་པ་གཡུའི་ཟུར་ཕུད་ཅན་ཞིག་ཏུ་སོང་བས། འོ་འདི་ཀླུའི་རྒྱལ་པོ་མེ་ཏོག་ཐོད་དཀར་ཞེས་ཀྱང་བྱ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ། གཉན་ཐང་ལྷ་ཞེས་ཀྱང་བྱ་བ་དེ་ཡིན། ངས་འདི་ལ་གྲོ་ཞིག་བླུང་གི་གསུངས་ནས་གཤེགས་པས། ཕྱི་དྲོ་གྲོ་འཁོར་ཙ་ན་ན་བཟའི་ཕུ་ཐང་གསེབ་ནས་གཤེགས་པས། ཕྱི་དྲོ་གྲོ་འཁོར་ཙ་ན་བཟའི་ཕུ་ཐུང་གསེབ་ནས་ཅི་ཡག་མི་བྲོ་བའི་ཁུར་བ་ལན་ལེབ་དང། ཞལ་ཟས་སྣ་ཚོགས་པ་བསྣམས་ནས་བྱོན་ཏེ་མངའ་འོག་ཏུ་བསྡུས་སོ། །དེ་ནས་བྱག་འཕན་ཡུལ་དུ་བྱོན་ཙ་ན། བྱང་གི་ཏིང་ལོ་སྨན་དང། སྟག་སྨན་ཁྱི་གདོང་དང། བྱང་ཕུག་པ་རྣམས་ཀྱིས་བྱང་ཐུན་གསུམ་གྱི་ལྷགས་པ་གཅིག་ཏུ་བསྡུས་ཏེ། སློབ་དཔོན་འཁོར་བཅས་པ་ལ་བརྒྱབ་པས། འཁོར་རྣམས་ཀྱང་བྲེད་ལ་ཁད། སློབ་དཔོན་རང་ཡང་སྐུ་བག་བསེར་ཙམ་ཞིག་མཛད་ནས། སློབ་དཔོན་གྱིས་གངས་རིའི་གནོད་སྦྱིན་ཕོ་མོའི་རྟེན་ཐམས་ཅད་མེ་ཕུང་དུ་བསྒོམས་པས། མར་ལ་ལྕགས་ཚན་ཕོག་པ་ལྟར་ལྷན་གྱིས་བཞུ་ནས་བོད་ཀྱི་གནོད་སྦྱིན་ཕོ་མོ་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་སྟོད་ལུང་བུ་བ་ཚལ་དུ་བྱོན་ཁ་ལ་བྲག་རིངས་སུ་གུང་གཅིག་བཞུགས་ནས་བཙན་ཐམས་ཅད་དམ་ལ་བཏགས། དེ་ནས་ས་ཟམ་


LR16_Page_253
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ཏུ་བཞུགས་ཏེ། །བདུད་ཐམས་ཅད་དམ་ལ་བཏགས་སོ། །དེ་ནས་གཡའ་རི་གོང་དུ་བཞུགས་ནས་རྒྱལ་པོ་དང་འགོང་པོ་ཐམས་ཅད་དམ་བཏགས་སོ། །དེ་ནས་ཧས་པོ་རིར་བྱོན་ནས་བོད་ཀྱི་མངའ་བདག་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསུ་བ་མཛད་ནས། རྒྱལ་པོའི་ཐུགས་ལ་ང་མགོ་ནག་ཐམས་ཅད་ཀྱི་རྗེ་ཡིན་པས། སློབ་དཔོན་ང་ལ་ཕྱག་བྱེད་དུ་འོང་སྙམ། སློབ་དཔོན་གྱི་ཐུགས་དགོངས་ལ་ང་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་སློབ་དཔོན་དུ་སྤྱན་དྲངས་པ་ཡིན་པས། ང་ལ་ཕྱག་བྱེད་དུ་འོང་སྙམ་ནས། ཕྱག་ལ་མ་འདུམ་པས། སློབ་དཔོན་གྱིས་དེའི་དུས་སུ་ང་ཆེ་ང་བཙན་གྱི་མགུར་དེ་གསུངས་སོ། །ཨེ་མ་ཁམས་གསུམ་སེམས་ཅན་འཆི་ལ་རྟག་རྣལ་འབྱོར་ཚེ་ཡི་རིག་འཛིན་གྲུབ། །འཆི་བདག་བདུད་ཀྱིས་ཉམ་མི་ང། །ང་འཆི་མེད་པདྨ་འབྱུང་གནས་ཡིན། །རྡོ་རྗེ་ཚེ་སྒྲུབ་གྱི་གདམས་ངག་ཡོད། །སྐྱེ་འཆི་མེད་པའི་སྐུ་ཐོབ་པས། །ལྷ་སྲིན་སྡེ་བརྒྱ་འབངས་སུ་འཁོལ། །ང་རྒྱལ་པོ་པདྨ་འབྱུང་གནས་ཡིན། །ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་ཡོད། །སྣང་སྲིད་འཁོར་འདས་ཀྱི་དཔེ་བ་ལ། །དྲང་དོན་ངེས་དོན་གྱི་བཤད་པ་བྱེད། །ང་དགེ་བཤེས་པདྨ་འབྱུང་ནས་ཡིན། །འཁོར་འདས་ཤན་འབྱེད་ཀྱི་གདམས་ངག་ཡོད། །སེམས་ཉིད་ཤོག་བུ་རྣལ་མ་ལ། །ཚིག་དང་བྲལ་བའི་ཡེ་གེ་བྲིས། །ང་ཡིག་མཁན་པདྨ་འབྱུང་གནས་ཡིན། །ཆོས་ཡི་གེ་མེད་པའི་གདམས་ངག་བདོག །འདི་ལྟར་སྣང་བའི་གྱང་ལོགས་ལ། གཉིས་སུ་མེད་པའི་རི་མོ་བྲིས། །ང་ལྷ་བཟོ་པདྨ་འབྱུང་གནས་ཡིན། །སྣང་སྟོང་འོད་གསལ་གྱི་གདམས་ངག་


LR16_Page_254
[མ་དཔེ་གཟིགས་ན་འདིར་གནོན།]

བདོག །མི་དུག་ལྔའི་ནད་ཀྱིས་ཉེན་པ་ལ། །ཟད་མེད་སྨན་གྱིས་གསོ་བར་བྱེད། །ང་སྨན་པ་པདྨ་འབྱུང་གནས་ཡིན། །བདུད་རྩི་འཆི་གསོས་ཀྱི་གདམས་ངག་བདོག །མི་དད་པ་ཆེ་བའི་འདུན་མ་བྱས། །མི་ཚེ་ཕྱི་མའི་བདེ་སྐྱིད་བྱས། །ང་གཙོ་བོ་པདྨ་འབྱུང་གནས་ཡིན། །འཁོར་པ་རྩད་གཅོད་ཀྱི་གདམས་ངག་བདོག །ང་ཤེས་རབ་སྙིང་རྗེའི་མཚོན་ཐོགས་ནས། །རྣམ་རྟོག་ལོག་པའི་དགྲ་བོ་འདུལ། །ང་དཔའ་བོ་པདྨ་འབྱུང་གནས་ཡིན། །འཁོར་བ་རུ་བཟློག་གི་གདམས་ངག་ཡོད། །དུག་ལྔ་གདོན་ལྔ་དགྲར་ལངས་པ། །ཡེ་ཤེ་ལྔ་ཡི་ཁོངས་སུ་བྲུབས། །ང་མཐུ་ཆེན་པདྨ་འབྱུང་གནས་ཡིན། །དུག་ལྔ་རྩད་གཅོད་ཀྱི་གདམས་ངག་ཡོད། །ཁྱེད་གདོང་དམར་སྲིན་བོད་ཀྱི་རྗེ། །འཇིག་རྟེན་གྲགས་པའི་ཁེངས་སེམས་ཅན། །ང་རྒྱལ་འཁོར་བར་སྐྱེ་བའི་རྒྱུ། །ཉོན་མོངས་དུག་ལྔའི་རྒྱན་གྱིས་བརྒྱན། །བོད་ཀྱི་མངའ་བདག་མ་ལགས་སམ། །ཁྱེད་མངའ་ཐང་ཆེ་བར་གློ་བ་དགའ། །ང་རྒྱལ་པོ་ཉིད་ལ་ཕྱུག་མི་འཚལ། །རྒྱལ་པོའི་ན་བཟའ་བཞེས་ཕྱག་འཚོལ། །ཞེས་ང་ཆེ་ང་བཙན་གྱི་མགུར་གསུངས་ནས་ཕྱག་ཐལ་མོ་ཡ་གཅིག་དེང་མཛད་པས། རྒྱལ་པོའི་ན་བཟའ་ཕྱགི་་འོད་ཟེར་གྱི་རྡུལ་གྱིས་འཚིག་ནས། དེར་རྒྱལ་བློན་རྣམས་བྲེད་དེ། །རྒྱལ་པོས་ཕྱག་ཡས་ཀྱིས་བཙལ་ལོ། །དེ་ནས་སློབ་དཔོན་ཕོ་བྲང་དུ་སྤྱན་དྲངས་ནས་གསེར་གྱི་ཁྲི་ལ་བཞུགས་ཏེ། ཞལ་སྐྱེམས་དང། བཤོས་དང། འཇིག་རྟེན་གྱི་སྤྱུན་གཟིགས་སྣ་ཚོགས་དྲངས། ཟ་འོག་སྨུག་བེར་སྐུ་ལ་གསོལ། རྒྱལ་པོས་ཕྱག་རྟེན་དང་བཅས་ནས་ཞུས་པ། ཨེ་མ་ན་མོ་གུ་རུ་རྗེ། །བདག་ནི་སྲིན་པོ་གདོང་


LR16_Page_255
[མ་དཔེ་གཟིགས་ན་འདིར་གནོན།]

དམར་རྗེ། །བོད་ཀྱི་མི་ནི་འདུལ་བར་དཀའ། །དམ་པ་ཆོས་ཀྱི་རྟེན་ཞིག་འཛུགས། །སློབ་དཔོན་སྤྲུལ་པའི་སྐུ་བཞུགས་པས། །ས་གཞི་གྱི་ནས། བོད་ཀྱི་མངའ་བདག་རྒྱལ་པོ་ལགས། བོད་གནོད་སྦྱིན་ཕོ་མོའི་འདྲེད་ཡུལ་དུ་འདུག་པས། ལམ་ཁར་ཡང་གནོད་སྦྱིན་ཕོ་མོ་མང་པོ་དམ་ལ་བཏགས། ཡུལ་ཕ་གི་ན་བོད་ཐམས་ལ་དབང་བྱེད་པའི་ཀླུའི་རྒྱལ་པོ་ཞིག་འདུག་བས། དེ་ལ་ཀླུ་གཏེར་འཇུག་དགོས་པར་འདུག་གསུངས་ནས། མལ་གྲོའི་མཚོ་ཁར་བྱོན་ནས་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་མཛད། དཔལ་ངན་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས་ནས། མངའ་བདག་རྗེ་འབངས་ཐམས་ཅད་སྒྲིབ་པ་སྦྱོང་པའི་ཆོ་ག་མཛད། དེ་ནས་མཚོ་ཁད་དེར་བྱོན་ནམ་ཆབ་གཏོར་གཟི་ཡི་ཡུ་བུ་གང་ལ་ཏིང་ངེ་འཛིན་གྱིས་རྒྱ་སྐྱེད་ནས། སློབ་དཔོན་གྱིས་ལཧ་འདྲེ་ཟིལ་གནོན་གྱི་མགུར་གསུངས་པ་ནི་ཧཱུཾ། ང་ནི་སློབ་དཔོན་པདྨ་བྱུང་གནས་ཏེ། །མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན། གནོད་པས་མི་ཚུགས་ཚེ་རིག་འཛིན་གྲུབ། ལུས་ངག་ཡིད་གསུམ་ལྷ་རུ་གསལ་བས་ན། །སྡེ་བརྒྱད་དྲེགས་པ་མ་ལུས་ཟིལ་གྱིས་གནོན། །རྟོག་འཛིན་ཆོད་པས་འཇིགས་པས་བསྡིགས་རྒྱུ་མེད། །ནམ་མཁའ་ཡང་པའི་དཀྱིལ་འཁོར་དུ། །འབྱུང་ཆེན་བཞི་པོ་ཤོམ་ཡང་ཤོམ། །ཤོམ་ཡང་ཤོམ་ཏེ་ཡངས་ཀྱང་ཡངས། །སེམས་ཉིད་སྟོང་པའི་དཀྱིལ་འཁོར་དུ། །ལྷ་སྲིན་སྡེ་བརྒྱད་ཤོམ་ཡང་ཤོག །ཤོམ་ཡང་ཤོམ་ཏེ་ཡངས་ཀྱང་ཡངས། །སེམས་ཉིད་སྟོང་པ་པ་དམིགས་མེད་ལ། །ལྷ་ཡང་མེད་དེ་འདྲེ་ཡང་མེད། །ང་ལ་ཆོ་འཕྲུལ་ཅི་བསྟན་ཀྱང། །ང་ལ་གཡོ་


LR16_Page_256
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་ཙམ་མེད། །མཆོད་སྦྱིན་གཏོར་མ་ཆེན་པོ་འདི། །མང་པོར་ཏིང་ངེ་འཛིན་གྱིས་བསྐྱེད། །སོ་སོར་ཐོབ་པ་སྔགས་ཀྱི་བྱས། །ཕྱག་རྒྱས་འཐབ་རྩོད་ཕམ་རྒྱལ་མེད། །ཚིགས་བཅད་བདེན་པས་བཀྲོལ་ཏེ་བསྔོ། །འདི་བཞེས་ས་གཞི་གནང་བ་བྱིན། །ཁྲི་སྲོང་ལྡེ་བཙན་བསམ་པ་སྒྲུབས། །ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས། །སྔགས་འཆང་ང་ཡི་བཀའ་མ་གཅོག་གུམ་གུམ་ཆུམ་ཆུམ་ལས་ལ་འདུས། །ཞེས་གསུངས་པས་ལྟ་འདྲེ་ཐམས་ཅད་ཆབ་གཏོར་དེ་ལ་བཀའ་འོག་ཏུ་འདུས་པས་རྨ་ཆེན་སྤོམ་ར་ཁོ་འོང་དུ་མ་འདོད་དེ། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྙིང་ཁ་ནས་བཟུང་སྟེ་བཀུག་པས། རྐང་པ་ཡ་གཅིག་ཁམས་ཀྱི་གཡར་མོ་ཐང་དུ་བཞག་ཡ་གཅིག་ཧས་པོ་རི་ལ་བཞག་ནས། བདག་ནི་གཡར་ཁམས་ཆེ་བ་གཅིག་ལགས་ན། བན་ཆུང་ཁྱེད་ཀྱང་བཀའ་ནན་ཆེ་བ་གཅིག་གིས་མི་འོང་དུ་བཏུབ་པས། འདིར་མཆིས་ན་བཀའ་ཅི་སྩོལ་ཞེས་བགྱིས་པ་དང། སློབ་དཔོན་གྱིས་མཆོད་སྦྱིན་འདི་ཁྱེར་ལ་མངའ་བདག་གི་དགོངས་པ་སྒྲུབས་ཤིག་ཅེས་གསུངས་པས་ཁོ་ན་རེ། བཀའ་བསྩལ་བ་བཞིན་བགྱིད་ན། བདག་སྣ་གཏོར་ཞིག་ཆེ། སྐམ་ཆས་ཤིག་ལ་དགའ་བས། ཟན་བྲུལ་གྱི་འོག་ཏུ་ཆུ་བླུགས་པའི་གཏོར་མ་འདི་མི་འཚལ་བས་སྐམ་ཆས་ཤིག་གསོལ་ཅིག་སྐད་ནས། སྔོན་ཆ་དཀར་མོ་ཞིག་གི་ནང་དུ་རིན་པོ་ཆེ་ཞིག་བདར་ནས་བྱིན་གྱིས་བརླབས་ཏེ། བསྩལ་ནས་དམ་ལ་བཏགས་སོ། །བསམ་ཡས་བཞེངས་ཚུལ། དེ་ནས་ཐོག་མར་རྗེ་འབངས་ཉིས་ཤུས་རྩ་ལྔ་རྡོ་རྗེ་ཕུར་པའི་དཀྱིས་


LR16_Page_257
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་བཅུག་ཅིང་དབང་བསྐུར། དེའི་དུས་སུ་དགེ་བསྙེན་ཉིས་ཤུ་རྩ་གཅིག་དང། གཡའ་རི་མོ་དང་གངས་རི་མོ་ཉིས་ཤུ་རྩ་གཅིག་དང། བསྟན་མ་བཅུ་གཉིས། བོད་ཀྱི་གནོད་སྦྱིན་མཐུ་བོ་ཆེ་རྣམས་དམ་ལ་བཏགས། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉིས་ཤུ་རྩ་བརྒྱད་དམ་ལ་བཏགས་ཏེ་མངའ་འོག་ཏུ་བསྡུས། རི་རྡོ་རི་ལ་བཞག་ཀླུངས་རྡོ་ཀླུངས་སུ་བཞག་ནས་དབུ་རྩེ་ཆེན་མོའི་རྨིང་བཏིང་སྟེ་བརྩིགས་པས། ཉིན་མོ་མིས་བརྩིགས་པ་བས། ནུབ་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་བྱུང་སྟེ། སློབ་དཔོན་གྱི་ཐུགས་དགོངས་ལ་ངས་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་ཐོགས་སམ་མ་ཐོགས་སྙམ་ནས། དགོངས་པ་ལ་བཞུགས་ནས་གཟིཊ་པས། ལྷ་མ་སྲིན་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཐམས་ཅད་དམ་ལ་ཐོགས་ནས་འདུག་པས། ཀླུ་འདིའི་ལུས་དམ་ལ་ཐོགས་ནས་བསམ་ཡས་བརྩིགས་པ་ལ་སོགས་འི་ལས་བྱེད། ངག་དམ་ལ་ཐོགས་ནས་བཀའ་ཉན་ཟེར་ཞིང་འདུག་ཡིད་མ་མ་ཐོགས་པར་གནོད་པ་སྣ་ཚོཊ་སྐྱེལ་བཞིན་འདུག་པས། སློབ་དཔོན་ཀླུ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པ་ལ། རྩིག་བཟོ་མཁན་པོ་ཧ་ཤང་མ་ཧའ་ཡ་ན་དང། ཧོར་གཡག་ཊ་ཀ་ར་མ་ལ་སོགས་པས་རྩིག་བཟོ་ཟིན་ནས། ཤིང་བཟོ་མཁན་པོ་རྒྱ་ནག་ལར་མཚོ་ཧེ་དང། བལ་པོ་བྷ་སུ་ལ་སོགས་པ་སྟེའུ་ཀླད་ལ་བསྐོར་ཞིང། རྒྱལ་པོའི་ཤིང་གང་ན་ཡོད་ཤིང་ལག་ཐོགས་སོ་བྱས་པས། རྒྱལ་པོ་དངངས་ཏེ་ཤིང་འདི་ཙམ་ཞིག་གང་ནས་བཙལ་སྙམ་པ་ཐུགས་ལ་བྱུང་བ་དང། ཟུར་ཕུད་རྐྱང་དབུ་ཚལ་གྱི་ཀླུས་བར་གཅོད་བྱས་ཏེ། མི་དཀར་རྟ་དཀར་ཅན་ཞིག་གི་ཆས་སུ་བྱས་ནས་རྒྱལ་པོའི་དྲུང་དུ་འོངས་ཏེ།


LR16_Page_258
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལཊ། བསམ་ཡས་ཀྱི་ཤིང་དགོས་ཚད་ངས་སྦྱིན་གྱི། སློབ་དཔོན་པདྨ་ལ་དགོངས་པ་འགྲོལ་བར་ཞུ་ཟེར་ནས། མངའ་བདག་གི་ཐུགས་ལ་དངོས་གྲུབ་ཡིན་བར་དགོངས་ནས་ཞལ་གྱིས་བཞེས་ཏེ། རྒྱལ་པོས་སློབ་དཔོན་དགོངས་པ་འགྲོལ་དུ་མི་འཇུག་རེ་མནའ་སྐྱོལ་ཟེར་ནས། རྒྱལ་པོས་མནའ་བསྐྱལ། མཆིམས་ཕུའི་གྲེ་གུ་དགེ་འུར་རྒྱལ་པོས་སློབ་དཔོན་གྱི་སྤྱན་སྔར་བྱོན་ནས། སློབ་དཔོན་ལ་དགོངས་པ་འགྲོལ་བར་ཞུ་བྱས་པས་མ་གནང། སླར་ཡང་སློབ་དཔོན་དགོངས་པ་འགྲོལ་བར་ཞུ། དངོས་གྲུབ་ཆེན་པོ་བདོག་བྱས་པས། སློབད་པོན་གྱིས་དགོངས་པ་བཀྲོལ་བས། རྒྱལ་པོས་གོང་གི་བཀའ་མཆིད་གླེང་བས། སློབད་དཔོན་གྱི་ཞལ་ནས་རྗེ་ལགས་གཙུག་ལག་ཁང་གི་ཤིང་རང་བཞིན་གྱིས་འོང་སྟེ། བདག་གིས་ཀྱང་ལྷ་མ་སྲིན་སྡེ་བརྒྱད་གཞན་གྱི་ལུས་ངག་ཡིད་གསུམ་ཀ་དམ་ལ་ཐོགས་པ་ལ། ཀླུ་འདི་ཡིད་དམ་ལ་མ་ཐོགས་པར་འདུག་པས། དམ་ལ་གདགས་སྙམ་པ་ལགས་ཏེ། ད་དུས་ལྔ་བརྒྱའི་སྙིགས་མའི་དུས་ལ་བབ་པ་ན་ས་གཞི་ཐམས་ཅད་ཀླུས་དབང་བྱེད། ནང་དུ་མཛེ་རིགས་བརྒྱ་རྩ་བརྒྱད་དར་བཞིན་འོང། མཐའ་འདུལ་དང་མིའི་ཁང་ཁྱིམ་ལ་སོགས་པ་ཐམས་ཅད་ཀྱང་འཇིག ས་སྟེང་འོག་ཀླུས་དབང་བྱེད་པ་ཞིག་འོང་གསུངས་སོ། །དེ་ནས་མངའ་བདག་གིས་མར་བྱོན་ཙ་ན་ཀླུས་བསམ་ཡས་ཀྱི་གཙང་པོ་ལ་ཤིང་བསྐུར་ནས་བསམ་ཡས་སུ་ནག་མེར་བ་ཆགས་སོ། །དེར་ལྷ་ཁང་འབུབས་པའི་ཤིང་རྣམས་ཀླུས་ཕུལ་ལོ། །དེ་ཡང་དབུ་རྩེ་རིཊ་གསུམ་རི་རབ་གྱི་ཚུལ་དུ་བྱས། འཁོར་ས་གསེར་གྱི་རི་བདུན་གྱི་ཚུལ་དུ་བྱས་ཏེ་རྣམ་པར་སྣང་མཛད་ངན་སོང་སྦྱོང་བའི་


LR16_Page_259
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་བཞེངས། དེ་ཡང་ཐོག་འདུལ་བ་དང་བསྟུན་ནས་ཕུག་རྒྱུད་རིས་ཐམས་ཅད་མདོ་སྡེ་དང་བསྟུན། ལྡེར་སོ་ཐམས་ཅད་གསང་སྔགས་དང་བསྟུན་ནོ། །དེ་ལྟར་ན་ལྡེར་སོ་བདུན་ཅུ་དོན་བརྒྱད་བྱས། རི་མོ་ལ་མདོ་རྒྱུད་བཅུ་བཞི། ཀ་བ་སྟོང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་རྩ་དྲུག་སྒོ་ཆུང་བཞི་བཅུ་རྩ་གཉིས། བྱིའུ་སྐས་ཆེན་པོ་བཅུ་དྲུག་ཅོང་ཆེན་པོ་བརྒྱད། འཕྱར་དར་ཆེན་པོ་གསུམ། འཕན་ཆེན་པོ་བརྒྱད། མངོན་པ་དང་བསྟུན་པའི་གླིང་ཕྲན་བཅུ་གཉིས། ཉི་ཟླ་དང་བཅས་པ་བཞེངས་ཏེ། ཤར་ལུས་འཕགས་པོའི་གླིང་གླིང་གཡོག་དང་བཅས་པ་ལ་དཔེ་བྱས་ཏེ། རྣམ་དག་ཁྲིམས་ཁང་གླིང། མཁྱེན་རབ་འཇམ་དཔལ་གླིང། བརྡའ་སྦྱོར་ཚང་མང་གླིང་གསུམ་ཟླ་གམ་དུ་བྱས། ལྷོར་འཛམ་བུ་གླིང་གླིང་གཡོག་གཉིས་དང་བཅས་པ་ལ་དཔེ་བླངས་ཏེ། བདུད་བདུལ་སྔགས་པའི་གླིང། ཨརྱ་པ་ལོའི་གླིང། སྒྲ་བསྒྱུར་རྒྱ་གར་གླིང་གསུམ་སོག་ཁར་བྱས། ནུབ་བ་ལང་སྤྱོད་གླིང་གླིང་གཡོག་དང་བཅས་པ་ལ་དཔེ་བླངས་ཏེ། བཻ་རོ་ཙ་ནའི་གླིང། དགའ་ལྡན་བྱམས་པ་གླིང། མི་གཡོ་བསམ་གཏན་གླིང་གསུམ་ཟླུམ་པོར་བྱས། བྱང་སྒྲ་མི་སྙན་གླིང་གླིང་གཡོག་དང་བཅས་པ་ལ་དཔེ་བླངས་ཏེ། རིན་ཆེན་སྣ་ཚོགས་གླིང། བྱང་ཆུབ་སེམས་བསྐྱེད་གླིང། དཔེ་དཀར་དཀོར་མཛོད་གླིང་གསུམ་གྲུ་བཞིར་བྱས། ཡག་ཤ་ལྟག་འོག་ཉི་ཟླའི་ཚུལ་དུ་བྱས་སོ། །ཟུར་བཞིར་མཆོད་རྟེན་བཞི་བཞེངས་ཏེ། མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོའི་མཆོད་རྟེན། ཉན་ཐོས་ཀྱི་ལུགས་སེདྒེས་བརྒྱན་པ། ཤུད་བུ་ངམ་མ་རྒྱལ་ཐོ་རེས་བཞེངས། མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་བྱང་ཆུབ་སེམས་པའི་ལུགས།


LR16_Page_260
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སྟོང་གིས་བརྒྱན་པ་སྣ་ནམ་རྒྱལ་ཚ་ལྷ་སྣང་གིས་བཞེངས། མཆོད་རྟེན་ནག་པོ་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བརྒྱན་པ་དང། རང་སངས་རྒྱས་ཀྱི་ལུགས་ངམ་རྟ་ར་ཀླུ་གོང་ནག་པོས་བཞེངས། མཆོད་རྟེན་སྔོན་པོ་དཔལ་ལྷ་ལས་བབས་པ། དེ་བཞིན་གཤེགས་པའི་ལུགས་ལྷ་ཁང་གི་སྒོ་མོ་ཆེ་བཅུ་དྲུག་གིས་བྱན་པ་མཆིམས་རྡོ་རྗེ་སྤྲེལ་ཆུང་གིས་བཞེངས་སོ། །དེ་རེ་རེ་ལ་སངས་རྒྱས་ཀྱི་རིང་བསྲེལ་རེ་རེ་ཡོད། ཕྱི་ལྕགས་རི་ཟུར་མང་རྡོ་རྗེ་འགྲོས་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱི་ཚུལ་དུ་ཁ་བསྐོངས་པ་བཞེངས། ཕྱོགས་བཞིར་མགོན་ཁང་བཞི། སྒོ་བཞིའི་གདོང་ན་རྡོ་རིང་བཞི། རྡོ་རིང་གི་སྟེང་ན་ཟངས་ཀྱི་ཁྱི་མོ་བཞི་དང་བཅས་པ་བཞེངས་སོ། །རྒྱལ་པོས་བཙན་མོ་ལྔ་ཁབ་ཏུ་བཞེས་པ་ལ། མཆིམས་བཟའ་ལྷ་མོ་བཙུན་དང། མཁར་ཆེན་བཟའ་མཚོ་རྒྱལ་སྒྲུབ་པ་མཛད་པས་ཕྱག་རིས་མེད། ཇོ་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་ཁམས་གསུམ་ཟངས་ཁང་གླིང་བཞེངས། འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་རབ་ཏུ་བྱུང་བའི་མཚན་བྱང་ཆུབ་རྗེར་གསོལ་བས་དགེ་རྒྱས་ལི་མའི་གླིང་བཞེངས་སོ། །དེ་ལྟ་བྲག་དམར་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གཞི་ཆེ་ལ་དཔངས་མཐོ་བ། རྒྱུ་བཟང་ལ་བཀོད་པ་ལེགས་པ། དུང་ཕོར་གཟིས་བཀང་པ་འདྲ་བ་སྡེ་འཁོར་དང་བཅས་པ། ཉི་འོག་གི་རྒྱལ་ཨཱཿས་ན་དཔེ་མེད་འགྲན་ཟླ་དང་བྲལ་བ་རྗེའི་ཐུགས་དམ། འབངས་ཀྱི་མཆོད་གནས་འདི་ཉིད་སྟག་གི་ལོ་ལ་རྨིང་བཏིང་ནས་


LR16_Page_261
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་ལོ་ལ་འབྱོངས་ཏེ། རྒྱལ་པོའི་ཐུགས་དགོངས་ཇི་ལྟར་བསམ་པ་བཞིན་འགྲུབ་པས། དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་བྱའོ། །དེ་ནས་ལུག་གི་ལོ་ལ་སློབ་དཔོན་པདྨས་རབ་གནས་མཛད་པས་བྱིནརལབ་ངོ་མཚར་ཅན་གསུམ་བྱུང་སྟེ། བྱང་ཆུབ་གླིང་གི་དབུས་ཀྱི་རྣམ་པར་སྣང་མཛད་ནམ་མཁའ་ལ་འཕགས་པ་དང། དབུ་རྩེའི་ལྷ་རྣམས་ཕྱིར་ཤར་དུ་ཐོན་ནས་བྱུང་བ་དང། མངའ་བདག་གི་ཐུགས་ལ་ད་ནི་ནང་དུ་ཤར་དུ་ཐོན་ནས་བྱུང་བ་དང། མངའ་བདག་གི་ཐུགས་ལ་ད་ནི་ནང་དུ་མི་ཚུད་དམ་སྙམ་པ་དང། སྐད་ཅིག་ལ་ནང་དུ་ཚུད་པ་དང། དབུས་ཀྱི་རྡོ་རིགས་ཀྱི་སྟེང་ལ་ཟངས་ཀྱི་ཁྱི་མོ་བཞི་ཡོད་པ་ཕྱོགས་བཞིར་མཆོངས་ནས་སྐད་ཐེངས་གསུམ་འདོན་པ་དང། འཁོར་སའི་སྨྱུག་རིང་རིམ་གྱིས་མ་སྐྱེས་པར་དུས་གཅིག་ལ་ཤད་ཀྱི་བྱུང་ངོ་། །དེ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ངོ་། །དེ་ལ་སོགས་པའི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་ཞིག་བྱུག་ངོ་། །གཞན་ཡང་སངས་རྒྱས་ཀྱི་བསྟན་པ་དར་བ་དང། གཙུག་ལག་ཁང་གཞན་བརྩིག་པ་ལ་ཡང་མི་མ་ཡིན་གྱི་གནོད་པ་མི་འབྱུང་བ་ལ་སོགས་པའི་རྟེན་འབྲེལ་དང་བྱིན་བརླབས་མང་དུ་མཛད་དོ། །དེའི་དུས་སུ་རྒྱལ་པོ་ནི་ཐུཊ་དམ་གྱི་ལྷ་ཁང་རྣམས་འབྱོངས་པ་དང། རབ་ཏུ་གནས་པ་རྣམས་གྲུབ་པས་ཤིན་ཏུ་དགྱེས་ཏེ། །ང་རེ་དབུ་རྩེ་རིགས་གསུམ་འདི། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་རེ་དབུ་རྩེ་རིགས་གསུམ་འདི། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་རེ་དགའ་བྱ་བ་ལ་སོགས་པའི་རྗེའི་དགའ་གླུ་བཅུ་གསུམ་མགུར་དུ་བཞེངས་སོ། །བློན་པོ་རྣམས་ཀྱིས་ཀྱང་རང་རང་ཆེ་བའི་མགུར་བླངས། ལོ་བཅུ་གསུམ་གྱི་བར་དུ་སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེ་བླངས། རྟ་རེས་བང་རེ་རྒྱུགས། བྱ་རེས་སྐད་རེ་བཏོན། རྩེད་སྣ་དང་ལྟད་མོ་བསམ་གྱིས་མི་ཁྱབ་པ་ཞིག་བྱས་སོ། །དེ་ནས་བསམ་ཡས་


LR16_Page_262
[མ་དཔེ་གཟིགས་ན་འདིར་གནོན།]

རབ་གནས་ཀྱི་དུས་སུ། ཁམས་གསུམ་ཟངས་ཁང་གླིང་གི་ནུབ་ཕྱོགས་ཀྱི་མཚོ་མོའི་མགུལ་དུ་པདྨའི་སྡོང་པོ་ཞིག་སྐྱེས་ནས་བྱུང་བས། མི་རྣམས་རབ་ཏུ་དགའ་ཞིང་ཚོགས་ནས་ལྟད་མོ་བྱེད་དོ། །བོད་ཀྱི་བདེ་སྐྱིད་དང་མངའ་ཐང་རྣམས་ཉི་མ་ཤར་བ་བཞིན་དུ་རྒྱས་པར་མཛད་དོ། །སད་མི་བདུན། དུས་དེར་རྗེ་བློན་རྣམས་རྩེད་བྲོ་དང་ལོངས་སྤྱོད་ལ་ཡེངས་པས། ལྷ་ཁང་ལ་མཆོད་པའི་ལེ་ལོ་ཤོར་བའི་སྟབས་ཀྱིས་ལྷ་རྣམས་ཀྱི་ཐིགས་ཚགས་དང་གཉེར་བྱེད་མཁན་མེད་པར་གྱུར་པས་ཉམས་ནས་འདུག་པ་གཟིཊ་པ་དང། རྒྱལ་པོ་མ་དགྱེས་ནས། སློབ་དཔོན་བོ་དྷི་ས་ཏཱ་ལ་ཞུས་པ། ངས་འགྲོ་བ་རྣམས་ལ་ཕན་གདཊ་ཤིང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་བྱ་བའི་ཕྱིར་གཙུག་ལག་ཁང་ཅེན་པོ་འདི་བཞེངས་པ་ཡིན་ཏེ། རིང་པོར་མ་ལོན་པར་ཉམས་འདུག་པས། འདི་ཡུན་རིང་པོས་མི་བཞུཊ་པར་འགྱུར་རམ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཡུན་རིང་དུ་བཞུགས་པ་ལ་དཀོན་གཉེར་བྱ་བ་བསྐོས་ནས་ཞབས་ཏོག་དང་གཉེར་བྱེད་དགོས་པ་ཡིན། ཁྱེད་རང་རྣམས་ཀྱང། ལྟད་མོ་ལ་གཡེངས་ནས་ལྷ་ཁང་ཡལ་བར་དོར་བས་དེ་ལས་འོས་མེད་གསུངས། འོ་ན་དཀོན་གཉེར་དེ་ཇི་ལྟ་བུ་ཞིག་འཚལ་ཞུས་པས། ཁྱིམ་པ་རྣམས་རང་རང་གི་བུ་སྨད་ཀྱི་བྱ་བས་གཡེངས་པས། ལྷ་ཁང་ཡལ་བར་དོར་ནས་དེ་ལ་དཀོན་མཆོག་གི་ཞབས་ཏོག་མི་ཏོང་བས། རབ་ཏུ་བྱུང་བ་དགོས་པ་ཡིན་གསུངས། རབ་ཏུ་བྱུང་བ་བྱ་བ་ཇི་ལྟ་བུ་ལགས་ཞུས་པས།


LR16_Page_263
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལྟ་བུ་ཡིན་གསུངས། འོ་ན་དེ་རྒྱ་གར་ནས་གདན་འདྲེན་འཚལ་ལམ། ངེད་བོད་ལ་ཡང་བཏུབ་ཅེས་ཞུས་པས། རྒྱ་གར་ན་ཤིན་ཏུ་མང་བར་ཡོད་གདན་དྲངས་ནའང་བཟང་སྟེ། དེ་བས་ཀྱང་བོད་ཀྱི་མི་ལ་བྱུང་ན་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་འགྲོ་བས་ཤིན་ཏུ་ལེགས། འོང་ངམ་མི་འོང་ཉམས་སད་ཀྱི་གསུངས་ནས། དཔའ་རྨ་གཟིགས་ཀྱི་བུ་དཔའ་ཁྲི་རཏྣ་དང། མཆིམས་ཨ་ནུའི་བུ་ཤཱཀྱ་པྲ་བྷ་དང། རྩངས་ཐེན་ལེ་ཏྲའི་བུ་རྩངས་ལེགས་གྲུབ་དང། པ་གོར་ཧེ་འདོད་ཀྱི་བུ་བཻ་རོ་ཙ་ན་དང། ཞང་ཉ་བཟང་གི་བུ་ལྷ་བུ་དང། ཤུད་བུ་ཁོང་སླེབ་དང། སྦ་གསལ་སྣང་བཅས་རབ་ཏུ་བྱུང་བའི་མིང་ཡེ་ཤེས་དབང་པོ་ཞེས་བྱ་སྟེ། དེ་ལྟར་བདུན་ལ་སྐད་བསླབས་པས་ལོབས་ཏེ་རབ་ཏུ་བྱུང་བས། སད་མི་བདུན་ཞེས་གྲགས་སོ། །ལོ་རྒྱུས་གཅིག་ལས་ལོ་ཙཱ་བ་སད་མི་བདུན་ནི། རྒན་གསུམ། གཞོན་གསུམ། བར་མ་གཅིག་ཅེས་བྱ་སྟེ། རྒན་གསུམ་ནི་དབའ་མཉྫུ་ཤྲཱི་དང། རྩངས་ཐེན་ལེན་ཏྲ། བྲན་ཀ་ར་མུ་ཏེའོ། །གཞོན་གསུམ་ནི་པ་གོར་བཻ་རོ་ཙ་ན། འཁོན་ན་གེན་དྲ། རྩངས་དེ་ཝན་དྲའོ། །བར་པ་རླངས་སུ་ག་ཏ་གཞན་ཞིག་ཏུ་གླང་ཀ་ཏ་ན་དང་ཡང་གླང་ཀ་ཏ་ཤ་ཞེས་འཁོར་འདུག་སྒྲིག་པོས། རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་ཡིན་ལ། མཁན་པོ་བོ་དྷི་སཏཱས་བྱས་ནས་རབ་ཏུ་བྱུང་བས་སད་མི་མི་བདུན་ཞེས་གྲགས་སོ། །ཤིན་ཏུ་ཚུལ་ཁྲིམས་དང་ལྡན་པ་བྱུང་བས། ཤིན་ཏུ་དགྱེས་ཏེ་ལུག་གི་ལོ་ལ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའིད་གེ་སློང་བཅུ་གཉིས་རྒྱ་གར་ནས་གདན་དྲངས་ནས་རབ་ཏུ་བྱུང་བའི་སྡེ་བཙུགས་པ་ནི། རྒྱལ་པོས་འཁོར་འབངས་ཐམས་


LR16_Page_264
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསགས་ནས་རྒྱལ་བུ་རྒྱལ་ས་མ་བཟུང་བ་དང། ལྷ་གཅིག་ཁབ་ཏུ་མ་བཞེས་པ་དང། འབངས་རལ་པ་ཅན་བརྒྱ་བཞི་བཅུ་དུས་གཅིག་ལ་རབ་ཏུ་བྱུང་ངོ་། །རྒྱལ་པོ་ཉིད་ལ་ཁབ་ཏུ་བཞེས་པའི་བཙུན་མོ་ལྔ་ཡོད་པའི་ཆུང་ཤོས་མཁར་ཆེན་བཟའ་བཙན་མོ་དང། བྱང་ཆུབ་བཙན་མོ་བྱ་བ་གཉིས་ཀྱང་རབ་ཏུ་བྱུང་ངོ་། །མཁར་ཆེན་བཟའ་བཙན་མོ་ནི་མཚོ་རྒྱལ་ཡིན་ཏེ་མཆིམས་ཕུར་གྲུབ་པ་ཐོབ། བྱང་ཆུབ་བཙན་མོ་གཡོས་ལ་མཁས་པས་ཚང་མང་གླིང་དུ་དགེ་འདུན་རྣམས་ཀྱི་ཕྱག་ཚང་མ་མཛད། གཞན་ཡང་རྨ་རིན་ཆེན་མཆོག ལ་སུམ་རྒྱལ་བའི་བྱང་ཆུབ། ངན་ལམ་རྒྱལ་བ་མཆོག་དབྱངས། སྣུབས་ནམ་མཁའ་སྙིང་པོ་ལ་སོགས་པའི་འབངས་དད་པ་ཅན་ལྔ་བརྒྱ་བར་ཏུ་བྱུང། འབངས་ཞབས་འོག་གི་རྡེའུ་དང་འདྲ་བ་བདེ་བར་ཕྱུང། དབུའི་མཆོད་གནས་སུ་ཁུར། འཚོ་བ་བླ་ནས་སྦྱར། དགེ་བ་ཉམ་བག་ཏུ་སྤྱོད་དེ་དགེ་འདུན་གྱི་སྡེ་བཙུགས། ཉན་བཤད་དང་སྒོམས་སྒྲུབ་གྱི་གྲཱ་བཟུང། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་པ་ཡིན་ནོ། །དེ་ནས་སློབ་དཔོན་པདྨ་འབྱུང་གནས་དང། མཁན་པོ་བོ་དྷི་ས་ཏཱ་རྒྱ་གར་གྱི་ཡུལ་དུ་བཞུད་པར་དགོངས་ནས། མངའ་བདག་ལ་ཞུས་པ། བོད་ཡུལ་དབུས་སུ་སྐྱེ་པ་ཡི། །བཙན་པོ་ཁྲི་སྲོང་ལྡེ་བཙན་དང། །ཟ་ཧོར་ཡུལ་ནས་བྱོན་པ་ཡི། །མཁས་པ་བོ་དྷི་ས་ཏཱ་དང། །ཨུ་རྒྱལ་ཡུལ་ནས་ཡོངས་པ་ཡི། །པདྨ་འབྱུང་ནས་གནས་ང་དང་གསུམ། །སྐུ་ཚེ་ཡང་སྔའི་དུས་ཙ་ན། །མ་གུ་ཏ་ཡི་ཡུལ་དག་ཏུ། །མོན་ཕྲུག་སྤུན་གསུམ་དག་ཏུ་སྐྱེས། །མཆོད་རྟེན་བརྩིགས་ཤིང་སྨོན་ལམ་བཏབ། །སྐྱེ་བ་སོ་སོར་སྨིན་པ་ལས།


LR16_Page_265
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྷི་སཏྭ་བྲམ་ཟེར་སྐྱེས། །བཙན་པོ་དྲང་སྲོང་རིགས་སུ་སྐྱེས། །བདག་ནི་ཕྲ་མ་སྲིན་བུར་སྐྱེས། །དེ་གསུམ་གཅིག་ཏུ་ཚོགས་ནས་ནི། །སྔ་མའི་མཆོད་རྟེན་དེ་ལ་ནི། །མཆོད་པ་ཆེན་པོ་རབ་ཕུལ་ཏེ། །སྨོན་ལམ་སོ་སོར་འདི་སྐད་བཏབ། །དྲང་སྲོང་བུ་ཡི་སྨོན་ལམ་ནི། །བདག་ནི་ཚེ་འདིའི་ཕྱི་མ་ལ། །འཁྱག་པ་འཁྱག་ཡུལ་མཐའ་ཁོབ་ཏུ། །ཆོས་ཀྱི་རྒྱལ་པོར་གྱུར་ནས་ནི། །ཆཔས་ཀྱི་བསྟན་པ་འཛུགས་པར་ཤོག །དེ་ལྟར་སྨོན་ལམ་བཏབ་པ་ཡིས། །ད་ལྟ་རྒྱལ་པོར་སྐྱེས་པ་ཡིན། །བྲམ་ཟེའི་བུ་ཡི་སྨོན་ལམ་ནི། །བདག་ནི་མཁས་པ་པཎྜི་ཏ། །རིག་པའི་གནས་ལྔ་མཁས་པ་ཡི། །རྒྱལ་བའི་བསྟན་པ་འཛིན་བྱེད་པའི། །སློབ་དཔོན་བྱེད་པར་སྨོན་ལམ་བཏབ། །ད་ལྟ་བོ་དྷི་སཏྭ་ཡིན། །ཕྲ་མ་སྲིན་བུའི་སྨོན་ལམ་ནི། །བདག་ནི་སྔགས་འཆང་མཐུ་སྟོབས་ཅན། །རྒྱལ་པོའི་ཐུགས་དགོངས་སྒྲུབ་པ་ཡི། །སྔགས་འཆང་མཐུ་རྩལ་ལྡན་པར་ཤོག །སློན་ལམ་བཏབ་པའི་མཐུ་བཙན་པས། །ཟ་ཧོར་ཨུ་རྒྱན་བོད་ཀྱི་ཡུལ། །སོ་སོར་སྐྱེས་ཀྱང་བོད་ཡུལ་འདིར། །སློབ་དཔོན་ཡོན་བདག་གྱུར་པ་ཡིན། །རྒྱལ་པོའི་ཐུགས་དམ་བསམ་ཡས་འདི། །སྟག་ལ་རྨིང་བཏིང་རྟ་ལ་འབྱོངས། །ལོ་ལྔ་ལྷག་མ་མེད་པར་བཞེངས། །བགེགས་ཞི་དུས་སུ་བསམ་པ་འགྲུབ། །མཁས་པ་བོ་དྷི་སཏཱ་དང། །ཨུ་རྒྱན་པདྨ་འབྱུང་གནས་བདག །རྒྱ་གར་ཡུལ་དུ་འགྲོ་བར་ཞུ། །ཞེས་གསུངས་པས། རྒྱལ་པོས་སློབ་དཔོན་གཉིས་ལ་གསེར་ཕྱེ་བྲེ་རེས་དངུལ་སྐྱོགས་བཀང་བ་ཕུལ། འཇིག་རྟེན་གྱི་སྤྱན་གཟིགས་མང་པོ་དྲངས། ཕྱག་འཚལ་སྐོར་བ་བྱས། སྤྱན་ཆབ་བཏོན་ནས་ཞུས་པ། ཨེ་མ་ཧོ། སློབ་དཔོན་རྣམ་གཉིས་བདག་ལ་གསོན། །ཡང་


LR16_Page_266
[མ་དཔེ་གཟིགས་ན་འདིར་གནོན།]

སྔའི་ཚེ་ལ་སྨོན་ལམ་བཏབ། །རྒྱ་གར་ཡུལ་དུ་སྐྱེས་ནས་ནི། །ཡང་ནི་སྨོན་ལམ་བཏབ་པ་ཡིས། །སློབ་དཔོན་རྣམ་གཉིས་རྒྱ་གར་དུ། །དམ་པ་ཆོས་ཀྱི་ཡུལ་དུ་སྐྱེས། །བདག་ནི་གདོང་དམར་པོ་བོད་ཀྱི་ཡུལ། །ལས་ཀྱིས་བདག་པའི་རྒྱལ་པོར་སྐྱེས། །བསོད་ནམས་མི་ཆུང་མགོ་ནག་རྗེ། །རྟ་ཡི་ལོ་ལ་བྲག་དམར་དུ། །བདག་ནི་ཡུལ་ལ་བལྟམས་སོ་གསུངས། །བཅུ་གསུམ་ལོན་ནས་ཡབ་དང་བྲལ། །ཉིས་ཤུའི་ལོ་ལ་བསམ་པ་སྐྱེས། །རྩ་གཅིག་སྟག་ལ་རྨིང་བཏིང་ནས། །སློབ་དཔོན་བོ་དྷི་སཏཱ་ཡིས། །ས་གཞི་བྱིན་གྱིས་བརླབས་གྱུར་ཀྱང། །བགེགས་ཀྱིས་སྒྲུབ་ཏུ་མ་སྟེར་བས། །སློབ་དཔོན་སྤྱན་དྲོངས་སྒྲུབས་ཤིག་པ། །བོ་དྷི་སཏཱའི་ལུང་བསྟན་ཡིན། །སྔོན་གྱི་ཐུགས་དམ་པ་དང་བཙན་བྱོན། །སྟག་ནས་རྟ་ཡི་ལོ་ལྔས་འབྱོངས། །སྔར་ཡང་སྐུ་སྐུ་དྲིན་ཆེ་ཏེས་བསྐྱངས། །ཁྲི་སྲོང་ལྡེ་བཙན་མ་གུམ་ཚེར། །བཞུད་པར་མི་ཞུ་བཞུགས་པར་ཞུ། །ཐུགས་རྗེས་དགོངས་ལ་བཀའ་གནང་ཞུ། །ཞེས་ཞུ་བ་ཕུལ་བས་སློབ་དཔོན་གཉིས་ཀྱིས་བཀའ་བགྲོས་པས། སློབ་དཔོན་པདྨའི་ཞལ་ནས། རང་རེ་གསུམ་ཚེ་ཡང་སྔ་ལ། ཚེ་གསུམ་གྱི་སྨོན་ལམ་གྱི་འབྲེལ་པ་ཡོད་པ་ཡིན་པས། རྒྱལ་པོའི་ཞལ་ངོ་མི་བསྐུམ་གསུངས་པས། སློབ་དཔོན་བོ་དྷི་སཏཱའི་ཞལ་ནས། ཤིན་ཏུ་ལེགས་སོ། །དེ་བཞིན་བགྱིའོ་གསུངས་ནས། སློབ་དཔོན་གཉིས་ཀྱིས་རྒྱལ་པོ་ལ་བཀབ་གནང་བ། སྐྱེ་བ་གསུམ་གྱི་སྨོན་ལམ་གྱིས། །ལས་ཀྱི་འཕྲོ་ཡི་བོད་དུ་ཚོགས། །སྔར་ཡང་བཙན་པོ་དགྱེས་པར་བགྱི། །རྒྱལ་པོའི་ཞལ་ངོ་མི་བསྐུམ་བགྱི། །ཞེས་གསུངས་ནས་བཞུགས་པར་བཀའ་གནང་ངོ༌། །


LR16_Page_267
[མ་དཔེ་གཟིགས་ན་འདིར་གནོན།]

ལྕོག་རོ་དང་སྣ་ནམ་སོགས་ཀྱིས་ལོ་ཅཱ་གནང་སྟེ་གསང་སྔགས་རྒྱུད་སྡེའི་སྐོར་བསྒྱུར་ཚུལ། དེ་ནས་བཙན་པོས་སློབ་དཔོན་གཉིས་ལ་ཆོས་གསུངས་པར་ཞུ་བ་ཕུལ་ཏེ། གསེར་གྱི་ཁྲི་ལ་སློབ་དཔོན་པདྨ་བཞུགས། །དངུལ་གྱི་ཁྲི་ལ་སློབ་དཔོན་བོ་དྷི་སཏཱ་བཞུགས། གུང་གྲལ་དུ་རྒྱལ་པོ་ཉིད་བཞུགས། གཡོན་གྲལ་ལ་ལྕོག་ཀླུའི་རྒྱལ་མཚན་དང། སྐ་བ་དཔལ་བརྩེགས་དང། ལོ་ཙཱ་བ་གཉིས་གབ་རྩེའི་ཁྲི་ལ་བཞུགས། སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་ཁྲུ་རེ་ལ་གཡུ་ཡི་མེ་ཏོག་རི་རབ་གླིང་བཞི་དང་བཅས་པ་གསེར་གྱི་མཎྜལ་ཁྲུ་རེ་ལ་གཡུ་ཡི་མེ་ཏོག་རི་རབ་གླིང་བཞི་དང་བཅས་པ་རེ་ཕུལ། ལོ་ཙཱ་བ་གཉིས་ལའང་རིན་པོ་ཆེའི་མཎྜལ་རེ་ཕུལ་ནས། ཆོས་གསུང་བར་ཞུ་བ་ཕུལ་བ། ཨེ་མ་ཧོ། རྒྱ་གར་ཡུལ་དུ་སྐུ་འཁྲུངས་ནས། །དམ་པའི་ཆོས་ལ་མངའ་བརྙེས་པ། །མཁས་པ་པཎྜི་ཏར་གྱུར་པའི། །སློབ་དཔོན་ཆེནཔོ་རྣམ་གཉིས་ཀྱིས། །སྔགས་དང་མཚན་ཉིད་ཆོས་བཤད་ཞུ། །ལོ་ཙཱ་གཉིས་ཀྱིས་བསྒྱུར་བར་ཞུ། །བོད་ཡུལ་མུན་པར་འཐིབས་པ་ལ། །ཆོས་ཀྱི་སྒྲོན་མེ་སྤར་བར་ཞུ། །ཞེས་ཞུས་པས། །སློབ་དཔོན་གྱི་གསུངས་པ། ཨེ་མ་ཧོ། རྒྱལ་པོ་ཆེན་པོ་བོད་ཀྱི་མི་རྣམས་ལ་དད་པ་མེད། བློན་པོ་རྣམས་ནི་ཆོས་ལ་གནག་པས། རྒྱལ་པོ་ཉིད་རང་ཆོས་ཀྱི་བཀའ་ཁྲིམས་འཆོས་ཤིག་གསུངས་ནས། ལུག་གི་ལོ་གཞུག་ནས་སྒྲེའུའི་ལོ་གཞུག་ཡན་ཆད་ལ་སློབ་དཔོན་པདྨའི་ལོ་ཙཱ་བ་ལྕོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། བྲང་ཏི་ཛ་ཡ་རཀྵིཏ། ལྕེ་ཀུ་ཀུ་རཱ་ཛ་ལ་སོགས་པས་མཛད་དེ་གསང་སྔགས་


LR16_Page_268
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་སྡེ་རྣམས་བསྒྱུར་བ་ནི་བབས་དང་པོའོ། །དེ་ཡང་གསང་སྔགས་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། བདག་ཏུ་འཛིན་པ་འཁོར་བའི་རྒྱུ་ཡིན་པས། འཁོར་བ་ལས་གྲོལ་ཞིང་ཕུང་པོ་ལྷའི་དལ་དུ་གསལ་བར་བྱ་བའི་ཕྱིར་ཞི་བའི་ལྷ་རྒྱུད། བདུད་དང་སྲིན་པོ་དྲེགས་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྱིར་ཁྲོ་བོའི་ལྷ་རྒྱུད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔས་དགྲ་བགེགས་ཚར་བཅད་པའི་ཕྱིར། སྐུའི་སྒྲུབ་ལུགས་བསྐལ་པ་མེ་ལྟར་འབར་བའི་རྒྱུད། གསུང་གི་དབང་ཆེན་འདུས་པའི་རྒྱུད། ཐུགས་ཀྱི་ཁྲོ་བོ་པུཎྜ་རི་ཀའི་རྒྱུད། ཡོན་ཏན་གྱི་ལྷ་མོ་མ་གོམ་བའི་རྒྱུད། ཕྲིན་ལས་ཀྱི་རིག་འདིན་དྲུག་པའི་རྒྱུད། རིགས་སྔགས་སྤྱིའི་སྒྲུབ་ལུགས་དཔལ་ཧེ་རུ་ཀ་འདུས་པའི་རྒྱུད། འཇམ་དཔལ་སྐུའི་སྒྲུབ་ལུགས་ལ་སོགས་གསང་བའི་བཀའ་བརྒྱད་སོ་སོའི་འགྱུར་བྱུང་རྣམས་རྒྱས་པར་འོག་ནས་སྟོན་ནོ། །ཕྲིན་ལས་ཁ་སྐོང་བ་དང། རྒྱན་རྒྱགས་གདབ་པའི་ཕྱིར། ཤེས་པོ་སྟོང་གིས་བརྒྱན་པའི་རྒྱུད་ལས་རྒྱ་མཚོ་ཇི་ལྟར་བྱས་པ་བསྟན་པའི་ཕྱིར། རྐརྨ་མཱ་ལྱེ་ཕྲིན་ལས་ཀྱི་རྒྱུད། བསོད་ནསམ་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར། ཚོགས་རྒྱུད་ཆེན་ཆུང། མཆོད་པ་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་པའི་ཕྱིར། ནམ་མཁའ་མཛོད་ཀྱི་བྱིན་གྱིས་བརླབས་པའི་རྒྱུད། སྦྱོར་བ་གནས་སུ་དག་པའི་ཕྱིར། ཐིག་ལེ་ཀློང་གི་རྒྱུད། བརྟུལ་ཞུགས་དྲག་པོར་བྱ་བའི་ཕྱིར། གླང་པོ་ཆེ་བར་འབོག་གི་རྒྱུད། སྒོརལ་མ་གནས་སུ་དག་པར་བྱ་བའི་ཕྱིར། སྟོབས་པོ་ཆེ་ཡོངས་གྲོལ་གྱི་རྒྱུད། བཀྲ་ཤིས་པ་ལ་སྦྱིན་སྲེག་བྱ་བའི་ཕྱིར། ཟ་བྱེད་རོལ་པའི་རྒྱུད། གཏོར་མའི་


LR16_Page_269
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐམས་ཅད་སྔོན་དུ་འགྲོ་བའི་ཕྱིར། གཏོར་རྒྱུད་ཆེ་ཆུང། བཀའ་འཁོར་སྐྱོང་བའི་སྲུང་མ་ལྷག་མ་ལ་དབང་བ་ལ་ལས་བཅོལ་བའི་ཕྱིར། དཔལ་འབར་ཁྲོ་བོའི་རྒྱུད། དགྲ་བགེགས་གཟིར་ཞིང་མནན་པའི་ཕྱིར། ཞིང་བཟུ་རོལ་པའི་རྒྱུད། དེ་རྣམས་ནི་མཧཱ་ཡོ་གའི་རྒྱུད་སྡེ་ཡིན་ནོ། །ཨ་ནུ་ཡོ་གའི་རྒྱུད་སྡེ་ལ། མདོ་བཞི་ཐེམས་དང་ལྔ་ལ། ཀུན་བཏུས་རིག་པའི་མདོ། །སེམས་ལུང་ཆེན་མོའི་མདོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ནི་བཀའ་ཐམས་ཅད་ཀྱི་ཐེམས་སུ་བཞག་པ་ཡིན་ནོ། །གབ་པ་སྡེ་དྲུག་ལ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་རྣམ་སྣང་སྒྱུ་འཕྲུལ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མཱ་ལྱེ། མཇུག་རྒྱུད་དོན་བསྡུས་པ་རྡོ་རྗེ་གདན་བཞིའི་རྒྱུད་དོན་ནོ། །སྒྱུ་འཕྲུལ་སྡེ་བརྒྱད་ལ། སེམས་དང་ཡེ་ཤེས་དང་རང་སྣང་དུ་སྟོན་པ་གསང་བའི་སྙིང་པོ། ཕྲིན་ལས་ཁ་ཚང་བར་བསྟན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་མངོན་དུ་གྱུར་པ་སྒྱུ་འཕྲུལ་བླ་མ། དམ་ཚིག་དང་བསྟན་པའི་མན་ངག་ཏུ་གྱུར་པ་སྒྱུ་འཕྲུལ་ལེ་ལག དོན་བསྡུས་ནས་བསྟན་པ་སྒྱུ་འཕྲུལ་ལེའུ་བརྒྱད་པ། རོལ་པ་མངོན་དུ་གྱུར་པ་ལྷ་མོ་སྒྱུ་འཕྲུལ། དེ་རྣམས་ཀྱིས་མ་ཚང་བ་ཁ་སྐོང་པ་སྒྱུ་འཕྲུལ་བརྒྱད་ཅུ་པ། དོན་དམ་པ་ཡེ་ཤེས་ཡོངས་སུ་ཤེས་པ་འཇམ་དཔལ་སྒྱུ་འཕྲུལ་ལོ། །དེ་རྣམས་ནི་གསང་སྔགས་ནང་གི་རྒྱུད་སྡེ་ཡིན་ནོ། །རྒྱ་དཔེ་རྒྱ་གར་ཤྲཱེ་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པ་ལ། སློབ་དཔོན་གྱི་རྫུ་འཕྲུལ་གྱིས་བླངས་ཏེ། རྒྱ་


LR16_Page_270
[མ་དཔེ་གཟིགས་ན་འདིར་གནོན།]

གར་དུ་མ་ལུས་པར་དཔེ་བསམ་ཡས་ཀྱི་དཀོར་མཛོད་ན་བཞུགས་སོ། །སློབ་དཔོན་བོ་དྷི་སཏཱ་དང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་གསང་སྔགས་ཕྱི་པ་རྣམས་བསྒྱུར་ཚལ། སློབ་དཔོན་བོ་དྷི་སཏཱ་དང། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་གསང་སྔགས་ཕྱི་པ་རྣམས་བསྒྱུར་ཏེ། དེ་ཡང་བྱ་བའི་རྒྱུད། ཀྲྀ་ཡའི་ཆོས་བྱ་བ་ཕྱིའི་རྒྱུད་དྲུག་ལ། རིག་སྔགས་ཐམས་ཅད་ཀྱི་ཁོག་དབུབ་པ་ཀྲྀ་ཡ་དཔུང་བཟང་གི་རྒྱུད། རིག་སྔགས་ཐམས་ཅད་གསལ་བ་རིག་པ་མཆོག་གི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དོན་བསྡུས་པ་སུ་སི་ཏི་ཀ་རའི་རྒྱུད། རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད་དང་དང་དྲུག་གོ །བྱ་བ་བྲེ་བྲག་གི་རྒྱུད་ནི། རིགས་གསུམ་གྱི་སྐོར་ལས། སྤྱན་རས་གཟིགས་ཀྱི་ཆོས་སྐོར་ལ་པདྨ་རྩེ་མོ་སངག་ཀྱི་རྒྱུད། པདྨ་ཅོད་པན་གྱི་རྒྱུད། ཆོ་ག་སྔགས་ཀྱི་རྒྱུད། ཡིད་བཞིན་ནོར་བུའི་རྒྱུད། ཨ་མོ་གྷ་པཱ་ཤ་དོན་ཡོད་ཞགས་པའི་རྒྱུད། ཟ་མ་ཏོག་བཀོད་པ་ཆེ་ཆུང་པ་སོགས་པའི་རྒྱུད་དོ། །འཇམ་དཔལ་གྱི་སྐོར་ལ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་རྣོན་པོ་དྲི་མ་མེད་པའི་རྒྱུད། འཇམ་དཔལ་དྲྭ་བ་སྤྱོད་པའི་རྒྱུད། འཇམ་དཔལ་མཚན་ཡག་དགཔར་བརྗོད་པ་གླུར་བླངས་རྒྱུད་ལ་སོགས་པའོ། །ཕྱག་ན་རྡོ་རྗེའི་སྐོར་ལ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། ཕྱག་ན་རྡོ་རྗེ་ས་འོག་གི་


LR16_Page_271
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། རྡོ་རྗེ་བེ་ཅོན་གྱི་རྒྱུད། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད། རྡོ་རྗེ་རྣོན་པོའི་རྒྱུད་ལ་སོགས་པའོ། །གཟུངས་གྲྭ་ལྔ་ལ་སོགས་པ་གཟུངས་བརྒྱ་དྲུག་ཅུའོ། །ཨུ་པའི་རྒྱུད་བཞི་ལ་སྤྱོད་རྒྱུད་བཞི་སྟེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། མེ་དཔུང་འབར་བའི་རྒྱུད། ཕྱག་ན་རྡོ་རེཇ་དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད་དོ། །ཡོ་ག་རྣལ་འབྱོར་གྱི་རྒྱུད་ལ། ཡོ་གའི་གཞུང་ཆེན་པོ་བམ་པོ་སུམ་བརྒྱ་ཡོད་པས་མ་བསྒྱུར། དེའི་རྒྱུད་སྡེ་ཆེན་པོ་བཞི་ལ། རྩ་བའི་རྒྱུད་ཏ་ཐ་སང་ཀྲ་ཧ་དང། པ་ཤ་ཀ་ར་རྡོ་རྗེ་རྩེ་མོའི་རྒྱུད་དང། ཤྲཱི་པདྨ་རཱ་ག་རྒྱ་དཔལ་མཆོག་དང་པོའི་རྒྱུད་དང། ས་མུན་ཛཱ་ཡ་རྟོགས་པ་བསྡུས་པའི་རྒྱུད་དང་བཞིའོ། །དེ་ལྟར་གསང་སྔགས་ཕྱིའི་རྒྱུད་སྡེ་དེ་རྣམས་སློབ་དཔོན་བོ་དྷི་སཏྭ་དང། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་རོ། །རྒྱུ་དཔེ་རྣམས་བསམ་ཡས་ཀྱི་དཔེ་མཛོད་དུ་བཞུགས་སོ། །ལོ་ཙཱ་བ་ཉང་ཏིང་འཛིན་བཟང་པོས་ཀྲྀ་ཡའི་རྒྱུད་སྡེ་ཏཱིཀ་སོགས་བསྒྱུར་ཚུལ། བབས་གཉིས་པ་ནི་དེའི་རྗེས་ལ་སློབ་དཔོན་དྷ་ནས་སྐྲིཏ་དང། ཤཱམྟིང་གབྡྷ་གདན་དྲངས་ཏེ། དེའི་དུས་ལོ་ཙཱ་བ་ཉང་ཏིང་འཛིན་བཟང་པོས་མཛད་ནས་ཀྲྀ་ཡའི་རྒྱུད་སྡེ་ཊཱིཀ་དང་བཅས་པ་དང། སྐུ་གསུངས་ཐུགས་ཀྱི་གལ་པོའི་སྐོར་དང། གཤིན་རྗེའི་སྒྲུབ་ཐབས་ཁ་ཡར་བསྒྱུར་རོ། །


LR16_Page_272
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་སངས་རྒྱས་གསང་བ་ལས་གསང་སྔགས་ཕྱི་ནང་གི་ཆོས་མང་དུ་བསྒྱུར་བ། བབས་གསུམ་པ་ནི། སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སི་ལ་བྱོན་པའི་ཚེ་ཆོས་གསུངས་པ་རྣམས་ཡིན་ཏེ། སྐུ་ཆེ་བའི་ལོ་རྒྱུས་ནི། རྒྱ་གར་ནུབ་ཕྱོགས་པའི་རྒྱལ་རིགས་ཆེན་པོ་ཞིག་ཡིན་ཅིང། ལན་གཅིག་གི་ཚེ་རྒྱལ་པོ་ཆེན་པོ་ཞིག་ལ་སྲས་ཞིག་འཁྲུངས་པ་ལས། རྒྱལ་པོའི་ཐུགས་དགོངས་ལ་ངའི་བུ་འདི་ལ་འཇིག་རྟེན་གྱི་ཁམས་ན་གང་ཟག་མིའི་སློབ་དཔོན་དུ་བྱ་བའི་འོས་མེད་པས་མཁྱེན་རབ་གྱི་མངའ་བདག་འཕགས་པ་འཇམ་དཔལ་བསྒྲུབ་ཏུ་བཅུག་ལ་དེ་ལ་སློབ་དཔོན་ཞུ་དགོངས་སྙམ་ནས། སྐུ་རྟེན་ལུགས་སྐུ་ཁྲུ་གང། གསུང་རྟེན་མེ་ཏོག་པདྨ། ཐུགས་རྟེན་འོ་མ་སྤར་བུ་གང་གཏད་དེ། རྒྱལ་པོས་འཇམ་དཔལ་གྱི་སྒོམ་ལུང་ཕོག་ནས་བསྒྲུབ་ཏུ་བཅུག་པས་རྒྱལ་པོ་བསོད་ནམས་ཆེ་བ་དང། རྒྱལ་རིགས་ཡིན་པས་ཞག་དྲུག་ནས་འགྲུབ་སྟེ། ལུགས་སྐུ་ཞལ་འཛུམ་པ་དང་བཞད་པ་ལ་སོགས་པ་བྱུང། པདྨའང་སོར་མར་སྐྱེས་པ་འདྲ་བ་བྱུང། འོ་མ་ཡང་ལུད་ལ་ཁད་པ་བྱུང་སྟེ་རྒྱལ་བུའི་བསམ་པ་ལ་འཇམ་དཔལ་འགྲུབ་ནས་འདུག་བས་སིདྡྷི་གང་ལ་བླངས་ན་དྲག་སྙམ་པའི་ཐེ་ཚོམ་སྐྱེས་པ་ལས། ལྷ་ཉིད་བདུད་འཆར་ཀ་ནག་པོ་ཞེས་བྱ་སྟེ། བྱ་ནག་པོ་ཆེན་པོ་ཞིག་ཏུ་སྤྲུལ་ནས་གཤོག་པ་ཆུར་བཅུག་པ་ས་ལ་བསྒྲེས་ཏེ། སློབ་དཔོན་གྱི་འགྲམ་པ་ལ་བརྒྱབ་པས་དར་ཅིག་བརྒྱལ་བར་གྱུར་ཏེ། བརྒྱབ་བ་སངས་པ་དང་བལྟས་པས། ལུགས་སྐུའང་ནག་ལོག་གེར་སོང། པདྨ་ཡང་རྙིང་པར་


LR16_Page_273
[མ་དཔེ་གཟིགས་ན་འདིར་གནོན།]

སོང། འོ་མ་ཡང་བསྐམས་ལ་ཁད་པར་སོང། རྒྱལ་བུའི་བསམ་པ་ལ་ད་རེས་སིདྡྷི་གང་ལ་བླངས་ཀྱང་ཆོག་པའི་དུས་སུ་སིདྡྷི་མ་བླངས་པས་ལན། དེ་ཅིས་ཉེས་སྙམ་ན་ཐེ་ཚོམ་ཟོས་པས་ལན། དེ་ཅིས་ལན་ན་ཐོས་པ་ཆུང་བས་ལན་སྙམ་ནས། ཧ་ཅང་ཐོས་པ་ཆུང་ན་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། ངའམ་ང་ལྟ་བུའོ་གསུངས་ནས། ཡབ་རྒྱལ་པོ་ལ་ཞུས་ནས། རྒྱ་གར་ཤར་ཕྱོགས་སུ་པཎྜི་ཏ་ལྔ་བརྒྱའི་དྲུང་དུ་ཐོས་པ་མཛད་དུ་བྱོན་པས། ཁོང་རིགས་བཟང་བ་དང། འཇམ་དཔལ་གྲུབ་པའི་སྟོབས་ཀྱིས་པཎྜི་ཏ་ལྒ་བརྒྱའི་མཁྱེན་པ་ཐམས་ཅད་ཐོགས་པ་མེད་པར་ཐུགས་སུ་ཆུད་ཅིང་མཁས་པ་ཆེན་པོར་གྱུར་ཏེ་ཁོང་རིགས་བཟང་བ་དང་མཁས་པའི་སྟོབས་ཀྱིས་ལོངས་སྤྱོད་འདུ་འཛི་མང་པོ་འདུས་པས་གཡེངས་པ་ཤིན་དུ་ཆེ་སྟེ། སྐྱོ་བ་སྐྱེས་ནས་ཧ་ཅང་ཐོས་པ་ཆེ་ན་བདུད་ཀྱི་ལས་སུ་རིགས་པར་བྱ་སྟེ། ངའམ་ང་ལྟ་བུའོ་གསུངས་ནས། གངས་ཏི་སེ་བྱ་རོག་གི་གདོང་པ་ཅན་གསེར་བྲག་བྱ་སྐྱིབས་བྱ་བར་སྒོམ་སྒྲུབ་ལ་བྱོན་པ་དང་དེའིད་དུས་སུ་བོད་ཡུལ་ན་ཆོས་སྐྱོང་བའི་རྒྱལ་པོ་མངའ་བདག་ཁྲི་སྲོང་ལྡེ་བཙན་བཞུཊ་པ་དང་དུས་མཚུངས་ནས། གངས་ཏུ་སི་ན་རྒྱ་གར་གྱི་པཎྜི་ཏ་མཁས་པ་ཞིག་བྱོན་ནས་འདུག་ཟེར་བ་ཐོས་ནས། ལོ་ཙ་བ་དབའ་མཉྫུ་ཤྲཱི་ཝརྨ་དང། མཆིམས་ཤཱཀྱ་པྲ་བྷ་དང། བྲན་ཀ་ར་མུ་ཁེནྡྲ། རྩངས་ཐེ་ལེག་ཏྲ་དང་བཞི་ལ་གསེར་ཕྱི་བྲེ་གསུམ་བསྐུར་ནས་གདན་འདྲེན་དུ་བཏང་བས། ང་སྒྲུབ་པའི་དམ་བཅའ་ཞིག་བྱས་ནས་ཡོད་པས་བོད་དུ་མི་འགྲོ་གསུངས་ནས། འབྱོན་དུ་མ་བཞེད། མི་འབྱོན་ན་ཆོས་ཞུ་འཚལ་ཞུས་པས། ཆོས་བཤད་པའི་དུས་ལ་བབ་བམ་མི་བབ་ཡིད་གྱི་ལྷ་ལ་དྲི་ཡིས་


LR16_Page_274
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས། ཞག་གསུམ་ཡི་དམ་ལྷ་ལ་གསོལ་བ་བཏབ་ནས་དྲིས་པས། དུས་ལ་བབ་པར་ཡི་དམ་ལྷས་ལུང་བསྟན་ནས། ཆོས་གསུང་བར་གནང་སྟེ། གསང་སྔགས་ཀྱི་ཆོས་ཟབ་མོ་བཤད་པ་ལ་སྨོན་ལ་དབང་བསྐུར་དགོས་གསུངས་ནས། སློབ་དཔོན་གྱིས་མཚོ་མ་ཕམ་གཡུའི་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཚོགས་བཞི་བཅུ་རྩ་གཉིས་མདུན་གྱི་ནམ་མཁའ་ལ་བཀྲ་ས་ལེ་འདུག་པ་བང་ཆེན་པ་རྣམས་ཀྱིས་ཞལ་མཐོག་བ་བྱུང། དེར་སློབ་དཔོན་གྱིས་དབང་ལྷ་ལ་ཞུ་བའམ་ང་ལ་ཞུ་གསུངས་པས། ཁོང་རྣམས་ཀྱི་སེམས་པར། ལྷ་དེ་ནས་མི་སྣང་བར་འགྲོ་བས། སྔོན་ལ་ལྷ་ལ་ཞུ་བྱས་པས། སློབ་དཔོན་གྱིས་སེ་གོལ་གཏོགས་པ་ཞིག་བྱས་ཏེ། ལྷ་ཚོགས་རྣམས་ཏུགས་ཀར་བསྡུས་ནས། ཁྱེད་བོད་སྲིན་པོ་གདོང་དམར་བ་འདི་དམ་ཚིག་ཤིན་ཏུ་ཆུང་བར་འདུག་སྟེ། ཆོས་འཆད་པའི་འབྲེལ་བ་ཙམ་འདུག་པས། བཤད་པར་བྱ། གསུངས་ནས་མངོན་པར་བྱང་ཆུབ་པའི་རྒྱུད་དང། ངན་སོངས་སྦྱོང་རྒྱུད་སྒྲུབ་ཐམས་དང་་བཅས་པ། མན་ངག་ཨ་བ་ཏ་ར་ལ་སོགས་ལ་ཡོ་གའི་ཆོས་རྣམས་དང། གཞན་ཡང་གསང་སྔགས་ནང་གི་རྒྱུ་འཕྲུལ་གསང་བའི་སྙིང་པོ་འགྲེལ་པ་དང་བཅས་པ། མན་ངག་ལམ་རིམ། སློབ་དཔོན་ཉེད་ཀྱིས་མཛད་པའི་མན་ངག་རྡོ་རྗེ་ལམ་རིམ། ཁྲོ་བོའི་ལམ་རིམ་དང། ཞི་བ་དྲྭ་ཆེན་དྲྭ་ཆུང་དང། འབྲིང་པོ་ལ་སོགས་མན་ངག་ཕྲ་མོ་མང་པོ་དང། བསམ་གཏན་ཕྱི་མའི་རྒྱ་ཆེར་འགྲེལ་པ་དང་བཅས་པ། གསང་སྔགས་ཕྱི་ནང་གི་ཆོས་མང་དུ་བསྒྱུར་ནས་བྱུང་བ་ཡིན་ནོ། །ལང་ཆེན་པ་རྣམས་ཀྱིས་རྒྱལ་པོ་ལ་གསུངས་པ། རྒྱལ་པོས་ལོ་ཙྭ་བ་


LR16_Page_275
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་གཉག་གཞན་དུ་དམའ་གྲག་ཞེས་འཁོད། སྒྲིག་པོས། གཉིས་ལ་བཤད། དེ་ནས་མར་སྒྱུ་འཕྲུལ་གྱི་བརྒྱུད་པ་སྤྱི་མདོ་དང་མཐུན་པར་གསུངས་སོ། །གྲུབ་ཐོབ་སློབ་དཔོན་ནམ་མཁའ་སྙིང་པོའི་སྐོར། བབས་བཞི་པ་ནི། རྒྱ་གར་ན་སློབ་དཔོན་ཧཱུཾ་ཀ་ར་གསང་སྔགས་ཀྱི་མངའ་བདག་ཏུ་གྲགས་ནའང། སྤྱན་ནི་མ་འདྲོངས། རྒྱལ་པོའི་ཐུགས་དགོངས་ལ། གསང་སྔགས་རྡོ་རྗེ་ཐེག་པ། ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆོས། རྒྱ་གར་ཡུལ་དུ་གྲུབ་ཐོབ་རྣམས་ལ་ཞུ་རུ་བཏང་ལ། བོད་འདིར་ཡང་གྲུབ་ཐོབ་འགའ་མ་བྱུང་ན་ཆོས་ལ་ཡིད་མི་ཆེས། ཕྱི་རབས་ཀྱང་མི་འབྱུང་ལ། རྒྱ་གར་དུ་ཆོས་ལ་གཏུག་ཏུ་གཏོང་དགོས་སྙམ་ནས། བོད་ཀྱི་དགེ་སློང་མི་ལྔ་རྒྱ་གར་དུ་བརྫངས་ཏེ། གནུབས་ནམ་ཁའི་ཧ་རཱ་ཛ། འདྲེ་རྒྱལ་བའི་བློ་གྲོས་དང་ལྔ། ལང་གྲོ་དཀོན་མཆོག་འབྱུང་གནས་དང། དགེ་སློང་མི་ལྔ་དཔོན་དང་དྲུག་བརྫངས་ཀྱང་ཟེར་དེ། དེ་རྣམས་ཞབས་འོག་ནས་རྡེའུ་བཏོན། དབུའི་མཆོད་གནས་སུ་བསྐུར་བས། བཀའ་ལ་བཏགས་ནས། རྒྱ་གར་གྱི་ཡུལ་དུ་གསང་སྔགས་ཀྱི་ཆོས་འཚོལ་དུ་བཏང་སྟེ། གསེར་ཕྲེ་བྲེ་གསུམ་བསྐུར་ནས་བཏང་བ་དང། དགེ་སློང་མི་ལྔས་དཀའ་བ་སྲོག་དང་བསྡོས་ཏེ། རྒྱ་གར་ཡུལ་དུ་ཕྱིན་ནས་ད་ལྟ་རྒྱ་གར་ཡུལ་ན་གསང་སྔགས་ཀྱི་གྲུབ་པ་ཐོབ་པར་གྲཊ་པ་ཇི་སྐད་བྱ་བ་ཡོད་དྲིས་པས། གསེར་བྲག་བྱ་ཁྱུང་བ་ལ་སློབ་དཔོན་ཧཱུཾ་ཀ་ར་བྱ་བ་བཞུགས་ཟེར་ནས། སློབ་དཔོན་གྱི་ཐད་དུ་ཕྱིན་ནས་གཡོག་པོ་སོག་སྐྱ་


LR16_Page_276
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བ་བྱ་བ་ལ་གསེར་བརྔན་པར་བྱིན་ནས། སློབ་དཔོན་ལ་ཆོས་ཞུ་བ་ཡིན་པས། ཁྱོད་ཀྱིས་སློབ་དཔོན་དང་ངོ་སྤྲོད་དགོས་བྱས་པས། སློབ་དཔོན་བསྐོར་ཁང་རིམ་དགུའི་ནང་ན་དགོངས་པ་མཛད་ཅིང་བཞུགས་པས། མཇལ་དུ་མི་བཏུབ། ཁྱེད་རང་ནང་དུ་འཁྲིད་ཀྱིས། སློབ་དཔོན་གྱི་སྤྱན་སྔར་བཙན་ཐབས་ཀྱིས་སོང་ལ་གསེར་ཕུལ་ལ་ཆོས་ཞུས་ཤིག་གནང་སྟེར་འོང་གིས་ཟེར་བས། བོད་ཀྱི་བན་དྷེ་མི་ལྔས་ཕྱིན་ནས་ཕྱག་བཙལ་ཏེ། གསེར་ཕྱེ་བྲེ་གང་ཕུལ་ནས། སློབ་དཔོན་ཆེན་པོ་ལགས། ངེད་བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོས་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆོས་ཤིག་འཚོལ་དུ་བཏང་བས། སློབ་དཔོན་གྱིས་གནང་འཚལ། ཞུ་རྟེན་དུ་གསེར་བསྐུར་བ་འདི་ལགས། ཆོས་མ་རྙེད་ན་རྒྱལ་པོས་ངེད་རྣམས་ལ་ཆད་པ་གཅོད་དུ་འོང་བས། སློབ་དཔོན་གྱིས་ཐུགས་རྗེས་བཟུང་འཚལ། ཞེས་ཞུ་པས། སློབ་དཔོན་གྱི་ཞལ་ནས། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རིགས། ཆོས་ལ་ཐུགས་དགོངས་འཇོག་པ་ངོ་མཚར་ཆེ། ཁྱེད་རྣམས་དཀའ་བ་དང་བསྡོས་ནས་ཆོས་འཚོལ་དུ་འོང་པས་ང་དང་འཕྲད་པ་ལས་འཕྲོ་ཡོད་པ་ཡིན་པས་སྔོན་ལ་དབང་བསྐུར་དགོས་གསུངས་ནས། དབང་གསང་སྔགས་ཀྱི་རྩ་བ་ཡིན་པས། དབང་མ་བསྐུར་ན་གསང་སྔགས་བཤད་དུ་མི་རུང། སྒྲུབ་ཏུ་མི་རུང་གསུངས་ནས། ཟླ་གམ་དྲུག་ཅུ་རྩ་བརྒྱད་པའི་དཀྱིལ་འཁོར་བཞེངས་ནས་དབང་བསྐུར། ཕྲག་འཐུང་དྲུག་ཅུ་རྩ་བརྒྱད་པའི་ཞལ་བསྟན། དེ་ནས་ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་དང། ཟླ་གམ་དགུ་པ་དང། དུག་གསུམ་པང་རིམ་གསུམ་པ་དང། དལ་རིམ་པར་ཞལ་ཕྱེ་ནས་བསྟན། སྨན་གྱི་སྒྲུབ་པའི་དལ་ལ།


LR16_Page_277
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས། པདྨ་འདབ་མ་བརྒྱད་ལ་བརྟེན་ནས་སྨན་མཁའ་འགྲོ་མ་བུའི་སྒྲུབ་པ། ཙཀྲ་རྩིབས་བརྒྱད་ཕྱེ་མའི་སྒྲུབ་པ། ཟླ་གམ་དགུ་པ་དམ་རྫས་རློན་སྦྱོར་གྱི་སྒྲུབ་པ་དང། དེ་ལྟར་གསུམ་དུ་བདུད་རྩི་སྨན་གྱི་སྒྲུབ་པར་ཞལ་བསྟན། བཀྲ་ཤིས་དག་པའི་རྫས་ལ་བརྟེན་ནས་ཚེ་སྒྲུབ་པ། མཁའ་དབྱིངས་དག་པའི་ཡུམ་ལ་བརྟེན་ནས་ཚེ་སྒྲུབ་པ། གསང་བ་བྱང་ཆུབ་སེམས་ལ་བརྟེན་ནས་ཚེ་སྒྲུབ་པ་དང་གསུམ་གྱི་དལ་དུ་ཚེ་སྒྲུབས་ནས་འཆི་མེད་ཚེའི་དབང་བསྐུར། ཡེ་དག་པའི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་སྒྲུབ་པ། མཁའ་དག་པ་སྦྱོར་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པ། སྙིང་རྗེ་དག་པ་སྒྲོལ་བ་བྱང་ཆུབ་སེམས་ཀྱི་སྒྲུབ་པར་གསང་སྔགས་སྤྱོད་པས་དབང་བསྐུར། དེ་རྣམས་ལག་ལེན་དུ་བཤད་ནས། ཡང་དག་སྐོར་བྱང་ཐམས་ཅད་བརྫངས་ནས། ད་ལོ་གཅིག་ཏུ་བསྒྲུབ་ལ གྲུབ་རྟགས་ཐོན་པར་གྱིས་ལ་བོད་དུ་སོང་ཞིག་གསུངས་པས། བོད་ཀྱི་བན་དྷེ་མི་ལྔ་པོས་འགྲོ་བར་བྱས་པས། རླངས་དཔལ་གྱི་སེདྒེ་ན་རེ། སློབ་དཔོན་རྒྱ་ཆོས་བོད་དུ་འཕེལ་གྱིས་དོག་པ་ཡིན་ཉེན་ཡོད། རྒྱ་གར་བ་ཅོས་ལ་ཕྲག་དོག་ཆེ་བས། འོ་ཅག་གི་སྲོག་ལ་འབབ་ཉེན་ཡོད་བྱས་པས། གནུབས་ནམ་མཁའི་སྙིང་པོས་སྨྲས་པ། མས་བུ་ལ་དུག་ཆུ་མི་བླུད། སློབ་དཔོན་གྱིས་ལོག་པ་མི་སློབ། སློབ་དཔོན་གྱི་བཀའ་བཅག་ན་དམྱལ་བར་འགྲོ། ང་མི་འགྲོ་ཁྱེད་ཅག་འགྲོ་ན་སོང་ཞིག་བྱས་པས། མི་བཞི་པོས་འགྲོ་བར་ཆས་པ་ལ། སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་བྱིན་གྱིས་བརླབས་པ་ཞིག་རླངས་དཔལ་གྱི་སེདྒེ་ལ་བསྐུར་ནས། འདི་ཉལ་ཙ་ན་སྔས་སུ་ཐོབ་ཅིག བར་ཆད་འོང་ཉེན་ཡོད་དོ་གསུངས་པ་དང། བལ་ཡུལ་གྱི་མཚོ་འགྲམ་ཞིག་ཏུ་ཉལ་བ་དང། སེང་


LR16_Page_278
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེང་གི་ཕུར་པ་སྔས་སུ་བཏབ་སྟེ་ཁོ་གཉིད་ལོག་པས་གྲུ་གུ་ཨུ་པེ་ཤས་ཁོ་རང་གི་སྔས་སུ་བཏབ་པ་དང། སྔར་སློབ་དཔོན་གྱི་བཀའ་ལ་ཡིད་མ་ཆེས་པའི་སྐྱོན་གྱིས་མཆོ་དེ་ལ་ཀླུ་ནག་པོ་འདམ་འཛིན་བྱ་བ་ཡོད་པ་སྦྲུལ་ནག་པོ་ཆེན་པོ་གཅིག་ཏུ་བྱས་ཏེ། དཔལ་གྱི་སེདྒེའི་རྩེའུ་ཆུང་འཇིབ་ཏེ་གུམ་མོ། །དེ་ནས་དགེ་སློང་མི་གསུམ་པོས་རྗེའི་སྤྱན་སྔར་བྱོན་ཏེ། ཆོས་ཕུལ་ནས། གཉིས་པོའི་ལོ་རྒྱུས་བཤད་པས། རྒྱལ་པོ་ཡང་ཐུགས་མ་ཆེས། བློན་པོ་གདུག་པ་ཅན་རྣམས་ཀྱིས་ཆོས་ལ་ཕྲག་དོག་བྱས་ཏེ། འདྲེ་རྒྱལ་བའི་བློ་གྲོས་བྱང་ཐོ་སིང་ཧ་རཱ་ཛ་མདོ་ཁམས་སྨད་དུ་སྤྱུགས་སོ། །གནུབས་ནམ་མཁའི་སྙིང་པོ་ལ་སློབ་དཔོནགཡིས་ཡང་དག་སྒྲུབ་པ་རྩ་བ་ལྟ་བུ་ལ་འགྲེལ་ཆེན་སྒྲོན་མེ་ལྟ་བུ་མཛད་ནས་བཤད། ཡང་དག་སྒྲུབ་པ་ལུས་ཀྱི་ཁོག་པ་དང་འདྲ་བས་ན། ཁོང་པའི་སྙིང་དང་འདྲ་བའི་མེ་གཅིག་ཐོད་གཅིག་གནང་ནས། ལོ་གཅིག་གསེར་བྲག་བྱ་ཁྱུང་ལ་བསྒྲུབས་པས་དཔལ་ཆེན་པོ་ཡབ་ཡུམ་གྱི་ཞལ་མཐོང། དེ་ནས་བོད་དུ་རྫུ་འཕྲུལ་གྱིས་འོངས་པས། མངའ་བདག་གི་སྤྱན་སྔར་ཕྱིན་ནས་རྗེ་ལ་ཞུས་པ། རྗེས་བཞེད་པའི་ཆོས་དཔལ་ཡང་དག་གྲུབ་ལ་བྱ་བ་རྒྱུ་སེམས་ཅན་ལ་འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ་པ་འདི་ལྟ་བུ་མཆིས་སོ་གསུངས་ནས། ཡང་དག་གྲུབ་པ་གཅིག་པོ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣམ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་གསུངས་ནས། རང་གི་བྲང་དངུལ་དཀར་གྱི་གྲི་གུས་གཤགས་ནས།


LR16_Page_279
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་པ་ན་ཞི་བའི་ལྷ་སངས་རྒྱས་བཞི་བཅུ་རྩ་གཉིས་བཀྲ་ལམ་པ་བསྟན་པས། རྒྱལ་པོ་ཚིག་དང་དོན་གཉིས་ལྷ་གསུམ་ཀ་ལ་ངེས་ཤེས་སྐྱེས་ཏེ། ཕྱག་དབུ་ཐོད་བུད་བུད་བཙལ་ལོ། །དེ་ནས་རྒྱལ་པོ་དབུའི་མཆོད་གནས་སུ་བཟུང་ནས། འཕགས་པ་ཡང་དག་པའི་ཆོས་སྐོར་རྣམས་དང། ཀྲྀ་ཡ་ཡོ་ག་སྡེ་གསུམ་དང། མ་ཧཱ་ཡོ་གའི་རྒྱུད་དང་ཕྱག་བཞེས་དང། གཞན་ཡང་ལུང་གི་ཧེ་རུ་ཀ་གལ་པོ་ལ་སོགས་པའི་རྒྱུད་དང་ཕྱག་བཞེས་མང་དུ་བསྐྱུར། ཁྱད་པར་དཔལ་ཡང་དག་ཟླ་གམ་དྲུག་ཅུ་རྩ་བརྒྱད་པ་དང། ཟླ་གམ་ལྔ་བཅུ་རྩ་བརྒྱད་པ་དང། ཟླ་གམ་དགུ་པ་དང། ཟླ་གམ་གཅིག་པ་དང། དུག་གསུམ་ངང་རིམ་གསུམ་པ་ལ་སོཊ་པ་རྣམས་རྒྱུད་སྒྲུབ་ཐབས་ཕྱག་བཞེས་ལ་སོཊ་པ་རྣམ་གསུངས་ཤིང་གསན་པས། བློན་པོ་རྣམས་ཀྱིས་ཕྲག་དོག་བྱས་ནས་རྒྱལ་པོས་འབངས་ལ་སློབ་དཔོན་བྱ་བར་མི་རིཊ་པས། འདི་རྒྱལ་ཁྲིམས་ལ་གནོད་པས། འདུག་ས་གཅིག་ཏུ་མི་འཇོག་གོ་ཟེར་ནས་ལྷོ་བྲག་མཁར་ཆུར་སྤྱུགས་སོ། །ལྕགས་ཕུར་ཅན་དུ་སྒྲུབ་ཏེ། གྲུབ་རྟགས་མར་མེ་རང་འབར་བ་དང། བྲག་ལ་སྐུ་རྒྱབ་གཏད་པའི་ཤུལ་དང། ཕུར་བ་བཏབ་པ་དང། ཉི་ཟེར་ལ་ཞོན་ནས་གཤེགས་པ་བྱུང་གོ །དེ་ནས་དུས་ལན་གཅིག་གི་ཚེ་ན་རྒྱལ་པོ་བསྙུང་ནས། སྐུའི་རིམ་གྲོ་ཅི་བྱས་ཀྱང་མ་ཕན་པར་ལྟོ་དང་རྩིས་དང་མོ་ལ་སོགས་པ་བཏབ་པས་གཞན་ཅིས་ཀྱང་མི་ཕན། དགེ་སློང་ནམ་མཁའ་སྙིང་པོ་སྤྱན་དྲངས་ན་ཕན་ཟེར་ནས། བང་ཆེན་པ་མི་གཉིས་བཏང་བ་དང། ཁྱེད་རང་སྔོན་ལ་སོང་ཤིག་ང་འོང་གི་གསུངས་པ་དང། བང་ཆེན་པས་མ་སླེབས་པར་སློབ་དཔོན་རྒྱལ་པོའི་སྤྱན་སྔར་ཉི་མ་དྲོས་པ་དང་བྱོན་ནོ། །དེར་རྒྱལ་པོས་སྐུའི་རིམ་གྲོའི་ཡོ་བྱད་ཅི་འཚལ་


LR16_Page_280
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་དང། གཞན་ཅི་ཡག་མི་འཚལ། ད་རྒྱལ་པོ་ཉིད་རང་བཞེས་པ་ཅི་ཙལ་འཚལ་བ་ཞིག་ཞལ་སྐྱེམས་དང་ཆོས་ལ་དྲོངས་ཤིག་གསུངས་ནས། དེ་ཁ་ཟས་ཚོགས་མཛད་ནས་བཞེས་པས་སུམ་ཆ་གཅིག་ཙམ་ཞིག་གསོལ་ཚར་ཙམ་ན། འབངས་ནང་པ་གཅིག་གིས་སྙུན་གསོལ་བས། བདག་ལ་ནི་བུད་མེད་དཀར་མོ་གཅིག་བྱུང་ནས་ཐལ་ལྕག་ཅིག་བརྒྱབ་པ་སྙམ་བགྱིའོ། །ཨེན་ཙམ་པ་ཞིག་བདེའོ་གསུངས་ཏེ། རྒྱལ་པོས་སློབ་དཔོན་སྤྱུགས་པའི་སྐུའི་དམ་ཚིག་ཉམས་པ་བསྐངས་སོ། །བཞེས་པ་སུམ་ཆ་གཉིས་ཙམ་ཞིག་གསོལ་ཚར་ཙམ་ན། འབངས་ནང་པ་གཅིག་གིས་སྙུན་གསོལ་བས། བདག་ལ་བདུད་མེད་ནག་མོ་ཟིག་གིས་ཐལ་ལྕག་ཅིག་རྒྱབ་པ་སྙམ་བྱེད། ད་ཅི་བས་ཆེས་བདེའོ་གསུངས། གསུང་གི་དམ་ཚིག་ཉམས་པ་བསྐངས་སོ། །དེ་ནས་བཞེས་པ་ཀུན་གསོལ་ཚར་ཙམ་ན། ཡང་འབངས་ནང་པ་གཅིག་གིས་སྙུན་གསོལ་བས། བདག་ལ་བུད་མེད་སྨུག་མོ་ཞིག་བྱུང་ནས་ཐལ་ལྕག་གཅིག་རྒྱབ་པ་སྙམ་བགྱིད། ད་ནི་མི་བདེ་བ་ཅི་ཡང་མེད་དོ་གསུངས་སོ། །རྒྱལ་པོས་ཐུགས་ཀྱི་དམ་ཚིག་ཉམས་པ་བསྐངས་སོ། །དེ་ནས་བློན་པོ་ཀུན་ན་རེ། འདི་རྒྱལ་པོ་དང་ནམ་མཁའ་སྙིང་པོ་གཉིས་ཕྲད་འདོད་པའི་རྒྱུ་ཡིན་ནོ་ཟེར་ནས། ཉི་མ་རྒས་ལ་ཁད་ཙམ་ན་བན་དྷེས་རྗེའི་དབུ་སྐྲ་བསིལ་ཞིག་ཉི་མ་རྒས་པ་ལ་རྗེའི་དབུ་སྐྲ་བསིལ་མ་ཟིན་ན་སྐྱོན་འབེབས་སོ་ཟེར་བ་དང་ནམ་མཁའི་སྙིང་པོས་ཉི་གྲིབ་མཚམས་སུ་སེང་ལྡེང་གི་ཕུར་པ་ཞིག་བཏབ་ནས། ཉི་མ་ཕྱེད་སྐད་ཙམ་ཞིག་རྟོད་ལ་མནན་པ་དང། ད་ཕྱུགས་ལུག་རྣམས་ཚུད་ཅིག་གསུངས་པ་དང། ཉི་གྲིབ་མཚམས་ཀྱི་ཕུར་པ་བཏོན་པས། ཉི་མ་དམར་ཧྲིལ་སོང་སྟེ། ནམ་ཁྱེད་ཙམ་དུ་སོང་ངོ༌། །ཡང་བློན་


LR16_Page_281
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་གྲོས་བྱས་ཏེ། བན་དྷེ་རྫུ་འཕྲུལ་ཅན་འདིས། འོ་ཅག་ལ་མཐུ་བྱེད་དུ་འོང་བས་བསད་དགོས་ཟེར་ནས། རྒྱལ་པོ་དང་སྐུ་འཆག་དུ་འོང་སར་སྐུངས་བྱས་པ་དང། སློབ་དཔོན་ནམ་མཁའི་སྙིང་པོས་ཐོགས་ཕབ་སྟེ། ཧཱུཾ་ཧཱུཾ་ཞེས་དྲག་པོ་བརྗོད་ནས་ཐོག་སྡིགས་མཛུབ་ཀྱི་རྩེ་ལ་བསྐོར་བས། ལ་ལ་རེངས། ལ་ལ་བརྒྱལ། རྗེ་ལྷ་ཅིག་སྐུ་མ་བསྙེལ་ལམ་གསུངས་པས། འཇིཊ་དང་ཆེས་འཇིགས། གནམ་ལྕགས་ཐོག་གི་སྒྲ་བས་ཀྱག་བན་དྷེའི་ཧཱུཾ་སྒྲ་དེ་འཇིགས། བློན་པོ་ནག་པོ་དེ་ཀུན་ལ་དེ་ལན་རེ་འཇོམས་གསུངས་སོ། །སློབ་དཔོན་ནམ་མཁའི་སྙིང་པོ་ནམ་མཁའ་ལ་འཕུར་ནས་ལྷོ་བྲག་མཁར་ཆུར་བཞུད་དོ། །གཞུག་ཕུང་པོ་ལྷག་མེད་དུ་གཤེགས་སོ། །བཻ་རོ་ཙ་ནས་རྒྱ་གར་ཡུལ་དུ་ཆོས་ཞུས་ཚུལ་དང། བོད་དུ་ཕེབས་རྗེས་རྒྱལ་བློན་རྣམས་དང། ལྷག་པར་རྒྱལ་པོ་ཚ་བའི་རོང་དུ་སྤྱུགས་རྗེས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་མན་ངག་གི་ཆོས་གསུང་ཚུལ། བབས་ལྔ་པ་ནི། དེ་ལྟར་གྱི་རྒྱུ་འབྲས་ཀྱི་ཆོས་མང་དུ་བསྒྱུར་ཞིང་ཤིན་ཏུ་དར་བར་གྱུར་ཀྱང། རྒྱུ་འབྲས་ལས་འདའ་བར་བྱེད་པ་རྫོགས་པ་ཆེན་པོའི་ཆོས་མ་བསྒྱུར་བར་ཡོད་པ་ལ་རྒྱལ་པོ་ཉིད་ལ་སློབ་དཔོན་པདྨས་ལུང་བསྟན་པའམ་མནལ་ལམ་དུ་དཔལ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རྒྱུ་འབྲས་ལས་འདའ་བ་རྟོགས་གྲོལ་དུས་གཅིག་ལ་འོང་བའི་ཆོས། བཀའ་རྫོགས་པ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་པས། བོད་ཀྱི་དགེ་སློང་མི་གཉིས་འཚོལ་དུ་ཐོངས་ཤིག་གསུངས་པའི་ལུང་བསྟན་ལ་


LR16_Page_282
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ཤིང་དཔྱད་པས། རྒྱ་གར་ན་རྒྱུ་འབྲས་ལས་འདའ་བའི་ཆོས་ཡོད་པར་མཁྱེན་ཅིང། སྔར་གྱི་རྒྱུ་འབྲས་ཀྱི་ཆོས་ཀྱིས་ཐུགས་མ་ཁེངས་ནས། རྒྱ་གར་ན་རྒྱུ་འབྲས་ལས་འདའ་བར་བྱེད་པའི་ཆོས་རྫོགས་པ་ཅེན་པོ་བྱ་བ་ཡོད་ངེས་པར་འདུག་པས། དེ་འཚོལ་དུ་གཏང་དགོས་སྙམ་དུ་དགོངས་ནས་རྩད་གཅད་པས། སྟོན་པ་དགའ་རབ་རྡོ་རྗེའི་སློབ་མ་འཇམ་དཔལ་བཤེས་གཉེན་དང། ཤྲཱི་སིང་ཧཱ་དཔལ་སེང་གེ་བྱ་བ་ཨ་ཏི་ལ་མཁས་པ་ཡོད་པར་གྲགས་ནས་པ་གོར་བཻ་རོ་ཙ་ན་སྣམ་པར་སྣང་མཛད་དང་རྩངས་ལེགས་གྲུབ་གཉིས་ལ་གསེར་ཕྱེ་བ་མེན་གྱི་རཱ་དོ། །གསེར་གྱི་པ་ཏྲ་མཛུབ་གང་པ་བརྒྱད། དངུལ་གྱི་བྱའོ་མཛའ་ཚད་མ་གཅིག །རྟ་མཚའ་ལུ་བྱ་གདོང་རྣམས་བསྐུར་ནས། དཀའ་བ་བཅུག་དྲུག་སྤྱད་དེ་རྒྱ་གར་ཡུལ་དུ་ཕྱིན་པས། ཐོག་མར་དྷ་ཧེ་ནའི་འདུ་ཁང་བར་མ་ན། མཁན་པོ་ཤྲཱི་སེང་ཧཱ་བཞུགས་པ་དང་མཇལ་ཏེ། ཕྱག་དང་སྐོར་བ་བྱས། གསེར་སྲང་སྟོང་ཕུལ་ནས། རྗེ་ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་རྣམས་བརྗོད། ཆོས་གསུངས་བར་ཞུ་ཞུས་པས། འཆད་པར་ཞལ་གྱིས་བཞིས་ཏེ། མཁན་པོའི་ཞལ་ནས། ཁྱེད་གཉིས་ཀྱིས་སྔོན་ལ་པཎྜི་ཏ་ལྔ་བརྒྱ་པོ་གཞན་ལའང་རྒྱུ་འབྲས་ཀྱི་ཆོས་རྫོགས་པར་ཉོན་ཅིག་པཎྜི་ཏ་ཕྱི་མ་རྣམས་ལའང་གསེར་ཕྱེ་དུམ་རེ་ཕུལ་ལ་གསང་སྔཊ་འབྲས་བུའི་ཆོས་ཉོན་ཅིག་དེ་ནས་མ་ཚོར་བར་ནམ་གྱི་གུང་ལ་རྩོལ་མེད་རྫོགས་པ་ཆེན་པོའི་ཆོས་བཤད་ཀྱིས་གསུངས་སོ། །དེ་ནས་ཨུ་རྒྱན་གྱི་སློབ་དཔོན་དྷ་ན་མཾ་སྐྲཾ་ཏ་དང་རྒྱ་ཤར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་ལ་སོགས་པ་པཎྜི་ཏ་ལྔ་བརྒྱ་པོ་རྣམས་ལ་དང་པོ་རྒྱུ་མཚན་ཉིད་ཀྱི་ཆོས་ཐམས་ཅད་རྫོགས་པར་ཞུས། །དེ་ནས་སྔགས་ཕྱིའི་ཆོས་རྣམས་


LR16_Page_283
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྫོགས་པར་གསན། དེ་ནས་པཎྜི་ཏ་ཕྱི་མ་བདུན་ལ་ཕྱི་ནང་གསང་གསུམ་གྱི་དབང་རྫོགས་པར་ཞུས་ནས། གསང་སྔགས་ནང་གི་ཆོས་མང་དུ་གསན་ནོ། །དེ་ནས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང། འཇམ་དཔལ་བཤེས་གཉེན་གཉིས་དང་ཞལ་མཇལ་ནས། གསེར་ཕྱེ་དང་པ་ཏྲའི་ཕུལ་ནས་ཕྱག་བཙལ་སྐོར་བ་བྱས་ཞབས་སྤྱི་བོར་བླངས་ཏེ། མན་ངག་གི་ཆོས་ཞུས་པས། དབང་བསྐུར་བྱིན་གྱིས་བརླབས། མན་ངག་གི་ཆོས་རྣམས་རྫོགས་པར་གནང་བ་བྱིན་ཏེ། སློབ་དཔོན་ཤྲཱི་སིང་ཧཱ་ལ་ཉོན་ཅིག་པར་ལུང་བསྟན་ནོ། །དེ་ནས་སློབ་དཔོན་ཤྲཱི་སིང་ཧཱའི་དྲུང་དུ་ཕྱིན་ཏེ། མན་ངག་གི་ཆོས་ཞུས་པས། དབང་བསྐུར་བྱིན་གྱིས་བརླབས། མན་ངག་གི་ཆོས་རྣམས་རྫོགས་པར་གནང་བ་བྱིན་ཏེ། ཐོག་མར་རྒྱུད་ཉིས་ཤུ་རྩ་ལྔ་བཤད་དེ། དང་པོ་སེམས་ཀྱི་དོན་རྩ་ལག་རྒྱས་པར་བསྟན་པའི་ཕྱིར། ནམ་མཁའ་ཆེ་རྒྱས་པའི་རྒྱུད་བཤད། སེམས་ཀྱི་དོན་རྟོགས་པ་དཀའ་བ་དེ་ཉམས་སུ་བླང་བའི་ཕྱིར། ནམ་མཁའ་ཆེ་རྒྱས་པ་ཕྱི་མའི་རྒྱུད་བཤད། སེམས་ཀྱི་དོན་རྣམ་པར་གྲོལ་བ་བསྟན་པའི་ཕྱིར། ནམ་མཁའ་ཆེ་གྲོལ་བའི་རྒྱུད་བཤད། སེམས་ཀྱི་དོན་མི་འགྱུར་བ་བསྟན་པའི་ཕྱིར། ཡང་ཏིག་རྒྱལ་པོའི་རྒྱུད་བཤད། སེམས་ཀྱི་དོན་ཐིག་ལེའི་ཀློང་དུ་འདུས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་ཐིག་ལེའི་ཀློང་དུ་འདུས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྒྱུད་བཤད། སེམས་ཀྱི་དོན་རང་བྱུང་གི་ཡེ་ཤེས་སུ་བསྟན་པའི་ཕྱིར། གསང་བ་རྒྱལ་པོའི་རྒྱུད་བཤད། སེམས་ཀྱི་དོན་རང་གི་རིག་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཤེས་རབ་ཡེ་ཤེས་ཐིག་ལོའི་རྒྱུད་བཤད། སེམས་ཀྱི་དོན་


LR16_Page_284
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོའི་ཀློང་དུ་ཐམ་ཅད་གཅིག་པར་བྱ་བའི་ཕྱིར། དབྱིངས་རྣམ་པར་དག་པའི་རྒྱུད་བཤད། སེམས་ཀྱི་དོན་མཆོད་ཏུ་བསྟན་པའི་ཕྱིར། མན་ངག་སྙིང་པོའི་རྒྱུད་བཤད། སེམས་ཀྱི་དོན་མཆོག་ཏུ་གྱུར་པ་དེ་ཉིད་ཡིད་ཆེས་པར་བསྟན་པའི་ཕྱིར། སྙིང་པོ་བྱི་ཏའི་རྒྱུད་བཤད། སེམས་ཀྱི་དོན་རྩ་བ་མ་ནོར་བར་བསྟན་པའི་ཕྱིར། ནམ་མཁའ་ཆེ་ཅན་གྱི་རྒྱུད་བཤད། སེམས་ཀྱི་དོན་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ཕྱིར། ཉག་གཅིག་དགོངས་པའི་རྒྱུད་བཤད། སེམས་ཀྱི་དོན་མ་ནོར་རྣལ་དུ་གཞུག་པའི་ཕྱིར། བསམ་གཏན་གཅིག་བུའི་རྒྱུད་བཤད། སེམས་ཀྱི་དོན་རིམ་པས་བརྒྱུད་ནས་བསྟ་པའི་ཕྱིར། བསམ་གཏན་བརྒྱུད་པའི་མདོ་བཤད། སེམས་ཀྱི་དོན་གཞུང་ཀུན་ནས་བསྡུ་དགོས་པར་བསྟ་པའི་ཕྱིར། སྒོ་མངས་ཀྱི་མདོ་བཤད། སེམས་ཀྱི་དོན་དབང་གི་རིམ་པ་བཞིན་དུ་བསྟན་པའི་ཕྱིར། ནམ་མཁའ་ཆེ་དབང་གི་གལ་པོའི་རྒྱུད་བཤད། སེམས་ཀྱི་དོན་བརྗོད་པའི་ཚིག་དང་བྲལ་བར་བསྟན་པའི་ཕྱིར། ནམ་མཁའ་ཆེ་ཡི་གེ་མེད་པའི་རྒྱུད་བཤད། སེམས་ཀྱི་དོན་དངོས་པོ་ཐམས་ཅད་ཇི་ལྟར་འབྱུང་བར་བསྟན་པའི་ཕྱིར། རིན་ཆེན་འབར་བའི་རྒྱུད་བཤད། སེམས་ཀྱི་དོན་དངོས་པོ་ཐམས་ཅད་འོད་གསལ་བར་བསྟན་པའི་ཕྱིར། རིན་ཆེན་སྒྲོན་མེའི་རྒྱུད་བཤད། སེམས་ཀྱི་དོན་དགོངས་པ་ཐམས་ཅད་རང་ལས་བྱུང་བ་བསྟན་པའི་ཕྱིར། རིན་ཆེན་འཕྲེང་བའི་རྒྱུད་བཤད། སེམས་ཀྱི་དོན་ཁམས་གསུམ་གྱི་ངང་དུ་གསལ་བར་བསྟན་པའི་ཕྱིར། ཁམས་གསུམ་སྒྲོལ་མའི་རྒྱུད་བཤད། སེམས་ཀྱི་དོན་ངེས་པ་ཡང་དག་པའི་དོན་བསྟན་པའི་ཕྱིར། ངེས་པ་སྙིང་པོའི་རྒྱུད་བཤད།


LR16_Page_285
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་དོན་མི་འགྱུར་བར་བསྟན་པའི་ཕྱིར། རྡོ་རྗེ་གསང་བའི་རྒྱུད་བཤད། སེམས་ཀྱི་དོན་སངས་རྒྱས་ད་ལྟ་ནས་ཡིན་པར་བསྟན་པའི་ཕྱིར། ཡེ་བསངས་རྒྱས་པའི་རྒྱུད་ཤད་དོ། །དེ་ནས་ལུང་ཆེན་པོ་བཅོ་བརྒྱད་བཤད་དེ། བྱང་ཆུབ་སེམས་ལས་ཐམས་ཅད་བྱུང་བའི་ཕྱིར། རིག་པའི་ཁུ་བྱུག་བཤད། རྩོལ་སྒྲུབ་ཐམས་ཅད་ཟིལ་གྱིས་གནོན་པ་ལ་རྩལ་ཆེན་བཤད། སེམས་ཀྱི་དོན་ཆོས་ཉིད་ཀྱི་དབྱིངས་སུ་རྫོགས་པས། བྱང་སེམས་སྒོམ་པའི་དོན་རྡོ་ལ་གསེར་ཞུན་བཤད། སྒོམ་པའི་དོན་མཐར་ཕྱིན་པ་མི་ནུབ་ལ་རྒྱལ་མཚན་ནམ་མཁའ་ཆེ་བཤད། སེམས་སྟོང་པ་ཉིད་དུ་ལ་ལས་ཟླ་བའི་ཕྱིར། རྨད་དུ་བྱུང་བ་བཤད། སེམས་ཉིད་སྐྱེ་འཆི་མེད་པར་སྲིད་གསུམ་འཁོར་བར་བསྐོར་བའི་ཕྱིར། སྲོག་གི་འཁོར་ལོ་བཤད། སེམས་ཉིད་ལ་འདོད་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བསྟན་པའི་ཕྱིར། ཡིད་བཞིན་ནོར་བུ་བཤད། སེམས་ཀྱི་ངང་དུ་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་མཉམ་པའི་ངང་དུ་བསྟན་པའི་ཕྱིར། ཀུན་འདུས་བཤད། སེམས་ལ་ཐེག་པ་ཐམས་ཅད་རྫོགས་ཤིང་བྱུང་བ་ཐམས་ཅད་ཀུན་ལས་རྒྱལ་པའི་ཕྱིར། ནམ་མཁའ་ཆེ་རྒྱལ་པོ་བཤད། སེམས་ཉིད་ཀུན་ཏུ་བཟང་པོའི་ངང་ལ་བཞག་པ་ཀུན་གྱི་མཆོག་གམ། རྩེ་མོར་བསྟན་པའི་ཕྱིར། རྩེ་མོ་བྱུང་རྒྱལ་བཤད། སེམས་ཀྱི་རང་བཞིན་དོན་དམ་པའི་ངང་ལས་སྤྲོས་དང་བྲལ་ཞིང་བདེ་བའི་ངང་ལ་གནས་པའི་ཕྱིར། བདེ་འཇམ་བཤད། སེམས་ལ་ཉོན་མོངས་པའི་སྐྱོན་གྱིས་མི་གོས་ཤིང། ཡོན་ཏན་གྱི་སྤྲས་པའི་ཕྱིར། རྫོགས་པ་ཆེན་པོ་སྤྱི་བཅིངས་བཤད་དོ། །


LR16_Page_286
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྩ་བའི་རྒྱུད་བཅོ་བརྒྱད། ཡན་ལག་གི་རྒྱུད་དང་བཅས་པ། དབང་དང་གདམས་ངག་ངོ་སྤྲོད་དང་བཅས་པ་བཤད་ནས་ཚིམ་མམ་བྱས་པས། ལེགས་གྲུབ་ཚིམ་མོ་ཟེར་ནས། རྒྱལ་པོ་ལ་ངོ་སོ་འདོད་ནས་སྔོན་ལ་སོང་བས། ལམ་དུ་ལོ་བཞི་བཅུ་ཞིག་ལ་གཅན་འཕྲང་བས་བཀྲོངས་སོ། །བཻ་རོ་ཙ་ནས་མ་ཚིམ་ཞུས་པས། དེར་སློབ་དཔོན་གྱིས་མན་ངག་རྒྱ་མཚོའི་ཀློང་བཤད་ནས། དེས་ཚིམ་མམ་གསུངས་པས། མ་ཚིམ་ཞུས་པས། ཡང་ཀློང་སྡེའི་སྐོར་ལ་ཕྱི་རྩིས་རྒྱའི་སྐོར་དང། ནང་གསང་རྒྱའི་སྐོར་དང། གསང་བ་རྒྱའུ་ཆུང་གི་སྐོར་དང། དགོངས་པ་གཏད་བརྒྱའི་སྐོར་དང། རྒྱུད་དང། དབང་དང། གདམས་ངག་དང་བཅས་པ་གནང་ནས་ཚིམ་མམ་བྱས། ཡང་མ་ཚིམ་ཟེར་རོ། །ཡང་རྒྱུད་སྡེའི་སྐོར་ལ་སོགས་པའི་རྒྱུད་དང། གདམས་ངག་མང་དུ་གསུངས་ནས་ཚིམ་མམ་བྱས་པས་ཀྱང་མ་ཚིམ་ཟེར་རོ། །ཡང་ཀེའུ་ཚང་གི་སྐོར་དང། གབ་པའི་སྐོར་ལ་སོགས་པ་རྒྱུད་དང་མན་ངག་ཟབ་ལ་རྒྱ་ཆེ་བ་མང་དུ་གསུངས་ནས་ཚིམ་མམ་བྱས་པས་ཀྱང་མ་ཚིམ་ཟེར་རོ། །ཡང་ཤན་འབྱེད་པ་བྲམ་ཟེའི་སྐོར་ལ་ཟློ་བ་རྒྱལ་པོའི་སྐོར། རྒྱུད་དང་མན་ངག་ཏུ་བཅས་པ་མང་དུ་གསུངས་ནས་ཚིམ་མམ་དུ་ད་ལྟ་པས་དེ་རྣམས་ཀྱི་དོན་རྩོལ་བ་མི་དགོས་པར་རང་གྲོལ་མངོན་སུམ་དུ་ལྟ་ཉིད་དུ་མཐོང་བ་ཞིག་ཞུ་དགོས་ཞེས་གསོལ་ནས། གསེར་ཕྱེ་བྲེ་གང་དང། སླར་གསེར་གྱི་པ་ཏྲ་བདུན་ཕུལ་ནས་ཕྱག་དང་སྐོར་བ་མང་དུ་མཛད་དེ། ཞུས་པས། སློབ་དཔོན་ཤིན་ཏུ་དགྱེས་ཏེ་ཞལ་འཛུམ་པ་མཛད་ནས། དྷ་ཧེ་ནའི་འདུ་ཁང་དང་པོར། གསལ་བྱེད་རིམ་པོ་ཆེ་འབར་བ་ལ་བརྟེན་ནས།


LR16_Page_287
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར་ནས། མན་ངག་འཕྲུལ་གྱི་ལུང་བཅུ་ཕོག །ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས་སྐུ་གསུངས་ཐུཊ་ཕྲད་ཀྱི་མན་ངག་བྱིན། ཐིག་ལེ་ཆེན་པོའི་དབང་བསྐུར་ནས། སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། མི་འགྱུར་བསྟན་པའི་དབང་བསྐུར་ནས། སྤྱོད་ལམ་རིག་པའི་མན་ངག་བྱིན། རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས། ཡེ་ཤེས་ངོས་ཛིན་གྱི་མན་ངག་བྱིན། གཉིས་མེད་འདྲེས་པའི་དབང་བསྐུར་ནས། ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། རྡོ་རྗེ་ལུང་གི་དབང་བསྐུར་ནས། རྒྱལ་མཚན་སྒོམ་པའི་མན་ངག་བྱིན། དེ་ལྟར་དབང་བདུན་ཡོངས་སུ་རྫོགས་པར་བསྐུར་ནས་ཐུགས་ཕྲད་གསུམ་གྱིས་རང་གྲོལ་མངོན་སུམ་དུ་ངོ་སྤྲད། མངོན་སུམ་གཉིས་ཀྱིས་ཚད་ལ་ཕབ། ཐིག་ལེ་དྲུག་གིས་རྣམ་རྟོག་སྤྲོས་པ་བཅད། ཆེ་བ་ལྔའི་དགོངས་པ་ཁྱད་པར་འཕགས་ཏེ། རྩོལ་བ་མེད་པར་ཡེ་ནས་སངས་རྒྱས་པའི་དོན་ཉིད་མངོན་དུ་གྱུར་ཏོ། །དེ་ནས་གནས་ལུཊ་གཙོ་བོར་སྟོན་པའི་ཡེ་ཤེས་དོན་ཉིད་མངོན་དུ་གྱུར་ཏོ། །དེ་ནས་གནས་ལུཊ་གཙོ་བོར་སྟོན་པའི་ཡེ་ཤེས་རྫོགས་པ་ལ་སོགས་པ། རྩ་བའི་རྒྱུད་ལྔ་དང། ཀུན་འདུས་རིན་པོ་ཆེ་འོད་ཀྱི་རྒྱུད་དང། ཀློང་དགུའི་རྒྱུད་ལ་སོགས་པ་ཡན་ལག་གི་རྒྱུད་ཉིས་ཤུ་རྩ་ལྔ་སྟེ་སུམ་ཅུ་ཐམ་པ། ཀློང་དགུ་ལ་སོགས་པ་སྤྲུལ་སྐུ་དགའ་རབ་གྱི་རྒྱལ་བ་བཀའི་ཕྲན་བུ་བཅོ་བརྒྱད། རིག་འཛིན་གྱི་གཉེར་ཡིག་བཞི། ཀུ་ཀུ་རཱ་ཛའི་ཉི་མའི་སྙིང་པོ་འོད་དང་ལྡན་པ་ཤྲཱེ་སིང་ཧཱ་ཉིད་ཀྱི་རྒྱན་འཕྲེང་འོད་གསུམ་དང། བསམ་གཏན་ཉམས་ཀྱི་སྒྲོན་མ། བསྟན་སྲུང་དུར་ཁྲོད་ཀྱི་མ་མོ་སྤུན་གསུམ་གྱི་སྒྲུབ་ཐབས་དང་བཅས་པ་གནང་ནས། སློབ་དཔོན་གྱི་ཞལ་ནས། ད་ནི་ཆོས་རྫོགས་


LR16_Page_288
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་ཡིན་པས། རྒྱ་གར་པ་ཆོས་ལ་ཕྲག་དོག་ཆེ་བས། ལམ་དུ་སྲོག་གི་བར་ཆད་འབྱུང་ཉེན་ཡོད་པས། རྐང་མགྱོགས་ལོ་གཅིག་ཏུ་བསྒྲུབ་པ་ལ་སོང་ཞིག་གསུང་ནས། མཚན་ཡང་དཔའ་བོ་བཻ་རོ་ཙ་ནར་བཏགས། དེ་ནས་ཀ་ཤ་ལྕགས་ཀྱི་གདོང་པ་ཅན་བྱ་བར་རེ་མ་ཏིའི་རྐང་མགྱོགས་ལོ་གཅིག་ཏུ་བསྒྲུབས་པས་གྲུབ་སྟེ། གཅན་འཕྲང་གི་དཔོན་ཀུ་མ་ར་དང་གྲོགས་པོ་བྱས། གསེར་ཕྱེ་བྱིན་ནས་མནའ་འམ་ཐོ་བཅས་སོ། །ཆོས་ཐམས་ཅད་རྒྱ་དཔེ་ཏཱ་ལའི་ལོ་མ་ལ་བྲིས་ནས་ཁུར་ཏེ། རྐང་མགྱོགས་ཀྱི་གྲོགས་པསོ་གཅན་འཕྲང་དང་པོ་བསྒྲལ་ཏེ་བཏང་ངོ༌། །དེ་དུས་རྒྱ་གར་གྱི་པཎྜི་ཏ་ཐམས་ཅད་ཀྱི་རྨི་ལམ་ན། རྒྱ་གར་གྱི་ཉི་མ་བན་དྷེ་ཞིག་གིས་བོད་དུ་ཁུར་ནས་ནུབ་པ་རྨིས་ཏེ། རྐང་མགྱོགས་སྦྲན་པ་དང། གཅན་འཕྲང་གི་དཔོན་པོས་བོད་ཀྱི་བན་དྷེ་འདྲ་བ་མ་མཐོང༌། མཐའི་མོན་བུ་སྤྱི་ཟླུམ་ཞིག་སོང་སྟེ། དེ་ཡིན་ན་ད་ཙམ་བོད་ཡུལ་དུ་སླེབས་བྱས་པ་དང། རྐང་མགྱོགས་པ་རྣམས་ལོག་གོ །དེ་ནས་བཻ་རོ་ཙ་ནས་རྗེའི་ཐད་དུ་བྱོན་ནས། རྗེའི་བཞེད་པའི་ཆོས་རྣམས་ལོན་ནས་བདོག་རྒྱ་གར་བ་ནི་ཆོས་ལ་ཕྲག་དོག་ཆེ་ལ། བོད་ཀྱི་བློན་པོ་ནི་ཆོས་ལ་གནས། རྒྱལ་པོ་ནི་སྙ་ཁུང་སྲབ་པས་སྙན་ཕྲ་འབྱུང་སྲིད་པས་མི་གསན་པར་ཞུའོ། །ཞེས་སྤྲིངས་སོ། །བཻ་རོ་ཙ་ནས་རྐང་མགྱོགས་འགྲུབ་པས་ཞག་བདུན་གྱིས་བོད་དུ་བརྟོལ་བ་དང། དེར་རྒྱལ་པོས་སློབ་དཔོན་བཻ་རོ་ཙ་ན་ལ་ཕྱག་བཙལ་ཞབས་སྤྱི་བོར་བླངས་ནས། སྤྱིར་དམ་པའི་ཆོས་རྣམས་དང། ཁྱར་པར་དུ་མན་ངག་ཨ་ཏིའི་ཆོས་རྣམས་རྗེ་བཻ་རོ་


LR16_Page_289
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ལ་ཡོད་པར་ཡིད་ཆེས་ནས་རྒྱན་བློན་ཐམས་ཅད་ཀྱིས་ཕྱག་གྱང་འགྱེལ་བ་བཞིན་དུ་མཛད། མཚན་ཡང་མན་ངག་གི་བདག་པོ་དཔའ་བོ་ལྷ་རྗེ་ཞེས་བྱ་བར་བཏགས་སོ། །དེར་འབངས་བློན་ཀུན་གྱི་མཆིད་ནས། འོ་ཅག་གི་ལྷ་ཁྲི་སྲོང་ལྡེ་བཙན་ལ་རྗེ་འདུག་གོ་ཟེར་ནས། མཚན་ཡང་ལྷ་རྗེ་ཞེས་བྱ་བར་ཆགས་སོ། །དེ་ནས་དཀོན་མཆོག་གསུམ་བླའི་མཆོད་གནས་སུ་ཁུར་ཏེ། རྗེ་རྒྱལ་པོ་བས་ཀྱང་དགེ་འདུན་གཉན་པར་དབུའི་མཆོད་གནས་སུ་ཁུར་རོ། །དེ་ནས་སློབ་དཔོན་བཻ་རོ་ཙ་ནས་ཉིན་པར་རྗེ་བློན་ལ་སོགས་པ་རྣམས་ལ་རྒྱུ་འབྲས་ཀྱི་ཆོས་བསྒྱུར། ནམ་གྱི་གུང་ལ་རྗེ་ཉིད་ལ་མན་ངག་གི་ཆོས་བསྒྱུར། དེ་ཡང་དང་པོ་འདུལ་བ་ལུང་སྡེ་བཞིའི་བསྟན་བཅོས་དང་བཅས་པ་བསྒྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཁྲག་བརྒྱ་པ་ལས། བྱམས་པས་ཞུས་པ་དང། རྟག་ཏུ་དུ་བམ་པོ་དགུས་མ་ལོངས་པར་བསྒྱུར། སངས་རྒྱས་ཕལ་པོ་ཆེ་ལ་བམ་པོ་བརྒྱ་དང་བརྒྱད་བསྒྱུར། མྱ་ངན་ལས་འདས་པ་བམ་པོ་ཉིས་བརྒྱ་ལྔ་བཅུ་ལས། བམ་པོ་ཉིས་བརྒྱ་མ་བསྒྱུར་ལྔ་བཅུ་བསྒྱུར། མདོ་སྡེ་ལང་ཀར་གཤེགས་པ་ལས་བམ་པོ་བཅོ་ལྔ་བསྒྱུར། དེ་ལྟར་རྒྱུ་འབྲས་ཀྱི་ཐེག་པ་བཀའ་དང་བསྟན་བཅོས་ལ་སོགས་པ་བསྒྱུར་ཞིང་བཞུགས། ལུང་གི་ཆོས་གཤིན་རྗེ་གཤེད་ཀྱི་རྒྱུད་རྣམས་ནས། རིན་པོ་ཆེ་འོད་ཀྱི་རྒྱུ་དང། དབང་བསྐུར་རྒྱལ་པོའི་རྒྱུད་དང། བསྐལ་པ་མེ་ལྟར་འབར་བའི་རྒྱུད་དང། ཁྲོ་བོ་པུཎྜ་རི་ཀའི་རྒྱུད་ལ་སོགས་པ་ཏནྡྲ་སྡེ་བཅུ་དྲུག་ལ་སོགས་པ་བསྒྱུར་ཞིང་བཞུགས། ནམ་གྱི་གུང་ལ་སྔ་འགྱུར་ལྔ་ལ་


LR16_Page_290
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བསྒྱུར་ཞིང་བཞུགས་སོ། །གཞན་ཡང་ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་རབ་ཏུ་གྲགས་པའི་སློབ་དཔོན་ཟླ་བ་མངོན་པར་དགའ་བ་ལ་ཞུས་པའི་གསོ་བ་རིག་པའི་རྒྱུད་སྟོན་པ་སྨན་པའི་རྒྱལ་པོས་གསུངས་པ་རྩ་བའི་རྒྱུད། བཤད་པའི་རྒྱུད། མན་ངག་གི་རྒྱུད། ཕྱི་མའི་རྒྱུད་ལ་སོགས་པ། རྒྱུད་ཀྱི་དབུ་ཕྲན་འགྲེལ་པ། བསྟན་བཅོས་དང་བཅས་པ་རྣམས་དང། བཟོ་རིག་པའི་བཟོ་ཡིག་པ་ཏྲ་ལ་སོགས་པ་བསྒྱུར་རོ། །དུས་དེ་ཙ་ན་རྒྱ་གར་གྱི་ཡུལ་ནས་ཕྲ་མ་སྒྲོན་པའི་བང་ཆེན་པ་མི་གཉིས་བཏང་ནས། ཁྱོད་བོད་ཀྱི་བནྡེ་དེས་ཆོས་མ་རྙེད་པར། མུ་སྟེགས་ཀྱི་ངན་སྔགས་མང་པོ་ཁྱེར་སོང་བས་བོད་ཕུང་བར་བྱེད་པས་སོད་ཅི། ཅེས་བསྒྲགས་སོ། །དེ་ནས་བོད་ཀྱི་བློན་པོ་ཀུན་གྱིས་དེ་ཆབ་ལ་གསོལ་དགོས། བོད་ཕུར་བར་བྱེད་ངེས་ཟེར་རོ། །རྒྱལ་པོའི་གསུང་ནས་རྒྱ་གར་བ་ཆོས་ལ་ཕྲག་དོག་བྱེད་པ་ཡིན། དེ་ལྟར་མིན་བྱས་ཀྱང་མ་ཉན་ནས། མཐའི་སྤྲང་པོ་ཞིག་བཟུང། བཻ་རོ་ཙ་ནའི་ན་བཟའ་བསྐོན། ཟངས་ཁ་སྦྱར་དུ་བཅུག་ནས་གཟེར་གྱིས་བསྡམས་ཏེ་ཆུ་ལ་བསྐྱུར་ནས་བཏང་ངོ་། །བཻ་རོ་ཙ་ན་ཕོ་བྲང་ཡང་མཛོད་དུ་ཀ་བ་ཁོང་སྟོང་བྲུས་པ་ཞིག་ཏུ་བཞུགས་ནས་ནམ་ཕྱེད་ཙམ་ན་ཆོས་གསན་པ་ལས། སེམས་སྡེ་བཅོ་བརྒྱད་ཀྱི་སྟོད་ཀྱི་ལྔ་ཚར་བ་དང། འབངས་ནང་པ་གཅིག་དང་ཇོ་མོ་ཚེ་སྤོང་བའ་དམར་རྒྱན་གྱི་ཚོར་ནས་ཕྱིར་འབུག་པ་དང། བློན་པོ་ཕྱི་ནང་ཐམས་ཅད་ཚོགས་ནས། རྗེ་ལ་ཐུགས་ནོར་པ་ཆེན་པོ་གདའ། ཡབ་མེས་ཀྱི་དཀོར་མཛོད་ཀྱི་གསེར་དངུལ་ཐམས་ཅད་འཇིམ་པ་ལ་བྱུགས་ནས། ང་ལྷ་ཁང་མཛད་གསུངས། ཆོས་བྱེད་གསུངས་ན་མཐའི་མི་


LR16_Page_291
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས་པོ་བཟུང་ནས་ཆུ་ལ་བསྐྱུར། བོད་ཕུང་བར་བྱེད་པའི་རྒྱ་གར་གྱི་ངན་སྔགས་མཁན་དེ་ཕུགས་སུ་བཅུག་ནས་ཅི་ཟེར་ཉན། དེ་ལ་ཆད་པ་གཅོད་པས་སྒོར་ཐོན་ཅི། དེ་ལྟར་མིན་ན་རྒྱལ་ཁྲིམས་འདཇིག་གོ་ཟེར། དེར་རྒྱལ་པོ་ཐུགས་མ་དགྱེས་ནས། འུ་ཅག་ཇི་ལྟར་བྱ་ཞུས་པས། རྗེ་ལཊ། ང་སྔོན་ཡང་རྒྱལ་མོ་ཚ་བ་རོང་དུ་རྒྱལ་མོ་ལེགས་བཞེར་དཔལ་མོ་བྱ་བའི་བུ་རུ་སྐྱེས། ད་དུང་ལས་ཀྱི་འཕྲོ་དང་གདུལ་བྱ་ཞིག་ཡོད་པས་དེར་སྤྱུགས་ཤིག །རྗེ་ཉིད་རང་ད་དུང་རྒྱ་གར་ནས་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་ནང་ནས་མཁས་པ། བཱི་མ་ལ་མི་ཏྲ་བྱ་བ་བཞུགས་པས། དེ་སྤྱན་དྲོངས་ལ་ཆོས་ཀྱི་གྲྭ་ཚུགས །དེའི་དུས་སུ་ངོའི་ཆོས་འདི་གཏུག་ཏུ་གཏོང། དེར་བོད་རྣམས་ཡིད་ཆེས་ནས་རྗེ་དང་མཇལ་བར་མཆི་ཡིས་གསུངས་ནས། རྗེ་ལ་དབང་མེད་དེ་རྒྱལ་ཁ་བློན་གྱིས་བསྒྱུར་ནས། བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་སོ། །དེར་བོད་ཀྱི་རྟོགས་ཆེན་པ་བྱུང་ཟེར་ནས་ཤིག་དོང་དུ་བསྐྱུར། སྦལ་པའི་དོང་དུ་བསྒྱུར་བྱས་ཀྱང་གནོད་པ་མ་བྱུང་ནས། བཻ་རོ་ཙ་ནས། ང་བོད་ཀྱི་རྒྱལ་བློན་རྒྱིས་རྒྱ་གར་ཡུལ་དུ་ཆོས་འཚོལ་དུ་བཏང་བས། རྒྱ་གར་གྱི་ཡུལ་ནས་ཆོས་ལ་ཕྲག་དོག་བྱས་ནས། ངན་སྔགས་ཡོད་ཟེར་བློན་པོ་རྣམས་ཀྱིས་སྤྱུགས་པ་ཡིན། ང་ཚེ་སྔོན་མ་རྒྱལ་མོ་ལེགས་བཞེར་དཔལ་མོའི་བུ། དགེ་སློང་བཱུརྞ་གང་པོ་བྱ་བ་དེ་ཡིན་ནོ། །སྔོན་གྱི་ལས་ཀྱི་འཕྲོ་ཡོད་པ་ཡིན་ནོ། །ཞེས་གསུངས་པས། རྒྱལ་མོ་གྲུ་ལ་སོགས་པས་ཚེ་སྔ་ཕྱི་དྲན་པའི་དགེ་སློང་བཱུརྞ་འདུག་པ་ཟེར་ནས་བཤགས་པ་བྱས། ཕྱག་བཙལ་ཞབས་མགོ་ཐོག་ཏུ་བླངས་སོ། །དེ་ནས་གདན་འཕར་མ་དགུ་བརྩེགས་ཀྱི་སྟེང་དུ་སློབ་དཔོན་བཞུགས།


LR16_Page_292
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། རྒྱལ་མོ་གྲུས་སྣ་དྲངས་ཏེ་རྒྱལ་བློན་ཀུན་གྱིས་དངུལ་གྱི་དོང་རྩེ་དང། གསེར་གྱི་པ་ཏྲ་དང། ཕྱེ་མ་དང་དར་སྲབ་ལ་སོགས་པ་མང་པོ་ཐོགས་ནས་ཕྱག་བཙལ། མེ་ཏོག་གཏོར། ཚིགས་སུ་བཅད་པའི་བསྟོད་པ་ཕུལ་ནས་ཞུས་པས་གང་ལ་གང་འདུལ་དུ་གསུངས་ཏེ། བཟོའི་རྣམ་པ་དང། འཚོ་བྱེད་སྨན་པ་དང། འགྲོ་བ་དད་པ་བསྐྱེད་པའི་བསྟན་བཅོས་དང༌། ཁྱ་པར་ཉིན་མོ་བཞིན་དཀོན་མཆོག་བརྩེགས་པ་གསུངས། སྲོད་ལ་གསང་སྔགས་ནང་པའི་ཆོས་གསུངས། དེ་ནས་རྒྱལ་མོ་གཡུ་སྒྲས་སྙིང་པོས། རྟ་བཟང་པོ་གཅིག་ལ་གསེར་སྒ་དང་གསེར་སྲབ་ཀྱིས་བརྒྱན་པོ་ཕུལ། སྦྱངས་པ་དགུ་དང། ཕོད་པ་བཅུ་གསུམ་གྱིས་སློབ་དཔོན་གྱི་ཐུགས་མཉེས་པར་བྱས་ཏེ། མན་ངག་གི་ཆོས་ཞུས་པ་ནི། སྤྱིར་བཀའ་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་ཨུ་རྒྱན་གྱི་གནས་ན་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཕྱག་ན་ཡོད་དེ། དེ་ཡང་ཀློང་ཆེན་པོ་དགུ། ལེའུ་འབུམ་ཕྲག་ལྔ། བམ་པོ་བརྒྱད་ཁྲི་བཞི་སྟོང་ཡོད་དེ། དེ་ཡང་ཀློང་ཆེན་པོ་དགུ་ནི་སྐྱེ་བ་མེད་པའི་ཀློང་དང། སྙིང་པོ་དོནགཡི་ཀློང་དང། གདོད་ནས་མ་སྐྱེས་པའི་ཀློང། ཚིག་ལས་འདས་པའི་ཀློང། སྤྲོས་པ་དང་བྲལ་བའི་ཀློང། བརྗོད་དུ་མེད་པའི་ཀློང། དེ་ཁོ་ན་ཉིད་ཀྱི་ཀློང། མཐའ་ཀུན་དང་བྲལ་བའི་ཀློང། གཉིས་སུ་མེད་པའི་ཀློང་ངོ་། །ལེའུ་འབུམ་ཕྲག་ལྒ། བམ་པོ་བརྒྱད་ཁྲི་བཞི་སྟོང་ནི། སྐྱེ་མེད་ཀློང་ལ་ལེའུ་འབུམ་ཕྲག་གཅིག་བམ་པོ་སྟོང་ཕྲག་བརྒྱད་དང། ཡང་བརྒྱད་བཞུགས་སོ། །དེ་བཞིན་དུ་ཀློང་རེ་རེ་ལ་ལེའུ་ཁྲི་ཕྲག་ལྔ་ལྔ་ལས། བམ་པོ་སྟོང་ཕྲག་བརྒྱད་དང་ལྔ་བརྒྱ་ཀུན་


LR16_Page_293
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་པས། ལེའུ་འབུམ་ཕྲག་ལྔ་དང། བམ་པོ་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལས། སློབ་དཔོན་བཻ་རོ་ཙ་ནས་རྒྱལ་པོ་གཡུ་སྒྲ་སྙིང་པོ་ལ་རྣམ་པར་ཕྱེ་སྟེ་གསུངས་པ་ནི། རྫོགས་པ་ཆེན་པོ་ཕྱི་སྐོར་ལ་རྣམ་གྲངས་དང་འགྱུར་ལུགས་གཉིས་ལས། རྣམ་གྲངས་ནི། རྒྱུད་སྡེ། སེམས་སྡེ། ཀློང་སྡེ། བམ་པོའི་སྐོར། མདོ་ལུང། རྫོགས་ཆེན་མ་བུའི་སྐོར། མན་ངང་རྫོང་འཕྲང་གི་སྐོར། མན་ངག་སྙན་བརྒྱུད་ཀྱི་སྐོར། མན་ངག་བསམ་གཏན་གྱི་སྐོར། རྒྱ་གར་གྱི་ཡུལ་ན་རྣམ་གྲངས་དགུ་བཞུགས་སོ། །བསྒྱུར་ལུགས་ནི། རྒྱ་གར་གྱི་ཡུལ་ན་རྒྱུད་མང་ཡང་རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་བདུན། བཤད་པའི་རྒྱུད་བཞི་སྟེ། རྒྱུད་སྡེ་ཆེན་པོ་བཅུ་དྲུག་བོད་ཡུལ་དུ་བསྒྱུར་རོ། །རྩ་བའི་རྒྱུད་སྡེ་ལྔ་ནི་བཀྲ་ཤིས་མི་འགྱུར་གསལ་བར་གནས་པའི་རྒྱུད་དང་གཅིག་ཡོན་ཏན་རྫོགས་པ་རྣམ་པར་རོལ་པའི་རྒྱུད་དང་གཉིས། ཡུལ་ཀུན་ལ་འཇགུ་པ་རྣམ་དག་རོལ་པའིརྒྱུད་དང་གསུམ། ཐིག་ལེ་རྒྱ་མཚོ་འཇུག་པ་ལ་གནས་པའིརྒྱུད་དང་བཞི། རིན་པོ་ཆེ་བཀོད་པ་རྣམ་པར་འབྱེད་པའི་རྒྱུད་དང་ལྔའོ། །ཡན་ལག་གི་རྒྱུད་བདུན་ནི། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའིརྒྱུད་དང་གཅིག་ཡེ་ཤེས་རང་ལ་དབབ་ཅིང་རང་ལ་གནས་པའི་རྒྱུད་དང་གཉིས། མི་འགྱུར་གནས་པའི་རྒྱུད་དང་གསུམ། བཀོད་པ་རྒྱན་གྱི་རྒྱུད་དང་བཞི། དོན་གསལ་བ་མཐར་ཕྱིན་པའི་རྒྱུད་དང་ལྒ། གསལ་བ་རང་གྲོལགཡི་རྒྱུད་དང་དྲུག དཀྱིལ་འཁོར་རྫོགས་པའི་རྒྱུད་དང་བདུན་ནོ། །བཤད་པའི་རྒྱུད་བཞི་ནི། རྨད་དུ་བྱུང་བའི་རྒྱུད་དང་གཅིག་ཀུན་བྱེད་རྒྱལ་པོའི་རྒྱུད་དང་གཉིས། བྱང་ཆུབ་སེམས་དཔའ་ཡེ་ཤེས་རོལ་པོ་སྟོང་


LR16_Page_294
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་བརྒྱན་པའི་རྒྱུད་དང་གསུམ། དེ་ཁོ་ན་ཉིད་སྟོན་པ་གསང་བ་རོལ་པའི་རྒྱུད་དང་བཞི་སྟེ། དེ་ལྟར་རྒྱ་མཚོའི་གླིང་དུ་བཤད་པའི་རྒྱུད་སྡེ་ཆེན་པོ་བཅུ་དྲུག་བོད་དུ་བསྒྱུར་རོ། །ཀུན་བྱེད་རྒྱལ་པོ་མ་བུ་དགུ་སྐོར་དུ་གསུངས་པ་ལ། ཀུན་བྱེད་རྒྱལ་པོ་རྩ་བའི་རྒྱུད་ཐོས་པའི་ཤེས་རབ་ལ་གདམས་པ་ལེའུ་ལྔ་བཅུ་རྩ་བདུན་པ། རྒྱུད་ཕྱི་མ་བསམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅུ་གཉིས་པ། ཕྱི་མའི་ཕྱི་མོ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅུ་གཉིས་པ། ཕྱི་མའི་མ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པ་ལེའུ་བཅོ་ལྔ་པོ། ཀུན་བྱེད་བཤད་པའི་རྒྱུད་མདོ་བཅུ། སྤྱིའི་བཤད་རྒྱུད་འཁོར་བ་རྩད་གཅོད་དང་ལྔ། ཤྲཱི་སིང་ཧཱའི་རྒྱ་ཆོས་ཉིས་ཤུ་རྩ་གཅིག། འབྲས་བུ་རིན་པོ་ཆེ་དང་མཉམ་པའི་རྒྱུ་ལེའུ་བཅུ་བཞི་པ། དེ་རྣམས་ཀྱི་འགྲེལ་པ་ལྡེ་མིག་མན་ངག་དང་བཅས་པ་རྣམས་གསུངས་སོ། །སེམས་སྡེའི་སྐོར་ལ། རྒྱ་གར་གྱི་ཡུལ་ན་སེམས་སྡེ་བདུན་ཅུ་རྩ་བདུན་བཞུགས་པ་ལས བོད་དུ་བསྒྱུར་བ་ནི། ནམ་མཁའ་ཆེ། ཁྱུང་ཆེན། རྩལ་ཆེན། རིག་པའི་ཁུ་བྱུག་སྒོམ་པ་དོན་དྲུག་མ། རྨད་དུ་བྱུང་བ། ནམ་མཁའི་རྒྱལ་པོ། རྡོ་ལ་གསེར་ཞུན། བདེ་ལ་ཕྲ་བཀོད། བྱང་ཆུབ་སེམས་ཐིག་ཀུན་བཏུས་བདེ་འཇམ་སྙིང་པོ། རྫོགས་པ་སྤྱི་སྤྱོད། ཡིད་བཞིན་ནོར་བུ། རྗེ་བཙན་དམ་པ། སྤྱི་རྒྱུད་སྤུངས་པ། རྩེ་མོ་བྱུང་རྒྱལ་ལོ། །དེ་ལྟར་སེམས་སྡེའི་རྒྱུད་བཅོ་བརྒྱད། མན་ངག་བཅོ་བརྒྱད་ངོ་སྤྲོད་དང་བཅས་པ་གནང། ཀློང་སྡེའི་སྐོར་ལ། རྒྱ་གར་གྱི་ཡུལ་ན་ཀློང་སྐོར་བཅོ་བརྒྱད་བཞུགས་པ་ལ། ཐུགས་རྗེ་ཀློང་ནག་མ་བུ་གཉིས། ཀློང་དཀར་པོ་ལ་རྒྱ་མཚོའི་ཀློང་མ་བུ་ངཉིས། ཀློང༌།ཆེན་རབ་འབྱམས་མ་བུ་བཞི་སྟེ། ཀློང་སྐོར་གསུམ་བོད་དུ་བསྒྱུར་


LR16_Page_295
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཀློང་སེམས་ཁ་སྦྱོར་ཞེས་བྱ་སྟེ། སེམས་སྡེ་རྩ་བ་བཅོ་བརྒྱད། བསྐལ་པ་དུམ་བུའི་རྒྱུད་བཅོ་བརྒྱད་བོད་ཡུལ་དུ་བསྒྱུར་རོ། །ཀློང་སེམས་གཉིས་ལས། སྤྱིར་ནམ་མཁའ་ཆེ་རྒྱས་པ་རྣལ་འབྱོར་པའི་སྤྱི་རྒྱུད་ཅེས་བྱ་བ་ཞིག་རྒྱ་གར་ན་ཡོད་ཟེར་རོ། །བམ་པོའི་སྐོརལ། རྒྱ་གར་གྱི་ཡུལ་ན་བམ་པོ་ཉིས་ཁྲི་བཞུགས་པ་ལ། སྣང་བའི་བམ་པོ། སྟོང་པའི་བམ་པོ། ཡེ་ཤེས་ཀྱི་བམ་པོ། ལྟ་སྒོམ་སྤྱོད་པ་འབྲས་བུའི་བམ་པོ་ལ་སོགས་ཏེ། བམ་པོ་བརྒྱ་སྐོར་ཞིག་བོད་དུ་བསྒྱུར། རྫོགས་པ་ཆེན་པོ་མདོ་ལུང་གི་སྐོར་ལ་མདོང་ལུང། མདོ་རྩ་གཉིས། མདོ་འགྲེལ་དང་གསུམ་བོད་དུ་བསྒྱུར་རོ། །ཡུལ་རྫོགས་པ་ཆེན་པོ་མ་བུའི་སྐོར་ལ། མ་སྟོང་པའི་ཡེ་ཤེས། བུ་རིག་པའི་ཡེ་ཤེས་མ་བུ་གཉིས་བོད་དུ་བསྒྱུར། མ་སྟོང་པའི་ཡེ་ཤེས། བུ་རིག་པའི་ཡེ་ཤེས་མ་བུ་གཉིས་བོད་དུ་བསྒྱུར། མན་ངག་རྫོང་འཕྲེང་གི་སྐོར་ལ། བཀའ་རྫོགས་དང་གཉན་རྫོགས་གཉིས་བོད་ཡུལ་དུ་བསྒྱུར་རོ། །མན་གང་སྙན་བརྒྱུད་ཆེ་ཆུང་གཉིས་བོད་དུ་བསྒྱུར། མན་ངག་བསམ་གཏན་གྱི་སྐོར་ལ། བསམ་གཏན་བརྒྱད་ཅུ་པ་བོད་དུ་བསྒྱུར་རོ། །དེ་རྣམས་ནི་ཨ་ཏི་ཕྱི་སྐོར་སེམས་ཕྱོགས་ཀྱི་བསྒྱུར་ལུགས་སོ། །རྫོགས་པ་ཆེན་པོ་ནང་སྐོར་འདི་ལ་རྣམ་གྲངས་དང་བསྒྱུར་ལུགས་གཉིས་ལས། རྣམ་གྲངས་ནི། རྒྱ་གར་གྱི་ཡུལ་ན་རིག་པ་བླ་མའི་རྒྱུད་བྱ་བ་མ་བུ་གསུམ་བཞུགས་སོ། །བསྐྱུར་ལུགས་ནི། བྲམ་ཟེའི་སྐོར་དང། རིག་པའི་སྐོར་དང། གབ་པའི་སྐོར་དང། རྨད་དུ་བྱུང་བའི་སྐོར་དང། རྫོགས་ཆེན་ལྡེ་མིག་གི་སྐོར་དང་སྐོར་གཅིག་ཆད་དྲུག་བོད་ཡུལ་དུ་བསྒྱུར་རོ། །རྫོགས་པ་ཆེན་པོ་བྲམ་ཟེའི་སྐོར་འདི་ལ། རྒྱུད་དྲུག་ལོ་རྒྱུད་བདུན། འཕྲུལ་གྱི་ལྡེ་མིག་དང་བརྒྱད། འཁོར་ལོ་གསུམ་སྟེ་བཅུ་གཅིག་རིན་པོ་ཆེ་རྒྱན་གྱི་


LR16_Page_296
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་དང་བཅུ་གཉིས་བཞུགས་སོ། །དེ་ལ་རྒྱུད་དྲུག་ནི། རྒྱུད་ཀྱི་སྙིང་པོ་ལེའུ་ཉིས་ཤུ་རྩ་བརྒྱད། ཡེ་ཤེས་ཏིང་རྫོགས་ཀྱི་རྒྱུད་ལེའུ་ཉིས་ཤུ་རྩ་བདུན་པ། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལེའུ་བདུན་པ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལེའུ་སུམ་ཅུ་ཐམ་པ། རྨད་དུ་བྱུང་འི་རྒྱུད་ལེའུ་ཉིས་ཤུ་རྩ་བརྒྱད། བཀའ་ལུང་སྤྱོད་པ་དོན་ཡོད་པའི་རྒྱུད་དང་དྲུག་གོ །འཁོར་ལོ་གསུམ་ནི། མན་ངག་གི་འཁོར་ལོ། །ལྟ་བ་སྤྱོད་པའི་འཁོར་ལོ། །གཏན་ཚིགས་སྒྲའི་འཁོར་ལོ་དང་གསུམ་མོ། །རིན་པོ་ཆེ་རྒྱན་གྱི་མན་ངག་ནི། གནད་ལ་དབབ་པའི་སྐོར་ཞེས་བྱའོ། །དེ་རྣམས་ནི་ནང་སྐོར་ཀྱི་བསྒྱུར་རོ། །ཨ་ཏི་གསང་བའི་སྐོར་འདི་ལ་རྣམ་གྲངས་དང་གཅིག་བསྒྱུར་ལུགས་དང་གཉིས་ལས། རྣམ་གྲངས་ནི་རྒྱ་གར་གྱི་ཡུལ་ན་གསང་རྒྱུད་ཆེན་པོ་དང་གཅིག་ཡང་ནི་ཨ་ཏི་གསང་སྐོར་ལས་ཟབ་མོ་སྐོར་དགུ་བོད་ཡུལ་དུ་འགྱུར་རོ། །ཨ་ཏི་གསང་བའི་སྐོར་འདི་ལ་རྣམ་གྲངས་དང་གཅིག་བསྒྱུར་ལུགས་དང་གཉིས་ལས། རྣམ་གྲངས་ནི་གར་ཕྱི་ཡུལ་ན་གསང་བརྒྱུད་ཆེན་པོ་དང་གཅིག་ཡང་ཏིག་དང་གཉིས། སྤྱི་ཏིག་དང་གསུམ་བཞུགས་སྐད། དེ་ལ་བསྒྱུར་ལགུས་ནི་ཨ་ཏི་གསང་སྐོར་ལས་ཟབ་མོ་སྐོར་དགུ་བོད་ཡུལ་དུ་འགྱུར་རོ། །རྫོགས་པ་ཆེན་པོ་ཀེའུ་ཚང་སྐོར། འཕྲུལ་གཞི་ཟབ་མོ་སྐོར་གཅིག་ཡིན། རིན་པོ་ཆེ་རྒྱས་པའི་སྐོར་ཟབ་མོ་སྐོར་གཅིག་ཡིན། ཉི་མའི་འཁོར་ལོ་ཟམ་མོ་སྐོར་གཅིག་ཡིན། རྒྱལ་པོའི་བླ་གཏེར་ཟབ་མོ་སྐོར་གཅིག་ཡིན། ཟ་འོག་བེར་ཁྱིམ་ཟབ་མོ་སྐོར་གཅིག་ཡིན། རྒྱུད་པ་ཐ་མ་ཟབ་མོ་སྐོར་གཅིག་ཡིན། གཞན་ཡང་བཤད་ཐབས་གཉིས་ལས་མཁས་པ་པཎྜི་ཏའི་ལུགས་ལ། ཐིག་ལེ་སྡེ་བཞི། འཇམ་དཔལ་སྡེ་བཞི། བིག་པར་ཏ་སྡེ་བཞི་སོགས་པའོ། །ཀུ་སུ་ལུ་རྣལ་འབྱོར་པའི་ལུགས་ལ་སྔགས་


LR16_Page_297
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་བ་གསུམ་སྟེ། །རྒྱུད་ཐམས་ཅད་ཀྱི་རྩ་བ་འཇམ་དཔལ་དགོངས་པ་འདུས་པ། ལུང་ཐམས་ཅད་ཀྱི་རྩེ་བ་མཁའ་འགྲོ་མ་དྲྭ་བའི་འཁོར་ལོ། །མན་ངག་ཐམས་ཅད་ཀྱི་རྩ་བ་འཁོར་ལོ་ལྔས་བསྐོར་བའོ། །གྲུབ་མཐའ་བཀོད་པའི་མན་ངག་ནི། ལྷུན་གྲུབ་ཇི་བཞིན་བཀོད་པའི་རྒྱུད། དྲི་མེད་རྣམ་དག་གི་རྒྱུད་དང། གསང་བ་རིག་པ་བཀོད་པའི་རྒྱུད་དང། དྲི་མེད་འོད་གསལ་གྱི་རྒྱུད་དང་བཞིའོ། །གཞན་ཡང་རྒྱུད་གསེར་མགོ་ནག་དང། ལུང་ཐོ་ཡིག་ཅན་དང། མན་ངག་ཕྲ་ཡིག་ཅན་དང་གསུམ་མོ། །དེ་ལྟར་ཆོས་དཔག་ཏུ་མེད་པ་ཀུན་རྫོགས་པའི་ཐ་མ་ལ། ཁྱད་པར་དུ་མན་ངག་ཐམས་ཅད་ཀྱི་ཉིང་ཁུ། བླ་མ་གོང་མ་རྣམས་ཀྱིས་སྙིང་ལྟ་བུར་གཅེས་པར་མཛད་པ། རང་གྲོལ་མངོན་སུམ་དུ་སྟོན་པའི་མན་ངག་གནང་སྟེ། གསལ་བྱེད་རིན་པོ་ཆེ་འབར་བ་བཞེངས་ནས། རྒྱལ་ཐབས་སྤྱི་བླུགས་རྣལ་མའི་དབང་ལ་སོགས་པ་དབང་གི་ཆུ་བོ་བདུན་རྫོགས་པར་བསྐུར། གནས་ལུགས་གཙོ་བོར་སྟོན་པ་ཡེ་ཤེས་རྫོགས་པ་དང། འཕྲུལ་ཚུལ་གཙོ་བོར་སྟོན་པ་ཡེ་ཤེས་གསང་བ་དང། རྟོགས་ཐབས་གཙོ་བོར་སྟོན་པ་རིག་པ་རང་གསལ་མཆོག་གི་རྒྱུད་དང། སྒོམས་ཐབས་གཙོ་བོར་སྟོན་པ་མཁའ་ས་མུན་ཏ་ནམ་མཁའ་མཐའ་དང་མཉམ་པའི་རྒྱུད་དང། འབྲས་བུ་གཙོ་བོར་སྟོན་པ་སྙིང་པོ་དོན་གྱི་རྒྱུ་དག་ལྔའོ། །གཞན་ཡང་ཀློང་དགུ་ལ་སོགས་ཏེ་ཡན་ལག་གི་རྒྱུད་ཉིས་ཤུ་རྩ་ལྔ། སྦྲུལ་སྐུ་དགའ་རབ་ཀྱི་བཀའི་མན་ངག་ཕྲན་བུ་བཅོ་བརྒྱད། རིག་འཛིན་གྱི་ཆོས་བཞི་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་རིན་པོ་ཆེ་རང་གི་གཏེར་གཏད་པ། ལྷ་བདུད་རྩི་ཆོས་ཀྱི་རྒྱལ་པོས་མཛད་པའི་བྱང་ཆུབ་ཀྱི་


LR16_Page_298
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རིན་པོ་ཆེ་བདུད་རྩི་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་ཞེས་བྱ་བ། ཀླུ་རྒྱལ་དགེ་བ་དཔལ་འབར་གྱིས་མཛད་པ་སའི་རིམ་པ་གསུམ་དུ་བསྡུས་པའི་མན་ངག གནོད་སྦྱིན་མ་བྱང་ཆུབ་མས་མཛད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གསང་བ་ཐུགས་ཀྱི་སྒྲོན་མ་ཞེས་པ་དང། དྲི་མེད་གསང་སྒྲོན། ཀུ་ཀུ་རཱ་མཛད་པའི་བྱང་ཆུབ་ཀྱི་སེམས་ཉི་མའི་སྙིང་པོ་འོད་དང་ལྡན་པ། ཤྲཱི་སིང་ཧཱས་མཛད་པའི་རིན་པོ་ཆེའི་རྒྱན། རིན་པོ་ཆེའི་འཕྲེང་བ། རྗེ་ཉིད་ཀྱིས་མཛད་པའི་བསམ་གཏན་དོན་གསུམ་པ་ལ་སོགས་པ། གཞན་ཡང་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་རྒྱུད། རྩ་རྒྱུད་མེ་རི་གསང་བ། རྒྱུད་ཕྱི་མ། ཕྱི་མའི་ཡང་ཕྱི་མ། སྒྲུབ་ཐབས། དབང་ཆོག ལས་ཚོགས་བསྟན་སྲུང་དང་བཅས་པ་གཡུ་སྒྲ་ལ་གཉེར་དུ་གཏད་དོ། །དེར་དཔོན་སློབ་གཉིས་ཀ་དགོངས་པ་གཅིག་ཏུ་གྱུར་ཏེ། རྒྱལ་མོ་ཚ་བའི་རོང་དུ་བསྟན་པ་དར་བ་དང་འགྲོ་བའི་དོན་མཛད་ཅིང་བཞུགས་སོ། །སློབ་དཔོན་བཱི་ལ་སྤྱན་དྲངས་ཚུལ། བབས་དྲུག་པ་ནི། བཻ་རོ་ཙ་ན་ཚ་བའི་རོང་དུ་སྤྱུགས་མ་ཐང་གི་དུས་སུ། རྗེ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་དགོངས་ལ། སྤྱིར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདི་ཆོས་ལ་འགོད་འདོད་པས། བོད་ཀྱི་ཤེས་རབ་ཅན་གྱ་གར་དུ་བཏང་ནས། ཆོས་ངོ་མཚར་ཅན་རྙེད་བྱུང་ཡང། བློན་པོ་གདུག་པ་ཅན་ཆོས་ལ་གནག་པས་ཕྲག་དོག་བྱས་ནས་ཆོས་སྤྱད་དབང་མ་བྱུང། ཆོས་འཚོལ་དུ་བཏག་པ་ཐམས་ཅད་ཀྱང། བློན་པོས་རྒྱལ་ཁྲིམས་


LR16_Page_299
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྙད་ཅིང་སྤྱུགས། ཁྱད་པར་རིན་པོ་ཆེའི་སྡོང་པོ་ལྟ་བུ་གསང་སྔགས་ཀྱི་སྡོང་པོ་བཻ་རོ་ཙ་ན་ནི་བློན་པོ་གདུག་པ་ཅན་དང་རྒྱ་གར་གྱི་ཕྲ་མ་མཁན་གྱི་རིང་ལ་ཚ་བའི་རོང་དུ་སྤྱུགས་པས། ད་རྗེ་བཻ་རོའི་ཆོས་འདི་མ་ནོར་བའི་དཔང་པོ་དང། རྗེ་བཻ་རོའི་ཆེ་བ་འདོན་པའི་ཕྱིར་དང། བོད་དུ་བསྟན་པ་རྒྱས་པར་བྱ་བའི་ཕྱིར། རྒྱ་གར་ནས་སྤྱིར་འབྲས་ཐམས་ཅད་དང། ཁྱད་པར་དུ་མན་ངག་གི་ཆོས་ལ་མཁས་པའི་པཎྜི་ཏ་གཅིག་སྤྱན་དྲངས་ནས་བླའི་མཆོད་གནས་བྱ་བར་དགོངས་སོ། །དེ་ནས་རྗེས་འབངས་བློན་ཀུན་བསགས་ནས། འོ་ཅག་རྣམས་ཀྱིས་བོད་མུན་པའི་སྨག་རུམ་ལྟ་བུ་ལ་རྒྱུ་འབྲས་ཀྱི་ཆོས་དང། ཁྱད་པར་མན་ངག་གི་ཆོས་ལ་མཁས་པའ་པཎྜི་ཏ་གཅིག་སྤྱན་འདྲེན་དགོས་པས། སུ་འགྲོ་ཞེས་བགྲོས་སོ། །དེར་རྗེ་བློན་འབངས་ཀུན་མཐུན་པར་འཁོན་ཀླུའི་དབང་པོ་གཏོང་བར་གྲོས་འཆམ་ནས། གསེར་ཕྱེ་བྲེ་དོ་དང། པ་ཏྲ་འགའ་ཟུང་བསྐུར་ནས། ཉང་པོ་ཀླུའི་རྒྱལ་མཚན་དང། སྦས་ན་ཝ་ཅནད་དང་གསུམ་བཏང་ཡང་ཟེར། ལུགས་གཅིག་ཏུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས། ཅོག་རོལ་ཀླུའི་རྒྱལ་མཚན་དང། རྨ་རིན་ཆེན་མཆོག་དང་གསུམ་བརྫངས་ནས། སློབ་དཔོན་བཱི་མ་ལ་སྤྱན་དྲངས་པ་ཡིན་ཟེར། སློབ་དཔོན་བཱི་མ་ལ་དེ་ཡང། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཏེ། རྒྱལ་པོ་དྷརྨ་ཨ་ཤོ་ཀ་བྱ་བའི་སྲས་མོ། །ལྷ་ལྕམ་དྷརྨ་བོ་དྷི་བྱ་བ་ཤིན་ཏུ་མཛེས་པ་ལྷའི་བུ་མོ་འདྲ་བ་ཞིག་ཡོད་པ་ལས། གཉིད་ལོག་པའི་རྨི་ལམ་ན། མི་དཀར་པོ་ཤིན་ཏུ་མཛེས་པ་འོད་ཟེར་དཀར་པོ་འཕྲོ་བ་ཞིག་བྱུང་སྟེ། བདུད་རྩི་བུམ་པ་གང་སྤྱི་བོར་བཞག་ནས་བླུགས་པས། ཚངས་པའི་བུ་ག་ནས་མར་སོང་བས།


LR16_Page_300
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བདེ་བས་གང་བ་ཞིག་རྨེས་སོ། །དེ་ནས་ལུས་མ་བདེ་བ་མེད་པར་བུ་གཅིག་བཙས་པས། ཁྱོ་མེད་པའི་བུ་ངོ་ཚ་ནས་བྱེ་བའི་གསེབ་ཏུ་བོར་བས་མིག་གཉིས་ཁྲ་ཧྲི་གེ་འདུག་ནས། ཡར་བླངས་ཏེ་གསོས་པས། ཞག་ལོན་ཟླ་བ་ལོན་གཞན་བས་སྐྱེད་ཆེ་བ་ཞིག་བྱུང་ནས། ལོ་ལྔ་ལོན་ནས་རིག་པའི་གནས་ལྔ་ལ་སྦྱངས་པས། ལྷག་པར་ཆོས་མ་མཁས་པར་གྱུར་ཏོ། །པཎྜི་ཏ་ལྔ་བརྒྱའི་ནང་ནས་ཆོས་ལ་མཁས་པར་གྱུར་ནས། མཚན་ཡང་བཱི་མ་ལ་མི་ཏྲ་ཞེས་བྱའོ། །དེ་ལྟ་བུའི་སློབ་དཔོན་དེ། །རྒྱ་གར་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་བཞུགས་པས། ཆོས་སྐྱོང་པའི་རྒྱལ་པོ་དྷ་རྨ་ཙཀྲ་ལ་གསེར་ཕྱེ་འདི་ཕུལ་ལ། ངའི་གསེར་གྱི་སྐྱེས་ལན་དུ། ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་གཅིག་ཞུ་གྱིས་ལ། ལོ་ཙཱ་བ་ཁྱེད་གསུམ་གྱིས་སྤྱན་དྲོངས་ལ་ཤོག་ཅིག་ཅེས་བསྒོས་ནས་བཏང་ངོ་། །དེ་ནས་ལོ་ཙཱ་བ་གསུམ་གྱིས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་རྒྱལ་པོ་ལ་གསེར་ཕུལ་ནས་ཞུས་པ། རྒྱལ་པོ་ཆེན་པོ། བོད་ཡུལ་གྱི་རྗེ་ཆོས་སྐྱོང་པའི་རྒྱལ་པོ་ཡིན་པས། ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཞིག་གནང་བར་ཞུ་གསུང་གི་གདའ་འོ། །ཞེས་ལོ་ཙཱ་བ་གསུམ་གྱིས་སྨྲས་པ་དང། རྒྱལ་པོ་དྷརྨ་ཙ་ཀྲའི་ཞལ་ནས། འོ་ན་ངའི་མཆོད་གནས་པཎྜི་ཏ་ལྔ་བརྒྱ་ནང་པར་ཚ་བ་ལ་སོགས་པའི་གྲལ་དུ་ཞུ་དགོས་གསུངས་ནས། རྒྱལ་པོ་ས་གསེར་གྱི་མཎྜལ་རེ་ཕུལ་ནས་ཞུས་པ། བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོས་ང་ལ་སྐྱེས་སུ་གསེར་བསྐུར་ནས། ཕྱི་ནང་གི་ཆོས་མ་ལསུ་པ་ལ་མཁས་པའི་པཎྜི་ཏ་ཞིག་ལོ་ཙཱ་བ་འདི་གསུམ་སྤྱན་འདྲེན་དུ་བཏང་བ་ཡིན་པས་གཤེགས་བར་ཞུའོ་ཞེས་གསུངས་པས། པཎྜི་ཏ་ལྔ་བརྒྱའི་ནང་ནས་


LR16_Page_301
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཆེན་པོར་གྱུར་པ། སློབ་དཔོན་བཱི་མ་ལ་མི་ཏྲ་གུང་གྲལ་ན་བཞུཊ་པ་ལ། གཡས་ཀྱི་ཕྱེད་དང་སུམ་བརྒྱ། གཡོན་གྱི་ཕྱེད་དང་སུམ་བརྒྱའི་དབུས་ཀྱི་བཱི་མ་ལ་མི་ཏྲ་ལ་དུས་གཅིག་ཏུ་སྤྱན་རུབ་སྟེ་བྱུང་བ་དང། དོན་གྱིས་སོངས་ཤིག་པར་བསྐུལ་ནས། དབུས་ཀྱི་སློབ་དཔོན་བཱི་མ་ལ་བཞེངས་ནས། བོ་དྷི་སཏཱ་ཐེམ། ཞེས་ལན་གསུམ་གསུངས་པས། ལོ་ཙཱ་བ་གསུམ་ལ་གོ་བ་མི་འདྲ་བ་གསུམ་བྱུང་སྟེ། སྐ་བ་དཔལ་བརྩེགས་ཀྱི་གོ་བ་ལ། གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུས་མཐེབ་མཛུབ་རྩོལ་ཕོད་ན། །མདས་ཀྱང་འབེན་ངོས་ཕྱིན་པར་འགྱུར། །ཞེས་གསུངས་ནས་བཞུད་པར་གོ །རྨ་རིན་ཆེན་མཆོག་གི་གོ་བ་ལ། ཉག་ཐག་དག་ལ་བརྟེན་པའི་གྲུ །སྐྱེ་བུའི་སྐྱ་བས་རྩོལ་ཕོད་ན། །གྲུས་ཀྱང་ཆུ་ལ་སྒྲོལ་བར་འགྱུར། །ཞེས་གསུངཤ་ནས་བཞུད་པར་གོ །ཅོག་རོ་ཀླུའི་རྒྱལ་མཚན་གྱི་གོ་བ་ལ། ཡོན་ཏན་དག་དང་ལྡན་པའི་མི། །རང་ཡུལ་མེད་པའི་ས་ཕྱོགས་སུ། །ལུས་ཀྱི་བུམ་པ་གང་དྲིལ་བ། །སེམས་ཀྱི་ཆུ་བོ་དེ་རུ་འབོ། །ཞེས་གསུངས་ནས་བཞུད་པར་གོ །དེ་ནས་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱི་བཀའ་ཐོབ་ནས། སློབ་དཔོན་བཱི་མ་ལ་མི་ཏྲ་ལོ་ཙཱ་བ་གསུམ་གྱིས་སྤྱན་དྲངས་ནས། ཀ་པཱ་ལི་སོར་བཞི་པ་ཞིག་ལ་རྒྱ་ཡིག་བདུན་བྲིས་པ་གཅིག་བསྣམས་ནས་བྱོན་ཏེ་བསམ་ཡས་སུ་བྱོན་ནས། རྒྱལ་པོ་རྗེ་བློན་རྣམས་ཀྱིས་ཀྱང་བསུ་བ་མཛད། བསམ་ཡས་སུ་ཞབས་ཕབ་ནས་འཁོར་ས་ཆེན་མོར་སྤྱན་དྲངས་པས། རྒྱལ་པོ་ལ་ཡང་ཕྱག་མི་འཚལ། ལྷ་ཁང་ལ་ཡང་ཕྱག་མ་མཛད་པས། རྒྱལ་པོ་ལ་ཡང་ཕྱག་མི་འཚལ། ལྷ་ཁང་ལ་ཡང་ཕྱག་མ་མཛད་པས། བློན་པོ་རྣམས་ཀྱིས་ངེད་ཀྱི་ལྷ་ཁང་འདིར་སྔར་ཡང་པཎྜི་ཏ་མང་པོ་སྤྱན་དྲངས། ལྷ་ལ་ཡང་ཕྱག་མི་འཚལ་བ་ཅི་ལགས་ཞུས་པས། ཁྱེད་རྒྱལ་བློན་རྣམས་ཀྱི་ཕྱག་གི་དོན་ཤེས་སམ་གསུངས། རྒྱལ་པོས་ཕྱག་གི་དོན་མི་ཤེས་ཞུས་པས།


LR16_Page_302
[མ་དཔེ་གཟིགས་ན་འདིར་གནོན།]

ངས་ལྷ་དང་རང་གཉིས་སུ་མེད་པའི་དོན་གྱི་ཕྱག་ཅིག་བཙལ་ཟིན། བརྡའི་ཕྱག་ལྷས་མི་ཐུབ་པས། ལྷ་ལ་ཡང་ཕྱག་མི་འཚལ། རྒྱལ་པོ་ལ་ཡང་ཕྱག་མི་འཚལ་གསུངས་པས། རྒྱལ་བློན་གྱི་ཐུགས་ལ། འོ་ན་ནང་པ་སངས་རྒྱས་པ་མིན་ནམ། ཕྱི་པ་མུ་སྟེགས་པ་རང་ཡིན་སྙམ་པས། རྒྱལ་པོ་ཐུགས་མ་ཆེས་གསུངས། བཱི་མ་ལས་ཆོས་གོས་གསོལ་ནས་རྫུ་འཕྲུལ་གྱིས་ཕྱག་མཛད་པ་ནི། རྣམ་པར་སྣང་མཛད་གཟུགས་སྐུ་ལ། །བཱི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ཕྱག། །ཀུན་རྫོབ་ངོ་གང་ཕྱག་འབུལ་ལོ། །ཞེས་ཕྱག་འཚལ་བའི་ཚུལ་བྱས་པས། རྣམ་པར་སྣང་མཛད་དབུའི་གཙུག་ནས་གདན་ཁྲི་ཡན་ཆད་ཚལ་པས་གས་སོ། །རྒྱལ་པོ་སྙམ་ན་མུ་སྟེགས་པ་ཡིན་ངེས་པར་འདུག་སྙམ་སྟེ་ཞལ་ངོ་ནག་ཐིང་སོང་བ་དང། ཡང་བཱི་མ་ལས། རྒྱལ་པོ་ལ་ཡིད་མ་ཆེས་སམ་མ་དགྱེས་སམ་གསུངས། མ་ལས་ཞུས་པས། ཡང་ཕྱག་མཛད་ནས། རྣམཔར་སྣང་མཛད་ཡེ་ཤེས་ལྷ་ཡི་ཕྱག །བཱི་མ་མི་ཏྲ་གཟུགས་ཀྱི་ཕུང་པོ་ཡིས། །ཡེ་ཤེས་ལྔ་ལྡན་རྟགས་ཀྱིས་དབང་བསྐུར་རོ། །ཞེས་གསུངས་ནས་རྣམ་པར་སྣང་མཛད་ཀྱི་སྤྱི་བོར་ཕྱག་བཞག་པས། སྔར་གསུངས་ནས་རྣམ་པར་སྣང་མཛད་ཀྱི་སྤྱི་བོར་ཕྱག་བཞག་པས། སྔར་བས་ཀྱང་མཚར་ཏེ་འོད་བྱུང་བས། སྔོན་ལ་དབུ་རྩེ་འོད་ཀྱིས་ཁེངས། དེ་ནས་བསམ་ཡས་དང། ལྷ་ཁང་ཐམས་ཅད་འོད་ཀྱི་ཁྱབ་པར་རབ་ནས་མཛད་དོ། །དེ་ནས་རྒྱལ་པོ་ལ་ཕྱག་བགྱིའོ་གསུངས་ནས་ཕྱག་བསྣར་བས། རྒྱལ་པོའི་ཞལ་ནས་ཁྱེད་ཕྱི་དགེ་སློང་གི་དགེ་འདུན་ཡིན་པ་དང། ནང་གསང་སྔགས་ཀྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་པར་གདའ་བས། ཕྱག་མི་མཛད་པར་ཞུ་གསུངས་པ་དང༌། བཱི་མ་ལའི་ཞལ་ནས་ཁྱོད་བོད་ཆོས་སྐྱོང་བའི་རྒྱལ་བོར་འདུག་པས་ཅིས་


LR16_Page_303
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཕྱག་འཚལ་གསུངས་ནས་ཕྱག་བཏབ་པས། རྒྱལ་པོའི་ན་བཟའ་སློབ་དཔོན་གྱི་ཕྱག་གི་འོད་ཟེར་གྱིས་ཧྲོག་ཧྲོག་འཚིགས་པས། རྒྱལ་པོས་ཡས་ཀྱི་ཕྱག་སློབ་དཔོན་ལ་བཙལ་ལོ། །དེ་ནས་སློབ་དཔོན་བཱི་མ་ལ་མི་ཏྲ་གདན་སེདྒེའི་ཁྲི་ལ་བཞུགས། གབ་རྩེ་དགུ་བརྩེགས་གདན་དུ་བཏིངས། ཟ་འོག་སྨུག་བེར་སྐུ་ལ་གསོལ། གསོལ་ཟས་ཀྱི་རྣམ་པ་མང་པོ་དྲངས། གསེར་ཕྱེ་བྲེ་གསུམ་རིན་པོ་ཆེ་དངུལ་གྱི་བུམ་པར་བླུགས་ནས་ཕུལ་བས། སློབ་དཔོན་ཞལ་ནག་ཐོམ་མེ་བཞུགས་ནས་ཅང་མི་གསུང། རྒྱལ་པོའི་ཐུགས་ལ་ལྷོ་བལ་འདོད་པ་ཅན་ད་རུག་མ་ཚིམ་པར་འདུག་སྙམ་པ་དང་སློབ་དཔོན་བཱི་མ་ལས། རྒྱལ་པོའི་ཐུ་བར་བྱེ་བ་བྲེ་གསུམ་བླུགས་ནས་དར་ཅིག་ཟུངས་ཤིག་གསུངས། རྒྱལ་པོས་ཐུ་བ་མ་ཐུབ་ཙ་ན་བྱེ་མ་གསེར་དུ་སོང་འདུག །རྒྱལ་པོ་ཆེན་པོ། ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད། རྒྱལ་པོའི་དགོངས་པ་བསྒྲུབ་པའི་ཕྱིར་རེ་ཞིག་བླང་གི་གསུངས་སོ། །སློབ་དཔོན་ཆེན་པོ་རྣམ་ལྔ་དང་པཎྜི་ཏ་སོ་སོས་བསྒྱུར་བའི་དཀར་ཆག དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང། ཁ་ཆེའི་སློབ་དཔོན་བཱི་མ་ལ་མི་ཏྲ་དང། ཟ་ཧོར་གྱི་མཁན་པོ་བོ་དྷོ་སཏཱ་དང། རྒྱ་ནག་གི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང། སིང་ག་ལའི་སློབ་དཔོན་དྷ་ན་ཤཱི་ལ་སོགས་ཏེ། མཁས་པའི་སློབ་དཔོན་ཆེན་པོ་རྣམ་པ་ལྔ་དང། གཞན་ཡང་ཤཱན་ཏིང་གརྦྷ། བི་ཤུདྡྷ་སིང་ཧཱ་


LR16_Page_304
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་པཎྜི་ཏ་མཁས་པ་རྣམས་དང། ལོ་ཙཱ་བ་སད་མི་མི་བདུན་དང། སྐ་བ་དཔལ་བརྩེགས། ཅོག་ཏོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་ཡེ་ཤེས་སྡེ། རྨ་རིག་ཆེན་མཆོག་གཉགས་ཛྙ་ན་ཀུ་མ་ར། ལོ་ཙཱ་བའི་མཚན་བུ་ལྡན་མ་རྩེ་མང། སྣུབས་ནམ་མཁའི་སྙིང་པོ། དབས་ཨ་ཙརྱ་ཡེ་ཤེས་དབྱངས། མགོ་བུམ་སྤྲུ་འབྱིན། ལོ་ཁྱི་ཆུང། དེ་ལྟར་ལོ་པཎ་ཐམས་ཅད་ཅད་སྤྱན་དྲངས་ནས། རྒྱལ་པོས་ཆོས་གསུངས་པར་ཞུ་བ་ཕུལ་ཏེ། སློབ་དཔོན་པདྨ་འབྱུང་གནས་ནི་སྐུ་པདྨ་ལས་འཁྲུངས་པ། སྤྱིར་ཁམས་གསུམ་དབང་དུ་བསྡུས་ཞིང་སྲིད་གསུམ་ཟིལ་གྱིས་གནོན་པའི་ཐུགས་དམ་གདའ། ཡུལ་ང་དུ་བྱོན་ཀྱང་ཡུལ་དེའི་ལྷ་འདྲེས་སྲོག་སྙིང་འབུལ། ཁྱད་པར་དུ་བསམ་ཡས་ཀྱི་ས་གཞི་བཏུལ་བ་ཡིན་པས། གདན་སེདྒེའི་ཁྲི་གསུམ་བརྩེགས་པའི་སྟེང་དུ་བཞུགས་སོ། །སློབ་དཔོན་བཱི་མ་ལ་མི་ཏྲ་ན་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་ཡག་རབ་ཏུ་བཞུགས་ཤིང། ཆོས་ཐམས་ཅད་རྒྱ་སྐད་དུ་མཚམས་སྦྱར་ནས། བཀའ་རྒྱ་མཚོ་སྔགས་ཕྱི་ནང། འདུལ་བ་མདོ་སྡེ། མངོན་པ་ལ་སོགས་ཆོས་ཐམས་ཅད་ལ་མངའ། མི་བརྗེད་པའི་གཟུངས་ཐོབ་པོ་ཆོས་ཀྱི་མིང་སྨོས་པས་དོན་ཝ་ལེར་མཁྱེན་པ་ཡིན་པས་གདན་སེདྒེའི་ཁྲི་རེ་རེ་ལ་བཞུགས་སོ། །པཎྜི་ཏ་གཞན་རྣམས་ནི་སེདྒེའི་ཁྲི་རེ་ལ་བཞུགས་སོ་།ལ་ཙཱ་བ་གཞན་རྣམས་ནི་དར་གྱི་གབ་རྩེའི་ཁྲེ་རེ་རེ་ལ་བཞུགས་སོ། །རྒྱལ་པོས་གསེར་གྱི་མཎྜལ་རེ་ཕུལ། རྒྱའི་གན་ཇ། བལ་པོའི་གོ་ཇ། བོད་ཀྱི་འབྲུ་ཆང༌། རྒྱ་གར་གྱི་འབྲས་ཆང། གང་ལ་གང་གསོལ། འཇིག་རྟེན་གྱི་ཞལ་ཟས་རྣམ་པར་མང་པོ་དྲངས་ནས། ཕྱག་བཙལ་སྐོར་བ་བྱས་ནས་ཞུས་པ། ཨེ་


LR16_Page_305
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ། ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང། །ཁ་ཆེའི་སློབ་དཔོན་བཱི་མ་མི་ཏྲ་དང། །ཟ་ཧོར་སློབ་དཔོན་བོ་དྷི་སཏྭ་དང། །སིང་གྷ་ལའི་སློབ་དཔོན་དྷ་ན་ཤཱི་ལ་དང། །རྒྱ་ནག་སློབ་དཔོན་ཀཱ་མ་ལ་ཤཱི་ལ། །དབུ་ཡི་མཆོད་གནས་བོད་ཀྱི་ལོ་ཙཱ་རྣམས། །བདག་ནི་ཆོས་སྐྱོང་རྒྱལ་པོར་ཞལ་འཆེས་པས། །རྒྱ་གར་ཡུལ་ན་བཞུགས་པའི་དམ་པའི་ཆོས། །བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམས། གཅིག་ཀྱང་མ་ལུས་བོད་དུ་བསྒྱུར་བར་ཞུ། །དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །དམ་པའི་ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ། །དམ་པ་ཆོས་ཀྱི་ཆར་ཆེན་དབབ་ཏུ་གསོལ། །དམ་པ་ཆོས་ཀྱི་དུང་ཆེན་འབུད་དུ་གསོལ། །དམ་པ་ཆོས་ཀྱི་གཎྜི་བརྡུང་དུ་གསོལ། །ཞེས་ཞུ་བ་ཕུལ་ལོ། །དེ་ནས་ལོ་པཎ་རྣམས། ཨཱརྱ་པ་ལོའི་གླིང་དུ་ཁྲུས་དུ་དྲངས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཁྲུས་ཁང་གླིང་དུ་ཁྲུས་བྱས་ནས། །བྱང་ཆུབ་གླིང་དུ་སེམས་བསྐྱེད་ནས། །བྱམས་པའི་གླིང་དུ་ལུང་ཡང་བསྟན། །བསམ་གཏན་གླིང་དུ་སྒོམ་གྲྭ་བཙུགས། །སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་ནས། །རྣམ་དག་གླིང་དུ་ཆོས་ཀྱང་བཤད། །ལོ་ནི་བཅུ་གསུམ་ཆོས་གྲྭ་བཙུགས། །ཨུ་རྒྱན་སྐད་དང་ཟ་ཧོར་སྐད། །ཁ་ཆེའི་སྐད་དང་སིང་ཧའི་སྐད། །རྒྱ་ནག་སྐད་དུ་བསྒྱུར་ནས་བཤད། །པཎྜི་ཏ་གང་གི་ཞལ་ངག་ནས། ལོ་ཙཱ་བ་སུའི་འགྱུར་རྒྱས་པར་མདོ་རྒྱུད་བསྟན་བཅོས་རྣམས་རང་རང་གི་གཤམ་ན་གསལ་ཞིང། འདིར་རགས་རིམ་ཙམ་བརྗོད་པ་ནི། སློབ་དཔོན་དྷ་ན་ཤཱི་ལ་དང། ཀཱ་མ་ལ་ཤཱི་ལའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས། །ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཡེ་ཤེས་སྡེ་དང་གསུམ་གྱིས་བྱས་ནས་མདོ་སྡེ་མ་


LR16_Page_306
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་དང། དཀོན་མཆོག་བརྩེགས་པ། སངས་རྒྱས་ཕལ་པོ་ཆེ་དང། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་ཐམས་ཅད་བསྒྱུར་རོ། །རྒྱའི་སློབ་དཔོན་ཀཱ་མ་ལ་ཤཱི་ལ་དང། རྨ་རིན་ཆེན་མཆོག་གིས་སྤང་ཀོང་ཕྱག་སྟོང་པ་ལ་སོགས་པ་མདོ་སྡེ་རྒྱ་ནག་ལུགས་མང་པོ་བསྒྱུར་རོ། །སློབ་དཔོན་བོ་དྷི་སཏཱ་དང། ལོ་ཙཱ་བ་མཆན་བུ་རྣམས་ཀྱིས། །མདོ་སྡེ་འདུལ་བ། མངོན་པ་གསུམ་གྱི་གཞུང་ཐམས་ཅད་བསྒྱུར་རོ། །སློབ་དཔོན་པདྨའི་ལོ་ཙཱ་བ་སྣུབས་ནམ་མཁའི་སྙིང་པོ་ལ་སོགས་པས་བྱས་ཏེ། གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་སྒྲུབ་ཐབས་མང་པོས་བསྒྱུར་རོ། །སློབ་དཔོན་བཱི་མ་ལ་མི་ཏྲའི་ལོ་ཙཱ་བ་གཉགས་ཛྙན་ཀུ་མཱ་རས་བྱས་ནས། གསང་སྔགས་ཕྱི་ནང་གི་ཆོས་མང་པོ་བསྒྱུར་རོ། །དེའི་དཀར་ཆག་བསྟན་པ་ལ། ཐོག་མར་ཤློ་ཀའི་ཚིག་བའི་བཞི་གྲངས་དང། བམ་པོའི་ཚད་བསྟན་པ་ནི། དེའང་ཚེགས་བར་བདུན་པ་ཚིགས་རྐང་བཞི་ལ་ཤློ་ཀ་གཅིག་དང། དེ་སུམ་བརྒྱ་ལ་ནི་བམ་པོ་གཅིག་གི་ཚད་ཡིན་ལ། བམ་པོ་ལ་ཆེ་ཆུང་བྱུང་བ་རྣམས་ནི། ཚེགས་བར་གྱི་ཡི་གེ་མང་ཉུང་ངམ་ཡང་ན་འགའ་ཞིག་ཚེཊ་བར་བགྲང་དཀའ་ནས་ཤོག་གྲངས་ཀྱི་སྟེང་ནས་བམ་ཚད་བརྩིས་པས་ཅུང་ཟད་འཆུགས་པར་གསལ་ལོ། །དེ་ལ་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་སུ་གཏོགས་པའི་མདོ་སྡེ་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཤློ་ཀ་འབུམ། བམ་པོ་སུམ་བརྒྱ། ཉིས་ཁྲི་ལྔ་སྟོང་པ་ཤློ་ཀ་ཉིས་ཁྲི་ལྔ་སྟོང། བམ་པོ་བདུན་ཅུ་རྩ་དྲུག་ཁྲི་བརྒྱད་སྟོང་པ་ཤློ་ཀ་དེ་སྙེད། བམ་པོ་དྲུག་ཅུ། ཤེས་རབ་ཁྲི་པ་ཤློ་ཀ་ཁྲི། བམ་པོ་སུམ་ཅུ་


LR16_Page_307
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ། བརྒྱད་སྟོང་པ་ཤློ་པ་ཤློ་ཀ་སྟོང་ཕྲག་བརྒྱད། བམ་པོ་ཉིས་ཤུ་རྩ་བཞི། །ཤེས་རབ་ཁྲི་པ་ཤློ་ཀ་དེ་སྙེད་ཅིག་ཤེར་ཕྱིན་རབ་རྩལ་གྱི་གནོན་པ་ཤློ་ཀ་ཉིས་སྟོང་ཆིག་བརྒྱ་དྲུག་ཅུ། བམ་པོ་བདུན་དང། ཤློ་ལོ་ཀ་དྲུག་ཅུ། །ལྔ་བརྒྱ་པ་ཤློ་ཀ་དེ་སྙེད་དེ། བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ། །རྡོ་རྗེ་གཅོད་པ་ཤློ་ཀ་སུམ་བརྒྱ། བམ་པོ་གཅིག་ཡུལ་བསྡུས་པའི་ཚིགས་སུ་བཅད་པ་གཉིས་བམ་པོ་གཅིག་ཚུལ་བརྒྱ་ལྔ་ཅུ་རྩ་གཅིག་ཟླ་བ་སྙིང་པོ་དང། ཡི་གེ་ཉུང་ངུ་གཉིས་ཤློ་ཀ་སུམ་ཅུ། ཤེས་རབ་སྙིང་པོ་ཤློ་ཀ་ཉིས་ཤུ་རྩ་བརྒྱད། །སྒོ་ཉིས་ཤུ་རྩ་ལྔ་པ་ཤློ་ཀ་དེ་སྙེད། ཡི་གེ་གཅིག་མ་ཤློ་ཀ་དྲུག་དང་རྐང་པ་གཅིག་དེ་དག་ནི་ཡུལ་གྱི་མདོ་བཅོ་བརྒྱད་དེ། ཤེར་ཕྱིན་བདུན་བརྒྱ་པ་ནི་དཀོན་བརྩེགས་ལེའུ་ཞེ་་དྲུག་པ་ཆུང་བ་ཡིན་ནོ། །སངས་རྒྱས་ཕལ་པོ་ཆེ་ཤློ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་སྟེ། བམ་པོ་བརྒྱ་སུམ་ཅུ་དང། ཤློ་ཀ་སུམ་ཅུ། ད་ལྟ་སྡེ་གཅིག་ཏུ་བྱས་པ་ལ། ལེའུ་བཞི་བཅུ་རྩ་ལྔའི་དང་པོ་འཇིག་རྟེན་གྱི་དབང་པོའི་རྒྱན་དང། མཐའ་ན་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་དང། འཇིག་རྟེན་ལས་འདས་པ་དང། སྡོང་པོ་བརྒྱན་པ་ནོར་བཟང་གིས་བླ་མ་བསྟེན་པ། ཞེ་ལྔ་པ་རྣམས་དང། དཀོན་མཆོག་ཏཱ་མ་ལ་བམ་པོ་ལྔ་སྟེ་གུད་ན་ཡོད་དོ། །འདིའི་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །སངས་རྒྱས་ཕལ་པོ་ཆེ་ལས་ཞེས་བྱ་བ་ཕྱིས་ནས་གཟུངས་འདུས་སུ་བཅུག་ནས་སྣང་སྟེ། འདི་གཟུངས་མ་ཡིན་པས་ཕལ་ཆེན་གྱི་ཟླ་ལ་གཞུག་གོ །འདི་དང་པོ་མ་ག་དྷ་དབྱེ་ཆོས་ཀྱི་དགོན་པར་གསུངས་པ་དང། ས་བཅུ་པ་སངས་རྒྱས་ནས་ཞག་


LR16_Page_308
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཕྲག་གཉིས་པ་ལ། གཞན་འཁྲུལ་དབང་བྱེད་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་སུ་གསུངས་པ་དང། ནོར་བཟང་གིས་བླ་མ་བསྟེན་པ་མཉན་ཡོད་ན་བཞུགས་པའི་ཚེ་བྱུང་བ་དང། དཀོན་མཆོག་ཏཱ་མ་རྒྱལ་པོའི་ཁབ་ཏུ་གསུངས་པ་ལ་སོགས་པའི་མདོ་དུ་མ་ཡོད་མོད་ཀྱི། སྔོན་དཔེ་ཉམས་པའི་ཚེ། གང་རྙེད་པ་བྲིས་པས་བར་དུ་ཆད་པ་མང་པོ་ཡོད་ལ། ཇི་སྙེད་པ་རྫོགས་སོ་ཞེས་བྱ་བ་ཡོད་དེ། གང་རྙཻད་པ་ཞེས་པའི་དོན་ནོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ། བདོ་བཞི་བཅུ་རྩ་དགུ་པ་ལ་སྡོམ་པ་གསུམ་བསྟན་པ་བམ་པོ་ཕྱེད་དང་བཞི་དང་ཤློ་ཀ་བཅུ། སྒོ་མཐའ་ཡས་རྣམ་པར་སྦྱོང་པ་བམ་པོ་བཞི། གསང་བ་བསམ་གྱིས་མི་ཁྱབ་པ་བམ་པོ་བཅུ་གཅིག་དང། ཤློ་ཀ་ཉིས་བརྒྱ། རྨི་ལམ་བསྟན་པ་བམ་པོ་གསུམ་དང་ཤློ་ཀ་བརྒྱ། འོད་དཔག་མེད་ཀྱི་ཞིང་བཀོད་པ་བམ་པོ་གསུམ། མི་འཁྲུག་པའི་བཀོད་པ་བམ་པོ་ལྔ་དང་ཤློ་ཀ་བཞི་བཅུ། གོ་ཆ་བཀོད་པ་བམ་པོ་དྲུག་ཆོས་ཀྱི་དབྱིངས་རང་བཞིན་དབྱེར་མེད་པར་བསྟནཔ་བམ་པོ་གཉིས་དང། ཤློ་ཀ་ལྔ་བཅུ། ཆོས་བཅུ་པ་བམ་པོ་གཅིག་དང་ཤློ་ཀ་ཉིས་བརྒྱ། ཀུན་ནས་སྒོའི་ལེའུ་ཤློ་ཀ་ཉིས་བརྒྱ་དང་དྲུག་ཅུ། འོད་ཟེར་ཀུན་ནས་བཀྱེ་བ་བམ་པོ་ལྔ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པ་བམ་པོ་ཉིས་ཤུ་རྩ་ཕྱེད་དང་གསུམ། དགའ་བོ་མངལ་དུ་འཇུག་པ་བམ་པོ་གཉིས། མངལ་ན་གནས་པ་བམ་པོ་གཉིས། འཇམ་དཔལ་གྱི་ཞིང་གི་བཀོད་པ་བམ་པོ་གསུམ་དང་ཤློ་ཀ་ཉིས་བརྒྱ་བཞི་བཅུ། ཡབ་སྲས་མཇལ་བ་བམ་པོ་བཅོ་ལྔ་པ་ཤློ་ཀ་ཉིས་བརྒྱ་བཞི་བཅུ། ཡབ་སྲས་མཇལ་བ་བམ་པོ་བཅོ་ལྔ་པ་ཤློ་ཀ་ཉིས་བརྒྱ་ལྔ་བཅུ། གང་པོས་ཞུས་པ་བམ་པོ་དྲུག་ཡུལ་འཁོར་སྐྱོང་གིས་


LR16_Page_309
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ་བམ་པོ་གསུམ་དང་ཤློ་ཀ་བརྒྱ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་ལྔ་བཅུ། ཀློག་ཐོབ་ཀྱིས་ཞུས་པ་བམ་པོ་གཉིས། སྒྱུ་མ་མཁན་བཟང་པོས་ལུང་སྟོན་པ་བམ་པོ་གཅིག་ཤློ་ཀ་བརྒྱ་སུམ་ཅུ། ཆོ་འཕྲུལ་ཆེན་པོ་བསྟན་པ་བམ་པོ་གཅིག་བྱམས་པ་སེདྒེའི་སྒྲ་བམ་པོ་བཞི། ཉེ་བར་འཁོར་གྱིས་ཞུས་པ་བམ་གཉིས། ལྷག་པའི་བསམ་པ་བསྐུལ་བ་བམ་པོ་གཉིས། ལག་བཟང་གིས་ཞུས་པ་བམ་པོ་གཉིས་དང་ཤློ་ཀ་བརྒྱ་རྩ་བརྒྱད། དེས་པས་ཞུས་པ་བམ་པོ་གཅིག་དཔལ་བྱིན་གྱིས་ཞུས་པ་བམ་པོ་གཅིག་བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པ་ཤློ་ཀ་ཉིས་བརྒྱ། བློ་གྲོས་བཟང་པོ་མོས་ཞུས་པ་བམ་པོ་ཕྱེད། བུ་མོ་གང་ག་མཆོག་གིས་ཞུས་པ་ཤློ་ཀ་བརྒྱད་ཅུ། བུ་མོ་མྱ་ངན་མེད་བྱིན་ལུང་བསྟན་པ་བམ་པོ་གཅིག་བུ་མོ་དྲི་མེད་བྱིན་གྱིས་ཞུས་པ་བམ་པོ་ཕྱེད་དང་གཉིས་ཡོན་ཏན་རིན་ཆེན་མེ་ཏོག་ཀུན་ཏུ་རྒྱལ་པ་བམ་པོ་ཕྱེད་དང་གཉསི། ཡོན་ཏན་རིན་ཆེན་རིན་ཆེན་མོ་ཏོག་ཀུན་ཏུ་རྒྱལ་པས་ཞུས་པ་ཤློ་ཀ་བརྒྱ་བཞི་བཅུ། ལྷའི་བུ་དཔལ་བཟང་གིས་ཞུས་པ་བམ་པོ་གཉིས། བློ་གྲོས་རབ་གནས་ཀྱིས་ཞུས་པ་བམ་པོ་བཞི། སེདྒེས་ཞུས་པ་ཤློ་ཀ་དྲུག་ཅུ། གསང་ཆེན་ཐབས་མཁས་ཡེ་ཤེས་དམ་པས་ཞུས་པ་བམ་པོ་བཞི་དང་དང་ཤློ་ཀ་བཅུ་གསུམ། བུ་མོ་རྣམ་དག་དང་བས་ཞུས་པ་བམ་པོ་ཕྱེད། །བྱམས་པས་ཞུས་པ་བམ་པོ་གཅིག་ཤློ་ཀ་བཅུ། བྱམས་པས་ཞུས་པའི་ཆོས་བརྒྱད་པ་བམ་པོ་གཅིག་འོད་སྲུངས་ཀྱི་ལེའུ་བམ་པོ་གསུམ། རིན་པོ་ཆེའི་ཕུང་པོ་བམ་པོ་གཉིས་དང་ཤློ་ཀ་བདུན་ཅུ། བློ་གྲོས་མི་ཟད་པས་ཞུས་པ་བམ་པོ་ཕྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


LR16_Page_310
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གྱིས་ཞུས་པ་བམ་པོ་གཉིས་དང་ཤློ་ཀ་བརྒྱ། གཙུག་ན་རིན་ཆེན་གྱིས་ཞུས་པ་བམ་པོ་གསུམ། དཔལ་ཕྲེང་སེདྒེའི་སྒྲ་བམ་པོ་གཉིས། དྲང་སྲོང་རྒྱལ་པས་ཞུས་པ་བམ་པོ་གཉིས་ཏེ། མདོ་རེ་ལ་ལེའུ་རེར་བྱས་པའི་ལེའུ་རིམ་པ་ཡང་དེ་ལྟར་ཡོད་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་པོ་ཏིའི་དོན་དུ་འོག་ཏུ་བྲིས་ནས་སྣང་སྟེ། གོ་རིམ་འདི་བཞིན་དུ་བྲིས་པའོ། །མདོ་སྡེ་སྣ་ཚོགས་སྡེ་གཅིག་ཏུ་བྱས་པའི་ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་ལ་འཕགས་པ་བསྐལ་པ་བཟང་པོ་ཤློ་ཀ་བདུན་སྟོང་བརྒྱད་བརྒྱ་སྟེ། བམ་པོ་ཉིས་ཤུ་རྩ་དྲུག་ཡེ་ཤེས་རྒྱས་པའི་མདོ་ཤློ་ཀ་དྲུག་སྟོང་དགུ་བརྒྱ་སྟེ་བམ་པོ་ཉིས་ཤུ་རྩ་གསུམ། རྒྱ་ཆེ་རོལ་པ་བམ་པོ་བཅོ་བརྒྱད། དགེ་བའི་རྩ་བ་ཡོངས་སུ་འཛིན་པ་ཤློ་ཀ་ལྔ་སྟོང་བཞི་བརྒྱ་སྟེ་བམ་པོ་བཅོ་བརྒྱད། ཏིང་ངེ་འཛིན་རྒྱལ་པོ་ཤློ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅུ། སྙིང་རྗེ་པདྨ་དཀར་པོ་བམ་པོ་བཅོ་ལྔ། དམ་པའི་ཆོས་པདྨ་དཀར་པོ་བམ་པོ་བཅུ་གསུམ། སའི་སྙིང་པོ་འཁོར་ལོ་བཅུ་པ་བམ་པོ་བཅུ་གསུམ། མྱ་ངན་ལས་འདས་པ་རྒྱ་གར་ལས་བསྒྱུར་བ་བམ་པོ་བཅུ་གསུམ། བམ་པོ་བཅུ་པ་བློ་གྲོམ་རྒྱ་མཚོས་ཞུས་པ་ཤློ་ཀ་སུམ་སྟོང་བམ་པ་བཅུ། སྤྲིན་ཆེན་པོ་བམ་པོ་བཅུ། བམ་པོ་བརྒྱད་པ་ལ། ལག་ཀར་གཤེགས་པ་རྒྱ་གར་ལས་བསྒྱུར་བ་ཤློ་ཀ་ཉིས་སྟོང་བཞི་བརྒྱ་སྟེ་བམ་པོ་བརྒྱད། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ཤློ་ཀ་ཉིས་སྟོང་བཞི་བརྒྱ་སུམ་ཅུ་སྟེ་བམ་པོ་བརྒྱད་དང་ཤློ་ཀ་སུམ་ཅུ་རྩ་གསུམ། དཀོན་མཆོག་


LR16_Page_311
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཤློ་ཀ་ཉིས་སྟོང་ལྔ་བརྒྱ་སྟེ་བམ་པོ་བརྒྱད་དང་ཤློ་ཀ་བརྒྱད། ནམ་མཁའ་མཛོད་ཀྱིས་ཞུས་པ་དང། དེ་བཞིན་གཤེགས་པའི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་རྩ་གསུམ་པ་བམ་པོ་བརྒྱད། བམ་པོ་བདུན་པ་ལ། མདོ་སྡེ་དཀོན་མཆོག་འབྱུང་གནས་ཤློ་ཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། དེ་བཞིན་དུ་བློ་གྲོས་མི་ཟད་པ་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ། ཆོས་ཡང་དག་པར་བསྡུས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེནཔོ་བསྟནཔ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པས། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པར་སེམས་ཀྱིས་ཞུས་པ། ད་ལྟར་གྱིས་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་སོར་མོའི་འཕྲེང་བ་ཅན་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པ་སྟེ་དགུའོ། །བམ་པོ་དྲུག་པ་ལ་ཆོས་་ཐམས་ཅད་བཀོད་པའི་རྒྱལ་པོ། སྙིང་རྗེ་ཆེན་པོ་པདྨ་དཀར་པོ། དྲི་མ་མེད་པར་གྲགས་པས་བསྟན་པ། ཕ་རོལ་ཏུ་ཕྱིན་པ་ལྔ་བསྟནཔ་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ། །ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང་དྲུག་གོ །བམ་པོ་ལྔ་པ་ལ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ཤློ་ཀ་སྟོང་ལྔ་བརྒྱ་བདུན་ཅུ་སྟེ་བམ་པོ་ལྔ་དང་ཤློ་ཀ་བདུན་ཅུ། གསེར་འོད་དམ་པ་རྒྱ་གར་ལས་བསྒྱུར་བ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཐབས་ཀྱི་ཡུལ་རྣམཔར་འཇུག་པའམ་བདེན་སྨྲའི་ལེའུ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ། རྔ་བོ་ཆེ། ཟ་མ་ཏོག་བཀོད་པ་བམ་པོ་ཕྱེད་དང་ལྔ། རྡོ་རྗེ་ཏིང་ངེ་འཛིན་རིན་པོ་ཆེའི་མདོ་སྡེ་དགུའོ། །བམ་པོ་བཞི་པ་ལ། དགོངས་པ་ངེས་པར་འགྲེལ་པ་ཤློ་སྟོང་ཉིས་བརྒྱ་ཉིས་ཤུ། ཐེག་པ་ཆེན་པོའི་མན་ངག་གི་


LR16_Page_312
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཤློ་ཀ་སྟོང་ཉིས་བརྒྱ་བཞི་བཅུ། སྟུག་པ་བཀོད་པ། ལྷག་པའི་བསམ་པ་བསྟན་པ། དཀོན་མཆོག་ཟ་མ་ཏོག་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན། ཟུང་གི་མདོ། །དེ་བཞིན་གཤེགས་པའི་མཛོད། དཀོན་མཆོག་གི་མཛོད་དེ་བཅུའོ། །བམ་པོ་གསུམ་པ་ལ། དེ་བཞིན་གཤེགས་པ་འགྲོ་བ་ཤློ་ཀ་དགུ་བརྒྱ་བདུན་ཅུ་རྩ་ལྔ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་དགུ་བརྒྱ་དང་བཅུ། ཡེ་ཤེས་སྣང་བ་རྒྱན་དགུ་བརྒྱ་དང་བརྒྱད་ཅུ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་དགུ་བརྒྱ་ཉིས་སུམ་ཅུ་རྩ་གསུམ་པའི་ལེའུ། དཔལ་ཆེན་པོའི་མདོ། །དེ་བཞིན་གཤེགས་པའི་དཔལ་ཕུན་སུམ་ཚོགས་པ། སངས་རྒྱས་འགྲོ་བ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ། ཁྱེའུ་བཞིའི་ཏིང་ངེ་འཛིན། དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ཆོས་ཐམས་ཅད་འབྱུང་བ་མེད་པ་བསྟན་པ། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ། ཆོས་ཀུན་འགྲོ་བ། སྤྲིན་ཆེན་པོ་བྱང་ཆུབ་སེམས་དཔའ་འདུས་པའི་དགའ་སྟོན་ཏེ་བཅུ་དྲུག་གོ །བམ་པོ་གནིས་པ་ལ་ནི། སྤྲིན་ཆེན་པོའི་ལེའུ་ཤློ་ཀ་བརྒྱད་བརྒྱ་ཉིས་ཤུ། སྤྲིན་ཆེན་པོ་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་འདུས་ཤིང་དགའ་སྟོན་ལ་རྩེ་བ་ཤློ་ཀ་དེ་སྙེད་ཅིག་ཐེག་པ་ཆེནཔོ་ལ་དད་པ་སྒོམ་པ་བམ་པོ་གཉིས་དང་ཤློ་ཀ་དགུ་བཅུ། ཡེ་སེས་ཕྱག་རྒྱའི་ཏིང་ངེ་འཛིན་ཤློ་ཀ་དྲུག་བརྒྱ་དྲུག་ཅུ། འཇམ་དཔལ་རྣམ་པར་རོལ་པ་ཤློ་ཀ་དྲུག་བརྒྱ་བཅུ། བྱམས་པ་འཇུག་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ། བདེན་པ་གཉིས་བསྟན་པ། སྨན་གྱི་བླ་བཻཌཱརྱའི་སྔོན་གྱི་


LR16_Page_313
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་དཀོན་མཆོག་འབྱུང་གནས། དེ་བཞིན་གཤེགས་པའི་བྱིན་རླབས་སེམས་ཅན་ལ་གཟིགས་ཤིང། སངས་རྒྱས་ཀྱི་ཞིང་བཀོད་པ་སྟོན་པ་བུ་མོ་ཟླ་མཆོག་ལུང་བསྟན་པ། བུད་མེད་འགྱུར་བ་ལུང་བསྟན་པ། འཇིག་རྟེན་ཕ་རོལ་སྒྲུབ་པ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་རྒྱ་གར་ལས་བསྒྱུར་བ། ཟླ་བ་མཆོག་གི་སྙིང་པོས་ཞུས་པ་དང། སྟག་རྣས་ཏེ་བཅུ་བདུན་ནོ། །བམ་པོ་གཉིས་པ་ལ་བམ་པོ་གཅིག་ལྷག་མ། རྡོ་རྗེ་སྙིང་པོས་ཞུས་པ་ཤློཀ་ལྔ་བརྒྱ་བདུན་ཅུ། དཔལ་དབྱངས་ཀྱིས་ཞུས་པ་ལྔ་བརྒྱ། ཕུང་པོ་གསུམ་པ་ལྔ་བརྒྱ་སུམ་ཅུ། ནམ་མཁའི་སྙིང་པོས་ཞུས་པ་དང། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གཉིས་བམ་པོ་ཕྱེད་དང་གཉིས་གཉིས། གླང་པོའི་རྩལ། དཔལ་སྦས་དང་སྤྱན་རས་གཟིཊ་ཀྱི་མདོ་དང། རིན་ཆེན་དྲྭ་བ་ཅན་དང། རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་རྣམས་རེ་རེ་བཞིན་ཤློ་ཀ་སུམ་བརྒྱ་དྲུག་ཅུ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཤློ་ཀ་བཞི་བརྒྱ། འཇམ་དཔལ་རྣམ་པར་སྤྲུལ་པ་ཤློ་ཀ་སུམ་བརྒྱ་དགུ་བཅུ་རྩ་བཞི། འཇམ་དཔལ་རྣམཔར་སྤྲུལ་པ་ཤློ་ཀ་སུམ་བརྒྱ་དགུ་བཅུ་རྩ་བཞི། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པ་ཤློ་ཀ་སུམ་བརྒྱ་ལྔ་བཅུ། ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཤློ་ཀ་བརྒྱ་བཞི་བཅུ། རྡོ་རྗེ་སྙིང་པོའི་གཟུངས་སུམ་བརྒྱ་ཉིས་ཤུ། དེ་བཞིན་གཤེགས་པའི་སྙིང་པོ་ཤློ་ཀ་སུམ་བརྒྱ་དང་བཅུ། བམ་པོ་གཅིག་པ་ལ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡོངས་སུ་དག་པ། ངེས་པ་དང་མ་ངེས་པར་འགྲོ་བ་རྒྱ་ལ་འཇུག་པ་ཚངས་པས་བྱིན་གྱིས་ཞུས་པ། ཡེ་སེས་རྒྱས་པ་ཆུང་ངུ། ཐབས་མ་མཁས་པ། སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ཆོས་ཀྱི་ཚུལ། མར་མེ་འབུལ་བ། དམ་པའི་


LR16_Page_314
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ། འདུལ་བ་རྣམ་པར་གདོན་མི་ཟ་བ། སེདྒེའི་སྒྲ་སྒྲོག་པ་གང་པོས་ཞུས་པ། གློག་འབྱིན་གྱིས་ཞུས་པ། ཐེག་པ་ཆེན་པོ་མངོན་པའི་མདོ། །དེ་བཞིན་གཤེགས་པའི་མདོའི་སྙིང་པོའོ། །བམ་པོར་མ་སླེབས་པ་ལ། དོན་དམ་པའི་ཆོས་ཀྱིས་རྣམ་པར་རྒྱལ་བ་ཤློ་ཀ་ཉེས་བརྒྱ་བརྒྱད་ཅུ། བསམ་གྱིས་མི་ཁྱབ་པ་བསྟནཔ་ཉིས་བརྒྱ་བདུན་ཅུ་རྩ་དྲུག་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་ཞུས་པ་ཉིས་བརྒྱ་བདུན་ཅུ། ཆོས་བཞི་པ་སྒྲུབ་པ་ཉིས་བརྒྱ་དྲུག་ཅུ། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་སཱ་ལུ་ལྗང་པ་ཉིས་བརྒྱ་ཉིས་བརྒྱ་དྲུག་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཁྱེའུ་རིན་ཆེན་གྱིས་ཞུས་པ་ཉིས་བརྒྱ་ཉིས་ཤུ། སྒོ་མཐའ་ཡས་པ་རིན་པོ་ཆེའི་མཐའ། མར་མེ་མཛད་ཀྱིས་ལུང་བསྟན་པ་ཉེས་བརྒྱ་རྩ་བཅུ་ལྔ་བཅུ་ཡིན་ཟེར་ཏེ་བརྟགས་སངས་རྒྱས་ཀྱི་ས་ཉིས་བརྒྱ་བློ་གྲོས་མི་ཟད་པས་ཞུས་པ་ཆུང་དུ། རིན་པོ་ཆེ་ཟླ་བས་ཞུས་པ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ། དགེ་བ་བཅུ་བཤད་པ། སངས་རྒྱས་ཀྱི་དབུ་རྒྱན། ཚངས་པས་ཞུས་པ། སངས་རྒྱས་སྨན་བླའི་མདོ་དུ་རྣམས་རེ་རེ་ལ་ཉིས་བརྒྱ། ག་ཡ་གོ་རི་ལ་བརྒྱ་དགུ་བཅུ། དེ་བཞིན་གཤེགས་པའི་སྔོ་བ་ལ་མཁས་པ་བརྒྱ་དྲུག་ཅུ། འཇམ་དཔལ་གནས་པ་བརྒྱ་བཞི་བཅུ། ཕྱོགས་བཅུའི་མུན་སེལ་བམ་པོ་ཕྱེད། རྒྱལ་པོ་གདམས་པ་བརྒྱ་དྲུག་ཅུ། བདེ་བ་ཅན་གྱི་བཀོད་པ་བརྒྱ་སུམ་ཅུ། བགྲེས་མོས་ཞུས་པ་བརྒྱ་རྩ་བཅུ། འཇིག་རྟེན་མཐུན་འཇུག་བརྒྱ་བཅུ་ཅིག་དཔལ་དབྱིག་གིས་ཞུས་པ་བརྒྱ་བཅོ་ལྔ། རྣམཔར་མི་རྟོག་པར་འཇུག་པ་དང། སངས་རྒྱས་མི་སྤང་པ་བརྒྱ་ཉིས་ཤུ། གསལ་རྒྱལ་གྱིས་ཞུས་པ། ཆོས་དང་དོན་རྣམ་པར་


LR16_Page_315
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་པ། སངས་རྒྱས་བརྒྱད་པ། འཇམ་དཔལ་གྱིས་ཞུས་པ། བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྟན་པ་རྣམས་དགུ་བཅུ་པ། བདུད་རྩི་བརྗོད་པ། བདེ་བྱེད་ཀྱིས་ཞུས་པ་གསེར་གྱི་བྱེ་མ་ལྟ་བུ། ཆོས་ཀྱི་ཕྱག་རྒྱ། ཡང་དག་པ་ཉིད་དོ་ཅོག་གི་ལེགས་པའི་ཡོན་ཏན་བཤད་པ་རྣམས་བརྒྱད་ཅུ་པ། བྱམས་པས་ཞུས་པ་ཆོས་བརྒྱད་པ། སྲིད་པ་འཕོ་བ། དཀྱིལ་འཁོར་བརྒྱད་པ། བདེ་ལྡན་མ་ལུང་བསྟན་པ། རྣམ་པར་བདུན་ཅུ་པ། ཡུལ་འཁོར་སྐྱོང་གིས་ཞུས་པ། ཆུང་ངུ་བདུན་ཅུ་རྩ་གསུམ། རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་བདུན་ཅུ་རྩ་བཞི། བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་བདུན་ཅུ་རྩ་ལྔ། སངས་རྒྱས་བཅུ་གཉིས་པ་བདུན་ཅུ་རྩ་བདུན་ནོ། །དཀྱིལ་འཁོར་བརྒྱད་པ་དྲུག་ཅུ། སྒྲ་ཆེན་པོ་དྲུག་ཅུ་རྩ་བཞི། མཚན་མོ་བཟག་པོ་དང། བཀྲ་ཤིས་པ་བརྒྱད་པ་ལྔ་བཅུ་རྩ་གཅིག་ཚངས་པའི་དཔལ་ལ་ལུང་བསྟནཔ་བཞི་བཅུ། ལྷའི་མདོ་སུམ་ཅུ་རྩ་བདུན། སྦྱིན་པའི་ཕན་ཡོན་བསྟན་པ་སུམ་ཅུ། བྱམས་པས་ཞུས་པ་ཤིན་ཏུ་ཆུང་ངུ་ལ་བཅུ་དྲུག་ཆོས་བཞི་པ་དང། ཆོས་བཞི་པ་བསྟན་པ་དང། རྟེན་འབྲེལ་བསྟན་པ་གསུམ་ལ་བཅུ་གསུམ་བཅུ་གསུམ། འཇམ་དཔལ་གྱི་བསྟཔ་པྱེད་དང་བཅོ་ལྔ། །རྒྱ་བ་བློ་གྲོས་ཀྱིས་ཞུས་པ་བཅུ་གཅིག་རྒྱ་མཚོས་ཞུས་པ་་ཆུང་ངུ་ལ་ཤློ་ཀ་བཅུའོ། །ཟས་ཀྱིས་འཚོ་བ་ཡོངས་སུ་དག་པ༌། ཕོ་རོལ་ཏུ་ཕྱིན་པ་བཅུ་བསྟན་པ། ཕ་རོལ་ཏུ་ཕྱིན་པ་བསྡུས་པ། ཤེས་རབ་བསྐྱེད་པ། དེ་བཞིན་གཤེགས་པའི་ལུང་གི་ལེའུ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན། ཚངས་པས་ལུང་བསྟན་པ། རབ་དགས་ཞུས་པ། དད་པ་ལ་


LR16_Page_316
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འཇུག་པ། སྤོབས་པའི་རྒྱན་བཀོད་པ། ཡེ་ཤེས་བསྡུས་པ། ཡེ་ཤེས་ཀྱི་མཛོད། བྱམས་པ་སྐར་གྱི་མདོ། །བྱང་ཆུབ་སེམས་དཔའ་ལུག་བསྟནཔ་རྒྱུ་སྐར་གྱི་ཚུལ་ལ་བསྟན་པ། འཇམ་དཔལ་གྱི་རྒྱུད་ལས་སྐར་མདའ་ལྟུང་བའི་ལྟས་བསྟན་པ། སངས་རྒྱས་བཅུ་པ་རྣམས་ཀྱི་ཚད་མི་སྣང་བས་ཕྱིས་བྲིའོ། །ཐེག་པ་ཆུང་ངུའི་མདོ་སྡེ་སྣ་ཚོགས་ལ་དམ་པའི་ཆོས་དྲན་པ་ཉེར་བཞག་ཤློ་ཀ་སྟོང་ཕྲག་གསུམ་ཅུ་རྩ་དྲུག་པ་ལས། བམ་པོ་བཞི་བཅུ་རྩ་གསུམ་ཡན་ཆད་བསྒྱུར། དེ་ཚིགས་བཅད་དུ་བསྡུས་པ་བམ་པོ་གཅིག་ཡང་དེའི་མདོ་ཤློ་ཀ་ཉེར་ལྔ་ལས་བརྒྱ་པ་ཤློ་ཀ་ཁྲི་ཆིག་བརྒྱ་སྟེ། བམ་པོ་སུམ་ཅུ་རྩ་བདུན། གང་པོའི་རྟོགས་བརྗོད་དྲུག་སྟོང་དྲུག་བརྒྱ་སྟེ། བམ་པོ་ཉིས་ཤུ་རྩ་གཉསི། མཛངས་བླུན་སུམ་སྟོང་དགུ་བརྒྱ་སྟེ། བམ་པོ་བཅུ་གསུམ། འཇི་རྟེན་གདགས་པ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་ལྔ། བསོད་ནམས་སྟོབས་ཀྱི་རྟོགསཔ་བརྗོད་པ། ལས་རྣམ་འབྱེད་ཆེན་པོ། བཟང་སྦྱིན་གྱི་མདོ། །རྡོ་འཕངས་པའི་མདོ། །ཚངས་པའི་དྲྭ་བ་རྣམས་ལ་བམ་པོ་གཉིས་པ། ལས་རྣམ་འབྱེད་ཆུང་དུ་བམ་པོ་གཅིག་མདོ་ཆེན་པོ་ལ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང། ཀུན་ཏུ་རྒྱ་བ་མ་ཡིན་པ་དང། མཐུན་པ་སུམ་བརྒྱ་ལྔ་བཅུ། མདོ་ཆེན་པོ་སྒྱུ་མའི་དྲྭ་བ་བཞི་བརྒྱ་དང་བཞི་བཅུ། མདོ་ཆེན་པོ་འདུས་པ་བམ་པོ་གཅིག་མདོ་ཆེན་པོ་ལྔ་གསུམ་པ་ཉིས་བརྒྱ་ཉིས་ཤུ། མདོ་ཆེན་པོ་གཟུགས་ཅན་སྙིང་པོས་བསུ་བ་དང། མདོ་ཆེན་པོ་སྟོང་པ་ཉིད་ཆེན་པོ་གཉིས་བམ་པོ་ཕྱེད་ཕྱེད། མདོ་ཆེན་པོ་སྟོང་པ་ཉིད་ཤློ་ཀ་དགུ་


LR16_Page_317
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། མདོ་ཆེན་པོ་རྒྱལ་མཚན་མཆོག་གཉིས་བརྒྱད་ཅུ་པ། མདོ་ཆེན་པོ་སྟོང་པ་ཉིད་རེན་ཅིང་འབྲེལ་བར་འབྱུང་པ་བདུན་ཅུ་པ། ཆོས་ཀྱི་རྣམ་གྲངས་ལ་དོན་རྣམཔར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ངམ་པོ་གཅིག་དོན་རྣམཔར་ངེས་པའི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་བརྒྱ་པ། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་དང། དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་རྣམ་གྲངས་ཤློ་ཀ་ཉིས་གྲངས་དང། རྨད་དུ་བྱུང་པའི་ཆོས་ཀྱི་རྣམ་གྲངས་བདུན་ཅུ་པ། གནས་བརྟན་སྤྱན་དྲངས་པ། ཚེའི་མཐའི་མདོ། །ཚེ་འཕོ་བ་ཇི་ལྟར་འགྱུར་བའི་མདོ། །དགའ་བ་ཅན་གྱི་མདོ། །མང་པོ་འདུས་པའ་མདོ། །སྐྱེས་བ་དམ་པའི་དམོ་རྣམས་ཤློ་ཀ་ཉིས་བརྒྱ་པ། ཆོས་ཀྱི་ཕུང་པོ་བམ་པོ་ཕྱེད། བྱམས་པས་ལུང་བསྟནཔ་བསོད་ནམས་ཀྱི་མདོ། །བསོད་ནམས་གདགས་པའི་མདོ། །ཕག་མོའི་རྟོགས་པ་བརྗོད་པ། གང་ཟག་གི་མདོ། །ཀླུའི་རྒྱལ་པོ་ལྔའི་ཚིགས་སུ་བཅད་པ། གསལ་རྒྱལ་གྱི་ཚིགས་བཅད་གྲོང་ཁྱེར་གྱི་འཚོ་བ། ཡི་གེ་མེད་པའི་ཟ་མ་ཏོག་རྣམཔར་སྣང་མཛད་ཀྱི་སྙིང་པོ་རྣམས་ཤློ་ཀ་བརྒྱ་པ། མཆོད་རྟེན་བསྐོར་བའི་ཚིགས་བཅད་བདུན་ཅུ་པ། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བསྟན་པ་དྲུག་ཅུ། ཁང་བ་བརྩེགས་་པ་དྲུག་ཅུ། ཁྱིམ་བདག་འདུ་ཤེས་ཀྱི་མདོ་དང། རྟེན་འབྲེལ་གྱི་མདོ་དང། དགའ་བོ་རབ་ཏུ་བྱུང་བའི་མདོ་གསུམ་ལྔ་བཅུ་པ། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ་བཞི་བཅུ་པ། གསུམ་ལ་སྐྱབས་སུ་འགྲོ་བ་ཅུ་པ། གནས་འཇོག་དང། གཞོན་ནུ་དཔེའི་མདོ་གཉིས་ལ་ཉིས་ཤུ་པ། གསེར་མདོག་གི་སྔོན་གི་སྔོན་གྱི་སྦྱོར་བ་བརྒྱད་ཅུ་བདུན། ཟླ་བའི་མདོ་སུམ་ཅུ། ལྷའི་མདོ་མྱུ་གུ་བཅུ་བདུན།


LR16_Page_318
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ། །མཎྜལ་འབུལ་བའི་ཕན་ཡོན་བསྟན་པ། ཆོས་བཞི་པའི་མདོ། །མི་རྟག་པ་ཉིད་ཀྱི་མདོ་བཞི་བཅོ་ལྔ་པ། སྟག་མོའི་བུ་མོས་ཞུས་པ་དགུ་འདུ་ཤེས་བཅུ་བསྟན་པ་ཤློ་ཀ་བརྒྱད་དོ། །ཆེད་དུ་བརྗོད་པའི་མདོ། །རྣམཔར་གྲོལ་བའི་ལམ་སྦྱང་པ། རི་མོའི་མཚན་ཉིད་བསྟན་པ། འཇིག་རྟེན་ཕ་རོལ་སྒྲུབ་པ། ལས་ཀྱི་འགྱུར་བ་བསྟན་པ། དགེ་བ་བཅུ་དང་དུ་བླངས། ལུས་འཕགས་མའི་མདོ། །སྒྲ་ཆེན་པོ་སྤང་ཀོང་ཕྱག་བརྒྱ་པ། ཚད་མེད་པ་བསྟན་པ་རྣམས་ལ་ཚད་མེད་པ་ཕྱིས་བྲིའོ། །གཟུགས་སྣ་ཚོགས་ལ་གཟུངས་དང་དང་ཤློ་ཀ་ཞེས་ཀུན་ལ་སྦྱར་ཏེ་བསྲུང་བ་ལྔ་ལ། རྨ་བྱ་ཆེན་པོ་ཤློ་ཀ་བདུན་བརྒྱ། སྟོང་ཆེན་རབ་འབྱམས་ལ་བམ་པོ་གཉིས། སོར་སོ་འབྲེང་མ་བཞི་བཅུ། བསིལ་བའི་ཚལ་ཉིས་བརྒྱ་བརྒྱད་ཅུ། གསང་སྔགས་རྗེས་འཛིན་བརྒྱ་བཞི་བཅུ། རྡོ་རྗེ་རི་རབ་ཁང་བུ་བརྩེགས་པ་ཤློ་ཀ་བདུན་བརྒྱ། ནོར་བུ་རྒྱས་པའི་གཞལ་མེད་ཁང་བུ་བརྩེགས་པ་ཤློ་ཀ་བདུན་བརྒྱ། ནོར་བུ་རྒྱས་པའི་གཞལ་མེད་ཁང་གསང་བ་དམ་པ་སྙིང་རྗེ་རིན་པོ་ཆེའི་རང་བཞིན། རྡོ་རྗེ་མཆུ། རྡོ་རྗེ་གནམ་ལྕགས་མཆུ། ལྕགས་མཆུ་གཉིས། ལྕགས་མཆུ་ནག་པོ་རྣམས་བམ་པོ་གཉིས། སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་ཀླུ་ཐམས་ཅད་ཀྱི་སྙིང་པོ་བམ་པ་གཅིག་དེ་ཆུང་ངུ་ལ་ཉིས་བརྒྱ་ཉིས་ཤུ། སྟོབས་པ་ཆེ། བྱང་ཆུབ་རྒྱན་འབུམ། འོད་ཟེར་དྲི་མེད། གཙུག་གཏོར་དྲི་མེད་ཉིས་བརྒྱ་ལྔ་བཅུ། སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར་བ། རྒྱ་གར་ལས་བསྒྱུར་བ་ཉིས་བརྒྱ་བཞི་བཅུ། མེ་ཁ་ལ་ཉིད་བརྒྱ་ཉིས་ཤུ་རྩ་ལྔ། ངན་འགྲོ་ཐམས་ཅད་སྦྱོང་བའི་གཙུག་གཏོར་རྣམ་རྒྱལ། གཙུག་


LR16_Page_319
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གདུགས་དཀར། དོན་ཡོད་ཞགས་པ། ཚེ་དཔག་མེད། རིག་པའི་རྒྱལ་མོ་རྒྱལ་བ་ཅན་རྣམས་བརྒྱ་ཉིས་ཤུ། རིགས་ཀྱི་སྔགས་རྒྱལ་མོ་རྒྱལ་བ་ཅན་དང། སྒྲོལ་མ་མཆོག་གཉིས་བམ་པོ་ཕྱེད་པ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ་དང། ཡངས་པའི་གྲོང་ཁྱེར་དུ་འཇུག་པ། སྣང་བརྒྱད་རྣམས་སུམ་བརྒྱ། སངས་རྒྱས་བདུན་པ་བརྒྱ་དང་ལྔ། སྒོ་བཟང་པོ་བརྒྱ་རྩ་བཅུ། དྲི་མ་མེད་ལ་བརྒྱད་ཅུ་རྩ་བདུན། ཆོས་ཀྱི་རྒྱ་མཚོ་བརྒྱད་ཅུ། ནོར་གྱི་རྒྱུན་དང། རོ་ལངས་བདུན་པ་བརྒྱད་ཅུ་རྩ་དྲུག་རྡོ་རྗེ་མི་ཕམ་མེ་ལྟར་རབ་ཏུ་རྨོངས་བྱེད་བདུན་ཅུ་པ། གཟའི་ཡུམ་དྲུག་ཅུ་པ། གསེར་ཅན་དང། རྒྱ་ཆེན་ཤུགས་ལྡན་གྱི་གཏོར་མ་དག། སྙིང་རྗེ་མཆོག་དང། རྡོ་རྗེ་མཆོག་རྣམས་ལྔ་བཅུ་པ། སངས་རྒྱས་ཀྱི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་ལྔ་བཅུ་རྩ་ལྔ། ཀུན་ཏུ་བཟང་པོ་ལྔ་བཅུ་རྩ་ཕྱེད་དང་གསུམ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ལྔ་བཅུ་རྩ་གསུམ། མེ་ཏོག་བརྩེགས་པ་ལྔ་བཅུ་རྩ་ལྔ། གཟུངས་ཆེན་པོ་ཞེས་བྱ་བ་ལྔ་བཅུ་རྩ་བདུ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན། བདུད་རྩི་ཐལ་སྦྱོར་རྟེན་འབྲེལ་སྙིང་པོའི་ཆོ་ག་ནི་ལ་ཀན་ཐ། ལུན་ནས་འོད། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྣམས་བཞི་བཅུ་པ། བེ་ཅོན་ཆེན་པོ་བཞི་བཅུ་རྩ་བཞི། འགྲོ་ལྡིང་གི་རིག་སྔགས་བཞི་བཅུ་རྩ་ལྔ། གློག་བཟློག་གཙུག་གི་ནོར་བུ་ཞེས་བྱ་བ་བཞི་བཅུ་རྩ་བརྒྱད། ཙན་དན་གྱི་ཡན་ལག་སུམ་ཅུ་རྩ་དགུ་སངས་རྒྱས་ཀྱི་སྙིང་པོ་དང། སའི་དབང་པོ་གཉིས་སུམ་ཅུ་རྩ་བརྒྱད། དབྱིག་དང་ལྡནཔ་དང། ཕྱིར་བཟློག་པ་རྣམ་པར་རྒྱལ་བ་ཅན་གཉིས་སུམ་ཅུ་རྩ་བདུན། ཚེ་དཔག་མེད་ཡི་སྙིང་པོ་དང། སྤྱན་


LR16_Page_320
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་དབང་ཕྱུག་གི་ཡུམ་དང། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་འཕྲེང་བ་རྣམས་སུམ་ཅུ་རྩ་དྲུག་པ། རྡོ་རྗེ་རྣམ་འཇོམས་དང། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་གསུམ་ཅུ་རྩ་ལྔ། གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་སུམ་ཅུ་རྩ་བཞི་པ། དབང་བསྐུར་བ་དང། ལྷ་མོ་བརྒྱད་སུམ་ཅུ་རྟ་གསུམ་པ། མིག་རྣམ་པར་སྤྱོད་པ་སུམ་ཅུ་རྩ་གཉིས་པ། ཧ་ཡ་གྲྀ་བ་སུམ་ཅུ་པ། ཁ་འབར་མའི་གཏོར་མ་དང། འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཉིས་ཤུ་པ། ལག་ན་རྡོ་རྗེའི་མིང་བརྒྱད་གསང་སྔགས་ཀྱིས་བསྐོར་བ། བར་དུ་གཅོད་པ་ཐམས་ཅད་སྦྱོང་པ་དང། དགུ་སེལ་རྣམས་ཉིས་ཤུ་གཅིག་པ། རྡོ་རྗེ་འཇིགས་བྱེད་དང༌། དཀྱིལ་འཁོར་བརྒྱད་པ་དང། འོད་ཟེར་ཅན་དང། གཞང་འབྲུམ་ཞི་བྱེད་རྣམས་ཉིས་ཤུ་རྩ་ལྔ་པ། ལག་ན་རྡོ་རྗེ་བཅུའི་སྙིང་པོ་ཉིས་ཤུ་རྩ་གསུམ་པ། ཡི་གེ་དྲུག་མའི་རིག་སྔགས་བཅུ་དགུ་པ། སྒོ་དྲུག་པ་བཅོ་བརྒྱད་པ། མདངས་ཕྱིར་འཕྲོག་པ་བཅུ་བདུན་པ། མཆོད་པ་སྤྲིན་དག། ཚོགས་བདག་གི་སྙིང་པོ་བཅུ་དྲུག་པ། ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་དང། ལྷའི་བུནོརབུ་བཟང་པོའི་སྙིང་པོ་དང། ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་རྣམས་བཅོ་ལྔ་པ། རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་རིམས་ནད་ཞི་བྱེད་བཅུ་བཞི། ཕྱིར་བཟློག་པ་སྟོབས་ཅན། ནད་རབ་ཏུ་ཞི་བྱེད། ལྷ་མོ་ནག་མོ། །བུ་མང་པོ་སྟོན་པ། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་རྣམས་བཅུ་གསུམ། རྒྱ་མཚོ་དུང་སྐྱོང། དག་པོས་ཞུས་པ་གསུམ། རིམས་ནད་རང་ཏུ་ཞི་བྱེད་རྣམས་བཅུ་གཉིས། དཔལ་ཆེན་མོའི་མདོ་བཅུ་གཅིག་འབྲུམ་བུའི་ནད་རབ་ཏུ་ཞི་བྱེད།


LR16_Page_321
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སེལ་བའི་མདོ། །ནོར་བུ་བཟང་པོའི་གཟུངས། པརྞ་ཤ་བ་རེ། གནོད་འཛིན་ཆུ་དབང་སྙིང་རྗེ་ཅན། བདེ་བྱེད། འཇིགས་པ་ཆེནཔོ་བརྒྱད་ལས་སྒྲོལ་བ་རྣམས་བཅུ། སྟག་མོའི་བུ་མོས་ཞུས་པ་དང། ཐམས་ཅད་ཀྱི་ཡུལ་གཉིས་དགུ། དཔལ་ཆེན་མོའི་མཚན་བཅུ། ནག་མོ་ཆེན་པོ། མིག་ནད་ཞི་བྱེད། སྟོང་བསྒྱུར་ན་གསུམ་བདུན། ཤེས་རབ་འཕེལ་བ་ཤློ་ཀ་ལྔའོ། །ཡོན་ཡོངས་སུ་སྦྱོང་བ། གསང་པ་རིང་བསྲེལ། ཟ་་མ་ཏོག། དམ་པའི་ཆོས་འདུལ་བ་ལ། འདུལ་བའི་ལུང་བཞི་ཤློ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་སྟེ། བམ་པོ་བརྒྱ་དང་དགུ འདུལ་བ་ལུང་རྣམ་པར་འབྱེད་པ་ཉིས་ཁྲི་ལྔ་སྟོང་སྟེ། བམ་པོ་བརྒྱད་ཅུ་རྩ་གསུམ་དང། བམ་པོ་གསུམ་ཆ། ལུང་ཕྲན་ཚེགས་ཁྲི་བདུན་སྟོང་བདུན་བརྒྱ་སྟེ། བམ་པོ་ལྔ་བཅུ་རྩ་དགུ། སྒོ་བརྒྱད་ལས་དྲུག་ཡན་ཆད་བསྒྱུར། གཞུང་དམ་པ་ཁྲི་ལྔ་སྟོང་དགུ་བརྒྱ། བམ་པོ་ལྔ་བཅུ་རྩ་གསུམ། འདི་ལ་ལེའུ་བཅུ་གཅིག་སྟེ། ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས་པ། ལྔ་ཚན། བཅུ་དྲུག་ཚན། གླིང་གཞི། རྐྱང་པ། གཏམ་གྱི་གཞི། མ་ན་བི་ག་མ་མོ་ལུས་སོགས་བསྟན་པའོ། །འདུལ་བ་ཞུས་ལན་བམ་པོ་བཅུ་གཅིག་ཡན་ཆད་བསྒྱུར། དགེ་སློང་མའི་རྣམ་འབྱེད་བརྒྱད་སྟོང་བཞི་བརྒྱ་སྟེ། བམ་པོ་ཉིས་ཤུ་རྩ་བཞི་དང་ཤློ་ཀ་བརྒྱ། དགེ་སློང་ཕའི་སོ་སོ་ཐར་པ་བདུན་བརྒྱ། དགེ་སློང་མའི་སོ་སོ་ཐར་པ་བརྒྱད་བརྒྱ་སྟེ། འདི་གཉིས་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་གྱིས་བྱས་པར་འདོད་དོ། །དེ་དག་གི་འགྲེལ་པ་ལ་ལུག་བཞིའི་འགྲེལ་པ་བམ་པོ་བཅུ་གསུམ་མན་ཆད། ལུང་རྣམ་འབྱེད་ཀྱི་བཤད་པ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅུ་བདུན། ཕྲན་ཚེགས་ཀྱི་


LR16_Page_322
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་བམ་པོ་གཉིས། ཡང་འགྲེལ་པ་དཔེ་ཁྱེར་མ་གཞུང་བླ་མའི་འགྲེལ་པ་བམ་པ་ཉིས་ཤུ། ཕའི་སོ་སོ་ཐར་པ་ལ་ཊཱིཀ་བམ་པོ་བརྒྱ་དང་བཅུ་གཉིས་པ། བམ་པོ་ལྔ་བཅུ་པ། འདུལ་བ་བསྡུས་པ་བཞི་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅོ་ལྔ། མའི་སོ་སོ་ཐར་པའི་ཊཱིཀ་བམ་པོ་གཉིས། ལས་བརྒྱ་ཉིས་ཤུ་རྩ་གཅིག་པ་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས། འདུལ་བ་མདོ་སྡེ་ཉིས་སྟོང་བདུན་བརྒྱ་སྟེ་བམ་པོ་དགུ། དེའི་རྒྱ་ཆེར་འགྲེལ་པ་ཉིས་ཁྲི་ཆིག་སྟོང་སྟེ་བམ་པོ་བདུན་ཅུ། མདོའི་འགྲེལ་པ་ཤེས་རབ་འགྲེལ་གྱིས་བྱས་པ་དང། ཡོན་ཏན་འོད་ཀྱིས་བྱས་པ་གཉིས། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་བརྒྱ། དེའི་ཊཱིཀ་དྲུག་བརྒྱ་དྲུག་ཅུ་རྩ་བཞི་སྟེ། བམ་པོ་ལྔ་དང་ཤློ་ཀ་བརྒྱ་དྲུག་ཅུ་རྩ་བཞི། སུམ་བརྒྱ་པ་བམ་པོ་གཅིག་གི་འགྲེལ་པ་འོད་ལྡན་ཉིས་སྟོང་བཞི་བརྒྱ་སྟེ། བམ་པོ་བརྒྱད་དང་ཀཱ་རི་ཀ་ལྔ་བཅུ་དང། ཆོས་ཀྱི་ཚོང་དཔོན་གྱིས་བྱས་པའི་འདུལ་བ་ལ། བསྟོད་པ་དང། དེའི་འགྲེལ་པ་སློབ་དཔོན་དུས་ལྷས་བྱས་པ། དགེ་སྦྱོང་གི་ཚུལ་སྙིང་པོས་མཛད་པ་བམ་པོ་གཉིས་དང་ཤློ་ཀ་བདུན་ཅུ། རྣལ་འབྱོར་སྤྱོད་པའི་ས་ལས་དགོངས་འགྲེལ་ཉི་ཚེ་བཤད་པ་ལ་སོགས་ཤིན་ཏུ་ཆུང་བ་བམ་པོ་གཅིག་དང་ཤློ་ཀ་དྲུག་ཅུ་སྟེ་ལྔའོ། །སཱ་ལུ་ལྗང་པའི་རྒྱ་ཆེར་འགྲེལ་བ་བམ་པོ་ཕྱེད་དང་གཉིས། སཱ་ལུ་ཇང་པའི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཚིཊ་བཅད་དུ་བསྡེབས་པ་བམ་པོ་གཅིག་སངས་རྒྱས་ཀྱི་སའི་བཤད་པ་བམ་པོ་གསུམ་དང་ཤློ་ཀ་བཞི་བཅུ། སངས་རྒྱས་ཀྱི་སའི་བསྡུས་དོན་ཤློ་ཀ་བརྒྱ། སངས་རྒྱས་ཀྱི་སའི་ཚིག་གི་དོན་བསྡུས་པ་ཤློ་ཀ་བརྒྱད་ཅུ། བློ་གྲོས་མི་ཟད་པས་བསྟན་པའི་འགྲེལ་པ་བམ་པོ་ཉིས་


LR16_Page_323
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ། ག་ར་ཡམ་གོ་རིའི་བཤད་པ་དབྱིག་གཉེན་གྱིས་བྱས་པ་བམ་པོ་ཕྱེད། ག་ར་གོ་རིའི་མདོ་དང་སྤེལ་མར་བཤད་པ་བམ་པོ་ཕྱེད་དང་གསུམ། རྣམ་པར་མི་རྟོག་པར་འཇུག་པའི་འགྲེལ་པ་བམ་པོ་གཉིས། ཆོས་བཞི་པའི་རྒྱ་ཆེར་འགྲེལ་པ་ཡེ་ཤེས་བྱིན་གྱིས་བྱས་པ་བམ་པོ་ཕྱེད། དོན་དམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་འགྲེལ་པ་བམ་པོ་བདུན། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ཀྱི་བཤད་པ་ཚིགས་བཅད་ཡེ་ཤེས་སྙིང་པོས་བྱས་པ་ཤློ་ཀ་བརྒྱ་དགུ་བཅུ། དེས་བྱས་པ་སྒོ་མཐའ་ཡས་པའི་རྒྱ་ཆེར་འགྲེལ་པ་སྟོང་སུམ་བརྒྱ་བཅོ་ལྔ། སྒོ་དྲུག་པའི་བཤད་པ་སུམ་ཅུ་རྩ་གཅིག་སྒོ་དྲུག་པའི་གཟུངས་ཀྱི་བཤད་པ་དང། རྒྱ་ཆེར་འགྲེལ་པ་བཞི་བརྒྱ་ལྔ་བཅུ་རྩ་དྲུག་རྟེན་འབྲེལ་གྱི་ཚིགས་བཅད་ཀྱི་བཤད་པ་ཤློ་ཀ་དགུ་བཅུ། ཚིགས་སུ་བཅད་པ་གཉིས་ཀྱི་འགྲེལ་པ་སློབ་དཔོན་མཛེས་བཀོད་ཀྱིས་མཛད་པ་ཉིས་བརྒྱ། རྣམ་པར་སྣང་མཛད་ལ་བསྟོད་པ་རྡོ་རྗེའི་འཛིན་གྱི་དབྱངས་བཤད་པ་བརྒྱ་རྩ་བཅུ། ཆུབ་དུ་སེམས་བསྐྱེད་པའི་བཤད་པ་ཉིས་བརྒྱ། བཟང་སྤྱོད་ཀྱི་འགྲེལ་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་ལ་བརྒྱད་བརྒྱ། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ལ་ལྔ་བརྒྱ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་རྒྱན་བཟང་པོས་མཛད་པ་གཉིས་ལ་བམ་པོ་ཕྱེད་དང་གཉིས་གཉིས་སོ། །རྒྱ་གར་ལས་དཔེ་མ་རྙེད་པ་རྣམས་ནི། རྒྱ་ནག་དང། ལི་ལས་བསྒྱུར་བས། དང་པོ་རྒྱ་ལས་བསྒྱུར་བའི་མདོ་ནི། མྱ་ངན་ལས་འདས་པ་ཆེན་པོ་ཤློ་ཀ་ཁྲི་དྲུག་སྟོང་བརྒྱད་བརྒྱ་སྟེ་བམ་པོ་ལྔ་བཅུ་རྩ་དྲུག་ཡང་


LR16_Page_324
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་སྤྱོད་པའི་ཚུལ། ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་སྟོང་སུམ་བརྒྱ་སྟེ། བམ་པོ་གཅིག་ལྷག་ལང་ཀར་གཤེགས་པ་ལའང་དེ་སྙེད་ཅིག་གསེར་འོད་དམ་པ་སུམ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཅུ་ལྒག་སངས་རྒྱས་ཀྱི་ཐབས་ལ་མཁས་པ་ཆེན་པོས་དྲིན་ལ་ལན་གླན་པ་བམ་པོ་ཕྱེད་དང་བརྒྱད། རྡོ་རྗེའི་ཏིང་ངེ་འཛིན་བམ་པོ་དྲུག་སངས་རྒྱས་ཀྱི་མཛོད་དང། མ་སྐྱེས་དགྲའི་འགྱོད་པ་བམས་བ་བམ་པོ་ལྔ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་བདུན་བརྒྱ་བཅུ་གཉིས། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་བདུན་བརྒྱ་པ། ཡོངས་སུ་བསྔོ་བའི་འཁོར་ལོ་དང། གཙུག་ཏོར་ཆེན་པོ་བདུན་ཀྱི་ལེའུ་བམ་པོ་གཉིས་པ། ཆོས་ཆུབ་སེམས་དཔའི་སོ་སོ་ཐར་པ་བདུན་བརྒྱ་པ། ཡོངས་སུ་བསྔོ་བའི་འཁོར་ལོ་དང། གཙུག་ཏོརྀཾ་ན་པོ་བདུད་ཀྱི་ལེའུ་བམ་པོ་གཉིས་པ། ཆོས་ཀྱི་རྒྱལ་མོ་སེམས་ཅན་གྱི་སྐྱེ་འཆིའི་རྩ་བ་བསྟན་པ་དོན་རྒྱས་པ། སྣང་བརྒྱད་རྣམས་བམ་པོ་གཅིག་པ། སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་འཁོར་ལོར་བསྒྱུར་བའི་གཟུངས། རྷཾ་བྱ་ཐབས་དང་བཅས་པ་ཉིས་བརྒྱ་བཞི་བཅུ་པ། ཁྱད་པར་ཅན་གྱི་གཟུངས་བདུན་ཅུ་རྩ་ལྔ་པ་རྣམས་སོ། །མདོའི་འགྲེལ་པ་ལ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་སློབ་དཔོན་རྫོགས་དཔལ་གྱིས་མཛད་པ་བམ་པོ་བདུན་ཅུ་རྩ་བཞི་པ། ཡང་བམ་པོ་དགུ་པ་གཅིག་དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ་ཤློ་ཀ་དྲུག་སྟོང་སྟེ་བམ་པོ་ཉིས་ཤུ། རྡོ་རྗེ་གཅོད་པའི་ཊཱིཀ་བམ་པོ་ལྔ། ལང་དཀར་གཤེགས་པའི་བསྡུས་དོན་བམ་པོ་གསུམ། ཡང་ལང་དཀར་གཤེགས་པའི་ཊཱིཀ་ཁྲི་ཉིས་སྟོང་དྲུག་བརྒྱ་སྟེ་བམ་པོ་བཞི་བཅུ་རྩ་གཉིས། ཆོས་ཀྱི་རྒྱལ་མོའི་བཤད་པ་བམ་པོ་བཞི། ཆོས་ཀུན་མཆོག་ལ་ཅིག་ཅར་འཇུག་པའི་སྒྲོ། མཁན་པོ་བདུན་བརྒྱུད་ཀྱི་མདོ་ཞེས་བྱ་བ་བ་བམ་པོ་གཉིས། སློབ་དཔོན་དར་མ་དྷ་རས་མཛད་པའི་


LR16_Page_325
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་ཡི་གེ་བམ་པོ་གསུམ། མཁན་པོ་བོ་དྷི་སཏཱས་མཛད་པ་ལྔ་བཅུ་པ། མ་བྱིན་པ་ལེན་པའི་སྐབས་ནས་མཁན་པོ་བཞིས་དཔྱད་པ་མཛད་པ་ཉིས་ཤུ་པ། སྡེ་པ་བཅོ་བརྒྱད་ཀྱི་མིང་དང་རིམ་པ་དུལ་བ་ལྷས་མཛད་པ་དྲུག་ཅུ་རྩ་ལྔ། གཞུང་ཐ་དད་པ་རིམ་པར་བཀླག་པའི་འཁོར་ལོ་ལས་སྡེ་ཐ་དད་པར་བསྟན་པ་ལྔ་བཅུ་པའོ། །ཐེག་པ་ཆུང་ངུའི་མངོན་པ་ལ། ཆོས་མངོན་པ་མཛོད་ཀྱི་རྩ་བ་བམ་པོ་གཉིས་དང་ཤློ་ཀ་བརྒྱ། དེའི་རང་འགྲེལ་བམ་པོ་སུམ་ཅུ། དེའི་འགྲེལ་བཤད་སློབ་དཔོན་གྲགས་པ་བཤེས་གཉེན་གྱིས་མཛད་པོས་བྱས་པ་མདོ་དང་མཐུན་པ་བམ་པོ་བཅོ་ལྔ། སློབ་དཔོན་ཞི་བའི་ཟླ་བས་མཛད་པ་བམ་པོ་བཅུ་བཞི། མངོན་པ་མཛོད་ཀྱི་ཐབས་བསྡུས་པ་བམ་པོ་བཅུ། སློབ་དཔོན་དབྱིག་གཉེན་གྱི་མཛད་པ། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་ཆོས་མངོན་པ་འཇུག་པའི་བམ་པ་ཕྱེད་དང་གསུམ། དེའི་རྒྱ་ཆེར་འགྲེལ་པ་སྙིང་པོ་ཀུན་ལས་བསྡུས་པ་སྟོང་བརྒྱད་བརྒྱ་ལྔ་བཅུ་སྟེ་བམ་པོ་དྲུག་དང་ཤློ་ཀ་ལྔ་བཅུ། མངོན་པ་ལ་འཇུག་པའི་འགྲེལ་པ་བམ་པོ་ལྔ། ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སྟོང་དགུ་བརྒྱད་ཅུ་རྩ་ལྔ་སྟེ་བམ་པ་དྲུག་དང་བརྒྱད་ཅུ་ལྔ་རྩ། དེའི་བཤད་པ་སུམ་སྟོང་སུམ་བརྒྱ་སྟེ་བམ་པ་བཅུ་གཅིག་ཕུང་པོ་ལྔ་རབ་འབྱེད་བརྒྱ་སུམ་ཅུ་རྩ་གཉིས། དེའི་འགྲེལ་པ་སློབ་དཔོན་བློ་གྲོས་བརྟན་པས་བྱས་པ་སྟོང་ལྔ་བརྒྱ་ལྔ་བཅུ་རྩ་གཅིག་སྟེ་བམ་པོ་ལྔ་དང་བཅུ་རྩ་གཅིག་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ལ་བདུན་བརྒྱ། སློབ་དཔོན་པདྨའི་རྩ་ལག་གིས་མཛད་པ་ལ་བམ་པ་ལྔ། བཞི་ལྔ་ཕྲུགས་ལ་བམ་


LR16_Page_326
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསུམ། ཆེད་དུ་བརྗོད་པའི་ཚོམས་ལམ་པོ་བཞི། དེའི་འགྲེལ་པ་སྟོང་ཕྲག་བཅུ་གཉིས་པ། གནས་བརྟན་སྤྱན་དྲངས་པ་བམ་པོ་གཅིག་དང་ཤློ་ཀ་བརྒྱད། བཙུན་པ་ཆོས་ལྡན་གྱི་རབ་འབྱོར་དྲན་པ་ཉེར་བཞག་གི་ཚིག་ལེའུར་བྱས་པ་བརྒྱ་པ། ས་སྡེ་ལྔ་ནི་འདིར་ཐེག་པ་གསུམ་དང། སྡེ་སྣོད་གསུམ་ཀ་ཚང་པ། དེ་དག་ཕྱོགས་གཅིག་ཏུ་མི་རུང་གི་ལྟ་བ། སེམས་ཙམ་ཡིན་པས་ལོ་པཎ་རྣམས་ཀྱིས་སེམས་ཙམ་དུ་བཤད་པས་འདིར་མི་བྲོའོ། །སེམས་ཙམ་གྱི་བསྟན་བཅོས་ལ་རྣལ་འབྱོར་སྤྱོད་པའ་ས་བཞི་ཁྲི་ཉིས་སྟོང། བམ་པོ་བརྒྱ་བཞི་བཅུ་ལ་ས་མང་པོ་ལ་བདུན་སྟོང་བརྒྱད་བརྒྱ་སྟེ་བམ་པོ་ཉིས་ཤུ་རྩ་དྲུག་དེའི་ལེའུ་ལ་ཉན་ཐོས་ཀྱི་ས་ལྔ་སྟོང་བཞི་བརྒྱ་སྟེ་བམ་པོ་བཅོ་བརྒྱད། བྱང་ཆུབ་སེམས་དཔའི་ས་དྲུག་སྟོང་ཆིག་བརྒྱ་ལྔ་བཅུ་སྟེ་བམ་པོ་ཉིས་ཤུ་དང་ཤློ་ཀ་བརྒྱ་ལྔ་བཅུ། གཉིས་པ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ཁྲི་ཆིག་སྟོང་ལྔ་བརྒྱ་ཉིས་ཤུ་རྩ་ལྔ་སྟེ་བམ་པོ་བཞི་བཅུ་རྩ་གསུམ་དང་ཤློ་ཀ་བརྒྱ་ཉིས་ཤུ་རྩ་ལྔ། གསུམ་པ་གཞི་བསྡུ་བའི་འདུལ་བ་བསྡུ་བ་བམ་པོ་གཉིས། མདོ་སྡེ་བསྡུ་བ་དགུ་སྟོང་སྟེ་བམ་པོ་སུམ་ཅུ། བཞི་པ་རྣམ་གྲངས་བསྡུ་བ་བདུན་བརྒྱ་ཉིས་ཤུ་རྩ་ལྔ། བམ་པོ་གཉིས་དང་ཤློ་ཀ་བརྒྱ་ཉེར་ལྔ། ལྔ་པ་རྣམ་པར་བཤད་པ་བསྡུས་བ་ལྔ་བརྒྱ་ལྔ་བཅུ་སྟེ། བམ་པོ་གཉིས་སུ་ཅུང་མ་སླེབས་པ། དེ་དག་གི་འགྲེལ་པ་ལ། ས་མང་པོ་པའི་ཊཱིཀ་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། རང་སངས་རྒྱས་ཀྱི་སའི་བཤད་པ། བྱང་སའི་ཚུལ་ཁྲིམས་ཀྱི་ལེའུའི་བཤད་པས་མུན་ཏྲ་མེ་གྷས་བྱས་པ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། རྒྱལ་བའི་སྲས་ཀྱིས་བྱས་པའི་རྒྱ་ཆེར་འགྲེལ་པ་དང། ཡོན་ཏན་འོད་ཀྱིས་བྱས་པའི་དཀའ་འགྲེལ་གཉིས་


LR16_Page_327
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་བསྡུས་པ་སྟོང་ཆིག་བརྒྱ་བདུན་ཅུ་སྟེ། བམ་པོ་ཞིབ་མ་སླེབས་ཙམ། དེའི་བཤད་སྦྱར་སུམ་སྟོང་སུམ་ཅུ་སྟེ། བམ་པོ་བཅུ་དང་ཤློ་ཀ་སུམ་ཅུ། དེའི་བཤད་སྦྱར་སུམ་སྟོང་སུམ་ཅུ་སྟེ། བམ་པོ་བཅུ་དང་ཤློ་ཀ་སུམ་ཅ། ཤེས་བྱའི་གནས་ཀྱི་ཊཱིཀ་དོན་གསལ་བསྡུས་པ་བམ་པོ་བཅུ་བཞི། ཉིས་ཤུ་པའི་རང་འགྲེལ་བརྒྱ་སུམ་ཅུ། འགྲེལ་བཤད་བམ་པོ་ཕྱེད་དང་གསུམ། སུམ་ཅུ་པའི་བཤད་པ་བདུན་བརྒྱ། དེའི་བཤད་པ་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་སྟེ་བམ་པོ་ལྔ་དང་བདུན་ཅུ་རྩ་ལྔ། རྣམ་མཤད་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ་པ་བམ་པོ་གཅིག་དེའི་འགྲེལ་པ་རྣམ་པར་བཤད་པའི་རིགས་པ་བམ་པོ་བཅུ། དེའི་འགྲེལ་བཤད་བམ་པོ་བཅོ་ལྔ། ལས་གྲུབ་པའི་རབ་ཏུ་བྱེད་པ་བམ་པོ་གཅིག་འགྲེལ་པ་བམ་པོ་བཞི། མདོ་སྡེ་རྒྱན་གྱི་རྩ་བ་བམ་པོ་གསུམ། འགྲེལ་པ་སུམ་སྟོང་ཉིས་བརྒྱ་བདུན་ཅུ་སྟེ། བམ་པོ་བཅུ་དང་ཤློ་ཀ་ཉིས་བརྒྱ་བདུན་ཅུ། འགྲེལ་བཤད་སུམ་སྟོང་དྲུག་བརྒྱ་སྟེ་བམ་པོ་བཅུ་གཉིས་སོ། །དབུས་མཐའི་རྩ་བ་ཤློ་ཀ་བདུན་ཅུ། འགྲེལ་པ་དྲུག་བརྒྱ་བཞི་བཅུ། བམ་པོ་གཉིས། འགྲེལ་བཤད་སུམ་སྟོང་ལྔ་བརྒྱ་སྟེ་བམ་པོ་བཅུ་གཅིག་དང་ཉིས་བརྒྱ། བསྟན་པ་རྒྱས་པ་བམ་པོ་བཅུ་དྲུག་གོ །དབུ་མའི་བསྟན་བཅོས་ལ། དབུ་མ་ཆེན་པོ་རྩ་བ་བཞི་བརྒྱ་ཞེ་དགུ་དེའི་རང་འགྲེལ་དག་ལ་འཇིགས་མེད་ཉིས་སྟོང་ཆིག་བརྒྱ་སྟེ་བམ་པོ་བདུན། བུདྡྷ་པཱ་ལིང་ཏ་སུམ་སྟོང་སྟེ་བམ་པོ་བཅུ། རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མེ་དྲུག་སྟོང་སྟེ་བམ་པོ་ཉིས་ཤུ། དེའི་བཤད་པ་འགྲེལ་པ་ཤེས་རབ་སྒྲོན་མེ་དྲུག་སྟོང་སྟེ་བམ་པོ་ཉིས་ཤུ། དེའི་བཤད་པ་སྤྱན་རས་གཟིགས་ཉིས་ཁྲི་བཞི་སྟོང་སྟེ། བམ་པོ་བརྒྱད་ཅུ། སྟོང་ཉིད་བདུན་ཅུ་པ་བདུན་ཅུ་རྩ་བཞི། དེའི་འགྲེལ་པ་ཉིས་བརྒྱད་ཅུ། རིགས་པ་དྲུག་


LR16_Page_328
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་པ་དྲུག་ཅུ་རྩ་གཉིས། དེའི་འགྲེལ་པ་བམ་པོ་ཕྱེད་དང་གསུམ། དེ་ཁོ་ན་ཉིད་ལ་རྩོད་པ་བཟློག་པ་བདུན་ཅུ། དེའི་འགྲེལ་པ་བམ་པོ་གཅིག་དབུ་མ་རིན་པོ་ཆེའི་འཕྲེང་བ་བམ་པོ་གཉིས། དེའི་འགྲེལ་པ་སྟོང་ཉིས་བརྒྱ་སྟེ་བམ་པོ་བཞི། སྟོང་བ་ཉིད་ཀྱི་སྒོ་བཅུ་གཉིས་པ་རྩ་འགྲེལ་བམ་པོ་གཉིས། ཨཱརྱ་དེ་བའི་ལག་ཚོད་ཀྱི་རྩ་བ་ཤློ་ཀ་དྲུག་འགྲེལ་པ་བདུན་ཅུ། ཚིགས་སུ་བཅད་པ་བརྒྱ་པ་སྟེ་གསུམ། ཞིབ་མོ་འཐག་པ་རྩ་འགྲེལ་བམ་པོ་གཉིས། དབུ་མའི་སྙིང་པོ། དེའི་འགྲེལ་པ་རྟོག་གེ་འབར་བ་བམ་པོ་བཅུ་དྲུག་བདེན་གཉིས་ཀྱི་རྩ་བ་སུམ་ཅུ་རྩ་བདུན། རང་འགྲེལ་བམ་པོ་གཅིག་འགྲེལ་བཤད་བམ་པོ་གསུམ། དབུ་མ་རྒྱན་གྱི་རྩ་བ་བརྒྱ། རང་འགྲེལ་བམ་པོ་གཉིས། བཀའ་ཊཱིཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། དབུ་མ་སྣང་བ་ཉིས་སྟོང་དགུ་བརྒྱ་སྟེ་བམ་པོ་དགུ་ཀཱ་མ་ལ་ཤཱི་ལའི་ཆོས་ཐམས་ཅད་ངོ་བོ་ནིད་མེད་པར་གྲུབ་པ་བམ་པོ་ཕྱེད་དང་གཉིས་དང། དེ་ཁོ་ན་ཉིད་སྣང་བའི་རབ་ཏུ་བྱེད་པ་བམ་པོ་གཅིག་དཔལ་སྦས་ཀྱིས་མཛད་པའི་དེའི་ཁོ་ན་ཉིད་ལ་འཇུག་པའི་རྩ་བ་སུམ་ཅུ། དཔལ་སྦས་ཀྱིས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་རྩ་བ་སུམ་ཅུ། འགྲེལ་པ་ཉིས་བརྒྱ། རྟེན་འབྲེལ་སྙིང་པོའི་རྩ་འགྲེལ་ལ་ལྔ་བཅུ་རྩ་བཞི། བྱང་ཆུབ་ཀྱི་སེམས་བཤད་པ་ལྷུག་པ་ཉིས་བརྒྱ། དབུ་མའི་ལུགས་ཀྱི་རྙིང་པོ་མདོར་བསྡུས་པའི་རབ་ཏུ་བྱེད་པ་བམ་པོ་ཕྱེད། སློབ་དཔོན་ཉི་མའི་འོད་ཀྱིས་མཛད་པའི་ལྟ་བའི་བྱེ་བྲག་སྐུ་གསུམ་ལ་འཇུག་པའི་རྩ་བ་ཀླུའི་བཤེས་གཉེན་གྱིས་མཛད་པ་དང། འགྲེལ་པ་ཡེ་ཤེས་ཟླ་བས་བྱས་པ་གཉིས་སེམས་ཙམ་ཡིན་ནའང། ལོ་པཎ་རྣམས་ཀྱིས་དབུ་མར་བྱས་སོ། །བྱང་ཆུབ་སེམས་པའི་སྤྱོད་པ་དང་བསམ་གཏན་སྒོམ་པའི་གེ་ལ། ཀླུ་སྒྲུབ་ཀྱི་སེམས་བསྐྱེད་ཆོ།


LR16_Page_329
[མ་དཔེ་གཟིགས་ན་འདིར་གནོན།]

ག་བཞི་བཅུ། མདོ་ཀུན་ལས་བཏུས་པ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། བཤེས་པའི་སྤྲིང་ཡིག་ཉིད་བརྒྱ། དེའི་བཤད་པ་བློ་གྲོས་ཆེན་པོས་བྱས་པ་སྟོང་ཉིས་བརྒྱ་ལྔ་བཅུ་སྟེ་ངམ་པོ་བཞི་དང་ལྔ་བཅུ། སྦྱངས་པའི་ཡོན་ཏན་གྱི་ཕན་ཡོན་ཀླུ་སྒྲུབ་ཀྱིས་མཛད་པ་བརྒྱ། སྐྱེས་རབས་ཀྱི་རྒྱུད་སུམ་སྟོང་དགུ་བརྒྱ་སྟེ་བམ་པོ་བཅུ་བཞི། ཞི་བ་ལྷས་མདོ་ཀུན་ལས་བཏུས་པ་བམ་པོ་བདུན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བམ་པོ་གཉིས། ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པའི་ཚིགས་བཅད་བམ་པོ་གཉིས། རྟ་དབྱངས་ཀྱི་མྱ་ངན་གསལ་བ། ཉི་མ་སྦས་པས་བྱས་པའི་ཚིགས་སུ་བཅད་པའི་མཛོད་བརྒྱ་པ། སློབ་དཔོན་ཀ་ལ་ཡ་ནའི་དྲིས་ལན་བམ་པོ་གཅིག་རིན་པོ་ཆེ་ཟླ་བ་འབྱུང་གནས་ཀྱིས་ཤློ་ཀ་ཉིས་བརྒྱ། ཨུཏྤལ་ཨ་ཤཱོ་ཀའི་ཤའི་དྲིས་ལན་ལྔ་བཅུ་བཅས་པ་བརྒྱད་ཅུ་པ་བརྒྱད་ཅུ། ཚིགས་སུ་བཅད་པའི་དོན་བསྡུས་པ་བམ་པོ་གསུམ། སྡོམ་པ་ཉིས་ཤུ་པའི་འགྲེལ་པ་བམ་པོ་གཉིས། སློབ་མ་ལ་སྤྲིངས་པ་ཉིས་བརྒྱ། རྒྱལ་པོ་ཀ་ནི་ཀཱ་ལ་སྤྲིངས་པ་བརྒྱ། ཤེས་རབ་བརྒྱ་པ་བརྒྱ། སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གནས་གཞོན་དུ་ལ་སྤྲིངས་པ་ཤློ་ཀ་བཅུ་གཉིས་སོགས། སྒོམ་རིམ་གྱི་ཡེ་གེ་ལ། སྒོམ་པའི་རིམ་པ་ཀཱ་མ་ལ་ཤཱི་ལས་མཛད་པ་བམ་པོ་རེ་རེ་གསུམ་དང། ཆུང་དུ་གཅིག་སྟེ་བཞི། སྒོམ་རིམ་སློབ་དཔོན་ཏིར་ཏིས་བྱས་པ་བམ་པོ་གཅིག་བྱང་ཆུབ་ཀྱི་སེམས་སྒོམ་པ་སློབ་དཔོན་རྒྱལ་བའི་འོད་ཀྱིས་སྔགས་ཀྱི་རྒྱུད་ལས་བཏུས་ཏེ་བྱས་པ་བརྒྱ། བྱང་ཆུབ་ཀྱི་སེམས་སྒོམ་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱས་པ་དྲུག་ཅུ་རྩ་བརྒྱད། སྒོམ་པའི་སྒོ་


LR16_Page_330
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀ་མ་ལ་ཡ་ཝར་མས་བྱས་པ་དྲུག་ཅུ་རྩ་བདུན་དང། མི་རྟག་པ་སྒོམ་པ་ཆུང་དུ། སྒོམ་ཐབས་སློབ་དཔོན་ཆོས་ཀྱི་བློ་གྲོས་ཀྱིས་མཛད་པ་སུམ་ཅུ། སངས་རྒྱས་གསང་བའི་རྟོགས་པའི་གེགས་སེལ། སློབ་དཔོན་མཁས་པ་ཆོས་ཀྱི་གྲཊ་པས་བྱས་པ་བམ་པོ་གཅིག་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྣམས་སོ། །འཕགས་པ་ལ་བསྟོད་པ་སྣ་ཚོགས་བྱས་པ་ལ། སངས་རྒྱས་ལ་བསྟོད་པ་རྡོ་རྗེ་འཛིན་གྱི་དབྱངས། དེའི་འགྲེལ་པ་སློབ་དཔོན་ཞི་བ་འཚོས་བྱས་པ། ཀླུ་སྒྲུབ་ཀྱིས་མཛད་པ་སྐུ་གསུམ་ལ་བསྟོད་པ་དགུ་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལྔ་བཅུ་པ། འཇིག་རྟེན་ལས་འདས་པར་བསྟོད་པ་ཉིས་ཤུ་རྩ་གཉིས། དཔེ་མེད་པར་བསྟོད་པ་ཉིས་ཤུ་རྩ་ལྔ། བསྟོད་པ་ལས་འདས་པར་བསྟོད་པ་བཅོ་བརྒྱད། དོན་དམ་པར་བསྟོད་པ་བཅུ། སྒྲ་གཅན་ཟིན་བཟང་པོས་མཛད་པ་ཤེར་ཕྱིན་ལ་བསྟོད་པ་བཞི་བཅུ། སློབ་དཔོན་མ་ཏི་ཙི་ཏྲས་མཛད་པ་དཀོན་མཆོག་གསུམ་ལ་བསྟོད་པ། དེའི་འགྲེལ་པ་རྒྱལ་བའི་སྲས་ཀྱིས་མཛད་པ་གཉིས། སངས་རྒྱས་ལ་བསྟོད་པ་ནི་གསང་བའི་གནས་སུ་བསྟོད་པ། དད་པ་ལ་སྤོབས་པ་བསྐྱེད་པ་བརྒྱ་ལྔ་བཅུ། ལེའུ་བཅུ་གསུམ་ལ་བསྟོད་པ་གླེང་བསླང་བ། རྒྱུའི་སྒོ་ནས་བསྟོད་པ། དཔེ་མེད་པར་བསྟོད་པ། རྨད་དུ་བྱུང་བར་བསྟོད་པ། སྐུ་ལ་བསྟོད་པ། སྨོན་ལམ་ལ་བསྟོད་པ། ལམ་ལ་འཇུག་པ་ལ་བསྟོད་པ། དཀའ་བ་མཛད་པ་ལ་བསྟོད་པ། མཁས་པར་བསྟོད་པ། བུ་ལོན་མེད་པར་བསྟོད་པ། བསྔགས་པར་འོས་པ་ལེའུ་བཅུ་གསུམ་པ་ལ་བསྟོད་མི་


LR16_Page_331
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པར་བསྟོད་པ། ཕྱག་འཚལ་བའི་བསྟོད་པ། ཐམས་ཅད་མཁྱེན་པ་གྲུབ་པར་བསྟོད་པ། སྟོབས་དང་མི་འཇིགས་པ་ལ་བསྟོད་པ། གསུང་རྣམ་པར་དག་པ་ལ་བསྟོད་པ། རྩོད་པ་མི་མངའ་བར་བསྟོད་པ། ཚངས་པ་དང་མཐུན་པར་གསུངས་པ་ལ་བསྟོད་པ། ཕན་པ་མཛད་པར་བསྟོད་པ། ལན་མི་ལོནཔར་བསྟོད་པ། སྐུའི་ཕྱོགས་གཅིག་ལ་བསྟོད་པ། ལྗགས་ལ་བསྟོད་པ། སྲིད་པ་ལས་བཀྱོན་པར་བསྟོད་པ། དཔེ་ལས་བསྟོད་པའོ། །གསང་བའི་གནས་སུ་བསྟོད་བའི་འགྲེལ་པ་བམ་པོ་གཅིག་བརྒྱ་ལྔ་བཅུ་པའི་འགྲེལ་པ་སློབ་དཔོན་དགའ་བྱེད་སྙན་པས་བྱས་པ་བམ་པོ་ལྔ། ཡོན་ཏན་མཐའ་ཡས་པར་བསྟོད་པ་སློབ་དཔོན་དཀོན་མཆོག་འབངས་ཀྱིས་བྱས་པ་ལ་བཅུ། དེའི་འགྲེལ་པ་དང་པིན་དར་ཐ་སློབ་དཔོན་ཕྱོགས་ཀྱི་ཀླང་བྱས་པ་ལ་བཅུ། དེའི་འགྲེལ་པ་དང་པིན་དར་ཐ་སློབ་དཔོན་ཕྱོགས་ཀྱི་གླང་པོས་བྱས་པ་གཉིས། ཁྱད་པར་འཕགས་པ་ལ་བསྟོད་པ་དང། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་མཐོ་བཙུན་གྲུབ་རྗེ་དང། བདེ་བྱེད་བདག་པོ་གཉིས་ཀྱིས་མཛད་པ། དེ་བཞིན་གཤེགས་པ་བདུན་ལ་བསྟོད་པ། དཀྱིལ་འཁོར་བརྒྱད་ལ་བསྟོད་པ། མཆོད་རྟེན་ལ་བསྟོད་པ། རྗེས་སུ་མོས་པ། སྒྲོལ་མ་ལ་འཇིཊ་པ་ཐམས་ཅད་ལས་སྒྲོལ་བར་བསྟོད་པ་ཙནྡྲ་གོ་མིས་མཛད་པ་བཞི་བཅུ་པ། སྤྱན་རས་གཟིགས་ཀྱི་སྙིང་རྗེ་ལ་བསྟོད་པ་བཅོ་ལྔ་པ། འཇམ་དཔལ་ལ་བསྟོད་པ་བདུན་པ། ཆུ་དབང་ལ་བསྟོད་པ། རྒྱལ་པོ་ཤི་བི་ཏྲ་མ་ཨ་དི་རྒྱས་མཛད་པ་སུམ་ཅུ། ལྷ་མོ་དབྱངས་ཅན་ལ་བསྟོད་པ་ཤེས་རབ་སྣང་བར་བྱེད་པའི་རྒྱན། ཆུ་དབང་ལ་བསྟོད་པ་བརྒྱད་པ། ལྷ་མོ་ནམ་གྲུ་ལ་བསྟོད་པ། བྲམ་ཟེར་མཆོག་སྲེད་ཀྱིས་བྱས་པ་བཅོ་ལྔ་པ། ནད་ཀྱི་བདག་མོ་ལ་བསྟོད་པ་སུམ་ཅུ། གཤིན་རྗེའི་


LR16_Page_332
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་མོ་ལ་བསྟོད་པ་རྣམས་ནི་བསྟོད་པའོ། །སློབ་དཔོན་པདྨའི་ལོ་ཙཱ་བ་གོང་དུ་སྨོས་པ་རྣམས་དང་སྣུབས་ནམ་མཁའི་སྙིང་པོ། མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་སོགས་པས་བྱས་ཏེ། གསང་སྔགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་དང་སྒྲུབ་ཐབས་མང་པོ་བསྒྱུར་ཏེ། ཐོག་མར་འཇམ་དཔལ་སྐུའི་རྒྱུད་ཟླ་གསང་ནག་པོ། གཤིན་རྗེ་རོལ་པ་རྩ་བའི་རྒྱུད། འཇམ་དཔལ་ལས་བཞིའི་འཁོར་ལོ་གསང་བའི་བརྒྱུད་ལེའུ་བཅུ་གཉིས་པ་དང། རྒྱུད་ཕྱི་མ་རིམ་པར་བཀོད་པ་ལེའུ་བཅུ་གསུམ་པ་དང། འཕགས་པ་གཤིན་རྗེ་གཤེད་ནག་པོ་གསང་བའི་རྒྱུད་ལེའུ་སུམ་ཅུ་པ་དང། གཤིན་རྗེའི་གཤེད་དམར་པོ་མཱ་ར་ཁྲག་སྐྱུག་གི་རྒྱུད་ལེའུ་བདུན་པ་དང། གནོད་སྦྱིན་གདོང་གསུམ་པའི་རྒྱུད་ལེའུ་བཅོ་བརྒྱད་པ་དང། དཔལ་ཟླ་གསང་ནག་པོའི་རྒྱུད་ཀྱི་སྐབས་ང་ལྔ་པ་དང། དཔལ་གཤིན་རྗེའི་གཤེད་ནག་པོ་མེ་རླུང་སྐྱིན་ཐང་འཁྲུགས་པའི་རྒྱུད་ལེའུ་ང་གསུམ་པ་དང། ནག་པོ་ཆེན་པོ་མིའི་ཐོད་པ་ཅན་གྱི་རྒྱུད་ལེའུ་སུམ་ཅུ་པ་དང། ལས་རིགས་སུམ་ཅུ། གསང་བ་དྲུག་ཅུ་པ། ལུང་རིགས་མདོ་བྱང་ཁ་ཐུན་ཆེ་འབྲིང་ཆུང་གསུམ། རྩ་བ་སྒྲུབ་ཐམས་ལ་སོགས་པ་དང། ཅལ་དགུ་པ་དང། དེ་ལ་སོགས་ཏེ་གཤིན་རྗེ་དམར་ནག་གི་རྒྱུད་དང་སྒྲུབ་ཐབས་ལས་ཚོགས་ལ་སོགས་པ་མཐའ་ཡས་པ་ཞིག་བསྒྱུར་བར་འདུག་པདྨ་གསུང་གི་སྒྲུབ་ཐབས་སྐོར་ལ། རྟ་མཆོག་རོལ་པ་དང། དབང་ཆེན་འདུས་པའི་རྒྱུད་ལེའུ་དྲུག་ཅུ་རྩ་གཉིས་པ་དང། ཁྲག་འཐུང་རོལ་པའི་རྒྱུད་ལེའུ་བཅུ་པ་དང། རྟ་མགྲིན་པདྨ་གསང་རྒྱུད། དེ་ལ་སོགས་པའི་རྒྱུད་གཞན་ཡང་མང་དུ་འདུག་པ་དང། སྒྲུབ་ཐབས་ནི་པདྨ་དབང་ཆེན་


LR16_Page_333
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་འདུས་པ། དྲེགས་པ་ཚར་གནོད། ཡང་གསང་ཁྲོས་པ། རྟ་མགྲིན་གསང་སྒྲུབ། ནཱ་ག་ཀླུ་འདུལ། དེ་ལ་སོགས་ཏེ་རྒྱུད་དང། སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ། །ཡང་དག་ཐུགས་ཀྱིས་སྒྲུབ་སྐོར་ལ། ཁྲག་འཐུང་འདུས་པའི་རྒྱུད་ལེའུ་སུམ་ཅུ་པ། འཇིག་རྟེན་འདས་པའི་མདོ་དང། ཁྲོ་བོར་པུཎྜ་རཱི་ཀའི་པདྨ་དཀར་པོ་རྒྱུད་ལེའུ་ཉིས་ཤུ་རྩ་གཅིག་པ་དང། ཧེ་རུ་ཀ་གལ་པོའི་རྒྱུད་ལེའུ་བཅུ་བདུན་པ། ཡང་དག་གྲུབ་པའི་རྒྱུད་ལེའུ་བཅུ་པ། རྡོ་རྗེ་གསང་བ་ལས་ཀྱི་རྒྱུད་ལེའུ་བཅུ་གཉིས་པ། དེ་ལ་སོགས་པའི་རྒྱུད་སྡེ་རྣམས་ལ་བརྟེན་པའི་སྒྲུབ་ཐབས་ནི། ཟླ་གམ་དྲུག་ཅུ་རྩ་བརྒྱད་པ། ལྔ་བཅུ་རྩ་བརྒྱད་པ། ཟླ་གམ་དགུ་པ། ཟླ་གམ་གཅིག་པ། སྲིན་པོ་མ་ཏྲཾ་ཞལ། དུག་གསུམ་བང་རིམ་གསུམ་པ་རྣམས་བསྒྱུར་རོ། །ཆེ་མཆོག་འདུས་པ་བདུད་རྩི་ཡོན་ཏན་གྱི་སྐོར་ལ། ཆེ་མཆོག་རོལ་པ་རྩ་བའི་རྒྱུད། བདུད་རྩི་ཆེན་པོ་ཡེ་ཤེས་གསང་བའི་འཁོར་ལོའི་རྒྱུད་ལེའུ་ཉིས་ཤུ་པ། བཤད་སྦྱར་བདུད་རྩི་ལྗོན་ཤིང་ལེའུ་བརྒྱད་པ། བདུད་རྩི་སྒྲུབ་པ་བམ་པོ་བཞི། བདུད་རྩི་བམ་པོ་དྲུག་པ། བདུད་རྩི་བམ་པོ་བརྒྱད་པ། བདུད་རྩི་འཁྱིལ་བ། ཐམས་ཅད་བདུད་རྩི་ལྔའི་རང་བཞིན། དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་རྒྱུད་ལེའུ་བཅོ་ལྔ་པ། བདུད་རྩི་མཆོག་ལུང་དུམ་བུ་གསུམ་པའི་རྒྱུད་རྣམས་ལ་བརྟེན་ཏེ་པདྨ་འདབ་བརྒྱད་ཁྲོལ་བུའི་སྒྲུབ་པ། ཙ་ཀྲ་རྩིབས་བརྒྱད་ཕྱེ་མའི་སྒྲུབ་པ། ཟླ་གམ་དགུ་པར་དམ་མཛད་རློན་སྦྱོར་གྱི་སྒྲུབ་པ་ལ་སོགས་པ་རྣམས་བསྒྱུར་རོ། །ཕྲིན་ལས་ཕུར་བའི་སྒྲུབ་སྐོར་ལ། བྱི་ཏོ་ཏ་མ་ལ་རྩ་བའི་རྒྱུད་ཆེན་མོ་ལས་གྱེས་


LR16_Page_334
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་དང་དབང་དང་གདམས་སྐོར་ལུཊ་མང་ན་ཡང། བོད་དུ་ཡོངས་སུ་གྲགས་པ་ལུང་སྡེ་བཞིར་འདུས་ཏེ། ཕུར་པ་གསང་སྐོར། མདོ་སྐོར། ལུང་སྐོར། རྩ་བའི་སྐོར་རོ། །གསང་སྐོར་ལ་བརྟེན་ནས་རྡོ་རྗེ་ཕུར་པ་གསང་བའི་རྒྱུད། འཁོར་ལོ་གསང་རྒྱུད། པདྨ་གསང་རྒྱུད། ཕྲིན་ལས་གསང་རྒྱུད་དོ། །གསང་རྒྱུད་ལ་རྟོགས་པ་དང་པོ་རྩ་བའི་རྒྱུད། རྟོགས་པ་བར་པ་བཤད་པའི་རྒྱུད། རྟོགས་པ་མཐའ་མ་རྒྱུད་ཕྱི་མའོ། །ཡང་རྩ་རྒྱུད་མྱ་ངན་ལས་འདས་པ་རྒྱུད་ཕྱི་མ་བཅུ་གཉིས། འབྱུང་བ་ཆེན་པོ་འབྲིང་པོ་དང་ཆུང་བའོ། །མདོའི་སྐོར་ལ། རྩ་བའི་རྒྱུད་ཕྱི་མ། དགོངས་པ་ལུང་བསྟན། རྡོ་རྗེ་མེ་ལྕེ་འཕྲེང་བ། དྲག་པོ་གསང་གཏེར་གྱི་རྒྱུད་གཉིས་སོ། །ལུང་གི་སྐོར་ལ། དུང་ཁྲོད་ཁུ་བྱུག་རོལ་པ་རྩ་བའི་རྒྱུད། དེའི་རྒྱུད་ཕྱི་མ་དང་བཅས་པའོ། །རྩ་བའི་སྐོར་ལ། རྩ་བའི་རྒྱུད། དགོངས་རྒྱུད། དགོངས་རྒྱུད་ཆེན་མོ། །རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། ལྟ་བ་རྫོཊ་རྒྱུད། ལྟ་བ་སྤྱོད་པའི་རྒྱུད། བཅུ་གཉིས་ཆུང་བ་ཆེ་འབྲིང་ཆུང་གསུམ་མོ། །ཡང་རྩ་སྐོར་ལ། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད། དྲི་མེད་འོད་ལྡན་བཤད་པའི་རྒྱུད། ཕུར་པ་དབང་གི་རྒྱུད། འཕྲིན་ལས་ཀྱི་རྒྱུད། གཏོར་མའི་རྒྱུད། དམ་ཚིག་རྒྱུད་དང་དྲུག་གོ །ཡང་ཁྲོ་བོ་བཅུའི་རྒྱུད། དམ་ཅན་སྡེ་གསུམ་གྱི་རྒྱུད་དང། རྒྱུད་བུ་ཆུང་བཅུ་གསུམ་མོ། །དེ་དག་རྣམས་ལ་བརྟེན་པའི་སྒྲུབས་ཐབས་དང་ལས་ཆོག་ཕྱག་བཞེས་ཀྱང་མང་དུ་འགྱུར་རོ། །མ་མོ་རྦོད་གཏོང་གི་སྒྲུབ་སྐོར་ལ། མ་མོ་སྲིད་པ་རྒྱུད་ལུང། ཡན་ལག་མ་མོའི་ཕྱི་རྒྱུད་དུ་གྲགས་པ། སྲིད་པ་བེམ་དང། ཙི་ཏྟརཀྟ། མཁའ་ལ་སྐར་


LR16_Page_335
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་དང། དཔལ་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མའི་རྒྱུད་ལས། སྒྲུབ་ཐབས་འབྱུང་བ་ཞེས་བྱ་བ། རྒྱུད་ལེའུ་རྩ་བཞི་པ་དང། སྙིང་ཟོར་ནག་མོའི་རྒྱུད་ཅེས་བྱ་བ་སྐབས་དགུ་པ། དཔལ་བཤན་པ་ནག་མོའི་རྒྱུད་ལེའུ་བཅུ་བདུན་པ། རལ་གཅིག་མ་ནག་མོའི་སྔགས་རྒྱུད་ཕྱི་མ་ལེའུ་བཅོ་ལྔ་པ། དུར་ཁྲོད་ལྷ་མོའི་རྒྱུད་ལེའུ་བདུན་པ། རལ་གཅིག་སྒྲོལ་བྱེད་ཆེན་མོ་བྱ་བའི་གཟུངས། ཟ་བྱེད་སྤྱང་རྐྱལ་ནག་མོའི་རྒྱུད་ལེའུ་སུམ་ཅུ་རྩ་གཉིས། འཕགས་པ་ཧེ་དུར་འབར་བའི་རྒྱུད་ལེའུ་བཅུ་གཅིག་པ། རལ་གཅིག་ནག་མོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྙིང་ཐུན་གྱི་རྒྱུད་ལེའུ་བཅོ་བརྒྱད། དངོས་གྲུབ་བསྟན་པར་གཟིགས་པའི་རྒྱུད་ལེའུ་བརྒྱད་པ། མཁའ་འགྲོ་མ་མེ་ལྕེ་འཕྲེང་བའི་རྒྱུད་ལེའུ་རྩ་གསུམ་པ་དང། དུར་ཁྲོད་ལྷ་མོ་རང་རྒྱུད་པ་བྱ་བ་ལེའུ་བཅུ་གཉིས་པ། མ་མོ་གསང་བ་གཏན་ཚིགས་ཀྱི་རྒྱུད་ལེའུ་ཉིས་ཤུ་རྩ་བརྒྱད་པ། ཨེ་ཀ་ཛཱ་ཊི་ཐུགས་ཀྱི་གསང་བ་ས་ནག་གི་རྒྱུད་ལེའུ་དགུ་པ། དཔལ་རལ་གཅིག་མའི་རྒྱུད་ལེའུ་བཅུ་གསུམ་པ། འཕགས་པ་ནམ་གྲུ་ཆེན་མོ་དགའ་བར་བྱེད་པའི་རྒྱུད་ལེའུ་བཅུ་གཅིག་པ། ཙི་ཏྟ་ནག་མོ་གསང་བའི་རྒྱུད་ལེའུ་བརྒྱད་པ། མ་མོ་སྲོག་རྒྱུད་ལེའུ་བརྒྱད་པ། ལས་ཀྱི་མཁའ་འགྲོ་མའི་རྒྱུད་ལེའུ་བཞི་པ། ལྷ་མོ་ནག་པོའི་སྒྲུབ་ཐབས་ལེའུ་གཅིག་པ། ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་སྔགས་རྒྱུད་ལེའུ་བཅུ་བཞི་པ། རྒྱུད་ཕྱི་མ་ལེའུ་བདུན་པ། ཕྲ་མེད་སྤྱང་ཀི་ལས་ཀྱི་རྒྱལ་མོའི་རྒྱུད་ལེའུ་ཉིས་ཤུ་ར་བཞི་པ། དཔལ་ལྷ་མོ་ཚོགས་བདག་གི་རྗེ་མོས་ཡོངས་སུ་རོལ་པའི་རྒྱུད་ལེའུ་བཅུ་གཉིས་པ། རྒྱུད་དེ་དག་ལ་བརྟེན་པའི་སྤྱི་སྒྲུབ་དང་སྒོས་


LR16_Page_336
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་མང་དུ་བསྒྲུར་བར་སྣང་ངོ་། །རིག་འཛིན་ལ། རིག་འཛིན་རོལ་པའི་རྒྱུད་དང། རིག་འཛིན་གྲུབ་པའི་རྒྱུད་ལ་བརྟེན་ནས་རྣལ་འབྱོར་རིག་འཛིན་གྱི་སྒྲུབ་པ་བརྒྱ་རྩ་གཅིག་མཛད། དྲེགས་པ་འདུལ་བའི་རྒྱུད་ལ་བརྟེན་ནས། འཇིག་རྟེན་མཆོད་བསྟོད་ཀྱི་སྤྱི་སྒྲུབ་དང། སྒོས་སྒྲུབ་མཛད། དྲག་པོ་ངན་སྔགས་ཀྱི་རྒྱུ་ལ་བརྟེན་ནས། དམོད་པ་དྲག་སྔགས་ཀྱི་སྒྲུབ་པ་རྣམས་མཛད་དོ། །དེ་རྣམས་ལ་ཁྱད་པར་དུ་གལ་ཆེ་བའི་གདམས་པ་རྣམས་ལ། གཤིན་རྗེའི་འཁོར་ལོ་ཤེས་པར་དཀའ་བས། འཕྲུལ་འཁོར་ལྡེ་མིག་ཡི་གེ་བསྡུ་བ་མཛད། ཕུར་པ་སྒྲུབ་པར་དཀའ་བས་གཞི་སྙིང་གཅིག་ཏུ་དྲིལ་བ་མཛད། མ་མོ་སྒྲུབ་ཀྱང་ལས་ལ་བཀོལ་དཀའ་བས། མ་མོ་སྲོག་གི་འཁོར་ལོའི་ཤིས་པ་བསྟན་པ་མཛད། ཕོ་རྒྱུད་ལས་མྱུར་ཡང་གྱོང་ཞིང་འཁུ་ལྡོག་ཆེ་བས། ཆིངས་དང་ལོག་གནོན་གྱི་ཙཀྲ་མཛད་དོ། །ལྷག་པར་ཁྱད་པར་དུ་འཕགས་པའི་སྒྲུབ་པ་བཀའ་བརྒྱད་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མའི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད། འབྱེད་པར་བྱེད་པའི་ལྡེ་མིག་གི་རྒྱུད་དང་ལྔ་ལ་བརྟེན་ནས་ཞི་བ་རིགས་བརྒྱ། དེ་ཉིས་རིགས་ལྔ། དེ་ཉིད་རིགས་གཅིག་ཁྲོ་བོ་འཇིགས་བྱེད་ཆེན་པོའི་དལ་དང། རྡོ་རྗེ་འཇིགས་ཆུང་གི་དཀྱིལ་འཁོར་རྒྱུད་དང། སྒྲུབ་ཐབས་ཆ་ལག་དང་བཅས་པ་མཛད་དོ། །གཞན་ཡང་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཉམས་ཆགས་བསྐང་ཞིང་སྐུ་ཚེ་བསྲིང་བའི་དོན་དུ། པཎྜི་ཏ་དང་ལོ་ཙཱ་བ་རྣམས་བཀའ་བགྲོས་ཏེ། ཕྱི་བསྐོངས་སུ་རྒྱལ་པོ་ཐུགས་དམ་མདོ་བཅུ་བསྒྱུར་ཏེ། ཤེས་རབ་སྙིང་པོ་ལྟ་བའི་མདོ།


LR16_Page_337
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་ཁ་ཡེ་ཤེས་སྒོམ་པའི་མདོ། །བཟང་པོ་སྤྱོད་པ་སྨོན་ལམ་མདོ། །རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ། །བྱང་ཆུབ་ལྟུང་བཤགས་བཤགས་པའི་མདོ། །གཙུག་ཏོར་དཀར་མོ་བཟློག་པའི་མདོ། །གོས་སྔོན་ཅན་བསྲུང་བའི་མདོ། །ཚེ་དཔག་མེད་ཚེ་བསྲིངས་པའི་མདོ། །ནོར་རྒྱུན་མ་ནོར་སྒྲུབ་པའི་མདོ། །ཡི་གེ་གཅིག་མ་སྙིང་པོའི་མདོ། །དེ་རྣམས་བསྒྱུར་ནས་རྒྱལ་པོའི་ཐུགས་དམ་ཕོག་གོ །ནང་བསྐོངས་སུ། གསང་སྔགས་ནང་གི་ཡང་བསྐོངས། ན་རག་དོང་སྤྲུགས། དབང་སྒྲུབ་པ། མན་ངག་དག་བཅས་པ་བསྒྱུར་ཏེ། སྔོན་སེམས་ཅན་ལསུ་སྲུལ་པོ་ཅན་གྱིས་སློབ་དཔོན་བསད་དེ། མཚམས་མེད་པ་བྱས་པས་དམྱལ་བར་ལྷུང་པ་ལ། ཀུན་ཏུ་བཟང་པོས་བཤད་པ་དེ་བཞིན་དུ། རྒྱལ་པོའི་དམ་ཚིག་ཉམས་པ་བསྐངས་ཏེ། སྡིག་པ་ཐབས་མད་བྱང་བར་གྱུར་ཏོ། །ཡེ་ཤེས་སྐུ་མཆོག་དམ་ཚིག་ཉིས་ཤུ་རྩ་བརྒྱད་ཀྱི་བཤགས་པ། མཁའ་འགྲོ་རྣམ་བཞིའི་བཤགས་པ། ལྟ་བའི་ཀློང་བཤགས་བཞི་མཛད་ནས། སྔོན་བྲམ་མིའི་ཐོད་པ་ཅན་ལ། དཔལ་རྡོ་རྗེ་སེམས་དཔས་གསུངས་པས་སྒྲིབ་པ་དག་པ་དེ་བཞིན་དུ། རྒྱལ་པོའི་དམ་ཚིག་ཆགས་ཉམས་ཐམས་ཅད་བསྐངས་ཏེ་སྒྲིབ་པ་དག་པར་གྱུར་ཏོ། །སྐུ་ཚེའི་རྐྱེན་དང་བར་ཆད་བཟློག་པའི་ཕྱིར་དུ་སྨན་དང་བཅུད་ལེན་གྱི་སྦྱོར་བ་མང་པོ་མདད། མདོས་ཀྱི་ལེའུ་སྟོང་ཕྲག་གཅིག་ལྷ་འདྲེ་སྟོང་དྲྭི་བ་འབྱུང་པོ་འདུས་པའི་རྒྱུད། མ་མོ་སྲིད་པའི་བེམས་བཞི་ལ་སོགས་པའ་ཕོ་མདོས་དང་མོ་མདོས་མང་པོ་མཛད། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་བརྟན་པ་དང། དམ་པའི་ཆོས་བཙུན་པའི་ཆེད་


LR16_Page_338
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་པ་བསྲུང་བའི་དྲག་སྔགས་དཔལ་མགོན་པོ་ནག་པོ་དང། དཔལ་ལྷ་མོ་ནག་མོ་སྔགས་སྲུང་ནག་སྨུག་མི་རྒྱུད་དང། སྒྲུབ་ཐབས་དང། ལས་བྱེད་ལྷ་སྲིན་སྡེ་བརྒྱད། དཀར་པོ་གིང། ནག་པོ་བདུད། དམར་པོ་བཙན། སྲོག་གཅོད་གནོད་སྦྱིན། བཤན་པ་སྲིན་པོ། ནད་གཏོང་མ་མོ། །དྲག་པོ་གཟའ། གདུག་པ་ཀླུ། དེ་རྣམས་ཀྱི་རྒྱུད་དང། སྒྲུབ་ཐབས་དང། གནམ་ལྕགས་ཐོག་ཆུ་འཁྱགས་སེར་བ། དེ་ལ་སོགས་པའི་དྲག་སྔགས་དང། ངན་སྔགས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་ནས་བསྟན་པའི་བཙས་སུ་བཞག་གོ །གཞཉ་ཡང་རྒྱལ་པོ་གླང་དར་མས་བསྟན་པ་པ་བསྣུབས་པར་དགོངས་པ་དང། དུས་སྙིཊ་མའི་སེམས་ཅན་རྣམས་རྗེས་དུ་གཟུང་བའི་ཕྱིར་དུ། ཆོས་གཏེར་དང། ནོར་གཏེར་དང། བསྟནཔ་བསྲུང་བའི་དྲག་སྔཊ་ལ་སོཊ་གཏད་རྒྱ་སྨོན་ལམ་དང་བཅས་ནས་སྦས་པ་ནི་བསམ་གྱིས་མི་ཁྱབ་པའོ། །གཞན་ཡང་རྒྱལ་པོའི་ཐུགས་དམ་གཙུག་ལག་ཁང་གཉན་པ་དང། དཀོར་ཆ་བསྲུང་བ་ལ་རྒྱལ་པོ་པེ་ཧར་བསྐོར་པ་ཡིན་ཏེ། དེའང་པེ་ཧར་བྷ་ཏ་ཧོར་གྱི་ཡུལ་ན་དཀོར་སྲུང་མཛད་པ་ལ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་དམག་མང་པོ་ཁྱེར་ཏེ་བྷ་ཏ་ཧོར་གྱི་དགོན་པ་བཅོམ། དཀོར་ཆ་ཁྱེར་བས། ཁྱད་པར་རྒྱལ་པོ་ཤིང་བྱ་ཅན་ཞེས་ཀྱང་བྱ། བདུད་ཡམ་ཤེས་ནག་པོ་ཞེས་ཀྱང་བྱ། གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱ། གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་བརྒྱ། སླད་ཀྱི་རྗེས་གནོན་པ་བན་དྷེ་ནག་པ་བརྒྱ། སྔོན་གྱི་ཤུལ་འདྲེན་པ་བུད་མེད་ནག་པོ་བརྒྱ། ཕྱིའི་བློན་པོ་ཧ་དག་ལང་ཀྲ་བརྒྱ། ནང་གི་བློན་པོ་མུན་བུ་པུ་ཏྲ་བརྒྱ། སྐུའི་སྐྱོ་


LR16_Page_339
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་འབག་དང་སེདྒེ་བརྒྱ། སྤྲུལ་པ་ཡང་སྤྲུལ་སྤྲ་དང་སྤྲེའུ་བྱི་ལ་བརྒྱ་དང་བཅས་པ་དཀོར་ཆ་དང་ལྷ་ཆའི་ཕྱིར་འབྲངས་ནས་བྱུང་བ་དང། སློབ་དཔོན་པདྨ་འབྱུང་གནས་ཀྱིས་དཀོར་མཛོད་པེ་ཧར་གླིང་དུ་རྟེན་བཙུགས། དམ་ལ་བཏགས། བསམ་ཡས་ལ་སོགས་པ་གཙུག་ལག་ཁང་ཐམས་ཅད་ཀྱི་སྲུང་མར་མངའ་གསོལ་དཀོར་ཆས་སྲུང་བར་གཉེར་གཏད་དོ། །སློབ་དཔོན་བཱི་ལས་སྤྱིར་མདོ་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་ཞིག་གསུངས་ཤིང། ཁྱད་པར་དུ་བཀའ་བསྐྱེད་རྫོགས་རྣམ་པ་གསུམ་གྱི་འགྱུར་ཚུལ་གྱི་དཀར་ཆག་ནི། བསྐྱེད་པ་མ་ཧཱ་ཡོ་ག་ལ་སྤྱིར་གར་ཡུལ་ན། ཏནྟེ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཡོད་དེ། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའམ། བཞིའམ་རྩ་བར་གྱུར་པའི་རྒྱུད་ལྔ་ནི། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུཊ་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་དཔལ་ཕྲེང་དཀར་མོ། །དེ་ནས་སྒྲུབ་པའི་ལག་ལེན་སྟོན་པའི་རྒྱུད་ལྔ་སྟེ་སྐུའི་སྒྲུབ་པའི་ལག་སྟོན་པ་ཧེ་རུ་ཀ་རོལ་པའི་རྒྱུད། གསུང་གཡི་རྟ་མཆོག་རོལ་པ། ཐུཊ་ཀྱི་སྙིང་རྗེ་རོལ་པ། ཡོན་ཏན་གྱི་བདུད་རྩི་རོལ་པ། ཕྲིན་ལས་ཀྱི་ཕུར་པ་བྱི་ཏོ་རོལ་པའོ། །དེ་ནས་སྤྱིའི་ཡན་ལག་ཏུ་གྱུར་པའི་རྒྱུད་ལྔ་ནི། གོ་འཕང་དབང་གིས་བགྲོད་པའི་རྒྱུད་རི་བོ་བརྩེགས་པ། གཞི་དམ་ཚིག་གིས་བཟུང་པ་ལ་དམ་ཚིག་བཀོད་པ། ཐག་ལྟ་བས་བཅད་པ་ལ་གླང་ཆེན་རབ་འབོག་ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་བ་ལ་རྩེ་གཅིག་བསྡུས་པ་ལ་སྤྱོད་པས་དོར་བ། རྔམ་པ་གློག་གི་ཡེ་ཤེས་འཁོར་ལོ་དང་ལྔ་སྟེ་བཅོ་


LR16_Page_340
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའོ། །དེའི་སྟེང་དུ་རྒྱུད་ཕྱི་མ་ལྟ་བུ་གཉིས་ནི། དངོས་གྲུབ་སྒྲུབ་པའི་ཆོ་གའི་ཡན་ལག་ཏུ་གྱུར་པ་ཐབས་ཀྱི་ཞགས་པ་པདྨའི་ཕྲེང་བ་དང། དཀྱིལ་འཁོར་ཀྱི་ལས་ལས་ལ་ཏུ་གྱུར་པ་ཐབས་ཀྱི་ཞགས་པ་པདྨའི་ཕྲེང་བ་དང། དཀྱིལ་འཁོར་ཀྱི་ལས་འཇུག་པའི་ཡན་ལག་ཏུ་གྱུར་པ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དོ། །དེ་དག་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་ནས་སྟོན་པར་བྱེད་པ་བསྡུས་དོན་ལྟ་བུའི་དོན་གཅིག་ནི། དཔལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པའོ། །རྩ་རྒྱུད་ཆེན་པོ་དེ་ནི་ཨོ་རྒྱན་ན་མཁའ་འགྲོ་མའི་གླིང་ན་བཞུགས་པ་སྟེ། དེ་ལ་རྒྱ་གར་གྱི་སློབ་དཔོན་ཡང་དངོས་གྲུབ་བརྙེས་པ་རེ་རེ་ཙམ་མ་གཏོགས་པ་ཕལ་གྱིས་མ་གཟིགས་ཏེ། བོད་དུ་མ་བསྒྱུར་རོ། །གཞན་བོད་དུ་བསྒྱུར་བ་རྣམས་རེ་ཞིག་བརྗོད་ན། སངས་རྒྱས་མཉམ་སྦྱོར་ལ་ཕྱོགས་གཅིག་ཏུ་བསྡུས་པའི་རྒྱུད་རྟོགས་པ་བཅུ་པ། རྒྱུད་ཕྱི་མ་རྟོགས་པ་གཅིག་པ། ཕྱི་མའི་ཡང་ཕྱི་མ་རྟོགས་པ་བཅོ་བརྒྱད་པའོ། །ཟླ་གསང་ཐིག་ལེ་ལ་དཀྱིལ་འཁོར་དྲུག་པ་ཡན་ཆད་རྩ་རྒྱུད་སྒྱུད་ཕྱི་མ་དཀྱིལ་འཁོར་བདུན་པའོ། །གསང་བ་འདུས་པ་ལ་རྩ་བའི་རྒྱུད་ལེའུ་བཅུ་བདུན། ཕྱི་མ་ལེའུ་གཅིག་སྟེ་བཅོ་བརྒྱད་དོ། །བཤད་རྒྱུད་གཞི་ལས་འཕྲོས་པའི་རྒྱུད་དང་ལྔ་ལ་སོགས་པའོ། །དཔལ་མཆོག་ལ་ཡོན་ཏན་རྒྱ་ཆེར་བཀོད་པ་ལ། རྣམ་པར་རོལ་པ་ལེའུ་སུམ་ཅུ་སོ་གཉིས། །རྒྱུད་ཕྱི་མ་ལ་ཚིག་གསུམ་ལ་འཇུག་པ་ལ་ལེའུ་བཅོ་བརྒྱད་པའོ། །དཔལ་ཕྲེང་དཀར་པོ་ལ་རྒྱུད་ཕྱི་མ་ཐབས་ཅད་ཀྱི་འཕྲིན་ལས་རྒྱ་ཆེར་རོལ་པའི་རྒྱུད་རྟོགས་པ་བཅུ་གནིས་པ། རྒྱུད་ཕྱི་མ་ཟབ་མོའི་དོན་གཏན་ལ་ཕབས་པ་ལེའའུ་བཅུ་གསུམ་པ། ཁ་མཐུན་པའི་རྒྱུད་འཇམ་དཔལ་གསང་བའི་རྒྱུད།


LR16_Page_341
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་དྲུག་ཅུ་པ་ལ་ལེའུ་སོ་གཉིས་པ། ཉེར་གཉིས་པ་ལ་སོ་བདུན་པའོ། །ཧེ་རུ་ཀ་པ་རོལ་པའི་རྒྱུད་ལ་རྩ་རྒྱུད་ལེའུ་ཞེ་གསུམ་པ། ཕྱི་མ་བཅོ་བརྒྱད་པའོ། །དབང་ཆེན་རྩ་རྒྱུད་ལ་ལེའུ་བདུན་ཅུ་རྩ་གཉིས། རྒྱུད་ཕྱི་མ་རིམཔར་ཕྱེ་བ་བཅུ་བདུན་པའོ། །སྙིང་རྗེ་རོལ་པ་ལ་ལེའུ་སུམ་ཅུ། བདུད་རྩི་རོལ་པ་ལ་རིམ་པར་ཕྱེ་བ་བརྒྱད་པ། དུམ་བུ་གསུམ་པ། བཀོལ་བའི་རྒྱུད་བམ་པོ་བཅོ་བརྒྱད་པ། ཆ་མཐུན་པ་རྡོ་རྗེ་བདུད་རྩི་སྨན་གྱི་རྒྱུད་ལེའུ་བཅུ་གཅིག་པའོ། །བྱི་ཏོ་ཏ་མ་ལ་ཕུར་པ་བྱང་ཆུབ་སེམས་འབྱུང་བའི་རྒྱུད། དཀྱིལ་འཁོར་ཆེན་པོ་ལྔའི་རིམ་པ། རྣམ་པར་རོལ་པ་རྩ་བའི་རྒྱུད་དཀྱིལ། རྒྱུད་ཕྱི་མ་ཀཱི་ལ་ཡ་བཅུ་གཉིས་ཀྱི་རྒྱུད། བཤད་རྒྱུད་མ་མོ་རུལ་དུར་ཁྲོད་རྒྱན་གྱི་རྒྱུད། ཆ་མཐུན་པས་ན་མྱ་ངན་ལས་འདས་པའི་རྒྱུད་ལ་སོགས་པའོ། །རི་བོ་བརྩེགས་པ་ལ་ལེའུ་ཉེར་གཉིས། དམ་ཚིག་བཀོད་པ་ལེའུ་བཅུ་གསུམ་པ། གླང་པོ་རབ་འབོག་ལ་ལེའུ་ཉེར་བརྒྱད། རྩ་བ་གཅིག་བསྡུས་པ་ལ་ལེའུ་བཅོ་ལྔ་སྟེ། དེ་བཞི་རྒྱུད་ཀྱང་བཞུགས་པའོ། །གླང་པོ་རབ་འབོག་ལ་རྩ་བའི་རྒྱུད་ལེའུ་དྲུག་ཅུ་རྩ་གཉིས། ཕྱི་མ་ལ་ལེའུ་བཅུ་གསུམ་ཆ་མཐུན་གློག་གི་གུ་ལེའུ་བཅོ་བརྒྱད། ཐབས་ཀྱི་ཞགས་པ་ལ་རྩ་རྒྱུད་ལེའུ་བཞི་བཅུ་རྩ་གཉིས་པ་དང། ཕྱི་མ་ལས་རྒྱ་མཚོ་ལ་འཇུག་པ་ལེའུ་གཅིག་གོ །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལ་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི། དེ་དག་གི་མན་ངག་དང་བཅས་པ་བསྒྱུར་རོ། །དུས་བུ་འདི་མ་དཔེ་གཞན་ལས་ཁ་བསབས་པ་ཡིན། སྒྲིག་པ་པོས།


LR16_Page_342
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་སྡེ་བརྒྱད་ལ། སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པའི་རྩ་བ་གསང་བའི་སྙིང་པོ། རྒྱས་པར་འགྲེལ་པ་བརྒྱད་ཅུ་པ། རོལ་པ་མངོན་གྱུར་ལྷ་མོ་སྒྱུ་འཕྲུལ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། དཀྱིལ་འཁོར་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། འཕྲིན་ལས་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དམ་ཚིག་མཆོག་ཏུ་གསལ་བར་སྟོན་པ་སྒྱུ་འཕྲུལ་ལེ་ལག་དང་བརྒྱད་དོ། །བཤད་རྒྱུད་སྡེ་བཞི་ལ་ཐབས་ལམ་རིམ་དང་ཅིག་བར་དུ་སྟོན་པ་ཡེ་ཤེས་སྙིང་པོ་དང། རྡོ་རྗེ་མེ་ལོང་གཉིས། གྲོལ་ལམ་རིམ་དང་ཅིག་ཅར་དུ་སྟོན་པ་སྒྱུ་འཕྲུལ་ཐལ་བ་དང། རྒྱ་མཚོ་གཉིས་ཏེ་བཞིའོ། །གསང་བ་སྙིང་པོའི་འགྲེལ་པའི་མན་ངག་ནི། སྒེག་པ་རྡོ་རྗེས་མཛད་པའི་འགྲེལ་པ་སྤར་ཁབ། སངས་རྒྱས་གསང་བས་བཛད་པའི་འགྲེལ་ཆེན། ཛི་ན་མི་ཏྲས་མཛད་པའི་རྒྱ་མ་མདུད་འགྲེལ། སློབ་དཔོན་པདྨས་མཛད་པའི་འགྲེལ་པ་རྣམ་བཤད་ཉིན་བྱེད་སེདྒེའི་འགྲེལ་པ། བཱི་མ་ལས་མཛད་པའི་རྒྱས་པ་མངོན་རྟོགས་བསྡུས་པ་པིན་ཏར་ཐ། བཱི་མ་ལའི་སྒྱུ་འཕྲུལ་བླ་མའི་འགྲེལ་པ་མུན་སེལ་སྒྲོན་མེ། ལེ་ལག་གི་འགྲེལ་པ་སྤྱན་འགྲེལ། བརྒྱད་ཅུ་པའི་འགྲེལ་པ་མངོན་རྟོགས། དེ་དག་གི་མན་གང་ནི། སློབ་དཔོན་བཞད་པ་རྡོ་རྗེས་མཛད་པའི་ལ་ཤན། རུ་འཇམ་དཔལ་ཤེས་གཉེན་གྱི་ལྷ་བ་རྣམ་བཀོད། རུ་ཀླུ་གྲུབ་ཀྱི་གཡུ་ཐང། རུ་ཤྲཱི་སིང་ཧའི་ཐུགས་ཀྱི་སྒོ་ལྕགས། རུ་དེ་བ་གསང་མཛད་ཀྱི་ཐེག་པ་ཆེན་པོ་ཤེས་རབ་ཀྱི་རིམ་པ། རུ་དྷརྨ་བོ་དྷིའི་ཤེས་རབ་ཀྱི་སྒྲོན་མེ། རུ་པདྨའི་ལྟ་ཕྲེང། རུ་བོ་དྷིའི་བསྟན་པའི་སྙིང་པོ། རུ་བཀའ་བརྩེགས་ཀྱི་ལྟ་བའི་རིམ་པ་


LR16_Page_343
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཕྱི་མ་འཇུག་པ་ཁོག་དབུབ་པའི་མན་ངག་ལ། རུ་སྒེག་རྡོར་གྱི་ཐུགས་ཐིག་སྒྱུ་འཕྲུལ་སྤྱི་སྤྱོད། རུ་བཱི་མ་ལའི་ཁོག་གཞུང་གསལ་བའི་སྒྲོན་མ། འོད་ཀྱི་སྣང་བ། རྒྱུད་དོན་ཡོངས་སུ་ཤེས་བྱེད། གནས་སྐབས་ཀྱི་འགྲེལ་པ་བཅུ་ལ། ལྟ་བ་སྟོན་པ་རུ་བཱི་མལའི་འགྲེལ་པ་སྒྲོན་མ་དྲུག་ལ། མཚན་ཉིད་སྒྲོན་མས་རང་སྤྱི་གཏན་ལ་དབབ། ཐུགས་ཀྱི་སྒྲོན་མས་ཐེག་པའི་བདར་ཤ་བཅད། ཡང་དག་སྒྲོན་མས་ངེས་དོན་ལྟ་བ་བཙལ། ཤེས་རབ་སྤྱན་འབྱེད་འཕྲུལ་གྱི་མེ་ལོང་དགུ་སྐོར། ལྷུན་གྲུབ་གཏན་ཚིགས་ཀྱི་སྒྲོན་མ། གཉིས་པ་སྤྱོད་པ་ལ། དབང་ཚིག་ཕྲིན་སྒྲུབ་རྣམས་ཀྱི་ཞོར་ལ་སྟོན་པ་ལས་གཞུང་ཧྲིལ་ཐུམས་སུ་སྟོན་པ་མེ། གསུམ་པ་དཀྱིལ་འཁོར་ལ་རུ་སངས་རྒྱས་གསང་བའི་རྡོ་རྗེ་ལས་རིམ་གྱི་བསྟོད་གཉིས། འོད་རིམ་ཆོ་ག་མདོར་བསྡུས། ཆོས་དོན་བསྡུས་པ། རུ་བཱི་མ་ལའི་ཐིག་གི་པིན་ཏར་ཐ་ལས་སོགས་པའོ། །བཞི་པ་དབང་ལ། རུ་བྷུ་དྷ་ཀུ་ཏའི་དབང་གི་ངེས་འབྱེད། རྡོ་རྗེ་ལས་རིམ་གཉིས་ཀྱི་སྨད། གལ་པོ་ཆེ་རྩ་འགྲེལ། ངེས་འབྱེད་ཆེ་ཆུང། རུ་སྒེག་རྡོར་གྱི་ཐུགས་ཐིག་རུ་བཱི་མ་ལའི་འཇམ་ཐིག་གསང་ཐིག་ཐུགས་ཐིག་ཅིག་བར་འཇུག་པ། དབང་རྒྱུད་པའི་རྩ་འགྲེལ། རྣ་རྒྱུད་ཟམ་པ། ལྷན་སྐྱེས་རྩ་འགྲེལ། སྙིང་གི་རྩ་འགྲེལ། སྙིང་གི་སྒྲོན་མ། རང་ལུས་ཐབས་ལྡན། གཞན་ལུས་ཤེས་རབ། བདེ་བ་ཆེན་པོའི་མན་ངག་རྣམས་ནི་ཨིནྡྲ་བྷཱུ་ཏིས་མཛད་དོ། །ཡེ་ཤེས་ཞབས་ཀྱི་རིན་ཆེན་འཁོར་ལོ། །རིན་ཆེན་སྣང་བ། རིན་ཆེན་ཕྲེང་བའོ། །ལྔ་པ་དམ་ཚིག་ལ་བསྲུང་བྱའི་དམིགས་གཙོ་བོར་སྟོན་པ། སྒེག་པ་རྡོ་རྗེའི་དམ་ཚིག་


LR16_Page_344
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བཀྲ། རྣམ་གྲངས་གཙོ་བོར་སྟོན་པ་ཕྲ་རྒྱས། བཤགས་ཐབས་གཙོ་བོར་སྟོན་པ་རྒྱུན་བཤགས་དང། རུ་པདྨའི་ན་རག་དོང་སྤྲུགས་ཀྱི་སྒྲུབ་ཐབས་རྒྱས་འབྲིང། ཚོགས་དམ་ཚིག་ཉིས་ཤུ་རྩ་བརྒྱད་པ། ཉིན་བྱེད་སེདྒེའི་རྣམ་གྲངས་བཤད་ཐབས་ཉིས་ཤུ་རྩ་བརྒྱད་རྩ་འགྲེལ་དང་བཅས་པ། དམ་ཚིག་རིནཔོ་ཆེའི་གཏེར། རུ་བཱི་མ་ལའི་སྲུང་ཐབས་གཙོ་བོར་སྟོན་པ་མཆོད་རྟེན་རིགས། མིག་མང་རིགས། ཤེལ་གོང་རིགས། ཤེལ་གྱི་སྐས་ཆེན། ལྟ་བའི་ཁྲུས་ལུང་རྒྱལ་མཚན་ནོ། །ཀུན་དགའ་སྙིང་པོའི་ཉེས་དམིགས་གཙོ་བོར་སྟོན་པ། གཅན་འཕྲང་ཆེན་པོ་དང། སྤྱོད་པའི་ཁྲུས་ལུང། དྲུག་པ་འཕྲིན་ལས་ལ་གསུམ་སྟེ། སྒྲོལ་བའི་འཕྲིན་ལས་ལ། རུ་བཱི་མ་ལའི་གནས་ལུང་ཚིགས་བཅད་དགུ་བཅུ་པ། ལུང་ཕྲན་གསུམ་མདོ་བྱང། གཟེར་མགོ་གཉིས། ལས་འཕྲེང། དུར་ཁྲོད་བདེ་བའི་དངོས་གྲུབ་ཀྱི་དཔེ་ཆུང་རང་གནས་ཡེ་ཤེས་མཚོན་ཆེན། དྲག་པོ་འདུལ་བྱེད་ལ་སོགས་པའོ། །མེའི་སྒྲོ་ནས་བྱ་བ་ལ། སངས་རྒྱས་གསང་བའ་སྦྱིན་སྲེག་རྩ་བ། བཱི་མ་ལའི་སྦྱིན་སྲེག་སྤྱི་དོན་བཅུ་གཅིག་རོ་སྤྲེག་སྤྱི་དོན་དགུ་མ། བཅུ་བཞི་མ། བཅུ་གཉིས་མ། བཅོ་ལྔ་མ་ལ་སོགས་པའོ། །མཆོད་རྟེན་གདན་ས་ལ། སྐུ་གདུང་ལས་འཕྲེང། སྐུ་གདུང་འབར་བའི་ལས་དབྱེ། རབ་གནས་རྩ་བའོ། །བདུན་པ་སྒྲུབ་པ་མན་ངག་ལ་གཉིས་ཏེ་ཐུན་མོང་དང། མཆོག་གོ །དང་པོ་ནི། ཚེ་སྲ། རྐང་མགྱོགས། མིག་རྣོ་ལ་སོགས་ཏེ། ཐུན་མོང་གི་སྒྲུབ་པ་བཞི་བཅུ་ཞེ་གཅིག་ལ་སོགས་པའོ། །མཆོག་ལ་གཉིས་ཏེ་བསྐྱེད་རིམ་དང་རྗོགས་རིམ་


LR16_Page_345
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །དང་པོ་ལ་གཉིས་ཏེ། ཞི་བ་དང་ཁྲོ་བོའོ། །དང་པོ་ཞི་བ་ལ། རུ་སངས་རྒྱས་གསང་བའི་ཞི་བ་རྒྱས་པ་འོད་རིམ་དྲྭ་ཆུང། བཱི་མ་ལའི་དྲྭ་ཆེན། རྒྱུད་དོན་གསལ་བྱེད། མེ་ལོང་ལྟ་བུའི་སྒྲུབ་ཐབས་འོད་ཀྱི་ཕྱག་རྒྱའོ། །ཁྱོ་བོ་ལ། རུ་སངས་རྒྱས་གསང་བའི་སྣང་བ་དམ་པའི་རྒྱན་ཡག་དག་སྒྲོན་མ། རུ་བཱི་མ་ལའི་ཤེས་རབ་སྒྲོན་མ། ཚོགས་ཀྱི་འཁོར་ལོ། །ཁྲོ་བོ་ལས་འཕྲེང། ཞི་ཁྲོ་ཐུན་མོང་བ་ལ། རུ་པདྨའི་ཡང་དག་སྒྲོན་མའི་རྩ་བའི་འགྲེལ་པ། འཇིག་རྟེན་ལས་འདས་པའི་མདོ། །ཧེ་རུ་ཀའི་གལ་པོ་དང་མཐུན་པར་བསྡེབས་པ། རུ་བཱི་མ་ལའི་རྟོགས་པ་ལྷ་རྒྱུད། ཆོ་ག་བསྡུས་པའི་སྒྲོན་མ། ཞི་ཁྲོ་ལས་ཀྱི་གལ་འཕྲེང། དེ་ཉིས་ཉིས་ཤུ་རྩ་དགུ་པའོ། །གཉིས་པ་རྗོགས་རིམ་ལ། ཨིནྡྲ་བྷཱུ་ཏིའི་རིམ་གཉིས། བཱི་མ་ལའི་རིམ་གསུམ། ལམ་ཆུང། རུ་སྒོག་སྡོར་གྱི་རིམ་དྲུག །ཨིནྡྲ་བྷཱུ་ཏིའི་རྣམ་བཀོད། རུ་སངས་རྒྱས་གསང་བའ་ལམ་རིམ་ཆེན་མོ་ལ་སོགས་པའོ། །བརྒྱད་པ་ཏིང་ངེ་འཛིན་ལ། རུ་བཱི་ལའི་ཕྱག་རྒྱ་བསམ་གཏན། སྤྱོད་ཡུལ་བཞི་པ། མཁའ་ལྡིང། སྐུ་མངོན་གསུམ། ཕྱག་རྒྱ་བཞི་པའི་བསམ་གཏན། ཁྲོ་བོ་ཕྱག་རྒྱ་གཅིག་པ་ཆེ་ཆུང་གཉིས། ཧེ་རུ་ཀ་དང། སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས། རྩེ་གཅིག་བསྡུས་པའི་བསམ་གཏན་ཡི་དམ་ལྷའི་ཏིང་འཛིན་ཆེ་ཆུང། གཉིས་པ་མི་རྟོག་པ་ལ། རུ་བཱི་མ་ལའི་སྤྱོད་ཡུལ་ཞི་བ། སྤྱོད་ཡུལ་སྦྱོང་བ། རྣམ་པར་མི་རྟོག་པའི་སྒོམ་ལུང་ཆེ་ཆུང། ཏིང་ངེ་འཛིན་སྒྲོན་མའི་བསམ་གཏན། སེམས་དོན་བསྡུས་པ། ཡན་ལག་བཞི་པའི་བསམ་གཏན། རུ་སངས་རྒྱས་སངས་བའི་སེམས་དོན་རབ་ཏུ་འབྱེད་པ། རུ་པདྨའི་འཕྲུལ་གྱི་མེ་ལོང། དགུ་པ་མཆོད་པ་ལ། རུ་པདྨའི་


LR16_Page_346
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཚོགས་བུདྡྷ་ཀུ་ག་ག་ས་ཏའི་རྣལ་འབྱོར་གཏོར་མའི་རིམ་པ། དུར་ཁྲོ་བདེ་བའི་ཟ་ཚོགས། ཧེ་ཆེན། ཧེ་ཆུང། གཡོས་ཡིག་ཆེ་ཆུང། བཱི་མ་ལའི་ཐབས་ཕྱོགས་དཔག་གིས་མི་ལངས་པ། ཐབས་མཆོག་དབྱིག་སྒྲོལ་མ་ལ་སོགས་པའོ། །བཅུ་པ་སྔགས་ནི་ལྷག་པ་ཏིང་ངེ་འཛིན་དང། དཀྱིལ་འཁོར་དང། སྒྲུབ་པའི་ཞོར་ལ་སྟོན་ཅིང་ཚིག་འགལ་དུ་སྟོན་པ་མེད། གཙོ་ཆུང། འོན་ཀྱང་ཡི་གེ་བརྒྱ་པའི་སྒྲུབ་ཐབས། སྔགས་ཀྱི་བཟླས་ཐབས་བཅུ་པ་ལ་སོགས་པའོ། །རྒྱུད་དོན་ཡོངས་སུ་ཤེས་བྱེད་ཀྱི་དངོས་པ་བཅུ་ལ། སྒྱུ་འཕྲུལ་ཕྲག་བརྒྱ་ཉེས་ཤུ་རྩ་བདུན་པ་བཞུགས་སོ། །དེ་དག་རྣམས་ཕལ་ཆེར་ནི་རྨ་རིན་ཆེན་མཆོག་གིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ལུང་ཨ་ནུ་ཡོ་ག་ལ། རྩ་བའི་མདོ་བདུན་དང་ཕྱི་མ་བདུན་ནོ། །རྩ་བ་བདུན་ནི། ཀུན་རིག་རྒྱལ་པོ། ཀུན་འདུས་རིག་པ། སེམས་ལུང་ཆེན་མོ། །རྔམ་པ་གློག་པ་ཡེ་ཤེས་ཙཀྲ། དུར་ཁྲོད་རོལ་པ་ཁུ་བྱུག་བདུད་རྩི་འབྱུང་བའི་རྒྱུད་ཀྱི་མདོ། །ཕྱག་རྒྱ་རོལ་པའི་མདོའོ། །ཕྱི་མ་བདུན་ནི། དབང་བསྐུར་རྒྱལ་པོའི་མདོ། །རིག་འཛིན་དྲུག་གི་མདོ། །རིག་འཛིན་མཆོག་གི་མདོ། །གསང་སྒོ་འགྲེལ་པ། རྡོ་རྗེ་འཁོར་ལོ། །སྒྲོལ་མ་བརྩེགས་པའི་མདོ། །དགོངས་པ་འདུས་པའི་མདོ་དང་བདུན་ནོ། །ཡང་མདོ་བཞི་ཐེམས་དང་ལྔ་ལས་མེད་ཀྱང་ཟེར་ཏེ། ཀུན་འདུས་རིག་པའི་མདོ། །སེམས་ལུང་ཆེན་མོ། །རྔམ་པ་གློག་དུར་ཁྲོད་རོལ་པ་ཁུ་བྱུག་དགོངས་པ་འདུས་པ་དང་ལྔའོ། །དེ་རྣམས་ནི་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་མཆོག་གིས་བསྒྱུར་རོ། །


LR16_Page_347
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་འཇམ་དཔལ་དང། པདྨ་དང། ཡང་དག་དང། བདུད་རྩི་དང། ཕུར་པ་དང། མ་མོ་ལ་སོགས་ཏེ། སྒྲུབ་པ་སྡེ་དྲུག་རྒྱུད་སྒྲུབ་ཐབས་ཕྱག་བཞེས་དང་བཅས་པ། སློབ་དཔོན་པདྨའི་འགྱུར་བྱང་གི་སྐབས་དང་མཐུན་པ་གཉགས་ཛྙཱན་ཀུ་མཱ་རས་བསྒྱུར་རོ། །མན་ངག་རྫོགས་པ་ཆེན་པོའི་སྐོར་ལ། ཕྱི་སེམས་སྡེའི་སྐོར་དང། ནང་ཀློང་སྡེའི་སྐོར་དང། བམ་པོའི་སྐོར་དང། མདོ་ལུང། རྫོགས་ཆེན་མ་བུའི་སྐོར་དང། མན་ངག་རྫོགས་འཕྲེང་གི་སྐོར་དང། མན་ངག་སྙན་རྒྱུད་ཀྱི་སྐོར་དང། མན་ངག་བསམ་གཏན་གྱི་སྐོར་ལ་སོགས་པའོ། །སློབ་དཔོན་བཻ་རོ་ཙ་ནའི་འགྱུར་བྱང་གི་སྐབས་སུ་རྒྱས་པར་བཤད་པ་བཞིན་དུ། རྫོགས་ཆེན་ཕྱིས་འགྱུར་དུ་གྲགས་པ་རྣམས་ཀྱང་གཉགས་ཛྙཱན་ཀུ་མཱ་རས་བསྒྱུར་བ་ཡིན་ནོ། །རབ་བཞིན་རྫོགས་པ་ཆེན་པོ་སྡེ་གསུམ་ལས། དེ་དག་ལས་ཁྱད་པར་དུ་བསྡུས་པའི་ཐིག་ལེ་རང་གནད་ལ་དབབ་པ་འདི་ལ་རྣམ་གྲངས་དང་གཅིག་བསྒྱུར་ལུགས་དང་གཉིས་ལས། རྣམ་གྲངས་ལ་གཉིས་ཏེ། སྙན་རྒྱུད་དང་བཤད་རྒྱུད་གཉིས་སོ། །བཤད་རྒྱུད་ལ། ཐིག་ལེ་རང་གནད་ལ་དབབ་པ་འདི་ལ། ཕྱི་སྐོར་དང་གཅིག་ནང་སྐོར་དང་གཉིས། གསང་སྐོར་དང་གསུམ། གསང་སྐོར་བླ་ན་མེད་པའི་སྐོར་དང་བཞི། རྒྱ་གར་གྱི་ཡུལ་ན་རྣམ་གྲངས་བཞི་བཞུགས་སོ། །ཕྱི་སྐོར་ནང་སྐོར་གསང་སྐོར་གྱི་བསྒྱུར་ལུགས་ནི། ཕྱི་ཤིང་སྒྲོམ་སྐྱ་མོའི་སྐོར་དང་གཅིག་ནང་བསེ་སྒྲོམ་སྨུག་པོའི་སྐོར་དང་གཉིས། གསང་བ་དངུལ་གྱི་གའུ་སྤར་ཁབ་ཅན་གྱི་སྐོར་དང་གསུམ་བོད་དུ་བསྒྱུར་རོ། །


LR16_Page_348
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ཤིང་སྒྲོམ་སྐྱ་མོའི་སྐོར་ལ། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ཕྱི་ལྟར་དུ་སྐོར་བ། ཟུག་པ་རྩ་བའི་ཚུལ་དུ་འདུག་པ་ལ། སྐུའི་རྒྱུད་པདྨ་འཁྱིལ་བ། གསུང་གི་རྒྱུད་རྡོ་རྗེ་རྩེ་མོ་འདུས་པ། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པ། ཡོན་ཏན་གྱི་རྒྱུད་བསོད་ནམས་རི་བོ་བརྩེགས་པ། འཕྲིན་ལས་ཀྱི་རྒྱུད་མཁའ་གསལ་ལ་ཉི་མ་དང་ལྔ་སྟེ། རྩ་བའི་རྒྱུད་སྡེ་ཆེན་པོ་ལྔ་བོད་ཡུལ་དུ་སྤྲུགས། རྨ་བྱ་མཇིང་བསྣོལ། ཡེ་ཤེས་བླ་མ། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་དང་བཞི་སྟེ། མན་ངག་གི་རྒྱུད་སྡེ་ཆེན་པོ་བཞི་བོད་ཡུལ་དུ་བསྒྱུར་རོ། །རྒྱས་པ་ལོ་འདབ་ཀྱི་ཚུལ་དུ་འདུག་པ་ལ། ཞལ་ཐིམས་གསུམ་པ། མཚན་ནིད་བཞི་ལྡན། ཐིགས་ཐེག་པ་གསུམ་པ། བདུད་རྩི་ཡག་ཞུན་གྱི་བཅུད་དང་བཞི་སྟེ། ལུང་གི་བཀའ་ཆེན་མོ་བཞི་བོད་ཡུལ་དུ་བསྒྱུར་རོ། །གསལ་བ་མེ་ཏོག་གི་ཚུལ་དུ་འདུག་པ་ལ། པོ་ཏི་སྨུག་པོ་ཆེ་ཆུང་གཉསི་བོད་དུ་བསྒྱུར་རོ། །སྨིན་པ་འབྲས་བུའི་ཚུལ་དུ་འདུག་པ་ལ། སེམས་ཕྱོགས་ཆེན་མོ་མཛོད་ཀྱི་རྒྱུད་བསྒྱུར་རོ། །དེ་རྣམས་ནི་ཕྱི་ཤིང་སྒྲོམ་སྐྱ་མོའི་སྐོར་གྱི་བསྒྱུར་ལུགས་སོ། །ནང་བསེ་སྒོམ་སྨུག་པོའི་སྐོར་ལ། རྟོག་པ་ཡེ་ཤེས་ཀྱི་འཁོར་ལོ་ནང་ལྟར་དུ་བསྐོར་བ་ལ། ཀུན་ཏུ་བཟང་པོའི་སྒོམ་ཉམས་དྲུག་པ། ཡེ་ཤེས་ལག་སྤྲད། མཆོངས་པ་ལྔ་ལྡན། ཐིག་ལེ་གསང་བ་བརྡའི་རྒྱུད། ཚོགས་ཀྱི་སྐོར་བྱང་ཆེ་ཆུང་གཉིས། འཕྲུལ་གྱི་ལྡེ་མིག་གསུམ་སྐོར། ནམ་མཁའ་གཉིས་པ། རྒྱུད་སེམས་བསྲེ་བའི་མན་ངག་རྣམས་ལྟོ་སྦྱོར་གྱི་དགོངས་པ། སྐུ་གསུམ་བྱ་ལོག་གི་རྒྱུད། བྱ་ལོག་གསལ་བ་སྒྲོན་མའི་རྒྱུད།


LR16_Page_349
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྲུབ་ཡོངས་རྫོགས་ཀྱི་རྒྱུད། ཇི་འཞིན་གནས་པ་བཀོད་པའི་རྒྱུད། དྲི་མེད་རྣམ་དག་འོད་གསལ་བའི་རྒྱུད་ལ་སོགས་པ་སྟེ་རྒྱུད་སྡེ་ཆེན་པོ་བཅུ་གསུམ་བོད་ཡུལ་དུ་བསྒྱུར་རོ། །དེ་རྣམས་ནི་བསེ་སྒྲོམ་སྨུག་པོའི་བརྒྱུར་ལུགས་སོ། །གསང་བ་བཻཌཱུརྱ་རིན་པོ་ཆེ་བསེའི་གའུ་དངུལ་གྱི་སྤར་ཁབ་ཅན་གྱི་སྐོར་ལ། ཕྱག་ན་རྡོ་རྗེ་མེ་ལྕེ་འཕྲེང་བའི་རྒྱུད། མཁའ་འགྲོ་མ་གཙུག་ན་མེ་འབར་གྱི་རྒྱུད། འཇམ་དཔལ་ཡེ་ཤེས་རྒྱན་གྱི་རྒྱུད། འཇམ་དཔལ་དགོངས་པ་འདུས་པའི་རྒྱུད། ཡོངས་སུ་གྲགས་པ་སྤུ་གྲི་སྡེ་དྲུག་བཤད་པའི་རྒྱུད། བསྐལ་པ་དུ་མའི་རྒྱུད། རིན་པོ་ཆེ་ཨ་ཏིའི་གཟེར་མིག་ཆེ་ཆུང་གཉིས་ཏེ་རྒྱ་ནས་བོད་ཡུལ་དུ་བསྒྱུར་རོ། །དེ་ཚོ་ནི་གསང་བ་བཻཌཱུརྱ་རིན་ཆེ་པོ་བསེའི་གའུ་དངུལ་གྱི་སྤར་ཁབ་ཅན་གྱི་བསྒྱུར་ལུགས་སོ། །དེ་རྣམས་ནི་བཱི་མ་ལ་མི་ཏྲ་དང་གཉགས་ཛྙནས་སྒྲ་བསྒྱུར་གླིང་དུ་བསྒྱུར་རོ། །གཞན་ཡང་སྤྱི་རྒྱུད་ཐིག་ལེ་ཀུན་གསལ་དང། ཟབ་མོ་རྒྱུད་ལྔ་ལ་སོགས་པ། སྙན་རྒྱུད་ཡི་གེ་ཅན་དཔེ་དང་བཅས་པ་དང། སྙན་རྒྱུད་ཡི་གེ་མེད་པའི་ངོ་སྤྲོད་དམར་ཁྲིད་ཀྱི་གདམས་ངག་རྣམས་དང། བསམ་ཡས་མཆིམས་བུའི་བྲག་དམར་དགེ་གོང་དུ་ཉང་མཆོག་ཏིང་འཛིན་བཟང་པོ་ལ་བཤད་ཅིང་ཛྙནས་བསྒྱུར་བ་ལགས་སོ། །དེ་ལས་ཡང་ཁྱད་པར་དུ་བསྒྱུར་པ། རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ། མངོན་སུམ་སྙིང་ཐིག་གི་སྐོར་ལ། རྒྱུད་བཅུ་བདུན། ཁྲོས་མ་ནག་མོའི་རྒྱུད་དང་བཅོ་བརྒྱད་དོ། །ཟབ་པའི་པོ་ཏི་བཞི། མཐུན་མོང་གི་པོ་ཏི་བཞི། མན་ངག་གི་ཡི་གེ་མི་འདྲ་བ་བརྒྱ་དང་བཅུ་དགུ་


LR16_Page_350
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལས། རྒྱུད་བཅུ་བདུན་གྱི་ཐོག་མར། རིག་པ་རང་ཤར་གྱི་རྒྱུད་ལ་ལེའུ་བརྒྱད་བཅུ་རྩ་དྲུག་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལ་ལེའུ་བརྒྱད། སེདྒེ་རྩལ་རྫོགས་ཀྱི་རྒྱུད་ལ་ལེའུ་བཅུ་གསུམ། གསང་བ་ཡི་གེ་མེད་པའི་རྒྱུད་ལ་ལེའུ་དྲུག་བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་ལ་ལེའུ་བདུན། སྒྲ་ཐལ་འགྱུར་གྱི་རྒྱུད་ལ་ལེའུ་དྲུག་ཀུན་ཏུ་བཟང་པོ་སྙིང་གི་མེ་ལོང་གི་རྒྱུད་ལ་ལེའུ་བ་བདུན་སྒྲོན་མ་འབར་བའི་རྒྱུད་ལ་ལེའུ་སྙིག་གི་མེ་ལོང་རྒྱུད་ལ་ལེའུ་བདུན། སྒྲོན་མ་འབར་བའི་རྒྱུད་ལ་ལེའུ་སྙིང་གི་མེ་ལོང་གི་རྒྱུད་ལ་ལེའུ་བདུན། སྒྲོན་མ་འབར་བའི་རྒྱུད་ལ་ལེའུ་སྙིག་གི་མེ་ལོང་གི་རྒྱུད་ལ་ལེའུ་བདུན། སྒྲོན་མ་འབར་བའི་རྒྱུད་ལ་ལེའུ་བདུན། ནོར་བུ་འཕྲ་བཀོད་ཀྱི་རྒྱུད་ལ་ལེའུ་བཅུ་བཞི། ཉི་ཟླ་ཁ་སྦྱོར་གྱི་བདུན། ནོར་བུ་འཕྲ་བཀོད་ཀྱི་རྒྱུདལ་ལ་ལེའུ་བཅུ་བཞི། ཉི་ཟླ་ཁ་སྦྱོར་གྱི་བདུན། ནོར་བུ་འཕྲ་བཀོད་ཀྱི་རྒྱུད་ལ་ལེའུ་གསུམ། མུ་ཏིག་འཕྲེང་བའི་རྒྱུད་ལ་ལེའུ་བརྒྱད། རིག་པ་རང་གྲོལ་གྱི་རྒྱུད་ལ་ལེའུ་དགུ། རྫོགས་པ་རང་བྱུང་གི་རྒྱུད་ལ་ལེའུ་བརྒྱད། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ལ་ལེའུ་དྲུག་སྐུ་གདུང་འབར་བའི་རྒྱུད་ལ་ལེའུ་གསུམ། རིན་ཆེན་སྤུངས་པའི་རྒྱུད་ལ་ལེའུ་ལྔ། ཁྲོས་མ་ནག་མོའི་རྒྱུད་ལ་ལེའུ་བཅོ་བརྒྱད་དོ། །ཟབ་པའི་པོ་ཏི་བཞི་ལ། དུང་ཡིག་ཅན་དང་ཟངས་ཡི་ཅན་གཉིས། བསྟན་པ་བུ་གཅིག་པ་དར་གསུམ། འདས་རྗེས་དང་བཞིའོ། །མཐུན་མོང་གི་པོ་ཏི་བཞི་ལ། གཡུ་ཡིག་ཅན། དུམ་དུམ་ཁྲིགས། འཕྲ་ཏིག་ཅན། མཁའ་འགྲོ་གསང་མཛོད་དང་བཞིའོ། །མན་ངག་གི་ཡི་གེ་བརྒྱ་དང་བཅུ་དགུ་ནི། གསང་བའི་མན་ངག་དུམ་དུ་ཁྲིམས་ལ་དུམ་བུ་བདུན་ཅུ་བཞི། མ་བུ་ངེས་པ་གསུམ་གྱི་རྣམ་འབྱོར་དོན་རབ་ཏུ་འགྲུབ། འཕྲུལ་གཞི་གསང་བའི་མེ་ལོང་ཉིད་ལ་དུམ་མེད་མ་བུ་གཉིས། འབྱུང་བཞི་གནད་ཡིག་ཉིད་ལ་དུམ་མེ་མ་བུ་བཞི་དང། རིན་ཆེན་གསེར་ཏིག་ཉིད་ལ་དུམ་མེད་མ་བུ་མེད། སྣང་བྱེད་སྒྲོན་


LR16_Page_351
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་དུམ་བརྒྱད་མ་བུ་གཉིས། འོད་གསལ་ལྡེ་མིག་ཉིད་ལ་དུམ་ལྔ་མ་བུ་མེད། ཤེས་བྱ་གསུམ་སྐོར་ཉིད་ལ་དུམ་གསུམ་མ་བུ་ལྔ། གསལ་བའི་སྡོམ་བྱང་ཉིད་ལ་དུམ་མེད་མ་བུ་ལྔ། སྒྲ་རྟགས་འཁོར་ལོ་ཉིད་ལ་དུམ་བརྒྱད་མ་བུ་མེད། བབས་ལུགས་གསུམ་སྐོར་དུམ་བུ་གསུམ་སྟེ་མ་བུ་བདུན། འཕྲུལ་པའི་ལྡི་མིག་ཉིད་ལ་དུམ་བུ་གསུམ་སྟེ་མ་བུ་མེད། ཡེ་ཤེས་ལག་འཕྲད་ཉིད་ལ་དུམ་མེད་མ་བུ་གཉིས། གསང་ཐིག་ཆེན་མོ་ལ་ནི་དུམ་བུ་བཅུ་སྟེ་མ་བུ་མེད། བསེ་བྱང་བསྐོལ་མ་ཉིད་ལ་དུམ་བུ་ལྔ་དང་མ་བུ་གསུམ། ལམ་ཁྲིགས་ཆེན་མོ་ལ་ནི་དུམ་བུ་བཅུ་སྟེ་མ་བུ་མེད། བཀའ་འགྲེལ་ཆེན་མོ་ལ་ནི་དུམ་བུ་བཅུ་བདུན་མ་བུ་མེད། བསམ་གཏན་རང་སྣང་ཉིད་ལ་དུམ་བུ་ལྔ་མ་བུ་གཉིས། གསལ་བའི་མེ་ལོང་ཉིད་ལ་དུམ་དྲུག་མ་བུ་མེད། གསང་བའི་ཞིང་གོམ་ཉིད་ལ་དུམ་མེད་མ་བུ་བརྒྱད། སྣང་བ་བསྡུས་པ་ཉིད་ལ་དུམ་བཞི་མ་བུ་གཉིས། གནས་པའི་འབྱུང་ཁུངས་ཉིད་ལ་དུམ་གསུམ་མ་བུ་མེད། ཁྲེགས་ཆོད་བདུན་པ་ཉིད་ལ་དུམ་བདུན་མ་བུ་དགུ །ཐོད་རྒལ་དགུ་ནིད་ལ་ནི་དུམ་དགུ་མ་བུ་ལྔ། ལུང་བསྟན་ཆེན་མོ་ཉིད་ལ་དུམ་དང་མ་བུ་མེད། ཀློང་ཆེན་དྲུག་པ་ཉིད་ལ་དུམ་དྲུག་མ་བུ་གཉིས། སྤྱོད་ལམ་བསྡུས་པ་ཉིད་ལ་དུམ་གསུམ་མ་བུ་གཉིས། ལྟ་བའི་གསེར་སྐོར་ཉིད་ལ་དུམ་དགུ་མ་བུ་མེད། པདྨ་ཀློང་ཡངས་དུམ་ལྔ་མ་བུ་གསུམ། ལྷ་ཡི་ཕྱག་སོར་མ་ལ་དུམ་ལྔ་མ་བུ་གསུམ། གསེར་གྱི་ཨུཏྤལ་ལ་ནི་དུམ་མེད་མ་བུ་མེད། དྲན་པ་རྒྱུན་གཅོད་དུམ་གསུམ་མ་བུ་མེད། རིག་པ་ལམ་སློང་དུ་བཅོ་ལྔ་མ་བུ་མེད། ཕྲ་ལ་རྒྱུན་དྲིལ་དུམ་མེད་མ་བུ་མེད། གསལ་མི་སྒྲོན་མ་ཉིད་ལ་དུམ་མེད་མ་བུ་མེད།


LR16_Page_352
[མ་དཔེ་གཟིགས་ན་འདིར་གནོན།]

སེདྒེ་རྩལ་སྤྲུགས་དུམ་ལྔ་མ་བུ་གསུམ། ཨ་ཏི་གནམ་དགོས་དུམ་ལྔ་མ་བུ་དྲུག་དགོངས་དོན་བཞི་པ་ཉིད་ལ་དུམ་མེད་མ་བུ་མེད། རྡོ་རྗེ་ལམ་བསྟན་ཉིད་ལ་དུམ་མེད་མ་བུ་ལྔ། རིན་ཆེན་འོད་འབར་དུམ་མེད་མ་བུ་མེད། ལྷག་པའི་འཁོར་ལོ་དུམ་བཞི་མ་བུ་གསུམ། ཁྱུང་ཆེན་མཁའ་ལྡིང་དུམ་གཉིས་མ་བུ་གསུམ། ལྟ་བའི་མིག་སེལ་དུམ་དགུ་མ་བུ་མེད། བླ་མའི་རིམ་པ་དུམ་བུ་བཅུ་བདུན་མ་བུ་མེད། དྲངས་པའི་ཚིག་རྒྱུན་བརྡ་འགྲོལ་འཁྲུལ་གཞི་རྩད་གཅོད་བསྡུས་དོན་བཅས། སེམས་ཀྱི་དམིགས་དྲུག་དུམ་བུ་དྲུག་ལ་བཤད་ཊཱིཀ་འགྲེལ། སྒོམ་པའི་འཁོར་ལོ་དུམ་བུ་ལྔ་ལ་མ་བུ་གསུམ། དབང་གི་འཁོར་ལོ་དུམ་བུ་གཅིག་ལ་མ་བུ་གཉིས། དབང་གི་ལས་བྱང་དུ་བཅུ་བདུན་མ་བུ་མེད། སྤྲོས་མེད་དབང་གི་མན་ངག་དུམ་མེད་མ་བུ་མེད། དབང་གི་རྩ་བ་དུམ་མེད་འགྲེལ་རྩ་གཉིས། དབང་གི་རིག་འབྱེད་དུམ་བཞི་མ་བུ་མེད། དབང་གི་ཕྲ་ཏིག་དུམ་དྲུག་མ་བུ་མེད། འཁོར་ལོ་དྲུག་པའི་དབང་གི་དུམ་དྲུག་མ་བུ་གསུམ། དམ་ཚིགས་རབ་འབྱེད་དུམ་གསུམ་མ་བུ་མེད། དབང་བཀའ་ངེས་དོན་ཆེན་མོ་དུམ་བུ་བཅུ་གཅིག་མ་བུ་ལྔ། དབང་འབྱོར་སྤྲ་ཁྲིད་དུམ་དགུ་མ་བུ་མེད། རིག་པའི་མེ་ཏོག་དུམ་མེད་མ་བུ་གསུམ། གསེང་ལུང་ཆེན་པོ་དུམ་དྲུག་མ་བུ་གཉིས། མན་ངག་རྩ་གསུམ་དུམ་མེད་མ་བུ་གསུམ། ལུང་ཊཱིཀ་བཅོ་བརྒྱད་དུམ་བུ་བཅོ་རྒྱད་མ་བུ་མེད། རིག་པ་དྲུག་པ་དུམ་དྲུག་མ་བུ་གསུམ། སེམས་ལུང་སྒོམ་ཁྲིགས་དུམ་བུ་གཉིས་མ་བུ་མེད། ཕྲ་བཀོད་བཅུ་པ་དུམ་བཅུ་མ་བུ་མེད། ལུང་ཡིག་འདུས་པ་དུམ་གཉིས་མ་བུ་མེད། བདུད་


LR16_Page_353
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཡང་ཞུན་དུམ་མེད་མ་བུ་གསུམ། ལུང་གསུམ་འདུས་པ་དམ་གསུམ་མ་བུ་གཉིས། གཡུ་ཡིག་ཅན་ལ་དུམ་བུ་བཅོད་བརྒྱད་མ་བུ་གཉིས། ཕྲ་ཡི་གཅན་ལདུམ་བུབཅུ་དགུ་མ་བུ་མེད། གསེར་ཡིག་ཅན་ལ་དུམ་བུ་ཉིས་ཤུ་མ་བུ་གཉིས། སྙིང་གསེར་ཅན་ལ་དུམ་བུ་ཉིས་ཤུ་རྩ་གཅིག་མ་བུ་མེད། དེ་ཉིད་ཆུང་བ་དུམ་བུ་བདུན་ཡོད་མ་བུ་མེད། བསམ་གཏན་ཉལ་བའི་འཁོར་ལོ་ཉིད་ལ་དུམ་བཞི་མ་བུ་མེད། འཕྲུལ་ཡིག་ཆེན་མོ་དུམ་བུ་ཉིས་ཤུ་རྩ་གཅིག་མ་བུ་མེད། ཆུང་བ་ཉིད་དུམ་བུ་བཞི་ལ་མ་བུ་གཉིས། མཁའ་འགྲོའི་མཛོད་ལ་དུམ་བུ་དྲུག་ལ་མ་བུ་གཉིས། འཕོ་བ་ཆེན་མོ་དུམ་མེད་མ་བུ་མེད། གསང་བའི་གཟེར་བུ་དུམ་མེད་མ་བུ་མེད། རྩ་གནས་འཁོར་ལོ་དུམ་བཞི་མ་བུ་གཉིས། བསམ་གཏན་འབས་ལུགས་དུམ་མེད་མ་བུ་མེད། རིག་པའི་ས་འབྱེད་དུམ་ལྔ་མ་དྲུག་སྣང་བ་རྒྱས་འདེབས་ལ་དུམ་མེད་མ་བུ་མེད། ཡེ་ཤེས་སྦུབས་འཇུག་དུམ་གསུམ་མ་བུ་གཉིས། ལོ་རྒྱུས་ཆེན་མོ་དུམ་གསུམ་མ་བུ་མེད། གསང་བའི་ཞལ་མ་བུ་བརྒྱད། གཏན་རྩིས་གོ་ཆ་དུམ་བུ་གསུམ་ཡོད་མ་བུ་མེད། འགྱུར་མེད་ཐིག་ལེ་ཉིད་ལ་དུམ་དྲུག་མ་བུ་མེད། དངོས་པོའི་ཕ་བརྒྱུད་ཉིད་ལ་དུམ་གསུམ་མ་བུ་ལྔ། འབྲས་བུ་དངོས་ལ་དུམ་མེད་མ་བུ་མེད། ནམ་མཁའ་ལམ་ཁྱེར་ཉིད་ལ་དུམ་དང་མ་བུ་མེད། ཐི་བྱ་ཚང་འཇུག་ཉིད་ལ་དུམ་མེད་མ་བུ་ལྔ། གསང་བ་རིན་ཆེན་ལ་ནི་དུམ་མེད་མ་བུ་ལྔ། ཀ་དག་ཆེན་པོའི་དབང་ཡིག་ལ་ནི་དུམ་མེད་མ་བུ་མེད། ལྷུན་གྲུབ་ཡེ་ཤེས་དུམ་དྲུག་མ་བུ་མེད། ཤེས་རབ་འཁོར་ལོ་ལ་


LR16_Page_354
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུམ་བརྒྱད་མ་བུ་མེད། སྨྲ་བའི་མཚོན་ཆེན་ལ་ནི་དུམ་བཅུ་མ་བུ་མེད། འབྱུང་བ་གནས་འབྱེད་ཉིད་ལ་དུམ་བཞི་མ་བུ་བརྒྱད། ཡེ་ཤེས་ལྔ་སྐོར་ཉིད་ལ་དུམ་ལྔ་མ་བུ་གཉིས། འོད་ཀྱི་ཚུལ་བཤད་ལ་ནི་དུམ་བཅུ་མ་བུ་མེད། སྒྲོན་མེའི་ཁུངས་གཅོད་ཉིད་ལ་དུམ་གཉིས་མ་བུ་གཉིས། ཕྱག་རྒྱ་འདུས་པ་ལ་ནི་དུམ་བཞི་མ་བུ་མེད། བཀོད་པ་ལྔ་ལ་ནི་དུམ་ལྔ་མ་བུ་མེད། རྒྱ་མཚོ་ཨར་གཏོད་ལ་ནི་དུམ་གཉིས་མ་བུ་མེད། རླུང་གི་མདོ་བྱང་ཉིད་ལ་དུམ་དྲུག་མ་བུ་གཉིས། ངོ་སྤྲོད་གསུམ་པ་ལ་ནི་དུམ་གསུམ་མ་བུ་མེད། བཅའ་ལུགས་བཅུ་གཅིག་ལ་ནི་དུམ་བཅུ་གཅིག་མ་བུ་མེད། རྩ་ཐིག་ཆེན་མོ་ལ་ནི་དུམ་གསུམ་མ་བུ་གཉིས། ཆུང་བ་དུམ་བུ་གསུམ་མ་བུ་གཉིས། རླུང་གི་ལྡེ་མིག་དུམ་མེད་མ་བུ་མེད། རིག་པའི་གནས་པ་ནིད་ལ་དུམ་བཞི་མ་བུ་མེད། མིག་གི་བསམ་གཏན་ཉིད་ལ་དུམ་མེད་མ་བུ་དྲུག་ཅེས་པའི་རྩ་བ་དང། ཡན་ལག་གི་རྒྱུད་སྡེ་དེ་རྣམས་ནི། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས། བསམ་ཡས་མཆིམས་ཕུའི་བྲག་དམར་དགེ་གོང་དུ་བསྒྱུར་རོ། །གཞན་ཡང་ལོ་ཙྭ་བ་དང། པཎྜི་ཏ་མཁས་པར་གྲགས་པ་མང་པོ། དམ་པའི་ཆོས་བཀའ་དང་བསྟན་བཅོས། རྒྱུད་དང་མན་ངག་ལུང་དང་རིགས་པར་དཔྱད་པ་བསམ་གྱིས་མི་ཁྱབ་པ་བསྒྱུར་རོ། །བོད་དུ་གྲུབ་་བརྙེས་པ་དཔག་ཏུ་མེད་པ་བྱུང་བ་སོ་སོའི་མཚན་ནུས། ཡང་དེའི་དུས་འཚོ་བ་བླ་ནས་སྦྱོར། དགེ་བ་ཉམས་བག་དུ་སྤྱོད་དེ། དགེ་འདུན་གྱི་སྡེ་བཙུགས། ཉན་བཤད་དང་སྒོམ་སྒྲུབ་ཀྱི་གྲྭ་བཟུང།


LR16_Page_355
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་ཕ་རྒྱས་པར་མཛད་དེ། ཚང་མང་ཀེ་རུའི་གླིང་དུ་གཡོས་མལ་བཅས་ཏེ་རབ་ཏུ་བྱུང་བ་གསུམ་བརྒྱ་ལ། ཟས་སྣ་བཅུ་གསུམ་ཙམ་རེ་འདྲེན། དེའི་ལག་ལེན་ཇོ་མོ་བྱང་ཆུབ་རྗེས་མཛད། གདན་ནོན་པ་དང་ཡུམ་རྒྱས་པ་བམ་པོ་རེ་ལ་ཤོག་དྲིལ་དུ་བྱས་ནས། འབུམ་ཚར་རེ་འདོན་ནོ། །དུས་དེར་བློན་པོ་འགོས་ཁྲི་བཟང་གི་ཞལ་ནས། དམ་པའི་ལྷ་ཆོས་རྒྱས་པར་མཛད་ན། སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་མཛད་པར་ཅིས་གནང་མཆི་ན། རྗེའི་གདུང་རབས་དང། འབངས་ཀྱི་དཔྱད་ལ་སོགས་པ་ཡང་མཛད་དོ། །དེའི་ཚེ་སློབ་དཔོན་བོ་དྷི་སཏཱའི་ཞལ་ནས། བོད་དུ་མུ་སྟེགས་ནི་མི་འབྱུང་གི་སངས་རྒྱས་ཀྱི་བསྟན་པ་ཉིད་ལ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བ་སྟེ། རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུག་བསྟན་ཏེ། དབུ་ལ་རྟས་འཕྲ་བ་རྒྱལ་ཏེ་ཞི་བར་གཤེགས་སོ། །ཞལ་མཆེམས་རྣམས་ཡེ་ཤེས་དབང་པོ་ལ་བཞག་དེའི་སྤུར་ཧས་པོ་རིའི་རྒྱབ་ཏུ་བཞུགས་ནས་མཆོད་རྟེན་ཞིག་ཀྱང་བཞེངས་སོ། །དུས་དེ་ཙ་ན་སློབ་དཔོན་པདྨ་དང། བཱིམ་ལ་མི་ཏྲ་ལ་སོགས་ཏེ། རྒྱ་གར་གྱི་མཁས་གྲུབ་མང་པོ་བྱོན་ཞིང་ཞབས་ལ་གཏུགས་པ་དང། དམ་པའི་ཆོས་ཚུལ་བཞིན་སྤྱད་པས་དེའི་བྱིན་རླབས་ཀྱིས། ཆམ་འོག་གི་འབངས་ཕོ་མོ་ཡོན་ཏན་ཅན་གྲུབ་པ་བརྙེས་པ་མང་དུ་བྱུང་སྟེ། དེའང་འབྲོ་རྒྱལ་བའི་བློ་གྲོས་ཀྱིས་རྫུ་འཕྲུལ་གྱིས་སྟག་གཟིག་གི་རྒྱལ་ཁམས་དབང་དུ་བསྡུས། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ནམ་མཁའ་ལ་འཕུར་ནས་གླིང་གཞན་དུ་འགྲོ་ནུས། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་རྟ་མགྲིན་གཞན་དུ་འགྲོ་ནུས། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་རྟ་མགྲིན་གྱི་སྐུ་དངོས་སུ་སྟོན་ནུས། ཨུ་ན་ཨ་ནམ་གྱིས་རང་ལུས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་


LR16_Page_356
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་ནུས། སྣུབས་ནམ་མཁའི་སྙིང་པོ་སངས་རྒྱས་ཀྱི་ཞལ་མངོན་གསུམ་དུ་གཟིགས་ནས་དྲི་བ་ཞུ་ནུས། རླངས་དཔལ་གྱི་སེདྒེས་སྲིད་པ་གསུམ་གྱི་འདྲི་སྲེན་མག་པོ་མངོན་སུམ་དུ་སྲེག་ནུས། རླངས་གཙུག་ན་རིན་ཆེན་གྱིས་བག་བཞི་སོ་སོར་ཕྱེ་ནས་སླར་སྦྱོར་བར་ནུས། རླངས་ཁམས་པ་གོ་ཆས་འབུམ་སྡེ་བཞི་ཞལ་བཏོན་དུ་མཛད་ནུས། རྨ་རིན་ཆེན་མཆོག་གིས་བྲག་ཆེན་པོ་སྲིན་ལག་གིས་བཏེགས་ནས་དེའི་འོག་ཏུ་འཛུལ་ནུས། གཉཊ་ཛྙཱན་ཀུ་མཱ་རས་བྱ་ནམ་མཁའ་ལ་འཕུར་བ་ལ་སྔགས་བཏབ་པས་ས་ལ་ལྷུང་ནུས། པ་གོར་བཻ་རོ་ཙ་ནས་རྐང་མགྱོགས་ཀྱི་དངོས་གྲུབ་ཀྱིས་རྒྱ་གར་ཡུལ་ཞལ་གསུམ་ལ་བསྐོར་ནུས། གཉན་ཨཱ་ཙརྱ་དཔལ་དབྱངས་ཀྱིས་ཕྲ་མིན་མ་དང། དབང་ཕྱུག་མའི་མཐོང་ནུས་པ་ལ་སོགས་གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་བྱུང་ངོ་། །བུད་མེད་ལ་ཡང་མང་པོ་བྱུང་སྟེ། འབྲོ་བཟའ་ཏི་སམ་གྱིས་ནམ་མཁའ་ལ་འཕུར་ནུས། མ་གོ་བཟའ་རིན་ཆེན་མཚོས་ཉི་མའི་སྲབ་མདའ་ལ་ཆོས་གོས་འགེལ་ནུས། འོ་བྱེ་བཟའ་དཀར་རྒྱལ་འཕཊ་མས་ཡི་དམ་ལྷའི་ཞལ་བསྟན་ནུས། ལྕོག་རོ་བཟའ་བྱང་ཆུབ་འཕགས་ཀྱིས་ལུས་ལ་མེ་འབར་བ་ལ་ཆུའི་དཀྱིལ་འཁོར་འགོད་ནུས། མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ལུས་དང་ཡན་ལག་ལ་སངས་རྒྱས་ཀྱི་དལ་འགོད་ནུས། ཛི་བཟའ་ལྷ་དཀར་མ་ཕྲ་མོའི་སིང་དྡྷིས་ནམ་མཁའ་ལ་འཕུར་ནུས། ས་བཞི་ལ་འཛུལ་ནུས། ཤུགས་བཟའ་ཤེས་རབ་འཕགས་མས་སངས་རྒྱས་ཀྱི་བཀའ་རབ་འབྱམས་ཀྱི་ཚིཊ་སུ་བཅད་པ་ཞལ་བཏོན་དུ་མཛད་ནས། འབར་བཟའ་ལྷ་མོ་དབྱངས་ཀྱིས་སེམས་ཀྱི་ཏིང་ངེ་འཛིན་ལས་སུ་རུང་ནས། སེམས་ཅན་གྱི་དོན་སྣ་ཚོགས་བྱེད་ནུས། ཤེལ་དཀར་


LR16_Page_357
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་རྡོ་རྗེ་མཚོས་རྟིང་པ་ལ་གྲུ་བྱས། འཁར་བ་ལ་རྐྱ་བ་བྱས་ནས་གཙང་པོ་ལ་འགྲོ་ནུས་པ་ལ་སོགས་པའི་གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་བྱུང་ངོ་། །ཆབ་སྲིད་མུ་ནེ་བཙན་པོར་གཏད་ཚུལ་སོགས་དང། སློབ་དཔོན་པདྨ་རྔ་ཡབ་གླིང་དུ་གཤེགས་ཚུལ། དེར་རྒྱལ་པོ་ཡང་ཐུགས་ཤིན་ཏུ་དགྱེས་ཏེ། དགོངས་པ་ཐམས་ཅད་ནི་གྲུབ། མཛད་པ་ནི་དེ་ཙམ་མོ་སྙམ་ནས། རྒྱལ་པོའི་ཞལ་ནས། སློབ་དཔོན་པདྨ་དང་བོ་དྷོི་སཏྭའི་གསུང་དང་སྦྱར་ནས། ཁོ་བོའི་ཚེ་ཡུན་རིང་པོ་མི་ཐུབ་ཅེས་གསུངས་ནས། རྗེ་ཐུགས་ལས་ཆུང་དུ་ལ་གཞོན་བར་བཞེད་ནས། སློབ་དཔོན་བཱི་མ་ལ་མི་ཏྲ་མན་ངག་གི་ཆོས་རྣམས་ཞུས་ཏེ་སྒོམ་མཛད་པར་དགོངས་ནས། སྲས་མུ་ནེ་བཙན་པོ། མུ་ཏིག་བཙན་པོ། གཅུང་ཁྲི་ལྡེ་སྲོང་བཙན་པོ་དང་གསུམ་མངའ་བ་ལས། སྲས་མུ་ནེ་བཙན་པོ་ལ་ཆབ་སྲིད་འབོགས་པར་བཞེད་ནས། བློན་པོ་ཞང་རྒྱ་ཚ་ལྷ་སྣང་གི་བུ་འུ་ཡི་བཙན་པོ་དང། རྒྱལ་བློན་གསུམ་དབུ་རྩེའི་བར་ཁང་གི་རྔ་ཁང་དུ་འཚོགས་པ། ཡུམ་མེ་ཏོག་སྒྲོན་གྱི་མཐོང་སྟེ། ཐུགས་གཏུམ་པས་དོགས་འཚལ་ནས། ཆབ་སྲིད་སྣ་ནམ་པ་ལ་སྟེར་སྙམ་ནས་མུ་ཏིག་བཙན་པོ་་ལ་སྨྲས་པ། ལྷ་སྲས་ཁྱེའུ་རིང་སྒོ་བར་དུ་བཙིར་ནས་ཆུ་གྲིས་བཀུམ། ཡབ་ན་རེ། བུ་ཁྱེའུ་རིང་གར་སོང་ཟེར་བ་དང། ཁྱེའུ་རིང་དེ་རིང་རྒྱང་རིང་པོར་སོང་ཟེར་ནས། གྲི་ཁྲག་ཅན་བོར་ནས་བར་ཁང་དུ་བྲོས་སོ། །དེར་རྗེའི་ཐུགས་དམ་འགྱངས་ནས། གཡར་མཆུ་བྱུང་བར་དོགས་ཏེ། བློན་པོ་མཛངས་པ་ཀུན་གྲོས་བྱས་ཏེ། བློན་པོ་


LR16_Page_358
[མ་དཔེ་གཟིགས་ན་འདིར་གནོན།]

འགོས་ཁྲི་བཟང་གིས་ཞལ་ལྕེ་དགའ་བ་གསུམ་དུ་བཅད། ཡུམ་དགའ་བ་རྒྱལ་སྲིད་མུ་ནེ་བཙན་པོ་ལ་གཏད་དོ། །སྣ་ནམ་པ་དགའ་བར་ལྷ་སྲས་མུ་ཏིག་མཐར་སྤྱུགས། ལྷ་སྲས་དགའ་བར་ཀོ་ལོང་མ་གསོལ་ཟེར་ནས། ཆབ་སྲིད་མུ་ནེ་བཙན་པོ་ལ་མངའ་བར་བགྱིས། ཐུན་ཚགས་དཀར་དམར་དུ་མཛད་ནས་གཏད། ཡབ་ཟུར་མཁར་དུ་སྒོམ་དུ་གཤེགས་སོ། །དེ་ལྟ་བུའི་རྒྱལ་པོ་དེས། སངས་རྒྱས་ཀྱི་བསྟན་པ་རིན་པ་ཆེ་དར་ཞིང་རྒྱས་པར་མཛད་པ་དང། འགྲོ་བ་ཀུན་བདེ་ལེགས་སུ་བྱུང་བའི་གནས། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ནི། དེ་ཡང་སངས་རྒྱས་མི་འགྱུར་རྟེན་དུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་སུ་གསོལ། ཆོས་མི་འགྱུར་གྱི་རྟེན་དུ་བཀའ་དང་བསྟན་བཅོས་ཀུན་ཀྱང་པོ་ཏི་གླེགས་བམ་དུ་བཀོད་ཅིང། ལོ་པཎ་སྐྱེས་མཆོག་ཁྱད་པར་ཅན་མཁས་པ་རྣམས་ཀྱིས་ཆོས་དཔག་ཏུ་མེད་པ་བསྒྱུར་ཏེ། ཆོས་གྲྭ་ཆེན་པོ་བཙུགས་ནས། ཉན་བཤད་ཀྱི་བསྟན་པ་རྒྱས་པར་མཛད་དེ། དགེ་འདུན་མི་འགྱུར་གྱི་རྟེན་དུ་འབངས་རིགས་རུས་དང་ཡོན་ཏན་གྱིས་བརྒྱན་ཅིང། ཤེས་རབ་དང་དད་པ་ལྡནཔ་མང་པོ་རབ་ཏུ་འབྱུང་སྟེ་དགེ་འདུན་གྱི་སྡེ་བཙུགས་ཤིང། སྐྱེ་རྒུ་ཐམས་ཅད་སེམས་ཆོས་ལ་འགྱུར་ཏེ་དམ་པའི་ཆོས་ཉི་མ་ཤར་བ་བཞིན་དུ་རྒྱས་ཤིང། བོད་ཁམས་ཐམས་ཅད་བདེ་བ་ལ་བརྟལ་བས། དེའི་མངའ་ཐང་ཆེན་མོའི་བྱིན་ནི་རི་རབ་ལྟར་བརྗིད་ཆེ། དགྲ་ཟླའི་རྒྱལ་ཁམས་ཐམས་ཅད་ཟིལ་གྱིས་མནན་ཏེ་མོག་མོག་པོར་གྱུར། སྙན་པའི་བ་དན་གྱི་ཕྱོགས་མཚམས་ཐམས་ཅད་ལ་ཁྱབ། བདེ་སྐྱིད་ཕུན་


LR16_Page_359
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་སུམ་ཅུ་རྩ་གསུམ་གྱི་ལྷ་དང་མཉམ། མཐོ་རིས་དང་ཐར་པའི་ཐེམ་སྐས་ནི་བཙུགས། ཉིད་དང་གཞན་སྨིན་པའི་འཕྲིན་ལས་རྒྱ་ཆེན་པོ་མཛད་དེ་ཐམས་ཅད་བདེ་བ་ལ་བཀོད་དོ། །དགུང་ལོ་དྲུག་ཅུ་རྩ་གསུམ་ལ་དགུང་དུ་གཤེགས་སོ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྐལ་ལྡན་བོད་ཀྱི་རྒྱལ་ཁམས་འདིར། མི་ལོ་ལྔ་བཅུ་རྩ་གཅིག་བཞུགས་ནས་བོད་ཀྱི་ས་གཞི་དང་དང་རི་བྲག་ཐམས་ཅད་གནས་ཆེན་དང་སྒྲུབ་གནས་སུ་བྱིན་གྱིས་བརླབས། རྒྱལ་པོ་ཡང་འདས། རེ་ཞིག་བོད་ཀྱི་གདུལ་བྱ་རྫོག་ནས་ལྷོ་ནུབ་རྔ་གཡབ་གླིང་དུ་འབྱོན་པར་དགོངས་ཏེ། དེ་ན་སྲིན་ཡུལ་ལང་ཀ་པུ་རི་ཞེས་བྱ་བ་འཛམ་བུའི་གླིང་སོག་ཁ་ལ་ཡོད་པས། དེ་ཨོ་རྒྱན་ཡུལ་དང་ཉེ་བས་སྲིན་པོས་མི་བཤོར་འོངས་པ་གསོད་པ་དང། སྲིན་པོ་གདུལ་ཞིང་སྲིན་པོའི་ཁ་གནོན་མཛད་པར་ཐུགས་ཀྱི་དགོངས་ནས་བསམ་ཡས་ནས་གཤེགས་པར་དགོངས་པ་ལ། ལྷ་སྲས་མུ་ནེ་བཙན་པོ་ལ་སོགས་པ་བོད་ཀྱི་རབ་བྱུང་དང། དགེ་ཤེས་དང། སྔགས་པ་དང། བློན་པོ་དང། གཙོ་བོ་དང། བུད་མེད་ལ་སོགས་པ་རྣམས་ཀྱིས་བཞུགས་པར་ཞུ་བ་ཕུལ་བས། སློབ་དཔོན་གྱིས་བཞུགས་པར་མ་གནང་སྟེ། མང་ཡུལ་གྱི་རོང་གི་བར་ཐུག་ཐུག་ཆོས་དང་གདམས་པ་ཞལ་བཀོད་མང་དུ་གསུངས་ནས། ཉི་མའི་ཟེར་ལ་ཆིབས་ཏེ་ཞལ་ལྷོ་ནུབ་ཏུ་གཟིགས་ནས་ནམ་མཁའ་ལ་ཡུད་ཀྱིས་གཤེགས་སོ། །ད་ལྟ་ཡང་རྔ་གཡབ་གླིང་ཕྲན་ཐངས་མདོག་དཔལ་རིའི་རྩེ་པདྨ་འོད་ཀྱི་གཞལ་ཡས་སུ། སྐུ་ཚེ་འདས་གྲོངས་དང་


LR16_Page_360
[མ་དཔེ་གཟིགས་ན་འདིར་གནོན།]

བགྲེས་རྒུད་མི་མངའ་བར། སྐྱེ་འཆི་མེད་པར་ཚེ་ལ་དབང་བའི་རིག་འཛིན་བརྙེས་ནས་བཞུགས་སོ། །ད་ལྟར་ཡང་གདུལ་བྱ་སྐལ་ལྡན་རྣམས་ཀྱིས་གསོལ་བ་འདེབས་པའི་གནས་སུ་ཐུགས་རྗེའི་དམ་ཚིག་གིས་དབང་གིས་བྱོན་པ་ཡིན་ནོ། །རྗེ་བཻ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོས་ཆོས་གསུངས་པའི་སྐོར། དེའང་གོང་དུ་བཤད་པའི་སྐབས། སློབ་དཔོན་བཱི་མ་ལ་མི་ཏྲ་བོད་དུ་ཕེབས་ནས། དཔལ་གྱི་བསམ་ཡས་ན་ཆོས་གསུངས་པའི་དུས་སུ། རྗེ་བཻ་རོ་ཙཱ་ནས་ཚ་བ་རོང་དུ་དུ་གསན་ཏེ། གཡུ་སྒྲ་སྙིང་པོ་ལ། བདག་དང་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གཉིས་ཀྱིས་བོད་དུ་སྤྱིར་བསྟན་པ་དར་བར་བྱ་བ་ཁྱད་པར་དུ་མན་ངག་གི་ཆོས་རྒྱས་པར་བྱ་བའི་ཕྱིར་སེམས་བསྐྱེད་ནས། བདག་གིས་དཀའ་བ་མང་པོ་སྤྱད་དེ། སྐད་རིགས་མི་མཐུན་པ་བྱོལ་སོང་ལྟ་བུ་བརྡ་མི་འཕྲོད་པའི་ལམ་བཤགས། རྒྱ་གར་མཁས་པ་རྣམས་ཀྱི་མན་ངག་གཏིང་ཕྱིན་པ་རྙེད། ངོ་སོ་བསྟོད་ནས་ཡོང་སྟེ་རྒྱལ་པོ་ཉིད་ཀྱི་ཐུགས་ཚིམས་པར་བྱས། རང་གི་ལས་ཀྱིས་འཕེལ་པའི་སྟོབས་དང། རྒྱ་གར་གྱི་ཕྲ་མ་དང་བོད་ཀྱི་བློབ་པོ་གདུག་པ་ཅན་རྣམས་ཀྱིས་འདིར་སྤྱུགས་ཀྱང། བདག་དང་རྒྱལ་པོ་གཉིས་ཀྱིས་བོད་དུ་མན་ངག་གི་ཆོས་དར་བར་བྱ་བར་དགོངས་པ་ཡིན་པས། ཁྱེད་ཚེགས་ཆེ་བར་མ་བལྟ་བར་བོད་དུ་རྒྱུགས་ལ། བོད་ན་ད་ལྟ་མཁས་པ་ཆེན་པོ་་བཱི་མ་ལ་མི་ཏྲ་བྱ་བ་ཡོད་འདུག་པས། དེ་དང་དགོངས་པ་བསྡུར་ལ་ངའི་ཆོས་འདི་རྣམས་


LR16_Page_361
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆེ་བ་ཐོན་ལ། བོད་དུ་མན་ངག་གི་ཆོས་དར་བར་གྱིས། ཞེས་གསུངས་སོ། །དེར་རྒྱལ་མོ་གཡུ་སྒྲ་ཉིད་ཀྱིས་སྒྲ་འགྱུར་སམ་བརྒྱ་སོ་དྲུག་ཤེས་པས། མངོན་པར་ཤེས་པ་དུམ་དང་ལྡན་པ། རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་ཡིན་ཏེ། དེར་གཡུ་སྒྲས་རྗེའི་གསུང་ཉན་ནས། དཔལ་གྱི་བསམ་ཡས་སུ་བྱོན་པས། དེ་ནས་སློབ་དཔོན་བཱི་མ་ལ་མི་ཏྲ་ཉིད་ཁྱམས་ཀྱི་ནང་ན་པྲ་ཀ་ར་ཎ་སྡེ་བརྒྱད་འཆད་པའི་ཐུན་ལ་བབས་པ་ལ། གཡུ་སྒྲས་ནང་དུ་ཐད་ཀྱིས་བྱོན་ནས། བཱི་མ་ལ་ལ་གདོང་ཚུགས་སུ་ཅེར་གྱིས་གཟིཊ་ཏེ། ཀཾ་ཀ་པ་རི་ཀཾ་ཀ་པ་རི། ཞེས་གསུངས། ཡང་མངའ་བདག་རྒྱལ་པོ་ལ་སྤྱན་ཅེར་གྱིས་གཟིགས་ནས། ཨ་ཀ་པ་རི་མི་ཐ། ཞེས་སྒྲ་བརྗོད་པས། བཱི་མ་ལས་དབུ་དམའ་མཛད་ནས་དྷ་ཐིམ་དྷ་ཐིམ་གསུངས་སོ། །གཡུ་སྒྲ་ཕྱིར་ཐོན་ནས་སོང་ངོ་། །དེར་རྒྱལ་པོས་བཱི་མ་ལ་ལ་མཐའ་མི་དེ་འདྲ་ཞིག་བྱུང་ནས་དེ་འདྲའི་སྒྲ་ཚིག་བརྗོད་པ་དེ་ཇི་སྐད་ཟེར་བ་ལགས། སློབ་དཔོན་གྱིས་ཇི་སྐད་བགྱིས་པ་ལགས་ཞུས་པས། བཱི་མ་ལའི་ཞལ་ནས། ཁོས་ཟེར་བ་དེ་ནི། ཝ་སྤྲེ་དག་གིས་སྒྲ་བསྒྲགས་ཀྱང། །སེདྒེའི་གདངས་སུ་ཅང་འགྱུར་རམ། །ཕོ་རོག་རྡོ་རྗེའི་བགྲོད་བསྐྱོད་ཀྱང། །སྟོང་གསུམ་ས་གཞི་ཅང་འཁོར་རམ། །ཉན་ཐོས་བྱིས་པའི་ཆོས་བཤད་པས། །རྩོལ་མེད་འབྲས་བུ་ཅང་ཐོབ་བམ། །བྱ་བ་ལགས། །བདག་གིས་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འདྲ་མོད་བྱས་པ་ལགས། ཨ་ཀ་པ་རི་མི་ཐའི་སྒྲ་ལས་དྲངས་པ་ནི། བོད་ཀྱི་མངའ་བདག་རྒྱལ་པོའི་སྤྱན་ལམ་ནས། །སྐྱེ་མེད་ལྷུན་རྫོགས་བྱང་ཆུབ་ཆེན་པོའི་སྐུ། །རྒྱ་གར་མཁས་པ་ཉིས་ཤུ་རྩ་གསུམ་གྱི། །མན་ངག་བདེ་ཆེན་བཙལ་དུ་མེད་པའི་


LR16_Page_362
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། ཚེ་འདི་ཉིད་ལ་འབྲས་བུ་སངས་རྒྱ་བའི། །མན་ངག་སྙིང་པོ་ཚ་བའི་རོང་དུ་སྤྱུགས། །མ་རིག་རྨོངས་པའི་རྗེ་བློན་སྙིང་རེ་རྗེ། །ཞེས་བྱ་བ་ཡིན་ཏེ། འུ་ཅག་རྣམས་ལ་ཁྲེལ་ནས་འཕྱ་བའི་ཚིག་ཡིན་གསུངས་སོ། །དེར་གཡུ་སྒྲ་ལ་ཛྙན་ཤིན་ཏུ་མོས་ནས། ཆོས་གསུང་པར་ཞུས་པས་ཞལ་གྱིས་བཞེས་ཏེ་སློབ་དཔོན་གཉིས་ཀ་དཔལ་གྱི་བསམ་ཡས་ཀྱི་ཁྱམས་སུ་སྤྱན་དྲངས། ཆོས་ཀྱི་འགྲོ་བ་དང་དགོངས་པའི་ཉམས་བསྡུར་བས། ནམ་མཁའ་ལ་དཀར་པོའི་ཕྱོགས་ཀྱི་ཕྱོགས་སྐྱོང་དང། ལྷ་རྣམས་ཀྱིས་མེ་ཏོག་འཐོར་བ་དང། ས་གཡོ་བ་དང། ནམ་མཁའ་ལ་འོད་ཟེར་གྱི་དྲྭ་ཕྱེད་བྱུང་ངོ་། །དེ་ལ་ཐམས་ཅད་མོས་ཤིང་དད་པར་གྱུར་ཏོ། །དེ་ནས་གཡུ་སྒྲས་ནམ་མཁའ་ཆེ་ལ་སོགས་པ་རྗེ་བཻ་རོས་སྔར་ཁྲི་སྲོང་ལ་གསུངས་པའི་ཆོས་རྣམས་གསུངས་པས་སྔ་འགྱུར་ཞེས་གྲགས་སོ། །བཱི་མ་ལས་རྩེ་མོ་བྱུང་རྒྱལ་ལ་སོགས་བཅུ་གསུམ་གསུངས་པའི་ཕྱི་འགྱུར་ཞེས་གྲགས། དེ་གཉིས་ཕ་མ་བུ་བསྡེབས་པ་བཞིན་པ་བཞིན་ཁྲིགས་སེ་བྱུང་བས་ཐམས་ཅད་ཡིད་ཆེས་སོ། །ཁྱད་པར་དུ་གཡུ་སྒྲ་ལ་ཛྙ་ནས་སྔ་འགྱུར་ལྔ་དང། ཕྱི་འགྱུར་བཅུ་གསུམ་སེམས་སྡེ་བཅོ་བརྒྱད། རྒྱུད་དང་མན་ངག་དང་བཅས་པ། ཀུན་བྱེད་རྒྱལ་པོའི་རྒྱུད་སྔ་མ་དང་ཕྱི་མ་དང་མདོ་རྩ། མདོའི་ལུང། མདོའི་འགྲེལ་པ་དང་བཅས་རྣམས་དང། ཀློང་སྡེའི་སྐོར་ལ། ཀློང་སྡེ་བཞི། རྒྱུད་མན་ངག་དུ་བཅས་པ་རྣམས་ལོ་མང་དུ་གསན་ཅིང་བཞུགས་སོ། །ཛྙཱན་རང་གི་རིགས་དང། སྒྲ་དང། མཁྱེན་པའི་ཆོས་དང༌། དྲེགས་པས་བསྒྲིབས་ཏེ་རང་གྲོལ་མངོན་སུམ་དུ་སྟོན་པའི་མན་ངག་གི་ཆོས་རྣམས་ནི་མི་གསུངས་པར། གཡུ་སྒྲ་ཉིད་མར་རྗེའི་དྲུང་


LR16_Page_363
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཤེགས་པ་ལས། ལམ་དུ་དཔང་སངས་རྒྱས་མགོན་པོ་དང་མཇལ་ནས། དེར་གཏད་པ་གསུམ་པའི་ལུགས། རྒྱུད་མན་ངག་ཏུ་བཤད་པ་ལུགས་ཚང་བ་ཞིག་བཤད་ནས་སྨིན་པར་བྱས་སོ། །དེ་ནས་མར་བྱོན་པས། རྒྱ་བློ་གྲོས་གཞོན་ནུ་དང་མཇལ་ནས་ལས་ཅན་དུ་གཟིགས་ཏེ། རྒྱུད་སྡེ་ཉིས་ཤུ་རྩ་ལྔ་དབང་གདམས་ངག་དང་བཅས་པ་ཡོངས་སུ་རྫོགས་པ་གཏད་དོ། །དེ་ནས་མདོ་ཁམས་སྨད་དུ་སྦ་སྒོམ་རྡོ་རྗེ་རྒྱལ་མཚན་དང་འཕྲད་དེ། སྤྱིར་ཨ་ཏིའི་རྒྱུད་མན་ངག་དང་བཅས་པ་མང་དུ་གནང། ཁྱད་པར་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར་རོ། །དེར་སྦས་ཀྱིས་གསེར་ག་རུ་ལས་བྱས་པའི་རྡོ་རྗེ་རྩེ་དགུ་པ་གཅིག་གིས་སྣ་དྲངས་པའི་ནོར་སྣ་སྟོང་ཆ་གསུམ་དང་ལྔ་བརྒྱ་ཕུལ་ལོ། །དེ་ནས་གཡུ་སྒྲས་རྒྱལ་མོ་ཚ་བའི་རོང་དུ། རྗེ་བཻ་རོའི་དྲུང་དུ་ཕེབས་ཏེ། སྔར་གྱི་ལོ་རྒྱུས་ཡང་དག་བཅུ་གཅིག་གིས་རྗེ་བཻ་རོ་ལ་བསྟོད་པ་ལ་སོགས་པའི་ཞིབ་སྙན་དུ་གསོལ་བས། རྗེ་བཻ་རོ་ཤིན་ཏུ་དགྱེས་ཏེ། སླར་བོད་ཡུལ་དུ་གཤེགས་པར་ཐུགས་ཀྱིས་དགོངས་སོ། །དུས་དེ་ཙམ་ན་བོད་ཡུལ་དབུས་ན་རྗེ་བློན་འབངས་ལ་སོགས་པ་ཐམས་ཅད་རྗེ་བཻ་རོ་ཙ་ན་ཚ་བའི་རོང་ནས་སྤྱན་དྲངས་ལ་བཤགས་པ་བྱ་བ་དང། ཆོས་གྲྭ་ཆེན་པོ་འཛུགས་པར་གྲོས་འཆམས་སོ། །བཱི་མ་ལའི་ཞལ་ནས་ཀྱང། བཻ་རོ་ཙ་ན་སྤྱན་དྲོངས་ཤོག་པར་གསུངས་སོ། །སྤྱན་འདྲེན་པར། རྗེ་ཨུ་པ་དེ་ཤ། ཐང་བཟང་དཔལ་གྱི་རྡོ་རྗེ། གར་དཔལ་གྱི་སྙིང་པོ་དང་གསུམ་བཏང་བས། རྗེ་དང་མཇལ། འབྱོན་པར་ཞུ་བ་ཕུལ་བས། རྗེ་དགྱེས་ནས་ཞལ་ཀྱིས་བཞེས་ཏེ། སྤྱན་འདྲེན་པ་རྣམས་སྔོན་ལ་བཏང། རྗེ་བཻ་རོ་ཙ་ན་དཔོན་གཡོག་གཉིས་ཀྱིས་བྱོན་


LR16_Page_364
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཆས་པ་ལ། ཚ་བ་རོང་པ་རྣམས་ཀྱིས་བཞུགས་པར་གསོལ་བ་བཏབ་ཀྱང་མ་གནང་སྟེ། ཕྱིས་ལན་གཅིག་བྱོན་པར་ཞལ་གྱིས་བཞེས་ནས། དཔོན་གཡོག་གཉིས་རྫུ་འཕྲུལ་གྱིས་གཤེགས་པས་སྐད་ཅིག་མ་ལ་མཆིམས་ཕུའི་ཡང་དབེན་དུ་ཕེབས་སོ། །དུས་དེ་ཙ་ན་རྒྱལ་པོ་ཁྲི་སྲོང་གི་ཤིད་ཀྱི་དུས་ཕེབས་པར་བྱས་པ་ཞིག་ཀྱང་འདུག་མུ་ནེ་བཙན་པོའི་ཤིད་ལ་ཕེབས་པ་ཡིན་ཡང་ཟེར་རོ། །དུས་དེ་ཙ་ན་སློབ་དཔོན་བཱི་མ་ལ་དང། རྗེ་བཻ་ཙ་ན་གཉིས་ཞེས་ས་ལ་ཧབ་ཐོབ་ཏུ་བྱས། བོད་ཀྱི་ཛྙཱན་ལ་སོགས་མཁས་བཙུན་རྣམས་དང། དགེ་འདུན་སྡེ་གཉིས་དང། རྒྱལ་བློན་རྣམས་ཀྱིས་ཕྱག་གྱང་འགྱེལ་བ་བཞིན་བྱས་སྟེ། ཐམས་ཅད་ཀྱིས་རང་རང་གི་རྒྱན་དང་གསེར་དང། གཡུ་དང་རྟ་དང་གོས་ལ་སོགས་པ་ཧབ་ཐོབ་ཏུ་ཕུལ་ཏེ། རྗེ་བཻ་རོའི་དྲུང་དུ་རི་སྤུངས་པ་ཙམ་བྱུང་སྟེ། རྒྱལ་པོའི་ཤིད་ཀྱང་རྒྱས་པར་བྱས་སོ། །དེ་ནས་ཆོས་གྲྭ་ཆེན་མོ་བཙུགས་ཏེ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། །རྗེ་བཻ་རོས་ཆོས་གསུངས་པའི་དུས་སུ་ནམ་མཁའ་ལ་འོད་ཟེར་གྱི་འཇའ་ཆོན་དྲྭ་ཕྱེད་དང་འོད་ཟེར་སྣ་ཚོགས་འཕྲོ་བ་དང། ནམ་མཁའ་ལ་ལྷའི་ཚོགས་མང་པོ་བྱོན་ནས། ལྷ་ཡི་མེ་ཏོག་སྣ་ཚོགས་འཐོར་བ་དང། ས་ཆེན་པོ་གཡོ་བ་ལ་སོགས་པོ་ངོ་མཚར་ཅན་གྱི་ཆོ་འཕྲུལ་དུ་མ་བྱུང་ངོ་། །དེ་ནས་ཆོས་འཁོར་ཚར་ཏེ། རྗེ་བཻ་རོ་དང། གཡུ་སྒྲ་དང། འཁོར་ཐུན་མོང་མ་ཡིན་པ་འགའ་མཆིམས་ཕུའི་དབེན་གནས་སུ་ལོ་གཅིག་བཞུགས། དེ་ནས་རྒྱལ་མོ་ཚ་བའི་རོང་དུ་ལན་གཅིག་གཤེགས་ཏེ། ཚ་བ་རོང་གི་རྒྱལ་བློན་རྣམས་དང་མཇལ་ནས། ཆོས་ཀྱི་འགྲོ་བ་


LR16_Page_365
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། སྣོད་དང་ལྡན་པ་རྣམས་ལ་མན་ངག་གསུངས་ཤིང་བཞུགས་སོ། །དེ་ནས་བཻ་རོ་ཙ་ན་ཚ་བའི་རོང་དུ་བཞུགས་པ་ཐོས་ནས། ཁམས་སུ་སྤྱན་དྲངས། རྗེ་བཱི་མ་ལ་མི་ཏྲ་ལ་སོགས་པ་པཎྜི་ཏ་གསུམ་ཡང་སྤྱན་དྲངས། ཁམས་གསུམ་བྱང་ཆེན་གྱི་ཡག་དབེན་དུ། བཻ་རོ་ཙ་ནས་ལོ་ཙཱ་མཛད་ནས། ཡང་དག་བདག་དོན་ལ་སོགས་པ་སྒྲུབ་སྡེའི་ཆོས་མང་དུ་བསྒྱུར་རོ། །ཡང་རྗེ་བཻ་རོས་དཔང་སངས་རྒྱས་མགོན་པོ་དང། རྒྱ་བློ་གྲོས་གནོན་ནུ་དང། སྦས་རྡོ་རྗེ་རྒྱལ་མཚན་དང་གསུམ་པར་དགོངས་པ་ལྷན་དུ་མཛད། གཞན་འཁོར་ཐུན་མོང་མ་ཡིན་པ་རྣམས་ལ། ཨ་ཏི་སེམས་སྡེའི་སྐོར་ལ་སོགས་པ་རྒྱུད་མན་ངག་མང་དུ་གསུངས་ཏེ། མན་ངག་སེམས་སྡེ་བཅོ་བརྒྱད་ངོ་སྤྲོད་དང་བཅས་པ་གསུངས་སོ། །དེ་ལ་བརྒྱུད་པ་དང་པོ་ནི། རྗེ་བཻ་རོས་ཁྲི་སྲོང་སྡེ་བཙན་ལ་སྔ་འགྱུར་ལྔ་དང། མན་ངག་རྒྱ་མཚོའི་ཀློང་དང། གཞན་ཡང་རྒྱུད་མན་ངག་དང་བཅས་ལྐོག་འགྱུར་དུ་གསུངས་པ་རྣམས་སོ། །བརྒྱུད་པ་བར་མ་ལ། རྗེ་གཡུ་སྒྲ་སྙིང་པོས ཛྙཱན་དང། རྨ་རིན་ཆེན་མཆོག་ལ་གསུངས་པ་རྣམས་སོ། །ཐ་མ་ནི་རྒྱལ་མོ་གཡུ་སྒྲ་སྙིང་པོས་དཔང་སངས་རྒྱས་མགོན་པོ་དང། རྒྱ་བློ་གྲོས་གཞོན་ནུ་དང། སྦས་རྡོ་རྗེ་རྒྱལ་མཚན་ལ་གསུངས་པ་རྣམས་ཡིན་ཏེ། ཕྱིས་ཁམས་གསུམ་བྱང་ཆེན་གྱི་ཡང་དབེན་དུ། རྗེ་ཉིད་དང་མཇལ་ནས་དགོངས་པ་མཛད་ཅིང་གསུངས་པ་རྣམས་ཡིན་ནོ། །དེ་ནས་ཡང་ཡར་བསམ་ཡས་སུ་བྱོན་ནས་ཧས་པོའི་ཁ་ལ་བཞུགས་ཏེ། འཁོར་ཐུན་མོང་པ་རྣམས་ལ་དྲང་དོན་གྱི་བསྟན་བཅོས་དང། རྒྱུ་འབྲས་ཀྱི་ཆོས་བག་རེ་དང། སྔར་གྱི་འགྱུར་མཇུག་མ་ཚང་བ་


LR16_Page_366
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཡང་གསུམ་སོ། །ཐུན་མོང་མ་ཡིན་པ་ལ་ཨ་ཏིའི་མན་ངག་ཁྱད་པར་ཅན་འགའ་ཡང་གསུངས་གིན་བཞུགས་སོ། །དུས་དེ་ཙ་ན་ལི་ཡུལ་ལྕང་ར་སྨུག་པོ་ནས་བཙུན་མོ་ལེ་བཟའ་ཚུལ་ཁྲིམས་སྒྲོན་གྱིས་རྗེ་བཻ་རོ་ཙ་ན་བསམ་ཡས་སུ་བྱོན་པ་ཐོས། བཙུན་མོས་མཇལ་གྱིས་སྤྱན་འདྲེན་དུ་བྱོན་པས། སློབ་དཔོན་དང་མཇལ་ཏེ། དགོངས་པ་བསྡུར་བས་དགོངས་པ་གཅིག་ཏུ་གྱུར་སྟེ། རྗེ་ཤིན་ཏུ་མཉེས་སོ། །བཙུན་མོ་ལི་བཟའ་ཚུལ་ཁྲིམས་སྒྲོན་ནི། ཕྱི་ནང་གསང་བ་གསུམ་གྱི་མཚན་དང་ལྡན་པ། བྱང་ཆུབ་སེམས་ཀྱི་བདེ་བ་ཟག་པ་མེད་པས་རྒྱས་པ། གནས་ལུགས་སྙིང་བོའི་དོན་ལ་དགོངས་པ་མངོན་དུ་གྱུར་པ་ཞིག་ཡིན་ནོ། །དེ་ལ་རྗེ་བཻ་རོ་ཡུན་གྱི་དགོངས་པ་ལ་གཤེགས་པར་དགོངས་ནས། འཁོར་རྣམས་ལ་གདམས་ངག་ཞལ་ཆེམས་སུ་གསུངས་ནས་དགོངས་པ་ལ་གཤེགས་པར་ཆས་པ་ལ། རྗེ་གཡུ་སྒྲས་སྙིང་པོ་དང། དཔང་སངས་རྒྱས་མགོན་པོ་དང། རྒྱ་བློ་གྲོས་གཞོན་ནུ་དང། སྦས་རྡོ་རྗེ་རྒྱལ་མཚན་དང། རྗེ་སད་ན་ལེགས་འཇིང་ཡོན་གྱི་སྲས་རྗེ་མངའ་བདག་རལ་པ་ཅན་ལ་སོགས་པ་རྣམས་ཀྱིས་གསོལ་བ་བཏབ་ནས་བསྐུལ་བས། དཔོན་སློབ་རྣམས་དགོངས་པ་བསྡུར་ཏེ། རྣམ་ཐར་དུ་འདྲ་འབག་ཆེན་མོ་མཛད་པ་ཡིན་པས་རྒྱས་པར་དེ་ན་གསལ་ལོ། །དེ་ནས་སློབ་དཔོན་གྱིས་འཁོར་རྣམས་ལ་ཞལ་ཆེམས་འདི་སྐད་གསུངས་སོ། །ཁྱེད་རྣམས་འཇིག་རྟེན་འཁོར་བའི་ཆོས་ལ་བསྒྲུབ་བྱ་མ་བྱེད། སྙིང་རྗེ་ཆེན་པོས་གདུལ་བྱ་ཡལ་བར་མ་དོར། མོས་གུས་ཆེན་པོས་བླ་མ་དང་སྐད་ཅིག་ཀྱང་འབྲལ་བར་མ་བྱེད། ཤེས་རབ་ཆེན་པོས་དུས་ནམ་དུ་ཡང་རང་ལས་གཞན་དུ་མ་ལྟ་


LR16_Page_367
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གསུངས་ནས། བཙུན་མོ་ལི་བཟའ་ཚུལ་ཁྲིམས་སྒྲོན་དང་གཉིས། གློག་འཁྱུགས་པ་ལྟར་ལི་ཡུལ་ལྕང་ར་སྨུག་པོར་གཤེགས་ནས་ཡུན་གྱི་དགོངས་པ་ལ་བཞུགས་ཏེ། སླར་རྣམ་པར་སྣང་མཛད་ཉིད་ཀྱི་ཐུགས་ཀར་བསྡུས་སོ། །བཀྲེས་ཕྱུག་བསྙམས་པ་དང། སྐར་ཆུང་ལྷ་ཁང་བཞེངས་ཚུལ། དེ་ཡང་གོང་དུ་བཙན་པོ་ཁྲི་སྲོང་སྐུ་འདས་རྗེས། སྲས་མུ་ནི་བཙན་པོ་དགུང་ལོ་བཅོ་ལྔ་ལོན་ཙ་ན། ཇོ་མོ་རུ་ཡོངས་བཟའ་རྒྱལ་མོ་ཁབ་ཏུ་བཞེས་ཏེ། ལྕགས་ཕོ་སྟག་གི་ལོ་ལ་རྒྱས་སྲིད་བཟུང་ནས། ཆབ་སྲིད་རྒྱ་ཆེ་བ་ཡབ་ཀྱི་ཞལ་ཆེམས་དང་མཐུན་པར། འབངས་ཀྱི་ཚིས་བགྱི་བར་དགོངས་ནས་བླ་ལོབ་ཆོས་གནས་རབ་ཏུ་བྱུང་བའི་མངའ་ཐང་དང། ཆོས་འཁོར་སྟོད་སྨད་ཀྱི་ཞབས་ཏོག་ཡབ་ཀྱི་སྲོལ་བཞིན་མཛད། བྲག་དམར་བསམ་ཡས་ལྷུན་གྱིས་གྲུབ་པའི་ལྷ་ཁང་དུ། དུས་ཀྱི་མཆོད་པ་ཆེན་པོ་བཞི་བཙུགས། བོད་ཀྱི་རྗེ་བློན་ཡོངས་ཀྱི་འཕྲལ་རྐྱེན་བཟློག་པ་དང། ཡུན་གྱི་བདེ་བ་བསྒྲུབ་ཕྱིར་ཚོགས་བསགས་མང་དུ་མཛད། མཆོད་རྟེན་ཆེན་པོ་བཞིའི་གདུགས་དང། དབུ་རྩེ་བྱ་འདབ་ལྕགས་ཐག་གིས་སྦྲེལ་ནས། མཁའ་ལ་དར་དང་འཕན་གྱིས་བྲེས། ས་གཞི་མན་ཙི་ལིང་མང་དང། གསེར་དངུལ་གྱི་ཕོར་པ་ལ་སོགས་པས་བཀང། དབུ་རྩེའི་ཐང་ཆོས་མཛད་ཀྱིས་ཁེངས་པར་བགྱིས་ནས། ལྕགས་རིའི་བྱང་ངོས་ཀྱི་ཕྱོགས་བཞི་ནས་འབངས་ཐམས་ཅད་རྒྱན་དང་


LR16_Page_368
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྫས་དང་བཅས་ཏེ་རྩེད་བྲོ་བྱེད། བཙན་པོ་དབུ་རྩེའི་སྒོ་ཐང་ནས། སེདྒེའི་ཁྲི་ཐོག་ནས་མཆོད་པ་ཕུལ་བས། དད་པ་སྐྱེས་ནས་དབུའི་ལ་ཐོད་དང་ན་བཟའ་ཕུད་ནས་ལྷ་ལ་འབུལ་ལོ། །དེ་ནས་བཙན་པོའི་ཞལ་ནས་ངའི་ཡབ་གྱི་ཐུགས་དམ་གྱི་ལྷ་ཁང་ལ། ཁྱོད་བོད་ཀྱི་འབངས་ཐམས་ཅད་ཀྱིས་རྟ་དང་མཚོན་ཆ་མ་གཏོགས་པ་ཐམས་ཅད་ཕུལ་ཅིག་ཅེས་བཀའ་སྩལ་ནས། འབངས་ཐམས་ཅད་ཀྱིས་རྗེའི་བཀའ་སྩལ་པ་ལྟར་ཕུལ་ཏེ། ཁ་ཅིག་གིས་ནི་གཡུ་དང་གསེར་ལ་སོགས་ཕུལ། ཁ་ཅིག་གིས་སློག་པ་དང་གོས་ཕུལ་ནས། མཆོད་རྫས་ཀྱི་ཕུང་པོ་ཆེན་པོར་ཡོད། དེ་དཀོན་མཆོག་གི་གཉེར་བསྡུས་ནས། མཆོད་པ་བྱེད་པའི་འབུལ་རྒྱུ་བཟང་ངན་བྱུང་ནས། བཙན་པོའི་ཞལ་ནས། ཁྱོད་དད་པ་ཆེ་ཆུང་ཁྱད་རེ་ཆེ། ལ་ལས་གསེར་དང་གཡུ་འབུལ་ནུས་པ་ལ། ལ་ལ་ར་སློག་ལས་འབུལ་མི་ནུས་པ་ཞེས་བཀའ་བསྩལ་པས། མི་ལྟོགས་ཀུན་ན་དེ། རྗེ་གཅིག་ལགས། ངེད་དད་པ་ཆུང་བ་མ་ལགས་ཏེ། ལྟོགས་པས་འབུལ་རྒྱུ་མ་མཆིས། ངེད་དད་པ་ཆུང་བ་མ་ལགས་ཏེ། ལྟོགས་པས་འབུལ་རྒྱུ་མ་མཆིས། འབུལ་རྒྱུ་ཆེ་བ་ཀུན་ཕྱུག་པོ་ལགས་པས་ནོར་ཕྱུག་པར་མཆིས་པ་ལགས་སོ། །ཞེས་སྙན་དུ་གསོལ་བས། ཀྱཻ་ངའི་མངའ་རིས་སུ་གྱུར་པ་ལ་ལས་ཟས་གོས་ཙམ་ལས་མི་འབྱོངས། ལ་ལས་ལྷག་མ་དང་བཅས་པ་མི་རིགས་གསུངས་ནས། རུ་བཞིའི་ཕྱོགས་སུ་ལས་མི་བསྐོས་ནས། བཀྲེས་ཕྱུག་མེད་པར་ནོར་བསྙམས་སོ། །དེ་ནས་ཡང་མངོན་པར་བྱང་ཆུབ་པའི་ཟླ་བ་ལ་མངོན་པའི་མཆོད་པ་བགྱིས། ཞིང་པ་ཀུན་ཐོང་བོར་ནས་བློས་བཏང་ནས། རོལ་དུ་ཐོང་གཤོལ་ལྡེམ་མེ་བཞག་ཅིང་མཆོད་པ་བྱེད་དུ་འོངས། ཡང་སྔར་བཞིན་དུ་མཆོད་རྫས་


LR16_Page_369
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་བྱུང་བས། ཡག་བཀྲེས་ཕྱུག་ལན་རེ་བསྙམས། དེ་ནས་ཚུལ་འཇུག་གི་ཟླ་བ་ལ། མདོ་སྡེའི་མཆོད་པ་ཆེན་པོ་བགྱིས་ཏེ། ཞིང་པ་ཀུན་ཡུར་གྲ་བཤིན་ནས། ལྟོ་སྣོད་རྡོས་མནན་ནས་མཆོད་པ་བྱེད་དུ་ཡོང། ཡང་སྔ་མ་བཞིན་ཆོས་རྫས་བཟང་ངན་བྱུང་བས། ཡང་བཀྲེས་ཕྱུག་ལན་རེ་བསྙམས། དེ་ནས་ཡང་སྟོན་ཟླ་ཐ་ཆུང་ལ་ཆོས་འཕྲུལ་ཆུང་བའི་དུས་འདུལ་བའི་མཆོད་པ་བགྱིས་ཏེ། ཡང་ཆོས་རྫས་བཟང་ངན་བྱུང་སྟེ། རང་རང་གི་ལས་སུ་དགོངས་ཏེ། མདོར་ན་ལྟོགས་ཕྱུག་ལན་གསུམ་བསྙམས་ཏེ། ཆོས་པ་དང། འགྲོན་པོ་ལམ་དུ་འགྲོ་བ་ཀུན་ཀྱང་རྒྱགས་ཕྱེ་འཁྱེར་མི་དགོས་ཏེ་བླ་ནས་སྦྱོར། སྲོག་གཅོད་པ་དང། རྐུན་པོ་ལ་སོགས་པའི་འཚོ་བ་སྒྲུབ་མི་དགོས། བོད་བདེ་བ་ལ་བཀོད་པས། སྲས་མུ་ནེ་བཙན་པོ་བཀའ་དྲིན་ཆེ་བ་ལགས་སོ། །དེ་ནས་ཕོ་ཡོང་བཟའ་རྒྱལ་མོ་བཙུན་ལ་ཡབ་རྒྱལ་པོ་ཐུགས་ལ་འདོགས་པས། ཡབ་འདའ་ཁར་ཕོ་ཡོང་བཟའ་ལྷ་སྲས་ཀྱི་ཁབ་དུ་བཞེས་ཤིག་པར་བཀའ་བསྩལ་པས། སྲས་གསུམ་གྱི་ཡུམ་ཚེ་སྤོང་བཟའ་ལ་མ་རངས་ཏེ། ཡབ་སྐུ་གཤེགས་པའི་འགོ་རུ་ཚེ་སྤོང་བཟས་ཕོ་ཡོང་བཟའ་འགྲོང་དུ་ཡོང་བས། ཕོ་ཡོང་བཟའ་སྐྲ་གསར་བགྱིས་ནས་རྒྱན་མ་ཐོགས་པར་གདའ། དེ་ལ་སྙད་བཙལ་རལ་གྲི་བརྡེགས་སྙམ་པ་ལ། སྲས་མུ་ནེ་བཙན་པོས་གཡོན་བསྐོར་ཏེ། ཡུམ་ཚེ་སྤོང་བཟའ་གླེན་དྲཊ་པས། བློན་གུང་ལྡེ་གཅུང་བྱ་བ་ཕྱག་ཚང་དུ་བསྐོས་ནས། ཕོ་བྲང་འོན་བུ་བླ་མཁར་དུ་སྲས་ལ་དགུང་ལོ་བཅུ་ལ་འདས། བང་སོ་ཀེ་རུ་ལྡེམ་བུར་བརྩེགས་སོ། །ཚེ་


LR16_Page_370
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བཟས་ཕོ་ཡོང་བཟའ་ལ། རང་གི་བུའི་རལ་གྲི་བསྩལ་ཏེ། ཉིན་རེ་ཤགས་རྒོད་རེ་འདེབས་ཤིང། སེན་མོས་ཤ་སྲང་རེ་བཅད་ཅིང་བཀྲོངས་སོ། །དེ་ནས་མུ་ཏིག་བཙན་པོ་མོན་ན་སྤུགས་ཡོད་པ་དབང་བསྐུར་བར་ཆད་བྱས་ཏེ་སྤྱན་དྲངས་པས། སྣ་ནམ་པས་བྲང་ཁ་ཕྱེས་ནས་བཀྲོངས། བང་སོ་ཀེའུ་བཟའ་བརྩེགས་སོ། །དེ་ནས་འབངས་རྣམས་གྲོས་བགྱིས་ཏེ། གཅུང་ཁྲི་ལྡེ་སྲོང་བཙན་ལ་དབང་བསྐུར་བར་བྱས་པས། ཁ་ཅིག་ན་རེ། ད་དུང་རཱ་ཛ་ནར་མ་སོན་ཏེ། འབངས་ཀྱི་ཚིས་མི་ཡོང། ལན་ཅིག་བློན་མཛངས་པ་བསྐོས་ནས་ཁྲིམས་བུ་ཆུང་བཅའོ་ཟེར། སྔོན་ཡང་ཡབ་སྐུ་འདས་པའི་དུས་སུ་རྒྱལ་པོ་སྐུ་ནར་མ་སོན་ནས་ཞང་བློན་གསུམ་ལ་ཁྲིམས་གཏད་ནས། ཁྲིམས་བུ་ཆུང་བཅས། ལྷ་ཆོས་སྒྲུབ་པས་གྱོད་ཁ་ཆེན་མོ་ལ་ཐུག་པས་བོད་འཕུང་བར་བྱས། ད་རྒྱལ་བུ་རང་དབང་བསྐུར་ལ་བློན་མཛངས་པ་བསྐོས་ཟེར་ཏེ། འབངས་ཀུན་གྱིས་ཆོས་བགྱིས་པ་ལེགས་ཟེར་ནས། རྒྱལ་བུས་འོང་ངམ་མི་ཡོང་སད་པར་འཆམ་ནས། དགུང་ལོ་བཞི་པ་ལ་དབང་བསྐུར་ནས་རྒྱལ་སྲིད་གཏད་པས་སད་པ་བཞིན་དུ་ལེགས་པར་བྱུང་ནས། སད་ན་ལེགས་ཞེས་བྱས། འཇིང་པ་ཡོ་བ་སྐུ་དབང་ཆེ་བས། གླང་འཇིང་ཡོན་ཞེས་ཀྱང་གྲགས། རྒྱལ་བུ་དེ་ནང་སོན་པས། འབྲོམ་བཟའ་མ་ངོ་མ་ལྟ་ཁབ་ཏུ་བཞེས། འབྲོམ་ཁྲི་བཟུང་བློན་དུ་བསྐོས་ཏེ། བོད་ཀྱི་རྒྱལ་པོ་ལ་ང་ཆེ་བས། ལག་རིས་སུ་ལྷ་ཁང་ཉི་མ་ཙམ་ཞིག་བཞེངས་ཞེས་བཀའ་བསྩལ་ཏོ། །ཉི་མ་ལ་ཇི་ཙམ་ཡོད་སློབ་དཔོན་མཛོད་མཁན་ལ་


LR16_Page_371
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་པས། ཉི་མ་ལ་རྒྱར་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་པས། བོད་ཀྱི་ས་གཞི་ལ་མི་ཤོང་གསུངས་པས། འོ་ན་ཟླ་བ་ཙམ་ཞིག་བྱེད་གསུངས། དེ་ལའང་དཔག་ཚད་ལྔ་བཅུ་ཐམ་པ་ཡོད་པས། འོ་ན་སྐར་མ་ཆེ་བ་ཙམ་ཞིག་བརྩེགས་གསུངས། དེ་ལ་ཡང་རྒྱང་གྲགས་བཅོ་བརྒྱད་ཡོད་བྱས་པས། བྱང་འབྲོག་ཡངས་པས་དེར་བརྩེགས་གསུངས། བློན་པོ་ཀུན་གྱིས་མཆིད་ནས། བླ་བློན་ཀུན་གྱི་ལོངས་སྤྱོད་དབུས་སུ་བྱེད་པས། བྱང་དུ་བརྩེགས་ན་ལྷ་ཁང་སྟོང་པར་ལུས་ཞེས་གསོལ་པས། འོ་ན་ཉང་རོར་བརྩིགས་གསུངས་ཏེ། དེ་ཡང་ཐུགས་དམ་ཞིག་བྱེད་པར་རྩིགས་ཕུལ། རྒྱ་དེར་སྐར་མ་ཆུང་ངུ་ཙམ་ཞིག་བྱེད་པར་ཆད་བྱས་ནས། སྐར་ཆུང་ལྷ་ཁང་བཞེངས་སུ་གསོལ། རྒྱར་རྒྱང་གྲགས་གཅིག་ཡོད་པ་རྨང་གཏིང་པས། བཟོ་བོ་རྣམས་ཁེངས་དྲེགས་བྱས་ཏེ། རྩིག་བཟོ་བ་ན་རེ། ངའི་རྩིག་པ་མེད་ན་གང་ཡང་བྱར་མི་བཏུབ། ང་གཙོ་ཆེ་ཟེར་ཏེ། དེ་བཞིན་དུ་ཤིང་བཟོ་བ་དང། ལྷ་བཟོ་བ་ལ་སོགས་པ་རྣམས་ཀྱང་སོ་སོས་གླེང་ངོ་། །དེ་ནས་དང་པོ་ཀ་བ་གཅིག་བཅོས་ཏེ། ལྡིར་བཟོ་འཕྲུལ་འཁོར་དུ་བཞེངས་སུ་གསོལ། དེ་ནས་ཀ་བ་བསྐོར་ནས་རྒྱ་ཕུག་བཀག། དེ་ནས་ཕྱི་དེ་ལ་བརྩིགས་པར་གྱིས་ཏེ། སྐར་ཆུང་བརྩིགས་པས་ཁྱད་པར་དུ་འཕགས་པ་ལགས་སོ། །རྒྱལ་པོ་དེས་ཡབ་མེས་ཀྱི་སྲོལ་མ་ཤོར་བར་མཛད། ཡབ་མེས་ཀྱི་ཐུགས་དམ་ཀུན་གྱི་ཞི་རལ་གསོ་བ་དང། རྒྱན་གདགས་པ་དང་ར་སའི་ཁྱམས་ཁང་ཆེན་མོ་བཞེངས་པ་ལ་སོགས་པའི་ཕྱག་རྗེས་མང་དུ་མཛད།


LR16_Page_372
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཟིན་པའི་ཆོས་རྣམས་ཆ་ཚང་བར་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་ཞུ་ཆེན་བྱས་པའི་སྐོར་སོགས། བབས་བདུན་པ་ནི། ཡབ་ཀྱི་ཚེ་ལ་ལོ་ཙྭ་བ་སྐ་ཅོག་ཞང་གསུམ་ལ་གསེར་ཕྱེ་མ་མང་དུ་བསྐུར་ནས་གདན་འདྲེན་དུ་བཏང་བའི་པཎྜི་ཏ་མཁན་པོ་པྲ་ཛྙཱ་ཝརྨ་དང། ཤཱཀྱ་སེང་ཧ་དང། སུ་རེན་ཏྲ་བོ་དྷི་དང། ཛི་ན་མི་ཏྲ་དང། དྷ་ན་ཤཱི་ལ་དང། བིརྱ་སིང་ཧ་ཀ་ར་དང་དྲུག་བྱོན་ནས་མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་ཆོས་ཀྱང་མང་དུ་བསྒྱུར་ཅིང། གསང་སྔགས་ཀྲྀ་ཡོག་གི་རྒྱུད་དང། སྐུ་གསུང་ཐུག་སཀྱི་རྒྱུད་སྡེའི་སྐོར་ལ་སོཊ་པ་སྔགས་ཕལ་མོ་ཆེ་རྣམས་དང། ནང་གི་མན་ངག་ཀྱང་འགའ་རེ་བསྒྱུར་བ་ཡིན་ནོ། །རབ་ཏུ་བྱུང་བའི་མངའ་ཐང་བསྟོད། ལོ་བཞི་བཅུ་ཞེ་ལྔ་བཟུང་ནས་ཆོས་དང་མཐུན་པར་མཛད་ནས་བཀའ་དྲིན་ཆེ་བ་ལགས་སོ། །རྒྱལ་པོ་དེ་ལ་སྲས་ལྔ་སྟེ། ཁྲི་གཙུག་ལྡེ་བཙན་རལ་པ་ཅན། ལྷ་སྲས་གཙང་མ། ཁྲི་དར་མ་འུ་དུམ་བཙན། ལྷ་རྗེ་ལྷུན་གྲུབ་ཁྲི་བཙན་དང་ལྔའོ། །དེ་ལ་གཅེན་རྗེ་བཙུན་གསང་བའི་མངའ་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ། མངའ་བདག་རལ་པ་ཅན་དགུང་པོ་བཅུ་ལོན་པ་ལ་དབང་བསྐུར་ནས་ཆབ་སྲིད་ལ་གཏད། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་ལ་སོགས་པའི་བཙུན་མོ་ལྔ་ཁབ་ཏུ་བཞེས། ལྷ་མར་རྗེ་ལྷ་ལོད་ཀྱིས་ཕྱི་བློན་བྱས། བན་ཆེན་པོ་དཔལ་གྱི་ཡོན་ཏན་གྱིས་ཆོས་ཀྱི་བློན་པོ་བགྱིས་ཏེ། མེས་ཀྱི་དྷ་རྨའི་ལྷ་ཁང་ལ་དཔེ་བྱས་ནས་


LR16_Page_373
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དགུ་བརྩེགས་བཞེངས་པར་ཆད་བྱས་པའི་དུས་སུ། རྗེའི་ཞལ་ནས། ཡབ་མེས་ཀུན་གྱི་རིང་ལ་བཙན་པོ་ལ་བྱ་བ་གསུམ་ཡོད་དེ། ཐུགས་དམ་དུ་གཙུག་ལག་ཁང་བཞེངས་པ་དང། བོད་འབངས་བདེ་ལ་འགོད་པ་དང། སྐུ་ལ་བསྡོ་བ་ལ་དམག་དྲངས་པའོ། །དེ་ལ་ཡབ་མེས་ཀུན་གྱིས་ལ་ལས་རེ་རེ་མཛད། ལ་ལས་གཉིས་གཉིས་མཛད། ལ་ལས་གསུམ་ཀ་མཛད་ནའང་རིམ་གྱིས་མཛད། ང་གསུམ་ཀ་དུས་གཅིག་ལ་བྱེད་དོ། །ཞེས་བཀའ་བསྩལ་ནས་ཐུགས་དམ་གྱི་གཙུག་ལག་ཁང་གི་རྨིང་བཏིང་པར་ཆད་བྱས་ཙ་ན། ལྷ་ས་མཁར་དང་འདྲ། བམས་ཡས་གྲོང་དང་འདྲ། སྐར་ཆང་ཆད་པ་དང་འདྲ། ང་ལྷ་ཁང་བཤའ་མ་ཞིག་བྱེད་དོ་ཞེས་བཀའ་བསྩལ་ནས། རྒྱ་དཀར་ནག་གཉིས། བལ་པོ། ལི་ཡུལ། ཁ་ཆེ། བོད་ཡུལ་གྱི་གཟོ་གྲྭ་མཁས་པ་ཀུན་བཀུག་སྟེ། རྒྱའི་ཇུ་ཞག་མཁས་པ་གཅིག་གིས་ས་བཙལ་ནས། འུ་ཤང་རྡོ་དཔེ་མེད་ཀྱི་གཙུག་ལག་ཁང་བཞེངས་སོ། །འཛམ་བུའི་གླིང་ན་བཟོ་མཁས་པ་བལ་པོ་རྡོ་མཁན་ལ་སོགས་པས་བཟོ་བགྱིས་ཏེ། འོག་ཁང་དུམ་སྒོའི་རུ་བཞི་མན་ཆད་རྡོ་ལ་བགྱིས་པས་རྡོ་བཟོ་ཁྱད་དུ་འཕགས་པ་བྱུང། དེའི་ཕུད་ལ་ར་སའི་གཙུག་ལག་ཁང་དུ་མེས་ཀྱི་ཆོས་སྲོལ་གཏོད་པས་བཀའ་དྲིན་ཆེ་བས་རྡོ་རིང་ཕུལ། རི་མོའི་ཕུད་ལ་དར་གྱི་བེ་བུམ་བརྒྱ་རྩ་བརྒྱད་ཕུལ། ལྡེར་སོའི་ཕུད་ལ་ཚངས་དང་བརྒྱ་བྱིན་གཉིས་བཞེངས་སོ། །ལུགས་མའི་ཕུད་ལ་ཅོང་ཆེན་དྲིབ་བུའི་ཚུལ་དུ་བཏགས་སོ། །བར་ཁང་གསུམ་སོ་ཕག་ལས་བྱས། སྟེང་ཁང་གསུམ་ཤིང་དང། ཟངས་དང་གསུམ་སོ་ཕག་ལས་བྱས། སྟེང་ཁང་གསུམ་ཤིང་དང། ཟངས་དང༌། ཀོ་བ་ལས་བྱས། རྒྱ་ཕིམས་ཀྱི་འོག་ཏུ་རླུང་གི་འཁོར་ལོ་བསྐོར་ཏེ།


LR16_Page_374
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བ་མང་པོ་རྒྱུན་དུ་བསྐོར་བ་བྱེད། བྱ་འདབ་ལ་ཕྱོགས་བཞིར་ལྕགས་ཐག་བཞི་མཆོད་རྟེན་ཆེན་པོ་བཞི་ལ་གཏད་པས། རླུང་ཆེན་པོ་ནུབ་ནས་བྱུང་བའི་ཚེ། ཤར་གྱི་ལྕགས་ཐག་ལྷོད་ཀྱིས་སོང་བས་རྒྱ་ཕུབས་ཤར་དུ་ཡོ་ཙམ་འགྲོ །རླུང་ཤར་ནས་བྱུང་ནས་ནུབ་ཀྱི་ལྕགས་ཐག་ལྷོད་སོང་ན། རྒྱ་ཕུབས་ནུབ་ཏུ་ཅུ་ཟད་ཡོ། རི་ནགས་ཀྱི་རྩེ་ལ་ན་བུན་བྱུང་བ་དང། ལྷ་ཁང་གི་ཁྱུང་མགོ་ལ་ཡང་ན་བུན་ཐུལ་གྱིས་ཡོང་བའི་མཐོན་པོ་གཅིག་བཞེངས་སུ་གསོལ། མེས་ཀྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་དམ་བཅས་པའི་གྲངས་མ་ཚང་པའི་ལྷག་མ་རྣམས་ཁ་བཀང། རྩིས་ཁ་ཉང་སྟོད་རྩིས་ཀྱི་ལྷ་ཁ་བཏིང། འབངས་རྣམས་བདེ་ལ་བཀོད། ཟས་གོས་ཙམ་ནི་འཕྲལ་གྱི་བར་གསལ། ཡུན་དུ་བདེ་བའི་ལྷ་ཚོགས་ལ་འགོད་པའི་ཕྱིར་དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་ལ་གཟིགས་པས། ཆོས་ལ་ལ་ནི་རྒྱ་ནག་པོའི་སྐད་དུ་སྨྲ། ཆོས་ལ་ལ་ནི་རྒྱ་དཀར་པོའི་སྐད་དུ་སྨྲ། ལ་ལ་ནི་བལ་པོ་དང་ཨུ་རྒྱན་གྱི་སྐད་དུ་སྨྲ་བས། མེས་ཀྱི་ལྷ་དང་ཆོས་སྐད་སྣ་ཚོགས་སུ་བྱུང་བ་འདི་ཅུང་མ་ལེགས། སངས་རྒྱས་རྒྱ་གར་དུ་བྱོན་ནས་ཆོས་དང་པོ་རྒྱ་གར་དུ་གསུངས་པ་ཡིན་པས། ད་ཡང་ཆོས་ཐམས་ཅད་རྒྱ་དཀར་པོའི་སྐད་མགྲིན་གཅིག་ཏུ་བྱེད། ཅེས་བཀའ་བསྩལ་ནས། བོད་ཕྲུག་བློ་རྣོ་བ་རྣམས་ལ་གསེར་བསྐུར་ནས་ལོ་ཙཱ་བ་བསླབས། མེས་དང་ཡབ་ཀྱི་རིང་ལ་སྤྱན་དྲངས་པའི་པཎྜི་ཏ་ཆེན་པོ་བཱི་མ་ལ་མི་ཏྲ་དང། མཁན་པོ་བྲ་ཛྙཱ་ཝརྨ་དང། ཤཱཀྱ་སེང་ཧ་དང། སུ་རེན་ཏྲ་བོ་དྷི་དང། ཛི་ན་མི་ཏྲ་དང། དྷ་ན་ཤི་ལ་དང། བེརྱ་སེང་ཧ་ཀ་ར་རྣམས་སྤྱན་དྲངས་


LR16_Page_375
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སྒྲ་བསྒྱུར་རྒྱ་གར་གླིང་དུ་རྐྱེན་བླ་ནས་སྦྱར་ཏེ་བཞུགས་པ་དང། བོད་ཡུལ་ན་བཞུགས་པའི་གསུང་རབ་མ་ལུས་པ་སྤྱན་དྲངས་ནས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང། ཅོག་ཏོ་ཀླུའི་རྒྱལ་མཚན། བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བྱས་ཏེ། སྔར་གྱི་འགྱུར་མ་དག་པ་ཐམས་ཅད་བཅོས། བསྒྱུར་འཕྲོ་ལྷག་མ་རྣམས་ཁ་བཀང། སྔར་མ་བསྒྱུར་བའི་མདོ་སྔགས་ཀྱི་ཆོད་དཔག་ཏུ་མེད་པ་བསྒྱུར། སྒྲ་ཐམས་ཅད་རྒྱ་དཀར་པོའི་ལུགས་སུ་འགྱུར་བཅོས། དེ་ཡག་རྒྱ་གར་སྐད་དུ་ཞེས་པ། རྒྱ་ནི་མ་ཉམས་པའོ། །གར་ནི་སྒྱུར་བར་བྱེད་པ། སྐད་ནི་ཐོས་པར་བྱེད་པ། དུ་ནི་འདུས་པར་བྱེད་པའོ། །མཚན་ཀླད་དུ་བཀོད་པ་ལ་དགོས་པ་བཞི་སྟེ། རྒྱ་གར་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ཁུངས་བཙུན་པའི་དགོས་པ་དང། ལོ་ཙཱ་བ་སྒྲ་ཐང་ཀློག་ལ་མཁས་ཏེ། རྒྱ་བོད་གཉིས་ཀའི་སྐད་ཤེས་པའི་དགོས་པ་དང། བོད་མུན་པའི་སྨག་རུམ་དང་འདྲ་བས། བོད་ལ་ལོ་ཙཱ་བའི་དྲིན་བཞག་པའི་དགོས་པ་དང། ཆོས་ཀྱི་མཚན་གཅིག་དབུ་རུ་བྱུང་བས། སློབ་མ་འཇུག་ལྡོག་ལ་མཁས་པའི་དགོས་པའོ། །སྔོན་གྱི་སྐད་རྙིང་ལ་གག་དང། བྱི་རོབ་ལ་སོགས་ཡོད་པ་རྣམས་གང་དང་ཇི་ལྟར་ལེགས་པར་བཅོས་ཏེ། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅིང་ཞུ་ཆེན་ལ་གཏུགས་སོ། །དེ་ཡང་ཞུ་ཆེན་གྱི་ལོ་ཙཱ་བ་ཞེས་བྱ་བ་ནི། དེའི་ཚེ་མཁས་པ་མཐར་ཕྱིན་པ་དེས་ཞུས་དག་བྱས་ནས་ཡིད་ཆེས་པའི་གནས་ཡིན་པའམ། ཡང་ན་རྒྱ་དཔེ་ལས་བོད་སྐད་དུ་སྟོན་ནམ། བོད་དཔེ་ལས་རྒྱ་སྐད་དུ་སྟོན་ན་སྡེབ་སྦྱོར་སྒྲ་དང་མཐུན་པར་འོང་བ་སྟེ། འདི་ནི་སྲིད་པའང་


LR16_Page_376
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དཀའ་སྟེ། ཐ་མ་བྲེ་དང་སྲང་དང་ཞོ་ལ་སོགས་པ་ཐམས་ཅད་ཀྱང་རྒྱ་གར་དང་བསྟུན་ནས། སྐྱིད་ཤོད་ར་སར་གཏན་ལ་ཕབ། རབ་ཏུ་མ་བྱུང་བ་ཐམས་ཅད་སླར་ཕྱུང། ཆོས་གོས་དུམ་བུ་ཙམ་ལ་ཡང་དབུ་བཏུགས་ཏེ་ཕྱག་མཛད། དེའི་དུས་ཆོས་གྲྭ་ཆེན་མོ་གསུམ་དུ་ཁོད་བཤམས་ཏེ། ཐོས་བསམ་བློ་སྦྱོང་གི་གྲྭ་བཅུ་གཉིས། མཁས་བཙུན་སྟངས་འབུལ་གྱི་གྲྭ་དྲུག་སྨྲ་བཅད་སེམས་ཕྱོགས་ཀྱི་གྲྭ་དྲུག་སྟེ་གྲྭ་བཅུ་གཉིས་ལ་སོགས་པ་བཤམས་ཏེ། རྒྱལ་སྲིད་ཀྱི་མངའ་ཐང་ཆེན་མོ་ནས་མཁའ་ལྟར་རྒྱས་ནས་ཉི་འོག་ཡི་རྒྱལ་པོ་ཐམས་ཅད་ཀྱི་དབུས་བཏུགས་ཏེ། མཐའ་བཞི་་ལས་རྣམ་པར་རྒྱལ་ནས་གང་དང་ཡང་འཁོན་མེད་པར་མཛད་དོ། །བཙན་པོ་དད་པ་ཆེ་བས་འདུན་མ་རབ་ཏུ་བྱུང་བ་ལ་ཕུལ་བས། ལོ་ཙཱ་བ་རྣམས་ཀྱི་ཞལ་ནས། བོད་འབངས་གདུལ་དཀའ་བས་ཆད་པ་ལ་བརྟེན་ནས་གདུལ་དགོས་པས། ངེད་རབ་ཏུ་བྱུང་བས་སྟོན་པའི་བཀའ་བཞིན་དུ་བགྱིད་འཚལ་བས་ཆད་པའི་ལས་བགྱིད་མི་རུང། ཞེས་གསོལ་བས། གསུང་བཞིན་མི་བགྱིད་པ་ལ་ངས་ཞང་བློན་ཀུན་ཆད་པ་བགྱིད་དུ་འཚལ། ཆབ་སྲིད་བཞེས་པར་ཞུ་འཚལ། ཞེས་གསུངས་ནས། རྗེའི་དབུ་ཐོད་ཕུད་ཅིང་རབ་ཏུ་བྱུང་བའི་གདན་དུ་བཏིང། རབ་ཏུ་བྱུང་མ་ཐག་གིའང་ཞལས་སྤྱི་ཐོག་ཏུ་ལེན། གོས་སེར་པོའི་ལྷན་པ་སྐྱེ་བོའི་ལུས་ལ་འདུག་པ་གཟིགས་ཀྱང་དེ་ལ་ཕྱག་མཛད། ཞང་བློན་གང་གིས་ཕྱག་སྟེན་ཕུལ་ནས་བསྙུན་གསོལ། ཕྱག་ཉིས་ཤུ་རྩ་གཅིག་མཛད་ཀྱང་ཕྱག་ལན་མི་མཛད། བོད་ཡོངས་ལ་རྗེའི་དཔྱ་བསྡུས་ནས་དགེ་འདུན་ལ་བླ་འཚོར་ཕུལ། རབ་ཏུ་བྱུང་བ་རེ་རེ་ལ་ཡང་འབངས་མི་ཁྱིམ་བདུན་བདུན་མངའ་རིས་སུ་ཕུལ་


LR16_Page_377
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཟས་དང་ན་བཟའ་སྦྱོར། རབ་ཏུ་བྱུང་བའི་གོས་ལྷན་པ་ཅན་བྱུང་ཡང་དེ་དྲིལ་ནས་དེའི་མངའ་རིས་ལ་བཀའ་དྲག་ཏུ་བཅོལ། སྐྱེ་བོ་ཁྱིམ་པའི་ཆས་ཀུན་ཀྱང་རབ་ཏུ་བྱུང་བའི་འདུན་མ་བཞིན་ཆོས་དང་བསྟུན་པས་ཤིན་ཏུ་བདེ་ཞིང་སྐྱིད་པར་མཛད་པས་ཆོས་ཀྱི་རྒྱལ་པོ་དེ་ཤིན་ཏུ་བཀའ་དྲིན་ཆེ་བ་ལགས། སྔ་བསྒྱུར་སྐབས་ཀྱི་པཎ་སློབ་ཚོའི་མཚན་ཐོ་སོགས་ཁ་སྐོང་ཁག་ཅིག་ཆོས་འབྱུང་རྙིང་མ་རྣམས་ལ། གསང་སྔགས་ཀྱི་བསྟན་པ་འདི་རྒྱལ་པོ་སྔ་དར་ཀྱི་དུས། བབས་བདུན་དུ་བསྒྱུར་བ་ལས། དང་པོ་ནི་སློབ་དཔོན་པདྨ་བསམ་ཡས་ཀྱི་ས་མཆོག་ལ་ཕེབས་དུས། སྙིང་ཞགས་གཉིས། མ་གཤིན་གཉིས། པད་ཕུར་གཉིས། འཕྲིན་ལས་བསྟན་སྲུང་དང་བཅས་པ་བསྒྱུར་རོ། །གཉིས་པ་བསམ་ཡས་ཀྱི་རབ་གནས་ལ་ཤིནྟ་གརྦྟ་སྤྱན་དྲངས་པའི་དུས། ཀྲྀ་ཡའི་རྒྱུད་ནོ་པེ་ཀེ་དང་བཅས་པ་གཙོ་བོར་བསྒྱུར་རོ། །གསུམ་པ་སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སེ་ལ་བྱོན་པའི་ཚེ། གདན་ནི་མ་འདྲོངས། རྩངས་ཐེ་ལེན་ཏྲ། བྲན་ཀ་ར་མུ་ཡི། འཇམ་དཔལ་གོ་ཆ་རྣམས་བརྫངས་པས། མངོན་པར་བྱང་ཆུབ་པའི་ཏནྟྲ་དང། ཨ་པ་ཏ་ར་ལ་སོགས་པ་ཡོ་གའི་སྡེ་སྣོད་དང། ནང་པ་སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལ་སོགས་པ་མང་དུ་ཞུས་སོ། །བཞི་པ་རྒྱ་གར་ན་སློབ་དཔོན་ཧཱུཾ་ར་གསང་སྔགས་ཀྱི་མངའ་བདག་ཏུ་གྲགས་ཀྱང། སྤྱན་ནི་མ་འདྲོངས། སྣུབས་ནམ་མཁའི་སྙིང་པོ་ལ་སོགས་ཏེ། དགེ་སློང་མི་ལྔ་


LR16_Page_378
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དང་དྲུག་བརྫངས་ཏེ། གཙོ་བོར་ཡང་དག་ཞུས་སོ། །ལྔ་པ་ནི་རྒྱ་གར་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཨ་ཏི་ལ་མཁས་པར་གྲགས་ནས། བཻ་རོ་ཙ་ན་དང། རྩངས་ལེགས་གྲུབ་གཉིས་བརྫངས་པས། ཤྲཱི་སེང་ཧ་དང་མཇལ་ནས་རྫོགས་ཆེན་ཞུས་སོ། །དྲུག་པ་ནི་སད་ན་ལེགས་འཇིང་ཡོན་གྱི་སྐུ་དྲིན་ལ། མཁན་པོ་པྲ་ཛྙཱ་ཝརྨ་ལ་སོགས་དྲུག་བྱོན་ནས། སྔགས་མཚན་ཉིད་ཀྱི་ཆོས་མང་དུ་བསྒྱུར་རོ། །བདུན་པ་ནི། མངའ་བདག་ཁྲི་རལ་གྱི་རིང་ལ། པཎྜི་ཏ་བཱི་ལ་མི་ཏྲ་བྱོན་ནས། སྔགས་མཚན་ཉིད་ཀྱི་ཆོས་མང་དུ་བསྒྱུར། ཁྱད་པར་དུ་སེམས་ཕྱོགས་ཀྱི་ཕྱི་འགྱུར་ཚོ་དང། སྒྱུ་འཕྲུལ་དྲྭ་བརྒྱུད་འགྲེལ་པ་དང་བཅས་པ་དང། བདུད་རྩི་མཆོག་གི་ལུང་ལ་སོགས་ཏེ། སྒྲུབ་པ་སྡེ་དྲུག་ཕྲ་མོ་ཉེར་གཅིག་ཕྱག་བཞེས་དང་བཅས་པ་བསྒྱུར་ཅེས་སོ། །ཡང་ལུགས་གཅིག་ལ་བབས་པ་ལྔ་པ་ཡན་མཐུན་པ་ལས། སྔོན་གྱི་ཡི་གེ་རྙིང་པ་མང་པོ་ལ་བརྟགས་ཤིང་དཔྱད་ནས། བཱི་མ་ལ་མངའ་གི་ལོ་རྒྱུས་དང། རྒྱལ་རབས་རྣམས་ནའང་གསལ་བར་སྣང་ངོ་། །མངའ་བདག་ཁྲི་རལ་གྱི་རིང་ལ་བྱོན་ནས། ཆོས་མང་དུ་གསུང་ཟེར་བ་ནི། ཕེབས་པ་ཁྲི་སྲོང་གི་དུས་ཕེབས་ནས། ཆོམ་མང་དུ་གསུངས་ཟེར་བ་ནི། ཕེབས་པ་ཁྲི་སྲོང་གི་དུས་ཕེབས་ནས། མངའ་བདག་ཁྲི་རལ་གྱི་དུས་སུ་སྔར་གྱི་འགྱུར་མ་དག་པ་རྣམས་བཅོས། བསྒྱུར་འཕྲོ་ལྷག་མ་ཀུན་ཁ་བཀང། སྔར་མ་བསྒྱུར་བའི་སྔགས་མཚན་ཉིད་ཀྱི་ཆོས་མང་དུ་བསྒྱུར། བསྟན་པ་ཡོངས་སུ་དར་ཞིང་རྒྱས་པར་མཛད་པ་ལ་དགོངས་པ་ཡིན་ནོ། །སྔོན་བོད་དུ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་ནས། རྒྱལ་པོ་


LR16_Page_379
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡན་ལ་བྱོན་པའི་པཎྜི་ཏ་དང། ལོ་ཙཱ་བ་བྱོན་པ་ཀུན་དྲིལ་བའི་རྐང་གྲངས་ནི། མཁན་པོ་ལི་བྱིན། མཁན་པོ་ཤནྟ་རཀྵི་ཏ་བོད་སྐད་དུ་ཞི་བ་འཚོ་དང། པདྨ་འབྱུང་གནས་པདྨ་ཀ་ར་དང། སྔགས་འཆང་འཕགས་པ་ཀིརྟ་དང། བཱི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་དང། སངས་རྒྱས་གསང་བ་བྷུབྡྷགུ་ཡ་དང། བསམ་ཡས་ཀྱི་རབ་གནས་མཁན་ཤིནྡ་གརྦྷ་ཞི་བའི་སྙིང་པོ་དང། བི་ཤུདྷ་སིང་ཧ་རྣམ་དག་སེདྒེ་དང། ཀ་མ་ལ་ཤཱི་ལ་པདྨའི་ངང་ཚུལ་དང། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང། བྲམ་ཟེར་ཤང་ཀ་བདེ་བྱེད་དང། བལ་པོ་ཤི་ལ་མཉྫུ་འཇམ་དཔལ་ཚུལ་ཁྲིམས་དང། བྲམ་ཟེར་ཨ་ནནྟ་མཐའ་ཡས་དང། ཀ་ལྱ་མི་ཏྲ་དགེ་བའི་བཤེས་གཉེན་དང། ཛི་ན་མི་ཏྲ་རྒྱལ་བའི་བཤེས་གཉེན་དང། སུ་རིནྟྲ་བོ་དྷི་ལྷའི་དབང་པོ་བྱང་ཆུབ་དང། དྷ་ན་ཤི་ལ་སྦྱིན་པ་ཚུལ་ཁྲིམས་དང། བོ་དྷི་མི་ཏྲ་བྱང་ཆུབ་བཤེས་གཉེན་དང། མུ་ནེ་ཝརྨ་ཐུབ་པའི་གོ་ཆ་དང༌། སརྦ་ཛྙཱན་དེ་ཝ་ཀུན་མཁྱེན་ལྷ་དང། བེདྱཱེ་ཀ་ར་པྲ་བྷ་རིག་བྱེད་འོད་ཟེར་ལ་སོགས་པ་རྣམས་སོ། །ལོ་ཙཱ་བ་ལ་སྔ་བ་ཡོན་མི་སམྦྷོ་ཊ་དང༌། ཀརྨ་ཀོ་ཤ་དང། རྡོ་རྗེ་དཔལ་དང། བྲན་ཀ་མུ་ལ་ཀོ་ཤ་དང། གཉགས་ཛྙཱན་ཀུ་མཱ་ར་དང། སྦ་ཡེ་ཤེས་དབང་པོ་དང། ངན་ལམ་རྒྱལ་བ་མཆོག་དབྱངས་དང། སྦ་ཁྲི་གཞེར་སང་ཤི་ཏ་དང། སྦྲང་རྒྱ་རེ་ལགས་གཟིགས་དང། སེང་གོང་ལྷ་ལུག་གཟིགས་དང། སྦ་མང་རྗེ་གསལ་སྣང་དང། སྣ་ནམ་རྡོ་རྗེ་བདུད་འཇོམས་དང། ལྕེ་ཛྙཱན་སིདྡྷ། སྣུབས་ནམ་མཁའི་སྙིང་པོ། འབྲེ་རྒྱལ་བའི་བློ་གྲོས། རླངས་དཔལ་


LR16_Page_380
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སེདྒེ། རུ་གྱོང་བིདྱཱ་རཱ་ཛ། གྲུ་གུ་ཨུ་པེག་ཤ། ལང་འགྲོ་དཀོན་མཆོག་འབྱུང་གནས། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་བུ་དཔལ་གྱི་སེདྒེ། དབས་མཉྫུ་ཤྲཱི་ཝརྨཱ། རྩངས་དེ་བེན་ཏྲ་ར་རཀྵི་ཏ། རྨ་རིན་ཆེན་མཆོག་རྩངས་པ་ལའི་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨ་ཤོ་ཀཱ་དང། དྲན་པ་ནམ་མཁའ་དང། འགྲོ་རིན་ཆེན་སྡེ་དང། རྣམ་པར་མི་རྟོག་པ་དང། ཤཱཀྱ་པྲ་བྷ་བ་དང། ལྕེ་ཁྱི་འབྲུག་དང། མྱང་མཁས་པ་གོ་ཆ་དང། ཛྙཱ་དེ་བ་ཀོ་ཥ་དང། ཞང་རྒྱལ་ཉེན་ཉ་བཟང་དང། ཀླུའི་རྒྱལ་མཚན་དང། དཔལ་བརྩེགས་རཀྵིཏ་དང། རཏྣ་རཀྵི་ཏ་དང། བཟང་སྐྱོང་དང། ཡེ་ཤེས་སྙིང་པོ་དང། རྒྱལ་བ་ཤེས་རབ་དང། ཤཱཀྱ་བཤེས་གཉན་དང། དགེ་བ་དཔལ་དང། ལེགས་ཀྱི་སྡེ་ལ་སོགས་པ་རྣམས་སོ། །སྐུ་ལ་བསྡོ་བར་དམག་དྲངས་ཚུལ། དེ་ནས་སྐུ་ལ་བསྡོ་བ་ལ་དམག་དྲངས་ནས་ཆམ་ལ་ཕབ་པའི་ལོ་རྒྱུས་ནི། རྒྱ་ནག་པོའི་རྒྱལ་པོ་དང་དབོན་ཞང་གཉིས་སྡུམ་བྱ་བར་ཆད་པ་ལ་མ་བསྡུམས་ནས། བོད་རུ་བཞི་ནས་དམག་ཏོང་སྡེ་བཅོ་བརྒྱད་ཚན་པར་ཁྲིག་གེ་ཁྲིད་ནས། རྒྱ་ནག་ཡུལ་དུ་དམག་དྲངས། རྒྱའི་གྱིན་པོ་ཐམས་ཅད་བཀུམ་ནས་ཆམ་ལ་ཕབ། རྟ་པའི་ཉིན་ལམ་བཅུ་བཞི་ཚུན་


LR16_Page_381
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མངར་འདུས། རྒྱའི་ཧ་ཤང་དང། བོད་ཀྱི་པཎྜི་ཏ་ཐམས་ཅད་འདུས་ནས་བར་དཔང་མཛད། དབོན་ཞང་བསྡུམས་པར་མཛད། རྒྱའི་གོང་བུ་མདའ་རུར་རྒྱའི་གཙུག་ལག་ཁང་གཅིག་དང། བོད་ཀྱི་བཙན་པོའི་གཙུག་ལག་ཁང་གཅིག་བཞེངས་སུ་གསོལ། དེའི་བར་དུ་ས་ལ་བཙན་པོ་དབོན་ཞང། གནམ་ལ་ཉི་མ་དང་ཟླ་བ་ལས་མེད་དོ་བར་གླེངས་ནས། ཕོ་བོང་ལ་ཉིན་ཟླའི་གཟུགས་བྱས། གོང་བུ་མདའ་རུ་ཡན་ཆད་དུ་རྒྱའི་དམག་པར་མི་འདྲེན། དེ་མན་ཆད་དུ་བོད་ཀྱི་མདག་མར་མི་འདྲེན་པའི་མནའ་བྱས་ཏེ། དེ་རྒྱ་བོད་ཀྱི་སོ་མཚམས་ཡིན། དཔང་དུ་ལྷ་ཀླུ་གཉན་པོ་བཞག །དབོན་ཞང་ཇི་ལྟར་ཆད་པའི་རྩིགས་ཀྱི་ཡི་གེ་གསུམ་མཆིས་ཏེ། བཀྲ་ཤིས་ཁྲི་སྒོ་དང༌། ར་སའི་ལྷ་ཁང་དང། གོང་བུ་དམར་པོ་གསུམ་དུ་རྡོ་རིང་ལ་བྲིས་ནས་ཡོད་དོ། །བཙན་པོའི་འདུན་ས་ཆུང་དུ་རབ་ཏུ་བྱུང་བ་ལ་ཕུལ་ནས། ཆབ་སྲིད་ཆོས་དང་མཐུན། དབང་དགེ་འདུན་ལ་ཕུལ་བས་བློན་པོ་ནག་པོ་ལ་དགའ་བ་ཀུན་བྱི་དང། རྐུ་བྱ་དབང་མེད། སྤྱོད་པ་ཤིན་ཏུ་དོག་པས། རྗེའི་སྙན་དུ་ཞང་བློན་དགོས་པ་སྒྲུབ་པ་ལ་དཔྱང་ལོ་དམ་དུ་བསྡུས་ནས། དམངས་རབ་ཏུ་བྱུང་བ་ལ་དགྱེས་བཞིན་དུ་ཕྱག་འཚལ་བ་ཅི་ལགས། ཞེས་བྱ་བ་ལ་སོགས་པ་ཞུས་པའི་ལན་དུ། བཙན་པོས་སྐྱ་བཙུན་བོད་འབངས་ཡོངས་བསྡུས་པ་ཞུས་པའི་ལན་དུ། བཙན་པོས་བཙུན་བོད་འབངས་ཡོངས་བསྡུས་ནས། རབ་ཏུ་བྱུང་བའི་མངའ་ཐང་བསྟོད། ཞང་བློན་རྣམས་ལ་ཕྱག་དང་སྙུན་རྨེད། འདབ་མ་དགུ་རྩེགས་ཅན་དང། གཟིག་པོ་སྣ་ཚོགས་ཅན་སོགས་པ་ཐམས་ཅད་བཀའ་ནན་ལ་ཕབ། ར་ས་དང། བསམ་ཡས་དང།


LR16_Page_382
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་ཆུང་ལ་སོགས་པ་ཡབ་མེས་ཀྱི་ཐུགས་དམ་བཞེངས་པའི་འཕྲོ་ཐམས་ཅད་མ་ལུས་པར་བཞེངས། ཞིག་རལ་ཐམས་ཅད་ཀྱང་གསོ་བདོ་ཙ་ན། འབངས་ནག་པོ་ལ་དགའ་བ་ཀུན་གྱིས། ངེད་འདི་ཙུག་བྱེད་པ་ཅིས་ལན་ཞེས་གླེངས་པས། བློན་པོ་རྣམས་ཀྱི་སྙིང་དུ་གདོན་གསོལ་ནས། འདི་བཙན་པོའི་ཆབ་སྲིད་ཀྱི་དབང་དམངས་བཙུན་པ་ལ་གཏད་པས་ལན་ཟེར། སྤྱོད་པ་རྩིང་དུ་བཏང། དེ་ལ་བཀའ་ནན་ཆེར་བསྩལ་བས། དེ་ཕ་གི་ཀུན་གྱིས་ལན་ཟེར་ནས། མཛུབ་མོ་བཙུགས། རྒྱལ་པོས་ངའི་རབ་ཏུ་བྱུང་བ་ལ་མཛུབ་མོ་བཙུགས་ཤིང། མཚང་ཆེན་པོ་སྟོན་པའི་བརྡ་བྱས་པས། ཁྲིམས་ལ་བཀྱོན་ཅིག་གསུངས། མཚང་ཆེན་པོ་སྟོན་པའི་བརྡ་བྱས་པས། ཁྲིམས་ལ་བཀྱོན་ཅིག་གསུངས། མཛུབ་མོ་བཅད། ད་ཕྱིན་ཆད་ངའི་རབ་ཏུ་བྱུང་བ་ལ་མཛུབ་ཀེར་བྱེད་པ་བྱུང་ན། དེའི་མཛུབ་མོ་ཆོད་ཅིག་ཅེས་བཀའ་བསྩལ། ཡང་སྤོཡད་པ་དོག་པ་ཕ་གི་ཀུན་གྱིས་ལན་ཟེར་ནས་མཆུ་གཡོ་བྱས་པས། ངའི་རབ་ཏུ་བྱུང་བ་ལ་མཆུ་གཡོ་བྱེད་པའི་མཆུ་བྲེག་ཤིག་གསུངས་ཏེ། དེ་བཞིན་དུ་མིག་ལོག་བྱེད་པའི་མིག་ཕྱུང། བཙུན་པའི་ཡོ་བྱད་བརྐུས་པ་ལ་དཀོན་མཆོག་ཀྱི་བརྒྱད་ཅུ་འཇམ་ལ་སོགས་པའི་ཆོས་ཁྲིམས་མཛད་པས། ཞང་བློན་ནག་པོ་ལ་དགའ་བ་ཀུན་གྲོས་བྱས་ནས་ཆོས་ཁྲིམས་བཤིག་པར་ལྐོག་ཏུ་ཆད་བྱས་པས། དེ་ལ་བཙན་པོ་མ་བཀྲོངས་ན་ཆོས་ཁྲིམས་མི་འཇིག་ཟེར། ལྷ་སྲས་སྤུགས་པས་ཆོག་ཟེར་རོ། །ཡང་བན་ཆེན་པོ་ཆོས་ལ་དཀར་བས་དབང་ཆེས་ཆེ་ནས། ཆོས་ཁྲིམས་མི་ཤིགས་ཞེས་གླེང་བས། དེ་ལ་སྙན་ཕྲ་བཅུག་སྟེ། བན་ཆེན་པོ་དཔལ་གྱི་ཡོན་ཏན་དང། དཔལ་གྱི་ངག་ཚུལ་ཉམ་བཤམས་སོ་ཞེས་སྙན་དུ་གསོལ་ནས་ཆད་པ་བྱེད་དུ་ཞུས་པས། བན་ཆེན་པོས་


LR16_Page_383
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་ཕྲོག་བསྒྲུབས་པས་མ་འགྲུབ་པར་མཁས་པ་བཙན་པར་བྱས་ཏེ། སྦས་རྒྱལ་ཏོ་རེས་བན་དཔལ་གྱི་ཡོན་ཏན་བསད། དེས་དམོད་པས་བོད་ལ་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང། བཙུན་མོ་ལྕེབས། ལྷ་སྲས་གཙང་མ་རབ་ཏུ་བྱུང་ནས་རྫོགས་པ་ཆེན་པོ་དང་བཅས་པ་སྤ་གྲོ་མོན་དུ་སྤུགས། བོད་ཀྱི་བསོད་ནམས་ཉམས་པ་དང་འདྲེ་སྲིན་རྒོད་པས་བཙན་པོ་དགུང་ལོ་སོ་དྲུག་ལྕགས་ལོ་བྱ་ལ། སྦས་རྒྱལ་ཏོ་རེ་དང། ཅོག་རོ་ལེགས་བཀྲ་གདོང་བཙན་གཉིས་ཀྱིས་ཞལ་ལྟག་པར་བསྟན་ཏེ་ཏེ་བཀྲོངས་སོ། །ཁྲི་དར་མ་འུ་དུམ་བཙན་གྱི་སྐོར། དེ་ནས་བཙན་པོ་གླང་དར་མ་འུ་དུམ་བཙན་དགུང་ལོ་དགུ་བཞེས་པ་ལ་ཆབ་སྲིད་གཏད། ཐེའུ་རང་དབང་རྒྱལ་ཏོ་རེ་ནང་བློན་དུ་བསྐོས། བློན་སྣ་ནམ་རྒྱལ་ཚེ་ཁྲི་གསུམ་ལ་སོགས་ཀྱིས་ཆོས་ཁྲིམས་དང་འགལ་བ་མང་དུ་བྱས། ལོ་པཎ་གྱིས་ཆོས་བསྒྱུར་བའི་གྲྭ་ཞིག་སྟེ་བསྒྱུར་འཕྲོ་ལ་ལུས། འུ་ཤང་རྡོ་ལ་རབ་གནས་མ་གྲུབ་པར་ལུས་སོ། །དེ་ནས་བཙན་པོ་ནར་གསོན་པ་དང། ཐུགས་སུ་གདོན་གསོལ་ཏེ། ཆོས་ཁྲིམས་བཤིག་པར་དགོངས་པ་ལ་བསྙད་མ་རྙེད་པར་ཡོད་ཙ་ན། དུས་དེར་ལྷ་སར་སད་དང་སེར་བ། བཙའ་དང་མུ་གེ། མི་ནད་དང་ཕྱུགས་ནད་ལ་སོགས་པ་མང་པོ་བྱུང་བས། དེ་ལ་བཙན་པོས་བསྙད་བཙལ། འབངས་ཀུན་ལ་ལྟས་ངན་འདི་ལྟ་བུ་བྱུང། ཅིས་ཉེས་སམ་དྲིས་པས་མི་ཤེས་ཟེར། ངས་ཤེས་ངན་འདི་ལྟ་བུ་བྱུང། ཅིས་ཉེས་སམ་དྲིས་པས་མི་ཤེས་ཟེར། ངས་ཤེས་སྟེ་རྒྱལ་མོ་ཨོང་ཅོ་ཞེས་བྱ་བའི་གནོད་སྦྱིན་མོ་ཞིག་གིས། གནོད་སྦྱིན་གྱི་ལྷ་


LR16_Page_384
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་མུ་ནེ་ཟེར་བའི་བཀྲ་མི་ཤིས་པ་ཞིག་སྤྱན་དྲངས་ནས། དེ་དང་པོ་རི་རབ་ཀྱི་རྩེ་མོར་ཡོངས་ནས། ལྷ་གཡུལ་ཕམ་པར་བྱས་ནས་ལྷ་རྣམས་ཕུང་བར་བྱས། དེ་ནས་ཨུ་རྒྱན་དུ་ཡོངས་ནས་རྒྱན་འཕུང་བར་བྱས། དེ་ནས་མ་ག་དྷར་ཡོངས་ནས་རྒྱ་གར་འཕུང་བར་བྱས། དེ་ནས་རྒྱ་ནག་ཏུ་ཡོངས་ནས་རྒྱ་ནག་འཕུང་བར་བྱས། དེ་ནས་བོད་དུ་ཡོངས་ནས། མོ་ས་དཔྱད་ལ་མཁས་པས་ས་དཔྱད་བྱས་ཏེ། ལྕགས་དཀར་གྱི་རི་སེདྒེ་གནམ་ལ་འཕྱོང་བ་འདྲ་བ་ལ། དེའི་སྒལ་ཚིག་ཉིས་ཤུ་རྩ་གཅིག་ལ་མཆོད་རྟེན་ཉིས་ཤུ་རྩ་གཅིག་གི་མེ་བཙའ་བཞག་སྤྱི་བོར་མཆོད་རྟེན་ནག་པོ་ཁྲི་འཕངས་དགུ་པས་མནན། མཁལ་ཁུང་དུ་ལྷ་ཁང་བྱས་ནས་སྟོད་ལ་མནན། དེ་མ་མནན་ན་རྒྱ་གར་མངའ་རིས་སུ་འདུ་བ་ཡིན། ཡར་ལུང་མེ་སྣའི་གདོང་ལ་རི་འབྲས་ཀྱི་ལྗང་པ་འདྲ་བ་ཡོད་དེ། དེ་རྐེད་པར་བཅད། དེ་མ་བཅད་ན་བོད་དུ་མུ་གེ་མི་ཡོང་བ་ཡིན། མྱང་རོ་ན་རི་སྟག་དང་སེདྒེ་འཐབ་པ་འདྲ་བ་ཡོད། དེ་མ་བཅད་ན་བོད་དུ་དཔོན་རྒྱུད་མི་ཆད་པ་ཡིན། རི་སྟག་སེང་གཉིས་མཇུག་མ་བསྣོལ་བ་འདྲ་བ་ཡོད་དེ། དེ་བཅད་ནས་བར་དུ་རིན་པོ་ཆེའི་མཆོད་རྟེན་གྱིས་མནན། དེ་མ་མནན་ན་བཙན་པོ་འཕྲུལ་མངའ་བ་དང། བློན་པོ་རིག་པ་ཅན་རྒྱུན་མི་ཆད་པར་ཡོང་བ་ཡིན། དྲང་སྲོང་སྲིན་པོ་རི་དང། རྒྱ་ནག་ཏོང་ཀུན་གཉིས་ཀྱི་བར་ན། རི་པི་ཝང་གི་རྒྱུད་འདྲ་བ་ཡོད་དེ། དེ་ལས་ཡུལ་གཞན་གྱི་རྫས་དང་ཡོ་བྱད་མ་ཆད་པ་ཡོང་བ་ཡིན་ཏེ། དེ་ལ་མོས་གནོད་པ་བྱ་བརམ་ནུས་པས། ད་ལྟ་ཡང་རྒྱུན་མ་ཆད་པ་ཡིན། བོད་འབངས་ཐམས་ཅད་རབ་ཏུ་བྱུང་སྟེ། བུད་མེད་བཀག་ནས་ཆོས་བྱེད་ཟེར་ནས་མི་


LR16_Page_385
[མ་དཔེ་གཟིགས་ན་འདིར་གནོན།]

རབས་བཅད་དེ། བོད་ཀྱི་ཆབ་སྲིད་ཕ་མིང་ལ་གནོད་པ་ཡིན། བོད་ཀྱི་ས་གཉན་ཐམས་ཅད་ལ་བཅོས་ཀ་བྱས་པས། མོ་རང་ལ་མཛེ་བྱུང་ནས་རོ་ལྷ་སར་བཞག་སྟེ་བང་སོ་མེད་པ་ཡང་དེ་ཙུག་ཡིན། ཞེས་པ་ལ་སོགས་ལོག་པའི་ཕྱིར་ཁྲིད་མང་དུ་བྱས་ནས། ད་རྒྱ་གར་གྱི་སྐད་པ་ར་པི་རི་འདི་ལ་གོ་རྒྱུ་ཅི་ཡང་མེད། ཆོས་བཏུབ་པ་མི་ཡོང། འོ་ཅག་བཙུན་པ་ཐམས་ཅད་རྟགས་དང་ཕྲལ་ལ་ཁྱིམ་པར་དབབ། ཆོས་གྲྭ་ཆེན་མོ་སུམ་ཅུ་པོ་དུས་གཅིག་ལ་བཤིག་རབ་ཏུ་བྱུང་བ་ཚོ་ཕབ། བཙུན་པའི་རྟགས་འབོར་དུ་མ་འདོད་པ་རྣམས་ལ། མདའ་གཞུ་དང། རྔ་བཤང་བསྐུར་ནས་ཁྱི་ར་ལ་བཀོད། དེ་ལྟར་མ་ཉན་པ་ཀུན་བསད། པོ་ཏི་ཕལ་ཆེར་ལྷ་སའི་བྲག་ལྟེ་བ་ཅན་ལ་སྦས། མི་དད་པ་ཅན་ཀུན་ན་རེ། བཙན་པོའི་ཐུགས་སུ་གདོན་གསོལ་བར་ངེས། མེས་སྲོང་བཙན་སྒམ་པོ་དང། རྒྱ་མོ་ཨོང་ཅོ་དང། བལ་མོ་ཁྲི་བཙུན་གསུམ་སྤྲུལ་པར་འདུག་དེའི་རྗེས་ལ་རྒྱལ་པོ་རྫུ་འཕྲུལ་མངའ་བ་མང་དུ་བྱོན། སློབ་དཔོན་སྦས་གསལ་སྣང་དང། འགོས་ཁྲི་བཟང་ཡབ་ལྷག་དང། བྲན་ཀ་དཔལ་གྱི་ཡོན་ཏན་ལ་སོགས་པའི་རིག་པ་ཅན་ཡང་མང་དུ་བྱུང། བཙན་པོས་ཆོས་ཁྲིམས་བཤིག་འདོད་པའི་བསྙད་འདོགས་པ་ཡིན། ལྷ་ཤཱཀྱ་མུ་ནེ་ལས་བོད་ཁམས་བདེ་སྐྱིད་འབྱུང་བ་ཡིན་ཏེ། ཟེར་ཞིང་མྱ་ངན་བྱེད། དེ་ནས་བོད་འབངས་དད་པ་ཅན་ཀུན་གྱིས་ལྷ་སྤྱན་མི་འདྲོངས་པའི་ཐབས་བྱས་ནས། རིན་པོ་ཆེའི་སྐུ་བསྒུལ་བར་མི་ནུས་ཞེས་སྙན་དུ་གསོལ་བས། རྗེའི་ཞལ་ནས་གཟུ་བ་ཚུགས་ལ་བོར་ཅིག་ཅེས་རོ། །དེ་ནས་ལྷ་བཞུགས་པའི་ཁང་པ་


LR16_Page_386
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་མས་བཀང་ནས། གཟུ་བ་བཙུགས་ཤིང་ཐག་པ་མང་དུ་བཏགས་ཏེ་འཐེན་པས་མི་དང་ཐག་པ་ཀུན་ཆད་དོ། །དེ་ནས་རྗེ་ལ་ཞུས་པ་དང། འདི་མི་ཐེག་པས་སྔོན་ཡང་ཞང་མ་ཞང་གིས་ལྷ་བྱེ་ཐེམས་སུ་སྦས། ད་ཡང་བྱེ་ཐེམས་སུ་སྦ་བར་བཞུགས་སམ་ཞུས་པས། དེ་བཞིན་གྱིས་གསུངས་ནས་བྱེ་ཐེམས་སུ་བཅུག་གོ །བཙན་པོའི་ཞལ་ནས། ད་ར་སའི་ལྷ་ཡང་སྐྱོལ་ཞེས་བསྒོ་ནས། བློན་པོ་རྣམས་ཀྱིས་གྲོས་སྟེ་ཇོ་བོ་སྦས། གློ་འབུར་གྱི་བྱམས་པོ་ཇོ་བོ་ཡིན་ནོ་བྱས་ཏེ་ཆུར་སྐྱེལ་བར་བྱས་སོ། །ཞེས་ཆད་ནས། ར་སའི་སྟེང་ནས་ཆོ་ངེ་བཏབ་པས། ལྷོ་ནུབ་གྱི་དཀྱིལ་འཁོར་སྟེང་ན། བཙན་པོ་མི་དགེ་བའི་ཁྲིམས་བཅའ་བས་ཐོས་ནས་ཅིས་ཉེས་དྲིས་པས། ཤཱཀྱ་མུ་ནེའི་འོག་ན་རྒྱལ་པོ་ཀླུ་མཐོང་བའི་གདུག་ཅན་གནན་ནས་འདུག་བྱས་པས། སྐུ་ཕྱིར་ཐོན་ནམ་མ་ཐོན་ཟེར། ཐོན་ལ་ཁད་ཡོད་དེ་སྐུ་ཐོག་ཏུ་བྱེ་མ་བླུག་ལ་བཞག་གམ་བྱས་པས། ལེགས་སོ་དེ་ལྟར་གྱིས་གསུངས་ནས། ཤཱཀྱ་མུ་ནེའི་བཞུགས་ཁང་ལ་བྱེ་མ་རྫངས། སྒོ་ལ་འདམ་འབག་གིས་ཞལ་ཞལ་བྱས། རྒྱལ་པོ་དགྱེས་སུ་རེ་ནས། སྒོ་ལ་བཙུན་པ་ཆང་འཐུང་བའི་རོ་མོ་བྲིས་ནས་བཞག་གོ །བསམ་ཡས་དང་ར་མོ་ཆེའི་སྒོ་ལ་ཡང་འདག་ཞལ་བྱས་ནས་བཞག་གོ །བྱམས་པའི་སྐུ་སྐྲད་རས་ཀྱིས་གཡོགས། མིའི་དཔུང་པ་གཤིབས་པའི་བར་ནས་བཙན་པོས་གཟིགས་ཙ་ན་བྱམས་པ་གསེར་ལྷག་ལྷག་མཐོང་བ་བྱས་སྟེ། མི་མང་པོས་ཐག་པ་བཏགས་ནས་འདྲུད་པ་བཞིན་བྱས་ཏེ། ཉི་མ་ནུབ་ཙ་བ་སྐུ་མ་ནུབ། འོ་ཐང་གི་མཚོ་ལ་བོར་རམ་བྱས་པས་རུང་ཟེར། བྱམས་པ་ཡར་གདན་དྲངས་ནས་གློ་འབུར་དེ་ཉིད་དུ་སྔ་མ་བཞིན་བཞུགས། རྡོ་


LR16_Page_387
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་བོར་ནས་བསོ་བཏབ་པས། བཙན་པོ་ན་རེ་ཅི་ཡིན་ཟེར། ལྷ་ཆུར་བསྐྱུར་བ་ཡིན་བྱས་པས། དེ་ཤིན་ཏུའང་ལེགས་སོ་ཟེར། ནང་པར་བློན་པོ་འགའ་ཆབ་ལ་ལྟ་བཞིན་འདུག་པས། བཙན་པོས་གཟིགས་པས་ཁྱེད་དེ་ན་ཅི་བྱེད་ཟེར། སྐུ་ཚོལ་བ་ཡིན་པ་མི་འདུག་ཉས་ཟོས་སམ་བྱས་པས། འོ་དེ་ཙུག་ཡིན་ཤིན་ཏུ་ལེགས་ཟེར། དེ་ནས་རེ་ཞིག་ན་ཡེར་པ་ལྷ་རིའི་སྙིང་པོ་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་སྒོམ་གྱིན་ཡོད་པའི་དྲུང་དུ། ནམ་ཕྱེད་ན་དཔལ་ལྡན་ལྷ་མོ་བུད་མེད་ཀྱི་ཆས་སུ་བྱོན་ནས། དེང་སང་བོད་ན་གྲུབ་པ་ཐོབ་པ་ནི་ཁྱོད་ལས་མེད་ན། རྒྱལ་པོ་སྡིག་ཅན་བསད་རན་ཟེར་བ་ཞིག་བྱུང། དེ་ཉེ་གནས་ལ་བཤད་པས། ཉེ་གནས་ཀྱིས་རྒྱལ་པོས་ཆོས་བསྣུབས་པའི་ལོ་རྒྱུས་ཞིབ་ཏུ་སློབ་དཔོན་ལ་བསྙད་པས། དཔལ་གྱི་རྡོ་རྗེས་སྡིག་སྤྱོད་ཀྱི་རྒྱལ་པོ་དེ་བསྟན་པའི་གདུད་དུ་གཟིགས་ནས། སྙིང་རྗེ་ཁྱད་པར་ཅན་སྐྱེས་ཏེ། རྟ་དཀར་པོ་ལ་སོལ་བ་བྱུགས། བེར་ནང་དཀར་ལ་ཕྱི་ནག་པ་གྱོན། ལྕགས་མདའ་ལྕགས་གཞུ་བསྣམས་ནས་ལྷ་སར་བྱོན་བའི་དུས་སུ། རྒྱལ་པོ་ན་རེ། མདང་རྨི་ལམ་ངན་པ་ཞིག་ཀྱང་རྨིས། ཁམས་ཀྱང་ངན། སྙིང་ཡང་མི་དགའ་ཟེར་ཞིང་རྡོ་རིངས་ཀྱི་ཡི་གེ་ཀློག་ཅིང་འདུག་གོ །དཔལ་གྱི་རྡོ་རྗེ་མི་ཞིག་དང་འཕྲད་པས། ཇོ་བོ་མི་ནག་རྟ་ནག་ཁྱོད་གར་འགྲོ་ཟེར། ང་བཙན་པོ་ལ་ཕྱག་བྱེད་པ་ཡིན། རྒྱལ་པོ་ག་ན་བཞུགས་བྱས་པས། རྡོ་རིངས་ཀྱི་ཡི་གེ་ཀློག་གིན་འདུག་ཟེར། རྒྱལ་པོས་དཔལ་གྱི་རྡོ་རྗེ་བྱུང་བ་མཐོང་སྟེ། མགོན་པོ་ནག་པོ་བྱོན་ཟེར་ནས། གཙུག་ལག་ཁང་དང་དགའ་ལྡན་གྱི་བར་ཁང་གི་མཆོད་རྟེན་ལ་སྐུ་བརྟེན་ཏེ་བཞུགས་པའི་


LR16_Page_388
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ། དཔལ་གྱི་རྡོ་རྗེས་རྟ་ལས་བབས་ནས། པུས་མོ་ལ་བརྟེན་ཏེ་གཞུ་བརྡུངས་པས། རྒྱལ་པོས་ཕྱག་བྱེད་པར་གོ་ནས་ཞེ་ས་འབུལ་ཟེར། ཕྱག་དང་པོ་བྱེད་ཙ་ན་གཞུ་བརྡུངས། གཉིས་པ་ལ་མདའ་སྟོང་སྦྱར། གསུམ་པ་ལ་མཐེབ་བཀྲོལ་ནས་མདའ་བཏང་བས་བྲང་ལ་ཕོག་སྟེ་རྒྱལ་པོ་སྡིག་ཅན་བསད་ནས། ང་བདུད་ཡ་ཞེར་ནག་པོ་བྱ་བ་ཡིན། རྒྱལ་པོ་སྡིག་ཅན་འདི་ལྟར་གསོད་པ་ཡིན་ཟེར་ནས་བྲོས་སོ། །རྒྱལ་པོས་མདའ་ལ་ཕྱག་འཇུས་ནས། ཡང་ན་ལོ་གསུམ་གྱིས་གསོད་པ་སྔས། ཡང་ན་ལོ་གསུམ་གྱིས་གསོད་པ་ཕྱིས་པ་ཡིན་ཟེར་ཏེ་གྲོངས་སོ། །རྒྱལ་པོ་དེས་ལོ་བཅོ་བརྒྱད་ནས་ཉིས་ཤུ་རྩ་གཅིག་བར་ལོ་གསུམ་རྒྱལ་སྲིད་བཟུང་ཀྱང་ཟེར། ལོ་རྒྱུས་གཅིག་ལ་ལོ་བཅུ་གཅིག་ལ་ཐུབ་པ་ལ། ཆབ་སྲིད་ལོ་གཅིག་དང་ཟླ་བ་ཕྱེད་དང་ལྔ་མཛད་ནས་གྲོངས་ཀྱང་ཟེར། དེ་ནས་ལྷ་སར་རྒྱལ་པོ་བཀྲོངས། རམ་ཟླ་རྒྱུགས་ཞེས་སྦྲན་པས། ལ་ལ་ནི་ལྷ་རི་སྒང་བརྒྱུད་ནས་ཡར་བྱུང། ལ་ལ་ཕོ་བྲང་དམར་པོ་རི་ན་ཡར་བྱུང། མི་ནག་མཚོ་ལ་རྟ་བཤད། བེར་ཕྱི་ནང་ལྡོག་སྟེ་གྱོན་ནས། ལྕགས་གཞུ་གནམ་དུ་སྒྲེང་ཞིང། ང་ལྷ་གནམ་ཐེང་དཀར་པོ་ཡིན་ཟེར་བྲོས། ཁ་ཅིག་ན་རེ། ངན་པ་དེ་དེའུ་ཟིནཔ་ལ། དྲང་སྲོང་སྲིན་པོ་སྣར་ས་སྲོས་ནས་མ་མཐོང་བར་ཤོར་ཟེར། ཁ་ཅིག་ན་རེ་གྲིབ་སེ་སྒྲོམ་གྱི་ཕུ་རུ་ཤོར་ཟེར། ཁ་ཅིག་ནི་ཐང་མོ་རྡོ་རིང་དུ་ནམ་སྲོས་ནས་མ་ཟིན་ཟེར། གསུམ་དུ་ཡོང་བ་འདི་དཔལ་གྱི་རྡོ་རྗེའི་སྤྲུལ་པ་ཡིན་ངེས། འདི་གསོད་ཟེར་ནས་རྟ་པ་དགུས་གསོད་དུ་ཕྱིན་པས། དཔལ་གྱི་རྡོ་རྗེ་སྒོམ་ཞིང་ཡོད་པའི་སྒོམ་ཁང་མདུན་དུ་ཐལ་རྒྱ་བཏབ། དར་དཀར་པོའི་


LR16_Page_389
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་བའི་ནང་དུ་སྤྱང་ཐུལ་དང་བྱ་རྒོད་ཀྱི་ཐུལ་པ་བཞག་དཀར་ཁུང་ཆུང་ངེ་མ་ཞིག་གིས་ཁ་ཁྱེར་ལ་བྱ་སྤུ་ཐུལ་ལ་བྱས་ནས་མི་འདུག་མངོན་པ་ཀུན་ལས་བཏུས་དང། འདུལ་བ་འོད་ལྡན་དང། ལས་ཀརྨ་ཤ་ཏཾ་གསུམ། ཁུར་ནས་ཁམས་སུ་བྲོས་སོ། །དབུས་གཙང་གི་མི་བཅུས་འདུལ་བའི་བསྟན་པ་བཙུགས་པའི་སྐོར། པཎྜི་ཏ་ལ་ལ་སྤྱུགས། ལ་ལ་ཡུལ་དུ་བསྐྲད། ལོ་ཙཱ་བ་ཕལ་ཆེར་བྲོས། དེ་ལྟར་དར་མས་བསྟན་པ་བསྣུབས་པའི་དུས་སུ། འཇད་པ་གཙང་རབ་གསལ། བོ་དོང་བ་གཡོ་དགེ་འབྱུང། སྟོད་ལུང་པ་དམར་ཤཱཀྱ་མུ་ནེ་དང་གསུམ་དཔལ་ཆུ་བོ་རི་ལ་སྒོམ་ཞིང་ཡོད་པའི་དུས་སུ། བཙུན་པ་མང་པོས་ཁྱི་ཁྲིད། རྔ་བཤང་བརྡུང་ཞིང་མགོ་ལ་བྱ་སྒྲོ་བཙུགས། ཤམ་ཐབས་སྔ་ལོག་ཕྱི་ལོག་བྱས་ནས་རི་དྭགས་ལ་མདའ་འཕེན་པ་ཐབ་ཁ་བས་མཐོང་བས་མ་དགའ་ནས། བན་རྒན་འཁྲུལ་ལམ་བཙུན་པ་སྨྱོ་ཟེར་ཞིང་གཟིགས་པས་མཐོང་ཞིང་བྲིས་སོ། །སློབ་དཔོན་མ་འཁྲུལ་བཙུན་པ་མ་སྨྱོ། རྒྱལ་པོས་ཆོས་བསྣུབས་པའི་ལོ་རྒྱུས་ཞིབ་ཡུ་བསྙད་པས། འོ་ན་བན་དྷེ་ཞིག་འདིར་བོས་དང་གསུངས་ནས། དེ་ལ་གཏམ་དྲིས་པས། ཁྱེད་ལ་བཀའ་ཆད་ཀྱིས་མ་འཕོག་པ་མཁར་རྗེ་ཆེ་ཟེར་ནས། བཙུན་པ་གསུམ་པོས་གོས་རེ་བས་དྲིལ་ནས་སྤྲང་ཆབ་སུ་ཞུགས་ཏེ་ཁམས་སུ་བྲོས་ནས་དན་ཏིག་ཤེལ་གྱི་དཀོན་པར་སླེབས་པ་དང། སྔར་གྱི་གོས་གྱོན་པས། དེ་ན་ཡོད་པའི་མུ་ཀུན་ན་རེ། རྒྱལ་པོའི་ཁྲིམས་ཀྱིས་མ་ཕོག་པར་ཐར་བ་ཚོ་


LR16_Page_390
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བས། བྲེད་ནས་ནགས་སུ་སྒོམ་ཞིང་ཡོད་ཙ་ན། རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ། དགོང་ཀ་མི་འདུས་པ་རྣམས་ལ་སྨྲས་པས། ལས་དང་སྐལ་བར་ལྡན་པའི་མོས་པ་སྤྱོད་པའི་ས་ལ། མུ་གཟུགས་གསལ་འབར་བྱ་བས་བལྟར་ཕྱིན་པས། དད་ནས་རབ་ཏུ་བྱུང་བར་ཞུས་པས། འདུལ་བའི་པོ་ཏི་གཏད་ནས། དད་ན་རབ་ཏུ་ཕྱུང་གསུངས། འདུལ་བའི་པོ་ཏི་གཏད་ནས། དད་ན་རབ་ཏུ་ཕྱུང་གསུངས། བལྟས་པས་དད་ནས་མཆི་མ་བྱུང་ངོ་། །དེར་གཙང་གིས་མཁན་པོ་བྱས། གཡོས་སློབ་དཔོན་བྱས་ཏེ་དགེ་ཚུལ་དུ་བྱུང་ངོ་། །མཚན་ཡང་མཁན་སློབ་དང་སྦྱར་ཏེ་དགེ་བ་རབ་གསལ་དུ་གྲགས་སོ། །དེ་ནས་བསྙེན་རྫོགས་ཞུ་བ་ལ་དཔལ་གྱི་རྡོ་རྗེར་ཞུས་པས་ངས་རྒྱལ་པོ་བསད་པས་ཁ་སྐོང་མི་བཏུབ་ཀྱིས་གཞན་བཙལ་ལོ། །གསུངས་ནས་རྒྱ་ནག་ཧ་ཤང་ཀེ་དབང་དང་བྲི་བན་བ་གཉིས་བཙལ་ཏེ་བཏང་ངོ༌། །དེ་ནས་དགེ་ཚུལ་ལོ་གཅིག་ལོན་ཏེ། སྔར་གྱི་མཁན་སློབ་ཀྱིས་མཁན་སློབ་བྱས། དམར་གྱིས་གསང་སྟོན་བྱས། རྒྱའི་དགེ་སློང་གཉིས་ཉིས་ཀྱིས་ཁ་སྐོང་བྱས་ཏེ་ལྔའི་ཚོཊ་ཀྱིས་བསྙེན་པར་རྫོགས་སོ། །དེ་ནས་ལོ་ལྔ་ལོན་པ་དང། དབུས་ནས་ཀླག་པ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། འབྲི་ཡེ་ཤེས་ཡོན་ཏན། རག་ཤི་ཚུལ་ཁྲིམས་འབྱུང་གནས། སྦ་ཚུལ་ཁྲིམས་བློ་གྲོས། སུམ་པ་ཡེ་ཤེས་བློ་དང་ལྔ། གཙང་ནས་མགུར་མོ་རབ་ཁ་བ། ལོ་སྟོན་རྡོ་རྗེ་དབང་ཕྱུག་ཤབ་སྒོ་ལྔའི་ཆོང་བཙུན་ཤེས་རབ་སེདྒེ། མངའ་རིས་པ་འོས་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་དེ་དཀར་བ་དང་ལྔ་སྟེ། མི་བཅུ་འོངས་ནས་གཙང་ལ་བཀའ་འདྲི་ཞུས་པས། ང་རྒས་ནས་མཁན་པོ་མི་སྐྱོང་པས། བླ་ཆེན་ལ་ཞུས་གསུངས་ནས་ཞུས་པས། ངས་བསྙེན་རྫོགས་བྱས་ནས་ལོ་ལྔ་ལས་མ་ལོན་པས་མཁན་


LR16_Page_391
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མི་བཏུབ་གསུངས་པ་ལ། གཙང་ན་དེ་དམིགས་བཏུབ་པས་ཀྱིས་གསུངས་ནས། བླ་ཆེན་པོས་མཁན་པོ་བྱས་ཏེ། གཙང་དང་གཡོས་སློབ་དཔོན་དང་གསང་སྟོན་བྱས། དམར་དང་ཧ་ཤང་གིས་ཁ་སྐོང་བྱས་ནས། ཐམས་ཅད་གཅིག་རྫོཊ་བྱས་སོ། །དེ་ནས་བླ་ཆེན་གྱི་ཞལ་ནས། ལོ་སྟོན་མཐུ་ཆེ་བས་བསྟན་པ་སྲུངས་ཤིག་ཀླུ་མེས་སྐུ་བཙུན་པས་མཁན་པོ་གྱིས་ཤིག་ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས་ཤིག་འབྲིང་བསྐོས་མཁས་པས་གནས་གཞི་ཟུངས་ཤིག་གསུངས། དེ་ནས་བྱིངས་པོས་ཡར་ཡོང། ཀླུ་མེས་ཀྱིས་གྲུབ་ཡེ་ཤེས་རྒྱལ་མཚན་ལས་འདུལ་བ་ཉན་ཞིང་བསྡད་དོ། །དེ་ལྟར་དབུས་གཙང་དུ་འདུལ་བའི་བསྟན་པ་མེད་པ་ལོ་བདུན་ཅུ་བྱུང་ནས། དབུས་གཙང་གི་བཙུ་པོ་འདིས་འདུལ་བའི་བསྟནཔ་བཙུགས་པ་ཡིན་ཏེ། མི་བཅུ་དབུས་སུ་བྱོན་ཙ་ན། རྒན་མོ་ཞིག་ན་རེ། ང་ལོ་དྲུག་ལོན་ཙ་ན་བཙུན་པ་མཐོང་ཟེར། ད་ཇི་ཙ་ལོན་དྲིས་པས། ལོ་བདུན་ཅུ་དོན་དྲུག་ལོན་ཟེར་བས་སོ། །ཞེས་ཟེར་ལ། ཁ་ཅིག་ལོ་བརྒྱ་རྩ་བརྒྱད་སོང་ཟེར། འདི་མན་གྱི་སྡོམ་བརྒྱུད་རྣམས་ཤེས་པར་འདོད་ན་གཞན་དུ་བལྟ་བར་བྱའོ། །མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་མདོ་སྔགས་ཀྱི་ཆོས་དར་བའི་སྐོར། དེ་ལྟར་གོང་དུ་སྨོས་པའི་ཆོས་རྒྱལ་མེས་དབོན་རྣམས་དང། ལོ་པཎ་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། སྤྱིར་མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར། མདོ་སྔགས་ཀྱི་ཆོས་དཔག་ཏུ་མེད་


LR16_Page_392
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དར་བར་མཛད་ཅིང། ཁྱད་པར་དུ་བཀའ་གསང་སྔགས་ཟབ་མོ་འདི་ལ། སྔ་འགྱུར་དུ་གྲགས་པ་རྙིང་མའི་བབས་ཚུལ་དང། ཕྱི་འགྱུར་གསར་མའི་བྱུང་ཚུལ་ལོ། །སྔ་འགྱུར་དུ་གྲགས་པ་རྙིང་མའི་བབས་ཚུལ། དེའང་སྔགས་སྔ་འགྱུར་གྱི་བསྟནཔ་འདི། བརྒྱུད་ཚུལ་གྱི་བབས་ལུགས་ཆེན་མོ་གསུམ་ལ་བརྟེན་ནས། ད་ལྟ་ཡན་ཆད་དུ་ཇི་ལྟར་དར་ཞིང་རྒྱས་པའི་ཚུལ་ནི། སྤྱིར་གསང་སྔགས་ཀྱི་བསྟནཔ་འདི་ནི་དང་པོ་གཉགས་ལ་བབས། བར་དུ་སྣུབས་ལ་བབས། ཐ་མ་ཟུར་ལ་བབས་སོ། །དང་པོ་ནི་ཡུལ་ཡར་ཀླུངས་ཀྱི་གཉགས་སྟག་སྒྲ་ལྷ་སྣང་དང། ཡུམ་སྲུ་བཟའ་སྒྲོན་མ་སྐྱིད་ཅེས་བྱ་བའི་སྲས། མི་ཆོས་ཀྱི་མིང་རྒྱལ་བའི་བློ་གྲོས་ཞེས་བྱ། ཆོས་མིང་གཉགས་ཛྙཱན་ཀུ་མ་ར་ཞེས་བྱ་བས་དྲུག་པའི་བྱང་ཆུབ་སེམས་དཔར་གྱུར་པ། ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང། རྒྱ་གར་གྱི་མཁན་པོ་བཱི་མ་ལ་མི་ཏྲ་དང། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང། རྫུ་འཕྲུལ་ལ་དབང་ཐོབ་པ་སྣུབས་ནམ་མཁའི་སྙིང་པོ་དང། རྒྱལ་མོ་ཚ་བ་རོང་གི་མཁས་པ་གཡུ་སྒྲ་སྙིང་པོ་ལ་སོགས་པའི་ཞབས་ལ་གཏུགས་ཤིང། མཁས་གྲུབ་དེ་རྣམས་ཀྱི་ཞལ་གྱི་བདུད་རྩི་ཐོབ་པ། མདོ་སྔགས་ཀུན་མ་མཁྱེན་པ་རབ་ཏུ་རྒྱས་པར་མཛད་པའི་གཉགས་ཛྙཱན་ཀུ་མཱ་ར་ལ། བཀའ་བསྐྱེད་རྫོགས་གསུམ་གྱི་བཀའ་ཆུ་བོ་ཆེནཔོ་བཞི་འདུས་པ་ཡིན་ཏེ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་


LR16_Page_393
[མ་དཔེ་གཟིགས་ན་འདིར་གནོན།]

པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་འཕྲིན་སྒྲུབ་གྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་བཞི་ཡིན་ནོ། །དེ་རྣམས་ཆུ་བོ་དང་འདྲ་སྟེ། གོང་ནས་བརྒྱུད་པ་བར་མ་ཆད་པ་རེ་རེ་གཉིས་གཉིས་སུ་ཡ་མ་བྲལ་ཞིང། བཞི་ཀ་འདུས་པ་ལ་བཀའི་ཆུ་བོ་བཞི་འདུས་ཞེས་བྱའོ། །དེ་ལྟར་འཛོམས་པ་དེ་སློབ་དཔོན་གཉགས་ཡིན་ལ། དེ་ལ་སློབ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཡང། ཁྱད་པར་དུ་ཐུགས་ཟིན་པ་ལ་དཔལ་གྱི་བུ་བཞི་ཞེས་གྲགས་ཏེ། སོག་པོ་དཔལ་གྱི་ཡེ་ཤེས། གྲྭ་དཔལ་གྱིས་སྙིང་པོ། ཐག་བཟང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ་དང་བཞིའོ། །ཁ་ཅིག་དཔལ་གྱི་བུ་བརྒྱད་དུ་འདོད་དེ། གཉན་ཨཙརྱ་དཔལ་དབྱངས། མཚུར་ནག་པོ་ཡེ་ཤེས་དཔལ་ལ་སོགས་པའོ། །ཁ་ཅིག་ནི་བློ་རྣོ་བ་གསུམ། ལུང་མན་ངག་གི་བདག་པོ་ལྔ་ཟེར་ཏེ། དང་པོ་ནི། རྗེ་དབུས་པ་བ་སྟེ་རབ་གསལ་རིན་པོ་ཆེ། ཐང་བཟང་དཔལ་གྱི་རྡོ་རྗེ། །མཚུར་ནག་ཡེ་ཤེས་དཔལ་ལོ། །གཉིས་པ་ནི། དབུས་ཀྱི་དགེ་བཤེས་འཕགས་པ་ཤེས་རབ། ལྷོའི་སྦས་ཀུན་སུ་ལ་མཆོག་གི་ཤེས་རབ། ཁམས་ཀྱི་གྲྭ་དཔལ་གྱི་སྙིང་པོ། ཡར་འབྲོག་སོག་པོ་དཔལ་གྱི་ཡེ་ཤེས། སྙེ་མོའི་འོ་བྲན་དཔལ་གྱི་གཞོན་ནུའོ། །དེ་ཡན་ཆད་ནི་གྲུབ་པ་ཐོབ་སྟེ། ཟག་བཅས་ཀྱི་ལུས་འདི་ཉིད་མ་སྤངས་པར་རྡོ་རྗེའི་ལསུ་སུ་གྱུར་ནས་རིག་འཛིན་གྱི་ས་ལ་གཤེགས་པ་འབར་ཞིག་བྱུང་ངོ་། །གཞན་ཡང་གཉགས་ཛྙཱན་ཀུ་མཱ་རས། ཨ་རོ་ཡེ་ཤེས་འབྱུང་གནས་ལ། རིན་ཆེན་འཕགས་ལམ་བཀོད་པའི་རྒྱུད་དང། ཡེ་ཤེས་འཁོར་ལོ་གསལ་བ་སྙིང་རྒྱུད་དང། རྫོགས་པ་ཆེན་པོ་ཉི་མའི་སྙིང་པོའི་རྒྱུད། ཡེ་


LR16_Page_394
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གསང་བ་སྒྲོན་མའི་རྒྱུད་ལ་སོགས་པ་བཤད་པས། དེའི་ལུགས་ལ་ཁམས་ལུགས་ཞེས་གྲགས་སོ། །ཁམས་ལུགས་ཨ་རོའི་སྐོར་ལ། ཆོས་སྡེ་དྲུག་སྟེ། དེ་ལ་ཨ་རོ་ཕྱི་སྐོར་ནང་སྐོར་གསང་སྐོར། གཟེར་ཀའི་སྐོར། སྡེ་སྐོར། སྤྲུལ་པའི་སྐོར་དང་དྲུག་གོ །དེ་ལ་ཕྱི་སྐོར་ནི། ཐེག་ཆེན་རྣལ་འབྱོར་ལ་སོགས་པའོ། །ནང་སྐོར་ནི། མདོ་ལུག་མདོ་རྩ་མདོ་འགྲེལ་པ་ལ་སོགས་པ་བཻ་རོ་ཙ་ནའི་ཆོས་རྣམས་སོ། །གསང་སྐོར་ནི། རིན་པོ་ཆེ་གདབ་སྤུང་གི་སྐོར་དང། ཐུན་བདུན་མ་ལ་སོགས་པའོ། །གཟེར་ཁ་ལ་ཆེ་འབྲིང་ཆུང་གསུམ་མོ། །སྡེ་སྐོར་ལ་སྡེ་སྐོར་བཞི་བཅུ་ཞེ་གཉིས་ལ་སོགས་པའོ། །སྤྲུལ་སྐོར་ནི། ཨ་རོ་སྤྲུལ་པའི་སྐུ་རུ་བྱོན་པའི་ཚུལ་དང་བཅས་པའི་གདམས་ངག་རྣམས་སོ། །དེ་རྣམས་ནི་ཨ་རོའི་སྐོར་གྱི་དབྱེ་བའོ། །གཞན་ཡང་གཉགས་ཛྙཱན་ཀུ་མཱ་རས་ཉང་མཆོག་རབ་གཞོན་ནུ་ལ་བཤད་པས། དེའི་ལུགས་ལ་མྱང་ལུགས་ཞེས་གྲགས་སོ། །ཡང་གཉགས་ཛྙཱནས་སོག་པོ་དཔལ་གྱི་ཡེ་ཤེས་བཤད། དེས་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བཤད། དེའི་ལུགས་ལ་རོང་ལུགས་ཞེས་གྲགས་སོ། །རོང་ལུགས་ལ་བཤད་སྲོལ་བཞི་སྟེ། ལྟ་བ་སྒང་དྲིལ་དུ་བཤད་པ་དང། གབ་པ་མངོན་ཕྱུང་དུ་བཤད་པ་དང། སྟར་ཁ་གེགས་སེལ་ལྟར་བཤད་པ་དང། ཟབ་མོ་ཁོང་ལྟོ་རུ་བཤད་པའོ། །ཡང་སོག་པ་དཔལ་གྱི་ཡེ་ཤེས་ནས། སྐོར་སྟོན་ཤེས་རབ་ཡེས་ཤེས་བརྒྱུད་དེ། དེའི་ལུགས་ལ་སྐོར་ཞུགས་ཞེས་གྲགས་སོ། །འདིར་མདོ་སྒྱུ་འཕྲུལ་རྫོགས་ཆེན་གསུམ་གྱི་བབས་དང་བརྒྱུད་ཚུལ་སྤྱི་མདོ་ཙམ་དུ་བཤད་པ་ཡིན་གྱི་ཞིབ་པར་རང་རང་གི་བརྒྱུད་ཚུལ་རྣམས་སུ་ཤེས་པར་བྱའོ། །


LR16_Page_395
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྣུབས་སངས་རྒྱས་ཡེ་ཤེས་ལ་བབས་པ་ནི། སྣུབས་སངས་རྒྱས་ཡེ་སེས་རིན་པོ་ཆེ་ལ་བཀའི་ཆུ་བོ་བཞི་འདུས་པ་ཡིན་ཏེ། སྣུབས་སངས་རྒྱས་ཡེ་ཤེས་དེ་ནི། ཐོག་མ་ནས་སྦྱངས་པའི་འཕྲོ་དང་ལྡན་པ། སྐུ་གཞོན་ནུ་ནས་འོ་བྲན་དཔལ་གྱི་གཞོན་ནུ་དང། བལ་པོ་བ་སུ་དྷ་ར་དང། རོམ་བུ་གུ་ཧྱ་ཙནྡྲ་དང། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་ཏེ། རྒྱ་བོད་ཀྱི་མཁས་པ་མང་པོའི་ཞབས་དྲུང་གཏུགས་པས། སྐུ་གསུངས་ཐུགས་ཡོན་ཏན་རིན་པོ་ཆེའི་ནོར་གྱིས་གང་ཞིང། མཁྱེན་པ་འདི་ཙམ་ཞིག་ཡིན་ཞེས་གང་ཟག་གི་བློས་དཔལ་པར་མི་ནུས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐབས་དུ་མའི་སྒོ་ནས་བརྙེས་པ། ལྷ་མ་སྲིན་སྡེ་བརྒྱད་ཀྱི་མན་ངག་གི་བདག་པོ་ལ་སོགས་པར་དབང་བསྐུར་ནས་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ནོ། ། །དེ་ཡང་སློབ་དཔོན་གྱི་ཡབ་སྣུབས་ལྷ་ལེགས། ཡུལ་གཉགས་མོ་ཟླ་བ། ཡུལ་ངམ་ཤོད་སྒྲགས་པ་ཡིན་ཏེ། དགུང་ལོ་བདུན་ལོན་ནས་ཡིག་ཀློག་སོགས་རིག་པའི་གནས་ལྔ་ལ་སྦྱངས་ཤིང། བཅུ་གཅིག་ལོན་ནས་མཁས་པ་མང་པོའི་སྤྱན་སྔར་བྱོན་ཏེ། བོད་ཀྱི་མཁས་པ་ཁམས་སོག་པོ་དཔལ་གྱི་ཡེ་ཤེས་དང། འོ་བྲན་དཔལ་གྱི་གཞོན་ནུ། གྲྭ་དཔལ་གྱི་སྙིང་པོ། གཉན་ཨཱཙརྱ་དཔལ་དབྱངས་ལ་སོགས་སློབ་དཔོན་གཉགས་ཀྱི་སློབ་མ་ཐམས་ཅད་ལ་ཐུག་ཅིང་ཁྱད་པར་གཉགས་ཛྙཱན་ཉིད་ཀྱི་ཐུགས་སྲས་ཀྱི་དམ་པར་གྱུར་པ། ལུང་མན་ངག་ཀུན་གྱི་བདག་པོར་གྲགས་པ། བླ་མའི་སྐུ་དགྲ་སྒྲོལ་བའི་ཚེ་བཅོམ་ལྡན་དཔལ་ཆེན་པོ་ཉིད་ཀྱིས་དབང་བསྐུར། རྫོང་འཕྲེང་ནས་མཚན་ལྟས་དགུ་དང་ལྡན་པར་ལུང་བསྟན་པའི་སྐྱེས་བུ། ཡར་འབྲོག་གི་


LR16_Page_396
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་རྒྱལ་པོ་འབར་ཞེས་བྱ་བའི་སྲས་ལྔ་ཚིགས། ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སོག་པོ་དཔལ་གྱི་ཡེ་སེས་ལ་མང་དུ་ཞུས་པ་ཡིན་ཏེ། སློབ་དཔོན་གཉགས་ཉིད་ལ་སློབ་པའི་ལོ་རྒྱུས་ཀྱང་འདུག་གོ །དེ་ལྟར་བོད་ཀྱི་མཁས་པ་གྲུབ་མང་པོ་ལ་ཐུག་ཅིང། དེ་ནས་ལྷོ་བལ་དུ་གཤེགས་ཏེ། རྒྱ་གར་གྱི་མཁས་པ་བཅུ་གཅིག་གི་ཞབས་ལ་གཏུགས། གཞན་ཡང་བྲུ་ཞ་བའི་ལོ་ཙཱ་བ་ཆེ་བཙན་སྐྱེས་དང། རྒྱ་གར་གྱི་མཁས་པ་དྷརྨ་བོདྷི་དང། གཙུག་ལག་དཔལ་དགེ་དང། བལ་པོའི་ཇོ་བོ་བ་སུ་དྷ་ར་ལ་སོགས་པ་པཎྜི་ཏ་དང། གྲུབ་ཐོབ་མང་པོ་ལ་ཐུགས་ནས། རྒྱུད་མན་ངག་སྒྲུབ་ཐབས་ཆོག་ཡིག་བསྟན་སྲུང་དང་བཅས་པ་མང་པོ་བསྒྱུར་བ་ནི། རྒྱས་པར་སྣུབས་ཀྱི་བཀའ་ཤོག་རྒྱབ་ཆེན་ན་གསལ་ལ། རགས་རིམ་ཉེར་བསྡུས་ཙམ་ཞིག་བརྗོད་པ་ནི། བཀའ་ཤོག་རྒྱབ་ཆེན་ལས། བྱ་རྒོད་ཕུག་པོའི་རི་ཡི་ཤར་གྱི་ལོགས། །དྲི་ཞིམ་ཙན་དན་ཚལ་གྱི་ནགས་ཀྱི་གསེབ། །ལྟག་སེང་རྒྱབ་བསྣོལ་ཞེས་པའི་བྲག་ཕུག་ཏུ། །ཆོས་ཉིད་དོན་ལ་སྒོམ་ཞིང་མཆིས་པ་ལ། །བདག་གི་མ་རུངས་བྱས་པ་གཅིག །འདི་སྐད་ཟེར་ནས་སྔོན་དུ་བྱུང། །བོད་ཀྱི་བན་ཆུང་ཚུར་གསན་དང། །ང་ནི་ཀམ་ཀའི་ཚལ་ནས་ཡོངས། །སྔགས་སྲུང་ནག་མོའི་སྤྲུལ་པ་སྟེ། །དུར་ཁྲོད་གནས་ན་རོ་ཟ་བས། །སྒྲུབ་པ་པོས་ནི་རོ་ཚོལ་ལ། གཏོར་མ་ཆེན་པོ་རྟག་ཏུ་མཐོང། །ད་དུང་ཆོས་ཉིད་དོན་ལ་ཚོལ། །འགྲོ་གྱི། །ཞེས་མི་སྣང་བར་གྱུར་ཏོ། །སྔགས་སྲུང་དེ་སྐ་གསུངས་ནས་རང་ཡུལ་རྗེས་སུ་དྲན། །སླར་ལོག་ཟླ་བ་བཅུ་སྣུབས་ཡུལ་


LR16_Page_397
[མ་དཔེ་གཟིགས་ན་འདིར་གནོན།]

རོང་དུ་ཕྱིན། །ལོ་ན་བཅུ་བདུན་ལོན་ནས་དམ་ཚིག་རྗེས་སུ་དྲན། །དེ་ནས་དཔལ་གྱི་གཞོན་ནུ་འོ་བྲན་དྲུང་དུ་རྟོལ། །དེ་ནས་བདག་གིས་དཔལ་གྱི་གཞོན་ནུ་ལ། །དམ་ཚིག་གཞུང་སྲང་འཕྲིན་ལས་ཕུར་བུ་གཉིས། གཏན་ཚིགས་བརྒྱ་དང་བཅས་པ་གཏད་ནས་བཞག་རྗེ་ཡིས་གཏད་ཅིང་གནང་བའི་གཡར་དམ་ཟླ་གསང་ནག་པོ་ནི། །དམ་ཚིག་གཙོ་བོར་གཟུང་ནས་ས་ཡི་གཏེར་དུ་སྦས་པར་དགོངས། །དེ་ནས་སྔགས་སྲུང་བཀའ་ལ་མཉ་ནས་སུ། །བོད་ཀྱི་རྒྱལ་ཁམས་དཀར་པོར་བསྒྱུར་བའི་ཕྱིར། གསང་སྔགས་བཀའ་རྣམས་བདག་ལ་འདི་ལྟར་བཤད། །མ་ཧཱ་ཡོ་གའི་རྒྱུད་སྡེ་འབུམ་སྡེ་ལས། །ཁྱད་པར་ཟབ་པར་བསྟན་པ་གསང་བའི་སྙིང་པོ་དང། །ཐབས་ཀྱི་ཞགས་པ་སངས་རྒྱས་མཉམ་སྦྱོར་དང། །ཧེ་རུ་ཀ་ཡི་གལ་པོ་འཇིག་རྟེན་འདས་པའི་མདོ། །ཧེ་རུ་ཀ་འདུས་ཏནྟྲ་དྲུག་སྡེ་རྒྱུད་ཀྱི་གཏེར། །འདི་ཡི་སྒྲུབ་ཐབས་རྣམ་བཞི་བསྟན་པ་ཡིན། །དུར་ཁྲོད་ཁུ་བྱུག་ཡེ་ཤེས་རྔམ་གློག་དང། །ཀུན་འདུས་དགོངས་འདུས་སེམས་ལུང་ཆེན་པོ་ལྔ། རྒྱུད་ལུང་མན་ངག་ཀུན་གྱི་སྤྱི་ཡི་མདོ་རུ་བཞག །གསང་སྔགས་རླབས་ཆེན་བཀའ་བརྒྱུད་རྒྱ་མཚོ་ནས། །འབུམ་སྡེ་རྒྱུད་ལུང་མན་ངག་རྩ་འགྲེལ་བཅས། །བོད་ཀྱི་བན་ཆུང་རྣམས་ལ་བསྟན་པ་ཡིན། །ཕྱི་མ་སྒྲུབ་ཡིག་མཐའ་དག་ཕྱི་རྒྱུད་ནང་རྒྱུད་ནས། །ཕན་ཐོགས་ཆེ་བར་བྱས་ཏེ་ཕྱི་རབས་ཀུན་ལ་གཏད། །རྒྱ་གར་མཁས་པ་བཱི་མ་མི་ཏྲ་དང། །ཨུ་རྒྱན་མཁས་པ་པདྨ་འབྱུང་གནས་དང། །བལ་པོའི་མཁས་པ་བ་སུ་དྷ་ར་དང། །བོད་ཀྱི་མཁས་པ་ཛྙཱན་ཀུ་མ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །བྱང་ཆུབ་སེམས་ཀྱི་ཡེ་གེ་བཅོ་བརྒྱད་


LR16_Page_398
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །དོན་ལ་དབྱེ་བ་མེད་ཀྱག་མན་ངག་སོ་སོའི་བཞེད། །རྩ་འགྲེལ་ཊཱིཀ་གཅེས་པའི་ཡིག་ཆུང་མ་བུ་རྣམས། །སོ་སྣུབས་གཉིས་ལ་གཏད་ཀྱིས་འགྲོ་དོན་གྱིས། །སེམས་ཅན་དོན་ལ་བྱེད་པའི་ལན་ངག་བརྒྱད་ཅུ་གཉིས། མཁས་པ་རྣམ་བཞིའི་མན་ངག་རྒྱུན་མ་བཅད། །བྱང་ཆུབ་སེམས་དོན་མན་ངག་ངོས་འཛིན་བྱེད་པའི་མན་ཏྲི་ཀ། །བུ་གཅིག་ཡོན་ཏན་རྒྱ་མཚོ་སེམས་ཀྱི་དཀྱིལ་དུ་བསྟིམས། །ཕྱི་རབས་ང་ཡི་རྒྱུད་ལ་ཞུགས་པའི་དོན་ཆེད་དུ། །འཕྲིན་ལས་ཀྲྀ་ཡོག་གཏད་ཀྱིས་འགྲོ་དོན་གྱིས། །ཡོ་གའི་དབང་ཕྱུག་ཕྱེ་སྟེ་ཕྱི་རབས་དོན་དུ་བཞག །རྒྱ་གར་མཁས་པའི་མན་ངག་རིམ་པར་བརྒྱུད་པའི་མཐའ། །མཁས་པ་རྣམ་བཞིའི་མན་ངག་སྔགས་ལམ་མ་ཆད་པ། གསང་སྔགས་མ་བཞིར་གྱུར་བའི་སྒྲུབ་ཡིག་རྣམས་གསུམ་པོ། །ཐུགས་ཀྱི་སྒྲུབ་པ་ཡང་དག་སྒྲུབ་པ་གཅིག་པོ་ཉིད། །འཕྲིན་ལས་ཉིད་འཁོལ་མན་ངག་གསང་བའི་འཕྱོང་དང་བཅས། །སྐྱེ་ཤི་མེད་པའི་བདུད་རྩིའི་སྒྲུབ་ལུགས་ཆེན་པོ་ལགས། །འཆི་མེད་འཆི་ལོངས་ཚེ་ཡི་སྒྲུབ་པ་འཕྱོང་དང་བཅས། །འཁོར་བ་རུ་ལྡོག་ཉོན་མོངས་རྩད་གཅོད་འཕྲིན་ལས་ཕུར་པ་ལ། །བཟློག་འཇོམས་ཕུར་བུ་བསད་གསོ་ཐལ་ཕྱུང་འཕྱོང་དང་བཅས། །རྩ་འགྲེལ་མཚམས་སྦྱོར་ལས་བྱང་ཊཱིཀ་དང། །ཁོག་དོན་མདོ་བྱང་ཡིག་ཆུང་མ་བུར་བཅས། །ཡང་དག་འཕྲིན་ལས་དྲག་པོར་བསྟན་པ་ནི། །ཕུན་སུམ་ཚོགས་པའི་མན་ངག་ཆེ་ཆུང་མ་ལུས་དང། །རང་སེམས་གཏན་ལ་འབེབས་པའི་སེམས་དོན་འདའ་ཀ་མ། །བོད་ཀྱི་བན་ཆུང་རྣམས་ལ་བསྟན་པ་ཡིན། །ཅེས་སོ། །དེ་ལྟར་སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། རྒྱ་གར་ནས་


LR16_Page_399
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མང་པོ་བསྒྱུར་ནས་བྱོན་ཙ་ན། མངའ་བདག་ཁྲི་རལ་པོ་ཅན་གྲོངས་ནས། དེའི་གཅུང་པོ་ཁྲི་དར་མ་འུ་དུམ་བཙན་གླང་དར་མར་གྲགས་པ་དེས་རྒྱལ་སྲིད་བཟུང་སྟེ། དེ་བདུད་ཀྱི་བྱིན་གྱི་བརླབས་པའི་སྐྱེས་བུ་ཞིག་བྱུང་ནས། ཡབ་སེམས་ཀྱི་ཆོས་ལུགས་ཐམས་ཅད་ནི་བོར། ཆོས་འཁོར་ཐམས་ཅད་ནི་ཉམས་སྨད། གཙུག་ལག་ཁང་ཐམས་ཅད་བཤིག་ཅིང་གླེགས་བམ་ཐམས་ཅད་ཆུ་ལ་འཕོ། རབ་ཏུ་བྱུང་བ་རྣམས་ཀྱག་ཕབ་ཅིང་ཁྱིམ་གྱི་གནས་སུ་བཀོད། མ་ཕབས་པ་དག་ནི་བཀྲོངས། སྔགས་འཆང་ཀན་ཡང་རི་ཁྲོད་དང་གངས་ཁྲོད་དུ་ཡིབ་ཅིང། སངས་རྒྱས་ཀྱི་བསྟན་པ་ནུབ་པར་མཐོང་ནས། དེར་སློབ་དཔོན་གྱི་ཐུགས་དགོངས་ལ། སྡིག་སྤྱོད་ཀྱི་རྒྱལ་པོ་འདི་འདྲ་བས། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མི་སྟེར་བར་འདུག་པས། བསྟནཔ་སྲུང་བའི་དྲག་སྔགས་ཤིག་དགོས་པར་འདུག་སྙིང་དུ་དགོངས་ནས། དེ་མ་ཐག་ཏུ་རྒྱ་གར་ལ་ཕར་ལོག་ཕྱིན་ཏེ། བླ་མ་བ་སུ་དྷ་ར་དང། གཙུག་ལག་དཔལ་དགེ་ལ་སོགས་པ་རྣམས་ལ་བསྟན་པ་སྲུང་བའི་དྲག་སྔགས་ཀྱི་སྐོར་དཔག་ཏུ་མེད་པ་ཞུས་ནས་བྱོན་ཙ་ན། ལྟ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་བཀྲོངས་ཟིན་ནས་འདུག་པས། བསྟན་སྲུང་དེ་དག་ཕྱིས་གཏེར་དུ་སྦས། ལ་ལ་སློབ་མ་ཀུན་ལ་སྤེལ་བ་ཡིན་སྟེ། དེ་དག་གི་དཀར་ཆག་ཉེར་བསྡུས་ནི། སྤྱིར་འཇམ་དཔལ་གཤིན་རྗེའི་ཆོས་སྐོར་ལ། རྒྱ་གར་གྱི་ཡུལ་ན། འཇམ་དཔལ་ཁྲི་དྲུག་སྟོང་བཞུགས་པ་ལས་བོད་ཡུལ་དུ་ཡེ་ཤེས་ལྷའི་རྒྱུད་སུམ་ཙུ་རྩ་གཉིས། ལས་ཀྱི་སྲིན་པོ་གདོང་དམར་འདུལ་བའི་ཕྱིར། འཇིག་རྟེན་དྲེགས་པའི་རྒྱུད་སུམ་ཅུ་རྩ་གཉིས་ཏེ། རྒྱུད་དྲུག་ཅུ་རྩ་བཞི། འཇམ་དཔལ་གླུ་བླུངས་


LR16_Page_400
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལེའུ་སྟེ། རྒྱུད་དྲུག་ཅུ་རྩ་ལྔ་པ་བསྒྱུར་བ་ལས། རྒྱུད་དང། སྒྲུབ་ཐབས་ཁ་ཡར་ཙམ་བརྗོད་པ་ནི། འཇམ་དཔལ་ནག་པོ་ཁ་ཐུན་ཆེ་འབྲིང་ཆུང་གསུམ་ལས། མདོ་བྱང་རྩ་འགྲེལ་དང་བཅས་པ། འཕྲིན་ལས་ལས་བྱང་རྟོག་མེད་སྤྲོས་བྲལ་དུས་གསུམ་མངོན་ཕྱུང། དྲག་པོ་ལས་ཁོག་ལས་ཐིག་ལ། གསང་ཐིག་བཅུ་པ། གསང་བ་སུམ་ཅུ་པ། གསང་བ་དྲུག་ཅུ་པ། དགུ་བཅུ་པ། འཇམ་དཔལ་གསང་རྒྱུད་སྔ་ཕྱི་གཉིས། འཁྲུལ་འཁོར་ནག་པོའི་སྔགས་རྒྱུད། ཟླ་གསང་ཟེར་བ་དམར་ནག་རྒྱུད། པྲ་ཁོག་སྣང་བའི་རྒྱུད། ཡ་མ་ར་ཙ་ཁྲོས་པའི་རྒྱུད། བྱང་བུ་དགུ་སྐོར་ཐུགས་གཟེར་འབྲུག་གཅིག་པ། སུམ་ཅུ་པའི་སྨད་ལས། འཕྲུལ་འཁོར་རྩ་བ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། དེའི་འགྲེལ་པདྨས་མཛད་པ། ཁང་བུ་བཅུ་དྲུག་པ། གཤེད་བཞི་ལས་ཀྱི་ལྡེ་མིག་འཕྲུལ་འཁོར་ནག་པོ་ཡང་སྙིང་གསང་བའི་མན་ངག་བཅུ་དྲུག་འཁོར་ལོ་གསང་བའི་པྲ་ཁྲིད། ལས་ཀྱི་གཤིན་རྗེའི་ལས་བྱང། སྒྲོལ་གིང་ནག་པོ་ལས་ཀྱི་མེད་ཐུང། གཟའ་རྒོད་འཆི་བདག་གི་མེད་ཐུང། སྲོག་བདག་རྒྱལ་པོའི་མེད་ཐུང། ས་བདག་གི་མེད་ཐུང། ཀླུའི་མཛོད་ཟེར་ནག་པོ། སྒྲོལ་གིང་རུག་གི་བསད་ཐབས། ཕྱིར་བཟློག་པའི་མན་ངག་མཚོན་ཆ་ལྡེ་མིག་འཁོར་ལོ་འབྲོས་ཐབས་བརྒྱད་ཀྱི་མན་ངག་འཁོར་ལོ་མུན་སེལ་ཉི་མ། སྤྱི་རྒྱུད་ལས་ཀྱི་འབྲས་བུ། རྡོ་རྗེ་ནང་འཕྲད་རང་གཤེད་འཁོར་ལོ། །གསང་བ་རོལ་པ་འཁོར་ལོ། །འབྱུང་བ་བཤིག་པའི་འཁོར་ལོ། །ཟོར་ཐུན་དྲུག་མན་ངག་དུ་བཀོད་པ། ཉི་མ་བཞི་པའི་སྒྲུབ་ཐབས་རྩ་འགྲེལ། སྤྱིའི་མན་ངག་རྟགས་ཀྱི་ཡི་གེ། བླ་


LR16_Page_401
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་འདྲེ་རྒྱུ་དུས་བསྟན་པ། འཁྱམས་བཟློག་གནད་ཀྱི་མན་ངག་གཏད་གཉེར་བཅུ་གནིས། འཕྲུལ་འཁོར་གྱི་མཚོ་སྡེབ་ལུགས། ལག་ཏུ་བླངས་པའི་པྲ་ཁྲིད། གཞན་ཡང་ཁ་ཐུན་ཆུང་ངུའི་སྒྲུབ་ཐབས། བྱེ་མ་རེག་གཅོད་ཀྱི་རྩ་བ་ལས་བྱང། གདམས་པ། ཞལ་ཁྲིད། སྒོན་མ། དཔེ་བྱང་ལག་ལེན། དྲག་སྔགས་རྒྱས་འདེབས་ཀྱི་སྐོར་ལ། དྲག་པོ་སྔགས་རྒོད། རྒྱུད་ཀྱི་རྒྱལ་པོ། རྒྱ་སྡེབ། རྒྱུད་ཀྱི་བཀའ་འགྲེལ། སྐུ་གསུམ་ཡོངས་རྫོགས། འཕྲིན་ལས་གསང་སྒྲོན། གསོད་བྱེད་ཌམ་པའི་ལས་བྱང། ལྷ་སྒོམ་ཐབས། སྐུ་གསུངས་ཐུགས་ཀྱི་བསྟེན་པའི་རྒྱ་སྡེབ། སྲིང་སུམ་འདུས་པའི་དྲག་སྔགས། ཐུགས་ཀྱི་ཐིག་སྡེབ། རིགས་གསུམ་ཁྲོ་བོའི་སྡེབ། ལྟོ་དཀྲུགས་གནད་སྡེབ། སྤུ་གྲི་དྲུག་སྐོར་སྡེབ། སྡེབ་ཡིག་རིན་ཆེན་འཕྲེང་བ། འཕྲུལ་འཁོར་སྡེབ་ཀྱི་རྒྱུད། ཕྱིར་བཟློག་སྔགས་སྡེབ་རྒྱུད་ཀྱི་རྒྱལ་པོ། ཀུན་དགའ་བོ་དང་ཤཱ་རིའི་བུའི་སྡེབ། གཞན་ཡང་འཇམ་དཔལ་ནག་པོ་རྩ་བི་རྒྱུད། ཟླ་གསང་ནག་པོའི་རྒྱུད། གསལ་བྱེད་སྒྲོན་མ། འཇམ་དཔལ་ཟླ་གསང་མེ་ལྕེ་འཕྲེང་བའི་རྒྱུད། དེའི་ཕྱི་མའི་རྒྱུད། འཇམ་དཔལ་རོ་ལངས་ཤ་རུའི་རྒྱུད། ནག་པོ་གནམ་རྒྱུད། རྣམ་པར་རྒྱལ་བའི་རྒྱུད། ལས་བཞི་གསང་བའི་རྒྱུད། སྒྱུ་འཕྲུལ་དྲྭ་བའི་རྒྱུད། དྲི་མ་མེད་པའི་རྒྱུད། ལས་ཀྱི་སྦྱོར་བ་བརྒྱ་རྩ་གཅིག་པའི་རྒྱུད། ནག་པོ་དགྲ་རྒྱུད་ཁ་ཐུན་ནག་པོའི་རྒྱུད། ནག་པོ་འཁོར་ལོའི་རྒྱུད། བླ་མཚོ་ནག་པོའི་རྒྱུད། གཙུག་ན་མེ་འབར་རྒྱུད། མཐར་ཐུག་འཁོར་ལོའི་རྒྱུད། རཀྴ་དམར་ནག་རྒྱུད། རཀྴ་གླང་མགོའི་རྒྱུད། རྒྱུད་མཆོག་འཁོར་ལོའི་རྒྱུད། ནག་པོ་ཟངས་ཁའི་རྒྱུད། དྲག་སྔགས་བདུན་པའི་རྒྱུད་


LR16_Page_402
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་རྣམས་སོ། །ཚེ་བདག་གི་ཆོས་སྐོར་གྱི་རྒྱུད་ཀྱི་དབྱེ་བ་ནི། རྩ་བའི་རྒྱུད་དང། བཤད་པའི་རྒྱུད། རྩ་བ་ཡན་ལག་གི་རྒྱུད། དཀའ་བ་སྤྱོད་པའི་རྒྱུད། མ་ཚང་བ་ཁ་སྐོང་བའི་རྒྱུད་དོ། །རྩ་བའི་རྒྱུད་ལ་གཉིས་ཏེ། རྩ་རྒྱུད་ཡེ་ཤེས་སྙིང་པོའི་རྒྱུད། བཤད་རྒྱུད་འཕྲུལ་གྱི་མེ་ལོང། རྩ་བ་ཡན་ལག་གི་རྒྱུད་ལ་དགུ་སྟེ། བྱ་ཁྱུང་ལ་ཀ་རུ་ནམ་མཁའ་ལྡིང་གི་རྒྱུད། རུས་སྦལ་ལ་རུས་སྦལ་ཁྲ་བོའི་རྒྱུད། སྔགས་དྲག་པོ་མངོན་དུ་ཕྱུང་བའི་རྒྱུད། དེའི་ཕྱི་མོ་སྲོག་དམར་ལེན་རྣོ་བ་མཚོན་ཆའི་རྒྱུད། འཇིག་རྟེན་ཟིལ་གནོན་ཉི་མ་མིག་དམར་གྱི་རྒྱུད། མཚོན་ཆ་པ་ལ་པ་ཏྲའི་རྒྱུད། པ་ཏྲ་གསང་རྒྱུད་ཟོར་བ་ཅན་གྱི་རྒྱུད་དང་དགུའོ། །བཤད་པའི་རྒྱུད་ལ་དགོངས་པ་མངོན་དུ་ཕྱུང་བའི་རྒྱུད། དཀའ་བ་སྤྱོད་པ་མེ་ལྕེ་འཕྲེང་བའི་རྒྱུད། མ་ཚང་བ་ཁ་སྐོང་བ་འཕྲུལ་གྱི་སྙིང་པོའོ། །ཡན་ལག་གི་རྒྱུད་ལ། རང་གཤེད་འབེབས་པ་སྡིག་པ་སྙིང་འཛིང་དང། ཀླུ་འདུལ་བ་སྡིག་པ་སྟོབས་ཆེན་དང། སྤྱོད་པའི་དྲག་སྔགས་ཨ་མོ་ཀ་ཕུང་དང། སྙིང་པོ་དོན་གྱི་གསང་རྒྱུད་དང། བཟློག་པ་ཨུར་མོ་བཅོ་བརྒྱད་པའི་རྒྱུད་དོ། །སྡི་པ་སྙིང་འཛིང་ལེའུ་བཅོ་ལྔ་པ། དེའི་ཕྱི་མའི་སྙིང་པོ་གསང་རྒྱུད་ལེའུ་བདུན་ཡོད། དེ་ཡང་འཇམ་དཔལ་སྡིག་པ་སྟོབས་ཆེན་གྱི་སྐོར་ལ། ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད། རྩ་བ་དྲག་པོ་སྲུང་བ་དང། མཚོན་ཆ་ཡི་གེ །བདུད་རྩི་འོད་ཀྱི་སྒྲོན་མ། བསམ་གཏན་བུམ་པི་ཁ་ཆིངས་རྒྱལ་པོ། །ག་རུ་ཌ་མཁའ་ལྡིང་གི་རྒྱུད་དང་སྒྲུབ་ཐབས། དེའི་ཟེར་ལས་པྲ་ཁོག་སྣང་བ་གཉིས། ཀླུ་རྣམས་སྟོབས་ཀྱིས་གནོན་པ། སྦྱིན་སྲེག་སྡིག་པ་སྟོབས་ཅན་


LR16_Page_403
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྒྱུད། དེའི་མན་ངག་རྟོག་པ་དགུ་པ། གསལ་བའི་སྒྲོན་མེ། གསལ་བའི་ཉི་མ། ཀླུ་ལ་རང་གཤེད་དབབ་པ། སྡིག་པ་སྙིང་ལ་རུ་འཛིང། སྙིང་པོའི་རྒྱུད། སྲུང་བའི་མཐར་ཐུག་དྲག་པོའི་འཁོར་ལོ། །ཀླུའི་ནད་གསོ་ཐབས་དང་བཅས་པ་རྣམས་སོ། །སྡིག་པ་སྙིང་འཛིན་གི་ཆོས་སྐོར་ལ། སྡིག་པ་ནག་པོ་སྙིང་འཛིང་གསང་བའི་རྒྱུད། སྲུང་བའི་མཐར་ཐུག་སྤྱི་སྤྱོད་འཕྲུལ་གྱི་ལྡེ་མིག་སྒྲོན་མ་གསང་བའི་པྲ་ཁྲིད། ཕྱི་མཆོད་རྟེན། ནང་འཁོར་ལོ། །གསང་བ་ཅི་ཏྟ། དྲག་པོ་ཐུན་ལ་བརྟེན་པ་དང། སྒྲུབ་ཐབས་བཞི། སྔགས་ཀྱི་འབྲུ་བཤད་ཐེམས་ཡིག་དྲག་པོ་སྔགས་ཀྱི་འབྲུ་འགྲེལ། སྔགས་དོན་གསལ་བར་བྱེད་པའ་སྒྲོན་མེ། སྒོམ་རིམ་མན་ངག་འཁོར་ལོའི་པྲ་ཁྲིད། འཇམ་དཔལ་དྲིལ་སྒྲུབ་གསང་བ་ཟིལ་གནོན་སྒྲུབ་ཁོག་ཆེན་པོའི་རྩ་བ། འཇམ་དཔལ་བཤེས་གཉེན་གྱི་སྒྲོན་མ་པྲ་ཁྲིད། མཆོད་རྟེན་ལག་ཏུ་བླངས་པའི་པྲ་ཁྲིད། ཁྲག་འཐུང་ནག་པོའི་མན་ངག་དབང་མཆོག་མུ་ཏིག་འཕྲེང་བ། མཆོད་བསྟོད་གསལ་སྒྲོན། ལས་རིམ་གསལ་སྒྲོན། ཕྱག་རྒྱ་གསལ་སྒྲོན། གསང་པ་སྦས་ཏིག་རྣམས་སོ། །གནམ་ལྕགས་ཨུར་མོའི་སྐོར་ལ། སྟོང་སྲོག་འཁོར་ལོ་བཞི་རུ་གྲགས་པ་ཡི། ཨུར་མོ་རྨོག་པ་བཅོ་བརྒྱད་པའི་རྒྱུད། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྒྲུབ་ཐབས། ཕྱིར་བཟློག་འཁོར་ལོ། །འཕྲིན་ལས་ཀྱི་འཁོར་ལོ་ལྔའི་སྒྲོན་མའི་ལག་ལེན། ཕྱིར་བཟློག་སྔགས་ཀྱི་ལག་ལེན། ཉི་ཟླ་ཁ་སྦྱོར་བྱུང་ན་གསལ་མདངས་བྱུང། སེདྒེ་ཁ་འཐབ་བྱུང་ན་རྩལ་ཆེན་གདོན། སྒྱོགས་གཉིས་ནམ་མཁར་འཕངས་ན་སྒྱོགས་རྡོ་བཅག་རྣོ་གསུམ་མཚོན་དུ་བརྡུངས་པ། བཙོན་


LR16_Page_404
[མ་དཔེ་གཟིགས་ན་འདིར་གནོན།]

དོང་གསད་པ། སྟོང་སྲོག་འཁོར་ལོ་དྲག་པོ་དང། གནམ་ལྕགས་ཨུར་མོ། །གསང་བའི་འཕྲུལ་འཁོར། མཱ་ར་ཡ་བསད་པའི་ལས། མ་ནག་པའི་ལས་བྱང། གཤེད་པོའི་སྦྱོར་བ་བཅས་ཆོག་ཀ་ལ་ཡག་ཤ་རྡོ་རྗེའི་སྦྱོར་བ། བདུད་སྲིན་ནག་མོ་འཆི་ལྟས་ཅན་གྱི་སྔགས། དེ་རྣམས་བཅས་ཆོག་གི་མན་ངག་ཡིན་ནོ། །ཨུར་མོའི་སྤོབས་ཆོག་སྔགས་ཀྱི་ཕྲ་མེན་ནི། གཙུག་ལག་དཔལ་དགེའི་ཅོག་བརྡུང་ཡིན་གསུངས། གཞན་ཡག་འཇམ་དཔལ་གཤིན་རྗེ་གཤེད་ནག་པོ། ཨ་མོ་གྷ་ཕུང་གི་རྒྱུད། ཚེ་བདག་མེ་རླུང་སྐྱིན་ཐང་ཁྲོས་པའི་རྒྱུད། ཉི་མ་མིག་དམར་ལེའུ་རེ་གསུམ་པོ། རཱ་ཧུ་ལའི་སྐྱེ་རྒྱུད། འཇིག་རྟེན་སྐྲག་བྱེད་ཏྲེ་ལོག་སྐད་འབྱིན་རྒྱུད། དམར་ལེན་སྲོང་གི་སྐོར་ལ། དམར་ལེན་སྤུ་གྲི་ལེའུ་བདུན་པ། ཟླ་གསང་ནག་པོ་སྲིན་མོ་ཁྲག་འཐུང་གི་རྒྱུད། འབྱུང་བ་འཁྲུག་པའི་སྒྲུབ་ཐབས། དྲག་སྔགས་ཀྱི་ཐུས་ཀ། ཕྲ་མེན་སྟོབས་ཀྱི་དྲག་སྔགས་སྨྲྀ་ཏི་ཁ་སྦྱོར། ཚེ་བདག་མགོ་དགུ་པའི་དྲག་སྔགས། བྱེ་བ་དགུ་ཁྲི་ཡ་མ་གཏུམ་པོའི་དྲག་སྔགས། སེར་བ་གློ་བུར་དབབ་པའི་མན་གང་གཞན་ཡང་གནམ་ལྕགས་དབབ་པའི་ལན་སྔགས། མཐ་ཐུག་བཤན་པ་དམར་པོས་བསད་པ་སྤུ་གྲི་ནག་པོ། ཚེ་བདག་ནག་པོའི་ངན་སྔགས། རང་གཤེད་གསང་བའི་དམར་ལེན་དང། ཡང་གསང་དྲག་སྔགས་རྣམས་སོ། །གནོད་བྱིན་སྲོག་ཟན། འཇིག་རྟེན་ཕུང་བྱེད། གདོང་མོ་སྙིང་སྐོར། དྲག་སྔགས་ཟླ་གསང། དེ་ལ་སོགས་ཏེ་དྲག་སྔགས་ཅོག་བརྡུང་གི་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དོ། །


LR16_Page_405
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྒྱ་མཚོ་དུག་སྲི་ཀའི་སྐོར་རྩ་རྒྱུད་འཁོར་ལོ་ནག་པོའི་ལེའུ་ཞེ་གསུམ་པ། འཁོར་ལོ་ནག་པོ་རྟོག་པ་བདུན་པ། ཀླུ་ནག་མགོ་དགུའི་མན་ངག་ནང་ཚན་རྒྱུད་ཀྱི་རྒྱལ་པོ་རྒྱ་མཚོ་དུག་སྲི་ཀའི་སྤྱི་སྤྱོད་དང་བསྡུས་དོན་ལ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་འདུག་སྟེ་ཡི་གེར་འཇིགས་པས་མ་བྲིས་སོ། །འཇོམས་བྱེད་འཆར་ཀ་ནག་པོའི་རྒྱུད་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང། གཞན་ཡང་མ་མོ་ཨེ་ཀ་ཛེ་ཊི་རེ་མ་ཏི་མཆེད་བཞིའི་རྒྱུད་སྒྲུབ་ཐབས་དང་བཅས་པ། གཞན་ཡང་གཤིན་རྗེ་དམར་པོའི་རྒྱུད་སྡེ་ལ། གཤིན་རྗེ་དམར་པོ་རྩ་བའི་རྒྱུད། གར་མཁན་མཆོག་གི་རྒྱུད། དེའི་ཕྱི་མ། གཞན་ཡང་མ་རུ་རྩེའི་སྔགས་རྒྱུད། རལ་གཅིག་མ་ཟོར་བ་དམར་ནག་གི་རྒྱུད། དམར་པོ་སྙིང་གཟེར་གྱི་རྒྱུད། ཁ་ཐམ་དམར་ནག་གི་རྒྱུད། སྤུ་གྲི་རེག་གཅོད་ཀྱི་རྒྱུད། མ་ར་ཁྲག་སྐྱུག་འཇིག་རྟེན་རླུང་དམར་གྱི་རྒྱུད། དེ་རྣམས་སྒྲུབ་ཐབས་མན་ངག་ལག་ལེན་དང་བཅས་པ། རྒྱུ་མཚོན་ལ་བརྟེན་ཏེ་སྒྲུབ་པ། སྐྱིན་ཐང་མེ་རླུང་འཁྲུག་པ། གསེར་གྱི་འབྲུ་ཐུས། བསྡུས་དོན་ལ་སོགས་པ་བཞི། གནད་ཡིག་དང་བཅས་པ། གཟའ་རྒོད་གསང་བའི་ཅོག་བརྡུང། འཇིག་རྟེན་ཁམས་སུ་ཐོག་སེར་དབབ་པ་ལ་སོགས་པ། གཞན་ཡང་མཚོན་ཆ་ལས་ཀྱི་འཁོར་ལོ་ལ་སོགས་པ་བསྟན་སྲུང་དྲག་སྔགས་ཀྱི་སྐོར་བསམ་གྱིས་མི་ཁྱབ་པ་ཟིག་འགྱུར་རོ། །དེ་ལྟར་ཆོས་དང་བསྟན་པ་སྲུང་བའི་དྲག་སྔགས་བསམ་གྱིས་མི་ཁྱབ་པ་བསྒྱུར་པའི་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དེ་ཉིད། མདོ་སྡེ་ལས་ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡིནཔར་གསུངས་ཤིང། སྟོན་པ་འདས་ནས་ལོ་ཉིས་སྟོང་ན་འབྱུང་བར་ལུག་བསྟན་པ་ཡིན་


LR16_Page_406
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། སྐུ་ཆེ་བའི་ལོ་རྒྱུས་དང་རྣམཔར་ཐར་པ་བཀའ་ཤོག་རྒྱ་ཅན་འགའ་ལ། སྣུབས་ཀྱི་ཞལ་ནས། དེ་ཡངས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། །ལོ་ནི་བདུན་ནས་ཤེས་བྱའི་ཡིག་རྩིས་བསླབས། །བཅུ་གཅིག་ལོན་ནས་བལ་པོ་ཁབ་པར་འཁྱམས། །བདག་གིས་རྒྱ་གར་ཁ་ཆེ་ལན་བདུན་བསྐོར། །བདག་གིས་མཁས་པ་བཅུ་གཅིག་ཞལ་ཡག་མཐོང། གསུང་ཡང་ཐོས། །ཞེས་སོ། །དགུང་ལོ་བརྒྱ་དང་ཉིས་ཤུ་ལོན་ནས་དགོངས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནོ། །དེ་ལ་སློབ་མ་མང་ཡང་ཁྱད་པར་ཐུགས་ཟིན་པ་བཞི་སྟེ། ཐུགས་སྲས་དམ་པ་གཅིག་དང་ལྔ་བྱུང་བ་ཡིན་ནོ། །སྲས་བཞི་ནི། སོ་ཡེ་སེས་དབང་ཕྱུག་པོ་གོར་བློན་ཆེན་འཕགས་པ། དན་ཡོན་ཏན་མཅོག་སྲུ་ལེགས་པའི་སྒྲོན་མའོ། །སྲས་ཀྱི་དམ་པ་ནི་ཁུ་ལུང་ཡོན་ཏན་རྒྱ་མཚོའོ།ལ སོ་ལ་ལྟ་བ་སྒང་དྲིལ་བྱས་ཏེ་བཤད། པ་གོར་ལ་འགྲེལ་ཊཱིཀ་དང་སྦྱར་ལ་བཤད། །དན་ལ་གཏེར་བགེས་སེལ་གྱི་ཚུལ་དུ་བཤད། སྲུ་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད་པ་དང་བཞིའོ། །སྲས་ཀྱི་དམ་པ་ཁུ་ལུང་ཡོན་ཏན་གྱ་མཚོ་ལ་ལྟ་བ་སྒང་དྲིལ་གབ་པ་མངོན་དུ་ཕྱུང་སྟེ་མན་ངག་སྒོམ་སྡེབ། ཟབ་མོ་གསང་བའི་ཁོང་ལྟོ་གཏར་ག་གེགས་སེལ་གྱི་ཚུལ་དུ་བཤད་པའོ། །དེ་རྣམས་ལ་རོང་ལུགས་ཀྱི་བཤད་སྲོལ་བཞིར་གྲགས་པ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་ཚང་བ་ཡོན་ཏན་རྒྱ་མཚོ་ཡིན་ཏེ། འདི་སྐད་དུ་སློབ་དཔོནགཡི་མགུར་བཞེས་པ། སྣུབས་ཆེན་ནི་ཡང་དབང་གཏེར། །ཤེས་རབ་ཀྱི་ནགས་ཚལ་ལ། །ཡོན་ཏན་གྱི་ལྗོན་ཤིང་འཁྲུངས།


LR16_Page_407
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་མཆོག་ནི་ལྔ་རུ་བླུགས། གཅིག་གིས་ནི་རྩ་བ་ཁྱིར། །བློན་ཆེན་གྱི་འཕགས་པ་ཡིན། གཅིག་གིས་ནི་ལོ་མ་ཁྱེར། །ལེགས་པའི་སྒྲོན་མ་ཡིན། གཅིག་གིས་ནི་མེ་ཏོག་ཁྱེར། །དན་དོན་གྱི་ཡོན་ཏན་མཚོ། གཅིག་གིས་ནི་འབྲས་བུ་ཁྱེར། །ཡེ་ཤེས་ཀྱི་དབང་ཕྱུག་ཡིན། གཅིག་གིས་ནི་ཐམས་ཅད་ཁྱེར། །ཡོན་ཏན་གྱི་རྒྱ་མཚོ་ཡིན། གསུངས་སོ། །དེ་ཡང་རྩ་བ་རྒྱུད་ལ་མཁས་པ་པ་གོར། ལོ་མ་བདུད་རྩི་ལ་མཁས་པ་སྲུ། མེ་ཏོག་བརྒལ་ལན་ལ་མཁས་པ་དན། འབྲས་བུ་ལ་མཁས་པ་སོ། །ཐམས་ཅད་ལ་མཁས་ལ་ཡོན་ཏན་རྒྱ་མཚོ་ཡིན་ནོ། །མདོར་ན་གང་ལྟར་བྱས་ཀྱང། སྲས་ཀྱི་དམ་པ་ཡོན་ཏན་རྒྱ་མཚོ་ཡིན་པ་ལ་རྩོད་པ་མེད་པའོ། །དེ་ཡང། འདི་སྐད་དུ། སྣུབས་ཆུང་རྡོ་རྗེ་ཡང་དབང་ལ། །ལྷ་སྲིན་སྡེ་བརྒྱད་འདུ་འདུ་ནས། །མན་ངག་བདག་པོར་དབང་བསྐུར་ནས། །ཡོན་ཏན་རྒྱ་མཚོ་བུ་ལ་བཤད། །ཅེས་ངག་བདག་པོར་དབང་བསྐུར་ནས། །ཡོན་ཏན་རྒྱ་མཙོ་བུ་ལ་བསད། །ཅེས་བྱ་བ་ལ་སོགས་པ་དུ་མའི་སྒོ་ནས་ཡོན་ཏན་རྒྱ་མཚོ་ཁ༠ཻཾ་ན་ལ་བསྔགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་སྣུབས་སངས་རྒྱས་ཡེ་སེས་ཀྱིས་བསྒྱུར་བ་ཡན་ཆད་ཀྱིས་རྙིང་མའི་འགྱུར་གཞུང་ཆད་པ་ཡིན་ནོ་ཞེས་ཁ་ཅིག་ཟེར་ཡང། དེའི་འོག་རོལ་དུ། །ཁུ་ལུང་ཡོན་ཏན་རྒྱ་མཚོའི་བཀའ་དྲིན་ལས། རྒྱ་གར་ནས་སྔགས་འཆག་གི་པཎྜི་ཏ་གྲུབ་ཐོས་དྷ་ན་ཏ་ལ་ཞེས་བྱ་བ་བྱོན་ཏེ། འཇམ་དཔལ་གཤིན་རྗེའི་ཆོས་སྐོར་རྣམས་བསྒྱུར་བ་ཡིན་ཏེ། དེ་ཡག་ས་གསུམ་པའི་བྱང་ཆུབ་སེམས་དཔའ་ཁུ་ལུང་ཡོན་ཏན་རྒྱ་མཚོའི་རྣམ་ཐར་བསམ་གྱིས་མིཁཡབ་ཀྱང། མདོར་བསྡུས་ན་བཞི་སྟེ། ས་ནོན་ཅིང་ལུག་བསྟན་ཐོབ་པ་དང། སྐུ་ཚེ་སྔ་ཕྱི་གཉིས་སུ་སངས་རྒྱས་ཀྱི་སྐུ་སྲས་དང་ཐུགས་སྲས་


LR16_Page_408
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པ་དང། རྒྱ་བོད་གཉསི་ཀྱི་བླ་མའིབཡིན་བརླབས། དངོས་གྲུབ་བཀའིབབས་ལུགས་དང། ཐ་མ་གྲུབ་རྟགས་དངོས་གྲུབ་ཐོབ་ལུགས་སོ། །དེ་ལ་དག་པོ་ས་ནོན་ལུག་བསྟན་ཐོབ་པ་ནི། གོང་གི་ལུག་བསྟན་པ་ལས། ས་བཞི་པའི་བྱང་ཆུབ་སེམས་དཔའ་དེས། ས་གསུམ་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་སྟོན་པར་འགྱུར། ཞེས་གསུངས་པས། ས་ནོན་ཅིང་ལུང་བསྟན་ཐོབ་པའི་སྐྱེས་མཆོག་གོ །གཉིས་པ་སྐུ་ཚེ་སྐུ་ཕྱི་ལ་སངས་རྒྱས་ཀྱི་སྐུ་སྲས་དང༌། ཐུགས་སྲས་སུ་གྱུར་བ་ནི། ཡུལ་རྒྱ་གར་གྱི་ཡུལ་དུ་རྗེ་སངས་རྒྱས་ཉིད་སྤྲུལ་སྐུ་ཡིན་པས། སྡིག་པ་ལ་མངོན་པར་དགའ་བ་རྣམས་དབུགས་དབྱུང་བའི་དོན་དུ། བཤན་པ་རྨེ་རུ་རྩེ་ཞེས་བྱ་བར་སྐྱ་སྐྱེ་བ་བཞེས་ཏེ། དེའི་ཡུལ་གདུག་རྩུབ་ཀྱི་སྐོར་མགོ་མ་ཞེས་བྱ་བ་ཡོད་དེ། དེ་གཉིས་ལ་སྲས་མིང་སྲིང་གསུམ་སྐྱེས་པར་གྱུར་པ་ནི། ཆེ་ཤོས་དགའ་བོ། །ཆུང་ཤོས་དགའ་ཆུང། སྲིང་མོ་དགའ་ལྕམ་ཞེས་བྱའོ། །བཟའ་འཚོ་ལྔ་པོ་དེ་ལ། སློབ་དཔོན་བཟང་པོ་དགེ་སློང་ཀ་རུ་ཎ་བྱ་བ་གཅིག་བཞུགས་པ་ལ། བཟའ་འཚོ་རྣམས་ཀྱིས་དབང་དང་གདམས་ངག་ཞུས་ཏེ། སྲས་དགའ་བོ་མོས་གུས་བརྩོན་འགྲུས་གཏོང་ཕོད་ཆེ་བས། ནོར་རྫས་ཡོ་བྱད་ཐམས་ཅད་བླ་མ་ལ་ཕུལ་ཏེ། དབང་དང་གདམས་ངག་ཉམས་སུ་བླངས་པས་གྲུབ་པ་བསྙེས་ཏེ། ཚེ་ལ་དབང་པའི་རིག་འཛིན་ཐོབ་བཞུགས་ཞེས་གྲགས་སོ། །ཡབ་བཤན་པ་རྨེ་རུ་རྩེ་སྤྲུལ་སྐུ་ཡིན་པས་དོན་ལ་འདས་གྲོངས་མི་མངའ་ཡང། གདུལ་བྱ་རྣམས་དང་མཐུན་འཇུག་


LR16_Page_409
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ། དེ་ནས་སྐུ་འདས་ནས། བོད་ཡུལ་དུ་སྣུབས་གསལ་བ་དབང་ཕྱུག་ཡབ་ཡུམ་གྱི་སྲས་སུ་སྐྱེས། མིང་རྡོ་རྗེ་ཁྲི་གཙུག་ཅེས་བྱ་སྟེ། རྗེ་སངས་རྒྱས་ཡེ་ཤེ་སསུ་སྐུ་འཁྲུངས་སོ། །ཡུམ་གདུག་རྩུབ་ཀྱི་སྐོར་མགོ་མ་ཞེས་བྱ་བ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་སྟེ། བོད་ཡུལ་དུ་ཇོ་མོ་མཁར་ཆེན་མཟའ་མཚོ་རྒྱལ་དུ་སྐུ་འཁྲུངས་སོ། །སྲས་དགའ་ཆུང་ནི། རྒྱ་གར་རྒྱལ་ཁྲིམས་དམ་པས། དང་པོ་རྒྱལ་པོའི་སྤྱན་སྔར་བཤཛ་པ་པོར་དམ་བཅས་པས། དུས་དེ་ཙ་ན་ནང་པ་སངས་རྒྱས་པ་དང། ཕྱི་པ་མུ་སྟེགས་པ་གཉིས་རྟག་པར་རྩོད་དགོས་པས། དགའ་ཆུང་བཤད་པ་དང་རྩོད་པས་སུན་ཡང། རྒྱལ་ཁྲིམས་དམ་པས་གཤོལ་དབང་མེད་ནས། བོད་གསང་སྔགས་འཆོལ་བར་སྤྱད་ཆོག་པའི་ཡུལ་དུ་སྐྱེ་བར་སྨོན་ལམ་བཏབ་ནས་འདས་ཏེ། བོད་ཡུལ་སྣུབས་ཡུལ་རོག་འོག་ཁུ་ལུང་དུ། ཡབ་གྲོང་བན་ཞིག་གི་སྲས་སུ་སྐུ་འཁྲུངས་སོ། །དགའ་ལྕམ་ནི། ཤེལ་དཀར་བཟའ་རྡོ་རྗེར་སྐུ་འཁྲུངས་སོ། །གསུམ་པ་རྒྱ་བོད་ཀྱི་བླ་མའི་བྱིན་རླབས་དངོས་གྲུབ་ཀའི་བབས་ལུགས་ནི་གནིས་ལས། རྒྱ་གར་བླ་མའི་བཀའ་བབས་ལུགས་ནི། དུས་དེར་སྲས་དགའ་བོ་ཟེས་བྱ་སྟེ། རྒྱ་གར་དྷ་ན་ཏ་ལས། ཡབ་ཡུམ་གཅུང་པོ་ལ་སོགས་པ་གང་ན་འཁྲུངས་མངོན་ཤེས་ཀྱི་གཟིགས་པས། ཡབ་བཤན་པ་རྨི་རུ་རྩེ་རྗེ་སངས་རྒྱས་ཡེ་ཤེས་སུ་སྐུ་འཁྲུངས་ནས། སྐལ་ལྡན་ལ་ཟབ་མོའི་ལམ་བསྟན་ནས་བདེ་བ་ལ་འཁོད་ཅིང་འདུག་ཡུམ་སྐོར་མགོ་མ་ཞེས་བྱ་བ་དེ། ཇོ་མོ་མཁར་ཆེན་བཟའ་སྐུ་འཁྲུངས་ནས། རང་དོན་གྲུབ་ནས་གཞན་དོན་མཛད་ཅིང་འདུག་སྲས་མོ་དའག་ལྕམ་ཤེལ་


LR16_Page_410
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བཟའ་རྡོ་རྗེར་འཁྲུངས་ནས་དངོས་གྲུབ་ཕྲ་མོ་བརྙེས་ནས་འདུག་པས། བཞི་གསུམ་པོའི་དོན་མི་དགོས་པར་འདུག་དགོངས་ཏེ། གཅུང་པོ་དགའ་ཆུང་ལ་གཟིགས་པ། ཡབ་གྲོང་བན་གཅིག་གི་སརས་རང་རྒྱུད་པ་ལྟ་འཁྲུངས་འདུག་སྟེ། སྙིང་རྗེ་བར་དགོངས་ནས།དེའི་དོན་ཞིག་བྱ་སྙམ་ནས་བྱོན་པར་ཆས་ཏེ། རྐང་མགྱོགས་ཀྱི་དངོས་གྲུབ་སྒྲུབ་པར་དགོངཤ་ནས། གནོད་བྱིན་མ་ཅར་ལང་མ་བསྒྲུབས་པས། དེའི་ཚེ་གཡོག་པོ་ལ་དྲུང་དུ་མ་ཉལ་བྱས་པས་མ་ཉན་ཏེ་ཉལ་ནས། ནམ་ཕྱེད་ན་སྐད་ངན་རྩེར་བྱུང་སྟེ་གཟིཊ་པས། གཡོག་པོའི་རྩེ་ཆུང་ལ་སྡིག་པ་ནག་པོ་གཅིག་གིས་འཐམས་ནས་འདུག་པས། ཕྱག་གི་གྷུ་ཡ་རྡོ་རྗེ་ཕུད་ནས་རྒྱབ་པས། ཏོག་ཟེར་ནས་ཡར་སོང་ངོ་། །དེ་ནས་ཐོ་རངས་གནས་འཆག་པ་སྐད། ས་བྲུམས་པ་སྐད་ཟེར་བའི་སྒྲ་ཆེན་པོ་ཞིག་བྱུང་ནས་གཟིགས་པས། བྱ་ཆེན་པོ་གནམ་གྱིས་ས་བཀབ་པ་ཙམ་ཞིག་གཤོག་པ་གཡས་པ་དྲུད་པ་གཅིག་བྱུང་ནས། ཁྱེད་སུ་ཡིན་གསུངས་པས། བདག་ནི་གནོད་བྱིན་ཅར་ལང་མ་བགྱི་ལགས་པས། ལས་ཅི་བགྱི་བཀའ་རྩོལ་ཅིག་ཟེར་བས། སློབ་དཔོན་གྱིས་ངག་བོད་ཀྱི་སྣབས་ཡུལ་རོང་དུ་སྐྱོལ་གཅིག་གསུངས་པས། མོ་ན་རེ། འབངས་མོ་ཞབས་ཏོག་ཕེར་ཙམ་བདོག་པ་ལགས་ཏེ། སློབ་དཔོན་རང་གི་གཤོག་པ་བཅག་ནས་མི་བདོག་ཟེར་ནས། གཤོག་པ་ས་ལ་ཕབ་ནས་འདུག་གོ །དེར་སློབ་དཔོན་གྱི་ཞལ་ནས་ཁྱོད་བདེན་གསུངས་ནས། གཡོག་པ་ལ་བཀའ་བཀྱོན་ནོ། །དེ་ནས་ཡང་སློབ་དཔོན་གྱིས་བདུད་ནག་པོ་གནམ་རོལ་གྱི་རྐང་མགྱོགས་སྒྲུབ་པས་འགྲུབསཏེ་མི་ནག་པོ་འཇིགས་སུ་རུང་པ་ཞིག་ལོབ་དོན་གྱི་དྲུང་དུ་


LR16_Page_411
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྟེ། སློབ་དཔོན་ལགས་ལས་ཅི་འཚལ་བཀའ་སྩོལ་ཅིག་ཟེར་རོ། །དེར་སློབ་དཔོན་གྱིས་བོད་ཡུལ་སྣུབས་ཡུལ་རོང་དུ་སྐྱོལ་ཅིག་གསུངས་པས། ཁོས་ཐུ་བ་བཟེད་ནས། འོ་ན་འདིར་བཞུགས་ཤིག་ཟེར་རོ། །དེ་ནས་སློབ་དཔོན་གྱིས་རྒྱ་གར་ནས་བྱོན་པའི་རྟགས་སུ། འབྲས་ཀྱི་སྲུས་ཁྲེས་གཅིག་ཙན་དན་གྱི་ཡལ་ག་ལོ་མ་སྔོ་ཁྲོག་གེ་བ་གཅིག་སྨྱུག་མའི་ཡལ་འདབ་སོ་མ་ཅིག་བཅས་བསྣམས་ནས། ཁོའི་ཐུ་ཁུད་དུ་བཞུགས་པས་མཚན་གཅིག་གིས་བོད་ཡུལ་རོང་དུ་རྟོལ་ལོ། །དེར་ཁོ་ན་རེ། གུང་ཡང་སངས། བོད་ཡུལ་རོང་དུའང་སླེབས་པས། ཁོ་བོ་ལ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་མང་པོས་ཁྲག་དོག་བྱེད་པར་གདའ་བས། བདག་འགྲོ་བར་ཞུ་ཟེར་ནས་སླར་ལོག་གོ །དེར་གདུགས་ཐལ་གྱིས་ཤར་བས་ཤར་བ་ཞེས་བྱ། ཀོ་བ་གཏོང་བའི་གྲུ་ཁ་ཡིན་པས་ཤར་བ་གྲུ་ཁ་ཞེས་གྲགས་སོ། །དེར་སློབ་དཔོན་གྱིས་ཀོ་མཁན་ལ་ང་ཆུ་ལས་སྒྲོལ་གསུངས་པས། མཐའི་མི་ཀོ་བཙས་མེད་པར་མི་སྒྲོལ་ཟེར་ཏེ་མ་གཉན་པ་ལས། སློབ་དཔོན་གྱིས་ཆབ་ལ་མ་བྱིངས་པར་ཆུ་སྟེང་ནས་བྱོན་པས་ཀོ་མཁན་འགྱོད་དོ། །དེར་སློབ་དཔོན་གྱིས་བྱོན་པས། ཁུ་ལུང་འགོས་ཀྱི་གྲོང་རྡལ་ན་ཡོན་ཏན་རྒྱ་མཚོ་ཡོན་བདག་ཅིག་གི་ཚེ་སྒྲུབ་བྱེད་ཅིང་ཡོད་པའི་ནང་དུ་སྦ་ཚངས་ལ་བྱོན་ནས། ཡོན་ཏན་རྒྱ་མཚོ་ཁྱོད་ཀྱིས་འདིར་ཅི་བྱེད་པ་ཡིན་གསུངས་པས། ཚེ་སྒྲུབ་བྱེད་པ་ལགས་ཟེར་བས། འོ་ན་ཅི་བཏུབ་གསུངས་ནས་ཚེ་ལ་རྐང་ཐོ་རྒྱབ་པས། ཚེ་འགྱེལ། ཆང་བོ། །དལ་བསུབས་པས། ཡོན་བདག་བཟའ་ཚོ་ན་རེ། མཐའི་མིས་ཐུབ་ཚོད་འདི་ཙམ་བྱེད་པ་ལྟས་ངན་ཡིན། རྒྱོབ་སོད་ཟེར་ནམ་བརྡེག་པར་བྱུང་བ་ལ་


LR16_Page_412
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྒྱ་མཚོ་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་ཏེ། ཨ་པོ་ཟེར་ཞིང་པྶང་འཁྱུད་བཏབ་ནས་འདི་ངའི་ཕུ་བོ་ཡིན་མ་བརྡེག་བྱས་པས། བརྡེག་བརྫོག་མ་ནུས་སོ། །དེ་ནས་སློབ་དཔོན་གྱི་ཞལ་ནས། ད་གཟོད་དཀྱིལ་འཁོར་བྲིས་ཚེ་ཆོས་གསུངས་པས། དེ་ལྟར་བྱས་པས། དེ་ནས་སློབ་དཔོན་གྱིས་དགོངས་པ་མཛད་དེ་ཚེ་བྱིན་གྱིས་བརླབས། ད་ཁྱོད་རང་ཚོ་ཕར་ཐེག་དང་གསུངས་པས། བཏེགས་པས་ཀྱང་མ་ཐེག་སྤྲོས་ཀྱག་མ་ཕེད། བསྒྱེལ་བས་ཀྱང་མ་འགྱེལ། ཚེ་བྱ་བ་དེ་ལྟར་བྱེད་པ་ཡིན་གསུངས་ནས། ཡོན་ཏན་ཀྱང་འགྱེལ། ཚེ་བྱ་བ་དེ་ལྟར་བྱེད་པ་ཡིན་གསུངས་ནས། ཡོན་ཏན་རྒྱ་མཙོ་ལ་དབང་བསྐུར། ཞོར་ལ་ཡོན་བདག་ལ་ཡང་དབང་བསྐུར་ནས། ཁྱོད་ལ་ཐེག་པ་མཆོག་གི་དངོས་གྲུབ་གྱི་སྐལ་བ་མི་འདུག་སྟེ། ཐུན་མོང་གི་དངོས་གྲུབ་མི་རབས་བདུན་བརྒྱུད་དུ་མི་ནོར་དར་བར་འོང་གསུངས་པས་དེ་ཇི་ལྟ་བ་བཞིན་བྱུང་ངོ་། །དེ་ནས་རྒྱ་གར་དྷ་ན་ཏ་ལའི་ཞལ་ནས། ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་སྒུབ་གནས་གྲོང་གིས་མི་འོང། ངས་བཙལ་གྱི་གསུངས་ནས། ཁུ་ལུང་མཁར་གདོང་མོན་མོའི་གཙུག་རུམ་ལྟ་བུའི་ས་གནས་བཟང་པོ་བཙལ་ཏེ། དེར་དབང་དང་གདམས་པ་རྫོགས་པར་གནང། བསྟན་སྲུང་གཤིན་རྗེ་དམར་ནག་མ་གཤིན་གྱི་སྐོར་ཟབ་ལ་མང་བ་གནང་ནས། སླར་རྒྱ་གར་ལ་གཤེགས་སོ། །དེ་ནི་རྒྱ་གར་དྷ་ན་ཏ་ལའི་བཀའ་བབས་ལུགས་སོ། །བོད་ཀྱི་བླ་མའི་བཀའ་བབས་ནི། རྗེ་སངས་རྒྱས་ཡེ་ཤེས་ལ་ཐུགས་ཀྱི་སྲས་བཞི། སྲས་མོ་གཉིས་ཏེ་དྲུག་ཡོད་པ་ལས། དེའི་ནང་ནས་ཐུགས་ཀྱི་སྲས་དམ་པར་གྱུར་པ་ཡོན་ཏན་རྒྱ་མཙོ་ལ་བརྒྱུད་དེ། བཀའི་བཅུད་དང་ཐུགས་ཀྱི་ཉིང་ཁུ་ཐམས་ཅད་བབས་སོ། །


LR16_Page_413
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་གྲུབ་རྟགས་དངོས་གྲུབ་ཐོབ་ལུགས་ནི། མཆོག་གི་དངོས་གྲུབ་ཆོས་ཉིད་ཀྱི་དོན་རྟོགས། རྟོགས་པ་མངོན་དུ་ནས་ཟག་པ་མེད་པའི་མངོན་ཤེས་ཤར། འཇམ་དཔལ་ཁྲོ་བོ་ཡ་མན་ཏ་ཀ་ལ་སོགས་པ་ཐུགས་དམ་གྱི་ལྷ་དུ་མ་ཞལ་གཟིགས། ཐུན་མོང་གི་དངོས་གྲུབ་དང་ཡེ་ཤེས་དང་ལས་ལ་གྲུབ་པའི་དམ་ཅན་སྲུང་མ་རྣམས་འཕྲིན་ལས་ལ་འཁོལ་ཏེ། བསྟན་སྲུང་སྲོག་སེར་གཏད་གསུམ་ལ་བྱིན་རླབས་ཐོན་ནས་བསྟན་པའི་རུ་དང་བཙུགས། ནུས་པ་ལ་མངའ་བརྙེས་པའོ། །གཞན་ཡང་འོ་བྲན་དཔལ་གྱི་གཞོན་ནུའི་སྲས། པདྨ་འབྱུང་གནས། དེའི་སྲས་བློ་གྲོས་འབྱུང་གནས་ཀྱི་སྐུ་དྲིན་ལ། རྒྱ་གར་གྱི་པཎྜི་ཏ་ཙནྡྲ་ཀཱི་རྟི་ཞེས་བྱ་བ་བྱོན་ཏེ། དེས་གསུང་སྔགས་ཀྱི་སྒྲུབ་ཐབས་དང། བསྟན་སྲུང་དུ་བཅས་པ་མང་དུ་བསྒྱུར་ཞིང། ཕྱི་མ་འཇམ་དཔལ་གཤིན་རྗེའི་སྒྲུབ་ཐབས་བསྒྱུར་བས། དེ་ལ་འོ་བྲན་གྱི་མཐེབ་རྒྱ་ཅན་ཞེས་གྲགས་པ་ཡིན་ནོ། །རྙིང་མའི་འགྱུར་གཞུག་ནི་དེས་ཆད་པ་ཡིན་པས། དེ་ཡན་ཆད་དུ་བསྒྱུར་བའི་སྔགས་མཚན་ཉིད་ཀྱི་ཆོས་རྣམས་བསྟན་པ་སྔ་འགྱུར་ཡིན་པས་རྙིང་མ་ཞེས་གྲགས་པ་ཡིན་ནོ། །གསར་རྙིང་གཉིས་ཀྱི་གོ་དོན་ནི། ཁ་ཅིག་ན་རེ། རྡོ་རྗེ་གདན་ནས་བསྒྱུར་བ་གསར་མ་ཡིན་ལ། ཨུ་རྒྱན་ནས་བསྒྱུར་བ་རྙིང་མ། མཁའ་འགྲོ་ནས་བརྒྱུད་པ་གསར་མ་ལ། རིག་འཛིན་ནས་བརྒྱུད་པ་རྙིང་མ་ཡིན་ཟེར། ཁ་ཅིག་ན་རེ། ཚད་མེད་པ་བཞི་དང། བདུན་རྣམ་དག་བཀོད་ནས། རྒྱུའི་རྡོ་རྗེ་འཆང་ལས། འབྲས་བུ་རྡོ་རྗེ་འཆང་དུ་བསྒྱུར་བའི་གཞུང་འདུག་ན་དེ་གསར་མ་ཡིན་ལ། ཏིང་ངེ་འཛིན་གསུམ་མངོན་དུ་


LR16_Page_414
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ནས། འབྲས་བུའི་རྡོ་རྗེ་འཆང་དེ་ཕལ་ཆེར་ཡོགཤ་རྫོགས་སུ་གྲུབ་པའི་གཞུང་དེ་རྙིང་མ་ཡིན་ཟེར། ཡང་རྡོ་རྗེ་འཆང་གིས་གསུངས་པ་གསར་མ་ཡིན་ལ། ཀུན་ཏུ་བཟང་པོས་གསུངས་པ་རྙིང་མ་ཡིན་ཟེར་ཏེ། དེ་རྣམས་ལ་རྒྱུ་མཚན་ངེས་པ་གཞག་ཏུ་མེད་ལ། ཁྱད་པར་ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་ངོ་བོ་གཅིག་ཡིན་པ་ལ་གཉིས་སུ་འབྱེད་པ་ཤིན་ཏུ་མི་འཐད་དེ། རྣམ་གཞག་ཡེ་མ་གོ་བ་ཡིན། ངོ་བོ་གཅིག་ལ་མཚན་གྱི་རྣམ་གྲངས་དུ་མ་བྱུང་བ་ཡིན་ཏེ། གནས་ལུགས་ལ་མཚན་དུ་གསོལ་བས། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ། སྤྱོད་ཡུལ་ཡོངས་སུ་དག་པ་ལ་མཚན་དུ་གསོལ་བ་དཔལ་ཀུན་ཏུ་བཟང་པོ། རིག་ལ་མཚན་དུ་གསོལ་བ་རྡོ་རྗེ་འཆང། ཡེ་ཤེས་ཀྱི་གྲངས་ལ་མཚན་དུ་གསོལ་བ་རྒྱལ་བ་དྲུག་པའི་བདག་ཉིད་དོ། །མདོར་ན་རྙིང་མའི་རྙིང་ཏིག་གི་རྒྱུད་བཅོ་བརྒྱད། ཡེ་ཤེས་གསང་སྒྲོན་གཤིན་རྗེ་ལ་སོགས་པའི་རྒྱུད་མཐའ་དག་ན། རྡོ་རྗེ་འང་གི་གསུངས་ཞེས་པ་ཡོད་ལ། གསར་མའི་ཡ་རྒྱུད་སྡེ་མང་པོ་ན། ཀུན་ཏུ་བཟང་པོས་གསུངཤ་བྱ་བ་ཡོད་དོ། །དོན་ལ་རྒྱ་གར་ན་གསར་རྙིང་གཉིས་ཀྱི་མིང་བཏགས་པར་ཟད་དོ། །གསུམ་པ་ཟུར་ལ་བབས་ཚུལ་འོག་ནས་བསྟན་ནོ། །ཕྱི་འགྱུར་གསར་མའི་བྱུང་ཚུལ། གཉིས་པ་བསྟན་པ་ཕྱི་འགྱུར་གསར་མའི་འགྱུར་འགོ་གང་ནས་ཚུགས་ན། དེ་ཡང་གོང་དུ་བཤད་པའི་རྒྱལ་པོ་གླང་དར་མ་ལ་བཙུན་མོ་གཉིས་


LR16_Page_415
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས། ཆེན་མས་ང་ལ་སྲས་སྐྱེས་པ་ཡིན་བྱས་ཏེ། བུ་ཆུང་ཞིག་བཙལ་ནས་ང་ལ་མདང་སྐྱེས་པ་ཡིན་བྱས་ཏེ་བསྟན་པས། བློན་པོ་རྣམས་ན་རེ། མདང་སྐྱེས་པའི་བུ་ཆུང་ལ་སོ་མི་འབྱུང་སྟེ། ཡུམ་གྱི་བཀའ་བཞིན་བརྟེན་དུ་ཆུག་གསུངས་པས། ཡུམ་བརྟན་ཞེས་གྲགས་ཏེ། དེའི་སྲས་ཁྲི་ལྡེ་མགོན་པོ། དེའི་སྲས་མགོན་གཉེན། དེ་ལ་སྲས་རིག་པ་མགོན་པོ་དང། ཉི་འོད་དཔལ་མགོན་གཉིས། རིག་པ་མགོན་གྱི་སྲས་ཁྲི་ལྡེ་པོ། དེའི་སྲས་འོད་པོ། དེ་ལ་སྲས་གསུམ། ཨ་ཙ་ར་དང། མགོན་པོ་བཙན་དང། མགོན་པོ་བརྩེགས་སོ། །ཉི་འོད་དཔལ་མགོན་གྱི་སྲས་མགོན་སྤྱོད། དེའི་སྲས་ལན་ཡེ་ཤེས་རྒྱལ་མཚན་ཏེ་ཆེ་བརྒྱུད་དོ། །བཙུན་མོ་ཆུན་མ་ལ་སྲས་གཅིག་ཤིང་མོ་གླང་ལ་འཁྲུངས་ཏེ། ཆེན་མས་བསད་དམ་འཕྲོག་ཀྱིས་དོགས་ནས། ཉིན་མོ་ཉིད་མའི་འོ་ད་དང། མཚན་མོ་མར་མེའི་འོད་རྒྱུན་མ་ཆད་པར་བྱས་ཏེ་སྲུང་བས འོད་སྲུང་དུ་གྲགས་ཏེ་རྒྱལ་སར་བཏོན་ནས་ལོ་དྲུག་ཅུ་རྩ་གསུམ་ལ་འདས་སོ། །དེའི་སྲས་དཔལ་འཁོར་བཙན་པོ་ལོ་བཅུ་གསུམ་ལ་རྒྱལ་སར་བཏོན་ཏེ་སོ་གཅིག་ལ་འདས་སོ། །དེ་ལ་སྲས་གཉིས་ཏེ། བཀྲ་ཤིས་བརྩེགས་པ་དཔལ་དང། ཁྲི་སྐྱིད་ལྡེ་ཉིམ་མགོན་གཉིས་སོ། །བཀྲ་ཤིས་བརྩེགས་པ་དཔལ་དང། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་སོ། །བཀྲ་ཤི་བརྩེགས་པ་དཔལ་དང། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་སོ། །བཀྲ་ཤིས་བརྩེགས་པས་རྒྱལ་སྲིད་བཟུང་སྟེ། དེ་ལ་སྲས་གསུམ། ཆེ་བ་དཔལ་ལྡེ། བར་པ་འོད་ལྡེ། ཆུང་བ་སྐྱིད་ལྡེའོ། །ཉི་མ་མགོན་མངའ་རིས་སུ་སྤུགས་པས། སྤུ་ཧྲེང་དུ་སྐུ་མཁར་ཉི་བཟུངས་བརྩིགས་ཏེ་ཆབ་སྲིད་བཟུང། དེ་ལ་སྲས་གསུམ། ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང། དེ་ལ་སྲས་གསུམ། ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་བཟུང། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང། དེ་ལ་


LR16_Page_416
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་འཁོར་རེ་དང་སྲོང་ངེ་གཉིས་ཏེ། བཙན་པོ་འཁོར་རེས་རྒྱལ་སྲིད་གཅུང་པོ་ལ་གཏད་ནས། རབ་ཏུ་བྱུང་ཏེ་མཚན་ཡེ་ཤེས་འོད་ཅེས་བྱའོ། །བཙན་པོ་འདིའི་དུས་ནས། གསར་མའི་འགྱུར་འགོ་ཚུགས་པ་ཡིན་ཏེ། རྙིང་མའི་འགྱུར་གཞུག་ཆད་ནས་ལྷ་བླ་མ་ཡེ་ཤེས་འོད་མ་བྱོན་པའི་བར་སྐབས་དེར། མི་རབས་གཉིས་གསུམ་ཙམ་གྱི་བར་དུ་པཎྜི་ཏ་འབྱོན་པའི་རྒྱུན་ལས་ཆད། དམ་པའི་ཆོས་གྱུར་མཁན་མེད་དོ། །དེའི་དུས་བལ་པོ་མེ་རུ་རྩེ་ཞེས་བྱ་བ་རྒྱ་སྐད་ཤེས་ལ་མཁས་པ་གཅིག་བྱུང་ནས། དེ་ལ་བོད་རྣམས་ཀྱི་ཆོས་ཞུས་པས། བལ་པོ་ཕར་ལོག་ནས་པཎྜི་ཏ་ཕྲ་ལ་རིང་མོ་དང། ཇོ་བོ་སྨྲྀ་ཏི་གཉིས་སྤྱན་དྲངས་ནས་འོངས་ཏེ། འགྱུར་བྱ་བར་བརྩམས་པ་ལས། ལོ་ཙཱ་བ་བལ་པོར་ཕོ་ལོག་གིས་ཤི་སྟེ། པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས། དབུས་གཙང་ན་མར་སོ་སོར་པོ་འཁྱམས་ཏེ། སྨྲྀ་ཏིས་རྟ་ནག་ཏུ་ལུག་རྫི་མཛད། ཕྱིས་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། ཁམས་སུ་བྱོན་ནས་ལྡན་གློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། ཕྱིས་བོད་སྐད་ཁམས་པར་གྱུར་ཏེ། གདན་བཞི་དང། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ། སྒོག་རྡོར་གྱི་མཛད་པའི་འགྲེལ་པ། སྒྲུབ་ཐབས་གསང་ལྡན་གྱི་སྐོར་དང། སྔགས་དོན་རྣམ་གཟིགས་ལ་སོགས་པ་རང་འགྱུར་མང་པོ་མཛད། སྔགས་དོན་རྣམ་གཟིགས་ལ་སོགས་པ་རང་འགྱུར་མང་པོ་མཛད། ཕྱིས་ལིང་ཆུ་གསེར་ཁབ་ཏུ་བྱོན་ཏེ། སྨྲ་སྒོ་མཚོན་ཆ་བརྩམས། དེ་དག་རྒྱ་ཆེར་འཕེལ་བར་མ་ནུས་སོ། །པཎྜི་ཏ་ཕྲ་ལ་རིང་མོས་རོང་པ་ཆོས་བཟང་ལ་གྲོང་འཇུག་བྱས་པས། རོང་པ་ཆོས་མང་པོ་རྡོལ་ཤེས་སུ་བྱུང་བ་ཡིན་ནོ། །དེ་རྗེས་ལྷ་བླ་མས་ཞང་ཞུང་ཐོ་ལིང་གི་


LR16_Page_417
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་བཞེངས། རིན་ཅེན་བཟང་པོ་ལ་སོགས་པ་ཁྱེའུ་ཉིས་ཤུ་རྩ་གཅིག་རྒྱ་གར་དུ་བརྫངས་ནས། ཆོས་སློབ་ཏུ་བཏང་བ་ལས། རིན་ཆེན་བཟང་པོ་དང། ལེགས་པའི་ཤེས་རབ་མ་གཏོགས་པ་གཞན་རྣམས་ཤི་བས་ཆོས་མ་ལོབས། རིན་ཆེན་བཟང་པོ་སྔགས་མཚན་ཉིད་ཐམས་ཅད་ལ་མཁས་པར་གྱུར་ཏེ། པཎྜི་ཏ་ཤཱདྡྷ་ཀ་ར་ཝརྨཱ་དང། བུདྡྷ་ཤྲཱི་ཤན་ཏི་དང། བུདྡྷ་པཱ་ལ་དང། ཀཱ་མ་ལ་གུབྟ་དང། པདྨ་ཀཱ་ར་ཝརྨ་ལ་སོཊ་པ་སྤྱན་དྲངས་ཏེ། མཚན་ཉིད་ཀྱི་ཐེག་པ་དང། རྒྱུད་སྡེ་བཞི་ཀ་བསྒྱུར། ཁྱད་པར་ཡོ་ག་དང་གསང་འདུས་ཀྱི་ཅོས་སྐོར་མང་པོ་བསྒྱུར་ཞིང་སྔགས་གཏན་ལ་ཕབ། ལྷ་བླ་མའི་གཅུང་པོ་སྲོང་ལྡེའི་སྲས་ལྷ་ལྡེས་ཀྱང། པཎྜི་ཏ་སུ་བྷ་ཥི་ཏ་སྤྱན་དྲངས་ནས། དེའི་སྲས་འོད་ལྡེ་དང། ཕོ་བྲང་ཞི་བ་འོད་དང། བཙུན་པ་བྱང་ཆུབ་འོད་གསུམ་བྱུང་བ་ལས། ཕོ་བྲང་ཞི་བ་འོད་དང། བཙུན་པ་བྱང་ཆུབ་འོད་གསུམ་བྱུང་བ་ལས། ཕོ་བྲང་ཞི་བ་འོད་དང། བཙུན་པ་བྱང་ཆུབ་འོད་གཉིས་རབ་ཏུ་བྱུང། བྱང་ཆུབ་འོད་ཀྱི་ནག་ཚོ་ཚུལ་ཁྲིམས་རྒྱལ་ལ་སོག་སཔའི་མི་ལྒ་ལ་གསེར་བསྐུར། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེདྒེ་དཔོན་དུ་བསྐོས་ནས། པཎྜི་ཏ་བཟང་པོ་སྤྱན་དྲོངས་ལ་ཤོག་བྱས་པས། རྒྱ་གར་ཤར་ཕྱོགས་རྒྱལ་པོ་དགེ་བ་དཔལ་གྱི་སྲས། འབྲི་ཀ་མ་ལ་ཤིང་ལའི་གཙུག་ལག་ཁང་དུ་ལེགས་པར་སྦྱངས་པ་དཱི་བཾ་ཀ་ར་ཤྲཱི་ཛྙཱན་བློའི་སྒྲོན་མེ་ཡེ་ཤེས་བྱེད་སྤྱན་དྲངས་པས། ནག་ཚོས་ལོ་ཙཱ་བྱས་ནས་བྱོན་ཏེ། ལོ་ཙཱ་བ་རིན་ཆེན་བཟང་པོའི་གཟིགས་ཁང་དུ་བྱོན་པའི་ཚེ། དང་པོ་ལོ་ཙཱ་བས་ཕྱག་མ་མཛད། པཎྜི་ཏས་ལོ་ཙཱ་བའི་གཟིམས་ཁང་ནི་གསང་སྔགས་ཀྱི་ལྷ་རྣམས་ལ་བསྟོད་པ་རེ་མཛད་པས། ལ་


LR16_Page_418
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཉེས་ཏེ། ཆོས་ཀྱི་འབེལ་གཏམ་མང་པོ་མཛད་དེ་ཕྱག་མཛད། ཆོས་ཞུས་འགྱུར་མང་པོ་མཛད་དེ། ཁྱད་པར་དུ་ཡོ་ག་རྣམས་ཀུན་དགའ་སྙིང་པོའི་འགྲེལ་པ་དང་བསྟུན་ནས། དག་པར་བཅོས་ཏེ་དབང་བཀའ་དང་བཤད་སྒྲུབ་ཀྱི་མན་ངག་རྒྱ་ཆེར་སྤེལ་ལོ། །ཇོ་བོ་རྗེས་རིམ་གྱིས་དབུས་སུ་བྱོན་ཏེ། སློབ་མ་ཁུ་རྔོག་འབྲོལ་གསུམ་ལ་གདམས་པ་དང་ཆོས་མང་པོ་གནང་སྟེ། ཁྱད་པར་དུ་འབྲོམ་ལ་བཀའ་གདམས་ཀྱི་ཆོས་གནང་སྟེ་དར་བར་མཛད་དོ། །དེ་རྗེ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་ཀྱང། པཎྜི་ཏ་གྷ་ཡ་དྷ་ར་སྤྱན་དྲངས་ཏེ། གསེར་སྲང་ལྔ་བརྒྱ་ཕུལ་ཏེ། ཀྱཻ་རྡོ་རྗེ་གུར། སམ་བུ་ཌི། ར་ལི་དང། ཨ་ར་ལི་བཞི་ལ་སོགས་པ་དང། ལམ་འབྲས་བུ་དང་བཅས་པའི་ཆོས་བསྐོར་རྣམས་བསྒྱུར་རོ། །རྗེ་བཙུན་དམ་པ་སངས་རྒྱས་དང༌། ཞ་མ་སེདྒེའི་རྒྱལ་པོས་ཀྱང། ཞི་བྱེད། ཨ་ལི་ཀཱ་ལི་ལ་སོཊ་པ་རྟེན་འབྲེལ་གྱི་ཆོས་མང་པོ་བསྒྱུར་རོ། །དེ་རྗེས། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཀྱིས། རྒྱ་གར་དུ་ལན་གསུམ་བྱོན། བླ་མ་ནཱ་རོ། །མི་ཏྲི། ཞི་བ་བཟང་པོ། ཡེ་ཤེས་སྙིང་པོ། ཕམ་ཏིང་པ་ལ་སོགས་པ་བསྟེན་ནས། དཀའ་བ་མང་པོས་བླ་མ་མཉེས་པར་མཛད་དེ། གསང་འདུས། བདེ་མཆོག་ཀྱཻ་རྡོ་རྗེ། མ་ཧཱ་མ་ཡ། གདན་བཞི་ལ་སོགས་པ་མང་པོ་ཞུས་ཏེ། བཤད་རྒྱུད་དང། སྒྲུབ་རྒྱུད་ཀྱི་བསྟ་པ་དར་ཞིང་རྒྱསཔར་མཛད། དེ་ལ་བཤད་རྒྱུད་ཀྱི་དབང་དུ་བྱས་ན། གཞུང་གི་རྔོག་ཆོས་ཀྱི་རྡོ་རྗེ། སྟག་ཚལ་གྱི་མེས་པོ་ཚོམ་པོ། དོལ་གྱི་ཚུར་སྟོན་དབང་ངེ། ལྷོ་ལ་ཡག་མར་པ་མགོ་ལེགས་ལ་སོགས་པས་དར་ཞིང་རྒྱས་པར་མཛད། སྒྲུབ་བརྒྱུད་ཀྱི་དབང་དུ་བྱས་ན། རྗེ་མེ་


LR16_Page_419
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རས་པས། དཀའ་སྤྱད་དཔག་མེད་ཀྱི་ཞབས་ཏོག་གིས་བླ་མ་མཉེས་པར་མཛད་ནས་ཚིག་དོན་གྱི་བརྒྱུད་པ་བར་མ་ཆད་པའི་མན་ངག་འཆི་མེད་ཞལ་གྱི་བདུད་རྩི་མོས་གུས་མཐར་ཕྱིན་པའི་ལྗགས་ཀྱི་དབང་པོ་ལ་བརྡར་ནས། ཉམས་མྱོང་དང་མངོན་པར་རྟོགས་པ་བདེ་བ་ཆེན་པོ་ཕུལ་དུ་ཕྱིན་པས་སྐུ་རྒྱས་ཤིང། བརྩོན་འགྲུས་ཀྱི་ཤུགས་དྲག་པོས་དོན་གྱི་སྙིག་པོ་ཉམས་སུ་བླངས་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པས་བཀའ་བརྒྱུད་རིན་པོ་ཆེའི་བསྟནཔའི་ཉི་མ་དང་ཟླ་བ་ལྟར་གྲགས་པའི་བླ་མ་དེ་བཀའ་དྲིན་ཆེའོ། །དེའི་སློབ་མར་གྱུར་པ་ལ། ཐུགས་ཟིན་པའི་སྲས་བཞི། དེ་དང་ཉེ་བའི་སྲས་དྲུག་སྐུ་བགྲེས་ཁར་བྱོན་པའི་སྲས་རྒྱད་ལ་སོགས་པའི་ནང་ནས། རྗེ་སྒམ་པོ་བ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། སྙིགས་མ་ལྔ་བདོ་བའི་དུས་སུ། བྱང་ཕྱོགས་ཀྱི་རྒྱུད་དུ་དགེ་སློང་འཚོ་བྱེད་ཀྱི་མི་ཅན་འབྱུང་བར་འགྱུར་རོ་ཞེས་དང། ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར་ཞེས་ལུག་བསྟན་པ་དེས་བསྟནཔ་དར་ཞིག་རྒྱས་པར་བྱ་པ་ཡིན་ནོ། །ཁྱུང་པོ་རྣལ་འབྱོར་གྱིས་རྒྱ་གར་དུ་བྱོན་ནས། པཎྜི་ཏ་གྲུབ་པ་ཐོབ་པ་མང་པོ་དང་མཇལ་ནས་ཆོས་དང་གདམས་པ་མང་དུ་གསན། ཁྱད་པར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་གེས་གསང་ཡུམ་དང་མཇལ་ནས། ནི་གུའི་ཆོས་དྲུག་ལུག་མན་ངག་དང་བཅས་པ་ཞུས་ན་བརྒྱུད་པ་རིན་པོ་ཆེ་སྣ་བདུན་ལ་བརྒྱུད་དེ་གངས་ཅན་གྱི་ཁྲོད་འདིར་བསྟནཔ་རྒྱས་པར་མཛད་པ་ཡིན་ནོ། །གཞན་ཡང་མངའ་བདག་རྩེ་ལྡེས་ཀྱང་ཁ་ཆེ་ཛྙཱན་ཤྲཱི་སྤྱན་དྲང་ཏེ། ཁྱུང་པོ་ཆོས་བརྩོན་གྱིས་ལོ་ཙཱ་བྱས་ནས་རྒྱུད་སྡེ་རྩེ་མོ་དང། སྦྱོང་རྒྱུད་ཚད་མ་རྣམ་ངེས། དེའི་ཊཱིཀ་ཉིད་ཀྱིས་མཛད་པ་ལ་


LR16_Page_420
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བསྒྱུར་རོ། །རྩེ་ལྡེས་རྔོག་བློ་ལྡན་ཁ་ཆེར་བརྫངས་ནས། གཞན་ཕན་བཟག་པོ་དང་སྐལ་དན་རྒྱལ་པོ་ལས་ཚད་མ་བསླབས། བྲམ་ཟེ་སད་ཛྙཱན་དང། གོ་མི་མཆེད་ལ་སོག་སཔ་ལས་བྱམས་ཆོས་བརླབས། དབང་སྡེས་ཡོན་བདག་བྱས་ཏེ་ཚད་མ་རྒྱན་ལ་སོགས་པ་བསྒྱུར་རོ། །གཞན་ཡང་འགོས་ཁུག་པ་ལྷས་བཙས་ཀྱིས་རྒྱ་གར་དུ་ལན་གསུམ་ཕྱིན། པཎྜི་ཏ་ཞི་བ་བཟང་པོ་དང། སྒྲ་གཅན་འཛིན་བཟང་པོ་ལ་སོགས་པ་བསྟེན་ཏེ། གསང་འདུས་འཕགས་སྐོར། བདེ་མཆོག་རྡོ་རྗེ་མཁའ་འགྲོ་གདན་བཞི། མ་ཧཱ་མ་ཡ། ཀྱཻ་རྡོ་རྗེའི་རྒྱུད་གསུམ་ལ་སོགས་བསྒྱུར་རོ། །ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་པཎྜི་ཏ་ཁ་ཆེ་དགོན་པ་དང། ཏེ་ཛ་དེ་བ་དང། པ་ར་ཧེ་ཏ་བ་ཏྲ་ལ་སོགས་པ་བསྟེན་ནས་ཡོ་ག་དང། གཙུག་གཏོར་དང། ཕྱག་ན་རྡོ་རྗེ་འགྲོ་བང་གི་སྐོར་དང། རྣམ་ཐོས་སྲས་དང། སྤྱོད་འཇུག་གི་འགྲེལ་ཆེན་དང། བདེ་མཆོག་གི་སྐོར་ལ་སོགས་པ་བསྒྱུར་རོ། །བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་པཎྜི་ཏ་དོན་ཡོད་རྡོ་རྗེ་སྤྱན་དྲངས་ཏེ། དོན་ཞགས་དང། སྲུང་བ་ལྔ་དང། རྣམ་འཇོམས་ཀྱི་སྐོར་དང། བདེ་མཆོག་གི་སྐོར་དང། སྒྲུབ་ཐབས་བརྒྱ་རྩ་ལྔ་ལ་སོགས་པ་བསྒྱུར་པོ་སྤྱན་དྲངས་ཏེ། དུས་འཁོར་ཆ་ལག་རྒྱས་པ་དང། རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་བསྟོད་འགྲེལ་ལ་སོགས་པ་བསྒྱུར་རོ། །བ་རེག་ཐོས་པ་དགའ་དང། རྨ་བན་ཆོས་འབར་དང། མཚུར་བུ་ལོ་རྩ་བ་རྣམས་ཀྱིས་རྒྱ་གར་ཕྱག་ན་རྡོ་རྗེ་བསྟེན་ནས། ཕྱག་རྒྱ་ཆེན་པོ་གྲུབ་པའི་སྐོར་དང། སྙིང་པོའི་སྐོར་དང། དྷོ་ཧ་སྐོར།


LR16_Page_421
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། དྷ་ཧ་མཛོད། མི་ཏྲི་པའི་བདེ་མཆོག་ལ་སོགས་པ་བསྒྱུར་རོ། །དཔྱལ་ཀུན་དགའ་རྡོ་རྗེས་བལ་པོ་ཧ་དུ་དཀར་པོ་བསྟེན། པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་སྤྱན་དྲངས་ཏེ། མན་ངག་མང་པོ་ཞུས་སོ། །རཱ་རྡོ་རྗེ་གྲགས་ཀྱིས་བལ་པོ་ཐུགས་ཆེན་པོ་བསྟེན་ནས། དགྲ་ནག་འཇིགས་སྐོར་གསུམ་དང། ཧེ་རུ་ཀ་སྔོན་བྱུང་གི་རྒྱུད་ལ་སོགས་པ་བསྒྱུར་རོ། །དེའི་དབོན་རྭ་ཆོས་རབ་ཀྱིས་པཎྜི་ཏ་ས་མན་ཏ་ཤྲཱི་སྤྱན་དྲངས་ཏེ། དུས་འཁོར་ཕག་མོ་སྔོན་བྱུང་ལ་སོཊ་པ་བསྒྱུར་རོ། །ཞང་ཤེས་རབ་བླ་མས་ཀྱང་པཎྜི་ཏ་ཨ་མོ་སྔོན་བྱུང་ལ་སོཊ་པ་བསྒྱུར་རོ། །ཞང་ཤེས་རབ་བླ་མས་ཀྱང་པཎྜི་ཏ་ཨ་མོ་གྷ་མཛྲ་གདན་དྲངས་ཏེ་དགྲ་ནག་གི་སྐོར་རྒྱས་པར་བསྒྱུར་རོ། །རྒྱུད་སྨོན་ལམ་གྲགས་ཀྱིས་ཀྱང། པཎྜི་ཏ་གཞན་ལ་ཕན་པ་ལ་བསྟེན་ཏེ། སྡོམ་འབྱུང་བསྒྱུར་རོ། །དཔྱལ་ཆོས་ཀྱི་བཟང་པོས། རྒྱ་གར་དུ་ལོ་བཅུ་གསུམ་བཞུགས། །བླ་མ་རྡོ་རྗེ་གདན་པ་ནིཥྐ་ལམ་ཀ་ལ། བདེ་མཆོག་དང། གཤིན་རྗེ་གཤེད་དམར་པོའི་སྐོར་རྣམས་མང་དུ་ཞུས་ཏེ་བསྒྱུར། ཁ་ཆེ་ཤཱཀྱ་ཤྲཱི་ལ་དགེ་ཚུལ་བྱས་སོ། །ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཐོག་མར་ཐཱི་ལ་དགེ་ཚུལ་བྱས་སོ། །ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཐོག་མར་ཤྲཱི་ཛ་ག་ཏ་མི་ཏྲ་མི་ཏྲ་ཨ་ནན་ཏ་ཞེས་པ། མི་ཏྲ་ཛོ་ཀི་ཞེས་གྲགས་པ་སྤྱན་དྲངས་ཏེ། བདེ་ཆེན་རལ་གཅིག་གི་སྐོར་དང། སེམས་ཉིད་ངལ་གསོའི་སྐོར་དང། བསྟན་པའི་གྲུ་ལ་གཅིག་གི་སྐོར་དང། སེམས་ཉིད་ངལ་གསོའི་སྐོར་དང། བསྟན་པའི་གྲུ་ལ་སོགས་པ་བསྒྱུར་རོ། །དེ་ནས་ཁ་ཆེའི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱན་སྤྱན་དྲངས་ཏེ། མངོན་རྟོགས་རྒྱན་གྱི་འགྲེལ་པ། ཤེས་རབ་སྒྲོལ་མ་དང། རྒྱལ་བའི་ལམ་འཇུག་དང། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར་རོ། །དེ་ནས་ཁ་ཆེ་ཤཱཀྱ་ཤྲཱི་བྷ་དྲ་སྤྱན་དྲངས་ཏེ། དཔྱལ་ཆོས་བཟང་གིས་ནཱ་རོ་འགྲེལ་ཆེན་བསྒྱུར་ཏེ། དེའི་བཤད་བཀའ་མན་ངག་དང་བཅས་པ་གནང་པཎྜི་


LR16_Page_422
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་དེ་ལ་འཁོར་པན་ཆུང། བི་བྷུ་ཏི་ཙནྡྲ་དང། དྷ་ན་ཤཱི་ལ་དང༌། བལ་པོ་སང་གི་ཤྲཱི་དང། སུ་ག་ཏཱ་ཤྲཱི་ལ་སོགས་པ་དགུ་བྱོན་ཏེ། བི་སུ་ཏི་དང། དྷ་ན་ཤྲཱི་ལ་སོགས་པས་བོད་དུ་ཡུན་རིང་དུ་བཞུགས་ཏེ་རང་འགྱུར་ཡང་མཛད་དོ། །བྱམས་པའི་དཔལ་གྱིས་འདུལ་བ་མེ་ཏོག་ཕྲེང་རྒྱུད་བསྒྱུར་ཏེ་དེའི་བཤད་ཀའ་ནོད། རོད་རྗེ་འཕྲེང་བ་དང། བདེ་མཆོག་ལ་སོགས་པ་བསྒྱུར་རོ། །ཁ་ཆེ་པཎ་ཆེན་དེ་ལ་ས་སྐྱ་པཎྜིའི་ཏས་བསྙེན་རྫོགས་བྱས་ནས། བལ་པོ་སང་ག་ཤྲཱི་དང་བཅས་པ་ལ་སྒྲ་བསླབས་ཏེ། པཎ་ཆེན་དང་དྷ་ན་ཤྲཱི་ལ་ལ་རྣམ་འགྲེལ་བསླབས། འགྱུར་བཅོས་མང་དུ་བྱས་ཏེ་མཁས་པ་ཆེན་པོར་གྱུར་ནས། ཆོས་མ་དག་པ་རྣམས་སུན་འཕྱུང་ངོ་། །ཁ་ཆེ་པཎ་ཆེན་ལ་བྱང་ཆུབ་དཔལ་དང། རྡོ་རྗེ་དཔལ་གཉིས་ཀྱིས་བསྙེན་རྫོགས་བྱས་ཏེ་གདན་གཅིག་པའི་བརྟུལ་ཞུགས་བཟུང་ངོ༌། །དེ་ནས་བརྒྱུད་དེ་པཎ་ཆེན་ལ་བྱང་ཆུབ་དཔལ་དང། རྡོ་རྗེ་དཔལ་གཉིས་ཀྱིས་བསྙེན་རྫོགས་བྱས་ཏེ་གདན་གཅིག་པའི་བརྡུལ་ཞུགས་བཟུང་ངོ༌། །དེ་ནས་བརྒྱུད་དེ་པཎ་ཆེན་གྱི་མཁས་བརྒྱུད་ཀྱི་བསླབ་པ་འཛིན་པ་མང་པོ་བྱུང་ངོ་། །གཞན་ཡང་ཆག་ལོ་ཙྭ་བ། ཤོང་ལོ་ཙཱ་བ། སྨྱོས་ལོ་ཙྭ་བ་སོགས་མང་དུ་བྱུང་ནས། བཀའ་དང་བསྟན་བཅོས། རྒྱུད་དང་མན་ངག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་བར་འདུག་པ་གསར་མའི་འགྱུར་བྱང་དང། རང་རང་གི་རྣམ་པར་ཐར་བ་ལས་འབྱུང་བས་ཤེས་པར་བྱའོ། །ཟུར་ལ་བབས་པའི་ཚུལ། གསུམ་པ་ཐ་མ་ཟུར་ལ་བབས་པ་ནི། དེ་ཡང་ཟུར་པ་གསུམ་པོ་ནི། །མངའ་བདག་མེས་དབོན་གསུམ་དང། ཚུལ་མཐུན་ཏེ། ཟུར་པོ་ཆེ་ཤཱཀྱ་


LR16_Page_423
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་དང། ཟུར་ཆུང་ཤེས་རབ་གྲགས་པ་དང། ཟུར་ཤཱཀྱ་སེདྒེ་དང་གསུམ་གྱི་སྐུ་རིང་ལ། ཕྱི་དར་གྱི་དུས་འདིར་གསང་སྔགས་ཀྱི་བསྟན་པ་དབུ་བརྙེས་པ་དང། ཕྱི་དར་གྱི་དུས་འདིར་གསང་སྔགས་ཀྱི་བསྟན་པ་དབུ་བརྙེས་པ་དང། སྲོལ་གཏོད་པ་དང། དར་ཞིང་རྒྱས་པར་མཛད་པ་ཡིན་ནོ། །དེ་ལ་ལྷ་རྗེ་ཟུར་པོ་ཆེས་གསང་སྔགས་ཀྱིས་བསྟན་པ་ཉམས་དམས་ཤེང་འཐོར་བར་གྱུར་པ་དེ་དག་བསྡུས་ནས་ལེགས་པར་བསྡེབས་ཤིང་སོ་སོར་ཕྱེས་ནས་མི་ནུབ་པར་བྱ་བའི་ཕྱིར། བླ་མ་མཁས་པ་མང་པོའི་ཞབས་དྲུང་དུ་གཏུགས་ནས། ཉིད་དང་གཞན་སྨིན་པའི་འཕྲིན་ལས་རྒྱ་མཚོ་ཆེན་པོ་མཛད་དེ། བདེ་གཤེགས་ཟུར་པོ་ཆེ་དེས། སྤྱིར་བླ་མ་མང་པོ་ལ་ཐུགས་ཀྱང། འཁྱར་ནག་ཚལ་པ་སྒྲིལ་གསུམ་གྱི་སློབ་དཔོན་བྱ་བ་ཡོད་དེ། ཆོས་ལུང་གི་མྱང་ཡེ་ཤེས་འབྱུང་གནས་དང། དེག་གོང་གི་ལྕེ་ཤཱཀྱ་མཆོག་ཡུལ་གསར་གྱི་གཉེན་ནག་དབང་གྲགས་སོགས་སོ། །ཆོས་ཞུས་ལུགས་ནི། ཉང་ལ་སྒྱུ་འཕྲུལ་དང་སེམས་མཆོག་ཞུས་སོ། །ལྕེ་ལ་བདུད་རྩི་ཞུས། གཉན་ལ་གསང་དབང་དང་ཐབས་ལམ་ཞུས་སོ། །ལྕེ་ལ་བདུད་རྩི་ཞུས། གཉན་ལ་གསང་དབང་དང་ཐབས་ལམ་ཞུས་སོ། །གཞན་ཡང་ཐོད་དཀར་ནམ་མཁའ་ལྡེ་དང། ཞུ་བསོད་ཤཱཀ་ལ། མདོ་དང་སྤར་ཁབ་ཞུས། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལ། ཀ་དག་དང་ལྷུན་གྲུབ་ཏུ་བཤད་པ་དང། ལམ་རིན་ཆེན་མོ་ལ་སོགས་པ་ཞུས། བསམ་ཡས་མཆིམས་ཕུའི་རོག་ཤཱཀྱ་འབྱུང་གནས་ལ་ཡང་དག་ཞུས་སོ། །དེ་ལ་སོགས་པའི་མཁས་པ་མང་པོ་གཏུགས་ནས། རྩ་བརྒྱུད་དང་བཤད་རྒྱུད་དུ་བསྡེབས། རྩ་བ་དང་འགྲེལ་པར་བསྡེབས། སྒྲུབ་ཐབས་དང་ཆོག་ཡིག་ལ་སོགས་པར་བསྒྱུར་ནས་འབངས་རྩེ་མོ་བཞི། ལྐོག་དང་ལྔ། སྒོམ་ཅེན་བརྒྱ་རྩ་བརྒྱད་ལ་སོགས་པ་གསུངས་སོ། ། །རྩེ་མོ་བཞི་


LR16_Page_424
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ར་སའི་ཞང་མགོས་ཆུང་པ་མཁྱེན་རྒྱའི་རྩེ་མོ། །ཤངས་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་སྒོམ་སྒྲུབ་ཀྱི་རྩེ་མོ། །པན་གྱི་མི་ཉག་འབྱུང་གྲགས་བཤད་པའི་རྩེ་མོ། །ཐག་གི་བདེ་གཤེགས་རྒྱ་བོ་ལྟ་དགོངས་ཀྱི་རྩེ་མོའོ། །དེ་ལྟར་བླ་མ་ཟུར་པོ་ཆེ་སྐུ་བསོད་བདོ་བའི་དུས་ན། དབུས་གཙང་ཁམས་གསུམ་གྱི་བུ་སློབ་དའུས་པ་ནི་བསམ་གྱིས་མི་ཁྱབ་བོ། །ཐུགས་དམ་གྱི་རྟེན་དུ་སྲམ་པ་ནི་སྒྲུབ་ཁང་གི་ལྷ་ཁང། འུག་པ་ལུང་གི་ལྷ་ཁང། ཉ་རི་སྒྲོ་ཕུག་གི་ལྷ་ཁང་རྣམས་བཞེངས་སོ། །དེ་ཡང་སྒྲོ་ཕུག་གི་གཙང་ཁང་འབྱོངས། །ལྷ་རྣམས་ཀྱི་སྐྱ་བཟོ་ཚར་པ་ལ། ཟུར་པོ་ཆེ་སྐུ་གཤེཊ་ཏེ། ཕྱག་རྗེས་རྣམས་ཐུགས་སྲས་རྩེ་མོ་བཞིའི་ནང་ནས། མཆོག་ཏུ་གྱུར་པ། ཟུར་ཆུང་ཤེས་རབ་གྲགས་པ་ལ་གཏད། སྤྱིར་ཡང་ཟུར་ཆུང་པ་འདི། བདེ་གཤེགས་ཟུར་པོ་ཆེའི་དགོངས་པ་ཇི་ལྟ་བ་བཞིན་ལོན་པས་མཁྱེན་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་བ། ཆོས་ཀྱི་དོན་ལ་བློ་གྲོས་ཀྱི་སྤོབས་པ་མཆོག་དང་ལྡན་པ་ལགས་སོ། །དེ་ཡང་གཡས་རུ་ཁང་ཁྲི་ལྷ་ན་ཉན་བཤད་སྐྱོང་བི་དུས་སུ། གྲྭ་པ་རྣམས་གོ་མ་ཆོད་མི་གསུམ་ལ་གཏད་ནས། ཁྱེད་ཚོས་ཉན་བཤད་ཀྱིས་བསྟནཔ་སྐྱོངས་ཤིག་ང་སྒོམ་སྒྲུབ་ལ་འགྲོ་གསུངས་ནས། གསང་བ་སྒྱུ་འཕྲུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཤིག་ལ་ཕྱག་ལེན་མཛད་ནས་བསྒྲུབས་པས། རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཏེ། གཡས་རུ་ཐག་གི་ལུང་པ་ཐམས་ཅད་རྡོ་རྗེ་སེམས་དཔས་ཁེངས་པ་བྱུང། སྣང་བ་ཟད་བར་གྱི་སྐྱེ་མཆེད་བརྙེས་ཤིང་ཅིར་


LR16_Page_425
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་ལམ་གསལ་བ་བྱུང། དེ་དག་ཀྱང་བཟང་རྟོག་གི་མཐུ་བལྟས་པ་ཡིན། ཡང་དག་པར་གཏད་པ་ཅི་ཡང་མེད་སྙམ་དུ་དགོངས་ནས། བསམ་གཏན་གྱི་ཁུང་བུར་རྫོགས་པ་ཆེནཔོ་རྩོལ་བྲལ་གྱི་ངང་ལ་བཞུགས་པས། རྫོགས་པ་ཆེནཔོ་རང་སྣང་རིས་མེད་ཀྱི་དགོངས་པ་སར་ཏེ་ས་རྡོ་དང་རི་བྲག་ཐམས་ཅད་ལ་ཐོཊ་པ་མེད་པར་འགྲོ་བ་བྱུང་ངོ༌། །དེར་བྲག་རྒྱ་བོར་ལོ་རིམ་པོ་བཅུ་གསུམ། ཡལ་ཡོལ་གཅིག་དང་བཅུ་བཞི་བཞུགས་སོ། །དེ་ལ་སློབ་མ་ཀ་བ་བཞི། གདུང་མ་བརྒྱད། གདུང་ཕྲན་སུམ་ཅུ་རྩ་གཉིས། ཡུས་པོ་ཆེའི་མི་གཉིས་ལ་སོགས་པ་མང་དུ་བྱུང་ངོ་། །དེ་ཡང་ཀ་བ་བཞི་པོ་འདི། དང་པོ་དགེ་བཤེས་ཁྱུང་པོ་གྲགས་སེའི་གྲྭ་པ་ལགས་ཏེ། མཚན་ཉིད་པ་ཆེན་པོ་ཤིན་ཏུ་མཁས་པ་ཡིན་པ་ལ། ཡུལ་གཙང་གི་ཤབ་ཏུ་ཕྱུག་པོ་ཞིག་གིས་ཁྱུང་པོ་གྲགས་སེ་དང། ཟུར་ཆུང་པ་གཉིས་ལ་ཆོས་འཁོར་བཙུགས་པས། ཁྱུང་པོ་དེ་ཕྲག་དོག་ཅིང་ཟུར་ལ་མི་དགའ་བས། ཟུར་ཆུང་ལ་བརྔན་བགྲངས་པ། སྔགས་པ་བ་གླང་ནང་སྲེག་གི་ཟུར་ཆུང་ཤེས་རབ་གྲགས་པ་ཁོ་ན་འདྲ་བའི་ལོག་པར་འདྲེན་པའི་སྟོན་པ་འདི་བསད་ན་འཚང་རྒྱ་སྟེ། གཏན་ཚིགས་ཅིའི་ཕྱིར་ན། སེམས་ཅན་གྱི་དོན་དུ་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མཐུན་པར་འགྱུར་ན་བཀག་པ་རྣམས་ཀྱང་གནང་བའི་ཕྱིར་རོ་ཟེར་སྐད། དེ་ཙ་ན་སྐྱོ་མ་ཐོག་མདའ་ཏིག་ཀྱང་ཟེར་གཉིས་གླེན་ཡང་ཁྱོད་གཉིས། དེ་རྣམས་ཁྱུང་པོའི་ཆོས་མཁས་ཤོས་ཡིན་པས་ཁྱུང་པོའི་ཞལ་ནས། ཁྱེད་བཞི་པོས་བ་གླང་དེ་སུན་ཕྱུང་ལ་ཤོག་གསུངས་ནས། བཞི་པོས་ཟུར་ཆུང་གི་སྤྱན་སྔར་ཕྱིན་


LR16_Page_426
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྡད་ཀྱེན་དྲིས་པས། ཐམས་ཅད་ལ་སྤོབས་པ་ལན་མེད་དུ་གྱུར་ཏེ། དེར་ཁོང་རྣམས་ན་རེ། ཐེག་པ་ཆེན་པོའི་ཆོས་ཕྱིན་ཅི་མ་ལོག་པ་རྟོགས་པ། རིག་པ་དང་སྤོབས་པར་ལྡན་པ་འདི་འདྲ་བའི་བཤེས་གཉེན་གང་ནས་ཀྱང་མི་རྙེད་པས། འོན་ཀྱང་ད་ལྟ་དངོས་སུ་ཕྱིན་ན་སློབ་དཔོན་མི་དཡེས་སུ་འོང་པས། སང་ཕོད་ཐབས་ལེགས་ཀྱིས་སློབ་དཔོན་དང་བྲལ་ནས། ཟུར་ཆུང་གི་ཞབས་དྲུང་དུ་མི་འདུག་རེ་མནའ་ཐོ་གྱིས་ཟེར་ནས་མནའ་ཐོས་བཅད། དམ་བཅས་ནས་སང་ཕོད་ལྷ་རྗེའི་སྤྱན་སྔར་བྱུང་བས། དེ་རྣམས་ལ་ཀ་བ་བཞི་བྱུང་བ་ཡིན་ནོ། །དེ་ཡང་ཀ་བ་བཞི་ལ། གོང་བུའི་སྐྱོན་སྟོན་ཤཱཀ་བ་བཞི་བྱུང་བ་ཡིན་ནོ། །དེ་ཡང་ཀ་བ་བཞི་ལ། གོང་བུའི་སྐྱོན་སྟོན་ཤཱཀ་ཡེས་རྫོགས་ཆེན་གྱི་ཀ་བ། ནག་མོ་རི་གསེབ་ཀྱི་མདའ་ཏིག་ཆོས་ཤཱ་ཀ་འཕྲིན་གྲུབ་ཀྱི་ཀ་བ། སྐྱེད་ལུང་གི་ཡང་ཁྱེང་བླ་མ་མདོའྀ་ཀ་བ། ཆུ་བར་གྱི་གླེན་ཤཱཀཡབཟང་པོ་སྒྱུ་འཕྲུལ་གྱི་ཀ་བའོ། །གདུང་མ་བརྒྱད་ལ་སྣ་ནམ་གྱི་གནུབས་སྟོན་བག་མ། ཆུ་སྒོའི་མ་ཐོག་གི་བྱུང་འབར། ནེ་སེར་གྱི་སྐྱ་ཆོས་སེང། དབུས་པ་ས་མཐོ་ར། རྩེ་ཕྲོམ་བྱང་དཔལ། བྱང་པ་ཟླ་གྲགས། བཙགས་བླ་མ། གླེན་ཉལ་ཚལ་པའོ། །ཡང་མ་ཐོག་བྱང་འབར་ཀ་བ་ལ་བྱས་ནས། མདའ་ཏིག་ཆོས་ཤཱཀ་གདུང་མར་བྱས་པ་ཡང་ཡོད་དོ། །ཡུས་པོ་ཆེ་མི་གཉིས་ནི། སྦ་སྒོམ་རི་པ་དང། བོན་སྒོམ་དེ་པའོ། །དེ་ལྟར་ལྷ་རྗེ་རྒྱ་བོ་ལ་སྐུ་བསོད་བདོ་བའི་དུས་སུ། བོད་ཀྱི་སྔགས་པ་ཚོགས་ཚད་ཀྱིས་ཕྱག་མི་བྱེད་པ་དང། གྲལ་འགོ་ལ་སུ་ཡང་འགྲོ་བ་མེད་པ་ལ། དགེ་བཤེས་འགོས་ཁུག་པ་ལྷས་བཙན་ན་ཏེ། གསའ་བ་བ་རྣམས་ལ་ངེད་རང་ཚོས་ཁོ་ལ་ཕྱག་འཚལ་དོན་ཡང་མེད། གྲལ་གཤམ་ལ་བསྒྲིག་དོན་ཡང་མེད་པས། ངེད་རང་ཚོ་ཁྲིམས་གྱིས་ཤིག་གསུངས་


LR16_Page_427
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ལྟར་ཁྲིམས་ཅས་པ་ལ། ནམ་ཞིག་ན་ཤངས་སུ་སྟོན་མོ་ཆེན་པོ་བྱུང་པའི་ཚེ། སྔགས་པ་ཐམས་ཅད་ཚོགས་ནས། ལྷ་རྗེ་གྲལ་གོང་ནས་བཞུགས་པའི་སྤྱན་སྔར་དགེ་བཤེས་འགོས་བྱོན་ནས་ཕྱག་མཛད་ཀྱིན་འདུག་གོ །དེས་ཁོང་གཞན་རྣམས་ཀྱིས་ཕྱག་བྱས་ཏེ། སྟོན་མོ་གྱེས་པའི་ཚེ། ཁོང་རྣམས་ཀྱིས་ཟུར་ཆུང་པ་ལ་ཕྱག་མི་བྱེད་གསུངས་ནས། ཁྱེད་རང་མཛད་པ་ཇི་ལགས་ཞུས་པས། ཁོང་གི་དྲུང་དུ་ཕྱིན་ཙ་ན། བཅོམ་ལྡན་འདས་དཔལ་ཆེན་པོ་འམ་དེ་འདི་ཀ་ཡིན་པར་འདུག་སྙམ་པ་ལས། མིན་སྙམ་པའི་འདུ་ཤེས་མི་སྐྱེ་བར་འདུག་གསུངས་སོ། །བླ་མ་ཟུར་ཆུང་པས་ཐུགས་དམ་གྱི་རྟེན་དུ། ཐག་གི་སྒྲུབ་ཁང་དང། རིགས་ལྔ་ཁང་གཉིས་བཞེངས། བཤོས་ལྷག་ལ་ཙན་དན་དཀར་པོའི་སྡོང་པོ་ཞིག་སྐྱེས་པ་ལ་སོགས་པའི་གྲུབ་རྟགས་ངོ་མཚར་ཅན་མང་དུ་བྱུང། འདི་དག་ལ་རྒྱས་པར་ཟུར་གྱི་རྣམ་ཐར་ཆེན་མོ་ན་གསལ་ལོ། །དུས་མཚུངས་རྩིས་ན་ལོ་ཙཱ་བ་རིན་ཆེན་བཟང་པོ། འབྲོག་མི་ལོ་ཙཱ། བླ་མ་མར་པ། འགོས་ལོ་ཙཱ་བ་རྣམས་རིམ་གྱིས་བྱུང་ནི་ཟུར་ཆུང་པའི་སྐུ་ཚེའི་སྨད་ལ་བྱུང་བ་ཡིན་ནོ། །ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་བདེ་གཤེགས་རྒྱའོ་ལ། སྐུའི་སྲས་ལྕམ་དྲལ་གསུམ་བྱུང་བ་ཡིན་ཏེ། དེ་ཡང་སྔ་ཚར་ཕྱི་ཚར་གཉིས་ལས། ཇོ་མོ་སྔ་མ་རྩགས་མོ་དྷརྨ་བོ་དྷིལ། རྩགས་ཚ་ལྕམ་དྲལ་གཉིས་འཁྲུངས་ཏེ། ཇོ་མོ་སྔ་མ་རྩགས་མོ་དྷརྨ་བོ་དྷི་ལ། རྩགས་ཚ་ལྕམ་དྲལ་གཉིས་འཁྲུངས་ཏེ། ཇོ་བཙུན་རྡོ་རྗེ་འབར་དང། ཇོ་སྲ་མོ་ཤཱཀྱ་ལྕམ་མོ། །ཕྱི་ཚར་རྗེ་སྒྲོ་ཕུག་པ་ཆེན་པོའི་ཡུམ་ནི། ཇོ་སྲས་མོ་མདའ་མོ་གཙུག་ཏོར་ལྕམ་བྱ་བ། མདའ་ཏིག་ཇོ་ཤཱཀ་ཀྱི་ལྕམ་མོ་ཡིན་ཏེ། དང་པོ་


LR16_Page_428
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཇོ་མོར་བཞེས་པ་མིན། གྲྭ་ས་ན་ཆོས་མཉན་ཅིང་ཡོད་པ་ཇོ་མོར་སོང་ནས་གྲྭ་པ་རྣམས་ལ་ཅུང་ཟད་སྡང་བར་བྱུང་ནས། ཐམས་ཅད་གྲོས་བྱས་ནས་འདོན་པར་བྱུང་བ་ལ། སྐྱོན་སྟོན་ཤཱཀ་ཡེས་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་གཅིག་འདུག་པ་རྨིས་པས། གལ་ཏེ་སྲས་འདྲ་བ་མཐོང་ན་འུ་ཅག་རྣམས་ལ་ཕན་ཐོགས་པ་འོང་ཉེན་ཆེ་བས་བཞག་གསུངས་སྐད། དེ་མ་བཏོན་པར་བཞག་པས། ལྷ་རྗེ་ཆེན་པོ་སྒྲོ་ཕུག་པ་སྐུ་འཁྲུངས་སོ། །ཡབ་ཀྱི་ཞལ་ནས་སྐྱོ་སྟོན་ཤཱཀ་ཡེས་ལ་རྨི་ལྟས་ཀྱང་བཟང། ངའི་བུ་འདི་བསྟན་པའི་གཙོ་བོ་དང་ཚུལ་མཐུན་པ་འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་བར་འདུག་པས་མིང་ཡང་ཤཱཀྱ་སེདྒེར་ཐོགས་གསུངས། ཡུམ་གྱི་ཞལ་ནས། མིག་རྩུངས་གྲུང། ཧོར་གྱི་མིག་འདྲ་བ་ཤིན་ཏུ་གྲུང་པ་ཞིག་ཡོང་བར་འདུག་པས། མིང་ཡང་ཧོར་པོར་ཐོགས་གསུངས། དེ་ལྟར་བཏགས་པས་ཟུར་ཤཱཀྱ་སེདྒེ་ཞེས་པ་དང། མདའ་ཚ་ཧོར་པོ་ཞེས་གྲགས་པ་ཡིན་ནོ། །དེ་ཡང་ལྷ་རྗེ་སྒྲོ་ཕུག་པ་ཆེན་པོ་ཟླ་བ་བཟང། ཇོ་བཙུན་རྡོ་རྗེ་འབར་གྱི་ལོ་བརྒྱད། ཇོ་སྲས་མོ་ཤཱཀྱ་ལྕམ་མོ་ལོ་བཅུ་གཉིས་ལོན་པ་ལ་བདེ་གཤེགས་རྒྱ་བོ་པ་དྲུག་ཅུ་རྩ་གཅིག་ལ་སྐུ་གཤེགས་སོ། །ལྷ་རྗེ་སྒྲོ་ཕུག་པ་ཆེན་པོ་ནི་ཡུམ་དང་ཞང་པོས་བསྐྱངས་ནས་མདའ་ཕུར་ལོ་བཅོ་ལྔ་བཞུགས་སོ། །དེ་ནས་ཆུ་བར་དུ་གླེན་གྱི་སར་བྱོན། ཆོས་མང་དུ་གསན། དེ་ནས་སྐྱིད་ལུང་དུ་ཡང་ཁྱེང་གི་སར་བྱོན་ནས། དེ་ལྟར་གསུམ་ལ་ཆོས་གསན་ནས། དགུང་ལོ་བཅུ་དགུ་ལ་ཆེ་འདོན་མཛད་ནས་སྐུའི་བསོད་ནམས་རྒྱས་ཏེ་སློབ་གཉེར་བྱེད་པའི་སྐབས་མ་བྱུང་པ་ལ། སྐབས་བཙལ་ནས་གོང་བུར་སྐྱོའི་སར་ལོ་


LR16_Page_429
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱོན། དེ་ནས་སྐུ་བསོད་རྒྱས་པས་གཞན་དུ་བཞུད་པའི་སྐབས་མ་བྱུང་ནས། བླ་མ་མཁས་པ་དག་ཚུར་གདན་དྲངས་ཤིང། དགེ་བཤེས་གོ་རྟོག་མཛད་དེ་སློབ་གཉེར་རྣམས་རྫོགས་པར་མཛད་དོ། །དེ་ནས་ཀ་བ་བཞི་ལ་མདོ་འཕྲུལ་སེམས་ཕྱོགས་གསུམ་གྱི་མན་ངག་འཕྲིན་སྒྲུབ་ཕྱག་བཞེས་དང་བཅས་པ་གསན། དེ་ལྟར་མཁས་པ་མང་པོ་ལ་གསན་ནས་ཐོས་བསམ་གྱི་བགྲོ་འདོགས་ཆོད་པར་མཛད་དོ། །སྤྱིར་ལྷ་རྗེ་ཕུག་པ་འདི་བཅོམ་ལྡན་འདས་གསང་བའི་བདག་པོའི་སྤྲུལ་པ་ཡིན་ནོ་ཞེས་གྲགས་ལ། བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ལ་བྱོན་ནས་གདུལ་བྱའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང། སློབ་མ་དགེ་བའི་བཤེས་གཉེན་མང་པོ་གྲྭ་ས་འཛིན་ཅིང་བསྟན་པ་རྒྱས་པ། གདུགས་ཐོགས་སྟོང་ཐོན་ནས། བཀའ་བསྐྱེད་རྫོགས་གསུམ་གྱི་གསང་སྔགས་ཀྱི་བསྟན་པ་འདི་དར་ཞིང་རྒྱས་པར་མཛད་དེ་ཉི་ཟླ་ལྟར་དུ་གྲགས་པ་ཡིན་ནོ། །དེ་དག་གི་ནང་ནས་ཐུགས་ཟིན་པའི་སློབ་མ་བཞི་གསུམ་བཅུ་གཉིས་བྱུང་བ་ལ། ནག་པོ་བཞི། སྟོན་པ་བཞི། མེས་བཞི་་རྣམས་བྱུང་སྟེ། དེ་ལ་ནག་པོ་བཞི་ནི། ཟུར་ནག་འཁོར་ལོ། །རྒྱ་ནག་དཀྱིལ་མཁར་བ། མྱང་ནག་རྡོ་རྗེ། ལྕེ་ནག་སད་སེང་ངོ་། །སྟོན་པ་བཞི་ནི། གཙང་པོ་བྱི་སྟོན། གཙང་ནག་ཧོར་པོ། ཡོང་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་ངོ་། །དེ་ལྟར་གསང་བདག་སྒྲོ་ཕུག་པ་ཆེན་པོ་དེ་མཁས་ཤིང་གྲུབ་པ་བརྙེས་ནས། རྫུ་འཕྲུལ་དུ་མ་བསྟན་པའི་ལོ་རྒྱུས་པར་འདུག་སྟེ་མ་


LR16_Page_430
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་སོ། །དེ་ཡང་དྲུག་ཅུ་རྩ་གཅིག་ལ་གཤེགས་སོ། །དེ་ལྟར་ཟུ་མེས་དབོན་གསུམ་གྱི་བཀའ་དྲིན་ལ་བརྟེན་ནས། ད་ལྟའི་དུས་ཡན་དུ་ནང་པོ་བཀའ་བསྐྱེད་རྫོགས་གསུམ་གྱི་བདང་བཤད་སྒྲུབ་གསུམ་གྱི་བཀའ་དང་ཕྱག་ལེན་གྱི་སྲོལ་ཁ་མ་ཉམས་པར་དར་ཞིང་རྒྱསཔར་བཞུགས་པ་ཡིན་ནོ། །རྒྱས་པར་རང་རང་གི་བརྒྱུད་ཁུངས་ཀྱི་རྣམ་ཐར་རྣམས་ན་གསལ་ལོ། །གསང་སྔགས་རྙིང་མ་རྒྱ་གར་ཡུལ་དུ་བཞུགས་མིན་སོགས་ཀྱི་སྐོར། ཡང་སྙིགས་མའི་དུས་འདིར་གདུལ་བྱ་སྐལ་བ་དམན་པ། བསོད་ནམས་ཆུང་བ། བདུད་ཀྱིས་བྱིན་གྱིས་བརླབས་པ། མཁས་པར་རློམ་པའི་ང་རྒྱལ་ཅན། རྟོག་གེ་དང་ཐ་སྙད་ཀྱི་རྗེས་སུ་འབྲེངས་ནས་ཡང་དག་པའི་ངེས་ལུང་ལ་སྐུར་བ་འདེབས་ཤིང། ལོག་སྲེད་ཅན། རྟེན་ཡོངས་སུ་མྱ་ངན་ལས་འདའ་མི་སྲིད་པའི་གང་ཟག་ཁག་ཅིག་ན་རེ། སྤྱིར་གསང་སྔགས་རྙིང་མ་ཞེས་བྱ་བ་རྒྱ་གར་གྱི་ཡུལ་ན་མི་འདུག་ཁྱད་པར་གསང་བའི་སྙིང་པོ་ལ་ལོག་པའིསཀཡོན་བཞི་ལ་སོགས་པ་ཡོད་ཟེར་ནས། ཕྱིན་ཅི་ལོག་གི་བསྟན་བཅོས་དང་འབྱམས་ཡིག་ལ་སོགས་པ་མང་དུ་བཟོས་འདུག་པ། དེ་དག་ཀུན་གྱི་ལན་སྨྲས་པ། རྒྱ་གར་གྱི་ཡུལ་ན་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ཞེས་པ་མ་གཏོགས། སྔགས་གསར་རྙིང་གཉིས་སུ་ཕྱེ་བ་མེད་ལ། བོད་དུ་བསྟན་པ་འགྱུར་སྔ་ཕྱིར་མིང་དུ་བཏགས་པ་ཡིན་མོད། ཁྱད་པར་འགོས་ལོ་ཙཱ་བ་ལ་སོགས་པས་རྒྱ་གར་དུ་ཕྱིན་ནས། རྙིང་


LR16_Page_431
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆོས་བཙལ་བས་མ་རྙེད་ཟེར་བར་འདུག་པ། སྤྱིར་ཡང་རྒྱ་གར་ནས་བོད་དུ་འགྱུར་ཚད་ཀྱི་ཆོས་ཀྱི་མ་དཔེ་དང། བཀའ་སྲོལ་མ་ཉམས་པར་དིང་སང་གི་བར་དུ་ཡོད་པའི་ཁྱབ་པ་མེད་ལ། ཁྱད་པར་གསང་སྔགས་ཟབ་མོ་ལ་མི་མོས་ཤིང། སྐུར་པ་འདེབས་པ་རྣམས་ཀྱིས་བཙལ་བས་རྙེད་པ་དང་མཇལ་བའི་སྐལ་བ་མེད་ཅིང། ན་རག་དོང་སྤྲུགས་ལས་ཀྱང། འདི་ལྟ་བུའི་བཀའ་ཟབ་མོ་འདི་ནི། ཐོས་པར་ཡང་དཀའ་ན། སྒོམ་ཞིང། སྒྲུབ་པ་དང། རྟོགས་པར་ལྟ་མོས་ཀྱང་ཅི་དགོས་ཏེ། འདི་ལྟ་བུའི་བཀའ་ཟབ་མོ་འདི་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྦྱངས་སྦྱངས་པའི་ལས་འཕྲོ་དང། སྐལ་པར་ལྡན་པ་འགའ་དང་འགའི་སྤྱོད་ཡུལ་ཡིན་ཏེ། གང་རུང་རུང་གི་ཐུན་མོང་མ་ཡིན་ནོ། །ཞེས་པས། སྤྱིར་ཡང་གསང་སྔགས་ཀྱི་ཆོས་ཐམས་ཅད་མཁའ་འགྲོ་མའི་ཕྱག་ན་ཡོད་ལ། མཁས་པ་པཎྜི་ཏ་རྣམས་ཀྱི་ཐུགས་ལ་གབ་ཅིང་མནོག་ཆོས་སུ་མཛད་པ་མ་གཏོགས། ཚོགས་ཆོས་སུ་གདུངས་པ་ནི་ཆེར་མེད། །བཻ་རོ་ཙ་ནའི་འདྲ་འབག་ལས་ཀྱང། འཇམ་དཔལ་སྐུ་སྤྲུལ་ཐུགས་ཀྱིས་བྱིན་བརླབས་པའི། །མི་ལས་ཆེར་འཕགས་ཁྲི་སྲོང་སྡེ་བཙན་གྱིས། །ཡེ་ན་སངས་རྒྱས་རྩོལ་མེད་བདེ་ཆེན་དོན། །རྒྱུ་འབྲས་ཆོས་ལས་ཤིན་ཏུ་ཁྱད་འཕགས་པའི། །རྨད་བྱུང་བསྟན་པའི་སྙིང་པོ་ཨ་ཏིའི་ཆོས། །མ་ཡིས་བུ་བསྐྱེད་སྐྱེས་ཆེན་མང་ན་ཡང། །ལེགས་གྲུབ་བཻ་རོ་དག་ནི་མ་གཏོགས་པ། གཞན་གྱིས་བཙལ་བས་རྙེད་པར་ཡོད་མ་གཟིགས། །ཞེས་སོ། །བཻ་རོ་ཙ་ནས་རྒྱ་གར་ནས་ཆོས་ལོན་ཏེ། བོད་དུ་ཕེབས་ནས། རྒྱལ་བློན་རྣམས་ལ་ཆོས་གསུངས་ཏེ། དུས་དེ་ཙ་ན་རྒྱ་གར་གྱི་མཁས་པ་པཎྜི་ཏ་རྣམས།


LR16_Page_432
[མ་དཔེ་གཟིགས་ན་འདིར་གནོན།]

དང། རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་རྣམས་གཅིག་ལ་གཅིག་ཐུགས་མ་ཆེས་ཏེ། པཎྜི་ཏ་རྣམས་ཀྱི་ཐུགས་ལ། རྒྱ་རུ་སྤྲོད་རྒྱལ་པོས་བཤིག་ནས་མན་ངག་གི་ཆོས་བོད་ཀྱི་རྒྱལ་པོ་ལ་བསྐུར་བར་དགོངས། རྒྱལ་པོའི་ཐུགས་ལ་རྒྱ་རུ་སྤྲོད་པཎྜི་ཏས་བཤིག་ནས་བོད་ཀྱི་བན་དྷེ་ལ་བསྐུར་བར་དགོངས། དེར་མན་གང་ཨ་ཏིའི་བསྟན་པ་རྒྱུད་དང་མན་ངག་ཏུ་བཅས་པ་ཐུན་མོང་མ་ཡིན་པ་བསམ་གྱིས་མི་ཁྱབ་པ་པཎྜི་ཏ་རྣམས་ཀྱི་ཐུགས་ལ་བཞུགས་པ་རྣམས་ནི་རྒྱལ་པོས་བསྡམས་པས་བསྡམས་པས་བཤད་དབང་མེད་དེ་ཡུན་གྱི་དགོངས་པ་ལ་ཞུས་སོ། །པཎྜི་ཏ་དང་རྒྱལ་པོ་ལ་ཐུན་མོང་དུ་གྲགས་པ་སེམས་སྡེ་བཅོ་བརྒྱད་གཅིག་ཏུ་བྱས་པ། རྒྱུད་སྡེ་དྲུག་ཅུ་ཐམ་པ་མན་ངག་ཏུ་བཅས་པ་ནི། རྒྱལ་པོས་གཏེར་ཁ་སྤོས་ནས་རྡོ་རྗེ་གདན་དུ་སྦས་སམ་ཡང་ཟེར། རྒྱལ་པོས་གཏེར་ཁ་སྤོས་ནས་རྡོ་རྗེ་གདན་དུ་སྦས་སམ་ཡང་ཟེར། བྱ་རྒོད་ཕུང་པོའི་རི་ལ་སྦས་སམ་ཡང་ཟེར། ཨ་སུ་རའི་བྲག་ཕུག་ཏུ་སྦས་སམ་ཡང་ཟེར། དཔེ་ཕྱི་མོ་རྣམས་རྒྱལ་པོས་གར་སོང་ཆ་མེད་པར་བཏང་ཏེ། ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཚུད་པ་ལྟར། བསྐལ་པའི་མཐར་གཏེར་དུ་སྦས་སོ། །ཞེས་པ་དང། པདྨའི་བཀའ་ཆེམས་ལས་ཀྱང། གསང་སྔགས་ཀྱི་རྒྱ་དཔེ་རྣམས། ཤྲཱི་ན་ན་ལེན་དྲའི་གཙུག་ལག་ཁང་ན་བཞུགས་པ། སློབ་དཔོན་པདྨའི་རྫུ་འཕྲུལ་གྱིས་བླངས་ནས་རྒྱ་དཔེ་རྣམས་རྒྱ་གར་དུ་མ་ལུས་པར་བོད་དུ་ཕེབས་ནས་བསམ་ཡས་ཀྱི་དཔེ་དཀར་དཀོར་མཛོད་གླིང་ན་བཞུགས་སོ། །ཞེས་པ་དང། ཇོ་བོ་རྗེའི་རྣམ་ཐར་ལས། སློབ་དཔོན་པདྨ་རྡོ་རྗེ་འཆང་གཉིས་པ་དེའི་དྲིན་ལས། རྒྱ་གར་ནའང་ཡོངས་སུ་མ་གྲགས་པའི་མཁའ་འགྲོའི་གསང་ཆོས་མང་པོ་བོད་དུ་འགྱུར་ནས། བསམ་ཡས་ཀྱི་དཔེ་དཀར་དཀོར་མཛོད་


LR16_Page_433
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་ན་བཞུགས་འདུག་ཅེས་མངོན་ནོ། །ཁྱད་པར་དུ་རྒྱུད་ཟབ་མོ་གསང་བའི་སྙིང་པོ་ལ་རྒོལ་བའི་ལན་ནི། རྒྱུད་གཞུང་འདི་དག་ལ་རྒྱ་སྐད་མ་བྱུང་བས་བོད་མར་འགྱུར་རོ་ཞེ་ན། རྒྱ་སྐད་མི་སྨོས་པར་བོད་སྐད་སྨོས་པའི་དགོས་པ་ནི། ལོ་ཙཱ་བ་འགའ་ཞིག་རྒྱ་གར་དུ་བགྲོད་པའི་དཀའ་བ་སྤྱད་པས་བོད་འབངས་ལ་དྲིན་བཞག་པའམ། བསྟན་པའི་འབྱུང་ཁུངས་རྒྱ་གར་ཡིན་པས་ཁུངས་བཙུན་པའི་ཕྱིར་རྒྱ་སྐད་དང་བོད་སྐད་གཉིས་སྨོས་ཀྱི། རྒྱུད་གཞུང་འདི་ལ་པཎྜི་ཏ་བཱི་ལ་མི་ཏྲ་བོད་ཡུལ་དུ་བྱོན་ནས། ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་དཀའ་བ་སྤྱད་མ་དགོས་ཤིང། ཚིག་སྤྲོས་པའང་མི་སྤྲོ་བས། སྐད་གཉིས་སྨོས་ཀྱང་དོན་གཞན་མ་མཐོང་བའི་ཕྱིར། རྒྱ་སྐད་སླད་དུ་མ་བཀོད་ལ། དོན་མྱུར་དུ་ངོས་ཟིན་པར་བྱ་བའི་ཕྱིར་བོད་སྐད་བཀོད་པས། བོད་མར་འགྱུར་བའི་ཁྱབ་པ་མེད་ལ། དེ་བོད་མར་འགྱུར་ན། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་ལ་སོགས་ཏེ། མདོ་སྡེ་དང། དཀོན་བརྩེགས་ཀྱི་ནང་ནའང་བོད་སྐད་རྐྱང་པར་སྨོས་པ་མང་དུ་ཡོད་དོ། །ཡང་ཞིག་སྤྲོ་པ་ལ་དགའ་བ་འགའ་ཞིག་གིས་བོད་དུ་བརྩམས་པའི་བསྟན་བཅོས་འགའ་ལ་ཡང། རྒྱ་སྐད་སླད་དུ་སྨོས་པ་དུ་མ་ཡོད་དོ། །དེས་རྒྱ་གར་མར་འགྱུར་བ་ནི་མ་ཡིན་ནོ། །ཡང་ཁ་ཅིག་ན་རེ། གསང་བའི་སྙིང་པོའི་རྒྱུད་འདི་ལ། ལོག་པའི་སྐྱོན་བཞི་ཡོད་དེ། རྒྱུད་གཞན་ན་འདི་སྐད་བདག་གིས་ཐོས་བྱ་བ་ཡོད་པ་ལ། འདིར་འདི་སྐད་བཤད་བྱ་བ་བྱུང་བས་གླིང་གཞི་ལོག་གཞན་དུས་གསུམ་དུ་ཡོད་པ་ལ། འདིར་དུས་བཞི་བྱུང་བས་དུས་ལོག་རྒྱུད་ཀྱི་བདག་པོ་ཀུན་ཏུ་བཟང་པོ་ཡིན་པ་ལ། དཀྱིལ་འཁོར་གྱི་གཙོ་


LR16_Page_434
[མ་དཔེ་གཟིགས་ན་འདིར་གནོན།]

བོར་རྡོ་རྗེ་སེམས་དཔའ་བྱུང་བས་བས་དཀྱིལ་འཁོར་ལོག་སྒྲུབ་པའི་ཞག་དང་ཚེས་གྲངས་ནི། རྒྱུད་ལས་སྨོས་པ་བཞིན་དུ་བཤད། ཅེས་ཁ་འཕངས་པས། རྒྱུད་ལེག་གོ་ཞེ་ན། སྐབས་འདིར་གླེང་གཞི་ལོག་པའི་སྐྱོན་མང་པ་ནི། གླན་ཆེན་ས་ར་པ་ན་རེ། ཕོ་རེ་བ་དང་སྤྱང་སློང་བ། ཚིག་ལ་མི་མཐུན་དོན་ལ་མཐུན་བྱ་བ་ཡིན་པས། བྱེའུ་གསོན་མ་ལ་རྟེན་བྱས་ནས་སློང་བ་དང། སྤྱང་ཀི་ཤི་བའི་གསོབ་ལ་རྟེབ་བྱས་ནས་སློང་བ་གཉིས། གནས་སྐབས་རྟེན་དང་རྟེན་བཤད་གཉིས་ཀ་མི་མཐུན་ཡང། དོན་སློང་པ་ལ་མཐུན་པ་བཞིན་པ་དང། ཐོས་པ་གཉིས་ཚིག་མི་མཐུན་པས། སྟོན་པས་འཁོར་ལ་བཤད་པ་དང། འཁོར་གྱིས་སྒོན་པ་ལས་ཐོས་པ་གཉིས་དོན་མཐུན་གསུངས། མདའ་ཏིག་ཆོས་ཤཱཀ་ན་རེ། ཐོས་བྱ་བ་འཁོར་གྱི་ཚིག་ཡིན་ཏེ། མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་དང་བཅས་པ་ཡིན་ལ། བཤད་བྱ་བ་སྟོན་པའི་ཚིག་ཡིན་པས། མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དང་བྲལ་བས། རྒྱུད་འདི་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་གསུངས། ལྷ་རྗེ་སྒྲོ་ཕུག་པ་ན་རེ། སྐུ་གཉིས་ཀྱི་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུ་ཚིག་ཏུ་མི་གསུངས་པས་རྣ་བས་ཐོས་སུ་མེད་པའི་ཕྱིར། བཤད་བྱ་བར་འོང་བ་ཡིན་ལ། སྤྲུལ་སྐུ་ཚིག་ཏུ་གསུངས་པ་རྣ་བས་ཐོས་སུ་ཡོད་པའི་ཕྱིར་ཐོས་བྱ་བ་འོང་བ་ཡིན་ཏེ། འགྲེལ་པ་ཕྱིན་ཅི་མ་ལོག་པར་གོ་བ་ནི། བརྗོད་པ་དང་འདྲ་བའི་ཕྱིར། འཁོར་བ་ལ་བཤད་དོ་བར་ཐ་སྙད་དུ་འདོགས་སོ། །ཞེས་བཤད་དོ་གསུངས། ཉེའུ་སྟོན་ཆོས་ཀྱི་སེདྒེ་ན་རེ། འགྲེལ་པ་རྣམ་བཤད་ནས།


LR16_Page_435
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་བརྡའི་བཤད་པ་སྡུད་པ་པོས་མ་ཕྲི་མ་བསྣན་པར་མི་ཡུལ་དུ་བཤད་པས་ཐུན་མོང་མ་ཡིན་པའི་གླེང་གཞིར་གསུངས་པ་ཡིན་པས། བཤད་ཅེས་པ་ལ་གླེང་གཞི་ལོག་པའི་སྐྱོན་མེད་དོ་གསུངས། བླ་མ་ཟུར་ཐམས་ཅད་མཁྱེན་པ་ནི་འདི་ལྟར་དུ་བཞེད་དེ། སྟོན་པ་ལོངས་སྐུས་གསུངས་པའི་རྒྱུད་དང། སྤྲུལ་སྐུས་གསུངས་པའི་བཀའ་དུ་མ་ན། ལ་ལ་ན་འདི་སྐད་བཤད་པའི་དུས་ན་ཞེས་པ་དང། ལ་ལ་ན་འདི་སྐད་འགྲོ་བ་བདག་གིས་ཐོས་པའི་དུས་ན་ཞེས་པ་དང། ཕལ་ཆེར་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་ལ་སོགས་དུ་མ་སྣང་ཡང། རྒྱུད་གཞུང་ཐམས་ཅད་ཀྱི་ལེགས་པར་སྦྱར་བའི་སྐད་ལ་ཨེ་ཝཾ་མ་ཡ་བྱ་བ་ལས། བཤད་དང་ཐོས་ལ་སོགས་པའི་རྣམ་དབྱེ་གཞི་མི་མཐུན་པ་མེད་དོ། །འོན་ཀྱང། དེའི་དོན་ལོ་ཙཱ་བས་བོད་སྐད་དུ་སྒྱུར་བའི་དུས་སུ། རྒྱུད་དབུ་ཞབས་ཀྱི་དོན་ལ་བརྟགས་པས། རྒྱུད་གཞུང་དེའི་ལུགས་ཀྱི། སྟོན་སྡུད་ཀྱི་དགོངས་པ་ལ་ཁྱད་པར་མེད་པར་བསྟན་པའི་གཞུང་ལུགས་སུ་འདུག་ན་བཤད་ལ་སོགས་པར་བསྒྱུར་བ་དང། སྟོན་སྡུད་ཀྱི་དགོངས་པ་ལ་ཁྱད་པར་ཡོད་པར་བསྟན་པའི་གཞུང་ལུགས་སུ་འདུག་ན། ཐོས་པ་ལ་སོགས་པར་བསྒྱུར་བར་མངོན་ཏེ། དེའི་ཁྱད་པར་གྱི་ཐོག་མ་ནི་ཐུན་མོང་མ་ཡིན་པའི་གླེང་གཞི་དང། ཕྱི་མ་ནི་ཐུན་མོང་གི་གླེང་གཞི་ཡིན་ནོ། །དེ་ཡང་ཐུན་མོང་མ་ཡིན་པའི་གླེང་གཞི་ལྟར་ན། འདི་སྐད་བཤད་ལ་སོགས་པ་བསྒྱུར་བའི་དགོས་ཆེན་ནི། སྡུད་པ་པོ་སྟོན་པ་དང་དགོངས་པ་ཐ་དད་མེད་པར་ཁས་བླངས་ནས། ཉིད་ལས་མི་ཞན་པའ་འཁོར་ལ་བཤད་པ་མཚོན་པའོ། །


LR16_Page_436
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཉིང་དགོས་གསུམ་སྟེ། སྟོན་པས་འཁོར་ལ་རྒྱུད་ཆད་པའི་སྔོན་དུ་དབང་བསྐུར་བས། སྟོན་འཀོར་དགོངས་པ་གཉིས་སུ་མེད་པར་གྱུར་པའི་ཕྱིར་བསྟན་པ་འདི། དགོངས་པའི་ཞེ་ཕུགས་ཡིན་པར་མཚོན་པ་སྟེ། བསྟན་པ་ཐུན་མོང་མ་ཡིན་པ་དང། བཤད་ཅེས་པ། སྡུད་པ་པོ་དབང་ཐོབ་པ་དྲུག་པ་ཉིད་དང་གཉིས་སུ་མེད་པར་གྱུར་པའི་ཐོས་པ་ལ་མ་བལྟོས་པ་མཚོན་པ་སྟེ། སྡུད་པ་པོ་ཐུན་མོང་མ་ཡིན་པ་དང། དུས་ན་ཞེས་དུས་གཅིག་ཁོ་ནར་མ་སྨོས་པའི་ཕྱིར། དུས་བཞི་མཉམ་པ་ཉིད་མཚོན་པ་སྟེ། དུས་ཐུན་མོང་མ་ཡིན་པའི་ཆེ་བ་མཚོན་པའོ། །དེ་ལས་གཞན་པ་ཐུན་མོང་གི་གླེང་གཞི་ལྟར་ན། འདི་སྐད་ཐོས་བྱ་བ་ལ་སོགས་པར་བསྒྱུར་བའི་དགོས་ཆེད་ནི། སྡུད་པ་པོས་སྟོན་པའི་དགོངས་པ་དང་ཁྱད་པར་ཡོད་པར་ཁས་བླངས་ནས། ལྷན་ཅིག་པ་དང་གོ་ཕྱེ་བའ་འཁོར་གྱི་དོན་དུ་སྟོན་པ་ཉིད་ལས་ཐོས་པའོ། །དེ་ལ་ཉིང་དགོས་བདུན་ཏེ། འདི་སྐད་ཐོས་ཞེས་པ་བཀའི་དོན་སྒྲོ་སྐུར་དང་བྲལ་བར་མཚོན་པ་དང༌། ཡང་བདག་གིས་ཐོས་ཞེས་པ་གཞན་ལ་མ་བརྒྱུད་པར་སྡུད་པ་པོ་བདག་རང་གིས་ཐོས་པས་སྡུད་པ་པོ་ཚད་མ་ཉིད་དུ་མཚོན་པ་དང། ཡང་དུས་གཅིག་ན་ཐོས་ཞེས་དུས་ཐམས་ཅད་དུ་མ་སྨོས་པས་བཀའི་དོནའབྱུང་བར་དཀའ་བར་མཚོན་པ་དང། ཡང་དུས་གཅིག་ན་ཞེས་འདིར་འདི་ཐོས་ལ། གཞན་དུ་གཞན་ཀྱང་ཐོས་པས་སྡུད་པ་པོ་ཐོས་པ་ཆེ་བར་མཚོན་པ་དང། ཡང་དུས་གཅིག་ན་ཞེས་མ་ཡེངས་པར་ཐོས་པས་སྡུད་པ་པོ་དགོངས་པ་དང་ལྡན་པར་མཚོན་པ་དང། ཡང་དུས་གཅིག་ན་ཞེས་ཡང་དང་ཡང་དུ་མ་


LR16_Page_437
[མ་དཔེ་གཟིགས་ན་འདིར་གནོན།]

སྨོས་པར་དུས་གཅིག་གིས་ཁོང་དུ་ཆུད་པས་སྡུད་པ་པོ་ཤེས་རབ་ཆེ་བར་མཚོན་པའི་དགོས་པ་ཡོད་དོ། །རྒྱུད་མཚན་དེ་དག་གི་ཕྱིར། ཚུལ་འདི་དག་ཁོང་དུ་ཆུད་པར་བྱས་ལ། དེ་བཞིན་གཤེགས་པའི་བཀའ་དྲི་མ་མེད་པ་ལ་ཐེ་ཚོམ་དང་སོམ་ཉི་མི་བྱའོ། །འདིར་དུས་བཞིར་བཤད་པ་དུས་ལོག་པའི་སྐྱོན་དུ་འགྱུར་རོ་ཞེས་ན། སྐྱོན་མེད་དེ། འདིར་ལྟར་དགས་སྦྱར་བའི་དབང་དུ་དུས་བཞིར་གྲངས་དང་གོ་རིམ་ངེས་སོ། །དེ་ཡང་གྲངས་ངེས་པ་ནི། དུས་རིང་པ་ལ་དཔེར་བྱས་ན། བསྐལ་པ་གཅིག་ལ་ཆགས་གནས་འཇིག་སྟོངས་བཞིར་གྲངས་ངེས། དུས་ཐུང་པ་ལ་དཔེ་བྱས་ན། ལོ་གཅིག་ལ་དབྱར་དགུན་སྟོན་དཔྱིད་བཞིར་གྲངས་ངེས་པ་ཡིན་ཏེ། དེས་མཚོན་ནས་རྒྱ་ཆེར་སྤྲོས་པས་ཆོག་གོ །གོ་རིམ་ངེས་པ་ནི། བསྐལ་པ་ལྟ་བུ་དཔེར་བྱས་ན། ད་ལྟ་བསྐལ་པ་གནས་པའི་དུས་ལ་བལྟོས་ན། བསྐལ་པ་ཆགས་པ་ནི་འདས་པ། གནས་པ་ནི་ད་ལྟ་བ། འཇིག་པ་ནི་མ་འོངས་པ། སྟོངས་པ་ནི་འདས་མ་འོངས་གང་དུ་ཡང་མ་ངེས་པའི་དུས་སོ། །དེ་ལ་ཅིག་ན་རེ་དེ་ལྟར་ཡིན་ཡང། བསྐལ་པ་སྔར་སྟོངས་པ་ནི་འདས་པ་ཡིན་ལ། ཕྱིས་སྟོངས་པར་འགྱུར་པ་ནི་མ་འོངས་པ་ཡིན་པས། དུས་གསུམ་དུ་ཁ་ཚོན་ཆོད་དོ་ཞེ་ན། སྟོངས་པའི་དུས་དེ་ཉིད་བཞིར་བྱས་པ་ལ། འདས་མ་འོངས་གཉིས་གང་རུང་ཞིག་ཏུ་ཁ་ཚོན་མ་ཆོད་པས། མ་ངེས་པའི་དུས་སུ་ཅིའི་ཡིན་ཏེ། དེ་ཡང་བསྐལ་པ་འཇིག་པའི་དུས་ན། གནས་པ་འདས་པ། སྟོངས་པ་མ་འོངས་པ། ཆགས་པ་ངེས་པའི་དུས་སོ། །དེ་བཞིན་དུ་


LR16_Page_438
[མ་དཔེ་གཟིགས་ན་འདིར་གནོན།]

སྟོངས་པའི་དུས་ན། འཇིག་པ་འདས་པ། ཆགས་པ་མ་འོངས་པ། གནས་པ་མ་ངེས་པ་ཡིན་ནོ། །ཆགས་པའི་དུས་ན། སྟོངས་པ་འདས་པ། གནས་པ་མ་འོངས་པ། འཇིག་པ་མ་ངེས་པ་ཡིན་ནོ། །དེའི་ཕྱིར་ན་དབང་དུ་ལྟར་དུ་འཁྲུལ་པའི་འཁྲུལ་རྟོག་དུས་བཞིར་སྣང་བ་ཡིན་ལ། དེ་དག་ལྷ་དང་སྦྱར་ན། ཕྱིའི་སེམས་མ་བཞི་ཡིན་ཏེ། འདི་ཉིད་ཀྱི་ལེའུ་བཞི་པ་ལས། ཡ་ནི་སྐྱེ་བ་རྣམ་པར་དག །ཝ་ནི་རྣམ་པར་དག་པ་སྟེ། །ར་ནི་འཇིག་པ་པ་དག་པ་ཡིན། །ལ་ནི་སྟོང་པ་བདག་མེད་པའོ། །ཞེས་གསུངས་སོ། །ཡང་སྟོན་པ་ཀུན་ཏུ་བཟང་པོ་རྒྱུད་ཀྱི་བདག་པོ་ཡིན་པ་ལ། ཁྱམས་ལ་བཏོན་ནས། རྡོ་རྗེ་སེམས་དཔའ་འཁོར་གྱི་གཙོ་བོ་དབུས་ཀྱི་ལྟེ་བ་ལ་བཀོད་པས། དཀྱིལ་འཁོར་ལོག་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། རྒྱལ་བ་དྲུག་པའི་ཐུགས་རང་རིག་པ་ཉིད་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་སུ་རང་སྣང་བའི་ཕྱིར། གཙོ་འཁོར་ལ་བཟང་ངན་དང་ཆེ་ཆུང་མེད་ཀྱང། གོ་ཆེ་བའི་འཁོར་གྱི་དོན་དུ་ལམ་སྟེགས་ཀྱི་སྟོན་པ་ཐུབ་པ་དྲུག་ཐུགས་ལས་སྤྲུལ་པའི་ཕྱིར། ཁྱམས་སུ་བཀོད་ཀྱང་གཙོ་འཁོར་ལོག་པར་མི་འགྱུར་ཏེ། རྟོག་པའི་དབང་དུ་ཀུན་གྱི་བྱེད་པ་པོ་ཡིན་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱ་མཚོ་ལས། །དེ་བཞིན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བའི་སེམས་སོགས་དང། །ཞེས་པས་མངོན་ནོ། །རྗེ་དྲི་ངས་པའི་བཞེད་ཀྱི། གཙོ་བོ་ལ་གཉིས་ཡིན་ཏེ། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ཡིནཔར་ཡང། །རྒྱལ་པ་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་གསུངས་


LR16_Page_439
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཆོས་འཆད་པའི་གཙོ་བོ་ཀུན་དུ་བཟང་པོ་ཡིན་ཏེ། རྒྱ་མཚོ་ལས། འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། བཀའ་སྡོད་སྐྱེས་བུ་མདུན་ན་གནས། །ཞེས་གསུངས་པས། དཔེར་ན་གནས་གཞིའི་གནས་བརྟན་དང། ཆོས་གྲྭའི་སྟོན་པ་ལྟ་བུ་ཡིན་གསུངས་སོ། །ཡང་ཀུན་བྱེད་ལས། སེམས་ཉིད་ཀུན་ཏུ་བཟང་པོ་ཡི། །བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། །ཞེས་པ། ཀུན་ཏུ་བཟང་པོ་ལ་ཡང་ལྔ་སྟེ། སེམས་ཉིད་ཀུན་ཏུ་བཟང་པོ། །ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཀུན་ཏུ་བཟང་པོ། སྤྲུལ་སྐུ་ཀུན་དུ་བཟང་པོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་ལྔའོ། །དང་པོ་གཤིས་བཟང་ངན་ནས་བླང་དོར་མེད་པའོ། །གཉིས་པ་ནི། སྐུ་ལྔ་ལྷུན་གྲུབ་བོ། །གསུམ་པ་ནི། སངས་རྒྱས་ཞེ་གཉིས་ཀྱི་ཀུན་ཏུ་བཟང་པོ་དེའོ། །བཞི་པ་ནི། སངས་རྒྱས་སྟོང་རྩག་གཉིས་ཀྱི་གྱ་གཅིག་གོ །ལྔ་པ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའོ། །ཞེས་པས། འདི་དག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཀུན་ཏུ་བཟང་པོ་ངོས་གཟུང་བ་ཡང་ཡོད་དོ། །ཡང། རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པས་འདི་རྒྱུད་མིན་པ་ལ་རྒྱུད་དུ་བཤད་པས། རྒྱུད་ལོག་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཚོགས་སྒྲུབ་པའི་དུས་སུ་འདི་ཉིད་རང་གི་ལེའུ་དགུ་པར་བསྟན་ཚར་བ་དང། དུས་ཚོད་དང་ཚེས་གྲངས་ལ་སོགས་པ་ཀུན་འདུས་ལ་སོགས་པའི་རྒྱུད་སྡེ་གཞན་ན་གསལ་བ་ལ་ཁ་འཕངས་པས། འདི་རྒྱུད་མ་ཡིན་པར་མི་འགྱུར་ཏེ། འདི་ལྟ་བུའི་ཚུལ་སྔགས་ཕྱི་ནང་གསར་སྙིང་གི་རྒྱུད་སྡེ་དུ་མ་ན་མང་དུ་སྣང་ངོ་། །དེས་ཀྱང་མི་ལོན་ན། འོ་ན་འཕགས་


LR16_Page_440
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པ་དེ་ཡང། དེ་བཞིན་གཤེགས་པའི་གསུང་མ་ཡིན་པར་འགྱུར་ཏེ། དེ་དག་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། ཞེས་བདེ་བར་གཤེགས་པའི་གསུང་གཞན་ལ་ཁ་འཕངས་པའི་ཕྱིར་རོ། །ཞེས་སོ། །ཡང་ཁ་ཅིག་ན་རེ་རྒྱུད་གཞུང་འདི་ཉིད་ཀྱི་ནང་ན། མགོ་ནི་མ་ནོར་ལམ་ཡིན་ཏེ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཅེས་བྱུང་བ། རྒྱ་གར་གྱི་ཡེ་གེ་ལ་ཏིག་གམ་མེད་དེ། རྒྱུད་གཞུང་འདི་ཉིད་བོད་མར་འགྱུར་རོ་ཞེ་ན། འདི་དག་ལ་ཡི་གེ་དང། དོན་དང། ལས་དང། རྟོག་པ་དང། ལྷ་དང་ལྔ་ཕྲག་ནས་འཆད་དེ། ཡི་གེ་ན་མགོ་ནི་བེར་ཀ་རིས་སམ་ཐིག་ཡིན་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། མགོ་ནི་ཐོག་མར་མཚོན་པ་སྟེ། དཔལ་བྱིན་གྱིས་ཞུས་པའི་གེ་ན་མགོ་ནི་བེར་ཀ་རིས་སམ་ཐིག་ཡིན་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། མགོ་ནི་ཡི་གེའི་མགོ་ཡིན་ཕྱིར། །བེར་ཀ་རིས་ལ་མགོ་ཞེས་མཚོན། །ཞེས་པ་དང། སྤར་ཁབ་ལས། ཡི་གེ་སྦྲུལ་ལྟ་བུས་མགོ་འདྲེན་པའི་ཕྱིར། ཡི་གེ་མགོ་ནི་ཐིག་ཡིན་པས། །ཡི་གེ་བཞི་བཅུ་རྩ་གཉིས་རྣམས། །མ་ནོར་དམ་པའི་ཐིག་ཡིན་པས། །ལམ་མཁན་ཐིག་ནས་ཡ་གེར་ཞུགས། །ཞེས་གསུངས་སོ། །དོན་ནི་མ་ནོར་ཐབས་ཤེས་གཉིས་མེད་དོ། །ལས་ནི་ལམ་ཡིན་ཏེ་ཡི་གེའི་མགོ་འདྲེན་ནོ། །རྟོགས་པ་ནི་ཡིད་དུ་འཛིན་པའོ། །ལྷ་ནི་ཡིན་ཏེ་ཡི་གེའི་མགོ་འདྲེན་ནོ། །རྟོག་པ་ནི་ཡིད་དུ་འཛིན་པའོ། །ལྷ་ནི་ཐུགས་ཀྱི་ལྷ་མི་བསྐྱོད་པའི་རང་བཞིན་ནོ། །ཡི་གེ་ན་ཏིག་ནི་ཚེག་ཡིན་ཏེ། རྒྱལ་པོ་དྲག་ཤུལ་ཅན་གྱིས་ཞུས་པའ་མདོ་ལས། ཏིག་ནི་ཚེག་ཏུ་སྒྲུབ་པ་སྟེ། །ཡི་གེ་བསྡུས་ནས་མིང་དུ་སྨྲ། །དེ་ཕྱིར་ཚེག་ནི་ཏིག་ཞེས་བྱའོ། །ཞེས་པ་དང། ཡོ་ག་རྒྱན་དམ་པ་ལས།


LR16_Page_441
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པའི་ཕྱིར་ན་ཚེག་ནི་ཏིག །འཐོར་བ་བསྡུས་ནས་མིང་དུ་སྨྲ། །ཞེས་གསུངས་སོ། །དོན་ནི་ཤེས་བར་རང་བཞིན་མེད་པའོ། །ལས་ནི་མིང་དུ་སྨྲ་བ། །དོན་ནི་ཤེས་རབ་རང་བཞིན་མེད་པའོ། །ལས་ནི་མིང་དུ་སྨྲ་བ། རྟོག་པ་ནི་ངག་ཏུ་འཛིན་པ་སྟེ། གསུང་གི་ལྷ་འོད་དཔག་མེད་ཀྱི་རང་བཞིན་ནོ། །ཡི་གེ་ན་ཤད་ནི་ཤད་ཡིན་ཏེ། སྤྱི་མདོ་ལས། གཅོད་པ་མཚོན་པར་བྱེད་པའི་ཡི་གེ་ལ་ནི། མིང་དབྱུག་པ་ཞེས་བླ་དྭགས་སུ་བཏགས་སོ། །ཞེས་པ་དང། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་མདོ་ལས། ཚིགས་སུ་བཅད་པའི་ལས་ཅན་ལ། །དེ་ཕྱིར་ཤད་དུ་གྲགས་སོ་ཞེས། །ཞེས་གསུངས་སོ། །དོན་ནི་ཐབས་སྙིང་རྗེ་ཆེན་པོ། །ལས་ནི་ཚིགས་སུ་བཅད་པ། རྟོག་པ་ལུས་སུ་འཛིན་པ་སྟེ། ལྷ་ནི་སྐུའི་ལྷ་རྣམས་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཞེས་སོགས་པ་དེ་ཡང། ཐམས་ཅད་མཁྱེན་པ་བཅོམ་ལྡན་རིག་པའི་རལ་གྲིས་གསང་རྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་མཛད་པ་འདི་ལྟ་སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྒྱུད་ཟབ་མོ་དཔལ་གསང་བའི་སྙིང་པོ་ལ། འགོས་ལྷས་བཙས་ལ་སོགས་པས་སྒྲོ་སྐུར་བྱས་པ་དག་བསལ་བར་བྱ་སྟེ། འདི་རྒྱུད་ཡང་དག་པ་ཡིན་པའི་རྒྱུ་མཚན་ནི། དཔལ་གསང་བ་འདུས་པའི་འགྲེལ་ཆེན། སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་ལས། ཡེ་ཤེས་སེམས་དཔའ་གང་རེག་པ། །ཞེས་པའི་འགྲེལ་པར། གསང་བའི་སྙིང་པོ་ལས། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། གཞི་ཚད་མེད་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་ཞལ་ཡས་ཁང། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཞེས་བྱ་བ་དང། བསམ་གྱིས་མི་ཁྱབ་པ་ཐམས་ཅདུ་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཞེས་བྱ་


LR16_Page_442
[མ་དཔེ་གཟིགས་ན་འདིར་གནོན།]

དང། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། འཕྲེང་གནས་ཞེས་བྱ་བ་ཡིན། ཞེས་པའི་འགྲེལ་པར། རྩོ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་པོ་མ་ཡིན་པའི་ངོ་བོ་ཉིད་གཅིག་པི་ཡེ་ཤེས་ཀུན་ཏུ་འཁྱིལ་པ་ཞེས་བྱ་བ་དང། རང་བཞིན་མེད་པའི་རྒྱུ། ཞེས་པའི་འགྲེལ་པར། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་བྱ་བ་དང། གསང་བའི་དོན་འཆད་པ་ན། གསང་སྙིང་ལས། རང་བཞིན་དང། གབ་པ་དང། སྦས་པ་དང། མི་བསྟན་པའི་གསང་བ་ཞེས་འབྱུང་བྱ་བ་དང། གསང་སྙིང་ལས། དབང་ལྔ་འབྱུང་ཞེས་བྱ་བ་དང། །མཐིང་ཀ་དཀར་སེར་ལེ་བརྒན་ནས། །མཐའ་དབུས་མེད་པར་ལྷུན་གྱིས་གྲུབ། །ཅེས་བྱ་བའི་བར་དང། གསང་རྙིང་ལས། དེ་ཁོ་ན་ཉིད་གསུམ་དུ་འབྱུང་ཟེས་བྱ་བ་ལ་སོགས་པ་ཐམས་ཅད་ལ། གསང་སྙིང་གི་མཚན་སྨོས་ནས་དྲངས་སོ། །ལོག་པའི་སྐྱོབ་བཞི་ལ་སོཊ་པ་སྤང་བ་ནི། འདི་སྐད་བཤད་པ་ནི། སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ནི། ས་བཅུ་པས་ཀྱང་སྡུད་པར་མི་ནུས་པས་སངས་རྒྱས་ཉིད་ཀྱིས་བསྡུས་པར་འདོད་པའི་ལུཊ་ཡིན་ཏེ། གསང་འདུས་ཀྱི་འགྲེལ་པ་སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་གསང་བ་གྲུབ་པ་ལས། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ།


LR16_Page_443
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་རྡོ་རྗེ། །ཞེས་བཤད་པ་བཞིན་གསུང་མཁན་གྱིས་བསྡུས་པའི་ལུགས་ཡིན། གཞི་ཚད་མེད་པ་ནི་ཆོས་མངོན་པ་ནས་ཀྱང། འོག་མིན་ལ་ཚད་པར་བཤད་པ་ཡོད་དོ། །དུས་བཞི་ནི། བི་ཤཱ་མི་ཏྲའི་འགྲེལ་ཆེན་ནས་ཀྱང། དུས་བཞི་མཉམ་པ་ཉིད་དུ་དེ་བཞིན་རིག་པར་བྱ། །ཞེས་པ་དང། ཕྱོགས་བཅུ་དུས་བཞིའི་མགོན་པོ་ཀུན་གྱི། ཞེས་གསར་མ་ནས་ཀྱང་བཤད་དོ། །སངས་རྒྱས་གསང་བས་བསྐལ་པ་བཞི་ལ་བཤད་དོ། །རྡོ་རྗེ་སེམས་དཔའ་དབུས་སུ་འབྱུང་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་འཕོ་བ་བྱ་བ་གསར་མ་ནས་ཀྱང་བཤད་དོ། །ཏིག་ནི་ཤེས་རབ་ཀྱི་མིང་དུ་སྨྲ། ཞེས་པ་ལ་ནི། གསར་སྙིང་གི་རྒྱ་དཔེ་ལས། སཱུཏྲཾ་པྲ་ཛྙ་ཏིག་ཥྱེ་སྟེ། བྱ་བ་ཡོད་དེ། སཱུ་ཏྲཾ་ཐིག་རྒྱ་སྐད་ཡིན། ཉི་འོག་སེདྒེའི་འགྲེལ་པ་ནས་ཀྱང་ཐིག་ལ་བཤད། ཏིག་ནི་སྐད་ཡིན་ཏེ། རྒྱུད་གཞན་དུ་ཁ་འཕངས་པ་ནི། དགྱེས་རྡོར་ལ་སོགས་པ་ཕྱིས་གསུངས་པ་ཐམས་ཅད་ཀྱང། དང་པོར་གསུངས་པ་དེ་ཉིད་བསྡུས་པར་ཁ་འཕངས་ཡོད་དོ། །དཔལ་གསང་བའི་སྙིང་པོ་སྒྲུབ་པ་མང་དུ་ཐོས་པའི་དགེ་སློང་ཐམས་ཅད་མཁྱེན་པ་བཅོམ་ལྡན་རལ་གྲིས་བཀོད་པ་ཨོཾ། གསང་སྙིག་ལ་རྒྱ་འགྲེལ་སངས་རྒྱས་གསང་བ། བཱི་མ་ལ་མི་ཏྲ། ཉི་འོད་སོགས་གསུམ་གྱིས་མཛད་པ་ཡོད་དོ། །ཞེས་བཅོམ་ལྡན་རིག་རལ་གྱིས་གསུངས་སོ། །སྔ་རབས་པ་རྣམས་ནི། གྱིས་རྒྱུད་འདི་ལ་ཡོངས་སུ་གྲགས་སོ། །སྔ་རབས་པ་རྣམས་ནི། གྱིས་རྒྱུད་འདི་ལ་ཡོངས་སུ་གྲགས་པའི་འགྲེལ་པ་ཉིས་ཤུ་རྩ་གསུམ། དེའི་ནང་ནས་དར་བ་བཞི་ཡོད་གསུངས། བཅོམ་ལྡན་རིག་རལ་པའི་ཞལ་ནས། རྒྱུད་འདི་ཟབ་མོ་


LR16_Page_444
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་ཡིན་པས་མ་ནུབ་པར་བྱ་དགོས་ཞེས་གསུངས་སོ། །སྒྲུབ་པ་རྒྱན་གྱི་མེ་ཏོག་ཨོཾ། གཞན་ཡང་དེང་སང་གི་དུས་ན་གང་ཟག་བསོད་ནམས་དང་སྐལ་པ་དམན་ཅིང་ལས་འཕྲོ་ཞན་པ་བློ་ཆུང་ཕྱོགས་འཛིན་ཅན་ཁ་ཅིག་བཀའ་ཡང་གསང་རྫོགས་པ་ཆེན་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ། རྒྱལ་བའི་ཐུགས་མཛོད་ཀྱི་ཡེ་ཤེས་ལས་དང་དུས་ལ་མ་བལྟོས་པར་ད་ལྟ་མངོན་སུམ་དུ་སྟོན་པའི་མན་ངག་འདི་ལ། ཐེ་ཚོམ་དང་སྐུར་པ་འདེབས་པ་དག་ཡོད་དེ། སྐུར་པ་བཏབ་ན། ནམ་མཁའ་གནས་ཀྱི་བར་དུ་དམྱལ་བར་འགྲོ་བར་གསུངས་ཏེ། ནམ་མཁའ་མཐའ་མཉམ་ལས། གང་ཞིག་གསང་བའི་མཆོག་སྤངས་པ་ཡིས། །ཐར་པ་སེམས་དང་གཏན་ད་ཀུ་བྲལ། །ཞེས་པ་དང། ཡེ་ཤེས་གཏིང་རྫོགས་རྒྱུད་ལས། དེ་དོན་རྫོགས་ཆེན་སྙིང་པོའི་དོན་བཤད་དུ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སྐྲག རྒྱུད་ལུང་རྣལ་འབྱོར་སྒྲོ་སྐུར་འདེབས་ཤིང་འཕྱ། །ཚུལ་ཆོས་སྡེ་པ་ཞེ་སྡང་དབང་གིས་ཕྲག་དོན་བྱེད། །ངེས་དོན་འདི་ལ་འགལ་སེམས་སྡིག་ཅན་རྣམས། །དམྱལ་བར་ངེས་འགྲོ་གཏན་དུ་སྙིང་ར་རྗེ། །ཞེས་པ་དང། ནམ་མཁའ་ཀློང་ཡངས་ལས། དོན་བསྟན་སྐད་ཅིག་དེ་ཉིད་ལ། རྒྱུད་ལུང་སངས་རྒྱས་སྐྲག་ཅིང་དངངས། །ཉན་ཐོས་མདོ་སྡེ་བརྒྱལ་ཞིང་འབོག །ལྷ་དང་མིན་སྲིན་པོའི་ཚོགས། །སྒྲོ་སྐུར་འདེབས་པའི་གང་ཟག་རྣམས། གཏན་དུ་དམྱལ་བ་ཆེན་པོར་ལྟུང། །ཞེས་པ་དང། ཡིད་སྐྱོབ་ལས། ཁྱོད་ཀྱིས་གཞན་ལ་སྤེལ་བར་མི་བྱའོ། །གལ་ཏེ་སྤེལ་ན་གང་ཟག་དེ་ཉིད་ཀྱིས། །ཀུན་བཟག་དགོངས་པ་


LR16_Page_445
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཤེ་གྱུར་ན། །ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་ནི། །ཤི་བའི་འོག་ཏུ་རྡོ་རྗེ་དམྱལ་བར་འགྲོ །ཞེས་པ་དང། གཅན་འཕྲང་ལས། བསྟན་པའི་སྙིགས་མ་ཐ་མའི་ཚེ། །ཉོན་མོངས་སྡུག་བསྔལ་དར་དྲགས་པས། །འཁོར་བའི་ཆོས་ལ་ཡིད་འབྱུང་ཞིང། །བསྟན་པའི་སྐོར་ཞུགས་ཆོས་བྱེད་ཀྱང། །བསྟན་སྙིགས་གྲུབ་མཐའ་ངན་པ་ཡིས། །ཆོས་ལ་ཕྱོགས་དང་རིས་བཟུང་ནས། །ལོག་རྟོག་རྩོད་པ་འཕེལ་བ་དང། །ཉོན་མོངས་སྤྲག་དོག་དབང་གིས་ནི། ཆོས་པས་ཆོས་སྤོང་ལས་བྱེད་འབྱུང། །ཕྱོགས་བྲལ་མཉམ་ཉིད་མ་རྟོགས་པར། །བྱིས་པའི་བློ་ཅན་རྨོངས་པའི་མིས། །འདུལ་བ་མདོ་སྡེའི་ཁ་འཛིན་ཅིང། །རང་ཆོས་བསྟོད་ཅིང་གཞན་ཆོས་སྨོད། །བསྟན་པའི་སྙིག་པོ་གསང་སྔགས་ལ། །སྐུར་འདེབས་མཚང་ཚིག་ཡ་ག་འདོགས། །ཞེས་པ་དང། དེ་སོགས་ཆོས་སྤོང་ལས་བྱེད་པའི། །སྙིགས་མའི་དུས་ཀྱི་ཆོས་པ་ནི། །བྱེ་མའི་སྒྲོ་བ་ཁ་སྤུབ་ལྟར། །རྡོ་རྗེ་དམྱལ་བ་མནར་མེད་སོགས། །ངན་འགྲོའི་ལམ་དུ་ཁ་སྤུབ་འགྲོ །ཞེས་རྒྱུད་ལུང་མན་ངག་དུ་མ་ལས་གསུངས་སོ། །ཡང་ལ་ལ་རྣམས་ན་རེ། གཏེར་མ་ལ་དབང་བཀའ་ཆད་པར་འགྱུར་རོ་སྙམ་དུ་དགོངས་མོད་ཀྱི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཞེད་པས། ཤོག་སེར་མཐོང་བས་སྐུ་དང་མཇལ། བརྡའ་འཕྲོད་པས། སུང་དང་མཇལ། དོན་གོ་བས་ཏུགས་དང་མཇལ་བར་བཞེད་དེ། མདོར་ན་རྒྱུད་ཚུལ་དྲུག་པོ་དག་གང་རུང་ཞིག་དང་ལྡན་ཡང། བརྒྱུད་པ་མ་ཆད་པར་བཞེད་དེ། དྲུག་གང་ཞེ་ན། རྒྱལ་བ་དགོངས་པའི་བརྒྱུད་པ་དང། རིག་འཛིན་བརྡའི་བརྒྱུད་པ་དང། གང་ཟག་སྙན་ཁུང་ཀྱི་བརྒྱུད་པ་དང།


LR16_Page_446
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་བྱིན་བརླབས་ཀྱི་བརྒྱུད་པ་དང། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང། སྨོན་ལམ་དབང་གི་བརྒྱུད་པའོ། །དེ་ལ་འདིར་ཐམས་ཅད་ཚང་བར་བཞེད་དེ། རྒྱལ་བ་དགོངས་པའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། རྒྱལ་བ་རིགས་ལྔས་རིམ་པ་བཞིན་དུ་སྣོད་ལྡན་ལ་དགོངས་པ་ཙམ་གྱིས་རིག་པའི་རྩལ་དབང་ཐོབ། བདག་འདྲ་པདྨས་ཀྱང་མ་འོངས་པའི་གདུལ་བྱ་ལ་དགོངས་ནས། ཟབ་གཏེར་དབང་བཀའ་དང་བཅས་པ་སྦས་པས། སུས་ཐོན་པ་ལ་དགོངས་བརྒྱུད་ཀྱི་དབང་བཀའ་ཡོད་དོ། །ཞེས་བཞེད་དོ། །དེ་བཞིན་དུ་རིག་འཛིན་བརྡའ་བརྒྱུད་ཀྱང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིགས་ལྔའི་བརྡའ་ཀྱང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིགས་ལྔའི་སངས་རྒྱས་སུ་བརྒྱུད་པ་ཐམས་ཅད། བརྡའི་ཕྱག་རྒྱ་བསྟན་པ་ཙམ་གྱིས་དབང་ཐོབ་ལ། བདག་འདྲ་པདྨས་ཀྱང། མ་འོངས་པའི་སྣོད་ལྡན་ལ། འདི་ལྟར་དབང་བསྐུར་གྱིས་ཤིག་ཅེད་གཏེར་དཔེ་བཞག་པས། སློབ་བུས་ཀྱང་དེ་བཞིན་བསྐུར་བས་བྱིན་རླབས་དང་དངོས་གྲུབ་ཐོབ་པའི་ཕྱིར། དབང་བཀའ་ཡོད་པར་བཞེད་དེ། རིག་པ་བདུན་པའི་བརྒྱུད་ལས། བརྡའ་དང་བརྡའ་མཚོན་གོ་བ་ནི། །མ་འོངས་པའི་དུས་སུ་སྤྲུལ་པའི་སྐུ་ཡི་གེའི་གཟུགས་སུ་འབྱུང་བར་མདོ་དུ་མ་ནས་གསུངས་ལ། ངེས་པའི་དོན་མ་ནོར་བར་སྟོན་པའི་སྒྲ་སྐད་རྣམས་ཀྱང། བྱིན་གྱིས་བརླབས་པའི་བཀར་གསུངས་སྟེ། པདྨ་དཀར་པོ་ལས་ཀྱང། རི་དང་ལྡེའུ་ཤིང་བུ་དང། །རྔ་བོ་དང་དཔག་བསམ་ཤིང། །དེ་དག་ལས་ནི་སྒྲ་བྱུང་བས། །རྒྱལ་བས་བྱིན་གྱིས་བརླབས་པ་སྟེ། འདི་དག་བཀའ་ཞེས་བྱ་བར་བརྗོད། །ཅེས་ངེས་པའི་དོན་མ་ནོར་བར་


LR16_Page_447
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ནི། ཟིན་པ་དང་མ་ཟིན་སྒྲ་སྐད་ཐམས་ཅད་ཀྱང། བྱིན་གྱིས་བརླབས་པའིབཀར་གསུངས་ཤིང། སློབ་དཔོན་པདྨའི་བཞེད་པས་ཀྱང། གཏེར་དཔེ་བཞིན་མ་ནོར་བར་ཉམས་སུ་བླངས་པས། བླ་མ་དང། སངས་རྒྱས་དང། རང་སེམས་དབྱེར་མེད་དུ་གྱུར་པ་ནི། སྙན་བརྒྱུད་དམ་པར་བཞེད་དེ། གཏེར་ལུང་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །བླ་མ་བྱ་བ་ཡོད་མིན་སྟེ། །དབང་སྐུར་ཆོས་བཤད་བྱེད་མཁན་མེད། །རང་སེམས་ཆོས་སྐུར་ཤེས་ཙ་ན། །དུས་གསུམ་རྒྱལ་བའི་དབང་ལུང་ཐོབ། །བརྒྱུད་པར་འཛིན་པ་རྟོག་པ་ཡིན། །ཞེས་སོ། །ཐུག་རྗེ་བྱིན་རླབས་ཀྱི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། སྟོན་པ་ཀུན་དུ་བཟང་པོ་ནས་རིམ་པ་བཞིན་དུ་བྱིན་གྱིས་བརླབས་པ་ཙམ་གྱིས་རིག་པའི་རྩལ་དབང་ཐོབ་ལ། བདག་འདྲ་པདྨས་ཀྱང་མ་འོངས་པའི་དོན་དུ་ཟབ་གཏེར་སྦས་པ་དེ། སུས་ཐོན་པ་དང་མཐོང་པ་ལ་བྱིན་རླབས་ཞུགས་ཏེ། རིག་པའི་རྩལ་དབང་ཐོབ་བོ་ཞེས་བཞེད་དོ། །མཁའ་འགྲོ་གཏན་རྒྱའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་ཏུ་བཟང་པོ་ནས་རིམ་པ་བཞིན་སྐལ་ལྡན་དང་མ་འཕྲད་ཀྱི་བར་དུ་མཁའ་འགྲོ་ལ་གཏད་པས། སྣོད་མེད་ལ་བསྲུང་ནས་སྣོད་ལྡན་ལ་གཏད་པ་བཞིན་དུ། བདག་འདྲ་པདྨས་ཀྱང་མ་འོངས་པའི་དོན་དུ་གཏེར་དུ་སྦས་ནས། མཁའ་འགྲོ་དང་འཇིག་རྟེན་པའི་ལྷ་འདྲེ་ལ་གཏད་པས། གཏེར་སྲུང་རྣམས་ཀྱིས་ཀྱང། སྣོད་ལྡན་ལ་གཏད་པ་ནི་དབང་ལུང་ཡིན་པར་བཞེད་དོ། །སྨོན་ལམ་དབང་བསྐུར་རྒྱི་བརྒྱུད་པ་ནི་དབང་ལུང་ཡིན་པར་བཞེད་དོ། །སྨོན་ལམ་དབང་བསྐུར་གྱི་རྒྱུད་པ་ཡང་འདི་ལ་ཚང་སྟེ། ཆོས་ཐམས་ཅད་སྨོན་ལམ་གྱིས་མཐའ་བསྒྱུར་བས། སྨོན་ལམ་ནི་སངས་རྒྱས་ཀྱི་བདེན་པའི་བཀའ་ཡིན་ཏེ། བཀའ་ནི་


LR16_Page_448
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསླུ་བི་དབང་གི་ཚིག་ཡིན་པས་དབང་གི་མཆོག་མིན་ནོ། །བདག་འདྲ་པདྨས་ཀྱང་མ་འོངས་ལས་ཅན་དང་འཕྲད་པར་ཤོག །ཅེས་སྨོན་ལམ་བཏབ་པས་དེའི་མཐུས་ལས་ཅན་གཅིག་དང་འཕྲད་པ་ཡིན་ཏེ། དབང་གི་དམ་པ་སྨོན་ལམ་ཡིན་པར་བཞེད་དོ། །མདོར་ན་སློབ་དཔོན་པདྨའི་བཞེད་པས། ཤོག་སེར་མཐོང་བ་ཙམ་ཡང་སློབ་དཔོན་ཆེན་པོ་ཉིད་ཀྱི་ཞལ་མཐོང་གི་འཁོར་ཡིན་ལ། དེའི་དགོངས་པ་ཕྱིན་ཅི་མ་ལོག་པར་ལོན་པ་ནི་ཐུག་སཀཡི་སྲས་ཡིན་ཏེ། དེ་ལ་དབང་ཐམས་ཅད་ཡོངས་སུ་རྫོགས་པར་བཞེད་དོ། །གཏེར་མ་ཡིན་ངེས་རྣམས་ནི་ཤིན་ཏུ་ཟབ་ཅིང་བྱིན་རླབས་ཅེ་བ་དེ་ལྟར་གཏེར་མ་ཡིན་གཻས་རྣམས་ནི་ཤིན་ཏུ་ཟབ་ཅིང་བྱིན་རླབས་ཆེ་བ་དེ་ལྟ་ཡིན་ལ། གཏེར་མ་ལ་བསྙད་པའི་བཅོས་མའི་ཟོག་ཆོས་དང། ཆོས་འདྲ་སྣང་སྟོན་པ་ཅི་རིགས་འབྱུང་བས། རྟོག་དཔྱོད་ཞིབ་ཏུ་བྱ་ཞིང་རྣམ་དབྱེ་ཆོད་པ་གལ་ཆེའོ། །དེས་ན་ཆོས་ཕྱིན་ཅི་མ་ལོག་པ་ཡང་དག་པ་རྣམས་སྐྱོན་མེད་དུ་སྒྲུབ་ཅིང། །དེས་ན་ཆསོ་ཕྱིན་པར་བཤད་ནས་ཀྱང་ངེས་པ་མི་སྟེར་ན། གང་ཟག་དེའི་བློ་བདུད་ཀྱིས་བྱིནགཡིས་བརླབས་ཤིང། ཐང་སྟོང་གི་སྡིག་པ་ལག་གིས་བླངས་ནས། ཆོས་སྤོང་གི་ལས་གསོག་ཅིང༌། མནར་མེད་པའི་དམྱལ་བར་སྐྱེ་བའི་རྟགས་ཡིན་ཏེ། འདི་དག་ནི་རབ་ཏུ་བྱུང་བ་ཕལ་མོ་ཆེས་བྱེད་དེ། བརྒྱད་སྟོང་པའི་བདུད་ཀྱི་ལེའུ་ལས། གཞན་ཡང་རབ་འབྱོར། བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་དུ་ལས། གཞན་ཡང་རབ་འབྱོར། བདུད་སྡིག་ཅན་དགེ་སྦྱོང་གི་ཅ་བྱད་དུ་འོང་ནས་འབྲལ་བར་བྱེད་ཅིང། འདི་ལྟར་རིག་སཀྱི་བུ་ཐེག་པ་ལ་གསར་དུ་ཞུགས་པ་དང་དང་འབྲལ་བར་བྱེད་དེ། གང་ཁྱོད་ཀྱིས་བསྟན་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ཏེ། ཇི་ལྟར་ངའི་མདོ་སྡེའི་ནང་དུ་རྟོགས་པ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་དེ་ལྟར་


LR16_Page_449
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་སྡིག་ཅན་གྱིས་ཐེ་ཚོམ་ཟར་བཅུག་སྟེ། རབ་འབྱོར་དེ་ལྟར་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས། དབྱེ་བར་བྱས་པས་བྱང་ཆུབ་སེམས་དཔའ་ཐེག་པ་ལ་གསར་དུ་ཞུགས་པ། བློ་ཞན་པ། བློ་ཆུང་པ། བློ་དམན་པ། ལྡོངས་པར་གྱུར་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པ་དག་ཐེ་ཚོམ་ཟར་འཇུག་གོ །དེ་དག་ཐེ་ཚོམ་དུ་གྱུར་ནས་ཤེས་རབ་ཀྱི་ཕོ་རོལ་དུ་ཕྱིན་པ་འདི་མི་འཛིན། །ཀུན་ཆུ་པར་མི་བྱེད། མི་འཆང། མི་ཀློག་མི་སྟོན། ཡི་གེར་མི་འབྲི་བར་འགྱུར། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བདུད་ཀྱི་ལས་སུ་རིགས་པར་བྱའོ། །ཞེས་གསུངས་པས་བདུད་ཀྱིས་བྱིན་གྱིས་བབླབས་པའི་གང་ཟག་རྣམས་ཀྱི་རྗེས་སུ་འཇུག་པར་མི་བྱའོ། །དེའི་རྗེ་སུ་ཞུགས་པའི་གང་ཟག་འགའ་ཞིག་ཐང་སྟོང་ལ་འཁྱམས་པའི་སྡིག་པ་ལག་གིས་བླངས་ནས། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བཀའ་བརྒྱུད་ཡིན་ངེས་དང། མཁས་པ་ཚད་ལྡ་རྣམས་ཀྱིས་དེ་ལ་བརྟེན་ནས་མཛད་པའི་བསྟན་བཅོས་ལ་སོགས་པ་དམ་པའི་ཅོས་ཕྱིན་ཅི་ལ་ལོག་པ་རྣམས་དང། གང་ཟག་དམ་པ་རྣམས་ལ་སྐུར་བ་འདེབས་པར་བྱེ་དེ། དེ་ལ་སྐུར་བ་བཏབ་ན་ཆོས་སྤོང་གི་ལས་བསགས་ཤིང། ངན་སོང་དུ་ལྟུང་བར་འགྱུར་ཏེ། སྡུད་པ་ལས། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང། །རྒྱལ་བའི་ཤེས་རབ་ཕོ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ །ཞེས་པ་དང། དཀོན་མཆོག་ཏ་ལ་ལས། བྱང་ཆུབ་སེམས་


LR16_Page_450
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྐུན་པོས་གསོལ་པ། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་འགྱུར་བའི་སེམས་ཅན་ཇི་ལྟ་བུ་དག་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐུན་པོ་འདི་ལྟ་བུ་དག་སྤོང་བར་འགྱུར་བ་དེ་དག་ནི་ཕལ་ཆེར་རབ་ཏུ་བྱུང་པ་ཤ་སྟག་འབྱུང་སྟེ། འདི་སྐ་དུ། འདི་དག་ནི་སྙན་དངགས་མཁན་གྱིས་སྦྱར་བ་ཡིན་གྱི འདི་དག་དེ་བཞིན་གཤེགས་པས་གསུང་པ་མ་ཡིན་ནོ། །འདི་དག་ནི་རང་བཟོར་བྱས་པ་ཡིན་ཏེ། མདོ་སྡེ་འདི་དག་སྔོན་ནམ་ཡང་མ་ཐོས་སོ་ཟེར་ཞིང། དེ་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་འགྱུར་རོ། །སྤངས་ནས་ཀྱག་མཐོལ་ཞིང་བཤགས་པར་མི་འགྱུར་ཏེ། དེ་དག་ཆོས་སྤང་ནས་འཆི་བའི་ཚེ་སེམས་ཅན་དམྱལ་བ་ཆེནཔོར་ཀུན་ཏུ་འབར་བ་མི་ཟད་པར་སྐྱེ་བར་འགྱུར་རོ། །སྐྱེས་མ་ཐག་ཏུ་ལྕགས་ཀྱི་འཁོར་ལོས་མི་གཏི་མུག་པ་དེ་དག་གི་མགོ་བཅད་ནས་ས་ལ་ལྟུང་བར་འགྱུར་རོ། །དེ་ལྟར་གྱུར་ནས་ཀྱང་བསྐལ་པ་བརྒྱ་ཕྲག་མང་པོ་དང། བསྐལ་པ་སྟོང་ཕྲག་མང་པོར་དམུས་ལོང་དུ་འགྱུར་རོ། །གལ་ཏེ་བསྐལ་པ་བརྒྱ་དག་འདས་ནས་མིར་སྐྱེ་བར་འགྱུར་ན་ཡང། ཚེ་རབས་ཐམས་ཅདུ་དམུས་ལོང་དུ་སྐྱེ་བར་འགྱུར་རོ། །ལྕེ་མེད་པ་དང། གདོང་ཕྱིན་ཕྱོགས་སུ་འདུག་པ་དང། ལྷག་པ་རྒུར་བ་དང། འཇིང་པ་ནུབ་པ་དང། རྐང་པོ་གྱོལ་བ་དང། ང་རོ་ཁྱི་སྐད་ལྟ་བ་དང་རྟག་ཏུ་བཀྲེས་ཤིང་སྐོམ་པས་ཉེན་པ་དང། ལུས་བསྐམས་པ་དང། ཁ་མནམ་པ་དང། སེམས་ཅན་ཐམས་ཅད་ཀྱིས་མཐོང་ངམ་ཐོས་ན་ཡང། ཡིད་དུ་མི་འོང་བར་སྐྱེ་བར་འགྱུར་རོ། །ཞེས་སོ། །གཞན་ཡང་གང་ཟག་


LR16_Page_451
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོས་བཞིན་མཛད་པ་རྣམས་ལ་ཐེག་པ་ཆེན་ཆུང་ཆ་ལུགས་གང་ཡིན་ཡང་རུང་སྟེ་སྐུར་བ་མི་གདབ་བོ། །དེ་ཡང་དཀོན་བརྩེགས་ལས། གང་དག་བྱང་ཆུབ་སེམས་དཔའི་སྤྱོད་རྟོག་པ། །དེ་དག་སྨྱོན་པ་ཡིན་པར་ཤེས་པར་བྱའོ། །ཞེས་པ་དང། བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོཤ་སུ་བསླད་ཅིང་བློ་ཆུང་རིག་པར་བྱ། །ཞེས་སོ། །དེ་བས་ན་དེ་གཉིས་ལ་སྐུར་བ་མི་གདབ་པ་ནི་ནན་ཏན་དུ་གལ་ཅེ་སྟེ། དཀོན་བརྩེགས་ལས། མདོག་ངན་གླེན་ནམ་ཡང་ན་རྙེད་མེད་དམ། །བརྙས་ཤིང་སྨད་པར་བྱ་བ་ཡིན་ན་ཡང༌། །མི་ཡི་ཁམས་དང་སྤྱོད་པ་ཤེས་དཀའ་བས། །དེ་ལ་གྱ་ཚོས་ཚོམས་སྐྱོན་ནི་གདགས་མི་བྱ། །ཞེས་པ་དང། ཇོ་བོ་རྗེས། གང་ལའང་སྐུར་བ་མི་གདཊ་ཅིང། གང་མོས་དེ་ལ་འདུན་པར་བྱ། །ཞེས་པས་མངོན་ནོ་


previousསྤྱི་དོན་བཞི་པ། བོད་གངས་ཅན་གྱི་ཡུལ་དུ་བཀའ་དང་བསྟན་བཆོས་ཇི་ལྟར་འགྱུར་ཚུལ།next