Nitartha Digital Library
Tibetan
ཀློང་ཆེན་ཆོས་འབྱུང་།


   
   
   
   
   
   
   
   
   
   
   
སྤྱི་དོན་བརྒྱད་པ། བྱམས་པ་དང་འཁོར་ལོས་བསྒྱུར་རྒྱལ་རྣམས་འབྱོན་ཚུལ་བསྟན་པ།
   
   


 
previousསྤྱི་དོན་བརྒྱད་པ། བྱམས་པ་དང་འཁོར་ལོས་བསྒྱུར་རྒྱལ་རྣམས་འབྱོན་ཚུལ་བསྟན་པ།next

སྤྱི་དོན་བརྒྱད་པ། བྱམས་པ་དང་འཁོར་ལོས་བསྒྱུར་རྒྱལ་རྣམས་འབྱོན་ཚུལ་བསྟན་པ།


LR16_Page_485
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བརྒྱད་པ་བྱམས་པ་དང། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱོན་ཚུལ། བཅོམ་ལྡན་འསད་བྱམས་པའི་འབྱོན་ཚུལ། དེ་ནས་སྐྱེ་རྒུ་རྣམས་ཀྱིས་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན། དེ་བཞིན་གཤེགས་པ་བྱམས་པ་འཇིག་རྟེན་དུ་འབྱོན་ཏེ། ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་ནས་བྱམས་པ་འབྱོན་ཟེར། ཡང་སྟོན་པ་འདས་ནས་ལོ་བྱེ་བ་ཕྲག་བཅུ་རྩ་བདུན་དང། ས་ཡ་དྲུག་ནས་བྱམས་པ་འབྱོན་པར་ལུང་བསྟན་པའི་མདོ་ལས། ཤཱ་རིའི་བུ་དེ་ལྟར་ཕུན་སུམ་ཚོགས་པའི་དུས་ལ་བབས་པའི་ཚེ། བྱང་ཆུབ་སེམས་དཔའ་འདི་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ཡང་འདིས་བསྐལ་པ་གྲངས་མེད་པ་འབུམ་ཕྲག་གཅིག་དང། བསྐལ་པ་བཅུ་དྲུག་གི་བར་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པར་བྱས་ཏེ། ཐ་མར་ཐམས་ཅད་སྒྲོལ་གྱི་རྣམ་པར་ཐར་པའི་ཚུལ་གྱིས་སྦྱིན་པ་ཆེན་པོ་བཏང་ནས་དགའ་ལྡན་དུ་མངོན་པར་སྐྱེ་བར་འགྱུར་རོ། །དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་


LR16_Page_486
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་ན་ཇི་སྙེད་འཁོད་པའི་ལྷ་ཐམས་ཅད་འོངས་ཏེ། ད་ནི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཞེས་སྙན་པའི་སྒྲ་དབྱངས་ཆེན་པོ་ཀུན་ཏུ་སྒྲོག་པར་བྱེད་ཅིང། བྱང་ཆུབ་སེམས་དཔའ་བྱམས་པའང་འཛམ་བུའི་གླིང་དུ་གཤེགས་ཏེ། མངོན་པར་རྫོགས་པར་སངས་རྒྱ་བར་གསོལ་ཞེས་སྐུལ་བར་ཡང་བྱེད་དོ། །དེ་ནས་དེས་གཟིགས་པ་རྣམ་པ་ལྔས་མངོན་པར་གཟིགས་པར་འགྱུར་ལ་གཟིཊ་ནས་ཀྱང་དགའ་ལྡན་གྱི་ཕོ་བྲང་ལྷའི་ཞལ་མེད་ཁང་ཆེན་པོ་ནས་འཕོས་ཏེ། རྒྱལ་པོ་དུང་གི་ཕོ་བྲང་གྲོང་ཁྱེར་རྒྱལ་མཚན་བློ་གྲོས་ཞེས་བྱ་བ་དེར། བྲམ་ཟེར་མདུན་ན་འདོན་ཚངས་རབ་ཅེས་བྱ་བའི་བཙན་མོ། །ཚངས་ལྡན་མ་ཞེས་བྱ་བའི་ལྷུམས་སུ་འཇུག་པར་བྱ་བར་འགྱུར་རོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་དྲྭ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་འགྱུར་རོ། །དེ་ཟླ་བ་བཅུ་འདས་པ་ན། དྲང་སྲོང་ལྷུང་བ་རི་དྭཊ་རྒྱུ་བའི་ཚལ་དུ། ཡུམ་གྱི་གློ་གཡས་རོལ་ནས་འཁྲུངས་ཏེ་རིམ་གྱིས་ནར་སོན་པ་དང། རང་གི་བསོད་ནམས་ཀྱི་མཐུས་སའི་འོག་ནས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁང་བཟང་བཞི་འབྱུང་བར་འགྱུར་ལ། དེར་རང་ཉིད་ལྷ་བཞིན་དུ་འདགུ་སྟེ། ལྷ་མོ་ཟླ་བའི་གདོང་ཅན་མ་དག། གཞན་ཡང་ལྷ་མོ་ལྟ་བུའི་བུད་མེད་ལྷ་མོ་མང་པོ་དང་ལྷན་ཅིག་ཏུ་དགའ་བས་རྣམ་པར་སྤྱོད་པར་འགྱུར་རོ། །ཞེས་དང། གཞན་ཡང་རབ་ཏུ་བྱུང་བ་ལ་སོགས་པའི་མཛད་པ་བཅུ་གཉསི་པོ་ཀུན་ད་ལྟར་གྱི་ཤཱཀྱ་ཐུབ་པ་དང་ཚུལ་མཐུན་པ་ལ། བསོད་ནམས་ཀྱི་དཔལ་དང་


LR16_Page_487
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་མཛད་པ་དཔག་པར་མི་ནུས་པ་འདུག་སྟེ། ཡི་གེ་མང་བས་ཤེས་པར་འདོད་ན་བྱམས་པ་འབྱོན་པར་ལུང་བསྟན་པའི་མདོ་ན་གསལ་ལོ། །མདོ་དེ་ཉིད་ལས། ཤཱ་རིའི་བུ་སྟོབས་བཅུ་མངའ་བའི་བཅོམ་ལྡན་འདས་དེའི་སྐུ་ལས་རྣམ་པར་འཕྲོ་བའི་འོད་ཟེར་ཐམས་ཅད་ཀྱང་རབ་ཏུ་འབར་ཞིང་གསལ་ཏེ། ཉི་ཟླའི་འདོ་ཐམས་ཅད་ཟིལ་གྱིས་མནན་ནས་མི་གསལ་ཞིང། ཉིན་མོ་དང་མཚན་མོ་ཡང་གང་ཡིན་བྱེ་བྲག་མེད་པར་འགྱུར་རོ། །དེ་ལྟར་སྔ་དྲོ་དང། དགོང་མོ་ཤེས་པ་ནི་མེད་ལ། གཞཉ་དུ་ན་བྱའི་སྒྲས་ཤེས་པར་བྱེད་དེ། བྱ་རྣམས་སྐད་འབྱིན་པ་ན། ད་ནི་སྔ་དྲོ་འོ་ཞེས་པ་དང། ནམ་བྱ་རྣམས་སྐད་མེད་པར་གཅོམ་སྐྱུངས་པ་ན། ད་ནི་དགོང་མོ་འོ་ཞེས་རྣམ་པར་འབྱེད་ལ། ཡང་ན་མེ་ཏོག་ཁ་འབྱེད་པ་དང། ཟུམ་པས་ཀྱང། འཇིག་རྟེན་པ་རྣམས་གོ་བར་བྱེད་དོ། །བཅོམ་ལྡན་འདས་དེ་གང་དང་གང་དུ་ཆོས་འཆད་པ་དེ་དང་དེར་ཡང༌།ཆོས་སྒྲ་ཐམས་ཅད་ལ་གྲགས་པར་འཆད་དོ། །ཐོག་མར་བྲམ་ཟེར་བརྒྱད་ཁྲི་བཞི་སྟོང་དང། ཚངས་པ་ས་ཡ་ཕྲག་བཅོ་བརྒྱད་ཀྱིས་ཆོས་ཀྱི་བདུད་རྩི་འཐུངས་སྟེ། འབྲས་བུ་ལ་རྣམ་པར་གནས་པར་འགྱུར་རོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་ནི་བསོད་ནམས་དང་བྱིན་བརླབས་ཀྱི་ནུས་པ་བརྒྱ་ཕྲག་མང་པོ་དང་ལྡན་པ། བསོད་ནམས་བརྒྱ་ཕྲག་དུ་མའི་མཚན་ཅན་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་ལེགས་པར་བརྒྱན་པའོ། །དེའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་ཞིང། འོད་ཀྱི་དཀྱིལ་འཁོར་གྱི་ཁྲོད་དན་ཤིན་ཏུ་ལྷ་མ་མེ་ལྷན་ནེ་ལྷང་ངེར་བཞུགས་ཏེ། གཟི་བརྗིད་ཚད་མེད་པའི་དཔལ་


LR16_Page_488
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འབར་བའོ། །འོད་ཀྱང་ཁ་དོག་སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་ཁུ་དང། དཀར་པོ་དང། ཤེལ་དང་དངུལ་གྱི་ཁ་དོག་ཅན་རྣམས་རྒྱུན་མི་ཆད་པར་འགྱུར་ཏེ། འོད་འཕྲོ་བ་ཏ་ལའི་ཤིང་ལྟ་བུ་ཕྱོགས་ཐམས་ཅད་དུ་བསྐོར་ཤིང་འཁོར་ལ། ཕུང་པོ་ཕུང་པོར་ཡང་ཆད་དེ། གསལ་ཞིང་འཚེར་བའི་འཕྲེག་བ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་ལན་གསུམ་བསྐོར་བ་བྱས་ནས། ཡར་མར་འགྲོ་བར་བྱེད་དོ། །བཅོམ་ལྡན་འདས་དེའི་སྐུའི་སྲིད་དུ་ཁྲུ་བརྒྱད་ཅུ་རྩ་བརྒྱད་དང་ལྡན་པ་ཡིན་ཏེ། ཞབས་ཀྱི་མཐིལ་ནས་པུས་མོའི་བར་ལ་ཁྲུ་ཉིས་ཤུ་རྩ་གཉིས་སོ། །པུས་མོ་ནས་ལྟེ་བའི་བར་ལ་ཁྲུ་ཉིས་ཤུ་རྩ་གཉིས་སོ། །ལྟེ་བ་ནས་མགུལ་གྱི་བར་ལ་ཁྲུ་ཉིས་ཤུ་རྩ་གཉིས་སོ། །མགུལ་ནས་དབུའི་བར་ལ་ཁྲུ་ཉིས་ཤུ་རྩ་གཉིས་སོ། །དཔུང་པ་གཉིས་ཀྱི་བར་ལ་ཁྲུ་ཉིས་ཤུ་རྩ་ལྔའོ། །སྒྲོག་རུས་རེ་རེ་ལའང་ཁྲུ་ལྔ་ལྔའོ། །སྙན་ཤལ་གཉིས་ལ་ཁྲུ་བདུན་བདུན་ནོ། །སྤྱན་གྱི་དཀྱུས་ལ་ཁྲུ་ལྔ་ལྔའོ། །སྨིན་དབྲག་ལའང་ཕྲུ་ལྔ་ལྔའོ། །ཤངས་ཀྱི་དཀྱུས་ལ་ཕྲུ་བདུན་ནོ། ། །མཆུ་གཉིས་ལ་ཁྲུ་བཅུའོ། །ལྗགས་ཀྱི་དཀྱིལ་འཁོར་ལ་ཕྲུ་ལྔའོ། །སྨིན་དབྲག་པའང་ཕྲུ་ལྔ་ལྔའོ། །ཤངས་ཀྱི་དཀྱུས་ལ་ཁྲུ་ལྔ་ལྔའོ། །སྨིན་དབྲག་ལའང་ཕྲུ་ལྔ་ལྔའོ། །ཤངས་ཀྱི་དཀྱུས་ལ་ཕྲུ་བདུན་ནོ། །མཆུ་གཉིས་ལ་ཁྲུ་བཅུའོ། །ལྗགས་ཀྱི་དཀྱིལ་འཁོར་ལ་ཕྲུ་ལྔའོ། །མཆུ་གཉིས་ལ་ཁྲུ་བཅུའོ། །ལྗགས་ཀྱི་དཀྱིལ་འཁོར་ལ་ཕྲུ་ལྔའོ། །གཙུག་ཏོར་ལ་ཕྲུ་ལྔའོ། །མགྲིན་པ་ལ་ཕྲུ་ལྔའོ། །ཕྱག་གཉིས་གྱིས་དཀྱུས་ལ་ཕྲུ་བཞི་བཅུ་རྩ་བཞི་རྩ་བཞིའོ། །ཤཱ་རིའི་བུད་དེ་ལྟ་བུའི་སངས་རྒྱས་དེ་ནི། དཔེ་མེད་པའི་དཔལ་དང། སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་དང་ལྡན་ཞིང། འཇིག་རྟེན་གྱི་འཁོར་ལ་སྟོང་ཕྲག་བཅུའི་ལྷ་དང་མི་རྣམས་ཀྱི་དབུས་སུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་ཆེན་པོ་ཡང་དག་པར་བསྐོར་བར་མཛད་པ་ཡིན་ནོ། །


LR16_Page_489
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་འོག་ཏུ་ལྷ་དང་མི་ས་ཡ་ཕྲག་གཅིག་གིས་འཛིན་པ་མེད་པར་དང་པོ་ཉིད་དུ་ཆོས་ཀྱི་མཆོག་གི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། རྣམ་པར་གྲོལ་བ་ཐོབ་པ་རྣམས་ནི་ལྷའི་ཡུལ་དུ་སྐྱེ་བར་འགྱུར་རོ། །འདི་ལྟར་བཅོམ་ལྡན་འདས་བྱམས་པའི་མཆོག་ཆེན་པོ་དེ། གང་གིས་མི་མཐོང་ཞེ་ན། ཤཱ་རིའི་བུ་གང་གིས་ཕ་དང་མ་བསད་པ་དང། དགྲ་བཅོམ་པ་བསད་པ་དང། དགེ་སློང་མ་སུན་དབྱུང་བ་དང། དགེ་འདུན་གྱི་དབྱེན་བྱས་པ་དང། སྡིག་པའི་ལས་ལྔ་བྱས་པ་དང། མཆོད་རྟེན་བཤིག་པ་དང། བྱང་ཆུབ་ཀྱི་་ཤིང་བཅད་པ་དང། བྱང་ཆུབ་སེམས་དཔའ་བསད་པ་དང། དགེ་འདུན་གྱི་འཚོ་བ་ཉམས་པར་བྱས་པ་དང། སེར་སྣ་ཤས་ཆེ་བ་དང། རྟག་ཆད་དུ་ངེས་པར་བལྟ་བའི་མུ་སྟེགས་པ་དང། འཕགས་པ་རྣམས་ལ་བསྐུར་བ་བཏབ་པ་དང། དམ་པའི་ཆོས་སྤངས་པ་དང། གཅེར་བུ་པའི་རིགས་རྣམས་ཀྱིས་མི་མཐོང་བ་ཡིན་ནོ། །ཚིགས་སུ་བཅད་པ་སྟོང་ཕྲག་གཅིག་གིས་བརྒྱན་ཡོད་པའི་ཐམཀས་ཅད་སྒྲོལ་བའི་སྐྱེས་རབས་ཆེན་པོ་སྟོང་ཕྲག་གསུམ་པ་ཞང་གཅིག་ལ་འཛད་ཅིང། ཉན་པའི་མི་དང། མར་མེ་སྟོང་ཕྲག་གཅིག་འབུལ་བ་དང། དྲི་བཟང་པོ་མེད་ནའང་མེ་ཏོག་སྟོང་ཕྲག་གཅིག་འབུལ་བ་དང། ཨུཏྤལ་སྔོན་པོ་སྠོང་ཕྲག་གཅིག་འབུལ་བ་དང། སངས་རྒྱས་ཀྱི་རིང་བསྲེལ་ཡོད་པའི་མཆོད་རྟེན་དང། སངས་རྒྱས་ཀྱི་སྐུ་གཟུགས་ལ་མཆོད་པ་བྱེད་པ་ཐམས་ཅད་ནི་སངས་རྒྱས་བྱམས་པ་དེས་ཆོས་སྟོན་པའི་དུས་སུ། དེའི་དྲུང་དུ་ཆོས་ཀྱི་མཆོག་གི་རྣམ་པར་གྲོལ་བ་ཐོབ་པ་དང་མཐོང་བར་འགྱུར་རོ། །དེ་མ་ཡིན་པའི་སེམས་ཅན་སྦྱིན་པ་གཏོང་བ་དང། སྡོམ་པ་སྲུང་བ་དང་


LR16_Page_490
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཁང་དང། གཙུག་ལག་ཁང་དུ་བྱེད་པ་དང། བྱང་ཆུབ་ཀྱི་ཤིང་གི་ས་བོན་སྐྱེད་པ་དང། རིང་བསྲེལ་གྱི་མཆོད་རྟེན་བྱེད་པ་དང། བྱང་ཅུབ་ཀྱི་ཤི་དང། མཆོད་རྟེན་ལ་ཞབས་ཏོག་བྱེད་པ་དང། སེམས་ཅན་ལ་ཕན་པའི་ཚལ་བྱེད་པ་དང། ཟམ་པ་བྱེད་པ་དང། ལམ་བྱེད་པ་དང། མགྲོན་པོའི་གནས་ཁང་བྱེད་པ་དང། ཆུ་མིག་བྱེད་པ་དང། སངས་རྒྱས་ཀྱི་བསྟན་པ་ལ་དད་པར་བྱེད་པ་དང། སངས་རྒྱས་ཀྱི་ཆོས་འདི་དག་འཆད་པ་ལ་མེ་ཏོག་ལ་སོགས་པས་མཆོད་པར་བྱེད་པར་དང། དའེི་ཁྲི་ལ་བྱི་དོར་བྱེད་ཅིང་ལེགས་པར་ཆོས་མཉན་པ་དང། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང། ཕ་དང་མའི་ཞབས་ཏོག་བྱེད་པ་དང། རིགས་ཀྱི་ཆེ་བ་ལ་གུས་པར་བྱེད་པ་དང། སྡོམ་པ་སྲུང་བའི་དུས་སུ་བསྙེན་བཀུར་བྱེད་པ་དང། ཚེས་བཅོ་ལྔའི་དུས་སྟོན་བྱེད་པ་དང། ལྷུང་བཟེད་འབུམ་བ་དང། སྟན་འབུལ་བར་བྱེད་པ་ཐམས་ཅད་ཀྱིས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་ཞིང་མཉེས་པར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་བསོད་ནམས་མང་པོ་མི་ནུས་པར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་བསོད་ནམས་མང་པོ་མི་ནུས་ནའང། གཞན་གྱི་བསོད་ནམས་ལ་རྗེས་སུ་ཡིད་རངས་པར་བྱེད་པའི་ལྷ་དང་མི་རྣམས་ཀྱིད་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བ་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་པ་དེ་མཐོང་བར་འདོད་པའི་དད་པ་ཡོད་པི་མིས་སྦྱིན་པ་གཏོང་བ་དང། ཚུལ་ཁྲིམས་བསྲུང་བ་དང། བསྙེན་གནས་བསྒྲུབ་པ་དང། དོན་ཡག་དག་པར་བསྒོམ་པ་དང། དགེ་བའི་ལས་ཤིན་ཏུ་ལེགས་པར་བྱེད་པ་རྣམས་ཀྱིས་ནི། སངས་རྒྱས་བྱམས་


LR16_Page_491
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལེགས་པར་མཐོང་བ་དང། དེ་དང་མཇལ་བར་འགྱུར་རོ། །ཞེས་སོ། །དེ་ནས་ཡང་སེམས་ཅན་རྣམས་ཀྱིས་མི་དགེ་བ་བྱས་པས། ལོ་བརྒྱ་བརྒྱ་ནས་ལོ་རེ་མར་བྲི་བས་ཚེ་ལོ་བཅུ་པ་སོང། དེ་ལྟར་ཡར་འཕེལ་བས་བརྒྱད་ཁྲི་པ་དང། མར་འགྲིབས་པས་བཅུ་པ་སྟེ། ཁུག་པ་བཅོ་བརྒྱད་པོ་དེ་ལ་བར་གྱི་ཁུག་པ་བཅོ་བརྒྱད་དོ། །དེ་དག་རྫོགས་པའི་མཐར། ཚེ་ལོ་བཅུ་པ་ལས། ལོ་ཉིས་བརྒྱ་ཉིས་བརྒྱ་ལ་ལོ་རེ་ཡར་འཕེལ་བས། ཚེ་ལོ་བརྒྱད་ཁྲི་ཁུག་པ་མ་ཐོག་ཡིན། དེ་ལྟར་ཡོ་ཐོག་མ་ཐོག་གཉིས་ལ། ལོ་ཉིས་བརྒྱ་ཉིས་བརྒྱ་ན་ལོ་རེ་སྐྱེ་འབྲི་བྱེད་ལ། བར་གྱི་ཁུག་པ་རྣམས་ནི་ལོ་བརྒྱ་བརྒྱ་ན་ལོ་རེ་སྐྱེ་འབྲི་བྱེད་པ། ཡ་ཐོག་མ་ཐོག་རྐྱང་པ་དང། བར་གྱི་ཁུག་པ་རེ་མཉམ་མོ། །དེ་ལྟར་ཡ་ཐོག་མ་ཐོག་གཉིས་བར་གྱི་ཁུག་པ་བཅོ་བརྒྱད་དེ། བར་གྱི་བསྐལ་པ་ཉིས་ཤུར་གནས་པའོ། །འཁོར་ལོས་བསྒྱུར་རྒྱལ་འཛམ་བུའི་གླིང་འདི་ཉིད་དུ་འབྱོན་ཚུལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཛམ་བུ་གླིང་འདི་ཉིད་དུ་འབྱུང་བའི་དུས་ནི། མཚན་ཉིད་ཡོངས་སུ་རྫོགས་པའི་འཁོར་ལོས་སྒྱུར་པའི་རྒྱལ་པོ་ནི། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་ཉིད་ཚེ་ལོ་བརྒྱད་ཁྲི་ཡན་ཆད་ལ་འབྱུང་གི །དེ་མན་ཆད་ལ་ལོངས་སྤྱོད་ཀྱི་བྱ་བ་མི་རྫོགས་པའི་ཕྱིར་མི་འབྱུང་ངོ༌། དེ་མན་ཆད་ལ་ལོངས་སྤྱོད་ཀྱི་བྱ་བ་མི་རྫོགས་པའི་ཕྱིར་མི་འབྱུང་ངོ་། །སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། མཆོད་སྦྱིན་ཉིན་གཅིག་ཙམ་བྱས་པའམ། སྔར་མེད་པའི་སར་རྟེན་


LR16_Page_492
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ་ཙམ་གྱིས་ཐོབ་པ་ཡོད་དེ། དེ་ནི་བརྒྱད་ཁྲི་བ་དེ་བས་མར་འགྲིབ་ཀྱི་དུས་སུ་འབྱུང་ངོ་། །དེ་ཡང་གླིང་བཞི་གཅིག་ཏུ་འཁོར་ལོས་སྒྱུར་བ་གཉིས་མི་འབྱུང་སྟེ། སངས་རྒྱས་དང་འདྲའོ། །དེ་ཡང་གང་ཟག་གཞན་ལས་ཁྱད་པར་དུ་གྱུར་པ་ནི། །ལུས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་དག་གིས་བརྒྱན་པའོ། །འོ་ན་སངས་རྒྱས་ཀྱིས་མཚན་དཔེ་བྱད་དང་ཁྱད་ཅི་ཡོད་ཅེ་ན། ཡོད་དེ། གསལ་མི་གསལ་དང། རྫོགས་མ་རྫོགས་དང། གོག་པ་འཛུར་མི་འཛུར་གྱི་ཁྱད་པར་ཡོད་པར་བཤད་དོ། །སྐྱེ་བོ་གཞན་ལ་མེད་པའི་ཁྱད་པར་གྱི་ལོངས་སྤོཡད་མཆོག་ཏུ་འགྱུར་པི་རིན་པོ་ཆེ་སྣ་བདུན་ནོ། །དེ་ཡང༌། འཁོར་ལོ་རིན་པོ་ཆེ་གསེར་དངུལ་ལ་སོགས་པ་ལས་བྱས་པ། རྩིབས་སྟོང་དང་དན་པ་ནམ་མཁའ་ནས་ལྷས་འབུལ་བར་བྱེད་དོ། །ནོར་བུ་རིན་པོ་ཆེ་ཟུར་བརྒྱད་པས་ཚད་གྲང་སྐྱོབ་ཅིང། མཚན་མོ་སྣང་བར་བྱེད་པ་ཀླུའི་རྒྱལ་པོས་འབུལ་ལོ། །གླང་པོ་རིན་པོ་ཆེ་རབ་བརྟན་གྱི་འཁོར་དང། རྟའི་རྒྱལ་པོ་བཱ་ལ་ཧ་བརྒྱ་བྱིན་གྱིས་འབུམ་ལོ། །བློན་པོ་རིན་པོ་ཆེ་དེས་བང་མཛོད་དུ་བལྟས་པ་ཙམ་གྱིས་ལོངས་སྤྱོད་ཀྱི་གང་བར་བྱེད་པ་དང། བཙུན་མོ་མཆོག་ཏུ་གྱུར་པ་དུས་དེར་རང་བཞིན་གྱི་སྐྱེའོ། །དམག་དཔོན་གྱད་སྟོབས་པོ་ཅེ་རབང་བཞིན་གྱིས་འབྱུང་ངོ་། །ཉེ་བའི་རིན་པོ་ཆེ་བདུན་ནི། ཚལ་རིན་པོ་ཆེ་ནི་སྐྱིད་མོ་ཚལ་ཏེ། སླེབས་པ་ཙམ་གྱིས་ལུས་སེམས་ལ་དགའ་བ་སྐྱེའོ། །ཁང་བཟང་རིན་པོ་ཆེ་ནི། རིན་པོ་ཆེ་ལས་གྲུབ་པའི་ཁང་བཟང་སྡུག་པ་ཙམ་གྱིས་ལུས་སེམས་ལ་དགའ་བདེ་སྐྱེའོ། །མལ་ཁྲི་རིན་པོ་ཆེ་ནི། རིན་པོ་ཆེའི་ཁྲི་སྟེང་དུ་བསྡད་པ་ཙམ་གྱིས་བདེ་


LR16_Page_493
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེའོ༌། གོས་རིན་པོ་ཆེ་ནི། ལྷའི་གོས་ཁ་དོག་བཟང་ཞིང་རེག་ན་འཇམ་པ། གྱོན་པ་ཙམ་གྱིས་ཏིང་ངེ་འཛིན་སྐྱེའོ། །མཆིལ་ལྷམ་རིན་པོ་ཆེ་ནི། གྱོན་པས་ཆུ་ལ་མི་འབྱིང། ནམ་མཁའ་ལ་འགྲོ་བད་ནུས་པའོ། །ཀླུའི་པགས་པ་རིན་པོ་ཆེ་ནི། གྱོན་པས་འབྱུང་བ་བཞིའི་གནོད་པས་མི་ཚུགས་ཤིང། སྤྲུགས་པས་ཆར་འབབ་བོ། །རལ་གྲི་ཏིན་པོ་ཆེ་ནི། འཕྲར་བ་ཙམ་གྱིས་ཕས་ཀྱི་གཡུལ་འཇོམས་པར་བྱེད་པའོ། །དེ་ཡང། འཁོར་ལོས་སྒྱུར་བ་རང་ལ་བཞི་ཡོད་དེ། གསེར་གྱི་འཁོར་ལོས་སྒྱུར་བ་དང། དངུལ་གྱི་འཁོར་ལོས་སྒྱུར་བ་དང། ཟངས་ཀྱི་འཁོར་ལོས་སྒྱུར་བ་དང། དངུལ་གྱི་འཁོར་ལོས་སྒྱུར་བ་དང་བཞིའོ། །དེ་དག་ནི་གོ་རིམ་བཞིན་དུ་གླིང་བཞི་དང། གསུམ་དང། གཉིས་དང། གཅིག་ལ་དབང་བྱེད་དོ། །དབང་བྱེད་ལུགས་ནི། གསེར་གྱི་འཁོར་ལོ་ཅན་གླིང་བཞིར་འགྲོ་བ་དང། འཁོར་ལོ་ནམ་མཁའ་ལ་འཕངས་པས། ནམ་མཁའ་ལ་ལམ་བྱུང་ནས་དེ་ཕྱིན་པ་དང། གླིང་བཞིའི་མིས་ཕར་བསུ་ཚུར་སྐྱེལ་སོགས་བྱེད་ཅིང་བསྙེན་བཀུར་བྱེད་དོ། །དངུལ་གྱི་ནི་འཁོར་ལོ་རང་འགྲོ་ཞིང་དྲུང་དུ་ཕྱིན་པ་ཙམ་གྱིས་བསྙེན་བཀུར་བྱེད་དོ། །ཟངས་ཀྱིས་ནི་དྲུང་དུ་ཕྱིན་ནས་གཡུལ་བཤམས་པ་ཙམ་གྱིས་འདུལ་ལོ། །ལྕགས་ཀྱིས་ནི་མཚོན་བརྩམས་པས་མི་རྣམས་དབང་དུ་བྱེད་དོ། །དེ་ལྟར་དབང་དུ་བྱས་ཤིང་གླིང་བཞི་འདུལ་ཞིང་མི་རྣམས་བདེ་བ་ལ་འགོད་དོ། །


previousསྤྱི་དོན་བརྒྱད་པ། བྱམས་པ་དང་འཁོར་ལོས་བསྒྱུར་རྒྱལ་རྣམས་འབྱོན་ཚུལ་བསྟན་པ།next