Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽

6 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
expand section
  
 expand section
  
  
  
  
collapse section
  
  
  
  
collapse section
ལྔ་པ། དགོངས་དོན་རང་ཤར་དུ་བསྟན་པའི་ལེའུ།
  
  
 
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousལྔ་པ། དགོངས་དོན་རང་ཤར་དུ་བསྟན་པའི་ལེའུ།next

ལྔ་པ། དགོངས་དོན་རང་ཤར་དུ་བསྟན་པའི་ལེའུ།

དགོངས་དོན་གསང་བའི་རིག་པ་རང་ཤར་བས། །མ་སྤངས་བཞིན་དུ་ཉོན་མོངས་གཟུང་འཛིན་དག །ལས་དང་བག་ཆགས་རང་གྲོལ་previous hit ཟངཐལ་ལེ། །རྣམ་དག་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །བྱང་ཆུབ་སེམས་ཀྱི་དགོངས next hit་རང་ཤར་བས། །མ་བཙལ་ངང་དུ་ཡོན་ཏན་ལྷུན་གྱིས་གྲུབ། །སྐུ་དང་ཡེ་ཤེས་ཞིང་ཁམས་རང་སྣང་སངས། །འོད་གསལ་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །བཏང་བཞག་མེད་པའི་བསམ་གཏན་རང་ཤར་བས། །འབད་རྩོལ་གཉེན་པོའི་ལམ་ལ་མ་བརྟེན་པར། །བདེ་གསལ་མི་རྟོག་ཉི་ཟླ་མཐའ་དབུས་མེད། །ཉམས་རྟོགས་ཀློང་དུ་འཁོར་བ་དོང་སྤྲུགས་སོ། །དགོངས་དོན་རང་ཤར་དུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།


previousལྔ་པ། དགོངས་དོན་རང་ཤར་དུ་བསྟན་པའི་ལེའུ།next