Nitartha Digital Library
Tibetan
ཤེས་བྱ་ཀུན་ཁྱབ།

5 occurrences of བརྒྱུད་གསུམ་
[Clear Hits]


collapse section
 
གསང་སྔགས་གསར་མའི་ལུགས།


5 occurrences of བརྒྱུད་གསུམ་
[Clear Hits]

 
no previousསྐབས་བཞི་པ་གསང་སྔགས་རྡོ་རྗེ་ཐེག་པ་རྣམ་པར་གཞག་པ།no next

གསང་སྔགས་གསར་མའི་ལུགས།


LT08,P001A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་ཀུན་ལ་ཁྱབ་པའི་གཞུང་ལུགས་ཉུང་ངུའི་ཚིག་གིས་རྣམ་པར་འགྲོལ་བ་ལེགས་བཤད་ཡོངས་འདུ་ཤེས་བྱ་མཐའ་ཡས་པའི་རྒྱ་མཚོ་ཞེས་བྱ་བ་ལས་གླེགས་བམ་གསུམ་པ་བཞུགས་སོ། །


LT08,P001B
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་བཞི་པ་གསང་སྔགས་རྡོ་རྗེ་ཐེག་པ་རྣམ་པར་གཞག་པ་ལ། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི། །ཞེས་མཚམས་སྦྱར་ནས། དེ་འཆད་པ་ལ་གཉིས། གསང་སྔགས་གསར་མའི་ལུགས། གསང་སྔགས་རྙིང་མའི་ལུགས་སོ། །དང་པོ་ལ་གཉིས། རྡོ་རྗེ་ཐེག་པ་སྡེ་སྣོད་གང་དུ་གཏོགས་པ་དང༌། སྔགས་ཀྱི་རྣམ་བཞག་དངོས་བཤད་པའོ། །དང་པོ་ནི། ཆ་མཉམ་སྟོན་ཕྱིར་རིག་འཛིན་སྡེ་སྣོད་དམ། ཁ་ཅིག་ཉན་ཐོས་དབང་བྱས་སྡེ་སྣོད་གསུམ། །གཞན་ལ་མ་ངེས་སྡེ་སྣོད་བདུན་སོགས་ཕྱིར། །སྔགས་ཀྱི་སྡེ་སྣོད་ལོགས་སུ་དབྱེ་བར་བཞེད། །རྡོ་རྗེ་ཐེག་པ་འདི་སྡེ་སྣོད་གསུམ་དུ་བསྡུ་བ་དང༌། དེར་མ་འདུས་པ་ལོགས་སུ་དབྱེ་བ་དང༌། བསྡུ་བ་ནའང་མདོ་སྡེའི་སྡེ་སྣོད་ཁོ་ནར་བསྡུ་བ་དང༌། སྤྱི་ཁྱབ་ཏུ་བསྡུ་བ་སོགས་མཆིས་ཀྱང༌། །ཀུན་མཁྱེན་རང་བྱུང་ཞབས་ཀྱིས་ནང་གི་འདུས་མདོ་མངོན་པ་ཆ་


LT08,P002A
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་དུ་སྟོན་པའི་ཕྱིར་རིག་པ་འཛིན་པའི་སྡེ་སྣོད་ནི་སྡེ་སྣོད་གསུམ་ཆ་མཉམ་དུ་བཞེད་པ་ལྟར། སློབ་དཔོན་ཤྲདྡྷཱ་ཀ་རས། ཡང་ན་སྡེ་སྣོད་གསུམ་ཆ་མཉམ་དུ་འདུས་པར་ཡང་འཆད་དེ། གསུང་རབ་ཡན་ལག་དགུ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་ལ། གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ཀྱང་གསུང་རབ་ཡན་ལག་དགུར་འདུས་ཤིང༌། བསླབ་པ་རྣམ་པ་གསུམ་སྟོན་པའི་ཕྱིར་སྡེ་སྣོད་གསུམ་དུ་བཞག་སྟེ། ཞེས་སྡེ་སྣོད་གསུམ་ཆ་མཉམ་དུ་བཤད་པ་ལྟར་ཨ་བྷ་ཡ་ཀྱང་དེ་ལྟར་བཞེད་དོ། །ཡང་ན་དཔུང་བཟང་གིས་ཞུས་པ་ལས། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས། །ཞེས་དང་ཤྲདྡྷཱ་ཀ་ར་ཝརྨྨས།


LT08,P002B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གསང་སྔགས་ཀྱི་ཐེག་པའི་སྡེ་སྣོད་ནི་ཐེག་པ་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་གྲགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཞན་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཡོངས་སུ་བཟུང་བར་བྱ། །ཞེས་གསུངས་པ་ཡིན་ནོ། །ཞེས་དང༌། སློབ་དཔོན་སངས་རྒྱས་གསང་བས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །མདོ་སྡེ་འདུལ་བ་མངོན་པ་དང༌། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་གསུངས་པས་གསང་སྔགས་ནི་ཕྱི་མཚན་ཉིད་ཀྱི་སྡེ་སྣོད་ལས་ཁྱད་པར་འཕགས་པ་ཚེ་འདིར་སོགས་མྱུར་ཏུ་རིག་འཛིན་གྱི་འབྲས་བུ་འཐོབ་པར་བྱེད་པའི་ཐབས་ཟབ་ལ་རྒྱ་ཆེ་བ་སྟོན་པའི་གཞུང་ཡིན་པའི་ཕྱིར་རིག་འཛིན་གྱི་སྡེ་སྣོད་བཞི་པར་བཞག་པ་དང༌། ཁ་ཅིག་གིས་གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་དགོས་པ་ནི་ཐེག་པ་ཐུན་མོང་གི་དབང་དུ་བྱས་པ་ཡིན་གྱི། ཐེག་ཆེན་ལ་ནི་དེ་ཁོ་ནའི་ངེས་པ་མེད་དེ། ཟླ་བ་གྲགས་པའི་སྐྱབས་འགྲོ་བདུན་ཅུ་པ་ལས། ཉན་ཐོས་རྣམས་ཀྱིས་དབང་བྱས་ནས། །སྡེ་སྣོད་གསུམ་དུ་འདོད་པ་ཡིན། །བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི། །དེར་ནི་ངེས་པ་ཡོད་མ་ཡིན། །ཞེས་དང༌། །བྱང་ཆུབ་སེམས་དཔའི་དབང་བྱས་པ། །སྡེ་སྣོད་བདུན་དུ་བཤད་པ་ཡིན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་དང༌། །དེ་བཞིན་


LT08,P003A
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཅེས་བྱ་བ་དང༌། །མདོ་སྡེ་ཆོས་མངོན་འདུལ་བ་དང༌། །ཤིན་ཏུ་རྒྱས་དང་སྐྱེས་པའི་རབས། །དེ་ལྟར་སྡེ་སྣོད་བདུན་པོ་ནི། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྔགས་ཀྱི་སྡེ་སྣོད་ལོགས་སུ་དབྱེ་བར་བཞེད་དོ། །གཉིས་པ་སྔགས་ཀྱི་རྣམ་བཞག་བཤད་པ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་དོན་རྒྱུད་ཀྱི་རང་བཞིན་བསྒོམ་པའི་ཚུལ། །རྗོད་བྱེད་རྒྱུད་ཀྱི་འཆད་ཐབས་གསུམ་དུ་འདུ། །རྡོ་རྗེ་ཐེག་པ་དེའི་དོན་ཟབ་ཅིང་རྒྱ་ཆེ་བས་མཐའ་ཡས་ཀྱང་མདོར་བསྡུ་ན་རྒྱུད་ཀྱི་རང་བཞིན། དེའི་དོན་སྒོམ་པའི་ཚུལ། །རྗོད་བྱེད་ཚིག་གི་རྒྱུད་ཀྱི་བཤད་ཐབས་ཏེ་རྣམ་པ་གསུམ་དུ་འདུའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས། །རྒྱུད་ཀྱི་རང་བཞིན། བཤད་ཐབས་ཀྱི་མན་ངག་གོ །དང་པོ་ལ་གསུམ། ཁྱད་གཞི་སྔགས་རྒྱུད་ཀྱི་རྣམ་གྲངས་བཀོད། །མདོ་སྔགས་ཀྱི་ཁྱད་ཆོས་ཞིབ་པར་དབྱེ། ཁྱད་པར་ཅན་སྔགས་ཀྱི་ཚུལ་གཏན་ལ་དབབ་པའོ། །དང་པོ་ལ་བཞི། ངོ་བོ། མིང་གི་རྣམ་གྲངས། རང་བཞིན། དབྱེ་བའོ། །དང་པོ་ནི། རྒྱུད་ནི་སྔགས་དང་ཆོ་ག་སྟོན་བྱེད་བཅས། དེ་ལ་རྒྱུད་ཅེས་བྱ་བ་ནི་བརྗོད་བྱ་སྔགས་ཀྱི་ཚུལ་དང༌། དེ་སྒྲུབ་པའི་ཐབས་ཀྱི་ཆོ་ག །རྗོད་བྱེད་དམ་དེའི་དོན་སྟོན་བྱེད་བཀའི་ཚོགས་ལའང་རྡོ་རྗེ་ཐེག་པའི་སྡེ་སྣོད་རྒྱུད་ཅེས་བྱའོ། །གཉིས་པ་མིང་གི་རྣམ་གྲངས་ནི། རྣམ་གྲངས་


LT08,P003B
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྡེ་སྣོད་ཐེག་སོགས་བརྗོད། །འཇིག་རྟེན་པ་ཡི་རྒྱུད་ནི་འདིར་མི་བསྡུ། །དེ་ལ་མཚན་གྱི་རྣམ་གྲངས་མང་དུ་ཡོད་དེ། སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་འགྲུབ་པའི་ཕྱིར་སྔགས་ཀྱི་སྡེ་སྣོད་དང་སྔགས་ཀྱི་ཐེག་པ། །ལྷ་སྔགས་བདེ་བ་ཆེན་པོའི་ཡེ་ཤེས་རྣམས་ནི་རིག་པ་ཡིན་ལ། དེ་ཉིད་ཐབས་ཟབ་མོས་འཛིན་པས་རིག་འཛིན་གྱི་སྡེ་སྣོད། ཡང་ན་སྔགས་སྤྱོད་པའི་ཆོ་གས་ཚེ་འདི་ཉིད་ལ་རིག་འཛིན་གྱི་འབྲས་བུ་འཐོབ་པར་བྱེད་པས་རིག་པ་འཛིན་པའི་ཐེག་པ། ཐབས་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེའི་ལམ་གྱིས་རྡོ་རྗེ་གསུམ་མངོན་དུ་བྱེད་པས་རྡོ་རྗེའི་ཐེག་པ། བྱང་ཕྱོགས་སོ་བདུན་སོགས་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་ལམ་དུ་བྱེད་པས་མཚན་ཉིད་ལ་རྒྱུའི་ཐེག་པ་དང༌། གཞལ་ཡས་ཁང་དང་ལྷ་དང་དེ་དག་གི་ལོངས་སྤྱོད་སོགས་འབྲས་བུའི་རྣམ་པ་ད་ལྟ་ནས་ལམ་དུ་བྱེད་པས་སྔགས་ལ་འབྲས་བུའི་ཐེག་པ་ཞེས་བྱ་ཞིང༌། ཡང་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རྒྱུ་ཡིན་ལ་དེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་གཙོ་བོར་སྟོན་པའི་ཕྱིར་དེ་ལ་རྒྱུའི་ཐེག་པ་དང༌། འགྱུར་བ་མེད་པའི་བདེ་བ་ཆེན་པོ་འབྲས་བུའི་ཚུལ་དུ་གནས་པས་དེ་སྔགས་ཀྱི་ཐེག་པས་གཙོ་བོར་སྟོན་པས་དེ་ལ་འབྲས་བུའི་ཐེག་པ་ཞེས་བྱ་བ་དང༌། ཕ་རོལ་ཏུ་ཕྱིན་པ་ལས་ཐབས་ཆེ་ཞིང་མང་བས་ཐབས་ཀྱི་ཐེག་པ། ཉན་ཐོས་སོགས་སྣོད་མིན་ལ་སྦ་བར་བྱ་བའི་ཕྱིར་གསང་བའི་ཐེག་པ།


LT08,P004A
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལམ་འབྲས་གསུམ་དུ་རྒྱུན་ཆགས་པས་རྒྱུད་ཅེས་བྱ་བ་ལ་སོགས་པར་བརྗོད་དོ། །འཇིག་རྟེན་པའི་སྔགས་དང་རྒྱུད་རྣམས་ནི་སྔགས་རྒྱུད་ཙམ་པོ་བ་ཡིན་པས་ཐེག་པ་དང་སྡེ་སྣོད་ཀྱི་ནང་འདིར་མི་བསྡུའོ། །གསུམ་པ་རང་བཞིན་ནི། རང་བཞིན་རིགས་སྔགས་ལམ་འབྲས་གཙོ་བོར་སྟོན། །སྔགས་ཀྱི་ཐེག་པའི་རང་བཞིན་ནི་རིག་སྔགས་ཀྱི་སྦྱོར་བའི་ལམ་དང༌། དེ་ལས་བྱུང་བའི་འབྲས་བུ་གཙོ་བོར་སྟོན་པ་ཡིན་པས་སྔགས་ཀྱིས་ལམ་སྒྲུབ་པ་ཡིན་ན་སྔགས་དང་རྒྱུད་ཀྱི་སྦྱོར་བ་ལ་བརྟེན་པས་ཁྱབ་པོ། །བཞི་པ་དབྱེ་བ་ནི། དབྱེ་བ་འཇིག་རྟེན་འཇིག་རྟེན་ལས་འདས་གཉིས། །བཏགས་དངོས་ཁྱད་ཡོད་འཇིག་རྟེན་སོ་སྐྱེས་བྱས། །ངེས་འཇུག་ཁམས་གསུམ་མཆོག་སྒྲུབ་སེམས་ཀྱི་རྟེན། །ཚོགས་སྦྱོར་ལམ་སྟེ་སྟོན་བྱེད་སྡེ་སྣོད་བཅས། །སྔགས་རྒྱུད་ལ་སྤྱི་ཙམ་དུ་རྣམ་པར་དབྱེ་བ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་ལས། སྔ་མ་ནི་གོ་འཕང་མི་གཡོ་བ་མ་ཡིན་པ་དང༌། ངེས་པར་འཇུག་པ་མ་ཡིན་པ་དང༌། ཡུལ་དུས་ཉི་ཚེ་བ་ཡིན་པའི་ཕྱིར་བཏགས་པ་བ་དང༌། ཕྱི་མ་ནི་དེ་ལས་ལྡོག་པའི་ཕྱིར་ཐེག་པ་དངོས་ཡིན་པའི་ཁྱད་པར་ཡོད་ཅིང༌། འཇིག་རྟེན་པའི་ཐེག་པ་ལའང་རྣམ་པ་གསུམ་སྟེ། དང་པོ་འཇིག་རྟེན་པ་ཉིད་ཀྱི་ཐེག་པ་ནི། ཕྱུགས་བདག་དང༌། དྲང་སྲོང་དང༌། ལྷ་དང༌། འབྱུང་པོ་དང༌། གསང་བ་པ་དང༌། སྔགས་མཁན་སོགས་སོ་སོ་སྐྱེ་བོས་བྱས་


LT08,P004B
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་འཇིག་རྟེན་པ་དངོས་སོ། །གཉིས་པ་ངེས་པ་ལ་འཇུག་པའི་འཇིག་རྟེན་པ་ནི། འདོད་པ་དང་གཟུགས་ཀྱི་རིག་པ་འཛིན་པ་དང༌། གཟུགས་མེད་པ་སྟེ་ཁམས་གསུམ་གྱི་མཆོག་སྔགས་ཀྱི་སྦྱོར་བས་བགྲོད་བར་བྱེད་པ་རིག་པ་འཛིན་པའི་སྡེ་སྣོད་ལས་འབྱུང་བ་རྣམས་སོ། །སེམས་ཀྱི་རྟེན་འཇིག་རྟེན་པ་ནི། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་སྟེ། ཕྱི་མ་གཉིས་ནི་འཇིག་རྟེན་ལས་འདས་པའི་སྡེར་ཡང་གཏོགས་ཤིང་དེ་སྟོན་བྱེད་ཀྱི་རྒྱུད་རྣམས་ཀྱང་དེའི་སྡེ་སྣོད་དུ་གཏོགས་སོ། །འཕགས་པའི་སེམས་ཅན་གྱིས་རང་དགར་བྱས་པ་ཡང་དེའི་སྡེར་གཏོགས་མོད་ཀྱི་སྡེ་སྣོད་ཅེས་ནི་མི་བྱའོ། །གཉིས་པ་མདོ་སྔགས་ཀྱི་ཁྱད་ཆོས་ཞིབ་པར་དབྱེ་བ་ལ་གསུམ། འཕགས་ཡུལ་གྱི་སློབ་དཔོན་རྣམས་ཀྱི་བཞེད་པ་དགོད་ཅིང་དེ་དག་མདོར་དྲིལ། མདོ་རྒྱུད་ཀྱི་མུ་བཞི་དབྱེ། བོད་ཀྱི་བཤད་ཚུལ་གྱི་གཙོ་བོ་འགོད་པའོ། །དང་པོ་ནི། མདོ་སྔགས་ཁྱད་པར་མཐར་ཐུག་གཉེར་བྱའི་དོན། །གཅིག་ཀྱང་རྨོངས་མེད་ཐབས་མང་དཀའ་བ་མེད། །དབང་རྣོན་དབང་བྱས། །ཞེས་པ་སྟེ། མདོ་དང་སྔགས་ཀྱི་ཐེག་པ་གཉིས་ཀྱི་ཁྱད་པར་གང་ཡོད་ཅེ་ན། མཐར་ཐུག་གི་འབྲས་བུ་དོན་དུ་གཉེར་བྱ་མི་གནས་པའི་མྱང་འདས་ཙམ་དུ་གཅིག་ཀྱང༌། ལམ་གྱི་འཇུག་སྒོ་དབང་བསྐུར་བ་སྔོན་དུ་སོང་བའི་སྒོ་ནས་ལྷ་སྒོམ་ཞིང་སྔགས་བཟླ་བ་སོགས་ཐབས་ཀྱི་ཆ་ལ་མ་རྨོངས་པ་དང༌། མ་རྨོངས་པ་དེ་ཡང་ཐབས་ཀྱི་སྒོ་གཅིག་ཙམ་མ་ཡིན་པར་གདུལ་བྱའི་དབང་པོའི་འཇུག་པ་དང་མཐུན་པའི་བྱ་བ་དང་སྤྱོད་པ་ལ་སོགས་པའི་རྒྱུད་སྡེའི་དབྱེ་སྒོ་མཐའ་ཡས་པའི་ཕྱིར་ཐབས་མང་བ་དང༌། ཐབས་མང་བ་ཙམ་ཐེག་པ་དང་པོ་ལའང་ཡོད་དུ་ཟིན་ཀྱང་དེ་རྣམས་ནི་དཀའ་ཐུབ་དང་སྡོམ་པ་སོགས་ལམ་དཀའ་བས་བགྲོད་དགོས་པའི་ཕྱིར་ཚེགས་དང་བཅས་པ་ཡིན་ལ། ཐེག་པ་ཕྱི་མའི་ཐབས་ཆ་རྣམས་ནི་


LT08,P005A
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཇི་ལྟར་འདོད་པ་ལྟར་སྤྱོད་པས་བདེ་བས་བདེ་བ་འཐོབ་པར་བྱེད་པའི་ཕྱིར། ཚེགས་ཆུང་ཞིང་དཀའ་བ་མེད་པར་བགྲོད་པ་ཉིད་ཀྱི་ཕྱིར་ཁྱད་པར་དུ་འགྱུར་ལ། འོ་ན་དེ་ལྟ་བུའི་ཐབས་ལ་མ་རྨོངས་ཤིང་མང་བ་དང་དཀའ་བ་མེད་པ་དེ་ཉིད་སྟོན་པས་གདུལ་བྱ་ཐམས་ཅད་ལ་མི་སྟོན་པ་ཅི་ཡིན་སྙམ་ན། སྟོན་པ་ནི་རང་གིས་མཁྱེན་པ་རྒྱུ་མཚན་དུ་བྱས་ནས་སྟོན་པ་མ་ཡིན་གྱི་གདུལ་བྱའི་དབང་པོ་དང་མཐུན་པར་སྟོན་པ་ལ། སྔགས་བསྟན་པའི་སྣོད་དུ་རུང་བའི་གདུལ་བྱ་ནི་དབང་པོ་རྣོན་པོ་ལས་ཤིན་ཏུ་རྣོན་པོ་ཡིན་ཞིང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟོན་པའི་སྣོད་ནི་སྔགས་ལ་ལྟོས་ཏེ་དབང་པོ་བརྟུལ་པོ་ཡིན་པས་སྔགས་ཀྱི་གདུལ་བྱར་མི་འོས་ལ། བརྒྱུད་པ་ནས་ནི་ཐམས་ཅད་ཀྱང་སྔགས་ཀྱི་སྣོད་དུ་རུང་བ་ཤ་སྟག་སྟེ། རྣམ་འགྲེལ་ལས།  བརྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར། །ཞེས་པའི་རིགས་མི་འདོར་བའི་ཕྱིར་རོ། །དེ་ལྟར་ཡང༌། ཚུལ་གསུམ next hit་སྒྲོན་མེ་ལས། །དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །སློབ་དཔོན་ཛྙཱ་ན་ཤྲཱིས། ཐབས་མཁས་བཅུ་གཅིག་ཨིནྡྲས་ཁྱད་འཕགས་བདུན། །ཡེ་ཤེས་ཞབས་ཀྱི་སྒྲུབ་པོ་ལམ་དང་འབྲས། །ཤཱནྟི་ཡིས་དོན་དམ་ཁྱད་མེད་ཀྱང༌། །ཀུན་བདེན་ཟབ་ཅིང་རྒྱ་ཆེ་ལ་སོགས་གསུངས། །ཡུལ་གཅིག་ཡུལ་ཅན་ཁྱད་པར་ཞུགས་པའང་བཞེད། གཞན་ཡང་སློབ་དཔོན་ཛྙཱ་ན་ཤྲཱིས། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང༌། སྒྲུབ་པ་བླ་ན་མེད་པ་དང༌། ཡེ་ཤེས་བླ་ན་མེད་པ་དང༌། བརྩོན་འགྲུས་བླ་ན་མེད་པ་དང༌། གདུལ་བྱ་མ་ལུས་པ་རྗེས་སུ་འཛིན་པར་ནུས་པ་དང༌། ཉོན་མོངས་པ་བྱིན་གྱིས་རློབས་པ་དང༌། བྱིན་གྱིས་བརླབ་པ་མྱུར་བ་དང༌། མྱུར་ཏུ་འབྱུང་བ་དང༌། ཉོན་མོངས་པ་


LT08,P005B
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་དང༌། བསམ་པ་བླ་ན་མེད་པ་དང༌། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །ཞེས་གསུངས་པ་དང༌། ཨིནྡྲ་བྷཱུ་ཏིས། བླ་མ་དང༌། སྣོད་དང༌། ཆོ་ག་དང༌། ལས་དང༌། དམ་ཚིག་དང༌། ལྟ་བ་དང༌། སྤྱོད་པའི་ཁྱད་པར་ཏེ་བདུན་གྱིས་འཕགས་པར་བཞེད་ཅིང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། སྔགས་ཀྱི་ཐེག་པ་ནི་རྣམ་པ་གསུམ་གྱིས་ཐུན་མོང་མ་ཡིན་ཏེ། འདི་ལྟར་སྒྲུབ་པ་པོ་དང༌། ལམ་དང༌། འབྲས་བུ་གསུམ་མོ། །ཞེས་བཞེད། ཡང་སློབ་དཔོན་ཤཱནྟི་པས། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པ་ལ་དོན་དམ་པའི་བདེན་པ་ལ་ཁྱད་པར་མེད་ཀྱང་ཀུན་རྫོབ་བདེན་པ་ཟབ་ཅིང་རྒྱ་ཆེ་བའི་ཁྱད་པར་ལ་ཁྱད་པར་ཡོད་དེ། ཇི་ལྟར་སྣང་བའི་དམིགས་པ་རྣམས་ལྷར་སྒོམ་པས་དམིགས་པ་རྒྱ་ཆེ་བ་དང༌། དུས་གསུམ་སངས་རྒྱས་ཀྱིས་བསྟན་པའི་དམ་ཚིག་རྣམས་ཡིད་བཞིན་དུ་བཟུང་བས་བྱིན་རླབས་ཁྱད་པར་ཅན་སྐྱེ་བར་འགྱུར་བའི་ཕྱིར་གྲོགས་རྒྱ་ཆེ་བ་དང༌། སངས་རྒྱས་བྱང་སེམས་རྣམས་འགྲོ་བའི་དོན་ལ་སྤྱོད་པ་དང༌། ཞིང་ཡོངས་སུ་དག་པར་བྱིན་གྱིས་རློབ་པ་ལྟར་རྗེས་སུ་སྐྱེས་པའི་སྤྱོད་པ་རྒྱ་ཆེ་བ་སྟེ། འདི་གསུམ་དབུ་མ་པ་དང་སེམས་ཙམ་པ་དང་ཉན་རང་ལ་མེད་པས་གྲངས་མེད་གསུམ་དང་བཞིས་འཚང་རྒྱ་ལ། སྔགས་ལ་ཡོད་པས་དུས་ཅུང་ཟད་ཀྱིས་འཚང་རྒྱ་བས་ཁྱད་པར་ཆེའོ། །ཞེས་པ་ལ་སོགས་པ་གསུངས། ཡང་ཇོ་བོ་རྗེའི་དམ་ཚིག་ཐམས་ཅད་བསྡུས་པ་ལས། ཐེག་པ་ཆེན་པོའི་ཡང་ཆེན་པོ་འདི་འོག་མ་རྣམས་ལས་ཁྱད་པར་དུ་འཕགས་ཏེ། ཇི་ལྟར་ཞེ་ན་འདི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཐམས་ཅད་ཆོས་ཀྱི་སྐུར་རྟོགས་པས་ཀུན་ཏུ་བཟང་པོའི་རྒྱས་ཐེབ་པ་དང༌། འཇིག་རྟེན་གྱི་ལྷ་ཆེན་པོ་དམ་ཚིག་ཅན་འཁོར་དང་བཅས་པས་བཀུར་གནས་བྱེད་པས་


LT08,P006A
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པ་དང་ལྡན་པ་དང༌། དུས་གསུམ་སངས་རྒྱས་སྲས་དང་བཅས་པས་ཐུགས་ལ་དགོངས་ཤིང་བྱིན་གྱིས་བརླབས་པས་དངོས་གྲུབ་མྱུར་བ་དང༌། བདེ་བར་གཤེགས་པ་རྣམས་དང་སྤྱོད་ཡུལ་གཅིག་པས་འཁོར་བ་དང་ངན་སོང་གི་འཇིགས་པ་དང་བྲལ་ཞིང་དབུགས་ཕྱིན་པ་དང༌། རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་སྐུ་དང་གསུང་དང་ཐུགས་མི་ཕྱེད་པས་བར་དུ་གཅོད་པ་གང་ཡང་མེད་པ་དང༌། ཕྱི་ནང་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་ཡིད་ཆེས་པས་དམ་ཚིག་ཉམས་པར་མི་འགྱུར་བ་དང༌། གལ་ཏེ་ཉམས་ནའང་རང་བཞིན་གྱིས་སྐོང་བར་འགྱུར་བའི་ཁྱད་པར་རོ། །ཞེས་རྣམ་པ་བདུན་གྱིས་ཁྱད་པར་དུ་བྱས་པར་གསུངས་སོ། །སྤྱིར་ཡུལ་སྤྲོས་བྲལ་ཙམ་ནི་ཕར་ཕྱིན་དང་སྔགས་སུ་ཁྱད་པར་མེད་པ་གཅིག་ལ་ཡུལ་ཅན་བདེ་བ་ཆེན་པོས་ཐབས་བྱས་པའི་ཆ་ནས་ཁྱད་པར་ཞུགས་པ་ཕལ་ཆེར་བཞེད་ལ། གཞན་ཡང་སློབ་དཔོན་རྣམས་ཀྱི་བཞེད་པའི་ཁྱད་པར་གྱི་རྣམ་གྲངས་མང་དུ་སྣང་ངོ༌། །གདུལ་བྱ་མཚན་ཉིད་གསུམ་ལྡན་ཐབས་གསུམ་ལམ། །ཟུང་འཇུག་འབྲས་བུའི་ཁྱད་པར་མདོ་རུ་དྲིལ། །དེ་ལྟར་བཞེད་པའི་རྣམ་གྲངས་གང་གི་རྗེས་སུ་འབྲང་ཡང་རུང་བ་ཤ་སྟག་ཡིན་མོད། འཇིགས་བྲལ་གྱི་སློབ་དཔོན་ཕྲིན་ལས་ཞབས་སོགས་ཀྱིས་མདོར་དྲིལ་བའི་དབང་དུ་བྱས་ན་གསུམ། དང་པོ་གདུལ་བྱ་གང་ཟག་གི་ཁྱད་པར་ནི། འབྲས་བུ་མྱུར་ཏུ་འགྲུབ་པའི་ལམ་ལ་འཇུག་པས་དབང་པོ་རྣོ་བ་དང༌། གང་ཡང་རུང་བའི་དབང་གིས་རྒྱུད་སྨིན་པར་བྱས་པ་དང༌། རྩ་བ་དང་ཡན་ལག་གི་ལྟུང་བ་སྤོང་བའི་དམ་ཚིག་བསྲུང་བ་སྟེ། སྔགས་ཀྱི་གདུལ་བྱ་ནི་མཚན་ཉིད་དེ་གསུམ་དང་ངེས་པར་ལྡན་དགོས་ལ་ཅིག་ཤོས་ལ་དེ་ལྟར་མི་དགོས་པ་ནི་གང་ཟག་གི་ཁྱད་པར་རོ། །གཉིས་པ་བགྲོད་བྱ་ལམ་གྱི་ཁྱད་པར་ལ་


LT08,P006B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ། ཐབས་ཤིན་ཏུ་མང་བ། ཐབས་ལ་མ་རྨོངས་པ། ཐབས་དཀའ་བ་མེད་པའོ། །དང་པོ་ནི། བྱང་ཆུབ་ཀྱི་སེམས་དང་ཕྱིན་དྲུག་སོགས་ཕར་ཕྱིན་ཐེག་པར་གང་བཤད་པའི་ཐབས་ཀྱི་རིམ་པ་རྣམས་མི་སྤོང་བའི་སྟེང་དུ། དེ་རྣམས་ལས་ཆེས་མང་ཞིང་ཟབ་པ་རྒྱུད་སྡེ་བཞི་དང་འབྲེལ་བའི་ཐབས་ལྷའི་རྣལ་འབྱོར་མཐའ་ཡས་པའི་བསྙེན་པ་དང༌། སྒྲུབ་པ་དང༌། ལས་སྦྱོར་དང༌། མ་འགྲུབ་ན་སྤོགས་ཆོག་དང༌། གྲུབ་པ་བོགས་འབྱིན་གྱི་སྒོ་ནས་དངོས་གྲུབ་བསམ་གྱིས་མི་ཁྱབ་པའི་སྒྲུབ་ཚུལ་གསུངས་པ་ལ་སོགས་པའོ། །གཉིས་པ་ཐབས་ལ་མ་རྨོངས་པ་ནི། ཐབས་དེ་དག་ཀྱང་མི་གསལ་བ་མ་ཡིན་པར་གནས་གང་དུ་བསྙེན་པ་དང༌། གང་ཟག་གང་གིས་བསྙེན་པ་དང༌། ཚུལ་ཇི་ལྟར་བསྙེན་པ་དང༌། བཟླས་པ་དང༌། གཏོར་མ་དང༌། སྦྱིན་སྲེག་ལ་སོགས་པ་ཞིབ་མོར་ཕྱེ་སྟེ་ཤིན་ཏུ་གསལ་བར་བཤད་པས་སོ། །གསུམ་པ་ཐབས་དཀའ་བ་མེད་པ་ནི། མདོ་ལས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པས་འགྲུབ་པ་ལ་འདིར་ཚེ་གཅིག་ལ་སོགས་པས་འགྲུབ་པའི་ཕྱིར་རོ། །གསུམ་པ་ཐོབ་བྱ་འབྲས་བུའི་ཁྱད་པར་ནི། དངོས་རྒྱུ་ལ་བཟང་ངན་གྱི་ཁྱད་བྱུང་བ་བཞིན་དངོས་འབྲས་ལའང་ཁྱད་པར་ཡོད་དེ། ཕར་ཕྱིན་ཐེག་པའི་སློབ་ལམ་མཐར་ཐུག་ལས་རང་རྒྱུད་ལ་འབྱུང་བའི་སྔགས་ཀྱི་སློབ་ལམ་ཞིག་ངེས་པར་སྐྱེ་བས་དེའི་དངོས་འབྲས་མཐར་ཐུག་ནི་རྫོགས་པའི་སངས་རྒྱས་མ་ཡིན་ལ། སྔགས་ཀྱི་སློབ་ལམ་ཐམས་ཅད་མཐར་ཐུག་པ་ལས་འབྲས་བུ་རྫོགས་པའི་སངས་རྒྱས་དངོས་སུ་སྐྱེ་བས་ན། རྫོགས་པའི་སངས་རྒྱས་དངོས་ནི་སྔགས་ཀྱི་སློབ་ལམ་མཐར་ཐུག་གི་དངོས་འབྲས་ཡིན་པ་ལས་གཞན་གྱི་མ་ཡིན་ཏེ། སྔགས་ཀྱི་མི་སློབ་པའི་ཟུང་འཇུག་མཐར་ཐུག་ཡིན་པའི་ཕྱིར་རོ། །ཞེས་ཁྱད་པར་མདོ་རུ་དྲིལ་ནས་འཆད་དོ། །གཉིས་པ་མདོ་རྒྱུད་གྱི་


LT08,P007A
[མ་དཔེ་གཟིགས་ན་འདིར་གནོན།]

མུ་བཞིར་དབྱེ་བ་ནི། མདོ་རྒྱུད་གཉིས་ཀ་ཡིན་མིན་མུ་བཞི་ལས། །འབྲས་བུ་ལམ་བྱེད་སྔགས་ཀྱི་སྡེ་སྣོད་ནི། །སྤྱིར་མདོ་དང༌། རྒྱུད་དང༌། དེ་གཉིས་ཀ་ཡིན་པ་དང༌། གཉིས་ཀ་མ་ཡིན་པའི་མུ་བཞིར་དབྱེར་ཡོད་དེ། དེ་ལ་མདོ་ནི་གཅིག་ལས་འཕྲོས་པ་ལ་སོགས་པ་ཕལ་ཆེར་དག་གོ །རྒྱུད་ནི་མཁའ་ལྡིང་གི་སྦྱོར་བ་ལ་སོགས་པའོ། །མདོ་ཡང་ཡིན་ལ་རྒྱུད་ཀྱང་ཡིན་པ་ནི། སྔགས་ཀྱི་སྡེ་སྣོད་རྣམས་སོ། །གཉིས་ཀ་མ་ཡིན་པ་ནི་རྟོག་གེ་ལ་སོགས་པའོ། །དེ་དག་ལས་ལྷའི་རྣལ་འབྱོར་གྱི་ཁྱད་པར་དུ་བྱས་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བ་སྔགས་ཀྱི་སྡེ་སྣོད་ནི་ཁྱད་ཆོས་སྨོས་པའི་ཡུལ་ཉིད་དུ་བཟུང་བར་བྱའོ། །ཞེས་ཞར་ལས་འཕྲོས་པའོ། །གསུམ་པ་བོད་ཀྱི་བཤད་ཚུལ་གྱི་གཙོ་བོ་སྨོས་པ་ནི། དུས་དང་རྒྱུ་ལྔས་མྱུར་ཞིང་བདེ་བ་བཞི། །བསླབ་གསུམ་སྤྱོད་ཡུལ་ཐབས་ལ་མཁས་པས་འཕགས། །བོད་ཀྱི་སློབ་དཔོན་རྣམས་ཀྱིས་མདོ་སྔགས་ཁྱད་པར་མང་ཉུང་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་གཙོ་བོ་གྲུབ་ཆེན་བུདྡྷ་གུཔྟའི་ཞལ་ལུང་ཇོ་ནང་རྗེ་བཙུན་ཆེན་པོས། མྱུར་བ་དང༌། བདེ་བ་དང༌། ཐབས་ལ་མཁས་པས་ཁྱད་པར་འཕགས་པར་གསུངས་ཏེ། དེའང་མྱུར་བ་ནི། དུས་སྐྱེ་པ་འདིའམ་སྐྱེ་བ་བདུན་ལ་སོགས་པར་བྱང་ཆུབ་ཐོབ་པ་དང༌། རྒྱུ་ལྔ་ཡིས་མྱུར་ཏེ། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པས་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང༌། སྔགས་ཀྱི་མཐུས་ཆུ་ཐིགས་པ་གཅིག་ལའང་གངྒཱའི་བྱེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང༌། ལས་དང་པོ་པས་མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང༌། སྔགས་སམ་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་རྣམས་སྨིན་པའི་རྒྱུ་ཁྱད་པར་ཅན་འདི་དག་ཐེག་པ་ལ་ཞུགས་


LT08,P007B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ལའང་ཡོད་པ་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བདེན་པ་གཉིས་ཀའི་ཚུལ་གྱིས་འབྲས་བུའི་རྣམ་པ་ལ་དམིགས་པའི་ཤེས་རབ་རྣམས་དང་པོ་དང་ཐ་མའི་བར་དུ་ཡོད་པས་སོ། །བདེ་བ་ནི་ལུས་སེམས་ལ་ཚོར་བ་རྩུབ་མོ་མེད་པ་སྟེ། དེའང་བཞི་སྟེ། འདི་ལ་སྐལ་པ་དྲུག་དང་ལྡན་པའི་ལུས་ཀྱང་གྲུབ་པ་དང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང༌། སྔགས་ཀྱི་མཐུས་སངས་རྒྱས་རྣམས་མངོན་སུམ་དུ་བཞུགས་པ་དང༌། སྔགས་དང་རྒྱུད་ཀྱི་སྦྱོར་བས་འགྲོ་བའི་བསམ་པ་ཐམས་ཅད་སྒྲུབ་པར་བྱེད་པས་སོ། །ཐབས་ལ་མཁས་པ་ནི། བསླབ་པ་གསུམ་དང༌། སྤྱོད་ཡུལ་ལ་འཇུག་པ་སྟེ། དེའང་རིག་པ་འཛིན་པ་རྣམས་དང་ཚུལ་ཁྲིམས་མཉམ་པས་ལྷ་དགེས་པ་དང༌། སྤྱོད་ཡུལ་ཁྱད་པར་ཅན་དང་འབྲེལ་བའི་ཏིང་ངེ་འཛིན་དང༌། ཤེས་རབ་དང༌། གཞན་ཡང་དེ་དག་ཐུན་མོང་དང་ཐུན་མིན། ཟབ་པ་དང་རྒྱ་ཆེ་བས་ཁྱད་པར་དུ་བྱས་པ་དང༌། སྤྱོད་ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ལ་མཁས་པས་འཇུག་པའི་ཕྱིར་ཁྱད་པར་དུ་འཕགས་པར་གསུངས་སོ། །གསུམ་པ་ཁྱད་པར་ཅན་སྔགས་ཀྱི་ཚུལ་གཏན་ལ་དབབ་པ་ལ་བཞི། སྔགས་ཀྱི་ངོ་བོ་ངོས་བཟུང༌། ངེས་ཚིག་སྒྲ་ཡིས་བཤད། སྔགས་རྒྱུད་ཀྱི་དབྱེ་སྒོ་སྤྱིར་བསྟན། རྒྱུད་སྡེ་བཞིའི་རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ངོ་བོ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག །སྔགས་ཀྱི་ངོ་བོ་ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པ་སྟེ། དུས་འཁོར་རྩ་རྒྱུད་ལས། ལུས་ངག་སེམས་ཀྱི་ཁམས་རྣམས་ནི། །གང་ཕྱིར་སྐྱོབ་པར་གྱུར་དེའི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡིས་ནི། །སྟོང་ཉིད་ཡེ་ཤེས་འགྱུར་མེད་དེ། །བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཅེས་སོ། །གཉིས་པ་ངེས་ཚིག་ནི། ངེས་


LT08,P008A
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡིད་ནི་མཚན་རྟོག་དག་ལས་སྐྱོབ། །ངེས་ཚིག་ནི། མནྟྲའི་སྒྲ་ཡི་གེ་ཕྱིས་བསྣན་གྱི་དབང་དུ་བྱས་ན། མ་ན་ཡིད་དང༌། ཏྲ་ཡ་སྐྱོབ་པ་སྟེ་ཡིད་མཚན་རྟོག་ལས་སྐྱོབ་པས་སྔགས་སུ་བཤད་པ་དང༌། སྒྲ་ཐད་སོར་བསྒྱུར་བའི་དབང་དུ་བྱས་ན། གསང་སྟེ་བརྗོད་པ་ལ་འཇུག་པས་གསང་ཞིང་སྦས་པས་འགྲུབ་པའམ་སྣོད་མིན་གྱི་སྤྱོད་ཡུལ་མ་ཡིན་པས་གསང་བའི་སྔགས་སུ་བཤད་པ་སྟེ། འདུས་པའི་རྒྱུད་ཕྱི་མ་ལས། དབང་པོ་དང་ནི་ཡུལ་རྣམས་ཀྱི། །རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱི་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་དང༌། སློབ་དཔོན་ཤྲདྡྷཱའི་བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། དེ་དག་ཀྱང་གསང་ཞིང་སྦས་པས་འགྲུབ་ལ། སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་གསང་བའོ། །ཞེས་བཤད་པ་ལྟར་རོ། །གསུམ་པ་སྔགས་རྒྱུད་ཀྱི་དབྱེ་སྒོ་སྤྱིར་བསྟན་པ་ལ་གཉིས། སྔགས་ཀྱི་ཚུལ་དང༌། རྒྱུད་ཀྱི་དབྱེ་བའོ། །དང་པོ་ལ་གཉིས། དངོས་དང༌། ཞར་བྱུང་སྔགས་རྒྱུད་ཀྱི་དབྱེ་བ་སྨོས་པའོ། །དང་པོ་ནི། མཆོག་དམན་ཡན་ལག་ཚུལ་གསུམ་ངོ་བོ་ནི། །བདེ་ཆེན་ལྷ་ཡི་སྙེམས་པ་སྔགས་སྦྱོར་བཅས། །ཡང་ན་གཏན་དང་ཆ་ཤས་ཁྱད་པར་གྱུར། །བདེ་དང་ཕལ་ཆེར་འགའ་ཞིག་ཅུང་ཟད་བདེ། །དེ་ལ་སྔགས་ཀྱི་ཚུལ་ནི་གསུམ། མཆོག་དང་དམན་པ་དང་ཡན་ལག་གི་ཚུལ་ལོ། །དེ་གསུམ་གྱི་ངོ་བོ་ནི་རིམ་པ་བཞིན། །བདེ་བ་ཆེན་པོ་དང༌། ལྷའི་སྙེམས་པ་དང༌། སྔགས་དང་སྦྱོར་བ་ཙམ་དང་བཅས་པའོ། །དེ་དག་གི་མཚན་གཞི་ནི་རྫོགས་རིམ། བསྐྱེད་རིམ། ལས་ཕྲ་མོ་སྒྲུབ་པའི་ཐབས་རྣམས་སོ། །དེའང་དང་པོ་གཉིས་ནི་སྔགས་ཀྱི་ཐེག་


LT08,P008B
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རིག་པ་འཛིན་པའི་ཚུལ་ལམ་སྡོམ་པ་དང་འབྲེལ་བས་དངོས་ཡིན་ལ། ཕྱི་མ་ནི་སྔགས་བཞེས་པ་ཙམ་མོ། །ཡང་ན་སྔགས་ཀྱི་ཚུལ་བདུན་དུའང་བཤད་དེ། གཏན་དུ་བའི་ལམ་དང༌། ཆ་ཤས་ཅན་དང༌། ཁྱད་པར་དུ་གྱུར་པ་དང༌། དང་པོར་བདེ་བ་དང༌། ཕལ་ཆེར་བདེ་ཆེན་གྱི་ཚུལ་དང༌། འགའ་ཞིག་བདེ་ཆེན་དང༌། ཅུང་ཟད་བདེ་ཆེན་གྱི་ཚུལ་ལོ། །འདིར་ཐམས་ཅད་བདེ་ཆེན་ཞེས་བྱ་བ་ཡོད་མོད་ཀྱི། དེ་ནི་གཏན་དུ་བའི་ལམ་ཉིད་དུ་འགྱུར་བས་ཟུར་དུ་དབྱེ་མི་དགོས་སོ། །གཉིས་པ་ནི། གསང་སྔགས་བདེ་ཆེན་ཡེ་ཤེས་སྔགས་ཡིན་ཏེ། །དེ་སྦྱོར་ལས་དང་དངོས་གྲུབ་རྒྱུད་དུ་གཞག །བརྗོད་བྱ་རྗོད་བྱེད་གཉིས་ཀའང་རྒྱུད་ཅེས་གྲགས། །དེ་ལ་སྔགས་དང་རྒྱུད་ཐ་དད་དུ་ཇི་ལྟར་ངོས་བཟུང་ན། གསང་སྔགས་རྣམས་དང་བདེ་བ་ཆེན་པོའི་ཡེ་ཤེས་ནི་སྔགས་ཞེས་བྱ་ལ། དེའི་སྦྱོར་བ་སྟེ་ལས་དང་དངོས་གྲུབ་ཀྱི་ཚོགས་ནི་རྒྱུད་ཅེས་གྲགས་པ་ཡིན་ཅིང༌། ཡང་བརྗོད་བྱ་གཞི་ལམ་འབྲས་བུའི་རྒྱུད་རྣམས་དང༌། རྗོད་བྱེད་དེ་སྟོན་བྱེད་ཀྱི་སྡེ་སྣོད་གཉིས་ཀའང་རྒྱུད་ཅེས་གྲགས་པས་སྔགས་དང་རྒྱུད་ཀྱི་དབྱེ་བ་མི་བྱེད་པའི་སྐབས་ཀྱང་ཡོད་དོ། །གཉིས་པ་རྒྱུད་ཀྱི་དབྱེ་བ་བསྟན་པ་ལ་གཉིས། དབྱེ་བའི་རྣམ་གྲངས་སྤྱིར་བསྟན། རྒྱུད་སྡེ་བཞིར་དབྱེ་བའི་རྒྱུ་མཚན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཕྱི་ནང་གཉིས་དང་བྱ་སྤྱོད་རྣལ་འབྱོར་གསུམ། །བཞི་དང་ལྔ་དང་དྲུག་སོགས་དབྱེ་ཚུལ་མང༌། །གསང་སྔགས་ཀྱི་རྒྱུད་ལ་རྣམ་པར་དབྱེ་བ་ཇི་ཙམ་ཡོད་སྙམ་ན། ཕྱི་ནང་གཉིས་སུ་དབྱེ་བ་ནས། བདུན་གྱི་བར་དབྱེ་བའི་ཚུལ་བཤད་དེ། །དང་པོ་གཉིས་སུ་དབྱེ་བ་ནི། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །ཕྱི་ནང་དབྱེ་བ་ཤེས་པ་ཡིས། །རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ། །ཞེས་དང༌། སློབ་དཔོན་ཨ་བྷ་ཡས། རྡོ་རྗེ་འཆང་གི་ཕྱི་ནང་རྒྱུད་སྡེ་བཞིན། །རིམ་པར་བརྒྱུད་པ་


LT08,P009A
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་བཟུང་བར་མཛོད། །དཀྱིལ་འཁོར་ལ་སོགས་ཆོ་ག་ནི། །སྟོན་པས་རྒྱུད་སྡེ་གཉིས་སུ་སྤྲོས། །ཞེས་ཕྱི་ནང་གི་རྒྱུད་སྡེ་གཉིས་སུ་གསུངས་པའི་ཕྱིའི་རྒྱུད་ནི་བྱ་སྤྱོད་དང༌། ནང་གི་རྒྱུད་ནི་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ལ་བཞེད་པ་མན་སྙེ་ལས་གསལ་ལོ། །ཡང་སློབ་དཔོན་སངས་རྒྱས་གསང་བས། བྱ་བའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་གཉིས་སུ་དབྱེ་བར་གསུངས་ཏེ། དེ་ཡང་དམ་ཚིག་གསུམ་བཀོད་ནས་རྣམ་སྣང་མངོན་བྱང་གི་བར་ལ་བྱ་རྒྱུད་དང་དེ་ཉིད་འདུས་པ་ནས་གསང་བ་འདུས་པའི་བར་ལ་རྣལ་འབྱོར་གྱི་རྒྱུད་དུ་བཞེད་ཅིང་དེ་དག་ལ་ཕྱི་ནང་གི་ཐ་སྙད་ཀྱང་འཇོག་སྟེ། དེ་ཉིད་ཀྱིས། ཕྱི་དང་ནང་གི་ཏནྟྲ་སྡེ་གཉིས་བཤད། །ཅེས་གསུངས་པས་སོ། །འདི་གཉིས་ཀྱི་ཁྱད་པར་ལའང་བོད་ཀྱི་མཁས་པ་ཁ་ཅིག །སྟོན་པ། གནས། འཁོར། མཆོད་རྫས། ལམ། དེ་ཁོ་ན་ཉིད་དྲུག་གིས་དབྱེ་བར་བཞེད་དོ། །དབྱེ་བ་འདིའི་དགོངས་པ་ནི་སྤྱོད་རྒྱུད་མན་ཆད་དུ་ཁྲུས་སོགས་ཕྱི་ལུས་ངག་གི་ལས་གཙོ་བོར་གསུངས་པས་ཕྱིའི་རྒྱུད་དང༌། རྣལ་འབྱོར་རྒྱུད་ཡན་དུ་ཏིང་ངེ་འཛིན་སོགས་ནང་སེམས་ཀྱི་ལས་གཙོ་བོར་གསུངས་པས་ནང་གི་རྒྱུད་དུ་བསྡུས་ཏེ་གཉིས་སུ་མཛད་པ་ཡིན་ནོ། །གསུམ་དུ་དབྱེ་བ་ནི། །རྡོ་རྗེ་སྙིང་རྒྱན་ལས། བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། །དགོངས་གསུངས་རྣམས་ནི་དེ་ལྟ་མིན། །ཅེས་བྱ་བའི་རྒྱུད། གཉིས་ཀའམ་སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད་གསུམ་དུ་དབྱེ་བར་སློབ་དཔོན་སངས་རྒྱས་གསང་བ། སྒེག་པའི་རྡོ་རྗེ། ཀུན་སྙིང་རྣམས་ཀྱིས་བཤད་ལ། དགོངས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གཉིས་ཀ་ནང་སེམས་ཀྱི་ཏིང་ངེ་འཛིན་གཙོ་བོར་སྟོན་པར་གཅིག་པས་རྣལ་འབྱོར་གྱི་རྒྱུད་དུ་བསྡུས་སྟེ་གསུམ་དུ་མཛད་པའོ། །ཡང་བྱ་བའི་རྒྱུད། སྦྱོར་བ་སྟེ་རྣལ་


LT08,P009B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱི་རྒྱུད། གསང་བའི་རྒྱུད་ཅེས་གསུམ་དུ་དབྱེ་བའང་རྡོ་རྗེ་བདུད་རྩིའི་འགྲེལ་བ་ལས་བཤད་དོ། །བཞིར་དབྱེ་བ་ནི། རྡོ་རྗེ་གུར་ལས། །དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་དང༌། བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་རྣམ་པ་བཞི་སྟེ། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། །ཞེས་སོགས་རྒྱུད་དང་དགོངས་འགྲེལ་ཕལ་ཆེར་ལས་གསུངས་ཤིང༌། དབྱེ་སྒོ་འདི་ཉིད་དང་དོན་འདྲ་བ་ལ་མཚན་གྱི་ཁྱད་པར་མི་འདྲ་བ་ནི་འགའ་ཞིག་འབྱུང་སྟེ། སམྦུཊ་ལས། དགོད་དང་ལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་པ་དང་ཆ་མཐུན་དྲི་མེད་འོད་ལས་ཀྱང་འབྱུང་ངོ༌། །འདིའི་དགོངས་པ་ནི་འོག་ཏུ་འབྱུང་ངོ༌། །ལྔར་དབྱེ་བ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར། །བཅོམ་ལྡན་འདས་རྣལ་འབྱོར་གྱི་རྒྱུད་དང༌། གཉིས་ཀའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། བྱ་བའི་རྒྱུད་དང༌། རྟོག་པའི་རྒྱུད་རྣམས་ཀྱི་ཚད་ཇི་ལྟར་ལགས། ཞེས་གསུངས་པ་ལྟར་རོ། །དབྱེ་བ་འདིའི་དགོངས་པ་ནི་དབྱེ་གཞི་བྱ་བའི་རྒྱུད་སྤྱི་ཙམ་ལས་མཆོག་གི་དངོས་གྲུབ་གཙོ་ཆེར་སྒྲུབ་པའི་བྱ་རྒྱུད་རྣམས་ལ་བྱ་རྒྱུད་དང༌། ཐུན་མོང་གི་དངོས་གྲུབ་གཙོ་ཆེར་སྒྲུབ་པའི་བྱ་རྒྱུད་རྣམས་ལ་རྟོག་པའི་རྒྱུད་ཅེས་པའི་ཐ་སྙད་བྱས་ཏེ་གཉིས་སུ་ཕྱེ་ཞིང༌། གཉིས་ཀའི་རྒྱུད་སྤྱོད་རྒྱུད་ལ་སྤྱིར་གྲགས་ཀྱང་འདིར་རྣལ་འབྱོར་རྒྱུད་ལ་ནང་ཏིང་ངེ་འཛིན་གྱི་རྣལ་འབྱོར་དང་ཕྱིའི་བྱ་བས་ཀྱང་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པས་གཉིས་ཀའི་རྒྱུད་དུ་ཤྲདྡྷཱས་བཤད་པ་ལྟར་འདི་ཉིད་ལ་གཉིས་ཀའི་རྒྱུད་དང༌། རྣལ་འབྱོར་བླ་མེད་


LT08,P010A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣལ་འབྱོར་རྒྱུད་ཀྱི་ཐ་སྙད་བཞག་ནས་ལྔར་མཛད་པའོ། །དབྱེ་སྒོ་འདི་ནི་སློབ་དཔོན་ཀླུ་སྒྲུབ་སོགས་བཞེད་དོ། །ས་སྐྱའི་རྗེ་བཙུན་རྣམས་ནི། མདོ་སྡེ་རྟོག་པའི་རྒྱུད་ཅེས་པ་རྒྱུད་ལས་ཟུར་དུ་དབྱེ་ཞིང༌། དེའི་མཚན་གཞི་བཻ་ཌཱུརྻ་འོད་ཀྱི་མདོ་གཟུངས་ལྟ་བུ་གཟུངས་དང་འབྲེལ་བའི་ཆོ་ག་བསྟན་པའི་མདོ་སྡེ་རྣམས་ལ་མཛད་དོ། །ཡང་བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་ཆེན་པོ། རྣལ་འབྱོར་ཆེན་པོ་བླ་ན་མེད་པ་ལྔར་དབྱེ་བའང་མཁའ་འགྲོ་རྒྱ་མཚོའི་རྒྱུད་དང༌། ཤཱནྟི་པའི་ཐེག་གསུམ་རྣམ་གཞག་སོགས་ལས་འབྱུང་སྟེ། བླ་མེད་ཕ་རྒྱུད་ལ་རྣལ་འབྱོར་ཆེན་པོ་དང༌། མ་རྒྱུད་ལ་བླ་ན་མེད་པའི་སྒྲོ་སྦྱོར་བའི་དབང་དུ་མཛད་པའོ། །དྲུག་ཏུ་དབྱེ་བ་ནི། རྟོག་པའི་རྒྱུད་བྱ་རྒྱུད་ལས་ལོགས་སུ་ཕྱེ། །རྣལ་འབྱོར་ཕ་མའི་རྒྱུད་ཀྱང་སོ་སོར་ཕྱེ་བས་དྲུག་སྟེ། རྡོ་རྗེ་གུར་ལས། རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་གསུངས་པའི་དགོངས་པའོ། །ཡང་ན་བྱ་བ། རྩ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་མ། རྣལ་འབྱོར་བླ་མེད་དང་དྲུག་ཏུ་དབྱེ་སྟེ་ཚུལ་གསུམ་གྱི་སྒྲོན་མ་ལས་བཤད་དོ། །འདིའི་དགོངས་པ་བྱ་རྒྱུད་ལ་ནང་གསེས་སུ་ཕྱེ་སྟེ་ཕྱིའི་བྱ་བ་གཙོ་བོར་བྱེད་པ་ལ་བྱ་རྒྱུད་དང༌། དེ་གཙོ་བོར་མི་བྱེད་པ་ལ་རྩ་བའི་རྒྱུད་དུ་བཞག་ཅིང༌། རྣལ་འབྱོར་བླ་མ་དང་བླ་མེད་གཉིས་ནི་སྔར་བཤད་པ་ལྟར་ཕ་རྒྱུད་མ་རྒྱུད་ལ་དགོངས་ཏེ་དྲུག་ཏུ་མཛད་པའོ། །བདུན་དུ་དབྱེ་བ་ནི། ཇོ་བོ་རྗེའི་ལམ་སྒྲོན་རང་འགྲེལ་ལས། བྱ་བ་སྤྱོད་པ་སོགས་རྒྱུད་ཅེས་བྱ་བ་ནི། བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་དང༌། རྟོག་པའི་རྒྱུད་དང༌། གཉིས་ཀའི་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །ཞེས་གསུངས་པ་ལྟར་རོ། །དབྱེ་སྒོ་འདིའི་དགོངས་པ་ནི། བྱ་སྤྱོད་ལས་རིལ་བུ་མིག་སྨན་སོགས་སྒྲུབ་པའི་ཆོ་ག་ཞིབ་མོ་རྣམས་ཤས་


LT08,P010B
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་སྟོན་པ་ལོགས་སུ་ཕྱེ་སྟེ་རྟོག་པ་ཀུན་ལས་བཏུས་པ་སོགས་ལ་རྟོག་པའི་རྒྱུད་དུ་མཛད་པ་དང༌། སྤྱོད་རྒྱུད་མན་དང་རྣལ་འབྱོར་རྒྱུད་གཉིས་ཀའི་ཆ་ཤས་དང་ལྡན་པ་སྒྱུ་འཕྲུལ་དྲྭ་བ་དང་པདྨ་གར་དབང་སོགས་ལ་གཉིས་ཀའི་རྒྱུད་དུ་མཛད་པ་དང༌། ཕ་རྒྱུད་མ་རྒྱུད་གཉིས་ལ་རྣལ་འབྱོར་ཆེན་པོ་དང་རྣལ་འབྱོར་བླ་མེད་དུ་མཛད་དེ་བདུན་དུ་ཕྱེ་བ་ཡིན་ནོ། །སོགས་ཁོངས་ནས་དེ་དག་ལའང་ནང་གསེས་ཀྱི་བཞེད་པའི་ཚུལ་མང་ངོ༌། །གཉིས་པ་རྒྱུད་སྡེ་བཞིར་དབྱེ་བའི་ཚུལ་བྱེ་བྲག་ཏུ་བཤད་པ་ནི། གང་ལ་སྟོན་པའི་གདུལ་བྱ་རྣམ་པ་བཞི། །གཞུག་བྱའི་གང་ཟག་མི་རིགས་དབང་པོ་དང༌། །སྦྱང་བྱ་སྦྱོང་བྱེད་གནས་སྐབས་དུས་ལ་སོགས། །དགོངས་ཏེ་བསྟན་ཕྱིར་ཡོངས་གྲགས་བཞི་རུ་བཟུང༌། །དེ་དག་ལས་རྒྱ་བོད་ཀྱི་རྡོ་རྗེ་སློབ་དཔོན་ཕལ་མོ་ཆེའི་ཞལ་གྱི་སྒོར་རྒྱུ་བའི་རྒྱུད་སྡེ་རྣམ་པ་བཞི་ཞེས་གྲགས་པ་འདི་ལྟར་དབྱེ་བའི་དགོངས་པ་ནི། གང་ལ་སྟོན་པའི་གདུལ་བྱ་རྣམ་པ་བཞི་སྟེ། ཁྲུས་དང་གཙང་སྦྲ་སོགས་ཕྱིའི་བྱ་བ་མང་པོ་ལ་མོས་པ་དང༌། དེ་ཁོ་ན་ཉིད་ལ་མོས་ཤིང་ཕྱིའི་བྱ་བ་མང་པོ་མ་ཡིན་པ་ལ་དགའ་བ་དང༌། ཕྱིའི་བྱ་བ་མང་པོ་གཡེང་བར་ཤེས་ནས་དེ་ཁོ་ན་ཉིད་སྒོམ་པ་ལ་གཅིག་ཏུ་མོས་པ་དང༌། ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་ཐམས་ཅད་ལ་ལོངས་སྤྱོད་པར་མོས་པའི་གང་ཟག་བཞི་ནི་རིམ་པར་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་གདུལ་བྱར་གྱུར་པ་དང༌། གཞུག་བྱ་ལོག་པའི་གང་ཟག་བཞི་སོ་སོའི་སྤྱོད་ཚུལ་དང་སྒོ་བསྟུན་པའི་ཆོས་བསྟན་པས་རྗེས་སུ་བཟུང་ནས་ཡང་དག་པའི་ལམ་ལ་གཞུག་ཕྱིར་རྒྱུད་སྡེ་བཞི་གསུངས་ཏེ། འདོད་ཆགས་ཅན་དབང་ཕྱུག་གི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་སྤྱོད་རྒྱུད། གཏི་མུག་ཅན་


LT08,P011A
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པའི་རྗེས་སུ་འབྲང་བ་རྣམས་གཞུག་ཕྱིར་བྱ་རྒྱུད། མ་ངེས་པ་དེ་གསུམ་གང་རུང་དང༌། ཕྲད་ན་དེ་དག་གི་གྲུབ་མཐའ་འཛིན་པ་རྣམས་གཞུག་ཕྱིར་རྣལ་འབྱོར་གྱི་རྒྱུད་གསུངས་པ་ནི། དེ་ཉིད་འདུས་པའི་དགོངས་པ་སློབ་དཔོན་ཀླུ་སྒྲུབ་དང་རབ་འབྱོར་བསྐྱངས་སོགས་བཞེད་པར་གྲགས་སོ། །མི་རིགས་བཞིའམ་དེ་དང་རྗེས་སུ་མཐུན་པའི་གདུལ་བྱ་ལ་དགོངས་ནས་ཀྱང་བཞིར་གསུངས་ཏེ། དེའང་གཏི་མུག་ཅན་ཚངས་པའི་ཆོས་ལ་སྤྱོད་པའི་བྲམ་ཟེ་གཙང་སྦྲ་དང་བཟླས་བརྗོད་དང་སྦྱིན་སྲེག་དང་དཀའ་ཐུབ་ཀྱི་ལམ་ལ་དགའ་བ་དང༌། ང་རྒྱལ་ཅན་ལྷ་མིན་གྱི་ཆོས་ལ་སྤྱོད་པ་རྗེའུའི་རིགས་ལུས་ངག་ཡིད་གསུམ་གྱི་རིགས་གནས་ལ་དགའ་བ་དང༌། ལྷའི་ཆོས་ལ་སྤྱོད་པ་རྒྱལ་རིགས་དཀའ་སྤྱད་མི་ནུས་ཤིང་གཙོ་འཁོར་སོགས་ཀྱི་རྣམ་པར་རོལ་པ་ཆེན་པོ་ཅན་བཀར་བཏགས་ཀྱི་ཕྱག་རྒྱས་རྒྱལ་སྲིད་ལ་དབང་སྒྱུར་བ་ལ་དགའ་བ་དང༌། ཆགས་ཁྲོ་ཅན་དབང་ཕྱུག་ལ་སོགས་པའི་སྦྱོར་སྒྲོལ་གྱི་ཆོས་སྤྱོད་པའི་དམངས་རིགས་གཙང་དམེ་མེད་པར་བཤང་གཅི་སོགས་ཟ་ཞིང་རྟེན་གྱིས་སྨད་པའི་ལས་སྣ་ཚོགས་ལ་འཇུག་པར་དགའ་བའི་གདུལ་བྱ་དབང་པོ་ཡང་རབ་ཀྱི་རིགས་ཅན་རྣམས་གཙོ་བོར་རྗེས་སུ་བཟུང་བའི་ཕྱིར་བྱ་རྒྱུད་ལ་སོགས་པའི་རྒྱུད་གསུངས་ཏེ། དུར་ཁྲོད་རྨད་དུ་བྱུང་བ་ལས། བྲམ་ཟེ་རྗེའུ་རིགས་རྒྱལ་རིགས་དང༌། །དམངས་རིགས་གདོལ་པ་གདུལ་དོན་དུ། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས་སོ། །ཡང་དབང་པོ་བརྟུལ་པོ་ལ་བྱ་བའི་རྒྱུད། འབྲིང་པོ་ལ་སྤྱོད་པའི་རྒྱུད། །རྣོན་པོ་ལ་རྣལ་འབྱོར་གྱི་རྒྱུད། ཤིན་ཏུ་རྣོན་པོ་ལ་བླ་མེད་ཀྱི་རྒྱུད་བསྟན་པར་རྡོ་རྗེ་གུར་ལས་གསུངས་པ་དང༌། སྦྱང་བྱ་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེན་པོ་རྣམས་ལ་དགོངས་ནས་རྒྱུད་བཞིར་


LT08,P011B
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། རབ་ཏུ་སྒྲོན་གསལ་ལས། དེ་ལ་རབ་དང་འབྲིང་གི་གཏི་མུག་གི་རིགས་ཅན་ལ་དགོངས་ཏེ་བྱ་བའི་རྒྱུད་བསྟན་ཏོ། །གཏི་མུག་དམན་པའི་རིགས་ཅན་རྣམས་ལ་སྤྱོད་པའི་རྒྱུད་བསྟན་ཏོ། །དམན་པ་དང་བར་མའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་རྒྱུད་བསྟན་ཏོ། །རབ་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་བླ་མའི་རྒྱུད་དོ། །རབ་ཀྱི་རབ་ཀྱི་འདོད་ཆགས་དང་ཞེ་སྡང་གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་མའི་རྒྱུད་བསྟན་ཏོ། །ཞེས་གསུངས་སོ། །འདིར་རྣལ་འབྱོར་བླ་མ་དང་མའི་རྒྱུད་གཉིས་ནི་རྣལ་འབྱོར་བླ་མེད་དུ་གཅིག་ཅིང་སྦྱང་བྱ་ཉོན་མོངས་ཀྱང་ཤིན་ཏུ་ཆེན་པོའི་ཁོང་དུ་འདུས་པས་བཞིར་ངེས་པ་ཡིན་ནོ། །སྦྱང་བྱ་རགས་པ་རིགས་བཞིའི་སྒོ་ནས་ཀྱང་བཞིར་བཞག་སྟེ། འདོད་ཁམས་ཀྱི་ཆགས་པ་བཞི་ནི། མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། །དགོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་བཤད་པ་ལྟར་རོ། །དེའང་འདོད་ཁམས་ལྷ་གཞན་འཕྲུལ་དབང་བྱེད། འཕྲུལ་དགའ། དགའ་ལྡན་དང་འཐབ་བྲལ། སུམ་ཅུ་རྩ་གསུམ་མན་གྱི་ལྷ་མི་དུད་འགྲོ་རྣམས་ལ་རིམ་བཞིན་བལྟས་པ་དང༌། དགོད་པ་དང༌། ལག་བཅངས་དང༌། གཉིས་གཉིས་འཁྱུད་པས་ཚིམས་པའི་འདོད་ཆགས་ཡོད་ལ། དེའི་གཉེན་པོར་དེ་དག་སོ་སོར་ལམ་དུ་བྱེད་པའི་ལྷའི་རྣལ་འབྱོར་ཅན་གྱི་རྒྱུད་བཞིར་གསུངས་པ་དང༌། སྦྱོང་བྱེད་ལམ་རིམ་གསུམ་གྱི་སྒོ་ནས་ཀྱང་རིམ་བཞིན་བཞག་སྟེ། གསུམ་ནི་ལྟ་བ་སྒོམ་པ་སྤྱོད་པའོ། །དེ་ལ་ལྟ་བ་ནི། ནང་པ་སངས་རྒྱས་པ་ལ་གྲུབ་མཐའ་སྨྲ་བའི་སྒོ་བཞི་ཡོད་པས་དེ་དག་དང་མཐུན་པར་རིམ་པར་བྱ་རྒྱུད་ལ་སོགས་པ་དང༌། སྒོམ་པ་ལྷའི་རྣལ་འབྱོར་བཞི་སྟེ། བྱ་རྒྱུད་དུ་ཕྱི་རོལ་ཁོ་ནའི་ལྷ་སྒོམ་པ་དང༌། སྤྱོད་རྒྱུད་དུ་ནང་དུའང་རང་བྱུང་


LT08,P012A
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷ་སྒོམ་པ་དང༌། རྣལ་འབྱོར་རྒྱུད་དུ་བདག་མདུན་གཉིས་སུ་མེད་པའི་སྙིང་པོའི་ལྷ་སྒོམ་པ་དང༌། བླ་མེད་དུ་ཀུན་ཏུ་བདག་མདུན་གཉིས་སུ་མེད་པར་ཤེས་ནས་དེའི་ལྷ་སྒོམ་པའི་ཁྱད་པར་གྱིས་སོ། །སྤྱོད་པ་སྒོ་གསུམ་གྱི་ལས་མི་འདྲ་བ་སྟེ། ལུས་ངག་གི་ལས་གཙོ་བོར་སྤྱོད་པ་དང༌། སྒོ་གསུམ་གྱི་ལས་ཆ་མཉམ་པར་སྤྱོད་པ་དང༌། སེམས་ཀྱི་ལས་གཙོ་བོར་སྤྱོད་པ་དང༌། ཡེ་ཤེས་ཀྱི་ལས་གཙོ་བོར་སྤྱོད་པས་བྱ་རྒྱུད་སོགས་སུ་གཞག་གོ །གཞན་ཡང་སད་པ་དང༌། རྨི་ལམ་དང༌། གཉིད་སྟུག་པོ་དང༌། སྙོམས་འཇུག་གི་གནས་སྐབས་བཞི་དང༌། རྫོགས་ལྡན། གཉིས་ལྡན། སུམ་ལྡན། རྩོད་ལྡན་ཉེ་དུས་བཞི་དང༌། སོགས་ཁོངས་ནས་ཉིན་མཚན་ཐུན་མཚམས་བཞི་དག་པ་ལ་དགོངས་ནས་རྒྱུད་སྡེ་བཞིར་དབྱེ་བར་དུས་ཀྱི་འཁོར་ལོར་གསུངས་པ་ལ་སོགས་པའོ། །དེས་ན་གདུལ་བྱ་སོགས་དེ་དག་ལ་དགོངས་ཏེ་བསྟན་པའི་ཕྱིར་ཡོངས་གྲགས་རྒྱུད་སྡེ་བཞི་རུ་གཟུང་ཞིང༌། གོ་རིམ་ཡང་སྔ་ཕྱི་དང༌། དམན་མཆོག་དང༌། རགས་ཕྲ་སོགས་ཀྱིས་ངེས་པ་ཡིན་ཏེ། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །ཞེས་གསུངས་པ་ལྟར་རོ། །དེ་ལ་སྔ་མ་ལ་བརྟེན་ཕྱི་མ་སྐྱེ་བའི་དོན་ནི། བརྟག་གཉིས་ལས། དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་རྗེས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་དགྱེས་པ་རྡོ་རྗེ་བསྟན། །ཞེས་གྲུབ་མཐའ་བཞི་ལ་རིམ་གྱིས་སློབ་པ་བཞིན་དེ་དག་རྗེས་སུ་འཛིན་པའི་རྒྱུད་སྡེ་བཞི་ཡང་རིམ་གྱིས་ཉམས་སུ་བླང་བར་ཤེས་པར་བྱ་སྟེ། ཐབས་དང་ཤེས་རབ་བླ་མེད་ཀྱི་རྒྱུད་གཉིས་པོའི་མཐར་གཉིས་སུ་མེད་པ་བླ་མེད་ཀྱི་རྒྱུད་ལ་བསླབ་པར་བྱ་


LT08,P012B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཞེད་པས་སོ། །དམན་མཆོག་ནི། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །ཅེས་སོགས་ཀྱིས་ཤེས་སོ། །རགས་ཕྲ་ནི། གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་ཆེན་བླ་ན་མེད་པ་ཞེས་སོགས་ཀྱིས་ཤེས་པས་སོ། །རྒྱུད་སྡེ་བཞི་ལ་རྟེན་གྱི་གང་ཟག་དང་འཇུག་སྒོ་དབང་སོགས་སོ་སོའི་ཁྱད་པར་ཞིབ་པར་འོག་ཏུ་འབྱུང་ཡང༌། གཙོ་ཆེ་བའི་དོན་མདོར་བསྡུ་ན་བྱ་བའི་རྒྱུད་ཀྱི་ཁྱད་པར་ནི། གཙོ་བོར་ལུས་ཀྱིས་ཕྱག་རྒྱ་བཅས་པས་སྐུ་འགྲུབ་པ་དང༌། ངག་གིས་སྔགས་བཟླས་པས་གསུང་འགྲུབ་པ་དང༌། སེམས་ཀྱིས་ལྷ་བསྒོམས་པས་ཐུགས་ཡོན་ཏན་དང་བཅས་པ་མྱུར་དུ་འགྲུབ་པ་ལ་སོགས་པའོ། །སྤྱོད་པའི་རྒྱུད་ཀྱི་ཁྱད་པར་ནི་གཙོ་བོར་རང་གི་ལུས་ལ་རྫོགས་པའི་སངས་རྒྱས་ཀྱི་སྐུར་བལྟས་ཏེ་སྐུའི་བྱིན་རླབས་མྱུར་ཏུ་འཇུག་པ་དང༌། ངག་ལ་དེའི་སྔགས་སུ་བལྟས་ཏེ་གསུང་གི་བྱིན་རླབས་མྱུར་ཏུ་འཇུག་པ་དང༌། སེམས་ལ་དེའི་ཡེ་ཤེས་སུ་བལྟས་ཏེ་ཐུགས་ཀྱི་བྱིན་རླབས་མྱུར་ཏུ་འཇུག་པ་ལ་སོགས་པའོ། །དེའང་བདག་ཉིད་སངས་རྒྱས་སུ་མོས་པ་ལམ་དུ་བྱས་པས་ཡོན་ཏན་སྐྱེ་སླ་བ་དང༌། འབྲས་བུ་ལམ་དུ་བྱས་པས་མྱུར་བར་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དང༌། རས་བྲིས་ལ་སོགས་པ་སྒྲུབ་དཀའ་བ་དེ་དག་ལ་མཆོད་པ་ལ་སོགས་པས་ཚོགས་རྫོགས་པར་བྱེད་པ་དེ་བས་ཀྱང་སྒྲུབ་སླ་བའི་རང་ཉིད་ལ་མཆོད་པ་ལ་སོགས་པས་ཚོགས་མྱུར་ཏུ་རྫོགས་པ་ལ་ཐེ་ཚོམ་མེད་པའི་ཕྱིར་རོ། །རྣལ་འབྱོར་རྒྱུད་ཀྱི་ཁྱད་པར་ནི་གཙོ་བོར་ལུས་ལ་སྐུ་ཕྱག་རྒྱ་ཆེན་པོས་རྒྱས་འདེབས་པ་དང༌། ངག་ལ་གསུང་ཆོས་ཀྱི་ཕྱག་རྒྱས་འདེབས་པ་དང༌། སེམས་ལ་ཐུགས་དམ་ཚིག་གི་ཕྱག་རྒྱས་འདེབས་པ་དང༌། བྱ་བ་ལ་ཕྲིན་ལས་ཀྱི་ཕྱག་རྒྱས་འདེབས་པས་དེ་བཞིན་གཤེགས་པ་ཐམས་ཅད་མྱུར་ཏུ་འགྲུབ་པར་བྱེད་པའོ། །


LT08,P013A
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བླ་ན་མེད་པའི་ཁྱད་པར་ནི་གཙོ་བོར་རྫོགས་རིམ་ཟབ་མོའི་དོན་ལ་མ་རྨོངས་པ་དང༌། བསྐྱེད་རིམ་ཟབ་མོའི་ཐབས་མཐའ་ཡས་པ་དང༌། དེ་གཉིས་ཀྱི་སྒོ་ནས་དཀའ་བ་མེད་པར་བྱང་ཆུབ་འགྲུབ་པ་དང༌། དེ་དག་གིས་ན་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རིམ་པ་འདི་གཉིས་ཀྱི་རྣལ་འབྱོར་ནི་བླ་ན་མེད་པ་ཁོ་ནའི་ཁྱད་པར་ཡིན་གྱི་གཞན་ལ་མེད་དེ། གཞན་ལས་ནི་སྲིད་པ་སྐྱེ་བའི་རིམ་པ་མ་ཚང་བ་མེད་པ་དང་རྗེས་སུ་མཐུན་པའི་ལམ་མ་བསྟན་པའི་ཕྱིར་དང༌། འཆི་བ་འོད་གསལ་གྱི་བདེན་པ་རྫོགས་པར་སྦྱོང་བའི་ལམ་མ་བསྟན་པའི་ཕྱིར་རོ། །བཞི་པ་རྒྱུད་སྡེ་བཞིའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ་གཉིས། བརྗོད་བྱ་དང༌། རྗོད་བྱེད་དོ། །དང་པོ་ལ་བཞི། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་རྣམ་གཞག་གོ །དང་པོ་བྱ་རྒྱུད་ལ་བདུན། སྒྲ་དོན་དང་ངོ་བོ། །རྣམ་པར་དབྱེ་བ། འཇུག་སྒོ་དབང༌། བསྲུང་བྱ་དམ་སྡོམ། ལམ་མངོན་རྟོགས། བསྒྲུབ་བྱ་དངོས་གྲུབ། ས་ལམ་འབྲས་བུའི་རིམ་པའོ། །དང་པོ་ནི། ཕྱི་ཡི་ཀུན་སྤྱོད་གཙོར་སྟོན་བྱ་བའི་རྒྱུད། །ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པའི་སྒོ་ནས་སྔགས་ཀྱི་སྤྱད་པ་སྤྱོད་པའི་ཕྱིར་བྱ་བའི་རྒྱུད་ཅེས་བྱ་སྟེ། རྒྱུད་དེའི་ངོ་བོ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་བར་བྱེད་པ་དང༌། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང༌། བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང༌། སྐྱོན་གྱི་རྒྱུའི་རྟོག་པས་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ། །སྔགས་དང་སྨན་དང་སྦྱིན་སྲེག་དང་ཕྱི་མ་དང་མིག་སྨན་དང་རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་སྤྱོད་པ་སྒྲུབ་པར་བྱེད་པ་ནི་རྟོག་པའི་


LT08,P013B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་བཞུགས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་དག་ཀྱང་ཅུང་ཟད་བཀྲོལ་ཏེ་བཤད་ན། བློ་དམན་པས་ཟབ་མོའི་དོན་ལ་སྐྲག་ཅིང་འཇིགས་པར་ལྟ་ཞིང་ཁྲུས་དཀའ་ཐུབ་སོགས་ཤིན་ཏུ་གཙང་སྦྲ་བྱེད་པ་དང༌། བདག་དམ་ཚིག་པའི་ལྷར་བསྐྱེད་པ་མེད་པས་བདག་ཉིད་ལྷའི་སྙེམས་པ་མེད་པ་དང༌། དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་གཞུག་པ་མེད་པས་ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང༌། དགོངས་པས་བཤད་པའི་དོན་ཟབ་མོ་རྨད་དུ་བྱུང་བ་སྟེ་ཁྱད་པར་འཕགས་པ་རྣམས་བསྟན་པའི་སྤྱོད་ཡུལ་དུ་མ་གྱུར་པས་རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང༌། རྨད་དུ་བྱུང་བའི་ཡུལ་དེ་དག་ལ་འཇུག་པར་མི་ནུས་པའི་སྐྱོན་གྱིས་རྒྱུ་གཙང་དམེ་ལ་སོགས་པའི་རྟོག་པས་བྱས་པའི་ཁྲུས་སོགས་ལ་རབ་ཏུ་སྤྱོད་པས་ལྷ་རྗེ་འབངས་ཀྱི་ཚུལ་དུ་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་པ་སྟེ་གནས་སོ་ཞེས་པ་ཡིན་ལ། སྔགས་དང་མིག་སྨན་སོགས་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་ལ་རང་དབང་དུ་སྤྱོད་པར་དཀའ་ཐུབ་དང་བཟླས་བརྗོད་སོགས་ཀྱི་སྒོ་ནས་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་དེ། དེ་ནི་བྱ་བའི་རྒྱུད་ལས་ཟུར་དུ་ཕྱེ་བ་ཡིན་པས་དེ་ཉིད་ཀྱི་ཁོང་དུ་བསྡུས་ཏེ་གཅིག་ཏུ་བྱའོ། །གཉིས་པ་དབྱེ་བ་ནི། རིགས་དྲུག །ཅེས་པ་སྟེ། བྱ་རྒྱུད་ལ་དབྱེ་ན། དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས་ཏེ་འཇིག་རྟེན་ལས་འདས་པའི་རིགས་གསུམ་དང༌། ནོར་བུའི་རིགས། ལྔས་རྩེན་གྱི་རིགས། འཇིག་རྟེན་ཕལ་པའི་རིགས་ནི་འཇིག་རྟེན་པ་གསུམ་སྟེ། དེ་ལྟར་བྱ་རྒྱུད་རིགས་དྲུག་གམ་སྒོ་དྲུག་ཏུ་གྲགས་སོ། །དེ་དག་གི་མཚན་གཞི་དེ་བཞིན་རིགས་ཀྱི་གཙོ་བོ་དམ་ཚིག་གསུམ་བཀོད་སོགས་སངས་རྒྱས་རྣམས། པདྨའི་རིགས་གཙོ་སྤྱན་རས་གཟིགས། རྡོ་རྗེའི་རིགས་གཙོ་ཕྱག་རྡོར་ཏེ་རེ་རེ་ལ་རིགས་ཀྱི་གཙོ་བོ། །


LT08,P014A
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ། ཡུམ། གཙུག་ཏོར། ཁྲོ་བོ། ཁྲོ་མོ། ཕོ་ཉ། ཕོ་ཉ་མོ། བཀའ་ཉན་དང་བཀའ་ཉན་མ་རྣམས་སུ་དབྱེར་ཡོད་ཅིང༌། ནོར་ཅན་གྱི་རིགས་ནི་གནོད་སྦྱིན་ནོར་བུ་བཟང་པོས་བཤད་པ་དང༌། ལྔས་རྩེན་གྱི་རིགས་ནི། གནོད་སྦྱིན་ལྔས་རྩེན། འཕྲོག་མ། བུ་དགའ་བྱེད་ལ་སོགས་པ་དང༌། འཇིག་རྟེན་ཕལ་པའི་རིགས་ནི། ཚངས་དབང་ཁྱབ་འཇུག་མཁའ་ལྡིང་ཉི་ཟླ་སོགས་མཐའ་ཡས་པ་རྣམས་སོ། །དེ་དག་བསྡུ་ན་འཇིག་རྟེན་ལས་འདས་པའི་རིགས་གསུམ་དུ་འདུ་སྟེ། དཔུང་བཟང་གི་དོན་དགྲོལ་བའི་བརྗེད་བྱང་ལས། ནོར་ཅན་ནི་པདྨའི་རིགས་ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་སྒབ ¿ སྒྲབ ¿ ་ཏུ་ཕལ་ཆེར་འདུས་པར་རིགས་པར་བྱའོ། །དེ་དག་གིས་མ་བསྡུས་པ་རྣམས་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ལས་འབྱུང་བའང་མ་ཡིན་ཞིང༌། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱི་རིགས་སུ་སྐྱེ་བའང་མ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་གདགས་ཏེ། དོན་དེ་རྒྱུད་འདི་ཉིད་ལས་ཀྱང༌། གཞན་ཡང་འདི་ན་ཁ་ཅིག་གནས་མེད་པར། །བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམས་པ། །ཞེས་གསུངས་སོ། དེ་ལྟར་དེ་རྣམས་སངས་རྒྱས་ཀྱིས་བཏུལ་ཏེ་དམ་ཚིག་ལ་གནས་ཤིང༌། རིགས་གསུམ་པོའི་ནང་དུ་འདུས་པར་སྣང་གིས་ཀྱང༌། ཞེས་འཇིག་རྟེན་པའི་རིགས་ཀྱི་ནང་ཚན་རྣམ་པར་འཁྱམས་པ་ཞེས་གྲགས་པའང་དེ་བཞིན་གཤེགས་རིགས་ལ་བརྟེན་པས་དེར་གཏོགས་པར་ཤུགས་ཀྱིས་བསྟན་པའི་ཕྱིར་རོ། །དེའང་གསང་སྔགས་དང་རིག་སྔགས་གཉིས་སུ་འདུས་ཏེ། བསམ་གཏན་ཕྱི་མའི་འགྲེལ་པ་ལས། དེ་ལ་རིག་སྔགས་ནི་བུད་མེད་ཀྱི་


LT08,P014B
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང༌། དབྱིབས་ཀྱི་ལྷ་དང༌། དེ་སྟོན་པའི་སྒྲ་དང༌། ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་གསང་སྔགས་ཀྱི་མཚན་ཉིད་དོ། །ཞེས་འབྱུང་ངོ༌། །གསུམ་པ་འཇུག་སྒོ་དབང་ནི། འཇུག་སྒོ་ཆུ་དང་ཅོད་པན་གྱིས། སྐུ་གཉིས་ནུས་པ་བཞག་ནས་དམ་ཚིག་བཟུང༌། །དགོས་དབང་ཚུལ་བཞི་དཀྱིལ་འཁོར་རྡུལ་ཚོན་ཉིད། །ཡེ་ཤེས་ཐིག་ལེ་ལས། །ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པའི་དགོངས་པས་བྱ་རྒྱུད་ཀྱི་འཇུག་སྒོའི་དབང་ལ་ཆུ་དང་ཅོད་པན་གཉིས་ལས་མེད་པར་ཡོངས་སུ་གྲགས་ཤིང༌། དེའང་ཆུ་དབང་གིས་ཆོས་སྐུ་དང༌། ཅོད་པན་དབང་གིས་གཟུགས་སྐུའི་ནུས་པ་བཞག་པའི་སྨིན་བྱེད་དེ། ཆུ་དབང་ནི། འཇམ་དཔལ་རྩ་རྒྱུད་ལས། རེ་རེ་ལའང་ཇི་ལྟར་འདོད་པ་བཞིན་ཏུ་དབང་བསྐུར་བ་ལྔ་སྦྱིན་པར་བྱའོ། །ཞེས་དཀྱིལ་འཁོར་གྱི་ཕྱིའི་འཇུག་སྒོའི་བུམ་པ་དང༌། དཀྱིལ་འཁོར་གཉིས་པར་ལྷ་ཐམས་ཅད་ཀྱི་བུམ་པ་དང༌། གསུམ་པར་ཉན་རང་གི་བུམ་པ་དང༌། བྱང་སེམས་ཀྱི་བུམ་པ་དང༌། སངས་རྒྱས་ཀྱི་བུམ་པ་རྣམ་རྒྱལ་ཏེ་ཆུ་དབང་ལན་ལྔར་བསྐུར་བར་བཤད་པས་མཚོན་རིགས་ཐམས་ཅད་དུ་གསལ་བར་གསུངས་ཤིང༌། ཅོད་པན་ནི་དབུ་རྒྱན་གསལ་བར་གསུངས་པ་མེད་ཀྱང་ཕྱག་རྒྱ་བཅིངས་ནས་སྤྱི་བོར་གཏུགས་པ་ཉིད་དེའི་དབང་བསྐུར་བ་ཡིན་པར་འཆད་དོ། །དེ་ལྟར་དངོས་གཞིའི་དབང་གཉིས་ཐོབ་ནས་བྱ་རྒྱུད་ཀྱི་དམ་ཚིག་རྣམས་ཀྱང་བཟུང་དགོས་ཤིང་སྨིན་བྱེད་དངོས་ནི་དེ་ཙམ་ལ་འདུས་ཀྱང༌། དགོས་པའི་དབང་གིས་ཕྱེ་བས་དབང་བསྐུར་ཚུལ་བཞི་སྤྱི་རྒྱུད་ལས་བཤད་དེ། དེའང་བྱ་རྒྱུད་རང་ལུགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་སྒྲུབ་པ་ཆུ་ཅོད་པན་གྱི་དབང༌། རིག་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་མེ་ཏོག་གང་ཕོག་གི་ལྷའི་བཟླས་ལུང་སྦྱིན་པ་རྡོ་རྗེ་སློབ་མའི་དབང༌།


LT08,P015A
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཞི་ཞིང་བགེགས་གཞོམ་པ་བྱ་བ་ཁྲུས་བསྲུང་བའི་དབང༌། འབྱོར་པ་རྒྱས་པར་བྱེད་པ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་སྟེ། བྱ་རྒྱུད་རང་ལུགས་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ཆུ་ཅོད་ཙམ་གྱིས་ཀྱང་འགྲུབ་པ་ཡིན་མོད། སྤྱི་རྒྱུད་ལས་འབྱུང་བ་ལྟར་དེ་སྟེང་དཀྱིལ་འཁོར་བྲི་བཤད་བྱེད་པར་རྗེས་སུ་གནང་བས་ལེགས་པར་འགྲུབ་པ་ཡིན་ཅིང༌། དེའང་གཤེགས་རིགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པས་རིགས་གསུམ་ག༌།སྤྱན་རས་གཟིགས་ཀྱིས་པདྨ་དང་རྡོ་རྗེའི་རིགས་གཉིས། ཕྱག་རྡོར་གྱིས་རྡོ་རྗེའི་རིགས་ཁོ་ནའི་སློབ་དཔོན་ཏུ་འགྱུར་བར་གསུངས་ཤིང༌། རྒྱུད་འདིར་དབང་བསྐུར་བའི་དཀྱིལ་འཁོར་ནི་རྡུལ་ཚོན་ཁོ་ནར་བཤད་དོ། །བཞི་པ་བསྲུང་བྱའི་དམ་སྡོམ་ནི། རྩ་བར་དམ་ཚིག་བཟུང༌། །ཞེས་པའི་ཟུར་གྱིས་བསྟན་པ་སྟེ། དེ་ཉིད་ཇི་ལྟར་འཛིན་པའི་ཚུལ་ནི། དམ་ཚིག་གསུམ་བཀོད་ལས་སྟ་གོན་གྱི་མཇུག་ཏུ་ལེན་པར་གསུངས་པ་ལྟར་དུས་དེར་ལེན་པ་ཡིན་ལ། ལེན་པའི་ཚུལ་ཡང༌། དེ་ཉིད་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་དགོངས་གསོལ་སྔོན་ཏུ་བཏང་ནས་བདག་འབུལ་བ། བདག་ལ་བྱིན་གྱིས་བརླབ་པ། བསྲུང་བ་དང་སྐྱོབ་པ། དམ་ཚིག་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱ་བ་ལན་གསུམ་བརྗོད་པ་ནི་དམ་ཚིག་འཛིན་པའི་ཆོ་གའོ། །ཞེས་གསུངས་པ་ལྟར་ཡིན་ལ། བདག་ཕུལ་བས་དམ་ཚིག་འཛིན་པར་འགྱུར་བའི་རྒྱུ་མཚན། བདག་ལ་ཕྲ་རགས་གཉིས་སུ་བཞག་པའི་རགས་པའི་བདག་ལུས་ངག་ཡིད་གསུམ་ཕུལ་བས་དེ་གསུམ་སངས་རྒྱས་བྱང་སེམས་དབང་བར་སོང༌། དེའི་ཚེ་སངས་རྒྱས་བྱང་སེམས་རྣམས་ཀྱི་ངང་ཚུལ་ནི་མི་དགེ་བ་བཅུ་ལས་བཟློག་ནས་དགེ་བ་བཅུ་སྒྲུབ་པའི་ངང་ཚུལ་ཅན་ཡིན་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྡོམ་པའི་ངོ་བོ་ཉིད་དུ་གཟུང་བར་


LT08,P015B
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཕྲ་བའི་བདག་ཆོས་ཀྱི་སྐུ་ལ་སྟོང་པ་ཉིད་ཀྱི་ངོ་བོར་གཉིས་སུ་མེད་པར་ཕུལ་བས་དོན་དམ་བྱང་ཆུབ་ཀྱི་སེམས་གཟུང་བར་འགྱུར། དེ་གཉིས་གཞིར་གྱུར་པའི་དམ་ཚིག་ལྷག་མ་གཞན་རྣམས་གསོལ་གདབ་ལྷག་མ་གསུམ་གྱིས་གཟུང་བར་འགྱུར་རོ། །འདི་ནི་སློབ་དཔོན་སངས་རྒྱས་གསང་བའི་བཞེད་པ་སྟེ་རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས་འབྱུང་བ་ལྟར་རོ། །བསྲུང་བྱ་དམ་ཚིག་དང་སྡོམ་པའི་ཚུལ་ནི་གོང་དུ་ཞི་བ་མོར་བཤད་ཟིན་ཏོ། །ལྔ་པ་ལམ་མངོན་རྟོགས་ལ་བཞི། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། སྒྲུབ་པའི་སྤྱོད་པ། གྲུབ་པའི་སྤྱོད་པའོ། །དང་པོ་ནི། དབང་ནོད་ཅིང་རང་གིས་འདོད་པའི་ལྷ་དང་དམ་ཚིག་བཟུང་བ་སྟེ་བཤད་མ་ཐག་པ་ལྟར་རོ། །གཉིས་པ་སྦྱོར་བའི་སྤྱོད་པ་ལ་གཉིས། ཡན་ལག་དང༌། གཙོ་བོའོ། །དང་པོ་ནི། སྦྱོར་བ་ཡན་ལག་བཅུ་ལྡན། །ཅེས་པ་སྟེ། སྦྱོར་བའི་སྤྱོད་པ་ལ་སྔགས་པ་སྒྲུབ་པ་པོ། རང་སྔགས་བསྒྲུབ་པར་བྱ་བའི་ལྷ། གཡོག་སྒྲུབ་པའི་གྲོགས་མཆོག །ལྡོང་རོས་ལ་སོགས་པའི་རྫས། སྦྱོར་བའི་བརྩོན་འགྲུས། དབུས་ལ་སོགས་པའི་ཡུལ་ཕྱོགས། རི་རྩེ་ལ་སོགས་པའི་གཞིའི་གནས། དཔྱིད་ཟླ་དང་སྔ་དྲོ་ལ་སོགས་པའི་དུས། རི་མོ་དང་བླུགས་སྐུ་ལ་སོགས་པའི་ཡན་ལག་རྫོགས་པའི་ལྷ། འཇིགས་པ་མེད་ཅིང་སྲན་ཆེ་བའི་སེམས་སྟོབས་ཏེ་ཡན་ལག་བཅུ་དང་ལྡན་པའི་སྒོ་ནས་བསྙེན་པ་བྱ་བར་དཔུང་བཟང་ལས་གསུངས་སོ། །གཉིས་པ་གཙོ་བོ་བསྙེན་པའི་དངོས་གཞི་དེ་ཉིད་བཞི་བཤད་པ་ནི། གཙོ་བོ་ནི། ཆོས་དྲུག་ལྡན་པའི་བདག་གི་དེ་ཉིད་དང༌། །གཟུགས་ཡིད་རང་བཞིན་ལྷ་ཡི་དེ་ཁོ་ན། །སྒྲ་སེམས་གཞིར་གཞོལ་བཟླས་པའི་དེ་ཉིད་དེ། །མེ་སྒྲ་སྒྲ་མཐའ་བསམ་གཏན་དེ་ཉིད་ཀྱིས། །རྗེ་ཁོལ་ཚུལ་དུ་བསྙེན་པ་མཐར་ཕྱིན་ནས། །སྤྱིར་


LT08,P016A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དབང་གི་སྨིན་བྱེད་ཇི་ཙམ་ནོད་པ་དེ་ཙམ་ཞིག་ལམ་རིམ་དུ་བསྒོམས་པས་འབྲས་བུའང་དེ་མཚུངས་སུ་ཐོབ་པ་རྒྱུད་སྡེ་བཞི་ཀར་མཚུངས་པས་འདིར་ཡང་ལམ་རིམ་གྱི་གཙོ་བོར་ཅོད་པན་དབང་ལམ་བྱེད་མཚན་བཅས། ཆུ་དབང་ལམ་བྱེད་མཚན་མེད་གཉིས་སུ་འདུ་བ་ཡིན་ལ། དེའི་སྒོམ་ཚུལ་ཞིབ་པར་དབྱེ་ན་དེ་ཁོ་ན་ཉིད་བཞི་སྟེ། བདག །ལྷ། བཟླས་པ། བསམ་གཏན་གྱི་དེ་ཁོ་ན་ཉིད་དོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་བྱ་བ་དང༌། གནས་དང་བདག་སྲུང་བ་དང༌། མདུན་གྱི་བྲིས་སྐུ་ལ་ལྷ་སྤྱན་དྲངས་ལ་མཆོད་དེ། དེའི་སྤྱན་སྔར་རང་གི་རིགས་དང་མཐུན་པའི་སྐྱིལ་ཀྲུང་གིས་གནས་ནས་ཆོས་སྐུ་ལམ་བྱེད་ཡེ་ཤེས་ཀྱི་ཚོགས་ནི། གང་ལྟ་བས་གཏན་ལ་དབབ་བྱའི་གཞི་བདེ་བར་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། དེའང་ཆོས་དྲུག་དང་ལྡན་པས་ཕུང་སོགས་རང་བཞིན་གྱིས་མ་གྲུབ་པའི་བདག་གི་དེ་ཁོ་ན་ཉིད་བསྒོམ་པར་བྱ་སྟེ། ཆོས་དྲུག་ནི། གཟུང་འཛིན་ལ་སོགས་པའི་རྟོག་པ་མེད་པ། རྣམ་པར་མི་རྟོག་པའི་སྣང་བ་མེད་པ། རྡུལ་ཕྲ་རབ་ཀྱི་གཟུགས་མེད་པ། མཚན་མའི་གཡོ་བ་མེད་པ། དེ་རྣམས་ཀྱིས་སྟོང་པའི་མེད་དགག་ལས་འདས་པའི་རང་བཞིན་འོད་གསལ་བ། རང་གི་ངོ་བོ་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅན་ནོ། །གཉིས་པ་ནི། གཟུགས་སྐུ་ལམ་བྱེད་བསོད་ནམས་ཀྱི་ཚོགས་ཏེ་གཟུགས་ཡི་གེ་རང་བཞིན་གྱི་ལྷ་གསུམ་སྟེ། དེའང་དང་པོ་ལ་སྤྱན་ལ་སོགས་པས་ཕྱེ་བའི་ཞལ་ཕྱག་ཡོངས་སུ་རྫོགས་པའི་གཟུགས་ཀྱི་ལྷ་དང༌། འཁོར་ལོ་རྡོ་རྗེ་སོགས་ཕྱག་རྒྱའི་ལྷ་གཉིས། གཉིས་པ་ཡི་གེའི་ལྷ་ལ་ཡི་གེའི་རྣམ་པའི་ལྷ་དང་སྒྲའི་ལྷ་གཉིས། གསུམ་པ་རང་བཞིན་གྱི་ལྷ་ལ་ཡུལ་ཆོས་ཉིད་སྟོང་པ་ཉིད་ཀྱི་ལྷ་དང་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ལྷ་གཉིས་སོ། །དེ་ཐམས་ཅད་ཀྱང་


LT08,P016B
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་ངོ་བོར་ཉམས་སུ་ལེན་པ་ན་ལྷ་དྲུག་གི་མཚན་ཉིད་ཅན་ཏུ་བསྡུ་སྟེ། སྟོང་དང་ཡི་གེ་སྒྲ་གཟུགས་དང༌། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་གསུངས་པའི་དང་པོ་སྟོང་པའི་ལྷ་ནི། བདག་དང་ལྷའི་དེ་ཁོ་ན་ཉིད་སྤྲོས་བྲལ་དབྱེར་མེད་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ལ་མཉམ་པར་འཇོག་པའོ། །གཉིས་པ་ཡི་གེའི་ལྷ་ནི། སྐབས་ཀྱི་ལྷ་གང་ཡིན་པ་དེའི་སྔགས་ཀྱི་ཡིག་འབྲུ་བྲིས་པའི་རྣམ་པ་ཅན་ཏུ་ནམ་མཁར་རང་སེམས་ཟླ་བར་གྱུར་པ་ལ་གནས་པའམ། ཟླ་བ་ཁོ་ན་བསྒོམ་པའང་དེའི་དོན་ནོ། །གསུམ་པ་སྒྲའི་ལྷ་ནི། ཟླ་བའི་སྟེང་དུ་རིགས་གསུམ་གྱི་ལྷ་གང་ཉེ་བར་བསྙེན་པའི་བཟླས་བྱའི་སྔགས་རང་སྒྲ་གྲགས་པར་བསྒོམ་པའོ། །བཞི་པ་གཟུགས་ཀྱི་ལྷ་ནི། དེའི་འོད་ཀྱིས་དོན་གཉིས་བྱས་ཏེ་ཡོངས་སུ་གྱུར་པ་ལས་ལྷའི་གཟུགས་རྫོགས་པར་བསྒོམ་པའོ། །ལྔ་པ་ཕྱག་རྒྱའི་ལྷ་ནི། གཙུག་ཏོར་སོགས་བྱིན་གྱིས་རློབ་པའི་རྒྱ་བཅིངས་ནས་གནས་དེ་དག་ཏུ་སྔགས་བརྗོད་ཅིང་གཏུགས་པའམ་སོ་སོའི་དམ་ཚིག་གི་རྒྱ་བཅིངས་པའོ། །དྲུག་པ་མཚན་མའི་ལྷ་ནི། མཉམ་གཞག་ཏུ་བསྒོམ་པའི་ལྷ་དེའི་རྣམ་པ་རྗེས་ཤེས་ཐམས་ཅད་དུ་དྲན་པར་བྱ་བ་སྟེ་སྣོད་བཅུད་ཀྱི་སྣང་བ་དག་སྣང་དུ་བལྟས་ལ་རང་གི་ལྷའི་གནས་ལུས་ལོངས་སྤྱོད་དུ་བསྒོམ་པ་ཡིན་ལ། དེ་ལྟར་བསྒོམ་པ་དེ་ལས་སེམས་གཞན་དུ་མི་འགྲོ་བར་བསྡོམས་ནས་བཟླས་བརྗོད་ཀྱི་ཡན་ལག་གི་མཚམས་མ་རྫོགས་ཀྱི་བར་རམ་ཅི་ནུས་པར་སྲོག་རྩོལ་བཟུང་སྟེ་རང་ལྷར་གསལ་བའི་སྐུ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་ལྷའི་དེ་ཁོ་ན་ཉིད་དོ། །གསུམ་པ་ནི། བཟླས་པའི་ཡུལ་འགྲང་ཕྲེང༌། བཟླ་བའི་གནས། ནམ་ཟློ་པའི་དུས། བཟླ་བའི་ཚད། བཟླས་པའི་སྐབས་ཀྱི་སྤང་བླང་རྣམས་ལེགས་གྲུབ་སོགས་ལས་འབྱུང་བ་བཞིན་མ་ནོར་བར་ལྡན་པས། བསྙེན་པ་སྤྱིར་བཏང་


LT08,P017A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཟླས་པ་ནི། རིགས་གསུམ་སོ་སོའི་ལྷའི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བཟླ་བྱའི་སྔགས་སྒྲ་གདངས་དང་བཅས་པ་རིམ་པ་བཞིན་བཀོད་ནས་གསང་སྔགས་ཀྱི་ལྷ་རྣམས་མངོན་སུམ་དང་འདྲ་བར་བལྟས་ལ། ཡང་དང་ཡང་དུ་བསམ་པའི་དྲན་པ་རྒྱུན་མི་འཆད་པས་ཡུལ་ལ་ཕྱིན་ཅི་ལོག་གི་ངན་རྟོག་བསལ་བས་སེམས་རྩེ་གཅིག་པ་བསྒྲུབས་ཏེ་རིགས་གསུམ་གྱི་བདག་པོའི་གསང་སྔགས་དག་བཟླ་བ་ཡིན་ལ། དངོས་གྲུབ་སྒྲུབ་པ་ཁྱད་པར་ཅན་གྱི་བཟླས་པ་ནི། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་སོས་ཤིག །ཞེས་གསུངས་པའི་གཞི་ནི་ལྷ་བསམ་པ། སེམས་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ལྷའི་ཐུགས་ཀར་བསམ་པ། སྒྲ་ནི་ཟླ་བའི་སྟེང་དུ་ཡིག་འབྲུ་སྒྲ་གདངས་ཅན་དུ་བསམ་པའོ། །དེ་དག་ལག་ལེན་དུ་བྱེད་པའི་ཚེ་སྲོག་རྩོལ་བསྡམས་ལ། མདུན་གྱི་ལྷའི་སྐུ་ཟླ་བ་སྔགས་དང་བཅས་པ་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་ཡིད་ཀྱིས་སམ་ཤུབ་བུར་སྔགས་བཟླ་བ་སྟེ་གཞོལ་ཞེས་པའི་དོན་ནོ། །དེ་ནས་སྲོག་དབྱུང་བ་སྟེ་དབུགས་གཏོང་བ་ན་རང་ལྷ་ཉིད་ཀྱི་གཞིའི་ང་རྒྱལ་ལ་གནས་པར་བྱ་བ་སྟེ་རྐང་པ་གཉིས་པའི་དོན་ནོ། །སྔགས་བཟླ་བ་དེ་དག་ཀྱང་ཡི་གེ་རིང་ཐུང་དང་མྱུར་བུལ་དང་གུག་སྐྱེད་སོགས་མ་ཉམས་པར་བཟླ་བ་སྟེ་རྐང་པ་གསུམ་པའི་དོན་ནོ། །བཟླས་པ་དེས་སྐྱོ་ཞིང་དུབ་པ་ན་བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ངང་དུ་ངལ་གསོ་བ་སྟེ་རྐང་པ་བཞི་པའི་དོན་ནོ། །བཟླས་པའི་རིམ་པ་ཕྱི་མ་འདི་ནི་རྩེ་གཅིག་པའི་མཚན་ཉིད་ཅན་གྱི་བཟླས་པ་ཞི་གནས་སུ་སྒྲུབ་པ་སྟེ།


LT08,P017B
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་གསོ་བའི་དུས་མ་གཏོགས་པ་མདུན་གྱི་ལྷ་ལ་རྩེ་གཅིག་ཏུ་ཡིད་གཏད་དེ་མདུན་གྱི་ལྷ་དང་བདག་ཉིད་ཐ་དད་པའི་སྣང་བ་བཟློག་ནས་བདག་མདུན་དབྱེར་མེད་པའི་གསལ་སྣང་ཐོབ་ཀྱི་བར་དུ་བཟླ་བས་སོ། །ཚུལ་འདི་ལ་དཔག་ནས་སྔ་མ་ལ་ཙམ་པོ་དང་ཕྱི་མ་ལ་ཁྱད་པར་གྱི་སྒྲས་བཏགས་ཏེ་དེ་དག་ནི་བཟླས་པའི་དེ་ཁོ་ན་ཉིད་དོ། །བཞི་པ་ནི། བསམ་གཏན་ཕྱི་མ་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐས་ཐར་པ་སྟེར་བ་ཉིད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་དེ་ཉིད་དམ་བསམ་གཏན་རྣམ་པ་གསུམ་དུ་གསུངས་པའི། དང་པོ་མེར་གནས་ཀྱི་དེ་ཉིད་ནི། ལྷའི་ཐུགས་ཀར་ཤིན་ཏུ་ཞི་བ་མར་མེའི་ལྕེ་འདྲ་བའི་མེ་འབར་བའི་ནང་དུ། ཟླ་བ་ལ་གནས་པའི་སྔགས་ཀྱི་ཚིག་གི་ཡི་གེ་འབྲུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རང་བཞིན་ཅན་དུ་བསམ་པ་ལ་རྩེ་གཅིག་ཏུ་དམིགས་ཏེ། སྲོག་སྡོམ་པའི་སྦྱོར་བས་གསལ་སྣང་མ་ཐོབ་ཀྱི་བར་དུ་བསླབ་པའོ། །འདི་ནི་ཞི་སོགས་ཀྱི་ལས་ཐམས་ཅད་སྒྲུབ་པའི་གཞིར་གྱུར་པའོ། །གཉིས་པ་སྒྲ་གནས་ཀྱི་དེ་ཉིད་ནི། སྙིང་གར་ཟླ་བའི་གཟུགས་ཀྱི་ནང་ན་འདུག་པའི་མེ་ལྕེའི་དབུས་སུ་ལྷའི་གཞིའམ། ཟླ་བའི་དཀྱིལ་འཁོར་འབའ་ཞིག་ལ་ཡིག་འབྲུའི་ཕྲེང་བ་རབ་ཏུ་བརྟགས་ལ། ཅུང་ཟད་ཙམ་ཞིག་ཏིང་ངེ་འཛིན་རབ་ཏུ་གསལ་བར་བྱས་ཏེ། དེ་ནས་དེའི་རྣམ་པ་ཡང་སྤངས་ལ་དྲིལ་བུའི་སྒྲ་ལྟ་བུའི་རང་བྱུང་གི་སྔགས་སྒྲའི་དབྱངས་ཙམ་གྲགས་པ་འབའ་ཞིག་བསམས་ནས། སྲོག་བསྡམས་ཞིང་རྩེ་གཅིག་ཏུ་དམིགས་པས་གསལ་སྣང་ཐོབ་ཀྱི་བར་དུ་བསླབ་པ་སྟེ་ཞི་གནས་སྐྱེ་བའི་རྟེན་གཞིར་གྱུར་པའོ། །གསུམ་པ་སྒྲ་མཐའི་དེ་ཉིད་ནི། སྔགས་ཀྱི་སྒྲ་ཙམ་དེ་ཉིད་ཀྱང་དཔྱད་ཅིང་གཞིགས་པས་ངོ་བོ་སྐྱེ་འགག་


LT08,P018A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་དང་བྲལ་བར་ཤེས་ནས། བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་མཉམ་པར་འཇོག་པ་སྟེ། དེ་ལས་ལྷག་མཐོང་གི་ཡེ་ཤེས་འཆར་ཞིང་ཐར་པ་དངོས་ཀྱི་ཉེར་ལེན་དུ་འགྱུར་བ་ཡིན་ཏེ། །དེ་དག་ནི་བསམ་གཏན་གྱི་དེ་ཁོ་ན་ཉིད་དོ། །དངོས་གྲུབ་ཁྱད་པར་ཅན་གྱི་ལས་ཚོགས་བསྒྲུབ་པ་ལ་ཇི་སྐད་བཤད་པ་དེ་དག་སྔོན་དུ་འགྲོ་དགོས་ལ། ལས་དང་དངོས་གྲུབ་ཕྲ་མོ་སྒྲུབ་པ་ལ་ནི་དེའི་ངེས་པ་མེད་པས་བཟླས་བརྗོད་ཐུན་མོང་བ་ཙམ་གྱིས་ཀྱང་འགྲུབ་པ་ཉིད་དོ། །དེ་ལྟར་མདུན་བསྐྱེད་ཀྱི་ལྷ་རྗེ་དང༌། བདག་ཉིད་ཁོལ་པོའི་ཚུལ་གྱིས་མཆོག་དམན་དུ་ལྟ་བས་བསྙེན་པ་མཐར་ཕྱིན་ནས་དངོས་གྲུབ་བསྒྲུབ་པར་བྱའོ། །འདིར་ཇོ་ནང་རྗེ་བཙུན་སོགས་ནི་བྱ་རྒྱུད་སྤྱིར་མཚན་བཅས་ལ་བདག་བསྐྱེད་ལྷའི་རྣལ་འབྱོར་མེད་ཅིང༌། མདུན་བསྐྱེད་ལའང་དམ་ཚིག་པ་བསྐྱེད་པ་མེད་དེ། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཕྱག་རྒྱ་བསྟན། མཆོད་པ་ཕུལ་ཏེ་སྔགས་བཟླས་ནས་མཐར་གཤེགས་སུ་གསོལ་བ་ཙམ་ཡིན། གཉིས་པ་མཚན་མེད་ནི་སྟོང་པ་ཉིད་བསྒོམ་པ་སྟེ། མདོ་དང་ཐུན་མོང་བ་ཁོ་ན་ཡིན། ལྷ་དྲུག་གི་བཤད་པ་སོགས་སྤྱོད་རྒྱུད་ལུགས་ཟང་མ་ཡིན་གྱི་བྱ་རྒྱུད་ཀྱི་ལུགས་གཏན་ནས་མ་ཡིན་གསུངས། བོད་སྔ་མ་ཕལ་ཆེར་ལྷ་དྲུག་རྣམ་གཞག་སོགས་གོང་སྨོས་ལྟར་བཞེད་ཀྱང་བདག་བསྐྱེད་མེད་པར་བཞེད། ཁ་ཅིག་གིས་བདག་བསྐྱེད་ཀྱང་ཡོད་པར་བསྒྲུབ། ཀརྨ་ཕྲིན་ལས་པ་སོགས་ཀྱིས་བྱ་རྒྱུད་ཙམ་པོ་བ་ལ་བདག་བསྐྱེད་མེད་ཅིང་ཁྱད་པར་བ་ལ་ཡོད་པར་བཤད་ལ། བྱ་རྒྱུད་ཀྱི་ལྷ་བདག་བསྐྱེད་ཡན་ལག་བཞི་རྫོགས་སུ་བསྐྱེད་པར་བཤད་པའི་རིགས་ནི་བྱ་རྒྱུད་བླ་མེད་ལྟར་ཉམས་སུ་ལེན་པའི་ལུགས་ཡིན་གྱི་བྱ་རྒྱུད་རང་ལུགས་མ་ཡིན་ནོ། །གང་ལྟར་རྒྱུད་སྡེ་འདི་སྒྲུབ་པ་ལ། དྲག་པོའི་ལས་ཀྱི་སྐབས་


LT08,P018B
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་དང༌། ཁྲོ་བོ་འཆོལ་པ་སྟོབས་པོ་ཆེ་སྒྲུབ་པ་ལ་སོགས་པ་དམིགས་བསལ་ཅན་རྣམས་མ་གཏོགས་ཁྲུས་དང་གཙང་སྦྲ་དང་སྨྱུང་གནས་ལ་སོགས་པའི་དཀའ་ཐུབ་དང༌། མཆོད་རྫས་ཀྱང་སྲོག་ཆགས་ཀྱི་ལུས་དང་མ་འདྲེས་པ་གཙང་མ་ཁོ་ན་དགོས་པར་བཞེད་ཅིང༌། བསྙེན་པ་དང་སྒྲུབ་པའི་དུས་ཚངས་སྤྱོད་དགེ་བསྙེན་ཡན་ཆོད་ཀྱི་སྤྱོད་པ་ལ་བརྟེན་དགོས་པ་དང༌། རྒྱུད་ཀྱི་ནང་སེལ་རེ་རེ་ཙམ་ལས་མདུན་བསྐྱེད་ལྷ་ཕོ་མོ་ཕན་ཚུན་གཟིགས་པ་ལ་སྒྲུབ་པ་པོ་རང་ཉིད་ཕར་ལྟ་བའི་ཆགས་ལམ་ཙམ་མོ། །གསུམ་པ་སྒྲུབ་པའི་སྤྱོད་པ་ནི། རྫས་ལུས་ལོངས་སྤྱོད་འདོད་དང་སྐལ་མཉམ་བསྒྲུབ། །བསྙེན་པའི་རྣལ་འབྱོར་གྱིས་ལྷ་ཉེ་བའི་མཚན་མ་མཐོང་བ་ནས་སྒྲུབ་པ་ལ་འཇུག་སྟེ། དེའི་ངོ་བོ་ཡང་རྫས་དང་ལུས་དང་ལོངས་སྤྱོད་རྣམས་འདོད་ལྷ་རྣམས་དང་སྐལ་མཉམ་གྱི་རིག་འཛིན་ནམ་མཁའ་སྤྱོད་དུ་སྒྲུབ་པའོ། །དེའི་རྫས་ནི་རལ་གྲི་དང་མིག་སྨན་ལ་སོགས་པ་ལ་བརྟེན་ནས་མཁའ་སྤྱོད་དུ་འགྲོ་བ་དང༌། ལུས་ནི་ཕུང་པོ་སོགས་ཀྱི་ལུས་རགས་པ་སྦྱངས་ནས་ཕྲ་བ་དང་ཡང་བ་སོགས་ཀྱི་དབང་ཕྱུག་གི་ཡོན་ཏན་བརྒྱད་མངོན་ཏུ་བྱས་ཏེ་མཁའ་སྤྱོད་དུ་འགྲོ་བ་དང༌། ལོངས་སྤྱོད་ནི་མིའི་ལོངས་སྤྱོད་འཁོར་ལོས་སྒྱུར་བ་ལྟ་བུ་ནས་མཁའ་སྤྱོད་དུ་འདོད་ལྷ་རྣམས་དང་མཚུངས་པའི་ལོངས་སྤྱོད་དུ་འགྲོ་བའི་བར་རོ། །བཞི་པ་གྲུབ་པའི་སྤྱོད་པ་ནི། གྲུབ་པའི་སྤྱོད་པ་གནས་སྐབས་མཐར་ཐུག་སྤྱད། །གྲུབ་པའི་སྤྱོད་པ་ལ་གནས་སྐབས་དང་མཐར་ཐུག་ཏུ་སྤྱད་པར་བྱ་བའི་དབྱེ་བས་གཉིས། དང་པོ། ཐུན་མོང་རྫས་ལུས་ལོངས་སྤྱོད་ཀྱི་མཁའ་སྤྱོད་ལ་བརྟེན་ནས་རང་དང་གཞན་གྱི་དོན་ཡིད་ལ་གང་བརྣགས་པ་དཀའ་བ་མེད་པར་འགྲུབ་པའོ། །ཐུན་མོང་མིན་པ་ཐེག་ཆེན་སེམས་བསྐྱེད་དང་མི་ལྡན་པར་སྔགས་ཀྱི་སྤྱོད་པ་སྤྱད་པས་ཉན་རང་གི་འབྲས་བུ་འགྲུབ་པའོ། །གཉིས་པ་མཐར་ཐུག་ནི། རིག་འཛིན་ནམ་མཁའ་


LT08,P019A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཀྱི་རྟེན་དེ་ལ་བརྟེན་ནས་སྔགས་ལ་བརྟེན་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྤྱད་པས། རྒྱུད་སྡེ་འདིར་འབྱུང་བའི་སྐུ་གསུམ་གྱི་མཚན་ཉིད་ཅན་གྱི་བྱང་ཆུབ་མངོན་དུ་བྱེད་པའོ། །དྲུག་པ་དངོས་གྲུབ་ཇི་ལྟར་སྒྲུབ་པ་ནི། དངོས་གྲུབ་རྣམ་གསུམ་ཚུལ་བཞིན་བསྒྲུབས་པ་ལས། །དེ་ལ་བསྒྲུབ་བྱའི་དངོས་གྲུབ་ནི་ལུགས་འདིར་གཙོ་བོར་བསྡུས་ན་རྣམ་པ་གསུམ་དུ་འདུས་པར་བཤད་དེ། ངོ་བོའི་སྒོ་ནས་དབྱེ་ན། རབ་རིག་འཛིན་དང་མངོན་ཤེས་དང་བསྟན་བཅོས་ཀུན་ཤེས་པ་སོགས་སོ། །འབྲིང་མི་སྣང་བ་དང་བཅུད་ལེན་དང་རྐང་མགྱོགས་སོགས་སོ། །ཐ་མ་གཞན་དབང་དུ་འདུ་བ་དང་བསད་བསྐྲད་སོགས་སམ། ཡང་ན་གོང་སྨོས་རྫས་ལུས་ལོངས་སྤྱོད་གསུམ་མོ། །རིགས་ཀྱིས་དབྱེ་ན། གཤེགས་རིགས་ཀྱི་དངོས་གྲུབ་ཞི་བ། པདྨའི་རིགས་ཀྱི་རྒྱས་པ། རྡོ་རྗེའི་རིགས་ཀྱི་དྲག་ཤུལ་ལོ། །ལྷའི་སྒོ་ནས་རང་རང་གི་རིགས་ཀྱི་བདག་པོས་ཞི་བ། རིགས་ཀྱི་ཡུམ་གྱིས་རྒྱས་པ། རིགས་ཀྱི་ཁྲོ་བོས་དྲག་ཤུལ་གྱི་དངོས་གྲུབ་བོ། །རྟགས་ཀྱི་སྒོ་ནས་རྫས་འབར་བ་དང༌། དུ་བ་འཐུལ་བ་དང༌། དྲོ་བ་གསུམ་མོ། །གསུང་བ་པོའི་སྒོ་ནས་འཕགས་པ་དང༌། ལྷ་དང༌། ས་བླ་བའི་སྔགས་གསུམ་མོ། །འདི་དག་ལ་དངོས་གྲུབ་སྟེར་བ་པོ་མཆོག་ཡིན་ཀྱང་སྒྲུབ་པ་པོས་ལེགས་པར་མ་འབད་པའི་བསྙེན་པ་ལས་དངོས་གྲུབ་ཐ་མ་སྩོལ་བའང་ཡོད་ལ། ལེགས་པར་བསྙེན་ན་ནི་ཐ་མས་ཀྱང་གཞན་ལས་བླངས་ནས་དངོས་གྲུབ་མཆོག་སྟེར་བའང་ཡོད་པར་གྲགས་སོ། །དེ་དག་ཇི་ལྟར་སྒྲུབ་ན། ཚུལ་བཞིན་བསྒྲུབས་པ་ལས་ཞེས་པས་བསྟན་ཏེ། ཐོག་མར་འགྲུབ་མི་འགྲུབ་ཀྱི་ལྟས་བརྟགས་པས་འགྲུབ་པའི་མཚན་མ་མཐོང་ན། སྦྱིན་སྲེག་གིས་སྒྲུབ་པ་དང་སྔགས་ཀྱི་བཟླས་སྒོམ་ཙམ་བྱས་ཏེ་སྒྲུབ་པ་སོགས་མང་དུ་གསུངས་པ་གང་ཡིན་པ་དེ་རྣམས་བྱ་སྟེ། དུས་གསུམ་


LT08,P019B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཆོད་པ་དང་བཤགས་པ་དང་རྗེས་སུ་ཡི་རང་དང་སྨོན་ལམ་གདབ་པ་དང་ཤེར་ཕྱིན་གྱི་གླེགས་བམ་བཀླག་པ་དང་མཎྜལ་བྱ་བ་དང་སྡོམ་པ་བཟུང་བ་དང་བསྲུང་བ་བྱ་བ་རྣམས་གོས་ལན་གསུམ་དུ་བརྗེས་ནས་བྱའོ། །དེ་དག་གི་སྐབས་སུ་མདུན་ཏུ་ལྷ་སྤྱན་དྲངས་པས་མི་ཆོག་པར་གསར་དུ་བསྐྱེད་ཅིང་ཡན་ལག་བཞིའི་བཟླས་བརྗོད་དང་པོ་གཉིས་གང་རིགས་བྱས་པས། གཟུགས་སྐུ་མཆོད་རྟེན་སོགས་ལས་འོད་འཕྲོ་བ་དང༌། བཀྲེས་པ་ཆུང་བ་སོགས་བྱུང་ན་བཟླས་སྒོམ་གནད་དུ་སོང་བ་དང་ལྷ་མངོན་དུ་ཕྱོགས་པའི་རྟགས་སུ་གསུངས་ཤིང༌། དེའི་སྐབས་སུ་བསམ་གཏན་ཕྱི་མ་ལས་གསུངས་པའི་སྒྲུབ་པའི་སྐྱོན་རྣམས་སྤངས་ཏེ་བརྩོན་འགྲུས་ཀྱིས་བསྒྲུབས་པས་གྲུབ་པའི་འབྲས་བུ་མངོན་དུ་བྱེད་པར་འགྱུར་རོ། །བདུན་པ་ལམ་འབྲས་བུའི་རིམ་པ་ནི། དབང་རྣོན་བསྐལ་པ་བརྒྱད་ཀྱི་ཡུན་ལ་སོགས། །མཐར་ཕྱིན་རྟེན་དེར་རིགས་གསུམ་གོ་འཕང་འཐོབ། །གྲུབ་པའི་དུས་ནི་དབང་རྣོན་བསྐལ་པ་བརྒྱད་ཀྱིས་ཐོབ་པར་བཞེད་པ་ནི་སྤྱིར་བཏང་ཡིན་ལ། སོགས་ཁོངས་ནས། འཇམ་དཔལ་རྩ་རྒྱུད་ནས་དབང་པོ་རབ་སྐྱེ་བ་གཅིག་དང༌། འབྲིང་རྡོ་རྗེ་རྩེ་མོ་ལས་སྐྱེ་བ་བཅུ་དྲུག་གིས་འབྲས་བུ་མཐར་ཕྱིན་པར་བཤད་པ་དང༌། ཐ་མ་རང་བྱུང་ཞབས་ཀྱིས། བྱ་སྤྱོད་ཚུལ་གྱི་ཐབས་མཁས་ཙམ། །ལྡན་ཡང་མི་ཚེ་བཅུ་དྲུག་སྟེ། །ཞེས་པ་ལྟར་ལོ་དྲུག་སྟོང་གིས་ས་དང་ལམ་གྱི་རིམ་པ་མཐར་ཕྱིན་ནས་སྒྲུབ་བྱེད་དང་མཐུན་པར་རིགས་གསུམ་གང་ཡང་རུང་བའི་བྱང་ཆུབ་ཀྱི་གོ་འཕང་འཐོབ་པར་འགྱུར་རོ། །སྤྱིར་བྱ་རྒྱུད་ཀྱི་ལམ་བསྒོམས་པས་ཚོགས་ལམ་ཆེན་པོའི་བར་བགྲོད་ནས་སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང་སྟེ་འདོད་གཟུགས་གང་རུང་གི་རིག་པ་འཛིན་པར་གནས་འགྱུར། དེའི་ཐོག་ནས་ལམ་ལྷག་མ་བགྲོད་དེ་ཟུང་འཇུག་མངོན་དུ་བྱེད་པར་གསུངས་ཤིང༌། ཟུང་འཇུག་


LT08,P020A
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྦྱོར་བའི་སྐབས་ངེས་པར་བླ་མེད་ལ་ལྟོས་དགོས་པས་བྱ་རྒྱུད་ཁོ་ནའི་ལམ་གྱིས་མཐར་ཕྱིན་པར་བཤད་པ་ནི་དྲང་བའི་དོན་དུ་བཞེད་དོ། །གཉིས་པ་སྤྱོད་པའི་རྒྱུད་ཀྱི་རྣམ་པར་གཞག་པ་ལ་བདུན། སྒྲ་དོན་དང་ངོ་བོ། །རྣམ་པར་དབྱེ་བ། འཇུག་སྒོའི་དབང༌། བསྲུང་བྱའི་དམ་སྡོམ། ལམ་མངོན་རྟོགས། བསྒྲུབ་བྱའི་དངོས་གྲུབ། ས་ལམ་འབྲས་བུའི་རིམ་པའོ། །དང་པོ་ནི། བྱ་བ་ཏིང་འཛིན་ཆ་མཉམ་སྤྱོད་པའི་རྒྱུད། །ཕྱི་ལུས་ངག་གི་བྱ་བ་དང་ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པའམ་བརྟུལ་ཞུགས་ཀྱི་སྤྱོད་པ་གཙོར་བཏོན་པས་གཉིས་ཀའི་རྒྱུད་དམ་སྤྱོད་པའི་རྒྱུད་ཅེས་བྱ་ཞིང༌། རྒྱུད་དེའི་ངོ་བོ་ནི། ཀུན་བཏུས་ལས། ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་སྤྱད་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ། །ཞེས་གསུངས་པ་ལྟར་ཡིན་ལ་དེ་ཡང་དཀྲོལ་ན་ཕྱི་ལུས་ངག་གི་ཆོ་གས་ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ལས་གསུངས་པའི་ཕྱག་རྒྱ་དང་དམིགས་པའི་མཚན་ཉིད་སོགས་རབ་ཏུ་སྤྱད་པ་སྟེ་ཉམས་སུ་བླངས་པས་རྒྱུད་དེ་ཉིད་དང་མཐུན་པར་བསྒྲུབ་པར་བྱ་བ་དང༌། ནང་སེམས་ཀྱི་ཏིང་ངེ་འཛིན་རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་སྒྲུབ་པར་བྱེད་པ་ནི་ལྷ་གྲོགས་པོ་ལྟ་བུའི་ཚུལ་དུ་སྒྲུབ་པ་སྤྱོད་པའི་རྒྱུད་ལ་བཞུགས་པ་སྟེ་གནས་སོ་ཞེས་པའོ། །གཉིས་པ་རྣམ་པར་དབྱེ་བ་ནི། རིགས་གསུམ། །ཞེས་པ་སྟེ། སྐུ་དང༌། གསུང་དང༌། ཐུགས་ཀྱི་རིགས་གསུམ་དུ་དབྱེར་ཡོད་ཅིང༌། དེ་ལ་སྐུའི་རིགས་ནི་རིགས་གསུམ་གྱི་གཙོ་བོ་ཡིན་ལ། དེའི་ལྷའི་རིགས་ནི་རིམ་བཞིན་བྱ་རྒྱུད་ཀྱི་འཇིག་རྟེན་ལས་འདས་པའི་རིགས་གསུམ་དང་མཚུངས་པ་དང༌། རིགས་ལྔར་ཕྱེས་ཀྱང་མི་འགལ་བར་གསུངས་སོ། །


LT08,P020B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འཇུག་སྒོ་དབང་ནི། ཕྱི་འཇུག་ཆུ་སོགས་དབང་ལྔ་ནོད། །ཅེས་པ་སྟེ། དེའང་སྤྱོད་རྒྱུད་ལ་འཇུག་སྤྱོད། སྒྲུབ་སྤྱོད། གྲུབ་སྤྱོད་གསུམ་གྱིས་བསྡུ། འཇུག་སྤྱོད་ལ་ཕྱི་འཇུག་ནང་འཇུག་གཉིས། ཕྱི་འཇུག་ལ་དབང་དང་དམ་ཚིག་གཉིས་སུ་ཡོད་པའི་དང་པོ་དབང་ནི། ཡེ་ཤེས་ཐིག་ལེ་ལས། བྱ་རྒྱུད་ཀྱི་དབང་གཉིས་ཀྱི་སྟེང་དུ། རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཞེས་གསུངས་པའི་དགོངས་པ་སྤྱོད་རྒྱུད་ལ་ཆུ་ཅོད་པན་རྡོར་དྲིལ་མིང་དབང་ལྔ་ཡོད་པར་གྲགས་ལ། དེའང་རྣམ་སྣང་མངོན་བྱང་ལས་ཆུ་དབང་དང་ཐུར་མ་དང་མེ་ལོང་དང་ཆོས་བཤད་པའི་རྗེས་གནང་ཙམ་ཞིག་ལས་མ་གསུངས་ཤིང༌། དེའི་འགྲེལ་པར་ཡང་དབུ་རྒྱན་སོགས་ཀྱི་དབང་གསལ་བར་མ་གསུངས་མོད། ཕྱག་རྡོར་དབང་བསྐུར་ལས་ནི་དབང་ལྔ་གསལ་བར་བསྟན་ཅིང༌། གཞན་འགའ་ཞིག་ལས་ཀྱང་དེ་མཚུངས་འབྱུང་བས། ལུགས་འདིར་ཆུ་སོགས་དབང་ལྔ་ནོད་པས་རང་ལུགས་སློབ་དཔོན་གྱི་དབང་ཐོབ་པ་སྟེ། དེའང་རྣམ་སྣང་མངོན་བྱང་ལ་དཔེར་མཚོན་ན། བུམ་དབང་དང་པོས་ངན་སོང་དྲི་མ་སྦྱོང༌། གཉིས་པས་འཁོར་བའི་ས་བོན་བཀྲུ། གསུམ་པས་ས་དང་པོ་ནས་བཅུ་པའི་བར་གྱི་ཚོགས་གཉིས་ས་བོན་སྐྲུན། བཞི་པས་རྒྱལ་ཚབ་ཀྱི་ས་བོན་བཞག །དབུ་རྒྱན་གྱིས་སྐུ་མཚན་དཔེ། དྲིལ་བུས་གསུང་དབྱངས་ཡན་ལག་དྲུག་ཅུ། རྡོ་རྗེས་ཐུགས་ཇི་ལྟ་ཇི་སྙེད། མིང་དབང་གིས་མཚན་ཁམས་གསུམ་ཁྱབ་པའི་ས་བོན་བཞག་ཅིང༌། མིག་ཐུར་མེ་ལོང་ཆོས་བཤད་རྗེས་གནང་སོགས་ཀྱིས་གཞན་དོན་ཕྲིན་ལས་རྗེས་སུ་གནང་བ་སྟེ་རིག་དབང་ལྔ་རྒྱུད་སྡེ་གོང་མ་དང་མིང་འདྲ་ཡང་དོན་ཐ་དད་པ་ཡིན་ནོ། །འདི་ལ་སྤྲོས་བཅས་དང་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། སྤྲོས་


LT08,P021A
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལའང་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་ནང་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྣམས་སུ་དབྱེར་ཡོད་པར་རྣམ་སྣང་མངོན་བྱང་ལས་གསུངས་ལ། དེའང་བསྡུ་ན་སྤྲོས་བཅས་སྤྲོས་མེད་དམ་ཕྱི་ནང་གི་དབང་གཉིས་སུ་འདུའོ། །བཞི་པ་བསྲུང་བྱ་དམ་ཚིག་དང་སྡོམ་པ་ནི། དུས་གསུམ་སྒྲིབ་པ་མེད་པའི་སྡོམ་སོགས་བཟུང༌། །འདི་ལ་དམ་ཚིག་དང་སྡོམ་པ་ཇི་ལྟར་འཛིན་ན། རྣམ་བྱང་མངོན་བྱང་ལས་འཛིན་མཚམས་གསུམ་གསུངས་ཏེ། སྟ་གོན་གྱི་དུས་དང༌། དཀྱིལ་འཁོར་དུ་འཇུག་པའི་དུས་དང༌། དབང་བསྐུར་བ་ཐོབ་པའི་རྗེས་སུ་ཁས་བླངས་པའི་ཚུལ་གྱིས་འཛིན་པ་རྣམས་ལས། དང་པོ་དུས་གསུམ་སྒྲིབ་པ་མེད་པའི་སྡོམ་པ་ནི། བདག་གི་ལུས་ཕུལ་བས་ཀུན་རྫོབ་བྱང་སེམས་སྡོམ་པའི་ངོ་བོ་ཉིད་དུ་གཟུང་བར་འགྱུར་ཚུལ་སྔར་བྱ་རྒྱུད་ཀྱི་སྐབས་སུ་བཤད་པ་ལྟར་ཡིན་ལ། གཉིས་པ་དོན་དམ་བྱང་སེམས་ཆོ་ག་བཞིན་དུ་བསྐྱེད་ལ་ཆོས་ཀྱི་དབྱིངས་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ཏེ་སྟོང་པ་ཉིད་དྲན་པར་བྱེད་པ་དང༌། ཆོས་ཀྱི་འཁོར་ལོའི་སྔགས་རྒྱས་བྱིན་གྱིས་བརླབས་པའི་སྟོང་ཉིད་དེའི་སྣང་ཆ་རང་རྡོ་རྗེ་སེམས་དཔའི་གཟུགས་སུ་བསམ་པ་དེ་ཟབ་པ་དང་རྒྱ་ཆེ་བའམ་མཚན་མེད་དང་མཚན་བཅས་ཀྱི་ཐམས་ཆས ¿ ཐབས་ཆོས ¿ ་ཁྱད་པར་དུ་བྱས་པའོ། །གསུམ་པ་དབང་བསྐུར་བ་ཐོབ་ནས་སློབ་དཔོན་གྱི་རྗེས་སུ་ཟློས་པ་ཁས་བླངས་པའི་བསམ་པས། དམ་པའི་ཆོས་མི་སྤོང་བ་སོགས་རང་ལུགས་ཀྱི་རྩ་ལྟུང་ཡན་ལག་བཅས་བསྲུང་བར་འཛིན་པའོ། །ལྔ་པ་ལམ་མངོན་རྟོགས་ཀྱི་རིམ་པ་ལ་གསུམ། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། སྒྲུབ་པའི་སྤྱོད་པའོ། །དང་པོ་ལ་གཉིས། ཕྱི་འཇུག་དང་ནང་འཇུག་གོ །དང་པོ་ཕྱི་འཇུག་ནི་བཤད་ཟིན། གཉིས་པ་ལ་གཉིས། མཚན་


LT08,P021B
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དང་མཚན་མེད་དོ། །དང་པོ་ནི། ནང་འཇུག་མཚན་བཅས་ལྷ་དྲུག་ཚུལ་གྱིས་ཏེ། །ཡི་གེ་བཞི་གཉིས་བསྒོམ་བཟླས་སྤུན་གྲོགས་ལྟར། །ནང་གི་འཇུག་སྤྱོད་མཚན་བཅས་མཚན་མེད་གཉིས་ལ་བོད་ཀྱི་སློབ་དཔོན་རྣམས་ངོས་འཛིན་ཚུལ་དང་བཞེད་པ་མི་འདྲ་བ་འགའ་ཞིག་མཆིས་པ་ལས། རྗེ་བཙུན་སྒྲོལ་མགོན་ཞབས་ཀྱི་བཞེད་པ་ལྟར་ན་མཚན་བཅས་བདག་མདུན་ལྷ་དྲུག་གི་རྣལ་འབྱོར་བསྒོམ་པ་སྟེ། དེའང་ཇི་སྐད་དུ། རྒྱུད་ལས། དང་པོར་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེའི་གདན་ལ་འདུག་ནས་ནི། །མཆོད་དང་གསོལ་བ་ལྷ་དྲུག་བསྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང༌། །ཕྱག་རྒྱ་མཚན་མ་དྲུག་ཏུ་འདོད། །ཅེས་འབྱུང་བ་ལྟར། ཕྱི་ནང་གི་ཁྲུས་སྔོན་དུ་འགྲོ་བའི་སྲུང་འཁོར་བསྒོམ་པ་དང༌། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཏེ་ཕྱག་རྒྱས་བཏབ་ནས་མཆོད་པ་འབུལ་ཞིང་གསོལ་བ་བཏབ། དེ་རྗེས་གནས་ལུགས་ཀྱི་དོན་བསྒོམ་པ་སྟོང་པའི་ལྷ། དེའི་རྗེས་ནས་སྔགས་ཀྱི་ཡིག་འབྲུ་དང་ས་བོན་བསྒོམ་པ་ཡི་གེའི་ལྷ། སྔགས་ཀྱི་སྒྲ་དང་བཅས་པའི་འོད་ཟེར་སྤྲོ་བསྡུ་བསྒོམ་པ་སྒྲའི་ལྷ། ལྷའི་སྐུ་གཟུགས་བསྒོམ་པ་གཟུགས་ཀྱི་ལྷ། ཐུགས་ཀར་ཕྱག་མཚན་སོགས་བསྒོམ་པ་ཕྱག་རྒྱའི་ལྷ། རང་ལུས་ལ་སྔགས་ཀྱི་བྱིན་གྱིས་བརླབས་པས་ལྷ་སྐུར་བསྒོམ་པ་མཚན་མའི་ལྷ་ཞེས་ལྷ་དྲུག་གི་ཚུལ་གྱིས་བསྒོམ་པ་ནི་སྤྱི་དང༌། ཁྱད་པར་རྣམ་སྣང་མངོན་བྱང་ལས། བསྒོམ་པར་བྱ་བའི་ལྷ་ལ་ཡི་གེ་དང་ཕྱག་རྒྱ་དང་གཟུགས་ཀྱི་ལྷ་གསུམ་དུ་གསུངས་ཤིང་དེ་རེ་རེ་ལའང་གཉིས་གཉིས་ཏེ། ཡི་གེ་ལ་བྱང་ཆུབ་སེམས་ཀྱི་ལྷ་དང་སྒྲའི་ལྷ་གཉིས། ཕྱག་རྒྱ་ལ་འཁོར་ལོ་སོགས་གཟུགས་དབྱིབས་སུ་བྱས་པ་དང་ཆོས་འབྱུང་ཐལ་ཁས་མཚོན་པའི་སྟོང་པ་ཉིད་གཟུགས་དབྱིབས་མེད་པ་གཉིས། གཟུགས་ལ་ཡོངས་སུ་དག་པ་དང་ཡོངས་སུ་


LT08,P022A
[མ་དཔེ་གཟིགས་ན་འདིར་གནོན།]

མ་དག་པ་གཉིས་སོ། །ཡོངས་སུ་དག་པ་ནི་མཚན་མའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བར་རྟོགས་པའི་ངོ་བོ་ཉིད་དེ་བདེ་གཤེགས་སྙིང་པོ་སོ་སོ་རང་རིག་གིས་མངོན་སུམ་དུ་མཐོང་བ་དང༌། མ་དག་པ་ནི་རྣམ་པར་རྟོག་པས་ཁ་དོག་ཞལ་ཕྱག་སོགས་ཀྱི་གཟུགས་སུ་སྒོམ་པའོ། །དེ་ལྟར་ཤེས་པར་བྱས་ནས་མཚན་བཅས་ཀྱི་རྣལ་འབྱོར་བསྒོམ་པའི་རིམ་པ་ནི། བདག་དང་གནས་དང་རྣལ་འབྱོར་སྲུང་བ་སྔོན་དུ་འགྲོ་བས་ཡི་གེ་དང་པོ་དོན་དམ་བྱང་ཆུབ་སེམས་ཀྱི་ངང་ལས་ཀུན་རྫོབ་ཏུ་དེའི་སྣང་ཆ་ཟླ་བའི་དཀྱིལ་འཁོར་དུ་སྒོམ་པ། ཡི་གེ་གཉིས་པ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་གྲགས་པར་བསམ་པ། གཞི་དང་པོ་དེ་ཐམས་ཅད་ཡོངས་སུ་དག་པའི་རང་བཞིན་བདག་ཉིད་ལྷར་བསྒོམ་ལ་སྔགས་རྒྱ་སོགས་ཀྱི་བྱིན་གྱིས་རློབ་པ། གཞི་གཉིས་པ་མེ་ལོང་ལ་གཟུགས་བརྙན་གྱི་ཚུལ་དུ་དེ་ལས་ཤར་བའི་གཟུགས་བརྙན་མདུན་དུ་ལྷ་བསྒོམས་ལ། དེའི་ཐུགས་ཀར་ཟླ་བ་ལ་སྔགས་བལྟས་ཏེ་སྲོག་བསྡོམ་ཞིང་རྩེ་གཅིག་པའི་སྦྱོར་བས་གསལ་སྣང་ཐོབ་ཀྱི་བར་དུ་སློབ་ཅིང་ཡིད་ཀྱིས་བཟླས་པ་དང༌། ལྷ་དང་བདག་སྤུན་ནམ་གྲོགས་པོའི་ཚུལ་ཙམ་དུ་ལྟ་བའོ། །ངོར་ཆེན་རྡོ་རྗེ་འཆང་སོགས་ཀྱིས་རྣམ་སྣང་མངོན་བྱང་ལ་མཚོན་ན་མཚན་བཅས་སྒྲུབ་ཐབས་ལྟར་ཕྱི་དཀྱིལ་ལ་བརྟེན་གཟུགས་བརྙན་གྱི་དཀྱིལ་འཁོར་སྲོག་དང་བཅས་ས་གཞིར་བསྐྱེད། དོན་དམ་གྱི་དཀྱིལ་འཁོར་ནམ་མཁར་བསམ་པ་སོགས་དང༌། མཚན་མེད་ལ་དངོས་བཏགས་གཉིས་ལས་དངོས་ནི་སྟོང་པ་སྤྲོས་བྲལ་དང་སྙིང་རྗེ་ཟུང་འཇུག་ལ་བསླབ་པ། བཏགས་པ་བ་ཡི་གེ་གཉིས། གཞི་གཉིས་ཀྱིས་ལྷ་བསྐྱེད། སྲོག་རྩོལ་བསྡམས་ནས་ཡིད་བཟླས་བྱ་བ་སོགས་ཀྱི་རྣམ་གཞག་མཛད་དོ། །གཉིས་པ་ནི། མཚན་མེད་འཇུག་གནས་ལྡང་བའི་སེམས་དང་སྦྱར། །མཚན་མེད་ཀྱི་རྣལ་འབྱོར་ཐུན་མོང་བ་སྙིང་གར་ཕྱག་


LT08,P022B
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་ཡིག་འབྲུ་བསྒོམ་པ་དང༌། རླུང་སྲོག་རྩོལ་དགག་པ་དང༌། ལྷ་ཕོ་མོ་དགོད་པའི་འདོད་ཆགས་ལམ་དུ་བྱེད་པ་སོགས་ཡིན་ལ། ཁྱད་པར་ཕུང་སོགས་ཐམས་ཅད་ལ་མཐའ་བཞིས་དཔྱད་པས་སྐྱེ་མེད་དུ་རྟོགས་པ་འཇུག་པའི་སེམས་སྐྱེ་མེད་རྣམ་པར་མི་རྟོག་པའི་ངོ་བོར་མངོན་སུམ་དུ་རྟོགས་པ་གནས་པའི་སེམས། དེ་ལྟར་མ་རྟོགས་ཏེ་སྡུག་བསྔལ་བའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྗེས་སུ་འཇུག་པ་ལྡང་བའི་སེམས་ཏེ། ངོ་བོ་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཉིད་འཇུག་གནས་ལྡང་བའི་སེམས་གསུམ་དང་སྦྱར་ཏེ་རྣལ་འབྱོར་དུ་བྱའོ། །དེ་ལྟར་རྣལ་འབྱོར་གཉིས་ལ་གོམས་པར་བྱས་པ་ལས་འབྲས་བུའི་དངོས་གྲུབ་ཀྱང་རྣམ་པ་གཉིས་འཐོབ་སྟེ། དང་པོས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་དང༌། ཕྱི་མས་ནི་གཉིས་ཀ་འགྲུབ་བོ། །དེ་ལྟར་ཡང༌། རྣམ་སྣང་མངོན་བྱང་ལས། མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་སྒྲུབ་ཏུ་རུང༌། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་ལ་བསྟེན་པར་བྱ། །ཞེས་གསུངས་སོ། །གཉིས་པ་སྦྱོར་བའི་སྤྱོད་པ་ནི། སྦྱོར་སྤྱོད་མཚན་བཅས་མཚན་མེད་ལེགས་འབྱོངས་ནས། ཐུན་མོང་བ་སྦྱོར་བའི་སྤྱོད་པ་ལའང་མཚན་བཅས་དང་མཚན་མེད་གཉིས་ཡོད་པའོ། དང་པོ་ལ་ཕྱིའི་མཚན་བཅས་བཟླས་བརྗོད་ཡན་ལག་བཞི་དང་ལྡན་པའི་སྒོ་ནས་སྲོག་རྩོལ་བསྡམས་ཏེ་གྲངས་ཀྱི་བསྙེན་པ་འབུམ་ཕྲག་ལ་སོགས་པ་ཚད་དུ་ཕྱིན་པ་དེ་སྲིད་དུ་ལྷ་བསྙེན་པའོ། །ནང་གི་མཚན་བཅས་རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་རྣམ་སྣང་བསྐྱེད། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་སྔགས་བཀོད་ལ་སྲོག་བསྡམས་ཤིང་བཟླས་བརྗོད་བྱེད་པའོ། །མཚན་མེད་ནི་ལྷའི་སྐུ་དང་བདག་ཉིད་གཉིས་སུ་མེད་པའི་ཁ་དོག་


LT08,P023A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ངོ་བོ་ཉིད་ཀུན་བརྟགས་པར་སྣང་བ་ལ་རྡུལ་ཕྲ་རབ་ཏུ་བཤིགས་ནས་ལེགས་པར་བརྟགས་པས། ཇི་ལྟར་རྟོགས་པ་བཞིན་སེམས་རང་རིག་པ་ཙམ་རང་ཉིད་ལྷའི་གཟུགས་ཀྱི་སྐུ་དང་བྲལ་བ་སྣང་བ་མེད་པ་མངོན་དུ་བྱས་ནས་ཅི་རིགས་པར་ཡིད་ཀྱིས་བཟླས་པ་བྱེད་པ་སྟེ། འདི་མཁས་པ་འགའ་ཞིག་གི་བཤད་སྲོལ་ལྟར་ཡིན་གྱི་དོན་དུ་གོང་སྨོས་མཚན་མེད་རྣལ་འབྱོར་གྱི་ཁོང་དུ་གཏོགས་པས་འདིའི་དབྱེ་བ་ཟུར་དུ་མི་མཛད་པ་མང་ངོ༌། །གསུམ་པ་གྲུབ་པའི་སྤྱོད་པ་ནི། གྲུབ་སྤྱོད་ཕྱི་ནང་ཐུན་མོང་ཐུན་མིན་གྱིས། །འདོད་གཟུགས་རིག་འཛིན་སོགས་བསྒྲུབ། །ཅེས་པ་སྟེ། བསྙེན་པ་མཐར་ཕྱིན་ནས་སྒྲུབ་པའི་སྤྱོད་པ་ཕྱི་ནང་གི་དཀྱིལ་འཁོར་ལ་བརྟེན་ཏེ་ཐུན་མོང་དང་ཐུན་མོང་མིན་པའི་དངོས་གྲུབ་བསྒྲུབ་པ་སྟེ། དེའང་ཐུན་མོང་ཕྱིའི་དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་བྲིས་ཏེ་རལ་གྲི་ལ་སོགས་པ་བླངས་ནས་བཟླས་བརྗོད་བྱས་པས། རྫས་དེ་འབར་བ་དང་ལག་ཏུ་བླངས་པས་རིག་འཛིན་ལ་སོགས་པ་འགྲུབ་པའོ། །ཐུན་མོང་མིན་པ་ནང་འབྱུང་བ་བཞིའི་དཀྱིལ་འཁོར་ལ་བརྟེན་ནས་རླུང་གི་སྦྱོར་བ་གོམས་པ་ལས། ནང་གི་དངོས་གྲུབ་སེམས་ཙམ་ལ་རགས་ལས་པ་རྫུ་འཕྲུལ་ལ་སོགས་པའི་མངོན་པར་ཤེས་པ་ལྔ་བསྒྲུབས་ཏེ། རིག་པ་འཛིན་པའི་ངང་དུ་སོང་བ་ལས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་འཁོར་དང་བཅས་པ་རྣམས་ཡིན་ལ། རྒྱུད་འདིར་འོག་མིན་གྱི་མཐར་ཐུག་པའི་འདོད་གཟུགས་ཀྱི་ལྷ་རྣམས་དང་སྐལ་མཉམ་གྱི་རིག་འཛིན་དུ་རྫས་ལ་བརྟེན་ནས་དང༌། ཕུང་སོགས་རགས་པ་སྦྱངས་ཏེ་ཕྲ་བ་སོགས་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པའི་ལུས་སུ་གྱུར་ནས་དང༌། བར་དོའི་རྟེན་ལས་དང༌། སྐྱེ་གནས་གཞན་ལ་མྱོང་འགྱུར་ཚུལ་གྱིས་མཆོག་གི་གོ་འཕང་གྲུབ་པ་རྣམས་ཡོད་པར་གསུངས་སོ། །དྲུག་


LT08,P023B
[མ་དཔེ་གཟིགས་ན་འདིར་གནོན།]

པ་དངོས་གྲུབ་ཇི་ལྟར་སྒྲུབ་པ་ནི། བཤད་མ་ཐག་པའི་ཁོང་དུ་འདུས་པས་ཟུར་དུ་མ་སྤྲོས་ལ། འདིར་ཇོ་ནང་རྗེ་བཙུན་གྱིས་སྤྱོད་པ་བཞིར་བཞེད་དེ། འཇུག་པའི་སྤྱོད་པ་དབང་དང་དམ་ཚིག །རྣལ་འབྱོར་པའི་སྤྱོད་པ་རྣལ་འབྱོར་གཉིས་ལ་བརྟེན་ནས་བསྙེན་པ་བྱེད་པ། སྒྲུབ་པའི་སྤྱོད་པ་རྣལ་འབྱོར་པ་དམིགས་པ་ལ་བརྟན་པ་ཐོབ་ནས་བྲིས་སྐུའམ་དཀྱིལ་འཁོར་བཞེངས་པ་ལ་མཆོད་ཅིང་བསྒྲུབས་པས་དངོས་སམ་རྨི་ལམ་དུ་ལྷའི་སྣང་བ་འབྱུང་བ། སྒྲུབ་པ་ཆེན་པོའི་སྤྱོད་པ་སོ་སོའི་རྒྱུད་ལས་འབྱུང་བ་ལྟར་ལས་ཚོགས་དང་དངོས་གྲུབ་བསྒྲུབ་པ་རྣམས་སོ། །འདི་དག་ཏུ་སྤྱོད་པ་གཙང་སྦྲ་ལ་གནས་དགོས་ཀྱང་དམིགས་བསལ་མ་གཏོགས་དཀའ་ཐུབ་དཀའ་སྤྱད་མི་དགོས་ཏེ་བདག་ཉིད་ལྷར་བསྒོམ་དགོས་པའི་ཕྱིར་རོ། །བདུན་པ་ས་ལམ་འབྲས་བུའི་རིམ་པ་ནི། འཇིག་རྟེན་དང༌། །འཇིག་རྟེན་འདས་ལམ་དབང་པོའི་རིམ་བཞིན་བགྲོད། །ཐོགས་ཀྱང་བསྐལ་ཆེན་གསུམ་གྱིས་མངོན་བྱང་ཆུབ། །ཕར་ཕྱིན་ཐེག་པར་ཞུགས་པ་དང་མ་ཞུགས་པའི་རིགས་ཅན་གཉིས་རྒྱུད་འདིར་ཐོག་མར་དད་པས་དོན་དུ་གཉེར་བ་ས་བོན་ལྟ་བུའི་སེམས་དང༌། མྱུ་གུ། རྩ་བ། སྡོང་བུ། ཡལ་ག་ལོ་མ། མེ་ཏོག་འབྲས་བུ་ལྟ་བུའི་བར་སེམས་བརྒྱད་དང༌། དེའི་སྟེང་དུ་འདོད་ཆགས་དང་བཅས་པའི་སེམས་ཀྱིས་འདོད་ཁམས་ལྷ་མིའི་བདེ་བ་ཙམ་དོན་དུ་གཉེར་པ་དང༌། ཆགས་བྲལ་གྱི་སེམས་ཀྱིས་ཁམས་གོང་མའི་བདེ་བ་དོན་དུ་གཉེར་ནས་སྔགས་ལ་སྤྱོད་པ་སྟེ། དེ་ལའང་ནང་གསེས་ཀྱི་དབྱེ་བས་སེམས་བརྒྱ་དྲུག་ཅུ་དང་བཅས་པ་ནི་མངོན་མཐོ་འཇིག་རྟེན་པའི་ལམ་དུ་བཤད་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་ལའང་དབང་བརྟུལ་བདག་མེད་གཉིས་ཀྱི་རྟོགས་རིས་ཀྱི་རིམ་པས་བསྐལ་ཆེན་དྲུག་འདའ་ཞིང་ཐེག་ཆེན་མོས་སྤྱོད་ཀྱི་སར་འཇུག་པ་དང༌། དབང་རྣོན་བསྐལ་


LT08,P024A
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་གིས་དེར་འཇུག་ཅིང༌། དེའང་ལུགས་འདིའི་ཚོགས་ལམ་ཆེན་པོ་ཡིན་ལ། དེ་ནས་འཇུག་གནས་ལྡང་བའི་སེམས་གསུམ་ཀྱིས་བསྐལ་པ་གཅིག་ལ་མོས་སྤྱོད་ཀྱི་ས་བཅུ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་ས་ལ་སངས་རྒྱས་རྒྱ་མཚོ་ལས་ཆོས་སྒོ་རྒྱ་མཚོ་ནོད་པའི་མཇུག་ཐོག་ཏུ། ངེས་འབྱེད་ཆ་མཐུན་གྱི་ཡེ་ཤེས་བསྐྱེད་ཅིང་ས་དང་པོ་སོགས་རིམ་གྱིས་བགྲོད་དེ་བཅུ་པའི་རྒྱུན་མཐར་དཔའ་བོ་འབྲུ་ལྔ་མངོན་རྟོགས་ཀྱི་ངོ་བོ་ཉིད་དུ་བསྒོམས་པས་འཚང་རྒྱ་བ་སྟེ། དབང་བརྟུལ་རིང་མཐའ་བསྐལ་པ་བརྒྱད། དབང་རྣོན་ཇི་ལྟར་ཐོགས་ཀྱང་བསྐལ་ཆེན་གསུམ་གྱིས་མངོན་པར་བྱང་ཆུབ་པའི་ལོངས་སྐུ་ཆེན་པོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སར་ངེས་པར་འབྱུང་བར་གསུངས་སོ། །འདི་ངོར་ཆེན་སོགས་ཀྱིས་གྲུབ་པའི་སྤྱོད་པའི་བརྡ་ཁྱད་མཛད་ཅིང༌། དེའང་སྒྲུབ་སྤྱོད་ཀྱིས་རལ་གྲིའི་རིག་འཛིན་གྲུབ་ནས་རིག་པ་འཛིན་པའི་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་ཉུལ་པ་སོགས་བཟང་པོ་སྤྱད་པ་སྤྱོད་ནས་རྣམ་སྣང་ཆེན་པོའི་གོ་འཕང་མངོན་དུ་བྱེད་པར་བཞེད་དོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་རྣམ་གཞག་བཤད་པ་ལ་བདུན། སྒྲ་དོན་ངོ་བོ། རྣམ་པར་དབྱེ་བ། འཇུག་སྒོ་དབང་བསྐུར། བསྲུང་བྱ་དམ་ཚིག །ལམ་རིམ་མངོན་རྟོགས། བསྒྲུབ་བྱའི་དངོས་གྲུབ། ས་ལམ་འབྲས་བུའི་རིམ་པའོ། །དང་པོ་ནི། ཟབ་རྒྱས་ཏིང་འཛིན་གཙོར་བྱེད་རྣལ་འབྱོར་རྒྱུད། ནང་ཐབས་ཤེས་ཀྱི་རྣལ་འབྱོར་སྒོམ་པ་གཙོ་བོར་གྱུར་པས་སམ། ཟབ་པ་དོན་དམ་པའི་བདེན་པ་དང་རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པ་ཀུན་ཤེས་ཤིང་རིག་ནས་དེ་གཉིས་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་ལ་གཙོར་བྱེད་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་ཞིང༌། དེའི་ངོ་བོ་ནི། ཀུན་བཏུས་ལས། རིག་པའི་ལྷ་མོ་རྣམས་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་ལ་དགོད་པ་དང༌། དེ་ལས་བྱུང་བའི་བྱེད་པ་ལས་དང་སྒྲུབ་པ་ལ་


LT08,P024B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་སྤྱད་དེ་སྒྲུབ་པར་བྱེད་པ་ནི་གཉིས་ཀའི་རྒྱུད་ལ་བཞུགས་སོ། །ཞེས་གསུངས་པ་ལྟར་ཡིན་ལ་དེ་ཡང་བཀྲོལ་ནས་བཤད་ན། རིག་པའི་ལྷ་མོ་སྟེ་གསང་བའི་མཆོད་པ་དང་གཡོག་མོའི་གཙོ་མོ་བདུག་སྤོས་མ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་དགོད་པ་དང༌། དེ་ལས་བྱུང་བའི་བྱེད་པ་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་དང༌། ལས་སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པ་ལ་སོགས་པ་དང༌། སྒྲུབ་པ་ནོར་གྱི་དངོས་གྲུབ་ལ་སོགས་པའམ་ཡང་ན་དེ་ལས་བྱུང་བའི་ལས་ཀྱི་དངོས་གྲུབ་སྒྲུབ་པ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་བཅུས་རབ་ཏུ་སྤྱད་དེ་དངོས་གྲུབ་གཉིས་སྒྲུབ་པར་བྱེད་པ་སྟེ། དེ་ལ་དེ་ཉིད་བཅུ་ནི། དེ་ཉིད་སྣང་བ་ལས། དེ་ཁོ་ན་ཉིད་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དཀྱིལ་འཁོར་དང༌། སྔགས་དང༌། ཕྱག་རྒྱ་དང༌། བདག་དང༌། གནས་ལ་སོགས་པ་བསྲུང་བ་དང༌། ལྷ་རྣམས་སྤྱན་དྲངས་པའི་ཆོ་ག་དང༌། བཟླས་བརྗོད་དང༌། བསྒོམ་པ་དང༌། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང༌། ཉེ་བར་བསྡུ་བ་དང༌། གཤེགས་སུ་གསོལ་བའོ། །ཞེས་བཤད་པ་དེ་དག་ལའང་སྤྱོད་པ་ཐབས་ཀྱིས་ཕྱེ་བ་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དང༌། དོན་དམ་པའི་སྒོམ་པ་ཤེས་རབ་ཀྱིས་ཕྱེ་བ་དོན་དམ་པའི་དེ་ཁོ་ན་ཉིད་གཉིས་སུ་དབྱེ་བའི་ནང་ཏིང་ངེ་འཛིན་རྣལ་འབྱོར་དང་དེའི་ཡན་ལག་ཕྱིའི་བྱ་བ་དང་ལྡན་པས་གཉིས་ཀའི་རྒྱུད་དུ་གྲགས་པའི་རྣལ་འབྱོར་རྒྱུད་ལ་བཞུགས་པ་སྟེ་གནས་སོ་ཞེས་པའོ། །གཉིས་པ་རྣམ་པར་དབྱེ་བ་ནི། རིགས་ལྔ། །ཞེས་པ་སྟེ། རྒྱུད་འདིའི་དབྱེ་བ་རིགས་ཀྱི་དབང་དུ་བྱས་ན་རྩ་བའི་རིགས་ལྔའི་དབྱེ་བས་རྒྱུད་ཀྱང་ལྔ་དང་ཞིབ་མོར་ཕྱེ་བས་བརྒྱར་ཡང་འགྱུར་ཏེ། རྡོ་རྗེ་རྩེ་མོར། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །


LT08,P025A
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང༌། །ཆོས་དང་ལས་དང་རྣམ་པ་ལྔ། །ཞེས་གསུངས་པ་དང༌། རིགས་ཆེན་རྣམས་ནང་གསེས་སུ་དབྱེ་བའི་ཚུལ་ཡང་རིགས་ཆེན་རེ་ལ་རིགས་ཆུང་ལྔ་ལྔ། དེ་རེ་རེ་ལ་སྙིང་པོ་ཕྱག་རྒྱ་གསང་སྔགས་རིག་སྔགས་བཞི་བཞིས་ཕྱེ་བས་བརྒྱར་ཡང་འགྱུར་རོ། །དེ་དག་བསྡུ་ན་ཐབས་ཤེས་གཉིས་སུ་འདུ་སྟེ། བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་ཐབས་ཀྱི་རྒྱུད་དང༌། ཤེར་ཕྱིན་གཙོ་བོར་སྟོན་པ་ཤེས་རབ་ཀྱི་རྒྱུད་གཉིས་སོ། །གསུམ་པ་འཇུག་སྒོ་དབང་བསྐུར་བ་ནི། །དལ་དུ་སློབ་མའི་དབང་ལྔ་དང༌། །སློབ་དཔོན་དབང་བསྐུར་དྲུག་ནོད། །ཅེས་པ་སྟེ། རིགས་ལྔ་གང་ཡང་རུང་བའི་དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་དང་སྡོམ་པ་བཟུང༌། ཡེ་ཤེས་པ་དབབ་ཅིང་མེ་ཏོག་དོར་བས་རང་གི་ལྷག་པའི་ལྷ་ངེས་པར་བྱས་ནས། དང་པོ་ཆུ་དབང་ལ་ལས་བུམ་གྱི་ཁྲུས་སྔོན་དུ་འགྲོ་བས་ལྷག་པའི་ལྷའི་བུམ་པ་དང་རྣམ་རྒྱལ་གཙོ་བོར་གྱུར་པའི་ལྷ་བུམ་རྣམས་ཀྱིས་དབང་བསྐུར་གཉིས་པ་གཤེགས་རིགས་ལ་སངས་རྒྱས་ལྔའི་ཅོད་པན་སོགས་རིགས་སོ་སོའི་ཅོད་པན། གསུམ་པ་གཤེགས་རིགས་ལ་དེ་བཞིན་གཤེགས་པའི་རྡོ་རྗེ་སོགས་རྡོ་རྗེའི་དབང༌། བཞི་པ་གཤེགས་རིགས་ལ་དེས་ཡུ་བ་བྱས་པའི་དྲིལ་བུ་སོགས་དྲིལ་བུའི་དབང༌། ལྔ་པ་མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་མིང་གདགས་པས་དབང་བསྐུར་བ་ནི་སློབ་མའི་དབང་ལྔ་ཡིན་ལ། དེ་སྟེང་སློབ་དཔོན་གྱི་དབང་བསྐུར་བ་ལ་ཕྱིར་མི་ལྡོག་པའི་དབང༌། གསང་བའི་དབང༌། རྗེས་གནང༌། ལུང་བསྟན། དབུགས་དབྱུང༌། གཟེང་བསྟོད་དྲུག་སྟེ་བསྡམས་པས་དབང་བསྐུར་བཅུ་གཅིག་ནོད་པར་བྱ་བ་ཡིན་ནོ། །འདིར་ཡེ་ཤེས་ཐིག་ལེ་ལས་རིགས་དབང་ལྔའི་སྟེང་དུ། ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་


LT08,P025B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང༌། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་གསུངས་པའི་དགོངས་པས་རྣལ་འབྱོར་རྒྱུད་ལ་ཆུ་སོགས་སློབ་མའི་དབང་ལྔ་དང་སློབ་དཔོན་གྱི་དབང་ལ་དྲུག་སྟེ་བཅུ་གཅིག་ཡོད་པར་འཆད་དགོས་པ་ནི་རྒྱུད་དེ་ཉིད་དང་རྡོ་རྗེ་ཕྲེང་བ་སོགས་ཀྱི་ལུང་གིས་གསལ་ལོ། །འདི་དག་ལ་དཀྱིལ་འཁོར་དུ་གཞུག་པ་ཙམ་ཞིག་དང༌། ཞུགས་པ་ལའང་གཉིས། རིགས་ལྔའི་སྡོམ་པ་མི་འཛིན་ཞིང་བྱང་སེམས་ཀྱི་སྡོམ་པ་འཛིན་པ་ལ་སློབ་མའི་དབང་ཙམ་ཞིག་བསྐུར་བ་དང༌། སྡོམ་པ་གཉིས་ཀ་འཛིན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་རྫོགས་པར་བསྐུར་བའི་རྣམ་གཞག་དེ་ཉིད་འདུས་པའི་སྟོད་འགྲེལ་ལས་འབྱུང་ངོ༌། །འདིར་གསང་བའི་དབང་ཡང་བླ་མེད་དང་མི་མཚུངས་ཏེ། དཀྱིལ་འཁོར་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་དང༌། དཀྱིལ་འཁོར་གྱི་དེ་ཉིད་བཅུ་དང་ལས་ཀྱི་རིམ་པ་བསྟན་པར་བྱ་བ་ལ་གསང་དབང་དུ་བཏགས་པ་དང༌། རྣལ་འབྱོར་རྒྱུད་ཁ་ཅིག་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་གསུངས་པའང་སྔགས་སྦྱིན་ནས་ཕྱག་རྒྱ་བཞི་ལ་སློབ་ཏུ་གཞུག་པ་ལ་དེར་བཏགས་པས་མིང་ཙམ་ཁོ་ནར་ཟད་དོ། །བཞི་པ་བསྲུང་བྱ་དམ་ཚིག་ནི། རྡོ་རྗེ་རྩེ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །ཞེས་སོགས་ཀྱི་སྡོམ་པ་བསྒྲགས་ཏེ་སྣོད་བརྟགས་པ་ན་སྣོད་རུང་དུ་གྱུར་པ་དེས་དཀྱིལ་འཁོར་དུ་འཇུག་པའི་སྐབས་དང་འབྲེལ་བར། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་ལན་གསུམ་གྱིས་ཕས་ཕམ་པ་བཅུ་བཞི་ལས་ལྡོག་ཅིང་སྒྲུབ་ཕྱོགས་ཡན་ལག་བཅུ་བཞི་རྫོགས་པའི་སྔགས་སྡོམ་ཆོ་ག་བཞིན་བཟུང་བ་ཡིན་པར་བཤད་མོད། འོན་ཀྱང་


LT08,P026A
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྡོམ་རྫོགས་པ་ནི་དབང་བསྐུར་ལ་ལྟོས་པས་སྡོམ་གསུམ་གྱི་སྐབས་སུ་བཤད་པ་བཞིན་དབང་གི་ཆོ་ག་རྫོགས་པ་ལས་སྡོམ་པ་རྫོགས་པར་སྐྱེའོ། །བསྲུང་བྱའི་དམ་ཚིག་དང་སྡོམ་པ་གོང་དུ་བཤད་ཟིན་ཏོ། །ལྔ་པ་ལམ་མངོན་རྟོགས་ཀྱི་རིམ་པ་ལ་གཉིས། བསྙེན་པའི་རིམ་པ་དང༌། སྒྲུབ་པའི་རིམ་པའོ། །དང་པོ་ལ་གཉིས། ལམ་རིམ་བཞི་སྤྱིར་བསྟན། རྣལ་འབྱོར་དངོས་ཕྱེ་སྟེ་བཤད་པའོ། །དང་པོ་ནི། གང་ཟག་ནི། །སྐྱོན་མེད་ཡོན་ཏན་བཞི་དང་སྡོམ་ལྡན་གྱིས། །འབྲས་བུ་ཉེར་ལེན་རྒྱུད་མངོན་བྱེད་ཐབས། །ཀུན་གཞི་ཉོན་ཡིད་ཡིད་དང་རྣམ་པར་ཤེས། །སྤྱོད་བྱེད་ཕྱག་རྒྱ་བཞི་ལྡན་ལྷའི་རྣལ་འབྱོར། །དེ་དག་སློབ་དཔོན་ཀུན་སྙིང་གི་བཞེད་པས་རྣལ་འབྱོར་རྒྱུད་ཀྱི་ལམ་རིམ་མཐའ་དག །འཇུག་རུང་གི་གང་ཟག །འཐོབ་བྱའི་འབྲས་བུ། ཉེར་ལེན་གྱི་རྒྱུ། འབྲས་བུ་ཐོབ་པའི་ཐབས་དང་བཞིར་བསྡུ་བ་ལས། དང་པོ་རྟེན་འཇུག་རུང་གི་གང་ཟག་ནི། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སོགས་སྐྱོན་རྣམ་པ་བཞི་སྤངས་ཤིང་ཡོན་ཏན་བཞི་དང་ལྡན་པ་སྟེ། ཐེག་ཆེན་གྱི་འཇུག་སྒོ་སྨོན་འཇུག་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཚུལ་བཞིན་ཏུ་བསྐྱེད་པ། རྒྱུད་ལ་ཡིད་ཤིན་ཏུ་ཆེས་བས་ཐེ་ཚོམ་དང་ཡིད་གཉིས་མེད་པ། དེ་བཞིན་གཤེགས་པས་འཇུག་ལྡོག་གི་བསླབ་པ་བཅས་པའི་དམ་ཚིག་རྣམས་ཇི་སྐད་བཤད་པ་བཞིན་དུ་སྲུང་ནུས་པས་བཀའ་བཞིན་དུ་སྒྲུབ་པ། ལམ་དང་ལམ་གྱི་སྟོན་པ་ལྷ་དང་བླ་མའི་ཡུལ་ལ་དད་པ་དང་ལྡན་པའོ། །དེའི་སྟེང་དུ་སྒྲུབ་པ་པོ་ཁྱིམ་པ་དང་རབ་བྱུང་གང་ཡིན་པའི་སྡོམ་པ་ལ་གནས་པས་སྒྲུབ་དགོས་པར་རྡོ་རྗེ་རྩེ་མོ་ལས་གསུངས་སོ། །གཉིས་པ་ཐོབ་བྱའི་འབྲས་བུ་ནི། སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་མཐར་ཐུག་པའི་སངས་རྒྱས་རྣམ་པར་སྣང་མཛད་


LT08,P026B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལོངས་སྐུ་ཆེན་པོ་སྐུ་བཞིའི་བདག་ཉིད་ཅན་དེ་ཉིད་ཡིན་ནོ། །འདིར་ཡོ་ག་པ་ཕལ་གྱིས་རི་རབ་ཀྱི་རྩེ་ལ་སོགས་པར་དཀྱིལ་འཁོར་སྤྲུལ་བཤད་མཛད་པ་པོ་རྣམ་སྣང་ཆུང་ངུ་དང༌། འོག་མིན་ཆེན་པོའི་སྤྲུལ་གཞི་ངེས་པ་ལྔ་ལྡན་གྱི་རྣམ་སྣང་ཆེན་པོ་ཡིན་པར་འདོད་ལ། ཀོ་ས་ལའི་རྒྱན་དང་དེ་ཉིད་སྣང་བ་ལས་ནི་འོག་མིན་ན་གནས་པའི་དེ་བཞིན་གཤེགས་པ་ལྔའི་སྐུའི་ངོ་བོ་གཟུགས་སྐུ་ལ་རྣམ་སྣང་དང༌། ཆོས་དབྱིངས་ཐོག་མ་དང་ཐ་མ་མེད་པ་ཡེ་ཤེས་ཀྱི་རང་བཞིན་སྒྲིབ་གཉིས་ལས་གྲོལ་བ་ལ་རྣམ་སྣང་ཆེན་པོར་བཤད་དོ། །གསུམ་པ་དེ་འཐོབ་བྱེད་ཉེར་ལེན་གྱི་རྒྱུ་ནི། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ། །རང་བཞིན་གྱིས་འོད་གསལ་ཞིང་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅན། ལྷ་དང་སྔགས་དང་ཕྱག་རྒྱ་ཐམས་ཅད་འཆར་བའི་གཞིར་གྱུར་པ། རང་གི་སེམས་གདོད་མ་ནས་རྣམ་པར་དག་པའི་དེ་ཁོ་ན་ཉིད་དོ། །བཞི་པ་འབྲས་བུ་ཐོབ་པའི་ཐབས་ནི། ཀུན་གཞིའི་རྣམ་པར་ཤེས་པའི་འཁྲུལ་པ་གློ་བུར་བ་བསལ་ནས་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་དེ་མངོན་དུ་བྱ་བ་ལ་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར། ཉོན་ཡིད་ཀྱི་གློ་བུར་གྱི་འཁྲུལ་པ་བསལ་ནས་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་མངོན་དུ་བྱ་བ་ལ་ཐུགས་དམ་ཚིག་གི་ཕྱག་རྒྱའི་རྣལ་འབྱོར། ཡིད་ཀྱི་ཤེས་པའི་གློ་བུར་གྱི་འཁྲུལ་པ་བསལ་ནས་རང་བཞིན་སོ་སོར་རྟོག་པའི་ཡེ་ཤེས་དེ་མངོན་དུ་བྱ་བ་ལ་གསུང་ཆོས་ཀྱི་ཕྱག་རྒྱའི་རྣལ་འབྱོར། སྒོ་ལྔའི་རྣམ་ཤེས་ཀྱི་འཁྲུལ་པ་བསལ་ནས་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་དེ་མངོན་དུ་བྱ་བ་ལ་ཕྲིན་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་སྟེ། མདོར་ན་འཁྲུལ་པ་སྤྱོད་བྱེད་ཀྱི་ཐབས་ཕྱག་རྒྱ་བཞི་དང་འབྲེལ་བའི་ལྷའི་རྣལ་འབྱོར་བསྒོམ་པ་འཁོར་


LT08,P027A
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་དང༌། ཤེས་རབ་སེམས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་གཉིས་ཡིན་ལ། ཕྱི་མ་ལ་དབང་བརྟུལ་ཐོས་བསམ་སོགས་ལ་བརྟེན་ཏེ་རིམ་གྱིས་མངོན་དུ་བྱེད་པ་དང༌། དབང་རྣོན་བྱིན་རླབས་དང་སྒོམ་བྱུང་གི་སྟོབས་ཀྱིས་ཅིག་ཅར་དུ་མངོན་དུ་བྱེད་པ་གཉིས་ཡོད་དོ། །གཉིས་པ་རྣལ་འབྱོར་དངོས་ཕྱེ་སྟེ་བཤད་པ་ལ་གཉིས། མཚན་བཅས་དང༌། མཚན་མེད་དོ། །དང་པོ་ནི། དབང་རྣོན་དང་པོའི་སྦྱོར་བ་རྒྱལ་མཆོག་གཉིས། །དབང་བརྟུལ་རྣལ་འབྱོར་བཞི་ཡི་ཏིང་འཛིན་གྱིས། །རགས་པ་ལྷ་དང་ཕྲ་བ་ཕྱག་མཚན་དམིགས། །དེ་ཁོ་ན་ཉིད་བཅུ་ཡིས་རབ་ཏུ་སྤྱད། །ལྷའི་རྣལ་འབྱོར་སྒོམ་པ་ལ་དབང་པོ་རྣོན་པོ་ཏིང་ངེ་འཛིན་གསུམ་ལ་བརྟེན་པ་སྔོན་བྱུང་དང་མཐུན་པར་དང་པོར་མངོན་པར་རྫོགས་པར་སངས་རྒྱས་ཚུལ། བར་དུ་རི་རབ་ཀྱི་རྩེ་མོ་ལ་སོགས་པར་རྩ་བཤད་ཀྱི་དཀྱིལ་འཁོར་སྤྲུལ་ཏེ་རྣལ་འབྱོར་རྒྱུད་ཀྱི་ཆོས་འཁོར་བསྐོར་ཚུལ། མཐར་རིགས་སོ་སོའི་འཁོར་ལོས་སྒྱུར་བར་བྱས་ཏེ་སློབ་མ་དཀྲི་བ་ལ་སོགས་པའི་ཕྲིན་ལས་མངོན་པར་འདུ་མཛད་ཚུལ་ཏེ་དེ་འཁོར་དང་བཅས་པ་ཡིན་ལ། དེ་ཐམས་ཅད་རྗེས་འཇུག་གིས་རྣལ་འབྱོར་དུ་ཉམས་སུ་ལེན་པ་ན་དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག །ལས་རྒྱལ་མཆོག་རྣམས་ཡིན་ནོ། །དབང་པོ་བརྟུལ་པོ་ཏིང་ངེ་འཛིན་གསུམ་པོ་སྒོམ་མི་ནུས་པས་རྣལ་འབྱོར་བཞི་བསྒོམ་པར་བྱ་སྟེ། དེའང་རང་ཉིད་རང་རིགས་ཀྱི་ལྷ་དམ་ཚིག་པ་བསྐྱེད་པ་རྣལ་འབྱོར། དེ་ལ་ཡེ་ཤེས་སེམས་དཔའ་བཅུག་སྟེ་རོ་གཅིག་ཏུ་བྱ་བ་རྗེས་སུ་རྣལ་འབྱོར། དེ་ཉིད་བརྟན་གཡོ་ཐམས་ཅད་ཀྱི་རང་བཞིན་དུ་སྒོམ་པ་ཐམས་ཅད་རྣལ་འབྱོར། རྣལ་འབྱོར་གསུམ་སྔོན་ཏུ་སོང་བ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ཤིན་ཏུ་རྣལ་འབྱོར་ཏེ་ཏིང་ངེ་འཛིན་དེ་དག་ནི་རགས་


LT08,P027B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷ་ལ་དམིགས་པ་ཞེས་བྱའོ། །ཡང་ཏིང་ངེ་འཛིན་གསུམ་མམ་རྣལ་འབྱོར་བཞི་གང་རུང་གིས་ལྷའི་རྣལ་འབྱོར་བསྒོམས་ནས་ལྕེ་རྐན་ལ་སྦྱར་ཏེ་ལྷའི་མདོག་དང་མཐུན་པའི་རྡོ་རྗེ་རྩེ་ལྔ་པ་སྐྲ་རྩེའམ་ཏིལ་འབྲུ་ཙམ་ཞིག་ལྟེ་བར་བསྐྱེད་པ་སྣ་ཁུང་ནས་འཐོན་ཏེ་སྣ་རྩེར་འགྲང་བར་གནས་པ་ལ་དྲན་པ་དང་ཤེས་བཞིན་གཉིས་ཀྱི་སྒོ་ནས་སེམས་འཛིན། དེ་བརྟན་པ་ན་སྣའི་རྩེ་མོའམ་དེ་ལས་གཞན་པའི་ལུས་ཀྱི་ཕྱོགས་སུ་བདེ་བའི་རེག་བྱ་ཁྱད་པར་ཅན་སྐྱེ་ཞིང་དེ་ལས་ལུས་སེམས་ཤིན་ཏུ་སྦྱངས་པ་འཐོབ། རྡོ་རྗེ་ཕྲ་མོའི་མཚན་མ་ལ་བརྟན་པ་ཐོབ་ནས་རྡོ་རྗེ་ཕྲ་མོ་མང་པོ་སྤྲོས་ཏེ་ལུས་ཀྱི་ཕྱི་ནང་སོགས་ནས་སྟོང་གསུམ་གྱི་བར་དུའང་ཁྱབ་པར་བསྒོམ། མཐར་སྤྲོས་པ་ཐམས་ཅད་ཀྱང་སྣ་རྩེ་ནས་སྙིང་གའི་བར་དུ་བསྡུའོ། །འདིས་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་འགྲུབ་པ་སོགས་ཕན་ཡོན་ཆེ་སྟེ་ཕྲ་བ་ཕྱག་མཚན་ལ་དམིགས་པ་ཞེས་བྱའོ། །དེ་དག་ཀྱང་དེ་ཁོ་ན་ཉིད་བཅུ་ཡི་ཚུལ་གྱིས་རབ་ཏུ་སྤྱད་ཅིང་བསྒྲུབ་སྟེ། དེའང་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དཀྱིལ་འཁོར་གཉིས་དང༌། སོགས་ནས་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང༌། ཉེ་བར་བསྡུ་བ་དང༌། གཤེགས་སུ་གསོལ་བའོ། །ཞེས་གསུངས་པའི་དོན། དཀྱིལ་འཁོར་ནི་གཟུགས་བརྙན་དང་གཟུགས་ཅན་མ་ཡིན་པ་གཉིས་དང༌། ཕྱི་དང་ནང་གི་སྔགས་དང༌། ལྷ་རྣམས་ལ་རྒྱས་འདེབས་པའི་ཕྱག་རྒྱ་བཞི་དང༌། བདག་དང་གནས་དང་རྣལ་འབྱོར་སྲུང་བ་དང༌། ཡེ་ཤེས་པ་རྣམས་བསྡུ་བ་སྤྱན་དྲངས་པ་དང༌། རྡོ་རྗེའི་ཚིག་གི་དང་ཡིད་ཀྱི་བཟླས་བརྗོད་དང༌། ཏིང་ངེ་འཛིན་གསུམ་ལ་སོགས་པའི་སྒོམ་པ་དང༌། དཀྱིལ་འཁོར་མཆོད་པ་སོགས་ཀྱི་དོན་དུ་ཕྱི་དང་ནང་གི་སྦྱིན་སྲེག་དང༌། ཕྱག་རྒྱ་དགྲོལ་བ་ཉེ་བར་བསྡུ་བ་དང༌། མཆོད་ནས་གཤེགས་སུ་གསོལ་བ་དང་བཅུ་ཡིན་


LT08,P028A
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གཉིས་པ་མཚན་མེད་ནི། ཤེས་རབ་ངེས་འབིགས་སྐྱེ་མེད་ལྟ་དང་བཅས། །དེའང་དེ་ཉིད་བསྡུས་པར། ཡི་གེ་ཨ་ལ་འཇུག་པ་ཡི། །ཡི་གེ་ཐམས་ཅད་རྣམ་པར་བསྒོམ། །རང་གི་ཁ་ནས་གཞན་གྱི་ཁར། །བསྒོམ་ན་དངོས་གྲུབ་འཐོབ་པར་འགྱུར། །ཞེས་གསུངས་པའི་ཡི་གེ་ཨའི་དོན་སྐྱེ་བ་མེད་པ་ལ་འཇུག་པས་བཟླ་བྱའི་ཡི་གེ་ཐམས་ཅད་ཀྱང་གཞིག་ནས་བདག་མེད་པར་བསྒོམ་པ་དང༌། ཁའི་དོན་སྒོ་ལ་འཇུག་པས་རང་ཡང་རྣམ་པར་གྲོལ་བའི་སྒོ་སྟོང་པ་ཉིད་ལ་འཇུག་ཅིང་མདུན་གྱི་ལྷ་དང་སྔགས་རྣམས་ཀྱང་དེ་ལྟར་འཇུག་པར་བཤད་དེ། དེས་ནི་རྣམ་རྟོག་དང་བཅས་པའི་ཤེས་རབ་གཙོ་བོར་བསྟན་ཏོ། །གཞན་ཡང་དེ་ཉིད་ལས། ཤེས་རབ་ངེས་འབིགས་ཞེས་བྱ་བ། །ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། །དེ་ཡིས་ཕྱག་རྒྱ་བསྒྲུབ་པར་བྱ། །བསྒོམ་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཤེས་རབ་ངེས་འབིགས་ནི་སྐྱེ་མེད་ཀྱི་ལྟ་བ་སྟེ་རང་བཞིན་མེད་པར་ཤེས་པས་གང་དུའང་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་པ་བསྟན་ནོ། །རྩེ་མོ་ལས་དེ་བཞིན་གཤེགས་པ་དང་རྡོ་རྗེའི་རིགས་ལ་སོགས་པའི་མཚན་མེད་སྒོམ་ཚུལ་རྒྱས་པར་གསུངས་ཏེ། དེ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པའི་ལྷག་མཐོང་གཙོ་ཆེ་ལ། དེ་ཉིད་བསྡུས་པ་ནས་གསུངས་པ་ལ་ནི་ཞི་ལྷག་གཉིས་ཀ་ཡོད་དོ། །དེའང་ཉམས་སུ་ལེན་པ་ན་རྒོད་རྨུགས་ལ་སོགས་པའི་གནས་དང་བསྟུན་ནས་ཞི་ལྷག་སྤེལ་བར་བསྒོམ་པར་ཀོ་ས་ལའི་རྒྱན་ལས་གསུངས་སོ། །གཉིས་པ་སྒྲུབ་པའི་རིམ་པ་ནི་འཆད་འགྱུར་གྱི་ཁོངས་སུ་འདུའོ། །དྲུག་པ་དངོས་གྲུབ་སྒྲུབ་པའི་རིམ་པ་ནི། བསམ་གཏན་བཟླས་བརྗོད་སྦྱིན་སྲེག་ལ་བརྟེན་ནས། །དངོས་གྲུབ་དང་ནི་ཕྱག་རྒྱའི་ཡེ་ཤེས་བསྒྲུབ། །སྒྲུབ་པའི་རིམ་པ་ལ་བསམ་གཏན་


LT08,P028B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་འདས་པའི་དངོས་གྲུབ། བཟླས་བརྗོད་ལ་བརྟེན་ནས་གཉིས་ཀ །སྦྱིན་སྲེག་ལ་བརྟེན་ནས་འཇིག་རྟེན་པའི་དངོས་གྲུབ་གཙོ་བོར་སྒྲུབ་ཅིང་ཐམས་ཅད་ཀྱི་མཐར་ཐུག་ཕྱག་རྒྱའི་ཡེ་ཤེས་མཆོག་སྒྲུབ་པ་སྟེ། དེ་གསུམ་གྱི་དང་པོ་ནི། བསྙེན་པ་གྲུབ་ནས་འཁོར་གསུམ་ཡོངས་དག་གི་སྒྲུབ་པའི་སྤྱོད་པ་ལ་སྦྱར། དེ་ནས་གཞན་དོན་ཏུ་ཕྱག་རྒྱ་སྒྲུབ་ཅིང་དེའི་ལས་རབ་འབྱམས་ལ་སྦྱར་བས་མཚན་མ་རྙེད་པ་དང་མངོན་ཤེས་སྒྲུབ། དེ་གྲུབ་ནས། དཔལ་མཆོག་གི་སྒྲུབ་པ་རྗེས་སྒྲུབ་ཀྱི་སྐབས་ནས་འབྱུང་བ་ལྟར་ཚོགས་ཀྱི་སྒྲུབ་པ་བྱ། མ་གྲུབ་ན་ལན་བདུན་བསྐྱར། དེས་ཀྱང་མ་གྲུབ་ན་ལྷ་བསད་པའི་སྦྱོར་བ་ཞེས་སྤོགས་ཆོག་ལ་བརྟེན་ནས་བསྒྲུབ་སྟེ་དབང་པོ་རྣོན་པོའི་དབང་དུ་བྱས་པའོ། །དབང་བརྟུལ་དང་ཐུན་མོང་ཙམ་དུ་བསྙེན་པ་སྤྱི་དང་ཁྱད་པར་རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལ་དབང་ཐོབ་ནས་གཏེར་དང་ཆུ་ལ་མི་བྱིང་བ་དང་རིག་སྔགས་འཆང་གི་དངོས་གྲུབ་སོགས་ཐུན་མོང་དང༌། མཆོག་གི་དངོས་གྲུབ་བསམ་གཏན་གྱི་ཁྱད་པར་སྣ་ཚོགས་པ་གསུངས་པ་རྣམས་ཀྱིས་བསྒྲུབ་པའོ། །གཉིས་པ་ལ་གཉིས། དབང་རྣོན་རྡོར་བཟླས་ལ་བརྟེན་པ་ལ་ཀུན་རྫོབ་དམིགས་བཅས་ནི་བདག་མདུན་གྱི་ལྷ་ལ་གསལ་སྣང་གྲུབ་ཅིང་རླུང་དང་དབང་པོ་ནང་དུ་བསྡུས་ལ་སྔགས་ཀྱི་དོན་དྲན་པས་བཟླ་བ་དང༌། མདུན་གྱི་ལྷ་ལ་བརྟགས་ཤིང་དབུགས་དབྱུང་བའི་མཐའི་བར་དུ་བཟླ་བ་དང༌། ཡང་སྲོག་ཡིད་དབང་པོ་བཀག་སྟེ་རང་དང་ཐ་དད་མེད་པའི་ལྷའི་གཟུགས་ལ་དམིགས་ཤིང་བཟླ། དོན་དམ་དམིགས་མེད་ནི་བདག་མདུན་ལྷ་སྔགས་མ་སྐྱེས་པར་སྒོམ་པའི་སྒོ་ནས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ལ་སྲོག་རྩོལ་བཀག་སྟེ་གང་དུའང་འཛིན་པ་མེད་པའི་སེམས་ཀྱིས་རང་དང་ལྷ་སྔགས་རྣམས་ནམ་མཁའ་དང་འདྲ་བར་ལྟ་ཞིང་ཡིད་ཀྱི་བཟླས་པ་རང་ལྷའི་ཆོས་ཀྱི་སྐུ་ལ་དམིགས་བཞིན་བྱ་བ་དང༌། དབུགས་


LT08,P029A
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ་ན་མཚན་མའི་སྐུ་དྲན་པར་བྱས་ལ་ཡང་སྲོག་ནང་དུ་བསྡུ་བ་སོགས་སྤེལ་ཞིང་བཟླའོ། །དབང་བརྟུལ་ཚིག་བཟླས་ལ་བརྟན་པ་ནི། རང་རིགས་ཀྱི་ལྷའི་སྐྱིལ་ཀྲུང་བཅས་ལ་བདག་མདུན་གྱི་ལྷ་བསྒོམ། རིགས་ཀྱི་ཕྱག་མཚན་ལག་གཡོན་རིགས་ཀྱི་ཁུ་ཚུར་གྱིས་བཟུང༌། གཡས་པས་རིགས་ཀྱི་བགྲང་ཕྲེང་སྙིང་གར་ཐོགས། གཤེགས་རིགས་ལ་སྒྲ་མེད་སོགས་ཀྱིས་ཟླ་བ་བཞིར་བསྙེན་པ་རྫོགས་པར་བྱས་ནས། རང་ལྷའི་སྐུ་གཟུགས་ཀྱི་སྤྱན་སྔར་ཟླ་བ་བཞིར་ཐུན་བཞིར་བཟླས་བརྗོད་བྱས་པའི་མཐར་མཚན་ཐོག་ཐག་གཅིག་ཏུ་བཟླས་པས་ནམ་ལངས་པ་དང་རང་གི་ལྷའི་གཟུགས་ཀྱི་དངོས་གྲུབ་ཐོབ་པར་གསུངས་པ་ལྟ་བུ་མཆོག་དང༌། རྫས་དང་མཁའ་སྤྱོད་ཀྱི་རིག་འཛིན་སོགས་འཇིག་རྟེན་པའི་དངོས་གྲུབ་ཐོབ་པར་བྱེད་ཅིང༌། དེའང་གཙོ་བོར་སྔ་མ་རྡོར ¿ དོན ¿ ་བཟླས་དང༌། ཕྱི་མ་ཚིག་བཟླས་ཀྱི་དངོས་གྲུབ་ཡིན་ཅིང་དེས་ཀྱང་མཐར་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལ་previous hit བརྒྱུད་པས་མཚམས་སྦྱོར་བ་ཡིན་ནོ། །གསུམ next hit་པ་ནི། སྡིག་པ་ཞི་བ་དང་རིགས་རྒྱས་པ་ལ་སོགས་པའི་ཐབ་ཁུང་སོ་སོར་ལྷའི་རྣལ་འབྱོར་སྔོན་ཏུ་སོང་བས་ཉི་མ་རེ་རེ་ཞིང་སྦྱིན་སྲེག་བྱ་སྟེ། དེའང་རང་ངམ་གཞན་ལ་སྡིག་པ་ཞི་བ་ལ་སོགས་པའི་མཚན་མ་མ་བྱུང་གི་བར་དུ་བྱས་ནས་ལས་སོ་སོ་སྒྲུབ་པར་བཤད་པ་རྣམས་ཏེ། འདིར་ལག་བཅངས་ཀྱི་བདེ་བ་ལམ་བྱེད་ཀྱང་ཡོད་དོ། །བདུན་པས་ལམ་འབྲས་བུའི་རིམ་པ་ནི། དབང་རྣོན་ཚེ་གཅིག་བརྟུལ་པོས་བཅུ་དྲུག་ཚུན། །ས་ལམ་མྱུར་བགྲོད་མངོན་བྱང་ལྔ་མཐར་ཕྱིན། །ཡེ་ཤེས་ལྔ་ཡི་ངོ་བོར་མངོན་འཚང་རྒྱ། །ལམ་འདིར་ཞུགས་ནས་དབང་པོ་རྣོན་པོ་ཚེ་གཅིག་དང༌། བརྟུལ་པོས་སྐྱེ་བ་བཅུ་དྲུག་ཚུན་ཆད་ལ་ས་དང་ལམ་ཐམས་ཅད་བགྲོད་པར་བཤད་པས་སྔ་མ་རྣམས་ལ་ལྟོས་ནས་དུས་ཤིན་ཏུ་མྱུར་བར་བགྲོད་


LT08,P029B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། དེའང་དབང་པོ་རྣོ་བརྟུལ་གང་ཡིན་ཀྱང་ས་བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་ནས་བསམ་གཏན་བཞི་བའི་རབ་མཐའི་ཏིང་ངེ་འཛིན་སྒྲུབ། དེ་ཐོབ་པའི་རྟེན་དེ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་ཅན། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ། བྱ་བ་ཐམས་ཅད་བཞེད་པ་ཙམ་ལ་རགས་ལས་པར་འགྲུབ་པས་བྱང་སེམས་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །དོན་གྲུབ་ཀྱི་རྟེན་དེས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ཏེ། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མངོན་དུ་བྱས་པའི་མཐུ་ལས་མི་གཡོ་བའི་ཏིང་ངེ་འཛིན་ཡན་ལག་དྲུག་ལྡན་ལ་མཉམ་པར་འཇོག །དེའི་ཚེ་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏིང་ངེ་འཛིན་ལས་བསླངས་ཏེ་མངོན་པར་བྱང་ཆུབ་པ་ལྔའི་གདམས་ངག་བསྟན། དེས་དེ་བསྒོམས་པས་ཡེ་ཤེས་ལྔའི་ངོ་བོར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སངས་རྒྱས་དེའང་སྐུ་གསུམ་གྱི་མཚན་ཉིད་ཅན་ཏེ། ཡེ་ཤེས་བཞི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་རོ་གཅིག་པ་ཆོས་སྐུ། འོག་མིན་ཆེན་པོར་ངེས་པ་ལྔ་ལྡན་གྱི་སྐུར་སྣང་བ་ལོངས་སྐུ་ཆེན་པོ། རི་རབ་རྩེ་ལ་སོགས་པར་འཁོར་ལོས་སྒྱུར་བའི་ཆ་བྱད་ཀྱིས་དཀྱིལ་འཁོར་སྤྲུལ་བཤད་མཛད་པ་སོགས་ལོངས་སྐུ་ཆུང་ངུ༌། དགའ་ལྡན་གྱི་གནས་ན་གནས་པར་སྟོན་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་སྤྲུལ་པའི་སྐུའོ། །དེ་ལྟར་ཤིན་ཏུ་འགོར་ཡང་བསྐལ་པ་ཆུང་ངུ་གཅིག་ལ་མཐར་ཐུག་གི་སངས་རྒྱས་འགྲུབ་པ་ཡིན་ནོ། །བཞི་པ་རྣལ་འབྱོར་བླ་མེད་ཀྱི་རྣམ་པར་གཞག་པ་ལ་གཉིས། སྒྲ་དོན་ངོ་བོ། བརྗོད་བྱའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། ཐབས་ཤེས་རྣལ་འབྱོར་མཆོག་གྱུར་བླ་མེད་ཀྱི། །ཐབས་དང་ཤེས་རབ་དབྱེར་མེད་དུ་སྦྱོར་བས་རྣལ་འབྱོར། རྒྱུད་


LT08,P030A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་ཆེན་པོ། དེའི་གོང་ན་རྒྱུད་གཞན་མེད་པས་ན་བླ་ན་མེད་པ་སྟེ། དུས་འཁོར་རྩ་རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ལུས་ཀྱིས་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་ལ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་དང༌། རྡོ་རྗེ་གུར་གྱི་འགྲེལ་པར། རྒྱུད་རྣམས་ཀུན་གྱི་བླ་མ་སྟེ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ངོ་བོ་ནི་ཀུན་བཏུས་ལས། བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་བཙུན་མོའི་བྷ་ག་ལ་ཡང་དག་པར་བཞུགས་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་མཐའ་དྲུག་གི་ངག་གིས་རབ་ཏུ་སྤྱོད་པ་དང་བསྒྲུབ་པར་བྱ་བ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བཞུགས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་བཀྲོལ་ནས་བཤད་ན་བཙུན་མོའི་འཁོར་གྱི་དབུས་སུ་མ་རྒྱུད་ལྟར་ན་ཧེ་རུ་ཀའམ་ཕ་རྒྱུད་ལྟར་ན་རྣམ་སྣང་སོགས་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས། ཕོ་བྲང་ན་རྒྱལ་པོ་གནས་ཞེས་པ་ལྟར་བཙུན་མོའི་བྷ་ག་ལ་སྟེ་ཆོས་འབྱུང་གི་ནང་གི་གཞལ་ཡས་ཁང་དུ་ཡང་དག་པར་བཞུགས་ཏེ་འཇིག་རྟེན་མི་ཆོས་ཀྱི་ལུགས་ཀྱི་སྤྱོད་པ་དང་འགལ་བ། མ་དང་སྲིང་མོ་བུ་མོ་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པ་ལྟ་བུ་ཤིན་ཏུ་དམན་པའི་བྱ་བ་བྱེད་པས་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་དོན་དགོངས་པ་དགོངས་མིན། དྲང་དོན་དང་ངེས་དོན། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་སྟེ་མཐའ་དྲུག་གི་ངག་གིས་རབ་ཏུ་སྤྱད་དེ་ཐུན་མོང་དང༌།


LT08,P030B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ནི་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ལ་བཞུགས་པ་སྟེ་གནས་སོ། །ཞེས་པའོ། །གཉིས་པ་ལ་བཞི། སྡུད་བྱེད་ཀྱི་ཆིངས་མདོར་བསྟན། དེ་རྟོགས་པར་བྱེད་པའི་ཐབས་སྨོས། སོ་སོའི་རྣམ་གཞག་ཤིན་ཏུ་རྒྱས་པར་བཤད། ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་མདོར་བསྡུ་བའོ། །དང་པོ་ནི། བརྗོད་བྱའི་དོན་ནི་རྒྱུད་གསུམ་དག་གིས་བསྡུས། །རྣལ་འབྱོར་བླ་མེད་ཀྱི་བརྗོད་བྱའི་དོན་བསྡུ་ཚུལ་རྒྱུད་སྡེ་རྣམས་དང་སློབ་དཔོན་སོ་སོའི་དགོངས་པས་འགའ་ཞིག་སྣང་བ་ལས། གཙོ་བོར་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། །རྒྱུད་དེའང་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡིས་རབ་དབྱེ་བས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར་རྒྱུད་གསུམ་དུ་བསྡུ་བ་ཉིད་ཡོངས་སུ་གྲགས་པས་དེ་ལྟར་འཆད་པར་བྱ་སྟེ། དེའང་རྒྱུད་ནི་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་རང་བཞིན་གྱིས་འོད་གསལ་བ་འདི་ཉིད་ཡིན་ཞིང༌། དེ་ཉིད་ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཀྱི་བར་དུ་རྒྱུན་མི་འཆད་པས་རྒྱུན་ཆགས་པ་ཡིན་ལ། གསུམ་ནི་ཉེ་བར་ལེན་པའི་རྒྱུའི་དབང་དུ་བྱས་ཏེ་རང་བཞིན་ནམ་རྒྱུའི་རྒྱུད། ལྷན་ཅིག་བྱེད་པའི་རྐྱེན་གྱི་དབང་དུ་བྱས་ནས་གཞིའམ་ཐབས་ཀྱི་རྒྱུད། དོན་གཉིས་ཕུན་ཚོགས་ཀྱི་བྱང་ཆུབ་ཀྱི་དབང་དུ་བྱས་ནས་མི་འཕྲོགས་པའམ་འབྲས་བུའི་རྒྱུད་དོ། །རྒྱུད་འདིར་འཇུག་པ་ལ་དོན་འདི་ཉིད་ཁོ་ནར་གལ་ཆེ་བས་འདིར་དོན་བསྡུས་མདོ་ཙམ་བཤད་ན། རྒྱུའི་རྒྱུད་ནི། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་སེམས་ཀྱི་རང་བཞིན་གྱི་ཚུལ་ནམ་མཁའ་ལྟར་འགྱུར་བ་མེད་པར་གནས་པ་དེ་ཉིད་


LT08,P031A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ལ་མདོ་སྡེ་རྣམས་སུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་གནས་པའི་རིགས་སོགས་དང༌། རྒྱུད་སྡེ་འོག་མ་རྣམས་སུ་བདག་གི་དེ་ཁོ་ན་ཉིད་དང༌། བྱང་ཆུབ་ཀྱི་སེམས་དང༌། ཀུན་ཏུ་བཟང་པོའི་སེམས་སོགས་མིང་ཇི་སྙེད་ཀྱིས་བསྙད་པ་ཡིན་མོད། གོང་མ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་འདིར་ནི་ཨེ་ཝཾ་ཟུང་འཇུག་གི་དོན་དང་སྦྱར་ཏེ་བཤད་ན། སེམས་ཀྱི་རང་བཞིན་གྱི་ཚུལ་དེ་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་འགྱུར་བ་མེད་པ། སོ་སོ་རང་གི་རིག་པའི་མཚན་ཉིད་ཅན་གྱི་ནང་གི་རིག་པ་ཡིན་པ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་སྟེ་ཆོས་གསུམ་ལྡན་དེ་ལ་དེ་བཞིན་ཉིད། རྒྱུའི་རྡོ་རྗེ་འཛིན་པ། དང་པོའི་སངས་རྒྱས་སོགས་ཀྱི་མིང་དུ་བརྗོད་པ་ཝཾ་ཡིག་གི་དོན་ཡིན་ལ། དེ་བཞིན་ཉིད་དེའང་ཆོས་ཉིད་ཀྱི་སེམས་ཡིན་པའི་གནད་ཀྱིས་རྣམ་པའམ་སྣང་བ་དང་བཅས་པ་ཡིན་ཞིང༌། སྣང་བ་དེའང་མ་དག་པའི་གནས་སྐབས་སུ་ཐ་མལ་འཁོར་བ་པའི་ཕུང་སོགས་སུ་སྣང་བ་དང༌། དག་ལ་མ་དག་པའི་གནས་སྐབས་སུ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྣང་བ་རབ་འབྱམས་སུ་འབྱུང་བ་དང༌། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་འཆར་བ་སྟེ། རྣམ་པ་སྣ་ཚོགས་པའི་རང་བཞིན་ཅན་དེ་ཉིད་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད། རྣམ་པ་ཐམས་ཅད་པ། དབང་པོ་ཐམས་ཅད་པ་ཞེས་སོགས་ཀྱི་མིང་དུ་བཏགས་པ་ཨེ་ཡིག་གི་དོན་ཡིན་ནོ། །དེ་ལྟ་བུའི་ཨེ་ཝཾ་ཟུང་འཇུག་དེ་བྱང་ཆུབ་ཀྱི་ཉེར་ལེན་ཡིན་པའི་ཆ་ནས་རྒྱུ་དང༌། རྒྱུད་བླ་མ་ལས། སེམས་ཅན་རྣམས་ཀྱི་ཉོན་མོངས་སྦུབས། །མ་འབྲེལ་ཐོག་མ་མེད་པ་ནས། །སེམས་ཀྱི་རང་བཞིན་དྲི་མེད་ནི། །ཐོག་མ་མེད་པ་ཡིན་པར་བརྗོད། །ཅེས་ཐོག་མ་མེད་པ་ནས་སེམས་ཀྱི་རང་བཞིན་ལ་གནས་ཏེ་


LT08,P031B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ནས་སངས་རྒྱས་ཀྱི་བར་རྒྱུན་ཆགས་པར་འཇུག་པས་ན་རྒྱུད་ཅེས་བྱའོ། །རང་བཞིན་ཞེས་བྱ་བ་ཡང༌། རྩ་བ་ཤེས་རབ་ལས། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་འབྱུང་བ་ལྟར་རྐྱེན་གྱིས་གསར་དུ་བཅོས་པའམ་སྒྲོ་བཏགས་པ་ལྟ་བུ་མིན་པར་སེམས་ཀྱི་ངོ་བོ་ཉིད་ཀྱི་གཤིས་ཚུལ་ཡིན་པའི་དོན་གྱིས་ན་རང་བཞིན་ནོ། །གཞིའམ་ཐབས་ཀྱི་རྒྱུད་ནི། སྒྲ་ཡངས་པར་ན་རིགས་སད་ནས་བྱང་ཆུབ་ཀྱི་བར་དུ་བགྲོད་པར་བྱེད་པའི་ལམ་གྱི་རྣམ་པ་སྲིད་དོ་འཚལ་ཐམས་ཅད་དང༌། དོག་པར་ན་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་ཡན་ལག་དང་བཅས་པ་ལ་གཞི་ཞེས་བྱ་སྟེ། མྱུ་གུ་འགྲུབ་པའི་གཞི་ས་གཞི་ལྟར་ལམ་དེ་རྣམས་བྱང་ཆུབ་ཀྱི་འབྲས་བུ་འགྲུབ་པ་དང་གནས་པའི་རྟེན་ཡིན་པའི་ཕྱིར་རོ། །གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་གཉིས་པོ་དེའང་ལམ་རིམ་པ་གཉིས་དང་འབྲེལ་ཞིང༌། དེ་ནི་རྟེན་དམ་ཚིག་སྡོམ་པ་དང་འབྲེལ་ལ། དེའང་འཇུག་སྒོ་དབང་དང་འབྲེལ་ཆགས་སུ་འབྱུང་བས་ན་རྒྱུད་ཅེས་བྱའོ། །ཐབས་ཞེས་བྱ་བ་ཡང་ལམ་དེ་ཉིད་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་ལའང་རིང་བ་དང་ཉེ་བའི་ཐབས་གཉིས་ལས། རིང་བའི་ཐབས་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསུམ་པོ་གང་ཡང་རུང་བ་ནས་རྣལ་འབྱོར་རྒྱུད་ཀྱི་བར་གྱི་ལམ་རྣམས་ཡིན་ཞིང༌། ཉེ་བའི་ཐབས་ནི་དབང་བསྐུར་བ་སྔོན་དུ་འགྲོ་བའི་རྣལ་འབྱོར་ཆེན་པོའི་ལམ་རིམ་པ་གཉིས་ཡན་ལག་དང་བཅས་པ་རྣམས་ཡིན་ནོ། །འབྲས་བུའི་རྒྱུད་ནི་ཉེར་ལེན་གྱི་རྒྱུ་དེ་ཉིད་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བ་ལས་གནས་གྱུར་པའི་ཚུལ་གྱིས་དག་པ་གཉིས་ལྡན་གྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པར་གཞན་དོན་གྱི་རྟེན་དུ་གྱུར་པ་སྟེ། དེའང་རེ་ཞིག་སྒྲིབ་པའི་བར་ཆད་དེ་ལྡོག་


LT08,P032A
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། རིག་པ་རྒྱུན་ཆད་པའི་མཚན་ཉིད་ཀྱིས་དམན་པའི་མྱ་ངན་ལས་འདས་པར་འཇུག་ན་གཞན་དོན་གྱི་རྟེན་ཉམས་ཤིང་འཕྲོགས་པ་ཡིན་པ་ལ། དེ་ལྟ་བུ་མ་ཡིན་པར་རྒྱུན་གཏན་དུ་འཇུག་པས་ན་མི་འཕྲོག་པ་ཞེས་བྱ་ལ། ནམ་མཁའ་མ་ཟད་པ་དེ་སྲིད་སེམས་ཅན་མི་ཟད་ཅིང༌། དེ་མ་ཟད་ཀྱི་བར་དུ་བྱང་ཆུབ་ཀྱང་རྒྱུན་འཆད་པར་མི་འགྱུར་བའི་ཕྱིར་གཏན་དུ་བའི་མཚན་ཉིད་ཅན་ཡིན་པས་ན་རྒྱུད་ཅེས་བྱའོ། །འབྲས་བུ་ཞེས་བྱ་བ་ཡང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིན་ཏུ་འདོད་པར་བྱ་བ་མཐར་ཐུག་གི་གཙོ་བོ་ཡིན་པས་ན་འབྲས་བུ་ཞེས་བྱ་སྟེ། དོན་འདི་ལྟ་བུ་ནི་མན་ངག་སྙེ་མ་ལས་གསལ་བར་གསུངས་པ་ལྟར་རོ། །དེའང་ཤིན་ཏུ་གོ་བདེ་བར་བརྗོད་ན། རྒྱུད་ལྔས་བསྡུས་པའི་སེམས་ཅན་ཞེས་ཡོངས་སུ་གྲགས་པ་འདི་རྣམས་ལ། རང་རང་གི་ལས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་བསྒྲུབས་པའི་གནས་དང་ལུས་དང་ལོངས་སྤྱོད་དང་སྐད་ཅིག་དང་འདུ་ཤེས་དང་སེམས་དང་རྣམ་པར་རྟོག་པའི་ཀུན་ཏུ་སྤྱོད་པ་ཇི་སྙེད་པ་ཞིག་སོ་སོར་སྣང་བ་དེ་དག་ནི། རབ་རིབ་ཅན་ལ་སྐྲ་ཤད་ལྟར་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་མཐུ་ལས་གཉིས་སུ་མེད་བཞིན་དུ་གཉིས་སུ་སྣང་བའི་འཁྲུལ་སྣང་ཁོ་ན་ཡིན་ལ། དེ་ལྟར་སྣང་བདོ་བའི་དུས་ཉིད་ན་ཡང་དེ་དག་གི་སྣང་གཞི་སེམས་རང་བཞིན་གྱིས་འོད་གསལ་བ་ནི་འཁྲུལ་སྣང་བག་ཆགས་ཀྱི་གཡའ་དང་བྲལ་བར་གནས་པ་དེ་ཉིད་ལ་རྒྱུའི་རྒྱུད་ཅེས་བརྗོད་དོ། །བླ་མ་དམ་པའི་མན་ངག་གིས་ཇི་ལྟར་སྣང་བ་དེ་ཉིད་ལ་བསལ་བཞག་མེད་པར་འོད་གསལ་བའི་ངོ་བོ་ཉིད་དུ་གོམས་པར་བྱེད་པས་སམ། དངོས་སུ་དེ་ལྟར་མི་ནུས་པ་རྣམས་ལ་དེ་དག་ཉིད་དེ་བཞིན་གཤེགས་པའི་གཞལ་མེད་ཁང་མཐའ་ཡས་པའི་རྒྱན་དང་བཅས་པར་ལྷ་དང་ལྷ་མོའི་རྣམ་པར་རོལ་པས་ཡུལ་ལ་འགོག་པ་མེད་པར་ལོངས་སྤྱོད་པའི་


LT08,P032B
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སྔོན་དུ་འགྲོ་བས་འོད་གསལ་བའི་ཡེ་ཤེས་ལ་སྦྱར་ཏེ། ཡེ་ཤེས་དེ་ཉིད་ཆུ་བོའི་རྒྱུན་བཞིན་དུ་གོམས་པའི་སྦྱོར་བ་བརྟན་པོར་བྱེད་པ་ལ་ནི་ལམ་གྱི་རྒྱུད་ཅེས་བརྗོད་དོ། །དེ་ལྟར་རྒྱུན་དུ་གོམས་པ་ལས་ཇི་ཞིག་ལྟར་ན་རང་གི་སེམས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་གི་རྣམ་པར་འགོག་པ་མེད་པར་སྣང་ཡང༌། འཁྲུལ་པའི་དྲི་མ་མ་ལུས་པ་ཟད་པས་གཉིས་སུ་སྣང་བ་མེད་པའི་རང་རིག་པའི་ཡེ་ཤེས་ཆེན་པོ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཟུང་འཇུག་གི་ངོ་བོ་ཉིད་དུ་འགྱུར་ལ། དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་དང་གཉིས་སྣང་གི་དྲི་ཙམ་ཡང་མེད་བཞིན་ཏུ་ནམ་མཁའི་ཁམས་ཀྱི་མཐར་ཐུག་པའི་རིས་མེད་པའི་སེམས་ཅན་གྱི་རང་རང་གི་མོས་པ་དང་བསམ་པ་དང་དབང་པོ་ཇི་ལྟ་བ་བཞིན་དུ་འདོད་པའི་དོན་མ་ཚང་བ་མེད་པ། དུས་ལས་ཡོལ་བ་མེད་པར་ཡོངས་སུ་རྫོགས་པར་འབྱུང་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དེ་བའི་འབྲས་བུའི་རྒྱུད་ཅེས་བརྗོད་པ་ཡིན་ནོ། །གཉིས་པ་རྟོགས་བྱེད་ཀྱི་ཐབས་སྨོས་པ་ནི། རྒྱུ་རྒྱུད་ཐོས་དང་བསམ་པས་སྒྲོ་འདོགས་བཅད། །ཐབས་རྒྱུད་སྒོམ་པས་ཉམས་སུ་བླངས་ཏེ་བསྟེན། །འབྲས་རྒྱུད་ཚོགས་གསུམ་དག་གིས་མངོན་དུ་བྱ། །དེ་ལ་རྒྱུའི་རྒྱུད་ནི་ཕྱོགས་སུ་མ་ལྷུང་བའི་ཐོས་པ་དང༌། ཕྱིན་ཅི་མ་ལོག་པའི་བསམ་བྱུང་གི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་དེ་ཇི་བཞིན་དུ་ཤེས་པར་བྱ་བའོ། །ཐབས་ཀྱི་རྒྱུད་ནི་ཐོས་བསམ་གྱི་དོན་དེ་ཉིད་གོ་ཡུལ་ཙམ་དུ་མ་ལུས་པར་དད་བརྩོན་དྲག་པོས་བསྒོམས་ཏེ་རང་གི་རྒྱུད་ལ་ཉམས་སུ་བླངས་ནས་བསྟེན་པར་བྱ་བའོ། །འབྲས་བུའི་རྒྱུད་ནི་བསོད་ནམས་དང་ཡེ་ཤེས་དང་ཚུལ་ཁྲིམས་ཏེ་ཚོགས་གསུམ་གྱི་སྒྲུབ་པ་མཐར་ཕྱིན་པས་མངོན་དུ་བྱ་བ་ཡིན་ནོ། །གསུམ་པ་སོ་སོའི་རྣམ་གཞག་ཤིན་ཏུ་རྒྱས་པར་འཆད་པ་ལ་གསུམ། དག་བྱ་ཀུན་གཞི་རང་བཞིན་རྒྱུའི་རྒྱུད། དག་བྱེད་ལམ་རིམ་གཞི་རྟེན་ཐབས་ཀྱི་


LT08,P033A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། དག་པ་མངོན་གྱུར་མི་འཕྲོག་འབྲས་བུའི་རྒྱུད་དོ། །དང་པོ་ལ་གཉིས། གྲུབ་ཆེན་ཞི་སྦས་ཡབ་སྲས་ཀྱི་བཞེད་པ་དང༌། ཁྱད་པར་མཁས་གྲུབ་ནཱ་རོ་ཡབ་སྲས་ཀྱི་ལུགས་བཤད་པའོ། །དང་པོ་ནི། རྒྱུ་རྒྱུད་ངོ་བོ་རང་བཞིན་འོད་གསལ་གཙོ། །མཚན་ཉིད་བཞི་ལྡན་རྣམ་གྲངས་རྒྱུད་དང་གཞི། །ཀུན་གཞི་དང་པོའི་སངས་རྒྱས་སྐྱོན་ཡོན་དང༌། །རྒྱུ་འབྲས་འབྲེལ་ལྡན་གནས་སྐབས་ལྔ་པོ་རུ། །འགྱུར་བ་མེད་པས་རྟོགས་བྱ། །ཞེས་པ་སྟེ། རྒྱུའི་རྒྱུད་ལ་བོད་ཀྱི་གྲུབ་མཐའ་སྨྲ་བ་རྣམས་བཞེད་ཚུལ་མི་མཐུན་པ་མང་ཡང༌། ཕལ་ཆེར་ཐུན་མོང་བ་གོང་དུ་སྨོས་ཟིན་ལ། འདིར་རྩོད་དུས་ཀྱི་ཧེ་རུ་ཀ་ཞི་བ་སྦས་པ་ཡབ་སྲས་ཀྱི་ལེགས་པར་བཤད་པའི་ལུགས་ལྟར་ན། ངོ་བོ་གཙོ་བོ་མཚན་ཉིད་དང༌། །རྣམ་གྲངས་ལྡན་པ་གནས་སྐབས་དང༌། །མི་འགྱུར་བས་ཀྱང་རྒྱུ་རྒྱུད་བསྡུས། །ཞེས་རྒྱུའི་རྒྱུད་ལ་རྣམ་གྲངས་བདུན་དུ་བཤད་པའི་དང་པོ་ངོ་བོ་ནི། ཐོག་མ་མེད་པའི་དུས་རྣམས་ནས་བརྒྱུད་དེ་འོངས་པ། སེམས་རང་བཞིན་གྱི་འོད་གསལ་བ་གང་ཡིན་པ་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་དང༌། སྣོད་དང་བཅུད་ཀྱི་རང་བཞིན་དང༌། རྩ་དང་རླུང་དང་ཁམས་དང་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་རྣམས་སོ། །གཉིས་པ་གཙོ་བོ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་ནི་དེ་རྣམས་ཀྱི་གཙོ་བོར་གྱུར་པས་དེའི་སྒྲས་ལོགས་སུ་དབྱེའོ། །གསུམ་པ་དེའི་མཚན་ཉིད་ནི། ཞིང་དང་སྐུ་དང་ཡེ་ཤེས་ལ་སོགས་པ་འབྲས་བུའི་ཆོས་མཐུན་པའི་ཁྱད་པར་ཅན། རང་བཞིན་བདེ་བ་ཆེན་པོ། རྒྱུན་ཆད་པ་མེད་པ། ཆོས་ཉིད་ཀྱིས་ཐོབ་པ་སྟེ་ཁྱད་པར་བཞི་དང་ལྡན་པའོ། །བཞི་པ་མིང་གི་རྣམ་གྲངས་ནི། རྒྱུའི་རྒྱུད་དང༌། སྦྱང་གཞི་དང༌། ཀུན་གཞི་དང༌། དང་པོའི་སངས་རྒྱས་རྣམས་སོ། །དེ་དག་ལའང་ཞིབ་མོར་དབྱེ་ན། རྒྱུ་ནི་བཅུ་བཞི་སྟེ།


LT08,P033B
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་རྒྱུ་དང༌། ལས་ཀྱི་རྒྱུ་དང༌། སྡུག་བསྔལ་གྱི་སྟེ་ཀུན་ནས་ཉོན་མོངས་པའི་དང༌། སྣོད་དང༌། བཅུད་དང༌། ལམ་གྱི་དང༌། སྟོང་པ་དང༌། བདེ་བ་དང༌། ཟུང་དུ་འཇུག་པའི་རྒྱུ་དང༌། རགས་པ་དང༌། ཕྲ་བ་དང༌། ཤིན་ཏུ་ཕྲ་བའི་རྒྱུ་དང༌། གཟུགས་ཀྱི་སྐུ་གཉིས་དང༌། ཆོས་ཀྱི་སྐུའི་རྒྱུ་རྣམས་སོ། །གཞི་ལའང་བཅོ་ལྔ་སྟེ། སྣོད་དག་པའི་གཞི་དང༌། བཅུད་དག་པའི་གཞི་དང༌། ཉེར་སྤྱོད་དག་པའི་གཞི་དང༌། རྣམ་པར་འགྱུར་བ་དག་པའི་གཞི་དང༌། རང་བཞིན་དག་པའི་གཞི་དང༌། འཁོར་བའི་གཞི་དང༌། མྱ་ངན་ལས་འདས་པའི་གཞི་དང༌། རང་བཞིན་གྱི་གཞི་དང༌། རྣམ་གྲངས་ཀྱི་གཞི་དང༌། མཐར་གཏུགས་པའི་གཞི་དང༌། ཀུན་རྫོབ་ཀྱི་གཞི་དང༌། དོན་དམ་པའི་གཞི་དང༌། རགས་པའི་གཞི་དང༌། ཕྲ་བའི་གཞི་དང༌། ཤིན་ཏུ་ཕྲ་བའི་གཞི་རྣམས་སོ། །དེ་ལ་སྣོད་དག་པ་སོགས་དང་པོ་ལྔ་ནི་ལས་དང་བྱ་བའི་སྒོ་ནས་ཏེ་སྦྱང་བྱའི་རབ་ཏུ་དབྱེ་བའོ། །དེ་ནས་འཁོར་བའི་གཞི་སོགས་གསུམ་ནི་བཅིངས་གྲོལ་གྱི་རབ་ཏུ་དབྱེ་བའོ། །དེ་ནས་རྣམ་གྲངས་དང་མཐར་གཏུགས་པའི་གཞི་གཉིས། ཀུན་རྫོབ་དོན་དམ་གྱི་གཞི་གཉིས་ནི་དངོས་དང་བཏགས་པ་བ་དང༌། རྫས་དང་བཏགས་པའི་རབ་ཏུ་ཕྱེ་བའོ། །ཐ་མ་གསུམ་ནི་རྟོགས་ཚུལ་གྱིས་རབ་ཏུ་ཕྱེ་བའོ། །དེ་ལ་རགས་པའི་གཞི་ལའང་མཚན་ཉིད་དང་རྣམ་གྲངས་ཕྱེ་བས་དགུ་སྟེ། ཙནྡན་དང༌། ཨུཏྤ་ལ་དང༌། པདྨ་དང༌། པདྨ་དམར་པོ་དང༌། རིན་པོ་ཆེ་ལྟ་བུ་དང༌། ཉོན་མོངས་པས་རྣམ་པར་ཕྱེ་བ་དང༌། ལས་ཀྱིས་རྣམ་པར་ཕྱེ་བ་དང༌། ལུས་ཀྱིས་རྣམ་པར་ཕྱེ་བ་དང༌། རིགས་ཀྱིས་རྣམ་པར་ཕྱེ་བའོ། །དེའི་དང་པོ་ལྔ་ནི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའོ། །ཕྱི་མ་བཞི་ནི་རྣམ་གྲངས་ཀྱིས་རབ་ཏུ་ཕྱེ་བ་སྟེ། དེ་དག་ནི་གང་ཟག་ཏུ་བཏགས་པས་ཡོད་པ་ལ་བརྗོད་པའོ། །ཀུན་གཞི་ནི་མཚན་ཉིད་ཀྱི་ཐེག་པར་


LT08,P034A
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང་མཚུངས་སོ། །དང་པོའི་སངས་རྒྱས་ནི་གཉིས་ཏེ། རང་བཞིན་གྱི་དང་པོའི་སངས་རྒྱས་དང༌། གློ་བུར་གྱི་དང་པོའི་སངས་རྒྱས་སོ། །ལྔ་པ་ལྡན་པ་ནི། སྐྱོན་ཡོན་དང་རྒྱུ་འབྲས་ཀྱི་ཚུལ་དུ་འབྲེལ་བར་ལྡན་པ་སྟེ། རྒྱུ་རྒྱུད་དེ་ལ་སད་རྨི་གཉིད་སྟུག་སྙོམས་འཇུག་གི་གནས་སྐབས་བཞིའི་སྒྲིབ་པ་སྐྱོན་ནམ་རྒྱུར་གནས་ལ། དགའ་བཞི་དང་སྣང་བཞིའི་ཡོན་ཏན་ནམ་འབྲས་བུའང་ལྷན་ཅིག་གནས་པ་ཡིན་ནོ། །དེ་བཞིན་དུ་ཨེ་བཾ་མཱ་ཡཱའི་དོན་ཅན། འཁོར་ལོ་བཞི། རླུང་ཐིག་བཞི་རྣམས་དྲི་མ་དང་འཛག་བཅས་ཀྱི་དབང་ལས། རིགས་བཞི། རྒྱུད་བཞི། འགྲོ་བ་བཞི། ཡོན་ཏན་བཞི། ཐུན་ཚོད་བཞི་ལ་སོགས་པར་སྒྲོ་འདོགས་ཤིང་སྐྱོན་ནམ་རྒྱུར་གནས་པ་ལ། ཐམས་ཅད་ཡོད་པར་རྟོགས་པ། རྡུལ་ཕྲན་དུ་རྟོགས་པ། སེམས་ཙམ་དུ་རྟོགས་པ། དེའང་མི་དམིགས་པ་སྟེ་བག་ཆགས་བཞིས་བསྐྱེད་པའི་རྣམ་པར་རྟོག་པ་བཞི་ལས་བྱུང་བའི་གྲུབ་མཐའ་བཞི། སྡེ་པ་བཞི། སྐད་ཅིག་མ་དང༌། དགའ་བ་བཞི། བདེན་པ་བཞི་སོགས་སུ་ལྟ་བ་དང༌། ཕྱག་རྒྱ་བཞིས་དྲི་མ་སྦྱོང་སྟེ་ཅུང་ཟད་དྲི་བྲལ་དང་འཛག་མེད་ཀྱི་དབང་ལས་སྐྱོན་ཡོན་རྒྱུ་འབྲས་འདྲེས་པར་གནས་པ་དང༌། ཇི་བཞིན་དུ་རྟོགས་ནས་ཆེས་དྲི་བྲལ་དང་ཤིན་ཏུ་འཛག་མེད་ཀྱི་དབང་ལས་སྐུ་བཞི་དང་རྡོ་རྗེ་བཞི་སོགས་ཡོན་ཏན་དང་འབྲས་བུ་ཁོ་ནའི་ཚུལ་དུ་སྣང་བའོ། །དྲུག་པ་གནས་སྐབས་ནི་ལྔ་སྟེ། ཐར་པའི་ཆ་མཐུན་མ་བསྐྱེད་པ་དང༌། བསྐྱེད་པ་དང༌། སོ་སོའི་སྐྱེ་བོའི་ལམ་དང༌། སློབ་པའི་ལམ་དང༌། མི་སློབ་པའི་གནས་སྐབས་ལྔ་པོར་རིམ་བཞིན་དང་པོའི་སངས་རྒྱས་དང༌། རྒྱུའི་རྒྱུད་དང༌། ལམ་དུ་ཞུགས་པ་དང༌། འཕགས་པ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ཞེས་མིང་གིས་བཏགས་པ་ཡིན་ནོ། །བདུན་པ་འགྱུར་བ་མེད་པ་ནི། སྔ་མ་ལས་ཕྱི་མར་གྱུར་པའི་ཚེ་ངོ་བོ་མི་འགྱུར་


LT08,P034B
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། རྒྱུའི་རྒྱུད་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། འགྲོ་བ་རྣམས་དང༌། རྟེན་འབྲེལ་རྣམས་དང༌། རིགས་པ་དང༌། བདེན་པ་དང༌། རྣམ་པར་མི་རྟོག་པ་ལ་ཞུགས་པ་དང༌། འབྲས་བུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀྱང་མི་འཇིག་ཅིང་མི་འགྱུར་བ་སྟེ། དེ་ལྟར་དོན་བདུན་གྱི་སྒོ་ནས་རྟོགས་པར་བྱའོ། །གཉིས་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་ལུགས། །བཞི་ལ་ལུས་སེམས་དངོས་པོའི་གནས་ལུགས་གཉིས། ཁྱད་པར་གྲུབ་པའི་དབང་ཕྱུག་ཏེ་ལོ་པས་ཡེ་ཤེས་མཁའ་འགྲོ་ལས་དངོས་སུ་གསན་པའི་མན་ངག་གི་རྒྱུད་བཀའ་ཡང་དག་པའི་ཚད་མ་ལས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་བླ་མེད་ཀྱི་ལམ་རིམ་ཐམས་ཅད་གཞི་དངོས་པོའི་གནས་ལུགས། ལམ་དང༌། འབྲས་བུ་སྐྱེ་བའི་རིམ་པ་གསུམ་དུ་བསྡུས་ཤིང༌། དང་པོ་ལའང༌། དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་ཀྱི་གནས་ལུགས་སོ། །ཞེས་གསུངས་ཏེ། དེའང་གནས་ལུགས་ཞེས་བྱ་བ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ཚུལ་དེ་གཞི་དུས་ཀྱི་ཕྱག་རྒྱ་ཆེན་པོ་དང་གཉུག་མའི་དེ་ཉིད་དང༌། དང་པོའི་མགོན་པོ་དང༌། དེ་བཞིན་གཤེགས་པའི་རིགས་སམ་སྙིང་པོ་ཞེས་ཀྱང་བཤད་ལ། དབྱེ་གཞི་དེའི་སྟེང་དུ། སྣང་ཚུལ་གྱི་དབྱེ་སྒོ་ལུས་དངོས་པོའི་གནས་ལུགས་དང༌། སེམས་དངོས་པོའི་གནས་ལུགས་གཉིས་སུ་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། གཙོ་བོ་སེམས་དངོས་པོའི་གནས་ལུགས། ཡན་ལག་ལུས་དངོས་པོའི་གནས་ལུགས། དེ་དག་མཚོན་བྱེད་ཨེ་བཾ་སོགས་བཤད་པའོ། །དང་པོ་ལ་གཉིས། དག་པ་གནས་ལུགས་ཀྱི་ངོ་བོ། མ་དག་པ་འཁྲུལ་ལུགས་ཀྱི་སྣང་བ་བཤད་པའོ། །དང་པོ་ལ།


LT08,P035A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་རྒྱུ་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་ལ་རིགས་ཞེས་གྲགས་པ་དེ་ཉིད་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་འདོད་ཚུལ་མི་འདྲ་བ་མང་དུ་སྣང་བས་ཕྱོགས་ཙམ་ཤེས་པ་གལ་ཆེ་སྟེ། དེའང་བྱེ་བྲག་ཏུ་སྨྲ་བ་དག་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་འདོད་པ་ཆུང་ཞིང་ཆོག་ཤེས་པ་ནི་འཕགས་པའི་རིགས་སུ་འདོད། མདོ་སྡེ་པ་དག་གིས་སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་བཞེད་ཅིང༌། རྣལ་འབྱོར་སྤྱོད་པ་སེམས་ཙམ་པས། ཐོག་མ་མེད་པ་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་སྐྱེད་པར་བྱེད་པའི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་བཞེད། དབུ་མ་པའི་ལུགས་ལ། །དྲི་མ་དང་བཅས་པའི་ཆོས་ཉིད་དེ་བཞིན་ཉིད་རིགས་སུ་འདོད་པ་ལ་ཕལ་ཆེར་མཐུན་ཡང༌། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངོས་འཛིན་ལུགས་མི་འདྲ་བ་མང་ཆེས་པས་བོད་ཀྱི་ཡུལ་འདིར་ལྟ་བ་ཐ་དད་པ་སྣ་ཚོགས་པས་གཟིངས་ཏེ། མུ་ཅོར་སྨྲ་བ་དཔག་ཏུ་མེད་པ་ཞིག་སྣང་ངོ༌། །རྡོ་རྗེ་ཐེག་པ་ལས་བཤད་པའི་བདེ་བར་གཤེགས་པའི་སྙིང་པོ་ལའང༌། དཔལ་ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱིས་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་བཤད་ནས། དེ་ལ་ཡོན་ཏན་གྱི་ཆོས་རྣམས་དངོས་སུ་མེད་ཀྱང་རྒྱུའི་ཚུལ་གྱིས་ལྷུན་གྲུབ་ཏུ་ཡོད་པ། རྐྱེན་ཚོགས་གཉིས་སམ་རིམ་གཉིས་ཉམས་སུ་བླངས་པས་འབྲས་བུ་མངོན་དུ་བྱས་པ་ན་རྒྱུ་དེ་དག་གནས་གྱུར་ནས་ཡོན་ཏན་གྱི་ཆོས་རྣམས་ཐོབ་པར་གསུངས་ཤིང༌། ཀུན་མཁྱེན་ཆེན་པོ་ཇོ་མོ་ནང་པས་ནི་རང་བཞིན་གནས་རིགས་ཆོས་ཀྱི་སྐུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་བཅས་པ་སེམས་ཅན་ཐམས་ཅད་ལ་ཡེ་གདོད་མ་ནས་རང་ཆས་སུ་ཡོད་ཅིང་དེའང་གློ་བུར་གྱི་དྲི་མས་བསྒྲིབས་པའི་སངས་རྒྱས་དངོས་ཡིན་ལ། རྒྱས་འགྱུར་གྱི་རིགས་ནི་ཐོས་པ་ལ་སོགས་པའི་བག་ཆགས་ཀྱི་རྐྱེན་གྱིས་བསྐྱེད་


LT08,P035B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསར་དུ་བྱུང་བར་བཞེད་དོ། །བོད་ཀྱི་སློབ་དཔོན་ཆེན་པོ་གསང་བས་བྱིན་གྱིས་ནི། དྭངས་མ་མི་ཤིགས་པ་ཁྱད་པར་གསུམ་ལྡན་ཞེས་བྱ་བ་ལུས་ངག་ཡིད་གསུམ་གྱི་དྭངས་མ་ལ་བཤད། རྗེ་ཙོང་ཁ་པའི་རྗེས་འབྲང་རྣམས་ཀྱིས། སེམས་བདེན་པས་སྟོང་པའི་སྟོང་ཉིད་ཞེས་བྱ་བ་མེད་པར་དགག་པའི་ཕྱོགས་ལ་བཤད་དོ། །དཔལ་རང་བྱུང་གི་ཞལ་སྔ་ནས་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན་ཆུ་ཟླ་ལྟར་བདེན་རྫུན་དང་བྲལ་ཞིང་ངོས་བཟུང་དང་མཚན་མ་ལས་འདས་པའི་ཐ་མལ་གྱི་ཤེས་པ་ཉིད་ལ་བདེ་བར་གཤེགས་པའི་སྙིང་པོར་བཞེད། ཀུན་མཁྱེན་ཀློང་ཆེན་པས། ཡིད་བཞིན་མཛོད་འགྲེལ་ལས། ཡེ་ནས་འདུས་མ་བྱས་པའི་སོ་སོ་རང་གི་རིག་པའི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བལ་བ་འདི་བདེ་བར་གཤེགས་པའི་སྙིང་པོ་སྟེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །ཞེས་བཞེད་དོ། །དེ་དག་གི་རྗེས་འབྲང་རྣམས་ནི་བཤད་ཚུལ་རྩིང་ཞིབ་ཁྱད་པར་ཙམ་ལས་ལུགས་སྲོལ་དེ་ལྟར་སྨྲ་བ་ཤ་སྟག་གོ །དེ་ལྟར་བཞེད་ཚུལ་སྤྱིར་བཀོད་ནས། གཞུང་དོན་དངོས་འཆད་པ་ལ་གཉིས། ཐུན་མོང་ཕར་ཕྱིན་ཐེག་པ་དང་སྒོ་མཐུན་པ། ཐུན་མིན་སྔགས་བླ་མེད་ཀྱི་ཁྱད་ཆོས་ཀྱིས་བརྒྱན་ཏེ་བཤད་པའོ། །དང་པོ་ནི། སེམས་ཉིད་འོད་གསལ་རང་བཞིན་གནས་རིགས་ནི། ཁྱད་པར་གསུམ་ལྡན་རྒྱས་འགྱུར་ཡང་དག་བླངས། །དཔེ་དགུའི་ཚུལ་གྱིས་གློ་བུར་དྲི་མས་བསྒྲིབས། །སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་དང་དབྱེ་བ་མེད་པའི་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་འོད་གསལ་བའི་བདག་ཉིད་ནི་རང་བཞིན་གནས་རིགས་ཞེས་བྱ་བ་འཁོར་འདས་ཐམས་ཅད་ཀྱི་གཞི་སྟེ། ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པ་དང་ཆོས་ཉིད་ཀྱིས་ཐོབ་པ་དང་སྐྱེ་མཆེད་དྲུག་གི་ཁྱད་


LT08,P036A
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་འདྲ་བ་ཞེས་ཁྱད་པར་previous hit གསུམ་ལྡན་དུ་གསུངས་ལ། དང་པོས་ནི་དུས་ཐོག་མ་མེད་པ་ནས་བརྒྱུད next hit་དེ་འོངས་པ་ཡིན་པས་གསར་དུ་རྙེད་པ་མ་ཡིན་པར་བསྟན། གཉིས་པས་ནི་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་ཆོས་ཉིད་དུ་ཡོད་པར་བསྟན། གསུམ་པས་ནི་སེམས་ཅན་གྱི་སྐྱེ་མཆེད་དྲུག་པོའི་སྟེང་དུ་ཟག་པ་མེད་པའི་སྐྱེ་མཆེད་དྲུག་དང་ཤིན་ཏུ་འདྲ་བའི་སྐལ་མཉམ་གྱི་རྒྱུ་ཡོད་པ་རྣམས་བསྟན་ནོ། །རྒྱས་འགྱུར་ཡང་དག་པར་བླངས་པའི་རིགས་ནི་ཇོ་ནང་ཀུན་མཁྱེན་སྔར་མེད་གསར་བྱུང་དུ་བཞེད་ལ། རང་བྱུང་ཞབས་ཀྱིས་ནི། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་དབྱེ་བ་མེད་པར་རྣམ་ཤེས་ཚོགས་བརྒྱད་ཀྱི་དྲི་མ་མེད་པའི་རང་གི་ངོ་བོ་ཡེ་ཤེས་བཞིའི་རང་བཞིན་དུ་བཞུགས་པ་དེ་ཡིན་ཏེ། དེ་གཟུགས་སྐུ་གཉིས་རྒྱས་པར་འགྱུར་རྒྱུའི་རིགས་ཡིན་པའི་ཕྱིར། དེའི་དོན་ཡང༌། དཀར་པོའི་ཆོས་ཡང་དག་པར་བླངས་པས་ཚོགས་བརྒྱད་ཀྱི་རང་ངོ་མ་ཤེས་པའི་དྲི་མ་བཅོམ་པ་ལས། ཚོགས་བརྒྱད་ཀ་རང་རིག་ཏུ་གྲོལ་བ་ན་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་བཞིར་གནས་གྱུར་པ་ཞེས་བྱ་བའི་མིང་ཐོབ་ཅིང་དེ་དག་གཞན་སྣང་ལ་གཟུགས་ཀྱི་སྐུར་སྣང་བར་བཞེད་དོ། །མདོར་ན་རང་བྱུང་རྒྱལ་བ་སོགས་ཀྱིས་དྲི་མ་དང་བཅས་པའི་སེམས་ཉིད་ཀྱི་གཤིས་སྐྱེ་མེད་ནི་རང་བཞིན་གནས་རིགས་དང་གདངས་འགག་མེད་ནི་རྒྱས་འགྱུར་གྱི་རིགས་ཡིན་པས། དེ་ལ་དྲི་བཅས་ཀྱི་སྐུ་གཉིས་ཟུང་འཇུག་ཅེས་བྱ་ཞིང༌། དྲི་མ་རྣམ་པར་དག་པའི་སེམས་ཉིད་ཀྱི་གཤིས་སྐྱེ་མེད་ནི་རང་དོན་ཆོས་ཀྱི་སྐུ་དང་གདངས་འགག་མེད་ནི་གཞན་དོན་གཟུགས་ཀྱི་སྐུར་སྣང་བས། དེ་ལ་དྲི་བྲལ་གྱི་སྐུ་གཉིས་ཟུང་འཇུག་ཡིན་པར་བཞེད་པའོ། །དེ་ལྟ་བུའི་གཞི་རྒྱུད་བདེ་གཤེགས་སྙིང་པོ་ལུས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁྱབ་པར་


LT08,P036B
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཀྱང༌། རྒྱུད་བླ་མ་ལས་དཔེ་དགུའི་ཚུལ་གྱིས་བསྟན་པའི་གློ་བུར་གྱི་དྲི་མས་བསྒྲིབས་ཏེ། ཇི་སྐད་དུ། ཡོད་པ་མི་མཐོང་མེད་པ་མཐོང༌། །ཞེས་པ་ལྟར་ཕྱིན་ཅི་ལོག་ཏུ་འཁྲུལ་པ་ཡིན་ནོ། །སྙིང་པོ་སྒྲིབ་བྱེད་ཀྱི་དྲི་མ་དཔེ་དགུ་དང་སྦྱར་བའང༌། ལམ་དུ་མ་ཞུགས་པའི་སེམས་ཅན་ཙམ་གྱི་རྒྱུད་ལ་ཡོད་པའི་དྲི་མ་འཁོར་བ་འབའ་ཞིག་གི་རྒྱུར་གནས་པ་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། དེ་གསུམ་ཆ་མཉམ་དུ་འདྲེས་པ་དྲག་པོའམ་རགས་པའི་ཀུན་ནས་ལྡང་བའི་མཚན་ཉིད་རྣམ་པ་བཞི་ནི། པདྨ་དང༌། སྦྲང་མ་དང༌། སྦུན་པ་དང༌། འདམ་རྫབ་བཞིས་བསྟན་པ་ཡིན་ནོ། །ཉན་ཐོས་རང་སངས་རྒྱས་གཉིས་ཀྱི་དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་མ་རིག་པའི་བག་ཆགས་ཀྱིས་སྙིང་པོ་སྒྲིབ་པའི་རང་བཞིན་ནི། ས་འོག་གི་དབུལ་པོའི་གཏེར་གྱི་དཔེ་གཅིག་གིས་བསྟན་ནོ། །སློབ་པ་སོ་སོའི་སྐྱེ་བོའི་རྒྱུད་ལ་ཡོད་པའི་ཐེག་ཆེན་མཐོང་སྤངས་ཀྱི་དྲི་མ་དང༌། འཕགས་པའི་རྒྱུད་ཀྱི་སྒོམ་སྤངས་ཀྱི་དྲི་མ་གཉིས་ནི་ཤུན་ལྤགས་དང་གོས་རུལ་གཉིས་ཀྱིས་བསྟན་ཏོ། །སར་གནས་ཀྱི་ས་བཅུའི་དྲི་མའང་མ་དག་ས་བདུན་མན་ཆད་ལ་བརྟེན་པའི་དྲི་མ་དང༌། དག་པ་ས་གསུམ་ལ་བརྟེན་པའི་སའི་དྲི་མ་ནི། མངལ་དང༌། འདམ་གྱི་གསེར་གྱི་དཔེ་གཉིས་ཀྱིས་བསྟན་ཏོ། །དེ་དག་གི་སྙིང་པོའང་པདྨོའི་སྦུབས་ཀྱི་སངས་རྒྱས། སྦྲང་མའི་སྦྲང་རྩི། སྦུན་པའི་འབྲས། འདམ་རྫབ་ཀྱི་གསེར། ས་འོག་གི་གཏེར། ཤུན་ལྤགས་ཀྱི་མྱུ་གུ། གོས་རུལ་ནང་སྐུ་བརྙན། མངལ་གྱི་མི་བདག །ས་འདམ་གྱི་གསེར་གྱི་དཔེ་རྣམས་ཀྱིས་བསྟན་པར་མཛད་དོ། །མ་དག་དག་དང་ཤིན་ཏུ་རྣམ་དག་གི །གནས་སྐབས་གསུམ་དུ་ངོ་བོ་འགྱུར་བ་མེད། །སྙིང་པོ་དེ་ཉིད་གློ་བུར་གྱི་དྲི་མས་གཏན་ནས་མ་དག་པའི་ཚེ་སེམས་ཅན་ཞེས་བྱ། མ་དག་པ་དང་དག་པ་གཉིས་ཀ་


LT08,P037A
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཞེས་བྱ། ཤིན་ཏུ་རྣམ་པར་དག་པའི་ཚེ་དེ་བཞིན་གཤེགས་པ་ཞེས་བྱའོ། །དེའང་ལས་དང་ཉོན་མོངས་པས་བསྐྱེད་པའི་འཁོར་བ་དང་ལྡན་པའི་གནས་སྐབས་ནི། མ་དག་པའོ། །ལས་དང་ཉོན་མོངས་པ་ལས་གྲོལ་ཡང་མ་རིག་བག་ཆགས་ཀྱི་ས་ལས་མ་གྲོལ་བའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའ་དང༌། དེ་ལས་ཀྱང་གྲོལ་བ་ན་དེ་བཞིན་གཤེགས་པའི་གནས་སྐབས་ཏེ། དེ་གསུམ་ཡང་ཀུན་རྫོབ་ཀྱི་འཁྲུལ་པ་ལ་ལྟོས་ནས་བཞག་གི་དོན་དམ་དབྱིངས་ཀྱི་ངོ་བོ་ལ་འགྱུར་བ་མེད་དོ། །ཐོག་མེད་དུས་ནས་ཆོས་རྣམས་ཀུན་གྱི་གནས། །རྟོགས་དཀའ་བསམ་མི་ཁྱབ་པའི་གནས་བཞིས་འཁྱུད། །ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འཁོར་བ་དང༌། །མྱ་ངན་འདས་པ་ཐོབ་པ་ཡིན། །ཅེས་པ་ལྟར་ཐོག་མ་མེད་པའི་དུས་ཅན། འཁོར་བ་དང་མྱང་འདས་ཀྱི་ཆོས་རྣམས་འཁྲུལ་གྲོལ་གྱི་གདགས་གཞིར་གྱུར་པའི་བདེ་གཤེགས་སྙིང་པོ་ཞེས་བྱ་བ་དེ་ནི་སངས་རྒྱས་ཉག་གཅིག་མ་གཏོགས་གཞན་དག་གིས་ཤིན་ཏུ་རྟོགས་པར་དཀའ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་བཞིས་འཁྱུད་པས་ཤིན་ཏུ་དབང་པོ་རྣོན་པོའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་པར་གསུངས་ཏེ། གནས་བཞི་ནི། རྒྱུད་བླ་མར། དག་དང་ཉོན་མོངས་དང་ལྡན་ཕྱིར། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་གསུངས་ཏེ། དེའང་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་ཅིག་ཅར་དུས་གཅིག་ཏུ་རྣམ་པར་དག་པའང་ཡིན་ལ་ཀུན་ནས་ཉོན་མོངས་པའི་དྲི་མ་དང་ལྡན་པའང་ཡིན་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་ཁམས་ཀྱི་དོན་ཏོ། །དྲི་མ་མེད་པའི་དེ་བཞིན་ཉིད་ནི་སྔར་ནས་དྲི་


LT08,P037B
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཀུན་ནས་ཉོན་མོངས་པས་མ་གོས་པའང་ཡིན་ལ་ཕྱིས་ལམ་བསྒོམ་པ་ན་རྣམ་པར་དག་པར་ཡང་འགྱུར་བ་ནི་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་ཀྱི་དོན་ཏོ། །དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་ལ་སོགས་པ་སོ་སོ་སྐྱེ་བོའི་གནས་སྐབས་ན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་དུ་ཡོད་པས་སྔ་ཕྱི་ཁྱད་མེད་པའང་ཡིན་ལ། ཕྱིས་དྲི་མ་བསལ་བས་གསར་དུ་ཐོབ་པའང་ཡིན་པ་ནི་བསམ་གྱིས་མི་ཁྱབ་པ་ཡོན་ཏན་གྱི་དོན་ཏོ། །རྒྱལ་བའི་མཛད་པ་འབད་མེད་ལྷུན་གྲུབ་ཏུ་གདུལ་བྱ་སོ་སོའི་སྐལ་བ་བཞིན་རེ་འདོད་སྒྲུབ་པའང་ཡིན་ལ་འདི་དང་འདི་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་རྟོག་པ་མི་མངའ་བའང་ཡིན་པ་ནི་བསམ་གྱིས་མི་ཁྱབ་པ་ཕྲིན་ལས་ཀྱི་དོན་ཏོ། །དེའི་ཁམས་རང་བཞིན་རྣམ་དག་ནི་རྟོགས་པར་བྱ་བའི་གནས་དང་དག་པར་བྱ་བའི་རྒྱུ་ཡིན་ཅིང༌། བྱང་ཆུབ་ནི་ཁམས་རང་བཞིན་རྣམ་དག་རྟོགས་པའི་རང་གི་ངོ་བོ་དང་དེ་ལས་ཡོན་ཏན་གྱི་འབྲས་བུ་འབྱུང་ལ། དེའི་ཕྲིན་ལས་རྣམས་ཀྱིས་ནི་གཞན་དག་གིས་ཀྱང་ཁམས་རྟོགས་པར་བྱེད་པས་ཕྱི་མ་གསུམ་ནི་དག་པར་བྱེད་པའི་རྐྱེན་ཡིན་ནོ། །རྒྱུ་རྐྱེན་དེ་དག་ལས་འབྲས་བུ་དཀོན་མཆོག་གསུམ་འབྱུང་བས། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །ཞེས་ཁམས་ཀྱི་གནས་ལུགས་སྒྲིབ་བྲལ་ཡོངས་རྫོགས་སུ་གཟིགས་པ་ནི་སངས་རྒྱས་ཁོ་ན་ཡིན་གྱི་གཞན་གྱིས་མི་མཐོང་བས། ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌། །བཙས་པའི་ཁྱིམ་གནས་བུ་ཆུང་གིས། །


LT08,P038A
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་གཟུགས་བཞིན་འཕགས་པས་ཀྱང༌། །ཞེས་སོ། །གཉིས་པ་ཐུན་མིན་སྔགས་བླ་མེད་ཀྱི་ཁྱད་ཆོས་ཀྱིས་བརྒྱན་ཏེ་བཤད་པ་ནི། ཟབ་གསལ་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས། །ལུས་གནས་བདེ་ཆེན་བདག་ཉིད་ཡེ་ཤེས་སྐུ། །སེམས་དངོས་པོའི་གནས་ལུགས་ཐུན་མོང་བ་དེ་ལ་སྔགས་བླ་མེད་དུ་ཁྱད་པར་གྱི་ཆོས་ལྷག་པོས་བརྒྱན་པའི་བཤད་ཚུལ་མང་དུ་འབྱུང་ཡང༌། ཕར་ཕྱིན་དུ་བཤད་པའི་བདེ་གཤེགས་སྙིང་པོ་དེ་རྣལ་འབྱོར་ཆེན་པོའི་ལུགས་སུ་རྒྱུ་རྒྱུད་དུ་བཞག་པའི་ཚེ་རང་རིག་པ་བདེ་བ་ཆེན་པོའི་རང་བཞིན་ཅེས་བྱ་བ་ཉིད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ནོ། །རྒྱས་པར་ན། བཀའ་ཡང་དག་པའི་ཚད་མ་ལས། ཐབས་དང་ཤེས་རབ་བདག་ཉིད་ཅན། །ཨེ་ཝཾ་ལུས་ཀྱི་ལྟེ་བར་གནས། །དེ་ཉིད་ལུས་གནས་ཡེ་ཤེས་ཆེ། །ཞེས་གསུངས་པ་དེ་ཉིད་ཐབས་གཙོར་སྟོན་ཕ་རྒྱུད། ཤེས་རབ་གཙོར་སྟོན་མ་རྒྱུད། ཟུང་འཇུག་ཨེ་ཝཾ་གྱི་རང་བཞིན་དུ་བཤད་པའི་ཚུལ་སོ་སོར་འབྱུང་སྟེ། མཚོན་ཙམ་སྨོས་ན་ཕ་རྒྱུད་ལས་ཟབ་གསལ་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཞེས་བཤད་དེ། དེའི་ཚུལ་ནི་གྲོལ་བའི་ཐིག་ལེ་ལས། རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བྱའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །ཞེས་སོ། །མ་རྒྱུད་ལས། གདོད་ནས་དག་པའི་ཡེ་ཤེས་ཀྱི་རང་མདངས་ཁུ་བའི་ཆོས་ཀྱིས་ལུས་དང༌། རྡུལ་གྱི་ཆོས་ཀྱིས་ངག་རླུང་གི་རང་བཞིན་བསྐྱེད་པ་དེ་


LT08,P038B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ལུས་ཞེས་བྱ། ལུས་དེ་གཉིས་ལ་བརྟེན་ཅིང་གནས་པ་བདེ་བ་ཆེན་པོའི་བདག་ཉིད་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ནི་འདི་སྐབས་ཀྱི་བདེ་གཤེགས་སྙིང་པོ་སྟེ། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང༌། དུས་འཁོར་ལས། དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་གསུངས་ཤིང་བདེ་བ་དེའི་རང་ངོ་མ་རིག་པའི་ཆའི་སེམས་ལ་མུན་པ་ཞེས་བྱ། དེ་ལྟར་རྡུལ་མུན་སྙིང་སྟོབས་ཞེས་མ་དག་པའི་ཚེ་ལུས་ངག་ཡིད་གསུམ། དག་པའི་ཚེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ཡིན་ཏེ། དུས་འཁོར་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུངས། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །ཞེས་གསུངས་ལ། བདེ་བ་ཆེན་པོ་དེ་མ་རྟོགས་པའི་དབང་གིས་འཁོར་བ། རྟོགས་པའི་དབང་གིས་སངས་རྒྱས་སུ་བྱས་ནས་འཁོར་འདས་གཉིས་ཀའི་རང་བཞིན་ནམ་ཁམས་སམ་རིགས་ཞེས་ཀྱང་བྱའོ། །མ་རྟོགས་པའི་དབང་ལས་འཁོར་བའི་གནས་སྐབས་ཀྱི་ཕྱི་སྣོད་ནང་བཅུད་ཀྱི་ལུས་ངག་ཡིད་གསུམ་སོགས་ཆོས་མཐའ་དག་རྡུལ་མུན་སྙིང་སྟོབས་གསུམ་པོ་དེའི་རིགས་ལས་བྱུང༌། རྟོགས་པའི་དབང་ལས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་མཐའ་དག་བདེ་བ་ཆེན་པོ་དེའི་རིགས་ལས་བྱུང་ཞིང༌། དེའི་མུན་པའི་ཆ་འོད་གསལ་ཐམས་ཅད་སྟོང་པ་ཞེས་དང་འཁོར་རྩའི་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་བྱ་ཞིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་གཞོམ་བྱ་མཐར་ཐུག་པ་སྟེ། སྤྱོད་བསྡུས་སུ། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་


LT08,P039A
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་གསུངས། འོད་གསལ་དེ་ནི་ཁུ་ཁྲག་རླུང་གསུམ་དང་ཚོགས་པ་གཅིག་ཏུ་གནས་ཤིང་ཚོགས་པ་ཤིན་ཏུ་ཕྲ་བ་ནི་གཟུགས་མེད་ཁམས་སུའང་ཡོད་པ་དང༌། འདིས་འཁོར་བའི་སེམས་ཀྱི་གནས་སྐབས་ཐམས་ཅད་ལ་ཁྱབ་པས། དུས་ཀྱི་འཁོར་ལོར། ཀུན་གཞིའི་རྣམ་ཤེས་དང༌། འཕོ་བའི་བག་ཆགས་དང༌། བཞི་པའི་གནས་སྐབས་ཀྱི་སེམས་དང༌། འཛག་སྒྲིབ་སོགས་ཀྱི་མིང་གིས་བསྟན་པར་མཛད་དོ། །ཞར་བྱུང་དེའི་མིང་གི་རྣམ་གྲངས་སྨོས་པ་ནི། བདེ་གཤེགས་སྙིང་པོ་ཤེར་ཕྱིན་སྟོང་པ་ཉིད། །དང་པོའི་མགོན་པོ་ལྷན་སྐྱེས་ཡེ་ཤེས་སོགས། །མདོ་སྔགས་རྣམས་སུ་རྣམ་གྲངས་དུ་མས་བསྟན། །གཞི་རྒྱུད་འདི་ལ་རྒྱུའི་ཐེག་པ་ནས་བདེ་གཤེགས་སྙིང་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། སྟོང་པ་ཉིད། ཤེར་ཕྱིན་གྱི་མཚན་བརྒྱ་ལ་སོགས་པའི་སྒྲས་བསྟན་པ་དང༌། སྔགས་སུ་དང་པོའི་མགོན་པོ། ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྤྱོད་བསྡུས་ལས་འོད་གསལ་བ་དང༌། རྡོ་རྗེའི་ཡེ་ཤེས་སོགས་དོན་དམ་བདེན་པའི་མིང་གི་རྣམ་གྲངས་ཤིན་ཏུ་རྒྱས་པར་འབྱུང་བ་དང༌། འཇམ་དཔལ་ཞལ་ལུང་ལས། དེ་བཞིན་ཉིད། ཡང་དག་པའི་མཐའ་སོགས་རྣམ་གྲངས་མང་པོར་གསུངས་པ་རྣམས་དང༌། གཞན་ཡང་ཨེ་ཝཾ་དང༌། ཨ་ཧཾ་དང༌། ནཱ་ད་སོགས་རྣམ་གྲངས་དུ་མས་བསྟན་པ་ཡིན་ནོ། །གཉིས་པ་མ་དག་པ་འཁྲུལ་ལུགས་ཀྱི་སྣང་བ་བཤད་པ་ནི། ལྷན་སྐྱེས་མ་རིག་ཚོགས་བརྒྱད་འཁྲུལ་པ་ལས། །གཟུང་འཛིན་གཉིས་སྣང་འཁོར་འདས་སྣ་ཚོགས་ཤར། །དེའང་ཀུན་གཞི་བདེ་གཤེགས་སྙིང་པོ་འཁོར་འདས་གང་གིའང་ཕྱོགས་སུ་མ་ལྷུང་ཞིང་རྒྱར་མ་ཆད་ཀྱང་འཁོར་འདས་ཀྱི་སྣང་བ་ཐམས་ཅད་མ་འགག་པར་འཆར་བའི་གཞིར་གྱུར་པ་ནི་རྟེན་ཡིན་ལ། དེ་ལ་བརྟེན་པ་སེམས་ཀྱི་བག་ཆགས་ཙམ་ཀུན་གཞིའི་


LT08,P039B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་དེ་མ་ཐག་ཡིད་དྲུག་པའི་ཡིད་སྒོ་ལྔའི་རྣམ་ཤེས་ཏེ་ཚོགས་བརྒྱད་འཁོར་དང་བཅས་པ་ནི་གློ་བུར་གྱི་དྲི་མ་སྤང་དུ་རུང་བ་ཡིན་པས། འཁོར་ལོ་ཐ་མའི་མདོ་དགོངས་པ་འགྲེལ་བ་དང་བཅས་པ་ལས་འཁོར་བའི་རྩ་བར་གསུངས་པའི་ལེན་པའི་རྣམ་པར་ཤེས་པའམ་མ་རིག་བག་ཆགས་ཀྱི་སའི་ཀུན་གཞི་ནི་ཕྱི་མ་འདི་ཉིད་ཡིན་པར་བཞེད་དོ། །དེས་ན་ཆོས་ཉིད་དེ་བཞིན་ཉིད་གདོད་མའམ་རྩ་བའི་མི་ཤིགས་པའི་ཐིག་ལེ་ཆེན་པོ་དེ་ཉིད་ལ་ལྷན་ཅིག་ཏུ་སྐྱེས་པའི་མ་རིག་པའི་དབང་གིས་རང་དང་འདྲེས་པ་ལྟ་བུའི་རླུང་གིས་ཡིད་གཡོས་པའི་འགྱུ་བ་རང་ངོ་མ་ཤེས་པར་སྣང་བ་དམར་ཆས་དབང་བྱས་པ་ལས་འཁོར་འདས་ཀྱི་སྣང་བ་ཤར་བ་ལ་གཞན་རྟོག་དང༌། དཀར་ཆས་དབང་བྱས་པ་ལས་བདག་རྟོག་ཞུགས་ཏེ་ཚོགས་བརྒྱད་རིམ་གྱིས་མཆེད་པ་སྟེ། མདོར་ན་དཀར་དམར་རླུང་གིས་གཡོ་བས་གཟུང་འཛིན་ནམ་སྣང་སེམས་སམ་བདག་གཞན་ཡུལ་ཡུལ་ཅན་སོགས་གཉིས་ཆོས་སུ་གྱེས། དེའང་བདག་རྟོག་ཐམས་ཅད་ཆོས་ཉིད་དེའི་གཤིས་སྐྱེ་མེད་སྟོང་ཉིད་ཀྱི་ཆ་ཡིན་ལ། གཞན་རྟོག་འཇུག་པ་ཐམས་ཅད་གདངས་འགག་མེད་སྣང་བའི་ཆར་བྱུང་སྟེ་འཁོར་འདས་གཉིས་ཀྱི་འཁྲུལ་སྣང་སྣ་ཚོགས་སུ་ཤར་བ་ཡིན་ནོ། །དེ་ལ་གང་མ་རིག་ན་ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱིས་དག་པའི་རང་གི་ངོ་བོའོ། །གང་གིས་མ་རིག་ན་རང་གི་ངོ་བོ་ཡུལ་ཡུལ་ཅན་ལྟར་སྣང་བ་འགག་པ་མེད་པའི་རྩལ་གྱིས་སོ། །ཚུལ་ཇི་ལྟར་མ་རིག་ན། མི་འགྱུར་བའི་བདེ་ཆེན་མ་རིག་ཅིང་འཁྲུལ་པའི་རྒྱུ་ནི་འགྱུར་བའི་བག་ཆགས་ཡིན་ལ་དེ་ལས་སླར་རྟེན་འབྲེལ་བཅུ་གཉིས་འཆར་བ་དུས་འཁོར་འགྲེལ་ཆེན་དུ་གསུངས་པ་ལྟར་ཏེ། བག་ཆགས་ལས་འཁོར་བ་དང་འཁོར་བ་ལས་བག་ཆགས་འབྱུང་ཞིང་འཁོར་བའོ། །སྟོང་གཞི་འབྱུང་བཞི་དེ་ལས་ཚོགས་པའམ། །འཁོར་བར་འཁྲུལ་ཚུལ་སྔགས་ལུགས་ཐུན་མོང་མ་ཡིན་པའི་སྐབས་འདིར་ཕ་རྒྱུད་


LT08,P040A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོངས་པར་འོད་གསལ་ཐམས་ཅད་སྟོང་སོགས་སྟོང་པ་བཞི། དེ་ལས་འབྱུང་བ་བཞི། དེ་རྣམས་ཚོགས་པ་སྐྱེ་འགྲོ་བསྐྱེད་པའི་རྩ་བར་བཞེད་པས་འཕགས་པ་ལྷས། ས་ལ་སོགས་པ་བཞི་པོ་དང༌། དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་དག་ཏུ། །དངོས་པོ་བརྒྱད་པོ་རྣམ་ཤེས་བྱ། །ཞེས་གསུངས་ཏེ། དེའང་དང་པོར་འོད་གསལ་ཀུན་གཞི་ནི་ཐམས་ཅད་སྟོང་པ། དེ་ལས་མ་རིག་པ་ཉོན་ཡིད་ཙམ་ལངས་པ་སྟོང་པ་ཆེན་པོ་ཉེར་ཐོབ། དེ་ལས་སེམས་བྱུང་སྣ་ཚོགས་ལངས་པ་ཤིན་ཏུ་སྟོང་པ་སྣང་བ་མཆེད་པ། དེ་ལས་གཟུང་འཛིན་དུ་སྣང་བ་ཚོགས་དྲུག་རགས་པར་གསལ་བ་ནི་སྟོང་པ་སྟེ། དེ་ལས་འབྱུང་བཞི་སོགས་འབྱུང་བའི་ཚུལ་ཡང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། གང་འོད་གསལ་བ་ལས་འབྱུང་བའི་རྣམ་པར་ཤེས་པ་དེ་ཉིད་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་རྩ་བ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་ནོ། །དེ་ལས་རྟོག་པ་གཉིས་སུ་འགྱུར་ཏེ་བདག་དང་གཞན་དུའོ། །རྣམ་པར་ཤེས་པ་དེ་ལས་རླུང་ངོ༌། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང་སྐྱེ་མཆེད་དྲུག་དང་ཡུལ་ལྔ་སྟེ་དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་དང་འདྲེས་པའོ། །ཞེས་འོད་གསལ་མ་རིག་པ་ལས་རྣམ་པར་ཤེས་པ་སོགས་འཁོར་བའི་འཁོར་ལོ་འབྱུང་བར་བསྟན་པའོ། །འམ་ཞེས་པའི་སྒྲ་ནི་ཚིག་ཕྱི་མ་འབྱེད་པའི་དོན་ཏོ། །འཇིག་རྟེན་ལྷན་སྐྱེས་བདེ་ལས་མི་ཤིགས་པའི། །ཐིག་ལེ་ཕུང་ཁམས་སོ་དྲུག་རྩ་བར་གྲུབ། །མ་རྒྱུད་ལྟར་ན་འཇིག་རྟེན་པའི་ལྷན་སྐྱེས་བདེ་བ་ལས་འཁོར་བ་འབྱུང་བར་བཞེད་དེ། འགྲེལ་ཆེན་དུ། བྱེད་པ་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ཅན་ཁུ་བ་འཕོ་བའི་སྐད་ཅིག་འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པའི་


LT08,P040B
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའོ། །ཞེས་མ་རིག་པའི་རྒྱུར་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ཅན་ནི་ཁུ་ཁྲག་ཕྲད་པ་ན་ཡིད་ཀྱིས་བདེ་བ་མྱོང་ཞིང་དེས་ཀུན་གཞི་བྱིན་གྱིས་བརླབས་ནས་བདེ་བར་རོ་གཅིག་ཅིང་བརྒྱལ་བ་ལྟ་བུ་སྟེ། སེམས་ཅན་སྐྱེ་བ་དང་འཆི་བ་ན་སྐྱེད་སྡུད་ཀྱི་བྱེད་པོ་ཡིན་ནོ། །དེའང་འཆི་བ་ན་སྙིང་གར་དཀར་དམར་སེམས་གསུམ་འདྲེས་པ་དང་སྐྱེ་བ་མངལ་དུ་འདྲེས་པའི་སྐབས་ཡིན་ལ། འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་མ་གཏོགས་གང་གིས་ཀྱང་གཞོམ་པར་མི་ནུས་པས་མི་ཤིགས་པའི་ཐིག་ལེ་ཞེས་བྱ་ལ། རྒྱུ་རྒྱུད་ཀྱི་ཨེ་ཝཾ་ཞེས་ཕུང་ཁམས་སུམ་ཅུ་རྩ་དྲུག་གི་རང་བཞིན་དང་རྩ་བར་གྱུར་པའོ། །དེ་དང་རིགས་མཚུངས་པའི་སེམས་ལ་ཀུན་གཞིར་བཏགས་པ་ཡོད་དེ་བཞི་པའི་གནས་སྐབས་སམ་ལུས་ཤུགས་ཆད་པའི་དུས་ཀྱི་སེམས་ཧད་པོ་ལྟ་བུ་ཡིན་པར་མན་ངག་པ་རྣམས་གསུང་ངོ༌། །གཉིས་པ་ཡན་ལག་ལུས་དངོས་པོའི་གནས་ལུགས་བཤད་པ་ལ་གཉིས། བརྟེན་པ་བག་ཆགས་ཀྱི་ལུས། རྟེན་གཉུག་མའི་ལུས་བཤད་པའོ། །དང་པོ་ལ་ལྔ། སྐྱེ་བའི་རྟེན། རྩ། རླུང༌། ཐིག་ལེ། གནས་སྐབས་བཞི་བཤད་པའོ། །དང་པོ་ནི། ཁམས་གསུམ་སྐྱེ་བ་རིམ་གྱིས་སྦྱོར་བ་ལས། །སྔགས་ཀྱི་སྣོད་མཆོག་དྲི་བཅས་སྤྲུལ་པའི་སྐུ། །གླིང་གསུམ་ཁམས་དྲུག་ལྡན་པའི་རྡོ་རྗེའི་ལུས། །སྔགས་བླ་མེད་དུ་སྣང་གསུམ་མམ་དཀར་དམར་རླུང་གིས་གཡོ་བ་ལས་འཁྲུལ་པར་གསུངས་པ་དང༌། ཕ་རོལ་ཏུ་ཕྱིན་པར་ཀུན་གཞི་རྣམ་ཤེས་ཉོན་ཡིད་བདག་འཛིན་གྱི་ལས་དབང་གིས་འཁྲིད་པས་ཁམས་གསུམ་དུ་སྐྱེ་བར་གསུངས་པ་གཉིས་དོན་གཅིག་ཡིན་ཅིང༌། དེའང་ཁུ་རྡུལ་གྱི་དབྱེ་བས་གཟུང་འཛིན་གཉིས་རླུང་དང་བཅས་པས་གསུམ་འགྲོས་དང་རྡུལ་ལས་ཡེ་ཤེས་ཕྱེ་བས་བཞི་འགྲོས་སོགས་རྒྱུད་སྡེའི་བཤད་ཚོད་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང་གནད་གཅིག་པས་རྩ་བའི་མི་ཤིགས་པ་ཆེན་པོ་རང་ངོ་མ་


LT08,P041A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པས་གཡོ་བ་ཁུ་བ་འཛིན་པའི་ཆོས་ཀྱིས་དབང་བྱས་པའི་བདག་ཏུ་རྟོག་པའི་རྩ་བ་ཅན་གྱི་སྣང་གསུམ་གྱི་འཆར་སྒོ་ལ་གཤིས་སྐྱེ་མེད་ཀྱི་རང་བཞིན་རླུང་གི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས་གཟུགས་མེད་ཁམས་ཀྱི་སྣང་བ་དང༌། གདངས་འགག་མེད་ཀྱི་རང་བཞིན་རྡུལ་གྱི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས་གཟུགས་ཁམས་དང༌། རྩལ་སྣ་ཚོགས་པའི་རང་བཞིན་ཁུ་བའི་ངེས་པ་ཡུལ་དུ་སྣང་བ་ཉིད་ཀྱིས་འདོད་ཁམས་ཀྱི་སྣང་བ་བྱུང་ཞིང༌། དེ་ལྟ་བུའི་སྣང་བ་ལ་བདག་ཏུ་བཟུང་བས་ཁམས་གསུམ་པོར་སྐྱེ་བ་རིམ་གྱིས་སྦྱོར་ཏེ། དེའང་འབྱུང་བའི་འཛག་པ་ཕྲ་རགས་ཀྱི་དབང་ལས་བྱུང་བ་དང༌། ས་ཆུ་མེ་རླུང་ཤས་ཆེ་བའི་དབང་ལས་སྐྱེ་གནས་རྣམ་པ་བཞི་བྱུང་བའི་ནང་ནས། གསང་སྔགས་རྡོ་རྗེ་ཐེག་པའི་སྣོད་དུ་རུང་བའི་རྟེན་མཆོག་ནི་དྲི་བཅས་སྤྲུལ་པའི་སྐུའི་མཚན་ཉིད་ཚང་བ། ཤར་ལྷོ་ནུབ་ཀྱི་གླིང་གསུམ་དུ་སྐྱེས་པ། དེ་ལས་ཀྱང་ཁྱད་པར་འཛམ་གླིང་ལས་ཀྱི་ས་པ་འདིར་སྐྱེ་བ་རྣམས་ཡིན་ཏེ། ཁམས་དྲུག་དང་ལྡན་ཅིང་སྦྱང་གཞི་རྡོ་རྗེའི་ལུས་ཀྱི་རྣམ་གཞག་ཚང་བའི་ཕྱིར་རོ། །དེ་ལྟར་ཕུང་ཁམས་སྐྱེ་མཆེད་རྣམས་ནི་རྩ་རླུང་ཐིག་ལེ་རྣམས་ལས་གྲུབ་ཅིང༌། དེ་དག་ཀྱང་དྲི་མ་དང་བཅས་པའི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་དེ་ལས་བྱུང་སྟེ། རྒྱུ་མཚན་དེའི་ཕྱིར་ན། སྲིད་པར་སྐྱེ་བ་ཉིད་དྲི་མ་དང་བཅས་པའི་མཆོག་གི་སྤྲུལ་པའི་སྐུར་གསུངས་ཏེ། ཀྱཻ་རྡོ་རྗེ་ལས། མངལ་གྱི་ཕྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་སྟེ། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ནི་རྣམ་པ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་དོན་སྐྱེས་པའི་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་


LT08,P041B
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་གསུངས་ཏེ་འདིར་དྲི་བཅས་ཀྱི་སེམས་གཞི་དུས་ཀྱི་སྐུ་གསུམ་ལས་སྐྱེ་བ་སྤྲུལ་སྐུར་འཆར་བའི་དོན་ཡིན་ཅིང༌། དྲི་མ་དག་པའི་ཚེ་མཆོག་གི་སྤྲུལ་སྐུར་འགྲོ་བའི་གཞིའང་དེ་ཉིད་དོ། ཁམས་དྲུག་ནི། གཟུགས་མེད་བཞིར་ནམ་མཁའི་ཁམས་གཅིག་པུ་དང་ལྡན་པ་ནས་བསམ་གཏན་དང་པོར་ནམ་མཁའ་རླུང་མེ་ཆུ་སའི་ཁམས་ལྔ་དང་ལྡན་ལ། འདོད་ཁམས་ཀྱི་འགྲོ་བ་རིགས་དྲུག་ལ་ནི་དེར་མ་ཟད་ཡེ་ཤེས་ཀྱི་ཁམས་ཁུ་བ་ལྟུང་བ་ཡང་ཡོད་པས་ཁམས་དྲུག་ལྡན་ཡིན་ནོ། །ལུས་ཞེས་བྱ་བ་ནི་ཚོགས་པའི་སྒྲ་ཡིན་ལ། དེས་ན་ཁུ་བ་ལས་རྐང་དང་རུས་པ་ཆུ་རྒྱུས་སམ་སྤུ་དང་རྡུལ་ལས་པགས་པ་དང་ཤ་དང་ཁྲག་གྲུབ་པ་ལ་མཛོད་དྲུག་ཅེས་བྱ་བ་དང་ཕུང་ཁམས་སོ་དྲུག་གི་ཚོགས་པ་ནི་རྡོ་རྗེའི་ལུས་སོ། །སོ་དྲུག་ནི། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་ཡེ་ཤེས་ཏེ་ཕུང་པོ་དྲུག་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཏེ་ཁམས་དྲུག་མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་དབང་པོ་དྲུག་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཏེ་ཡུལ་དྲུག་ཁ་དང་ལག་པ་དང་རྐང་པ་དང་བཤང་ལམ་དང་གཅི་བའི་ལམ་དང་ཁུ་བ་འབབ་པའི་དབང་པོ་སྟེ་ལས་ཀྱི་དབང་པོ་དྲུག་སྨྲ་བ་དང་ལེན་པ་དང་འགྲོ་བ་དང་བཤང་གཅི་དང་ཁུ་བ་འཕོ་བའི་བྱ་བ་སྟེ་ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་སོ། །གཉིས་པ་རྩ་བཤད་པ་ནི། རྩ་གསུམ་གཙོ་མོ་ཉེར་བཞི་འཁོར་ལོ་དྲུག་ཕྲ་བ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ། །བླ་མེད་ཀྱི་རྒྱུད་རྣམས་སུ་སེམས་ལ་ཡེ་ཤེས་འཆར་བ་ལུས་ཀྱི་རྩའི་སྤྱོད་པ་ལ་ལྟོས་པར་གསུངས་པས་དེའི་གནས་ལུགས་ཤེས་པ་གལ་ཆེ་བས་མིང་ཙམ་སྨོས་ན་རྩ་རྣམས་ཀྱི་གཙོ་མོ་ནི་དབུ་མ་ཡིན་ལ་མིང་གི་རྣམ་གྲངས་ཨ་བ་དྷཱུ་ཏི། ཚངས་པའི་དབྱུག་པ་སོགས་མང་ཞིང༌། ཡར་སྣར་སྒྲ་གཅན་དང་མར་སྣ་ལ་དུང་ཅན་མ་སོགས་བརྗོད་ཅིང༌།


LT08,P042A
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་མོ་ཆེས་གནས་ཚོད་དང་སྒོམ་དོན་གྱི་རྩ་དབུ་མ་གཉིས་སུ་འདོད་པ་དང༌། གཞུང་པ་ཉིད་དུ་འདོད་པ་དང༌། དེའི་དབུས་སུ་རྟ་རྔ་ཙམ་ཡོད་པར་བཤད་པ་དང༌། དོན་ལ་མེད་པར་འདོད་པ་སོགས་ཡོད་ཀྱང་དཔལ་རང་བྱུང་ཞབས་ཀྱི་བཞེད་པས། ལུས་ཀྱི་དབུས་ཀྱི་ཆ་ལ་གནས་ཤིང་གཟུང་འཛིན་གཉིས་སུ་མེད་པས་ཐབས་ཤེས་རབ་དབྱེར་མི་ཕྱེད་པ། ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་ཡེ་ཤེས་དང༌། རྣམ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་རྣམ་ཤེས་ཡིན་པས། དེ་གཉིས་ཐ་མི་དད་པ་ཐ་མལ་གྱི་ཤེས་པ་ལ་སངས་རྒྱས་ཀྱི་རྒྱུ་བྱེད་པའི་ཆ་ནས་བདེ་གཤེགས་སྙིང་པོར་འབོད་པ་བཞིན་དུ། ཡེ་ཤེས་ཀྱི་རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ། འཁོར་བའི་རྩ་ཐམས་ཅད་ཀྱི་རྩ་བ་སྲོག་རྩ་ཡིན་པས་དེ་གཉིས་དབྱེར་མི་ཕྱེད་པ་སྒྲ་གཅན་གྱི་རྩ་ལ་སྲོག་བརྟེན་པའི་ཆ་ནས་སྲོག་རྩ་ཞེས་འབོད་པ་སྟེ། མདོར་ན་མ་དག་པ་ལུས་ཀྱི་རྩ་དབུ་མར་དག་པ་འབྲས་དུས་ཀྱི་དབུ་མའི་རིགས་སམ་དབྱིངས་ཀྱིས་ཁྱབ་པ་གཞིའི་རྩ་དབུ་མ། སོར་སྡུད་སོགས་བསྒོམས་པས་ནང་གི་དབུ་མར་རླུང་སེམས་ཅུང་ཟད་ཚུད་པ་ལ་བརྟེན་ནས་ཕྱི་རོལ་ཏུ་སྟོང་གཟུགས་རེ་ཁཱ་ནག་པོའི་རྣམ་པར་འཆར་བ་ལམ་གྱི་དབུ་མ། གཞན་མཆོག་སྐུ་རྡོ་རྗེ་ལ་གནས་པ་སྒྲིབ་བྲལ་གྱི་རང་བཞིན་འབྲས་བུའི་རྩ་དབུ་མ་ཞེས་རྗེ་བརྒྱད་པས་དབྱེ་བར་མཛད་དོ། །དེ་ལ་གཟུང་འཛིན་གྱི་དབང་གིས་རོ་རྐྱང་གཉིས་སུ་གྱེས་ཏེ་དེའི་ལྟེ་བ་ཡན་ཉི་ཟླ་སྒྲ་གཅན་གྱི་སྲོག་གསུམ་གྱི་ལམ་དང༌། ལྟེ་འོག་མན་བཤང་གཅི་ཁུ་བ་ཐུར་སེལ་གསུམ་རྒྱུ་བའི་ལམ་ཡིན་ནོ། །དེ་གསུམ་ལས་གྱེས་པའི་རྩའི་གཙོ་མོ་ཉེར་བཞི་ཡོད་དེ། དེ་དག་ནི་ནང་དུ་རྩ་དང་ཕྱིར་ཡུལ་ཉེར་བཞི་དང་གཞན་དཀྱིལ་འཁོར་དུ་ཐུགས་གསུང་སྐུའི་རྣལ་འབྱོར་མ་ཉེར་བཞིའི་རང་བཞིན་ཡིན་ལ། དེའི་སྟེང་དུ་སྙིང་གའི་ཡན་ལག་གི་རླུང་བརྟེན་པའི་རྩ་ལྔ་དང་གཙོ་མོ་གསུམ་དང་བཅས་པ་སོ་གཉིས་ནི་ཟླ་བ་


LT08,P042B
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ངོའི་ཆ་བཅོ་ལྔ་མར་ངོའི་ཆ་བཅོ་ལྔ་རྣམ་པར་དག་པ་བདག་མེད་ལྷ་མོ་བཅོ་ལྔར་གསུངས་ལ། དཀར་ཆ་བཅུ་དྲུག་པའི་རྟེན་ནི་དུང་ཅན་མ་དང་ནག་པོའི་ཆ་བཅུ་དྲུག་པའི་རྟེན་ནི་བདུད་བྲལ་མའོ། །དེ་དག་གི་སྟེང་དུ་རྩ་བའི་རླུང་ལྔའི་རྟེན་རྩ་ལྔ་བསྣན་པའི་སུམ་ཅུ་རྩ་བདུན་ནི་གཞི་ལ་ཁམས་སོ་དྲུག་ཁྱབ་བྱེད་ཐུགས་རྡོ་རྗེ་དང་བཅས་པ། ལམ་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་ལ་སྦྱར་རོ། །གཞན་ཡང་སྦས་པའི་རྩ་ལྔ་ཞེས། སུམ་སྐོར་མིག །འདོད་མ་རྣ་བ། ཁྱིམ་མ་སྣ། གཏུམ་མོ་ལྕེ། བདུད་བྲལ་ལྕེའུ་ཆུང་གི་དབུས་སུ་ཟུག་ཅིང་རྩ་བ་སྙིང་དབུས་ན་འདུས་པས་དབུ་མ་དང་འབྲེལ་བ་སྟེ། དེའང་སྙིང་གའི་འོད་གསལ་མི་ཤིགས་པ་ལས་ལངས་ནས་གཟུགས་སོགས་ཡུལ་ལ་འཇུག་པ་དང༌། ལམ་དུས་སུ་དེ་རྣམས་བཅིངས་པས་རྟགས་བཅུ་འཆར་བའི་རྩ་བར་གྱུར་པས་སྦས་པ་སྟེ་ས་བོན་ནམ་གཏེར་སྦས་པ་ལྟ་བུའོ། །དབུ་མ་ལ་བརྟེན་པའི་འཁོར་ལོ་བཞིའམ་དྲུག་སྟེ། འཁོར་ལོའི་སྒྲ་དོན་རྩ་འདབ་ཀྱི་དབྱིབས་འཁོར་ལོ་ལྟ་བུར་ཡོད་པས་སམ་གནད་བཅིངས་ནས་དེ་ལ་གནད་དུ་བསྣུན་པས་གནས་སྐབས་བཞིའི་འཁྲུལ་པ་གཅོད་པར་བྱེད་པས་ཏེ། དེའང་ལྟེ་བ་ན་རྩ་འདབ་དྲུག་ཅུ་རྩ་བཞི་དུས་སྦྱོར་གྱི་རླུང་དྲུག་ཅུ་རྩ་བཞི་དག་པ་གནད་བཅིངས་ན་སད་པའི་གནས་སྐབས་སྤྲུལ་པའི་སྐུའི་དགོངས་པར་འཆར་བར་བྱེད་པ་དང༌། སྙིང་ག་ན་རྩ་འདབ་བརྒྱད་ཐུན་ཆེན་པོ་བརྒྱད་དག་པ་གནད་བཅིངས་ན་གཉིད་འཐུག་གི་གནས་སྐབས་འོད་གསལ་ཆོས་ཀྱི་སྐུའི་དགོངས་པར་འཆར་བར་བྱེད་པ་དང༌། མགྲིན་པ་ན་རྩ་འདབ་བཅུ་དྲུག་འཕོ་བ་བཅུ་དྲུག་དག་པ་གནད་བཅིངས་ན་རྨི་ལམ་གྱི་གནས་སྐབས་ལོངས་སྐུའི་དགོངས་པར་འཆར་བར་བྱེད་པ་དང༌། སྤྱི་བོ་ན་རྩ་འདབ་སུམ་ཅུ་སོ་གཉིས་ཆུ་ཚོད་དག་པ་ཐིག་ལེའི་གནད་བཅིངས་ན་ཆགས་པའི་གནས་སྐབས་ཡེ་ཤེས་ཀྱི་སྐུའི་དགོངས་པར་འཆར་བར་


LT08,P043A
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་བཞིའམ། དུས་འཁོར་ལས། གཙུག་ཏོར་དུ་ཐུན་ཆེན་པོ་བཞི། སྤྱི་བོར་ཚེས་བཅུ་དྲུག །མགྲིན་པར་རྒྱུ་སྐར་ཉེར་བརྒྱད་དང་དབྱུ་གུ་བཞི། སྙིང་གར་གཟའ་བརྒྱད། ལྟེ་བར་དབྱུ་གུ་དྲུག་ཅུ་རྩ་བཞི། གསང་གནས་སུ་དཀར་ནག་གི་ཚེས་སོ་གཉིས་ཀྱི་རང་བཞིན་ཏེ་འཁོར་ལོ་དྲུག་ཡོད་པར་གསུངས་སོ། །མན་ངག་གི་ལུགས་སུ་དེ་ལས་གྱེས་པའི་ཡན་ལག་གི་འཁོར་ལོ་ཚིགས་ཆེན་བཅུ་གཉིས་ཚིགས་ཕྲན་དྲུག་ཅུ་རྣམས་སོ། །དེ་ལས་ཕྲ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྡོ་རྗེ་ཕྲེང་བ་ལས་གསུངས་ཏེ། དེའང་རང་བྱུང་ཞབས་ཀྱིས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་པ་རྐྱང་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཉི་མ་འབབ་པ་རོ་མའི་རིགས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་དབུ་མའི་རིགས་སུ་བརྗོད། །དེ་ཡང་ལུས་ལ་གནས་པས་ན། །རྩ་ནི་ཉི་ཤུ་རྩ་བཞི་པོ། །མི་ཕྱེད་མ་ནས་ཡིད་བཟང་བར། །ཐིམ་དང་ལོངས་སྤྱོད་བདག་པོ་ཡི། །དབྱེ་བས་གསུམ་སྟེ་བདུན་ཅུ་གཉིས། །རེ་རེའང་འཁོར་ནི་སྟོང་སྟོང་ངོ༌། །ཞེས་གསུངས་པ་ལྟར་རོ། །དེའང་ནད་སྐྱེད་པའི་རྩ་བརྒྱ་དང་ལྔ་བཅུ་རྩ་དྲུག་ཏུ་བཤད་པ་དང༌། དགའ་བོ་ལ་བསྟན་པར། ཀུན་ལ་རྩ་ནི་བརྒྱད་ཁྲི་གནས། །ཞེས་གསུངས་པ་སོགས་མང་ཡང་ལམ་སྒོམ་པ་རྣམས་ཀྱིས་ཤེས་པར་བྱ་བ་ནི་གོང་སྨོས་ཙམ་དུ་ཟད་དོ། །མངལ་དུ་རྩ་ཆགས་པའི་རིམ་པ་ཡང་སྲོག་རླུང་གི་རྟེན་དུ་རྩ་རྣམས་ཀྱི་དང་པོར་དབུ་མ་ཆགས་ཤིང༌། དེ་ལ་ཉོན་ཡིད་ཀྱི་བདག་ཏུ་རྟོག་ཅིང་ཚོགས་དྲུག་གིས་གཞན་དུ་རྟོག་པའི་དབང་ལས་རོ་རྐྱང་དུ་སྣང་བ་སྟེ་རྩའི་གཙོ་མོ་གསུམ་ནི་སྣང་ཚུལ་གྱི་དབང་གིས་སོ་སོར་ཕྱེ་བ་ཙམ་ཡིན་པས་དུས་གཅིག་ཏུ་ཆགས་པ་ཡིན་ལ། དེ་གསུམ་ནང་གཅིག་ཏུ་འདུས་པའི་ས་ནས་འཁོར་ལོའི་རྩ་འདབ་ཏུའང་གྱེས་པས་གཙོ་མོ་གསུམ་ཆགས་པའི་རྗེས་ནས་རྩ་འཁོར་ལོ་བཞིའི་རྩ་


LT08,P043B
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱ་ཉི་ཤུའམ། འཁོར་ལོ་དྲུག་གི་རྩ་འདབ་བརྒྱ་དང་ལྔ་བཅུ་རྩ་དྲུག་རིམ་པར་ཆགས་ལ། དེ་ནས་ཡན་ལག་གི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཆགས་ཏེ། དེའི་འོག་ཏུ་བ་སྤུའི་བུ་ག་དང་འབྲེལ་བའི་རྩ་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞི་ཡང་གྲུབ་བོ། །རྩ་དེ་དག་ཀྱང་ཡི་གེའི་རང་བཞིན་ཅན་ཡིན་པས་རྩ་ཡི་གེར་ཆགས་པའི་ཚུལ་ཡང༌། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་གསུངས་པ་ལྟར། ཐོག་མར་ལྟེ་བའི་ཨ་མགོ་གྱེན་བསྟན་ཏུ་ཆགས་ཤིང་ཐབས་ཤེས་ཀྱི་རྟེན་འབྲེལ་ལས་སྤྱི་བོར་ཧཾ་ཐུར་བསྟན་ཏུ་ཆགས་པ་དེའི་དབང་གིས་ཕྱི་རོལ་ཏུ་ཨེ་ཝཾ་ཐབས་ཤེས་ཀྱི་རང་བཞིན་དུ་གྲུབ་བོ། །དེ་ནས་སྙིང་གའི་བྷྲཱུཾ་ཨཱཾ་ཛྲིཾ་ཁཾ་ཧཱུྃ་ཞེས་པ་ཉོན་མོངས་པ་ལྔ་དང་བདུད་རྩི་ལྔའི་རྟེན་གྲུབ་ཅིང༌། དེ་ནས་ར་ཧྱ་སྱ་ལ་སོགས་པའི་ཡི་གེ་བཅུ་དྲུག་དང༌། དེ་ནས་ཡུལ་ཉི་ཤུ་རྩ་བཞིའི་ཡི་གེ་ཉི་ཤུ་རྩ་བཞི་ཡང་ཆགས། དེ་ནས་ཡི་གེ་བརྒྱ་ཉི་ཤུ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་བར་གྲུབ་པ་རྣམས་ཀྱི་ནང་དུ་རླུང་རྒྱུས་པས་ངག་ཡི་གེའི་སྒྲ་དང་ལྡན་པར་གྲུབ་པ་ཡིན་ནོ། །གསུམ་པ་རླུང་བཤད་པ་ནི། སྲོག་དང་རྩ་བ་ཡན་ལག་དུས་སྦྱོར་རླུང༌། །བསྐྱེད་སྡུད་རིམ་པས་རྟག་ཏུ་འཕོ་ཞིང་རྒྱུ། །རྩ་དེ་ཉིད་རླུང་གིས་བསྒྲུབས་ཤིང་རླུང་ལ་གནད་དུ་བསྣུན་པ་བླ་མེད་ཀྱི་རྫོགས་རིམ་ཐམས་ཅད་ཀྱི་རྩ་བ་ཡིན་ལ། རླུང་གི་སྒྲ་དོན་ནུས་མའམ་ཤུགས་ལྡན་མར་འཇུག་ཅིང༌། དེ་ལ་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་རླུང་ནི་གདོད་མའི་མི་ཤིགས་པ་ཆེན་པོ་སྟེ། དེའང་རླུང་དུ་བརྗོད་པ་ན་སྲོག་སྟེ་ཨ་ཐུང་གི་རང་བཞིན་དུ་གནས་པས་རྗོད་པ་ངག་རྣམས་དང༌། དབུགས་དང་ཆུ་སྲང་དང་དབྱུ་གུ་དང་དུས་སྦྱོར་ལ་སོགས་པའང་འདི་ལས་འབྱུང་ཞིང༌། དབྱངས་དང་གསལ་བྱེད་སོགས་ཡི་གེ་ཐམས་ཅད་ཀྱང་འདི་ལས་སྐྱེས་པས་ན་བརྗོད་དུ་མེད་ཀྱང་རྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་སྟེ། ཡི་གེའི་དབང་དུ་བྱས་ན་དབྱངས་གསལ་ཐམས་ཅད་ཀྱི་རྩ་


LT08,P044A
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཨ་ཡིན་ལ། རླུང་གི་དབང་དུ་བྱས་ན་རླུང་བཅུ་པོ་ཐམས་ཅད་ཀྱི་རྩ་བ་སྲོག་རླུང་ཨའི་རྣམ་པ་ཅན་ཡིན་པ་དང༌། ཡེ་ཤེས་ཀྱི་དབང་དུ་བྱས་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ཉིད་ལ་ཨ་ཞེས་བྱ་བར་བརྗོད་པས་ན་ཆོས་ཐམས་ཅད་ཀྱི་རྩ་བའམ་གཞིར་གྱུར་པའི་རླུང་ནི་སྲོག་ཅེས་བྱ་བའི་ཨ་དེ་ཉིད་ཡིན་པས་དེ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་བ་ཡིན་ནོ། །དེ་ལྟར་ན་རྡོ་རྗེའི་ལུས་འདི་གྲུབ་པའི་ཚེ་ཐོག་མར་གྲུབ་པ་སྲོག་ཆེན་པོའི་རླུང་དེ་ནི་དཀར་དམར་གྱི་དབུས་སུ་སོན་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་ཅིང༌། ཡི་གེ་ལྔ་ལས་དབྱིབས་ཨ་ཐུང་གི་རྣམ་པ་ཅན། ཁམས་ལྔ་ལས་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ལ། དེ་ལས་འཕྲོས་པ་ཐུར་སེལ་གྱི་རླུང་ནི་ཁམས་ལྔ་ལས་ས་ཁམས་དང་ཡི་གེ་ལྔ་ལས་ལྀ་ཡིག་གི་རྣམ་པ་ཅན། དེ་བཞིན་དུ་གྱེན་རྒྱུའི་རླུང་ནི་མེ་ཁམས་དང་རྀ་ཡིག་གི་རྣམ་པ་ཅན། མཉམ་གནས་ཀྱི་རླུང་ནི་རླུང་ཁམས་ཨི་ཡིག་གི་རྣམ་པ་ཅན། ཁྱབ་བྱེད་ཀྱི་རླུང་ནི་ཆུ་ཁམས་ཨུ་ཡིག་གི་རྣམ་པ་ཅན་ཏེ་རྩ་བའི་རླུང་ལྔ། ཀླུའི་རླུང་ས་ཁམས་ཨཱ་རིང་པོ། རུས་སྦལ་གྱི་རླུང་རླུང་ཁམས་ཨེ་ཡིག །རྩངས་པའི་རླུང་མེ་ཁམས་ཨཱར་ཡིག་ལྷས་བྱིན་གྱི་རླུང་ཆུ་ཁམས་ཨོ་ཡིག་ནོར་ལས་རྒྱལ་གྱི་རླུང་ས་ཁམས་ཨཱལ་ཡིག་སྟེ་ཡན་ལག་གི་རླུང་ལྔ་སྟེ་རླུང་བཅུ་བྱུང༌། དེའང་མི་ཤིགས་པ་ཆ་ཤས་ཀུན་ཚང་དེ་ཉིད་གཡོ་བའི་ཆ་ནས་རླུང་དུ་བརྗོད་པ་དེ་དག་ལས་དང་ཡེ་ཤེས་འདྲེས་པར་གནས་པ་ཉིད་ལ། མུན་པའི་དབང་ལས་སྒྲ་གཅན་གྱི་རླུང་དང་རྡུལ་གྱི་དབང་ལས་ཉི་མའི་རླུང་དང་སྙིང་སྟོབས་ཀྱི་དབང་ལས་ཟླ་བའི་རླུང་དུ་བཤད་པས་ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་ཞེས་བྱ། དེའང་འབྱུང་བ་ལྔའི་རང་བཞིན་ཅན་ཡིན་པས་རྩ་བའི་རླུང་དང༌། དེས་འབྱུང་གྱུར་གྱི་ཆོས་ལྔ་བསྐྱེད་པ་ལས་གྱུར་པ་ཡན་ལག་གི་རླུང་ལྔ་སྟེ་རླུང་བཅུ་རགས་པ་


LT08,P044B
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་ན། འབྱུང་འཇུག་གི་མཚན་ཉིད་ཅན་དུས་སྦྱོར་གྱི་རླུང་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཕྱི་ནང་དུ་འགྲོ་འོང་བྱེད་དོ། །དེ་དག་ཀྱང་མངལ་དུ་རྡོ་རྗེའི་ལུས་ཆགས་པ་ནས་ཟླ་བ་བཅུའི་བར་ལ་རླུང་བཅུ་པོ་འཕེལ་ཞིང་བསྐྱེད་ནས་ལོ་བརྒྱའི་རིང་ལ་ནུས་པ་རྣམས་རིམ་པས་སྡུད་པར་འགྱུར་བ་ཡིན་ལ། དེའང་མངལ་དུ་ཆགས་དུས་རླུང་རྣམས་ཀྱི་ཐོག་མར་སྲོག་རླུང་ཨའི་རྣམ་པ་ཅན་དེ་གྲུབ་ཅིང༌། དེ་ནས་ཟླ་བ་གཉིས་པ་ནས་ཐུར་སེལ་སོགས་རིམ་པར་འཕྲོས་ཏེ་རླུང་བཅུ་པོ་རྫོགས། ད་ལྟ་སྲོག་རླུང་དབུ་མའི་ནང་དུ་རླུང་འཕེལ་འགྲིབ་ཐམས་ཅད་ཀྱི་བདག་པོར་གནས། དེ་ལས་འཕྲོས་པའི་རླུང་རྣམས་ནི་སྙིང་གར་ཐུན་བརྒྱད་ཀྱི་རང་བཞིན་དུ་འབབ་ཅིང་རེ་རེའང་ཁམས་ལྔའམ་དྲུག་གི་བདག་ཉིད་ཅན་ཕྱིར་འགྲོ་བ་ན་སྡུད་རིམ་དང་ནང་དུ་འཇུག་པ་བསྐྱེད་རིམ་དུ་འབྱུང༌། དེ་བཞིན་དུ་སྤྱི་བོར་ཟླ་བའི་རྐང་པ་བཅུ་དྲུག་དཀར་དམར་གྱི་ཆས་དབྱེ་བས་སུམ་ཅུ་རྩ་གཉིས། མགྲིན་པར་རྩ་བཅུ་དྲུག་ཐབས་ཤེས་ཀྱི་དབྱེ་བས་རྒྱུ་སྐར་གྱི་ལོངས་སྤྱོད་ཡུད་ཙམ་སོ་གཉིས་སམ་འཕོ་པ་བཅུ་དྲུག །ལྟེ་བར་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ལྔ་ཚན་གྱི་དབྱུ་གུ་དྲུག་ཅུ། སྟོང་པ་དབུ་མའི་རླུང་བཞི་བཅས་བསྐྱེད་སྡུད་ཀྱི་རིམ་པས་རྒྱུ། ཕྲ་བ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་རླུང་ཁོ་ན་རྒྱུ་བ་དབུ་མའི་རིགས་དང་རླུང་དང་དཀར་ཆ་ལྷན་ཅིག་ཏུ་རྒྱུ་བ་རྐྱང་མའི་རིགས། དམར་ཆ་ལྷན་ཅིག་ཏུ་རྒྱུ་བ་རོ་མའི་རིགས་གསུམ་པོ་ཐམས་ཅད་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་ཞག་གཅིག་ལ་རྫོགས་པར་རྒྱུ་ཞིང་རླུང་འབྱུང་རྔུབ་རེ་རེ་ཡང་བ་སྤུའི་མཐར་ཐུག་པར་འཕོ་ཞིང་རྒྱུའོ། །མདོར་ན་ནང་དུ་རྒྱུ་ཚུལ་ཡང་ཕྱི་རོལ་གྱི་རླུང་དང་འདྲ་བས་རྩིས་ལས་རྟོགས་ཏེ། ཕྱིར་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་ནང་དུ་འཕོ་བ་བཅུ་གཉིས། ཕྱིར་ཁྱིམ་རེ་ལ་དབྱུ་གུ་ལྔ་ལྔ་ཡོད་པ་ནང་དུ་དཀྱིལ་འཁོར་ལྔ་ལྔ་རེ། ཕྱིར་ལོ་གཅིག་


LT08,P045A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པ་ནང་དུ་ཞག་གཅིག་གི་དབུགས་ཡིན་ནོ། །ཕྱི་རོལ་ཏུ་རྒྱུ་བའི་ལས་ཀྱི་གཙོ་བོ་ལྟེ་བའི་དཀྱིལ་འཁོར་ནས་རོ་རྐྱང་གི་རྩ་བརྒྱུད་དེ་སྣ་བུག་ཏུ་འབྱུང་བ་ཡིན་ལ། དེའང་སྣ་བུག་གཡས་པ་ནས་རྒྱུ་བ་ཉི་མའི་རླུང་ནི་ནུས་པ་ཟད་རིམ་གྱིས་རྒྱུ་བས་དུག་གི་རླུང་ཞེས་བྱ་ལ་ཐབས་ཀྱི་རང་བཞིན་ཡིན་ཀྱང་གསུང་རྡོ་རྗེའི་ངོ་བོ་སྟེ། ཞག་རེ་བཞིན་དུ་གཡས་པ་དེའི་རླུང་རྒྱུ་བའི་གྲངས་ནི་ཁྲི་དང་བཞི་བརྒྱ་དྲུག་ཅུ་རྩ་གཉིས་ཕྱེད་དང་བཅས་པ་རྒྱུའོ། །སྣ་བུག་གཡོན་པ་ནས་རྒྱུ་བ་ཟླ་བའི་རླུང་ནི་འབྱུང་བ་འཕེལ་རིམ་གྱིས་རྒྱུ་བས་བདུད་རྩི་སྟེ་ཤེས་རབ་ཀྱི་རང་བཞིན་ཡིན་ཀྱང་སྐུ་རྡོ་རྗེའི་ངོ་བོ་སྟེ། ཞག་རེའི་རྒྱུ་གྲངས་སྔ་མ་དང་མཚུངས་སོ། །དབུས་ནས་མཉམ་དུ་རྒྱུ་བའི་རླུང་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ནི་ཕྱི་རོལ་ཏུ་སྒྲ་གཅན་ལྟར་སྟོབས་དང་ལྡན་པས་སྒྲ་གཅན་གྱི་ཁམས་དང་ནམ་མཁའ་ལྟར་གོ་འབྱེད་པས་ནམ་མཁའི་རླུང་དང་དབུ་མ་ལ་འཇུག་པས་ཡེ་ཤེས་ཀྱི་རླུང་ཞེས་ཀྱང་བྱ་སྟེ། ངོ་བོ་ནི་ཐབས་ཤེས་གཉིས་སུ་མེད་པ་ཐུགས་རྡོ་རྗེའི་རང་བཞིན་ཡིན་ནོ། །སྣ་གཡས་གཡོན་གཉིས་སུ་ས་ཆུ་མེ་རླུང་ནམ་མཁའི་རླུང་རེ་རེར་སུམ་བརྒྱ་དྲུག་ཅུ་རེ་རྒྱུ་བ་ནི་འཕོ་ཆུང་ཡིན་ལ་བསྡམས་པས་སྟོང་བརྒྱད་བརྒྱ་རེ་ལ་འཕོ་ཆེན་གྱི་ཐ་སྙད་མཛད་ཅིང༌། ཉིན་ཞག་རེ་ལ་འཕོ་བ་བཅུ་གཉིས་རེ་བསྡམས་པས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། དེའི་ཁོང་དུ་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ། དེའང་འཕོ་ཆེན་བཅུ་གཉིས་པོ་རེ་རེའི་མཚམས་སུ་ལྔ་བཅུ་རྩ་དྲུག་དང་བཞི་ཆ། འཕོ་ཆུང་རེའི་མཚམས་སུ་བཅུ་གཅིག་དང་བཞི་ཆ་རེ་ཡོད་དེ་མདོར་ན་དབུགས་གཅིག་གི་སོ་གཉིས་ཆ་ཡིན་ནོ། །དེའི་ཡང་ཕྱེད་ནི་ཕྱིར་རྒྱུ་ལ་ཕྱེད་ནི་ནང་དུ་རྒྱུ་ཞིང་ཕྱི་འཇིག་རྟེན་ཁམས་སུ་གཟའ་རྣམས་རྐང་པའི་རླུང་གིས་འཕེལ་འགྲིབ་ལས་དུས་ཀྱི་རིམ་པ་འཇོག་པ་ལྟར་འདི་ནི་ནང་དུ་གཟའ་རྣམས་ཀྱི་རྐང་པ་ཡིན་


LT08,P045B
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནང་གི་དུས་འཁོར་ཞེས་བྱ། ཕྱིར་འགྲོ་འཕེལ་ན་དུས་སུ་འཆི་བའི་འཆི་ལྟས་དང་ནང་དུ་ཟིན་ན་འཆི་མེད་འགྲུབ་བོ། །ལོ་བརྒྱའི་ཡེ་རླུང་ཐམས་ཅད་བསྡམས་ན་ལོ་གསུམ་ཕྱོགས་གསུམ་ཡིན་ལ་ལས་རླུང་ཇི་སྙེད་པ་ཡེ་རླུང་དུ་གྱུར་ན་སངས་རྒྱས་ཐོབ་པའི་ཕྱིར་ལོ་གསུམ་ཕྱོགས་གསུམ་ཀྱིས་རྡོ་རྗེ་འཆང་འགྲུབ་པར་གསུངས་པའང་དེའི་དོན་ཡིན་ནོ། །རླུང་དེ་དག་གི་ཁ་དོག་དང་ཡོན་ཏན་དང་སྟོབས་དང་བྱེད་ལས་འཇུག་སྒོ་བཟུང་ཐབས་སྐྱོན་ཡོན་དང་བཅས་པ་ནི་ཟབ་མོ་ནང་དོན་སོགས་ལས་ཤེས་པར་བྱའོ། །མདོར་ན་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་གསུངས་ཤིང༌། དེའང་བསྡུ་ན་ལས་དང་ཡེ་ཤེས་ཀྱི་རླུང་གཉིས། དེའི་དང་པོ་རྣམ་པར་རྟོག་པ་དང་དབྱེར་མེད་པའི་རླུང་ལ་གཉིས་ཏེ། དང་པོ་སྤང་བྱ་ནི། ཀུན་གཞི་ལ་གནས་ནས་བདག་ཏུ་རྟོག་པ་ནི་གཏི་མུག་གི་རླུང༌། ཡེ་ཤེས་ཀྱི་སྣང་ཆ་འོད་ལྔ་ལ་རང་སྣང་དུ་མི་ཤེས་པར་གཞན་ཏུ་རྟོག་ཅིང་སྲེད་པ་འཕེལ་པ་ནི་འདོད་ཆགས་ཀྱི་རླུང༌། དེ་ལ་བརྟེན་ནས་ཡུལ་ལ་བླང་དོར་གྱིས་དཔྱོད་ཅིང་དམ་དུ་འཛིན་པ་ནི་ཞེ་སྡང་གི་རླུང་སྟེ། དེ་ལྟར་དུག་གསུམ་གྱི་རང་བཞིན་མ་རིག་པའི་དབང་གིས་འཁོར་བ་འགྲུབ་པ་དང༌། གཉིས་པ་དེའི་རྒྱུན་གཅོད་པར་བྱེད་པའི་གཉེན་པོ་ཡང་དག་པའི་རྟོག་པ་བདག་མེད་པར་ལྟ་བ་སོགས་ལའང་ལས་ཀྱི་རླུང་ཞེས་བརྗོད་ལ། མདོར་ན་ལས་ཀྱི་རླུང་ཞེས་བྱ་བ་ནི་རྟོག་པ་ཡིན་ཏེ་གཡོ་བ་དང་ཕྲ་བ་དང་གཞན་ནས་གཞན་ཏུ་སྤྱོད་པར་བྱེད་པའི་ཕྱིར་རོ། །སེམས་ཀྱི་རང་བཞིན་བདེ་གསལ་མི་རྟོག་པ་ནི་ཡེ་ཤེས་ཀྱི་རླུང་ཆེན་པོ་སྟེ་དེ་རང་རིག་པ་ན་ལས་རླུང་གི་གཡོ་བ་མཐའ་དག་ཞི་བར་འགྱུར་རོ། །བཞི་པ་ཐིག་ལེ་བཤད་པ་ནི། དཔྱིད་ཐིག་དྭངས་མ་བཅུ་གཉིས་སྙིགས་ཉེར་བཞི། །ཐིམ་དང་ལོངས་སྤྱོད་བདག་པོའི་ཚུལ་གྱིས་འབབ། །ཐིག་ལེའི་དོན་ཏི་ལ་ཀ་ཞེས་བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་ཏུ་གྱུར་པ་ཡིན་ལ།


LT08,P046A
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ཐོག་མ་མེད་པའི་དུས་ནས་གཞོམ་དུ་མེད་པར་གནས་པའི་རང་སེམས་སྐུ་གསུམ་གྱི་བདག་ཉིད་ནི་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། སེམས་དཀར་དམར་རླུང་གསུམ་གྱིས་དཀྲུགས་པས་གཟུང་འཛིན་གཉིས་ཀྱི་འཁྲུལ་པ་ཤར་བ་ནི་འཁྲུལ་པ་མ་རིག་པའི་ཐིག་ལེ། ཀུན་བརྟགས་མིང་བཞི་ལས་བསྒྱུར་བ་བཏགས་པ་སྔགས་ཀྱི་ཐིག་ལེ། གཞན་དབང་གི་གཉེན་པོར་རླུང་འཆིང་བ་རླུང་གི་ཐིག་ལེ་དང༌། ཁམས་དཀར་དམར་དེ་འཆིང་བྱེད་ཀྱི་ཐབས་དང་བཅས་པ་ལ་རྫས་ཀྱི་ཐིག་ལེ་ཞེས་དཔལ་རང་བྱུང་ཞབས་ཀྱིས་བསྡུ་བར་མཛད་ཅིང༌། འཆད་ཚུལ་གཞན་ལས་ཀུན་རྫོབ་བརྡར་བཏགས་དང༌། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གཉིས་སུ་བཤད་པ་ལས། འདིར་ཀུན་རྫོབ་བརྡར་བཏགས་སམ། རྫས་ཀྱི་ཐིག་ལེ་འཆད་པར་བྱ་བ་སྟེ། དེའང་རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་ཀྱི་ཐིག་ལེ་སུམ་ཅུ་རྩ་དྲུག་ནི་རླུང་གིས་དབང་བྱེད་པའི་ནོར་ལྟ་བུར་གནས་ཤིང་དེ་ལ་བརྟེན་པ་རྫས་ཀྱི་ཐིག་ལེའི་དྭངས་མ་དཀར་ཆ་ནི་དབུ་མའི་ཡར་སྣར་ཧཾ་གི་རང་བཞིན་དུ་གནས་པ་སྟེ། ནམ་མཁའ་དང་མཉམ་པའི་རྒྱུད་ལས། མི་ཤིགས་ཧཾ་གི་དབྱིབས་འདྲ་སྟེ། །ནོར་བུ་ཀུནྡའི་མདོག་ལྟ་བུ། །དཀར་ལ་འཚེར་དང་གཟི་མདངས་སྣུམ། །ཞེས་གསུངས་པ་བཞིན་ནོ། །དམར་ཆའི་དྭངས་མ་ནི་ལྟེ་འོག་རྩ་གསུམ་འདུས་པའི་མདོར་ཨ་ཐུང་གི་རྣམ་པས་གནས་ཏེ། སྡོམ་འབྱུང་ལས། རྒོད་མའི་མེ་འདྲའི་ངོ་བོ་ཉིད། །ཅེས་གསུངས་སོ། །དེ་དག་གི་མིང་དུ་དཔྱིད་དང་ཐིག་ལེ་ཞེས་བཤད་དེ། ནག་པོ་པས། གཞོམ་མེད་ཧཾ་སྟེ་ས་བོན་ནི། །བ་མོ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །མེ་ནི་ཆེན་པོའི་གཟུགས་ཀྱིས་ནི། །ཕག་མོ་ཐིག་ལེ་རུ་ནི་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་


LT08,P046B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་འབར། །དཔྱིད་ཐོབ་པས་ནི་མཉེས་གྱུར་ན། །སྙོམས་པར་འཇུག་པ་རྣམ་པར་གནས། །འདི་ནི་ཧེ་རུ་ཀ་དཔལ་དཔའ། །དཔྱིད་ཀྱི་ཐིག་ལེར་བརྗོད་པ་སྟེ། །ཞེས་གསུངས་སོ། །དཀར་དམར་དེ་གཉིས་ཀྱི་བར་དུ་ཀུན་གཞི་སྲོག་ཆེན་པོའི་རླུང་དང་བཅས་པ་བརྟེན་པའི་ཕྱིར། ཕྱི་རོལ་གྱི་གནས་ཉེ་བར་མཚོན་ན་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་གྱི་ངོ་བོ་ཡིན་ནོ། །མདོར་ན་དཀར་ཆ་ལས་བདེ་བ་འཇོ་བས་དཔྱིད་དང་དམར་ཆ་ལ་བདེ་བ་བརྟན་པས་ཐིག་ལེར་བཤད་ཅིང་བྱང་ཆུབ་མངོན་ཏུ་བྱེད་པའི་གནས་སུ་གྱུར་པས་རྡོ་རྗེའི་གདན་ཏུ་འཇོག་པའོ། །དྭངས་མ་དེ་དག་ལ་བརྟེན་པའི་སྙིགས་མའི་ཁམས་ཆ་མཐུན་ལའང་དྭངས་སྙིགས་གཉིས་ཡོད་པའི་དྭངས་མས་ལུས་ཀྱི་སྟོབས་དང་གཟི་མདངས་བསྐྱེད་ལ། སྙིགས་མ་ནི་དབང་པོའི་སྒོ་སོགས་ནས་འཛག་པར་བྱེད་དོ། །དེ་དག་ཀྱང་ཁ་ཟས་ནང་གི་སྦྱིན་སྲེག་གི་དྭངས་མའི་དྭངས་མ་བདུན་གྱི་མཐར་ཁུ་བའི་ཁམས་སུ་འགྱུར་བས་སྐྱེ་བ་བདུན་པ་ཞེས་བཤད་དོ། །དེ་ལས་འཕྲོས་པའི་ཐིག་ལེ་ཤིན་ཏུ་མང་ཡང༌། གཙོ་བོར་དྭངས་མ་བཅུ་གཉིས་དང༌། སྙིགས་མ་ཉེར་བཞི་སྟེ་སུམ་ཅུ་རྩ་དྲུག་ཏུ་ཡོད་ཅིང༌། དེ་ལ་དྭངས་མའི་ཁམས་བཅུ་གཉིས་ནི། ཡན་ལག་གི་རླུང་ལྔ་དང་འབྲེལ་བའི་ཐིག་ལེ་ལྔ། རྩ་བའི་རླུང་ལྔ་དང་འབྲེལ་བའི་ཐིག་ལེ་ལྔ། སྟེང་དུ་ཟླ་ཉི་སྒྲ་གཅན་གྱི་རླུང་གསུམ་ལ་བརྟེན་པའི་ཐིག་ལེ་གསུམ་ནི་སྲོག་ཉི་མའི་ཆོས་ཅན་ཡིན་པས་ཉི་མའི་ཐིག་ལེ་གཅིག་ཏུ་བྱས། འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་ལ་བརྟེན་པའི་ཐིག་ལེ་གསུམ་ནི་ཐུར་སེལ་ཟླ་བའི་ཆོས་ཅན་ཡིན་པས་ཟླ་བའི་ཐིག་ལེ་གཅིག་ཏུ་བྱས་པས་དྭངས་མ་བཅུ་གཉིས་སོ། །སྙིགས་མ་ཉེར་བཞིའི་རྟེན་ནི་ས་འོག་སྤྱོད་སྐུའི་གནས་བརྒྱད་ས་སྤྱོད་གསུང་གི་གནས་བརྒྱད་མཁའ་སྤྱོད་ཐུགས་ཀྱི་གནས་བརྒྱད་ཡོད་པའི་བྱེ་བྲག་གིས་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ལ།


LT08,P047A
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དང་མཁའ་འགྲོ་མ་རྒྱུན་དུ་གནས་པ་དང་རེས་འགའ་གནས་པ་ལ་སོགས་པའི་བྱེ་བྲག་ལ་བརྟེན་ནས། ཕྱི་ནང་གི་གནས་དང་ཉེ་བའི་གནས་གཉིས་ལ་ནང་གསེས་བཞི་བཞིར་དབྱེ་བའི་ཡུལ་བརྒྱད་ནི་ཐུགས་ཀྱི་འཁོར་ལོ། ཞིང་དང་ཉེ་བའི་ཞིང༌། ཚནྡྷོ་དང་ཉེ་བའི་ཚནྡྷོ་བཞི་ལ་གཉིས་རེར་ཡོད་པའི་ཡུལ་བརྒྱད་ནི་གསུང་གི་འཁོར་ལོ། འདུ་བ་དང་ཉེ་བའི་འདུ་བ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་བཞི་ལ་གཉིས་རེར་དབྱེ་བའི་ཡུལ་བརྒྱད་ནི་སྐུའི་འཁོར་ལོ་སྟེ་ནང་དུ་དཀར་ཆ་འབབ་ཅིང་ཕྱི་རོལ་ཏུ་མཁའ་འགྲོ་རྣམས་འདུ་བའོ། །དེ་ལྟར་རྩ་ཆེན་ཉེར་བཞིར་འབབ་པའི་ཁམས་ཉི་ཤུ་རྩ་བཞི་པོ་རེ་རེ་ལ་ཐིམ་ལོངས་སྤྱོད་བདག་པོ་གསུམ་གསུམ་དུ་ཕྱེ་བས་བདུན་ཅུ་རྩ་གཉིས་སུ་འགྱུར་ལ། དེའང་ཐིམ་པ་ནི་བྱ་བ་ཡོངས་སུ་རྫོགས་ནས་སྙིགས་མར་གྱུར་པ་འདས་པའི་ཆ། ལོངས་སྤྱོད་པ་ནི་ཁམས་ཀྱི་དྭངས་མ་ལས་བྱེད་བཞིན་པ་གཙོ་བོར་དཀར་ཆ་ད་ལྟ་བ། སྐྱེད་པར་བྱེད་པའི་བདག་པོ་ནི་དྭངས་སྙིགས་གཉིས་ཀའི་རྩ་བ་སྟེ་རྒྱུ་ཡིན་པས་རླུང་ཁྲག་འདྲེས་པ་མ་འོངས་པའི་ཆ་ཡིན་ནོ། ཁམས་ཉེར་བཞི་པོ་རེ་རེ་ཡང་སྟོང་ཕྲག་གསུམ་གསུམ་ཕྱེ་བ་བདུན་ཁྲི་ཉིས་སྟོང་ནི། ཐིམ་པ་རླུང་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི་དང་ལོངས་སྤྱོད་པ་དཀར་ཆ་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི། བདག་པོ་དམར་ཆ་གཙོ་བོར་གྱུར་པ་སྟོང་ཕྲག་ཉེར་བཞི་སྟེ་ཟླ་ཉི་སྒྲ་གཅན་གྱི་ཁམས་གསུམ་གྱི་བདག་ཉིད་ཡིན་ལ། དེ་ནི་ལུས་ཀྱི་བ་སྤུའི་མཐར་ཐུག་པའི་རྩ་གནས་ཀུན་ཏུ་ཁྱབ་པར་འབབ་པོ། ཁམས་ཀྱི་དྭངས་མའི་གཙོ་བོ་བྱང་ཆུབ་ཀྱི་སེམས་བཅུ་དྲུག་ཕྱེད་ཕྱེད་དུ་འབབ་པ་དང༌། ཚེས་ཀྱི་བདག་ཉིད་ཀྱི་འཕོ་བ། དེ་ཉིད་འཆིང་བྱེད་ཀྱི་ཐབས་སོགས་ནི་མ་སྤྲོས་སོ། །ལྔ་པ་གནས་སྐབས་བཞི་བཤད་པ་ནི། གཉིད་འཐུག་རྨི་ལམ་ཐ་མལ་སྙོམས་འཇུག་གི །གནས་སྐབས་


LT08,P047B
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལྡན་ཉེ་བར་ལེན་པའི་རྒྱུ། །དེ་ལྟར་རྩ་རླུང་ཐིག་ལེ་རྫོགས་པས་གནས་སྐབས་བཞི་འབྱུང་སྟེ། དེ་གསུམ་གྱི་རང་ངོ་མ་ཤེས་ཤིང་གཟུང་འཛིན་དུ་ཞེན་པའི་དབང་ལས་ཚོགས་དྲུག་མི་གསལ་བར་ཀུན་གཞི་ལ་བསྡུས་པ་གཉིད་འཐུག་པོའི་གནས་སྐབས་དང༌། དེ་ལས་ཡིད་འདུ་བྱེད་པ་དང་བཅས་ཏེ་ལངས་པ་རྨི་ལམ་གྱི་གནས་སྐབས་དང༌། དེ་ལས་འཇུག་པའི་ཤེས་པ་གཟུང་འཛིན་གྱི་རྣམ་པར་ལངས་པས་ཚོགས་དྲུག་ཡུལ་ལ་འཇུག་པ་ཐ་མལ་གྱི་དུས་དང༌། དེ་ལས་འཕོ་བའི་བག་ཆགས་ཉམས་སུ་མྱོང་བ་སྙོམས་འཇུག་གི་གནས་སྐབས་ཏེ་གནས་སྐབས་བཞི་པོ་དེ་དག་རང་རང་གི་སྐབས་སུ་གཙོ་བོར་གྱུར་པའི་རྣམ་པར་ཤེས་པ་དང་འབྲེལ་ལ་རྣམ་པར་ཤེས་པ་དེ་རྣམས་ཀྱི་རང་གི་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པས། དེ་དག་གི་གནས་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་ནས་གནས་སྐབས་བཞིའི་འཁྲུལ་པ་མཐའ་དག་ལམ་དུ་བསླང་དགོས་ཏེ། དེའང་འཁོར་ལོ་བཞིར་ལུས་ངག་སེམས་ཡེ་ཤེས་ཀྱི་ཐིག་ལེ་གནས་སྐབས་བཞིའི་འཁྲུལ་པ་སྐྱེད་བྱེད་དུ་ཡོད་པ་ལ་ནད་གང་དུ་ཡོད་པའི་སར་སྨན་གྱི་ནུས་པ་འཇུག་པ་བཞིན་སྨིན་བྱེད་ཀྱི་དབང་བཞི་དང་རྫོགས་རིམ་གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་རྣམས་ཀྱི་གནད་དུས་དང་ཡུལ་དེ་དག་ཏུ་འཆིང་དགོས་སོ། །དེས་ན་གནས་སྐབས་བཞི་པོ་ནི་དག་པ་དང་མ་དག་པའི་ཉེ་བར་ལེན་པའི་རྒྱུར་ཡང་གསུངས་ལ། འདི་དག་གི་སྦྱང་གཞི་དབྱིངས། སྦྱང་བྱ་དྲི་མ། སྦྱོང་བྱེད་ཕྱག་རྒྱ་བཞི། ཇི་ལྟར་སྦྱང་བའི་རིམ་པ། སྦྱངས་འབྲས་སྐུ་དང་ཡེ་ཤེས་རྣམས་སྦྱོར་བའི་ཚུལ་ནི་ཟབ་མོ་ནང་དོན་ལས་ཤེས་པར་བྱའོ། །གཉིས་པ་རྟེན་གཉུག་མའི་ལུས་བཤད་པ་ནི། དེ་དག་དྭངས་མ་རྡུལ་གྱི་ཆོས་ལས་འདས། །ཀུན་རྫོབ་བྱང་སེམས་ལས་སྣང་ཡེ་ཤེས་ཀྱི། །ངོ་བོ་མི་འགྱུར་བདེ་རྟེན་གཉུག་མའི་ལུས། །རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་དེ་དག་གི་


LT08,P048A
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་མ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་ཤིང༌། རྒྱུད་དུ་ཁུ་བའི་སྒྲས་ཀུན་རྫོབ་བྱང་སེམས་ལས་གྲུབ་ཅིང་སྣང་བ། ཡེ་ཤེས་ཀྱི་ངོ་བོར་གྱུར་ཅིང་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་ཉིད་ནི་གཉུག་མའི་ལུས་ཞེས་བྱ་བ་སྟེ། བརྟག་གཉིས་ལས། །བཙུན་མོའི་བྷ་ག་བདེ་ཆེན་ཏུ། །སྟོན་པ་སུམ་ཅུ་སོ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་པས་ནི་བདེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཉིད་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་མི་འགྱུར་བདེ་བའི་གཟུགས། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་གསུངས་སོ། །གསུམ་པ་དེ་ཉིད་མཚོན་བྱེད་སོགས་བཤད་པ་ལ་གཉིས། ཨེ་ཝཾ་ཟུང་འཇུག་དང་སྦྱར་བ། རྣམ་བཅུ་དབང་ལྡན་དང་སྦྱར་བའོ། །དང་པོ་ལ་གཉིས། མཚོན་བྱེད་དང༌། མཚོན་བྱའོ། །དང་པོ་ནི། དེ་ཉིད་མཚོན་བྱེད་སྟོང་ཆེན་ཡི་གེ་ལྔ། །ཐིག་སྟོང་ཡིག་དྲུག་ཟུང་འཇུག་ཨེ་ཝཾ་དབྱིབས། །རྒྱུའི་རྒྱུད་དེ་མཚོན་པར་བྱེད་པ་ལ་རྒྱུད་རྣམས་ནས་ཨེ་ཝཾ་གྱི་སྒྲས་བསྟན་པར་མཛད་དེ། འདིས་ནི་རྒྱུ་རྒྱུད་ཙམ་དུ་མ་ཟད་ལམ་དང་འབྲས་བུ་གཉིས་ཆོས་ཟུང་འཇུག་ཐམས་ཅད་བསྡུས་པ་ཡིན་ནོ། །དེའང་རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་གསུངས་པ་དེ་གཉིས་ཟུང་འཇུག་ཨེ་ཝཾ་གྱི་དབྱིབས་སུ་གྲུབ་པ་མཚོན་བྱེད་རྟགས་ཀྱི་སྒྲ་སྒྲུབ་འགྲེལ་ཆེན་དྲི་མེད་འོད་ལས་གསུངས་པ་མདོ་ཙམ་བརྗོད་ན། ཝཾ་བཤད་པ་དང༌། ཨེ་བཤད་པ་གཉིས། དང་པོ་ཝཾ་ཡིག་སྟོང་པ་ཆེན་པོ་འགྱུར་མེད་ལྔའི་བདག་ཉིད་དེ། དེའང་སྟོང་ཆེན་འགྱུར་མེད་དང་པོ་ནི། ཕུང་པོ་དྲུག་ལས་ཡེ་ཤེས་ཀྱི་ཕུང་པོ་དང༌།


LT08,P048B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་ཕུང་པོ། ཁམས་དྲུག་ལས་ཡེ་ཤེས་ཀྱི་ཁམས་དང་ནམ་མཁའི་ཁམས། དབང་པོ་དྲུག་ལས་ཡིད་ཀྱི་དབང་པོ་དང་རྣ་བའི་དབང་པོ། ཡུལ་དྲུག་ལས་ཆོས་དང་སྒྲ། ལས་དབང་དྲུག་ལས་མཆོག་གི་དབང་པོ་དང་བྷ་གའི་དབང་པོ། ལས་དབང་གི་བྱ་བ་དྲུག་ལས་དྲི་ཆུ་འཛག་པ་དང་ཁུ་བ་འཕོ་བ་རྣམས་གཞན། དབུས་སུ་ཨ་ཡིག་གྲི་གུག་གི་རྣམ་པ་བརྗོད་དུ་མེད་པའི་རི་མོས་མཚན་པ་ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །སྟོང་ཆེན་འགྱུར་མེད་གཉིས་པ་ནི་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས། སྣའི་དབང་པོ། ཡུལ་དྲི། ལས་དབང་ངག་ལས་དབང་གི་བྱ་བ་སྨྲ་བརྗོད་རྣམས་གཞན་ཤར་དུ་ཨི་ཡིག་དབྱུག་པའི་རི་མོ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །སྟོང་ཆེན་འགྱུར་མེད་གསུམ་པ་ནི་ཚོར་ཕུང༌། མེ་ཁམས། ལྕེ་དབང༌། ཡུལ་རོ། ལས་དབང་ལག་པ། ལས་དབང་གི་བྱ་བ་ལེན་པ་རྣམས་གཞན་ལྷོར་རྀ་ཡིག་ཚེགས་དྲག་གི་རི་མོ་མཉམ་ཉིད་ཡེ་ཤེས་ཀྱི་བདག་ཉིད་དོ། །སྟོང་ཆེན་འགྱུར་མེད་བཞི་པ་ནི་འདུ་ཤེས་ཀྱི་ཕུང་པོ། ཆུ་ཁམས། །མིག་དབང༌། ཡུལ་གཟུགས། ལས་དབང་རྐང་པ། ལས་དབང་གི་བྱ་བ་འགྲོ་བ་རྣམས་གཞན་བྱང་དུ་ཨུ་ཡིག་ཐིག་ལེའི་རི་མོ་སོར་རྟོག་ཡེ་ཤེས་ཀྱི་བདག་ཉིད་དོ། །སྟོང་ཆེན་འགྱུར་མེད་ལྔ་པ་ནི་གཟུགས་ཀྱི་ཕུང་པོ། ས་ཁམས། ལུས་དབང༌། ཡུལ་རེག་བྱ། ལས་དབང་བཤང་ལམ། ལས་དབང་གི་བྱ་བ་བཤད་པ་འདོར་བ་རྣམས་གཞན་ནུབ་ཏུ་ལྀ་ཡིག་ཐོད་པའི་རི་མོ་མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ། །དེ་ལྟར་དབྱངས་གསལ་གང་དུའང་བརྗོད་དུ་མེད་པའི་རི་མོ་ལྔ་བསྡུས་ཏེ། གྲི་གུག་གི་རི་མོས་ལྟེ་བ། ཐོད་པས་མགོ །དབྱུག་པས་སུག་པོ། །ཆོག་དྲག་གིས་ཟླ་ཚེས། ཐིག་ལེས་ཟླ་ཚེས་ཀྱི་སྟེང་དུ་ཐིག་ལེ་ནཱ་ད་དང་བཅས་པའི་གཟུགས་སུ་བསྒྲུབས་པ་ལས་ལུས་བསམ་གྱི་ངེས་པས་གསལ་བྱེད་ཀྱི་ལུས་ཅན་ཝཾ་ཡིག་


LT08,P049A
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་དབྱངས་ལ་ཨི་རྀ་ཨུ་ལྀའི་བདག་ཉིད་ཅན་ཏུ་རྫོགས་པ་བཞིན་དུ། ཕུང་སོགས་སོ་དྲུག་པོ་དེ་རྣམས་གཞན་ཡེ་ཤེས་ལྔའི་བདག་ཉིད་ཝཾ་ཡིག་གིས་མཚོན་པའི་དོན་གཞོམ་དུ་མེད་པའི་བདག་ཉིད་ཅན་གྱི་རྡོ་རྗེ་འཛིན་པ་བདེ་བ་ཆེན་པོ་བསྟན་པ་ཡིན་ནོ། །དེ་ལྟ་བུའི་སྟོང་ཆེན་འགྱུར་མེད་ལྔ་པོ་དེ་ལ་ནམ་མཁའ་ས་ཆུ་མེ་རླུང་གི་དཀྱིལ་འཁོར་ལྔ། ནམ་མཁའ་ཟླ་ཉི་སྒྲ་གཅན་དུས་མེ་ལྔ། གཟུགས་སོགས་ཕུང་པོ་ལྔ། ནང་ལ་ལུས་ཀྱི་དབུས་མདུན་རྒྱབ་གཡས་གཡོན་ལྔ། རྒྱུ་རྒྱུད་གནས་སྐབས་བཞི་དང་ལྔ། རྩ་འཁོར་ལོ་ལྔ། རྩ་བ་དང་ཡན་ལག་གི་རླུང་ལྔ་ལྔ། ལུས་ཀྱི་ཡན་ལག་ལྔ། གཞན་ལ་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་མདོག་ལྔ། རྩིག་པ་ལྔ། མངོན་བྱང་ལྔ། དེ་བཞིན་གཤེགས་པ་ལྔ། ལུས་བསམ་གྱིས་ཕྱེ་བའི་ཉིན་རྟགས་ལྔ་དང་མཚན་རྟགས་ལྔ། འབྲས་བུ་ཡེ་ཤེས་ལྔ་རྣམས་མཚོན་ནོ། །གཉིས་པ་ཨེ་ཡིག་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་གི་བདག་ཉིད་བཤད་པ་ནི། སྟོང་ཆེན་ལྔ་པོ་དེ་དག་ལ་རྫས་ཀྱི་ངོས་ནས་དབྱེ་བ་མེད་ཀྱང་དེ་དག་གི་སྣང་ཆ་སྒྲིབ་པ་མེད་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཆ་ནས་བཞག་སྟེ། དེའང་ཇི་ལྟ་བུ་ཞེ་ན། ཐིག་ལེ་སྟོང་པ་དང་པོ་ནི་ཕུང་པོ་དྲུག་ལས་རྣམ་ཤེས་ཀྱི་ཕུང་པོ། ཁམས་དྲུག་ལས་ནམ་མཁའི་ཁམས། དབང་པོ་དྲུག་ལས་རྣ་བའི་དབང་པོ། ཡུལ་དྲུག་ལས་སྒྲ། ལས་དབང་དྲུག་ལས་བྷ་གའི་དབང་པོ། ལས་དབང་གི་བྱ་བ་དྲུག་ལས་ཁུ་བ་འཕོ་བ་རྣམས་སྒྲིབ་པ་མེད་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཆ། ཀ་སྡེའི་བདག་ཉིད་བརྗོད་དུ་མེད་པའི་རི་མོས་མཚོན་པ་དབུས་ཀྱི་གྲི་གུག་གི་སྟེང་དུའོ། །དེ་བཞིན་དུ་ཐིག་སྟོང་གཉིས་པ་ནི་འདུ་བྱེད་ཀྱི་ཕུང་པོ། རླུང་ཁམས། སྣའི་དབང་པོ། ཡུལ་དྲི། ལས་དབང་ངག་དེའི་བྱ་བ་སྨྲ་བརྗོད་ཀྱི་རྣམས་སྒྲིབ་མེད་ཀྱི་ཆ། ཙ་སྡེའི་རི་མོ་ཤར་གྱི་དབྱུག་པའི་ཤར་དུའོ། །


LT08,P049B
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་སྟོང་གསུམ་པ་ཚོར་ཕུང༌། མེ་ཁམས། ལྕེ་དབང༌། ཡུལ་རོ། ལས་དབང་ལག་པ། དེའི་བྱ་བ་ལེན་པ་རྣམས་སྒྲིབ་མེད་ཀྱི་ཆ། ཊ་སྡེའི་རི་མོ་ལྷོའི་ཚེག་དྲག་གི་ལྷོ་རུའོ། །ཐིག་སྟོང་བཞི་པ་ནི་འདུ་ཤེས་ཀྱི་ཕུང་པོ། ཆུ་ཁམས། མིག་དབང་ཡུལ་གཟུགས། ལས་དབང་རྐང་པ། དེའི་བྱ་བ་འགྲོ་བ་རྣམས་སྒྲིབ་མེད་ཀྱི་ཆ། པ་སྡེའི་རི་མོ་བྱང་གི་ཐིག་ལེའི་བྱང་དུའོ། །ཐིག་སྟོང་ལྔ་པ་ནི་གཟུགས་ཕུང༌། ས་ཁམས། ལུས་དབང༌། ཡུལ་རེག་བྱ། ལས་དབང་བཤང་ལམ། དེའི་བྱ་བ་བཤད་པ་་འདོར་བ་རྣམས་སྒྲིབ་མེད་ཀྱི་ཆ། ཏ་སྡེའི་རི་མོ་ནུབ་ཀྱི་ཐོད་པའི་ནུབ་ཏུའོ། །ཐིག་སྟོང་དྲུག་པ་ནི་ཡེ་ཤེས་ཀྱི་ཕུང་པོ། །ཡེ་ཤེས་ཀྱི་ཁམས། ཡིད་དབང༌། ཡུལ་ཆོས། ལས་དབང་མཆོག་གི་དབང་པོ་དང༌། དེའི་བྱ་བ་དྲི་ཆུ་འཛག་པ་རྣམས་སྒྲིབ་མེད་ཀྱི་ཆ། པ་སྡེའི་བདག་ཉིད་བརྗོད་དུ་མེད་པའི་རི་མོས་མཚོན་པ་དབུས་ཀྱི་གྲི་གུག་གི་རྣམ་པའི་འོག་ཏུའོ། །དེ་ལྟར་ཐིག་སྟོང་འགྱུར་མེད་དྲུག་མཚོན་པར་བྱེད་པ་བརྗོད་དུ་མེད་པའི་རི་མོ་དྲུག་ལས་གཉིས་གཉིས་ཕྱི་ནང་དུ་བྲིས་པས་ལོགས་གསུམ་དང༌། སྔ་ཕྱིའི་རྩེ་མོ་གཡས་གཡོན་རེག་པ་ཟུར་གསུམ་པའི་རྣམ་པར་བྲིས་པས་ཝཾ་ཡིག་གི་རྟེན་དུ་གྱུར་པའི་ཨེ་ཡིག་ཆོས་འབྱུང་གྲུ་གསུམ་པའི་རྣམ་པ། གསལ་བྱེད་ཀྱི་ཚོགས་བཏུས་པ་ལས་ཨེ་ཡིག་གི་ལུས་སུ་རྫོགས་པ་སྟེ་ལུས་དང་བསམ་པའི་ངེས་པ་ལས་སོ། །རྡོ་རྗེ་ཕྲེང་བ་ལས། ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། །གཉིས་སུ་མེད་པའི་མཚོན་བྱེད་དང༌། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །ཅེས་དང༌། སམྦུ་ཊ་ལས། ཨེ་ནི་ཤེས་རབ་ཅེས་བརྗོད་དེ། །ཝཾ་ནི་ཐབས་ཀྱི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཨེ་ཝཾ་གཉིས་པོ་གདོད་མ་ནས་ཟུང་དུ་འཇུག་པའམ་འབྲེལ་བ་ཡིན་པས། ཨེ་དང་ཝཾ་དང་ཟུང་འཇུག་


LT08,P050A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་རེ་རེའང་ཕུང་སོགས་སོ་དྲུག་པོའི་རང་བཞིན་སྒྲིབ་མེད་དང་རོ་མཉམ་དང་གཅིག་འདྲེས་ཀྱི་ཆོས་གསུམ་ལྡན་ཡིན་ཀྱང༌། གཙོ་ཆེ་བའི་དབང་དུ་བྱས་ཏེ་སྒྲིབ་པ་མེད་པའི་ངོས་ནས་ཨེ་ཡིག་འགྱུར་མེད་དྲུག་དང༌། རོ་མཉམ་པའི་ངོས་ནས་ཝཾ་ཡིག་འགྱུར་མེད་ལྔ་དང༌། གཅིག་ཏུ་འདྲེས་པའི་ཆ་ནས་ཟུང་འཇུག་གཙོ་བོར་བཤད་ཅིང༌། ཨེ་དང་ཝཾ་དང་ཟུང་འཇུག་གསུམ་རེ་རེ་ལའང་མི་ཤིགས་པ། གཞོམ་དུ་མེད་པ། རྡོ་རྗེ་འཛིན་པ་ལ་སོགས་པའི་མིང་གིས་བསྙད་མོད། མཐར་ཐུག་པའམ་ཆེན་པོའི་སྒྲས་ཐོབ་པ་ནི་ཟུང་འཇུག་ལ་བཞག་གོ །ཐབས་ཤེས་གཉིས་སུ་མེད་པའི་གནད་ཀྱིས་དེ་ལྟར་གསལ་བྱེད་སུམ་ཅུ་བསྡུས་པ་ལས་རྟེན་ཨེ་ཡིག་དབྱངས་ཀྱི་ལུས་སུ་རྫོགས་པ་དང༌། དབྱངས་སུམ་ཅུ་བསྡུས་པ་ལས་བརྟེན་པ་ཝཾ་ཡིག་གསལ་བྱེད་ཀྱི་ལུས་སུ་རྫོགས་ཏེ་རྟེན་བརྟེན་པ་གཉིས་གཅིག་ཏུ་སྦྱར་བ་ནི་མཚོན་བྱེད་རྟགས་ཀྱི་ཨེ་ཝཾ་ཟུང་དུ་འཇུག་པའི་རོ་མཉམ་པ་ཡིན་ནོ། །གཉིས་པ་མཚོན་བྱ་དོན་གྱི་ཨེ་ཝཾ་དང་སྦྱར་ཏེ་བཤད་པ་ནི། མཚོན་བྱ་ཁུ་རྡུལ་ཟླ་ཉི་ཐབས་ཤེས་ཆོས། །རྡོ་རྗེ་སེམས་དཔའ་རྒྱུད་རྣམས་འབྱུང་བའི་གནས། །མཚོན་བྱེད་ཀྱི་རྟགས་དེས་མཚོན་པར་བྱ་བ་ནི། རྒྱུའི་རྒྱུད་ལ་ཁུ་རྡུལ་ལམ་ཟླ་ཉི། ལམ་ལ་ཐབས་ཤེས་ཀྱི་ཆོས། འབྲས་བུའི་དུས་སུ་རྡོ་རྗེ་དང་སེམས་དཔའ་རྣམས་མཚོན་ཅིང་དེ་དག་ཟུང་དུ་འཇུག་པས་བརྗོད་བྱ་རྗོད་བྱེད་ཀྱི་རྒྱུད་རྣམས་འབྱུང་བའི་གནས་ཡིན་ནོ། །དེའང་དུས་འཁོར་རྩ་རྒྱུད་ལས། ཨེ་ཡིག་མཁའ་ཁམས་དབུས་སུ་ནི། །སངས་རྒྱས་ཀུན་གྱི་བདེ་བ་ལེན། །ཝཾ་ཡིག་རྡོ་རྗེ་སེམས་དཔའ་ནི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང༌། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། །སྐུ་གསུང་ཐུགས་


LT08,P050B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣལ་འབྱོར་གྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ། །སྐུ་གསུང་ཐུགས་དང་ཆགས་པ་ཡིས། །སྲིད་གསུམ་བདག་ཉིད་དག་ལ་གནས། །ཞེས་གསུངས་པ་ལྟར་དོན་དམ་པར་བདེ་བ་ཆེན་པོ་དེ་ཉིད་ཤེར་ཕྱིན་སྟོང་པ་ཉིད་དང༌། །ཤེར་ཕྱིན་ཉིད་ཀྱང་ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཡིན་པའི་ཕྱིར་ན་ཝཾ་ཡིག་སྟོང་ཆེན་འགྱུར་མེད་ལྔ་དང༌། ཨེ་ཡིག་ཐིག་སྟོང་འགྱུར་མེད་དྲུག་གཉིས་གདོད་མ་ནས་ཟུང་དུ་འབྲེལ་བ་དག་སྟེ། དེའང་རྩ་བའི་ཐབས་ཤེས་ཀྱི་དབང་དུ་བྱས་ན་ཝཾ་ཡིག་ཁུ་བ་ཟླ་བ་ཐབས་ཡབ་ཀྱི་ཕྱོགས་དང༌། ཨེ་ཡིག་རྡུལ་ཉི་མ་ཤེས་རབ་ཡུམ་གྱི་ཕྱོགས་སོ། ཁམས་དྲུག་གི་དབང་དུ་བྱས་ན་ཁམས་ཀུན་འབྱུང་ཡིན་པས་ཕལ་པའི་ཚུལ་གྱིས་གཅིག་ཡོད་པར་ཀུན་འབྱུང་བ་ཡིན་ཀྱང༌། གཙོ་ཆེ་བའི་དབང་དུ་བྱས་ནས་ཆུ་རླུང་ནམ་མཁའ་གསུམ་ཐབས་ཡབ་ཀྱི་སྐུ་གསུང་ཐུགས་དང༌། ས་མེ་ཡེ་ཤེས་གསུམ་ཤེས་རབ་ཡུམ་གྱི་སྐུ་གསུང་ཐུགས་སུ་བཞག་གོ །དེ་ཐབས་ཤེས་སུ་སྦྱར་ན་འཇིག་རྟེན་ཀུན་རྫོབ་ཀྱི་ཚུལ་ལ་འབྱུང་བ་དགྲ་གཤེད་ཡིན་པ་དེ་ཉིད་དོན་དམ་གྱི་ཕྱོགས་ལ་ཐབས་ཤེས་སུ་འཆར་བ་ཡིན་ཏེ། ས་རླུང་གཉིས་ཐབས་ཤེས། ཆུ་མེ་གཉིས་ཐབས་ཤེས། མཁའ་དང་ཡེ་ཤེས་གཉིས་ཐབས་ཤེས་སོ། །དེ་དག་ཀྱང་ཐུན་མོང་གི་དབང་དུ་བྱས་པ་ཡིན་ལ། རྒྱུད་འདིར་འབྱུང་བའི་ཟུང་འཇུག་གི་ལུས་བསམ་གྱི་ཐབས་ཤེས་ཀྱི་དབང་དུ་བྱས་ན། ཆུ་རླུང་ནམ་མཁའ་ལུས་ཡིན་པ་དེའི་ཚེ་ན་ས་མེ་ཡེ་ཤེས་བསམ་པ་ཡིན་པས་ཁྱབ་ཅིང༌། ས་མེ་ཡེ་ཤེས་ལུས་ཡིན་ན་ཆུ་རླུང་ནམ་མཁའ་བསམ་པ་ཡིན་པས་ཁྱབ། དེ་ལྟར་ན་འཇིག་རྟེན་ཀུན་རྫོབ་ཀྱི་ཚུལ་ཡང་ཟུང་འཇུག་གི་ཐབས་ཤེས་སུ་གནས་པ་ཡིན་ནོ། །དེས་ན་གོང་དུ་བསྟན་པ་ལྟར་ཨེ་ཝཾ་གཉིས་དོན་ལ་དབྱེར་མེད་ཡིན་ཀྱང་ཐ་སྙད་དུ་རྡོ་རྗེ་དང་སེམས་དཔའ་ཞེས་སམ། རྡོ་རྗེ་དང་རྡོ་རྗེ་འཛིན་པ་


LT08,P051A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སམ། ཐབས་དང་ཤེས་རབ་ཅེས་སོགས་ཀྱི་དབྱེ་བས་ཁྱད་པར་ཡོད་ལ། དེའི་ཁྱད་པར་ཡང་སྔ་མ་ནི་ཐབས་བདེ་བ་ཆེན་པོ་མི་འགྱུར་བའི་ཡེ་ཤེས་སུ་ཕུང་སོགས་ཐམས་ཅད་རོ་གཅིག་པ་དང་དབྱེར་མེད་དུ་གྱུར་པའི་ཆ་ནས་སྟོང་ཆེན་འགྱུར་མེད་ལྔ་དང༌། ཕྱི་མ་ནི་ཤེས་རབ་རྣམ་པ་ཐམས་ཅད་སྟོང་ཉིད་དུ་ཕུང་སོགས་སྒྲིབ་བྲལ་དུ་གྱུར་པའི་ཆ་ནས་སྟོང་ཆེན་དྲུག་ཅེས་བྱ་བ་ལ་ལྔ་དང་དྲུག་ནི་སྦྱང་གཞིའི་གྲངས་ཀྱི་དབྱེ་བ་ཡིན་ལ། དེ་གཉིས་ཆར་ལ་སྟོང་པ་ཞེས་པ་ནི་ཕུང་སོགས་འཁོར་བའི་ཆོས་ཀྱི་སྒྲིབ་པ་དང་བྲལ་བས་རྣམ་པར་ཕྱེ་བའི་ཕྱིར་རོ། །དེ་གཉིས་ཀྱི་ངོ་བོ་ཡང་སྔ་མ་ནི་འཛིན་པར་བྱེད་པའི་ཤེས་པ་འགྱུར་མེད་ཀྱི་བདེ་བ་ཆེན་པོ་སྟེ་འབྲས་བུའི་ཕྱག་ཆེན་དང༌། ཕྱི་མ་ནི་གཟུང་བར་བྱ་བའི་ཤེས་བྱ་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་རྒྱུའི་ཕྱག་རྒྱ་ཆེན་པོའོ། །མིང་གི་རྣམ་གྲངས་ཀྱང༌། ཨེ་ཡིག་སྟོང་གཟུགས་སྣང་བ་པདྨ་དང༌། །སེམས་དཔའ་ཆོས་འབྱུང་མཁའ་ཁམས་བདེ་ཆེན་གནས། །སེང་གེའི་ཁྲི་དང་བྷ་ག་ཞེས་སུ་བརྗོད། །ཝཾ་ཡིག་བདེ་ཆེན་ལྷན་སྐྱེས་མཆོག་མི་འགྱུར། །རྡོ་རྗེ་ཐིག་ལེ་དེ་ཁོ་ན་ཉིད་དང༌། །ཡེ་ཤེས་རྣམ་པར་དག་པའི་སེམས་རྣམས་སོ། །ཨེ་ཡིག་ཀྱང་ཝཾ་ཡིག་གི་སྣང་ཆ་ཡིན་པས་དོན་ལ་ཆོས་ཐམས་ཅད་ཀྱི་རྩ་བ་སྟོང་ཆེན་འགྱུར་མེད་ལྔ་པོ་ཡིན་ལ། དེར་བསྡུས་རྒྱུད་ཐུན་མོང་བ་ཐམས་ཅད་ཀྱི་དགོངས་པའང་གནས་པ་ཡིན་ཏེ། བརྟག་གཉིས་ལས། སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡིས་གཟུགས་ཀྱིས་རྣམ་པར་མཚོན། །ཞེས་དང༌། དེའི་ཕྱོགས་མཐུན་གྱི་རྒྱུད་ཕྱག་ཆེན་ཐིག་ལེ་ལས་ཆོས་ཐམས་ཅད་ཀྱི་རྩ་བ་མི་ཤིགས་པའི་ཐིག་ལེ་ལ་བྱས་ནས། དེ་འཁོར་ལོ་དྲུག་གི་ལྟེ་བར་གནས་པའི་དབྱེ་བས་ཆར་ཡང༌། ཐིག་ལེ། ཚུལ། ཚུལ་ཙམ། མཆོག་གཞན་མཆོག་སྟེ་སྦྱོར་བ་


LT08,P051B
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ་གསུངས་ཤིང་དེ་ལྔ་འགྲོས་སུ་འཆིང་བ་ན་ཆར་ཡང་ཐིག་ལེ་གཅིག་ཏུ་བྱས་ཏེ་གསུངས་པ་དང༌། ཕ་རྒྱུད་གསང་བ་འདུས་པ་ལས་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་སྟོང་པ་བཞི་ལ་བཤད་ནས་དེ་ལས་འཁོར་འདས་ཀྱི་རགས་པའི་སྣང་བ་འཆར་བར་གསུངས་པ་དང༌། དེའི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་མི་ཤིགས་པ་ལ་བྱས་ནས་དེ་འཁོར་ལོ་དྲུག་གི་ལྟེ་བར་གནས་པའི་དབྱེ་བས་སྲོག །ཐིག་ལེ། མི་ཤིགས་པ། གཞོམ་མེད། མཆོག་དང་པོ། མཆོག་གཉིས་པ་སྟེ་དྲུག་ཏུ་གསུངས་པ་རྣམས་དོན་གཅིག་ལ། དེ་ལྟར་རྒྱུད་འདིར་རྒྱུའི་རྒྱུད་ཨེ་ཝཾ་ཟུང་འཇུག་གམ་རོ་མཉམ་ལ་བཞག་གོ །དེ་ལྟ་བུའི་ཆོས་ཉིད་དེ་ལས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་འཆར་བ་དེའི་ཚེ་ན་ཆོས་དེའི་སྣང་ཆ་སྒྲིབ་པ་མེད་པའི་འཁོར་བའི་ཆ་ནས་མ་དག་པ་སྣོད་བཅུད་ཀྱི་སྣང་བ་དང༌། རང་བཞིན་གྱི་ཆ་ནས་དག་པ་མྱ་ངན་ལས་འདས་པ་འཆར་བ་ཡིན་པ་ལས། འབྲས་བུ་མ་དག་པའི་སྣོད་བཅུད་དུ་སྣང་བ་ཡང་རྒྱུ་རྒྱུད་ཆོས་ཉིད་དེའི་སྟེང་ན་མ་དག་པའི་སྣོད་བཅུད་ཀྱི་སྣང་བ་དང་མཐུན་པའམ་དེའི་ཆོས་ཉིད་གཅིག་ཡོད་པ་དེའི་དབང་ལས་སྣང་བ་ཡིན་ཏེ། འབྲས་བུ་རྒྱུའི་རྗེས་སུ་བྱེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རིགས་པ་ལས་ཡིན་ནོ། །གཉིས་པ་རྣམ་བཅུ་དབང་ལྡན་དང་སྦྱར་བ་ནི། རྣམ་བཅུ་དབང་ལྡན་དུས་ཀྱི་འཁོར་ལོར་འཆར། །ཞེས་པ་སྟེ། འདི་ལ་ཟུར་གཉིས། ཟུར་དང་པོས་རྣམ་བཅུ་དབང་ལྡན་ལ་སྦྱར། ཟུར་གཉིས་པས་དུས་ཀྱི་འཁོར་ལོ་དང་སྦྱར་བའོ། །དང་པོ་ལ་གཉིས། མཚོན་བྱེད་དང༌། མཚོན་བྱའོ། །དང་པོ་ནི་རྒྱུ་རྒྱུད་དེའི་སྟེང་ན་ཡོད་པའི་མ་དག་པའི་སྣོད་བཅུད་ཀྱི་ཆོས་ཉིད་ཀྱི་ཆ་ཁྱབ་བྱེད་སྐུ་རྡོ་རྗེ་རྣམ་བཅུ་དབང་ལྡན་གྱི་རང་བཞིན་དུ་བཞུགས་པ་དེ་ཉིད་མཚོན་པར་བྱེད་པའི་རྟགས་ཀྱི་རྣམ་བཅུ་དབང་ལྡན་སྒྲུབ་པ་ན། ཨ་ཨི་རྀ་ཨུ་ལྀ་སྟེ་རྩ་བའི་དབྱངས་ལྔ། བརྟན་པའི་ཚོགས་


LT08,P052A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ས་བོན་མ། གཡོ་བའི་ཚོགས་ཀྱི་ས་བོན་ཀྵ། གཟུགས་མེད་བཞིའི་ས་བོན་ཧ་རྣམས་ཡོན་ཏན་དང་མཚམས་སྦྱར་བྱས། སྟེང་དུ་རྣམ་བཅད་རྐྱང་པ་ལས་ཟླ་ཚེས། ཐིག་ལེ་ཡེ་ཤེས་ཀྱི་རྩེ་མོ་རྣམས་དང་བཅས་པས། ཞེས་བྱ་བ་གྲུབ་བོ། །གཉིས་པ་ལ་གཉིས། རྣམ་བཅུ་དབང་ལྡན་དེ་ཉིད་རྒྱུ་རྒྱུད་ཀྱི་གཤིས་ལ་ཡེ་ཤེས་ཀྱི་ཚུལ་དུ་ཇི་ལྟར་ལྡན་ཚུལ་དང༌། དེའི་རྣམ་འགྱུར་རྣམ་ཤེས་ལས་འཁོར་བའི་སྣོད་བཅུད་ཀྱི་རྣམ་བཅུ་དབང་ལྡན་ཇི་ལྟར་འཆར་བའི་ཚུལ་ལོ། །དང་པོ་ནི། རྒྱུའི་རྒྱུད་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལ་རྫས་རིས་ཐ་དད་པའི་དབྱེ་བ་མེད་ཀྱང་ལྡོག་པའི་ངོས་ནས་ཕྱེ་ན་འོད་གསལ་དེ་ཉིད་ཀྱི་སྒྲིབ་པ་མེད་པའི་ཆ་རྣམ་པའམ་རྟགས་སམ་སྣང་བ་བཅུའི་ངོ་བོར་གནས་པ། མ་དག་པའི་སྣོད་བཅུད་རྣམ་བཅུ་དབང་ལྡན་གྱི་སྣང་བ་མཐའ་དག་འཆར་བའི་གཞིར་གྱུར་པ་དག་གོ །གཉིས་པ་ལའང་ཁྱབ་བྱེད་དང་ཁྱབ་བྱ་གཉིས་ལས། དང་པོ་ནི་སྐུ་ཟླ་བ་གཞན། ཡེ་ཤེས་ཉི་མ་གཞན། ཁམས་ལྔ། དེ་རྣམས་ཚོགས་པའི་བརྟན་གཡོ་ཕྲ་བའི་ས་བོན་གསུམ་སྟེ་བཅུའོ། །གཉིས་པ་ལ་གཞི་ལམ་འབྲས་གསུམ་གྱི་དབང་དུ་བྱས་པའི་དང་པོ་ལ་ཕྱི་ནང་གཉིས་ལས། ཕྱི་ལ་སྦྱར་ན། སྲོག་གི་ཨས་ཕྱི་རོལ་གྱི་ནམ་མཁའ། ཡ་ར་ཝ་ལ་བཞིས་རླུང་མེ་ཆུ་སའི་དཀྱིལ་འཁོར། མ་ཡིས་ཁམས་ལྔའི་བདག་ཉིད་ཀྱི་ལྷུན་པོ། ཀྵས་འདོད་པ་དང་གཟུགས་ཀྱིས་བསྡུས་པའི་གཡོ་བའི་ཚོགས། ཧས་གཟུགས་མེད་བཞི། ཟླ་ཚེས་ཐིག་ལེ་ནཱ་ད་གསུམ་གྱིས་འཇིག་རྟེན་གྱི་ཁམས་རྒྱན་པར་བྱེད་པའི་ཟླ་ཉི་སྒྲ་གཅན་གསུམ་རྣམས་མཚོན་པས་ཕྱི་འཇིག་རྟེན་ཁམས་ཀྱི་རྣམ་བཅུ་དབང་ལྡན་གྱི་ཚུལ་དུ་གྲུབ་པའོ། །ནང་ལ་སྦྱོར་ན། སྐྱེས་བུའི་ལུས་ཀྱི་རྐང་མཐིལ། རྗེ་ངར། པུས་མོ། དཔྱི་མཚམས་རྣམས་ཡ་ར་ཝ་ལ་སྟེ་རླུང་མེ་ཆུ་ས་བཞི།


LT08,P052B
[མ་དཔེ་གཟིགས་ན་འདིར་གནོན།]

རྒལ་ཚིག་མ་སྟེ་ལྷུན་པོ། མགྲིན་པ་ནས་དཔྲལ་བའི་འཁོར་ལོའི་བར་ཀྵ་སྟེ་འདོད་གཟུགས་གཉིས། གཙུག་ཏོར་ཧ་སྟེ་གཟུགས་མེད། ནང་གི་རོ་རྐྱང་དབུ་མ་གསུམ་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ་ཟླ་ཉི་སྒྲ་གཅན་གསུམ་མོ། །དེ་ལྟར་ན་རྡོ་རྗེ་ལུས་ཀྱི་རྣམ་བཅུ་དབང་ལྡན་གྱི་ངོ་བོར་གྲུབ་བོ། །གཉིས་པ་ལམ་གྱི་དབང་དུ་བྱས་པ་ལའང་བསྐྱེད་རྫོགས་གཉིས་ལས། བསྐྱེད་རིམ་གྱི་དབང་དུ་བྱས་ན། རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཡ་ར་ཝ་ལ། རི་རབ་གཞལ་ཡས་ཁང་དང་བཅས་པ་མ། བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ། ཐུགས་དཀྱིལ་གྱི་ལྷ་རྣམས་ཧ། བདེ་ཆེན་འཁོར་ལོའི་ལྷའི་སྐུ་གསུང་ཐུགས་ཟླ་ཚེས་ཐིག་ལེ་ནཱ་ད་སྟེ་རྟེན་བརྟེན་པའི་ལྷ་བསྐྱེད་པའི་རིམ་པ་ཡང་རྣམ་བཅུ་དབང་ལྡན་གྱི་རང་བཞིན་ནོ། །རྫོགས་རིམ་ལ་སྦྱོར་ན། རྣལ་འབྱོར་ཡན་ལག་དྲུག་གི་སོར་བསམ་དུ་དུ་སོགས་ཀྱི་རྟགས་བཅུ་རྣམས་རྣམ་བཅུ་དབང་ལྡན་ཡིན་ཞིང༌། དེ་བཞིན་དུ་སྲོག་འཛིན་དུ་གཡས་གཡོན་གྱི་དཀྱིལ་འཁོར་བཅུ་འགོག་པ་དང༌། རྗེས་དྲན་དུ་འདོད་པའི་གནས་སྐབས་བཅུ་ལམ་དུ་བྱེད་པ་དང༌། ཏིང་ངེ་འཛིན་དུ་ཕུང་ལྔ་དང་ཁམས་ལྔ་སྟེ་བཅུ་སྒྲིབ་བྲལ་དུ་བྱེད་པ་རྣམས་རྣམ་བཅུ་དབང་ལྡན་ཡིན་པས་མཚོན་ནོ། །གསུམ་པ་འབྲས་བུའི་དབང་དུ་བྱས་པ་ནི། གཞི་ལ་གནས་པ་དེ་ཉིད། སྒྱུ་འཕྲུལ་དྲྭ་བ་ལས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་སོགས་ཀྱི་མཚན་ཉིད་ཅན་དུ་གྱུར་པ་ལ་བྱའོ། །ཟུར་གཉིས་པ་དུས་ཀྱི་འཁོར་ལོ་དང་སྦྱར་བ་ལའང༌། མཚན་དོན་གྱི་ངོ་བོ། དེ་ཉིད་ཕྱི་ནང་གཞན་གསུམ་གྱི་དུས་ཀྱི་འཁོར་ལོར་འཆར་བའི་ཚུལ་རྒྱས་པར་འཆད་དུ་ཡོད་ཀྱང་འདིར་མདོར་བསྡུས་ཏེ་ངོ་བོ་ཙམ་སྨོས་ན། ཀུན་གཞི་རྒྱུའི་རྒྱུད་ལུས་ཡོངས་སུ་རྫོགས་པ་ཨེ་ཝཾ་ཟུང་དུ་འཇུག་པ་དེ་ཉིད་ལ་དཔལ་དུས་ཀྱི་འཁོར་ལོ། །


LT08,P053A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་ཅིང༌། དེའི་དུས་ནི་མི་འགྱུར་བའི་བདེ་བ་དང༌། འཁོར་ལོ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་ལ། བདེ་སྟོང་གཉིས་སུ་མེད་པའི་དོན་གྱིས་ན་དཔལ་ཞེས་བྱ་བ་སྟེ། དེ་ལྟ་བུའི་དུས་ཀྱི་འཁོར་ལོ་དེ་ཉིད་ཕྱི་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས། གཞན་དཀྱིལ་འཁོར་གྱི་འཁོར་ལོའི་ཆོས་སུ་འཆར་བ་ཡིན་ནོ། །གཉིས་པ་དག་བྱེད་ལམ་རིམ་གཞི་རྟེན་ཐབས་ཀྱི་རྒྱུད་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཐབས་རྒྱུད་དབང་བསྐུར་དམ་ཚིག་སྡོམ་པ་དང༌། །ཏིང་འཛིན་རྒྱུད་ཀྱི་སྦྱོར་བ་བཞི་ཡིས་བསྡུས། །ལམ་ཐབས་ཀྱི་རྒྱུད་སྡུད་བྱེད་ཀྱི་ཆིངས་ནི་རྣམ་པ་བཞི་པོ་འདི་དག་གིས་བསྡུས་སོ། །གཉིས་པ་ལ་གཉིས། ཐོག་མར་ལམ་གྱི་གོ་རིམ་མདོར་བསྟན་གྱིས་ངེས་པ་སྐྱེད། གོ་རིམ་ཅན་ལམ་གྱི་རྣམ་གཞག་རྒྱས་པར་སྨོས་པའོ། །དང་པོ་ནི། ལམ་ཞུགས་གང་ཟག་དང་བརྩོན་སྐལ་པ་ཅན། །རྒྱུད་དང་བླ་མ་དག་ལ་ཡིད་ཆེས་པས། །རྒྱུད་དོན་ཤེས་ནས་རིམ་པ་གཉིས་ལ་འཇུག་ཐུང་མོང་བའི་གང་ཟག་ཐེག་ཆེན་སྤྱིའི་ལམ་གྱིས་རྒྱུད་སྦྱངས་ནས་ལམ་འདིར་ཞུགས་པའམ། ཁྱད་པར་བ་ཐོག་མ་ནས་ལམ་འདིར་ཞུགས་པ་གང་ཡིན་ཀྱང་རུང་སྟེ། རྡོ་རྗེ་ཐེག་པའི་རྒྱུ་ལམ་འབྲས་བུའི་ཚུལ་ལ་མི་འཕྲོག་པའི་དད་པ་དང་ལྡན་པ། སེམས་ཅན་གྱི་དོན་དུ་ཚེ་འདིའམ་བར་དོ་ཚུན་ལ་འཚང་རྒྱ་བར་འདོད་པས་ཐོས་བསམ་སྒོམ་པའི་གནས་ལ་བརྩོན་འགྲུས་དྲག་པོ་མི་འདོར་བ། ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཁྱད་པར་ཅན་སད་པས་སྐྱེས་ཐོབ་ཀྱི་ཤེས་རབ་སོགས་སྐལ་བ་མཆོག་དང་ལྡན་པ་སྟེ་ཁྱད་པར་གསུམ་ལྡན་གྱི་གང་ཟག་དེ་ཉིད། གང་དུ་འཇུག་པར་བྱ་བ་དམིགས་པའི་རྐྱེན་སྔགས་ཀྱི་རྒྱུད་ཟབ་མོ་དང༌། གང་གིས་གཞུག་པར་བྱེད་པ་རྒྱུའི་རྐྱེན་དཔལ་ལྡན་བླ་མ་དག་ལ་ཡིད་ཆེས་པ་གཉིས་ངེས་


LT08,P053B
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྔོན་དུ་འགྲོ་དགོས་ལ། དེའི་སྟེང་ལམ་སྒོམ་པ་ན་བདག་ཉིད་ལ་ཡིད་ཆེས་པ་དང་གསུམ་སྟེ། དེའང་དཔལ་ལྡན་དྲི་མེད་འོད་ལས། སྔགས་ཀྱི་ཐེག་པ་འདི་ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལ་ཡིད་ཆེས་པ་དང༌། དེ་ནས་བླ་མ་ལ་ཡིད་ཆེས་པ་དང༌། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ། ཡིད་ཆེས་པ་འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་དག་པར་འགྱུར་རོ། །རྣམ་པ་གཞན་དུ་ན་ཡིད་ཆེས་པ་གསུམ་མེད་པར། ལམ་གང་བླ་མས་སློབ་མ་ལ་བསྟན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་པོར་མི་འགྱུར་ཏེ། སློབ་མ་བླུན་པའི་དད་པ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུར་འགྱུར་རོ། །ཞེས་གསུངས་ཏེ། དེའང་རྒྱུད་ལ་ཡིད་ཆེས་པ་ནི་རྒྱུད་དེ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ངེས་ཤིང་ཚད་མར་གྲུབ་པ་དང༌། བླ་མ་ལ་ཡིད་ཆེས་པ་ནི་རྡོ་རྗེ་འཆང་ནས་བླ་མ་དེའི་བར་དུ་བརྒྱུད་པའི་ཟམ་མ་ཆད་ཅིང་དམ་ཚིག་ལ་སེལ་མ་ཞུགས་པ་དང༌། བདག་ཉིད་ལ་ཡིད་ཆེས་པ་ནི་ཐོས་པའི་དོན་ཉམས་སུ་ལེན་པའི་སྟོབས་ཀྱིས་རང་ལ་ཉམས་མྱོང་ཅི་རིགས་པ་འཆར་བས་ངེས་པ་རྙེད་པའོ། །དེས་ན་ཡིད་ཆེས་གཉིས་དང་ལྡན་པའི་གང་ཟག་དེས་ཐོག་མར་རྒྱུད་དོན་ཤེས་དགོས་པས་རྒྱུད་འགྲེལ་བ་དང་བཅས་པ་མཉན་པ་དང༌། ལེགས་པར་ཤེས་ནས་རྒྱུད་དོན་རིམ་པ་གཉིས་བསྒོམ་པ་ལ་འཇུག་པར་བྱ་བ་ཡིན་ལ། དེའི་ཡང་སྔོན་དུ་རྣམ་པར་དག་པའི་དབང་བསྐུར་ཚུལ་བཞིན་དུ་ནོད་ཅིང་དམ་ཚིག་དང་སྡོམ་པ་ལེགས་པར་བཟུང་དགོས་པས། སྔགས་ཀྱི་ལམ་རིམ་ཐམས་ཅད་མདོར་བསྡུ་ན། ཐོག་མར་སྨིན་བྱེད་ཀྱི་དབང་ནོད་ཅིང་དམ་ཚིག་བཟུང༌། དངོས་གཞི་གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་བསྒོམ་པ་ལ་འདུ་བ་ཡིན་ཏེ། བཀའ་ཡང་


LT08,P054A
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཚད་མ་ལས། ལམ་ནི་སྨིན་གྲོལ་གཉིས་སུ་བཤད། །བླ་མས་བསྟན་པའི་ལམ་གྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །རྡོ་རྗེ་འཆང་གིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པ་སྟེ། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་སོ། །གཉིས་པ་རྣམ་གཞག་རྒྱས་པར་སྨོས་པ་ལ་བཞི། སྨིན་བྱེད་ཀྱི་དབང༌། དམ་ཚིག་དང་སྡོམ་པ། གྲོལ་བྱེད་ཏིང་ངེ་འཛིན། རྒྱུད་ཀྱི་སྦྱོར་བ་རྣམས་སོ། །དང་པོ་ལ་གསུམ། བསྐུར་གཞིའི་དཀྱིལ་འཁོར་གྱི་དབྱེ་བ། འཇུག་ཡུལ་རྒྱུད་ཀྱི་དབྱེ་བ། དབང་བསྐུར་དངོས་ཀྱི་རྣམ་གཞག་གོ །དང་པོ་ལའང་གཉིས། དབང་དོན་མདོར་བཤད་པ། དཀྱིལ་འཁོར་རྒྱས་པར་སྨོས་པའོ། །དང་པོ་ནི། གཞི་རྟེན་དབང་ཡིན། །ཅེས་པ་སྟེ། ཐོག་མར་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་རྟེན་ནམ་རྨངས་ལྟ་བུ་ནི་དབང་བསྐུར་བ་ཡིན་ཅིང༌། དེ་ལ་ལྔ། དབང་གི་ངོ་བོ། སྒྲ་དོན། དབྱེ་བ། མ་བསྐུར་བའི་ཉེས་དམིགས། བསྐུར་བའི་ཕན་ཡོན་ནོ། །དང་པོ་ནི། ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་ཞིག་གོ །སྨིན་པའི་ཚད་ནི། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟག་དང་སྤྱད་དུ་རུང་བར་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཅེས་འབྱུང་སྟེ། །དཔེར་ན་རྨ་བྱུང་བ་དང་ནས་སོགས་ཟས་ཀྱི་རྒྱུ་ད་ལྟ་མ་སྨིན་ཀྱང༌། རྒྱུར་གྲུབ་ཟིན་པས་རིང་པོར་མི་ཐོགས་པར་རྣག་འཛག་པ་དང་སྤྱད་རུང་བར་སྨིན་འདོད་པ་བཞིན་དུ་ཕར་ཕྱིན་ཐེག་པར་རྟེན་དེ་ཉིད་ལ་མཐོང་སྤང་སྤོང་རུང་དང་གཉེན་པོ་མཐོང་ལམ་སྐྱེ་རུང་ལ་


LT08,P054A
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་འཇོག་པ་ལྟར། འདིར་སྤང་བྱ་སྒྲིབ་གཉིས་སྤང་རུང་དང་ཐོབ་བྱ་མཆོག་གི་དངོས་གྲུབ་ཐོབ་རུང་ངམ། ཡང་ན་རིམ་གཉིས་ཀྱི་ཟབ་དོན་འཆད་ཅིང་སྒོམ་པའི་སྣོད་རུང་དང་སྐལ་ཅན་དུ་གྱུར་པ་ནི་སྨིན་པའོ། །གཉིས་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས་ཥིཉྩ་གཏོར་བ་ལ་འཇུག་སྟེ་ཆུ་གཏོར་ནས་འཁྲུད་པས་མཚོན་ཏེ་སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང༌། ཨ་བྷི་ཥིཀྟ་ཞེས་པའི་སྒྲ་ཥིཀྟ་ལུགས་སུ་བླུགས་པ་ལ་འཇུག་པས་རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པས་དབང་སྟེ། བརྟག་པ་ཕྱི་མ་ལས། གཏོར་དང་བླུག་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་དང༌། འཇམ་དཔལ་ཞལ་ལུང་ལས། བླུག་དང་གཏོར་དང་དག་པར་བྱས་པས་སློབ་དཔོན་ཆེར་འགྱུར་ཏེ། །ཞེས་དང༌། དེའི་འགྲེལ་བར། དེ་ལ་བླུག་པ་དང་ཞེས་པ་ནི་ཐུན་མོང་གི་སྡོམ་པ་ལ་སོགས་པས་དག་པའི་སྣོད་གཙང་མར་ཆུ་ལ་སོགས་པའི་ཡེ་ཤེས་བླུག་པ་དང༌། དེའི་རྒྱུད་ལ་གཏོར་བས་ཀུན་གཞི་ལ་སོགས་པའི་བག་ཆགས་དག་པའི་ས་བོན་ཐོབ་པའོ། །དེ་བས་ན་དག་པར་བྱས་པས་ཞེས་ཏེ་སྣོད་དུ་རུང་བར་བྱས་པས་སོ། །སློབ་དཔོན་ཆེར་འགྱུར་ཏེ་ཞེས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པའོ། །ཞེས་སོ། །ཡང་ན་ཨ་བྷི་ཥིཉྩ་ནི་དབང་བར་བྱས་པ་སྟེ། དབང་བཞིས་རིམ་པ་བཞིན་དུ་བསྐྱེད་པའི་རིམ་པ། གཏུམ་མོ་ཙཎྜ་ལཱི། དཀྱིལ་འཁོར་གྱི་འཁོར་ལོ། བཞི་པའི་ལམ་ཕྱག་རྒྱ་ཆེན་པོ་རྣམས་བསྒོམ་པ་དང༌། བྱ་སྤྱོད་སོགས་ཀྱི་རྒྱུད་སྟོན་པ་དང༌། ཐུན་མོང་གི་དངོས་གྲུབ་སོགས་སྒྲུབ་པའི་བྱ་བ་ལ་དབང་བར་བྱས་པས་སོ། །དཔེར་ན་རྒྱལ་པོར་དབང་བསྐུར་བས་རྒྱལ་པོའི་བྱ་བ་ལ་དབང་བ་བཞིན་ཏེ། ཟུང་འཇུག་གསལ་བ་ལས། དབང་བསྐུར་བ་དེ་དག་གིས་ཀྱང་སྔགས་དང་རྒྱུད་ཉན་པ་དང་བཤད་པ་དང་སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །ཡང་ན་བརྟག་


LT08,P055A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། དྲི་མ་འཁྲུད་དང་སྐལ་འཇོག་ཕྱིར། །ཞེས་པ་ལྟར་དབང་བཞིས་ལུས་ངག་ཡིད་དང་གསུམ་ཀའི་དྲི་མ་འཁྲུད་པ་དང་བསྐྱེད་རིམ་སོགས་ལམ་བཞི་སྒོམ་པའི་སྐལ་བ་འཇོག་པས་སོ། །གཞན་ཡང་རྒྱུད་སྡེ་རྣམས་ལས་སྒྲ་དོན་མང་དུ་འབྱུང་བའི་དོན། ཀུན་མཁྱེན་བུ་སྟོན་གྱིས། དྲི་མ་འཁྲུད་ཕྱིར་བྱ་བ་ལ། །དབང་ཕྱིར་ནུས་པ་འཇོག་པའི་ཕྱིར། །འབྲས་ཐོབ་བྱེད་ཕྱིར་སྤྱོད་པ་དང༌། །གྲོལ་བ་སྟེར་ཕྱིར་དབང་ཞེས་བྱ། །ཞེས་བསྡུས་ནས་གསུངས་པ་བཞིན་ནོ། །གསུམ་པ་དབྱེ་བ་ནི། དང་པོ་མ་སྨིན་པ་སྨིན་པར་བྱེད་པ་རྒྱུའི་དབང་དང༌། བར་དུ་སྨིན་པ་ཉམས་སུ་ལེན་པ་ལམ་གྱི་དབང་དང༌། མཐར་བླངས་པའི་འབྲས་བུ་མཆོག་ཐོབ་པ་འབྲས་བུའི་དབང་དང་གསུམ་ལས། དང་པོ་ནི། སློབ་དཔོན་གྱིས་སློབ་མ་ལ་སྐུར་བར་བྱེད་པའི་སྨིན་བྱེད་ཀྱི་དབང་གི་རིམ་པ་འཆད་འགྱུར་རྣམས་ཡིན་ཞིང༌། གཉིས་པ་ནི། རྒྱུ་དབང་ཐོབ་པའི་ཕྱི་ནས་རང་ཉིད་ཀྱིས་ཏིང་ངེ་འཛིན་གྱིས་ལེན་པ་སོགས་ཀྱང་ཡིན་མོད་ཀྱི་གཙོ་བོར་འབྲས་བུ་ལ་ཐུག་གི་བར་གྱི་དབང་དོན་གྱི་ཏིང་ངེ་འཛིན་བསྒོམ་པ་རྣམས་སོ། །གསུམ་པ་ནི། བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་པའང་དབང་མཆོག་ཐོབ་པ་དང༌། བརྡའི་དབང་གི་མཚན་གཞི་ནི་འོད་ཟེར་ཆེན་པོའི་དབང་ངོ༌། །བཞི་པ་མ་བསྐུར་བའི་ཉེས་དམིགས་ནི། དབང་མ་ཐོབ་ན་རྒྱུད་དོན་ཕྱིན་ཅི་མ་ལོག་པར་ཤེས་ནས་ལམ་ལ་ཅི་ཙམ་འབད་ཀྱང་དངོས་གྲུབ་ཁྱད་པར་ཅན་འཐོབ་མི་སྲིད་པས་ངལ་བ་འབྲས་བུ་མེད་པ་དང༌། དེ་མི་ཐོབ་པ་ཙམ་དུ་མ་ཟད་དངོས་གྲུབ་ཕྲ་མོ་ཐོབ་ཀྱང་དཔོན་སློབ་གཉིས་ཀ་དམྱལ་བར་འགྲོ་བ་སོགས་ཉེས་དམིགས་ཤིན་ཏུ་ཆེ་སྟེ། དུས་འཁོར་རྩ་རྒྱུད་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང༌། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང༌། །དམྱལ་བར་འགྱུར་གྱི་གྲོལ་བ་མིན། །


LT08,P055B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ལུང་མཐའ་ཡས་པ་འབྱུང་ཞིང༌། དབང་བསྐུར་བརྩམ་པ་དེའང་རྒྱུད་ལས་གསུངས་པའི་ཆོ་ག་རྣམ་པར་དག་པའི་སྒོ་ནས་རང་བཟོ་མེད་པར་བསྐུར་དགོས་ཏེ། ཐིག་དང་ཚོན་དང་མཚན་མ་དགོད་པ་སོགས་ཀྱང་རྒྱུད་ནས་བཤད་པ་བཞིན་མ་བྱུང་ན་ཉེས་དམིགས་ཆེན་པོར་འབྱུང་བར་གསུངས་ན། དབང་བསྐུར་བའི་དངོས་གཞིའི་ཆོ་ག་རྒྱུད་དང་མི་མཐུན་པར་རང་བཟོས་བསྐུར་ན་ཉེས་དམིགས་ཆེན་པོ་འོང་བ་ལྟ་ཅི་སྨོས་པས་ཆོ་ག་རྣམ་པར་དག་པ་གལ་ཆེའོ། །དེའང༌། ཡེ་ཤེས་ཐིག་ལེ་ལས། ཆོ་ག་ཐམས་ཅད་རྫོགས་པའི་དབང༌། །མན་ངག་དེ་ཉིད་དང་བཅས་པ། །གཅིག་ནས་གཅིག་ཏུ་རིམ་པར་བརྒྱུད། །བླ་མ་རབ་ཀྱི་ཞལ་ནས་བླངས། །ཞེས་དང༌། དུས་འཁོར་རྩ་རྒྱུད་ལས། རྒྱུད་ལས་གསུངས་པའི་ཆོ་ག་བྱ། །དེས་ན་ལྷ་ནི་འགྲུབ་འགྱུར་ཏེ། །སྔགས་པ་རྣམས་ལ་གྲུབ་པ་སྟེར། །མཆོག་དང་གང་ཞིག་དོན་གཉེར་སྟེར། །རིགས་གཞན་དང་ནི་བྱ་བ་གཞན། །དུས་དང་དེ་བཞིན་སྔགས་ཀྱི་རིགས། །གནས་དང་ཕྱོགས་དང་རྟེན་གཞན་གྱིས། །ལས་རྣམས་ཀུན་ལ་འབྲས་བུ་མེད། །ཅེས་དང༌། ལེགས་གྲུབ་ལས། མཁས་པས་གསང་སྔགས་ཆོ་ག་དང༌། །གསང་སྔགས་རང་བཟོ་མི་བྱ་ཞིང༌། །ཞེས་སོགས་གསུངས་སོ། །ལྔ་པ་དབང་བསྐུར་བའི་ཕན་ཡོན་ནི། །རྒྱུད་དང་དགོངས་འགྲེལ་ཉན་པ་དང་རིམ་གཉིས་བསྒོམ་པའི་སྣོད་རུང་དུ་བསྒྲུབ་པ་དང་སྒྲིབ་པ་གསུམ་སྦྱོང་བ་དང་དངོས་གྲུབ་གཉིས་འགྲུབ་པ་རྣམས་ཀྱང་དབང་རྣམ་པར་དག་པ་ཐོབ་པ་ལ་རགས་ལས་པས་བསམ་གྱིས་མི་ཁྱབ་སྟེ། བཤད་རྒྱུད་རྡོར་ཕྲེང་ལས། དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། །ང་ཡིས་ཇི་བཞིན་དོན་བཤད་དེ། །དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་དཔོན་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་


LT08,P056A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཞེས་དང༌། སློབ་དཔོན་ནག་པོ་པས། དབང་བསྐུར་འདི་དག་ཐོབ་ནས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །མཚམས་མེད་པ་དང་སྡིག་ཅན་ཡང༌། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །མངོན་པར་ཞུགས་པ་ཙམ་གྱིས་ནི། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཞེས་དང༌། གསང་འདུས་འགྲེལ་ཆེན་སྒྲོན་གསལ་ལས། དངོས་གྲུབ་ཐམས་ཅད་ནི་དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་ལས་འགྲུབ་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་འབྱུང་ངོ༌། །གཉིས་པ་དབང་བསྐུར་གཞིའི་དཀྱིལ་འཁོར་རྒྱས་པར་བཤད་པ་ནི། དཀྱིལ་འཁོར་སྔོན་དུ་འགྲོ། །དེ་ཡི་དབྱེ་བ་བརྒྱད་ནས་གཉིས་པར་བཤད། །དེ་ལྟར་དབང་བསྐུར་བ་ལ་ནི་ཐོག་མར་དཀྱིལ་འཁོར་དུ་གཞུག་དགོས་ཤིང་དེ་ལའང་གང་དུ་གཞུག་པའི་དཀྱིལ་འཁོར་ཉིད་སྔོན་དུ་འགྲོ་དགོས་ཏེ། གྲུབ་ཆེན་དྲིལ་བུ་པའི་གཞུང་ལས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། ཞེས་གསུངས་པའི་ཕྱིར། དཀྱིལ་འཁོར་ཡང་དབྱེ་བ་བརྒྱད་ནས་གཉིས་ཀྱི་བར་དུ་བཤད་དེ། དང་པོ་ནི། ཀླུའི་བྱང་ཆུབ་ཀྱིས། སློབ་མའི་དོན་ཀུན་བསྒྲུབ་པའི་ཕྱིར། །དཀྱིལ་འཁོར་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་དེ་བཞིན་ས་བོན་དང༌། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་དང༌། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཅེས་བརྒྱད་དུ་གསུངས་པ་དང༌། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་འགའ་ཞིག་གིས། རས་བྲིས། རྡུལ་ཚོན། བསམ་གཏན། ལུས་དཀྱིལ། བྷ་ག་ཀུན་རྫོབ་བྱང་སེམས། དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དང་བདུན་དུ་བཤད་པ་དང༌། མངོན་བརྗོད་བླ་མ་ལས། ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་


LT08,P056B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་དགོད་པ་བཞི་པའོ། །མེ་ཏོག་བཀྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་འདི་དག་བྲིས་ནས་ནི། །རྟག་ཏུ་སྒྲུབ་ཅིང་མཆོད་པར་བྱ། །ཞེས་དྲུག་ཏུ་བཤད་པ་དང༌། ཡང་ན། ཡེ་ཤེས་ཀྱི། སྤྲུལ་པའི། ཏིང་ངེ་འཛིན་གྱི། རྡུལ་ཚོན་གྱི། རས་བྲིས་ཀྱི། ལུས་ཀྱི་དཀྱིལ་འཁོར་དང་དྲུག་ཏུའང་བཤད་པ་དང༌། ཤིན་ཏུ་ཟབ་པའི་མན་ངག་ལས། དཀྱིལ་འཁོར་ལྔ་ལ་བཏུད་དེ་བསྐྲུན། །ཞེས་ཏེ་ཕྱི་དབྱིབས་རྡུལ་ཚོན། ལུས། བྷ་ག་བྱང་ཆུབ་ཀྱི་སེམས། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་དང་ལྔར་བཤད་པ་དང༌། རྡུལ་ཚོན། རས་བྲིས། ཡིད་དཀྱིལ། ལུས་དཀྱིལ་ཏེ་རྣམ་པ་བཞིར་ཡང་བཤད་ཅིང༌། ཡང་ན་མན་ངག་ཐུན་མོང་མ་ཡིན་པ་ལས། གང་ལས་ལེན་པའི་སྐུར་བྱེད་ཀྱི་དཀྱིལ་འཁོར་བཞི་དང་གང་དུ་བསྐུར་བ་སྦྱང་གཞིའི་དཀྱིལ་འཁོར་བཞི་སྟེ་ཚན་པ་གཉིས་གསུངས་པ་ལས། དང་པོ་ནི། ཕྱི་དབྱིབས་རྡུལ་ཚོན་གྱི་དཀྱིལ་འཁོར། རྫས་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཕྱག་རྒྱ་བྷ་གའི་དཀྱིལ་འཁོར། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་བཞིའོ། །གཉིས་པ་ནི། སློབ་མའི་ལུས་རྩ། ཡི་གེ་བྷ་ག་ཁམས་བདུད་རྩི། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་དང་བཞིར་བཤད་པ་དང༌། མཆོག་དབང་ལ་དཀྱིལ་འཁོར་གསུམ། འཇིག་རྟེན་པའི་རྡུལ་ཚོན་དང་བཞིར་དུས་འཁོར་སོགས་ལས་བཤད་པ་དང༌། དྲིལ་བུ་བས། དབང་བརྟུལ་ལ་རས་བྲིས། དབང་འབྲིང་ལ་རྡུལ་ཚོན། དབང་རྣོན་ལ་ལུས་དཀྱིལ་གསུམ་དུ་གསུངས་པ་དང༌། འདུས་པ་དང་ཁ་སྦྱོར་གྱི་རྒྱུད་ཕྱི་མ་ལས། ལུས་དཀྱིལ། བྷ་ག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསུམ་དུ་གསུངས་པ་ཁ་ཅིག་གིས་གསང་བ་ཆོས་དཀྱིལ་གསུམ་ཞེས་ཐ་སྙད་བཏགས་པར་མཛད་པ་དང༌། སློབ་


LT08,P057A
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སངས་རྒྱས་གསང་བས། རང་བཞིན། ཏིང་འཛིན། གཟུགས་བརྙན་གྱི་དཀྱིལ་འཁོར་གསུམ་དུ་བཤད་པ་དང༌། ར་ལི་སྐུ་གསུང་ཐུགས་ཀྱི་རྒྱུད་ལས། གདུལ་བྱའི་དབང་པོའི་བྱེ་བྲག་གིས། །ཏིང་འཛིན་མེ་ཏོག་རྡུལ་ཚོན་རིམ། །ཞེས་ཏིང་ངེ་འཛིན། མེ་ཏོག་གི་ཚོམ་བུ། རྡུལ་ཚོན་གྱི་དཀྱིལ་འཁོར་དང་གསུམ་དུ་གསུངས་པ་དང་མཐུན་པར། ཟླ་བ་གྲགས་པའི་གསང་འདུས་མངོན་རྟོགས་རྒྱན་གྱི་འགྲེལ་བ་ལས་ཀྱང་དབང་རྣོན་ལ་ཚོམ་བུའི་དཀྱིལ་འཁོར་གསུངས་པས། དེང་སང་མེ་ཏོག་ཚོམ་བུའི་དཀྱིལ་འཁོར་བྱེད་སྲོལ་འདི་ལའང་བཤད་ཁུངས་ནི་ཡོད་དོ། །ཡང་སམྦུ་ཊི་ལས། བཅོས་མ་ཕྱི་དཀྱིལ་དང༌། གྲུབ་པ་ནང་དཀྱིལ་གཉིས། རིམ་ལྔ་ལས་བསྐྱེད་རིམ་པའི་སློབ་དཔོན་ལ་རྡུལ་ཚོན། རྫོགས་རིམ་པའི་སློབ་དཔོན་ལ་སྒྱུ་མའི་དཀྱིལ་འཁོར་གཉིས་སུ་གསུངས་པ་སོགས་ཡོད་དོ། །སྤྲུལ་དང་ཡེ་ཤེས་གྲུབ་པའི་སྤྱོད་ཡུལ་ཏེ། །ལུས་དང་ཚོམ་བུར་དབང་རྣོན་ཁ་ཅིག་གཞུག །དེ་དག་ཀྱང་མདོར་བསྡུ་ན་སྔོན་བྱུང་རྡོ་རྗེ་འཆང་གིས་རྒྱུད་གསུངས་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ནས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་དབང་བསྐུར་ཏེ་རྒྱུད་བསྟན་པ་དང༌། སངས་རྒྱས་སྤྲུལ་པའི་སྐུས་སྤྲུལ་པ་མཆོག་གི་དཀྱིལ་འཁོར་སྤྲུལ་ནས་གྲུབ་པའི་ས་ལ་གནས་པ་རྣམས་ལ་དབང་བསྐུར་བའི་དཀྱིལ་འཁོར་གྱི་རྣམ་གཞག་ནི་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཏེ་སོ་སྐྱེའི་བློ་ལས་འདས་པས་རྣམ་གཞག་འདི་ཙམ་ཞེས་གཞག་དཀའ་ལ། རྒྱུད་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར། རྡུལ་ཚོན། རས་བྲིས། ཡིད་དཀྱིལ། ལུས་དཀྱིལ་བཞིར་བཤད་པ་ལས་ཀྱང་ལུས་དཀྱིལ་དུ་བསྐུར་བ་ནི་གྲུབ་ཆེན་དྲིལ་བུ་པ་མ་གཏོགས་སློབ་དཔོན་ཕལ་ཆེ་བའི་ལུགས་ལ་སྔོན་དབང་མ་ཐོབ་པ་ལ་མི་རུང་ཞིང༌། ཡིད་དཀྱིལ་དུ་བསྐུར་བ་ལའང་དཔོན་སློབ་མཚན་ཉིད་ཁྱད་པར་ཅན་ཞིག་དགོས་པས་


LT08,P057B
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཉིས་ཀྱང་སྤྱིའི་དབང་དུ་བྱས་པ་མ་ཡིན་ལ། ཚོམ་བུའང་དབང་རྣོན་གྱི་དབང་དུ་བྱས་པར་གསུངས་པས་དེ་དག་ནི་དམིགས་བསལ་གྱི་གང་ཟག་ཁ་ཅིག་གཞུག་པར་བྱ་བ་ཡིན་ནོ། །དང་པོར་འཇུག་རུང་རྡུལ་ཚོན་རས་བྲིས་དང༌། །བློས་བསླངས་དམ་ཚིག་སྤྱན་དྲངས་ཡེ་ཤེས་པ། །སངས་རྒྱས་རྣམ་པར་འཕྲུལ་པ་བསྐུར་གཞི་ཡི། །དཀྱིལ་འཁོར་གསུམ་ཡིན། །ཅེས་དབང་པོ་རབ་འབྲིང་ཐ་མ་གསུམ་ཀ་དང་པོར་འཇུག་ཅིང་གཞུག་ཏུ་རུང་བའི་དཀྱིལ་འཁོར་ནི་རྡུལ་ཚོན་རས་བྲིས་བློས་བསླང་སྟེ། དེ་རེ་རེ་ལའང་གསར་དུ་བསྒྲུབ་པ་དམ་ཚིག་པ། གདོད་ནས་གྲུབ་པའི་ལྷ་སྤྱན་དྲངས་ནས་བསྟིམས་པ་ཡེ་ཤེས་པ། ཟུང་འཇུག་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཞེས་བྱ་བ་སྟེ་དབང་བསྐུར་གཞིའི་དཀྱིལ་འཁོར་གསུམ་ཡིན་ལ། དེ་ལ་རྡུལ་ཚོན་ནི་ཡོངས་སུ་གྲགས་ཤིང་གོང་གི་བརྒྱད་ལ་སོགས་པའི་དབྱེ་བ་འགའ་ཞིག་ཀྱང་རྡུལ་ཚོན་གྱི་རྒྱུ་དང༌། མཚན་མ་འགོད་ཚུལ་གྱི་དབྱེ་བ་ཡིན་ལ། རས་བྲིས་ནི་མི་གཡོ་བླ་མེད་ཀྱི་རྒྱུད་དང་འཕགས་ཡུལ་གྱི་སློབ་དཔོན་མང་པོས་གསལ་བར་བཤད་པ་དང༌། གོང་སྨོས་དཀྱིལ་འཁོར་གྱི་དབྱེ་བ་དེ་རྣམས་ལས་དངོས་སུ་མ་བྱུང་ཡང་བློས་བསླང་གི་དཀྱིལ་འཁོར་གཞལ་མེད་ཁང་པར་གྲུབ་ཟིན་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ནི་ཤིན་ཏུ་རུང་སྟེ། རིགས་ལྡན་གྲགས་པས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ལ་དུས་འཁོར་གྱི་བློས་བསླང་དུ་སྨིན་བྱེད་ཀྱི་དབང་བསྐུར་ཞིང༌། རིགས་ལྡན་ཕྱི་མ་རྣམས་ཀྱིས་ཀྱང་དེ་ཉིད་དུ་དབང་བསྐུར་བར་གསུངས་པ་དང༌། དབང་བརྟུལ་ལ་རྡུལ་ཚོན་ལས་ཀྱང་བློས་བསླང་གཞལ་ཡས་ཁང་གི་རྣམ་པར་འཆར་བདེ་བའི་རིགས་པས་ཀྱང་འགྲུབ་པ་ཡིན་ནོ། །འོན་ཀྱང་ལག་ལེན་དུ་མི་འབྱུང་བ་ནི་ཤིན་ཏུ་སྒྲུབ་དཀའ་བས་དཀྱུས་སུ་མི་འབྱོར་བ་ལ་དགོངས་པ་ཡིན་ཅིང༌། རྒྱུད་དང་དགོངས་འགྲེལ་རྣམས་ལས་ཀྱང་


LT08,P058A
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་ཅན་མ་གཏོགས་ཕལ་ཆེར་རྡུལ་ཚོན་ལ་བརྟེན་པའི་ཕྱོགས་ཉིད་གསུངས་པ་དང༌། འདུལ་བ་ལུང་ལས་ཀྱང༌། ཆོ་ག་བཙན་པོ་དག་ཡོད་ན་བག་ཡངས་སུ་བྱ་བ་ལ་བརྟེན་པར་མི་བྱའོ། །ཞེས་བཤད་པ་དང་ཆ་མཐུན་པར་སྤྱིར་བཏང་སྒྲུབ་པའི་ནུས་པ་ཡོད་བཞིན་དུ་དམིགས་བསལ་ལ་བརྟེན་པར་མི་རིགས་པའི་ཕྱིར་དང༌། སོ་སྐྱེའི་སློབ་དཔོན་སློབ་མའི་སེམས་རྒྱུད་མི་རྟོག་པ་རྣམས་ཀྱིས་སྐལ་དམན་རིམ་གྱིས་པའི་ཚུལ་བརྟེན་ན་ལེགས་པའི་ཕྱིར་དང༌། ཡོ་བྱད་དང་ལྡན་ན་ཚོགས་ཀྱང་ཆེ་བས་དེང་སང་སློབ་དཔོན་གྱིས་སློབ་མ་ལ་ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་བ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཉིད་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ནོ། །གཉིས་པ་འཇུག་ཡུལ་རྒྱུད་ཀྱི་དབྱེ་བ་ནི། ཐབས་ཤེས་གཙོ་བོ་རུ། །སྟོན་ཚུལ་དབྱེ་བས་ཕ་རྒྱུད་རིགས་གསུམ་དང༌། །མ་རྒྱུད་རིགས་དྲུག་མཐར་ཐུག་དུས་འཁོར་ཏེ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་ལ་ཐབས་གཙོ་བོར་སྟོན་པ་དང༌། ཤེས་རབ་གཙོ་བོར་སྟོན་པའི་ཚུལ་གྱིས་དབྱེ་བས་ཕ་རྒྱུད་དང་མ་རྒྱུད་གཉིས་སུ་དབྱེ་ཞིང༌། དེ་གཉིས་ལའང་ནང་གསེས་སུ་དབྱེ་ན་ཕ་རྒྱུད་ལ། འདོད་ཆགས་ཞེ་སྡང་གཏི་མུག་གི་རིགས་ཀྱི་རྒྱུད་གསུམ་དུ་དབྱེ་བར་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བཤད་ཅིང༌། འདུས་པ་རྒྱུད་ཕྱི་མ་ལས། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་སྒྱུར་བ་དྲུག་གི་རྒྱ། །ཞེས་མི་བསྐྱོད་པ། རྣམ་སྣང༌། རིན་འབྱུང༌། འོད་དཔག་མེད། དོན་གྲུབ། དྲུག་པ་རྡོ་རྗེ་འཆང་སྟེ་རིགས་དྲུག་ཏུའང་བཤད་པ་དང༌། མ་རྒྱུད་ལའང༌། ངེས་བརྗོད་བླ་མ་ལས། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། །རྣམ་སྣང་རྡོ་རྗེ་ཉི་མ་དང༌། །པདྨ་གར་དབང་རྒྱལ་པོ་དང༌། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་མཚན་གྱི་ཁྱད་པར་གྱིས་གསུངས་པ་ལྟར་དྲུག་ཏུའང་དབྱེར་ཡོད་ལ། དྲུག་པོ་དེའི་ཡང་མཐར་ཐུག་པའི་རྒྱུད་ཀྱི་རྒྱལ་པོ་ནི་དུས་


LT08,P058B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཁོར་ལོ་ཡིན་ལ། གཉིས་ཀ་བསྡམས་པས་རྒྱུད་ཀྱི་རབ་དབྱེ་བཅུ་གཉིས་སོ། །དེའང་ཕྱེ་ན་སྟོང་ཕྲག་མང་པོར་འགྱུར་ཏེ། ཡང་དག་པར་སྦྱོར་བ་ལས། རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་བྱེད་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་ཕན་པའོ། །ཞེས་རིགས་དྲུག་པོ་དེ་ཉིད་ལ་རྡོ་རྗེ་འཆང་གི་རིགས་ཁྱབ་བྱེད་དུ་བྱས་པས་ལྔར་འགྱུར་བ་ལས་དུ་མར་དབྱེ་བས་སོ། །ཕ་མའི་རྒྱུད་ཀྱི་ཁྱད་པར་ཡང་དཀྱིལ་འཁོར་གྱི་ལྷ་སྒྲུབ་ཐབས་གང་ཞིག་ཐབས་ཡབ་གཙོ་བོར་གྱུར་པའི་བསྐྱེད་རིམ་གྱི་རྣམ་གཞག་དང་སྔགས་དང་ཆོ་ག་གཙོ་བོར་སྟོན་ཅིང༌། ཤེས་རབ་ལྷ་མོའི་སྔགས་དང་ཆོ་ག་མཆོག་བསྒྲུབ་མི་སྟོན་པ་དེ་ནི་ཐབས་རྒྱུད་ཡིན་ལ། ཐབས་རྒྱུད་ཀྱི་ཁྱད་ཆོས་རྣམས་ཤེས་རབ་ཀྱི་རྒྱུད་ལ་ཚང་ཞིང༌། ཐབས་རྒྱུད་ལ་མེད་པའི་གནད་མང་པོ་ཡང་ཤེས་རབ་ཀྱི་རྒྱུད་ལ་ཡོད་པས། ཐབས་རྒྱུད་ལས་ཤེས་རབ་ཀྱི་རྒྱུད་ཟབ་བོ། །དེས་ན་དཀྱིལ་འཁོར་ལྷའི་སྒྲུབ་ཐབས་གང་ཞིག་ཤེས་རབ་རྡོ་རྗེ་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་དང༌། སྔགས་དང་ཆོ་ག་རྒྱས་པར་སྟོན་པ་དེ་ནི་མ་རྒྱུད་ཅེས་བྱ་སྟེ། འདི་ལའང་ཡབ་ཡུམ་ཆ་མཉམ་པར་སྟོན་པ་དང་ཡུམ་གྱི་རིགས་ཤས་ཆེར་སྟོན་པ་སྟེ་རིགས་གཉིས་ཡོད་དོ། །གཞན་དག་ཐབས་ཤེས་ཕྱོགས་རེའི་སྒོ་ནས་དབྱེ་བར་འདོད་པ་དང༌། ཕ་རྒྱུད་མ་རྒྱུད་གཉིས་ཐབས་ཤེས་ཕྱོགས་རེ་དང༌། གཉིས་མེད་ཀྱི་རྒྱུད་ཐབས་ཤེས་ཟུང་འཇུག་ཡིན་ཅེས་བཤད་པའང་ཡོད་དོ། །དབྱེ་བ་མཐའ་ཡས་པ་དེ་རྣམས་ཐབས་ཤེས་སམ། ཕ་མའི་རྒྱུད་གཉིས་སུ་འདུས་པའི་ཚུལ་ཡང༌། བརྗོད་བྱ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་ནང་དུ་མ་འདུས་པ་མེད་པ་ལ་སོགས་པའི་ཚུལ་མང་པོ་དང༌། ལམ་བསྐྱེད་རྫོགས་གཉིས་སུ་འདུས་པ་སོགས་ཀྱི་ཕྱིར་ཏེ། ཤྲདྡྷཱ་ཀ་རས། དེ་ལ་ཐབས་ཤེས་ཀྱི་རྒྱུད་ཀྱི་དབྱེ་བ་ནི། དེ་ཁོ་ན་ཉིད་སྟོན་པ་དང༌། གདུལ་བྱ་དང༌། རྣམ་པ་དག་དང༌།


LT08,P059A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དུ་མངོན་པར་གྲགས་པ་ལ་སོགས་པས་ཐ་དད་པར་བཞག་པར་བྱའོ། །དེའང་རྒྱ་ཆེ་བའི་དེ་ཁོ་ན་ཉིད་གང་དུ་གཙོ་བོར་སྟོན་པའི་རྒྱུད་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཟབ་པ་ཉིད་གཙོ་བོར་བྱས་ཏེ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །གང་དུ་སྐྱེས་པ་དང༌། རང་གི་སྡེ་པ་འདུལ་བའི་ཕྱིར་ལྷ་ཕོའི་རྣམ་པ་མང་བར་སྟོན་པའི་དཀྱིལ་འཁོར་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་བུད་མེད་དང༌། ཕྱི་རོལ་མུ་སྟེགས་ཅན་འདུལ་བའི་ཕྱིར་དེ་དག་དང་རྗེས་སུ་མཐུན་པའི་ལྷ་མོའི་རྣམ་པ་མང་བའི་དཀྱིལ་འཁོར་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །གང་དུ་ཕྱི་ནང་གི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཀྱི་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཕྱི་ནང་གི་རྩ་དང༌། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །གང་དུ་འཇིག་རྟེན་དང་རྗེས་སུ་མཐུན་པའི་ལྷའི་རྣམ་པ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་འཇིག་རྟེན་དང་འགལ་བའི་ལྷའི་རྣམ་པ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་ཅེས་བྱ་བ་ལ་སོགས་པ་བཏགས་པ་ཡིན་ནོ། །དེའང་ཤེས་རབ་ཀྱི་དབྱེ་བས། །རྣལ་འབྱོར་བ་ནི་གཉིས་སུ་བརྗོད། །ཅེས་གསུངས་པ་ཡིན་ནོ། །ཞེས་སོ། །དེ་དག་ཀྱང་ངོ་བོ་གཉིས་མེད་ཀྱི་རྒྱུད་དུ་འདུ་བ་ཡིན་ཏེ། དྲི་མེད་འོད་ལས། རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཉིད་དོ། །ཞེས་སོགས་ལུང་མང་པོ་ནས་གསུངས་པའི་ཕྱིར་རོ། །གསུམ་པ་དབང་བསྐུར་གྱི་རྣམ་གཞག་དངོས་ལ་གསུམ། སྔོན་འགྲོའི་ཆོ་ག །དངོས་གཞི་དབང་བསྐུར། བྱེད་ལས་དག་པ་བཤད་པའོ། །དང་པོ་ནི། རྒྱུད་སྡེ་སོ་སོའི་ས་ཆོག་སྟ་གོན་དང༌། །སྒྲུབ་མཆོད་བདག་ཉིད་ཞུགས་ནས་ཕྱི་ནང་འཇུག་རྒྱུད་སྡེ་སོ་སོ་ནས་ཆོ་གའི་རིམ་པ་རྒྱས་བསྡུས་ཅི་རིགས་བཤད་ཅིང་དགོངས་འགྲེལ་གྱི་བཀའ་སྲོལ་ཡང་མང་དུ་བྱུང་ཡང་འཕགས་པ་ཡབ་སྲས་དང་ཨ་བྷ་ཡའི་


LT08,P059B
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལྟར་གྲགས་ཆེ་བའི་དབང་དུ་བཤད་ན། ཐོག་མར་སློབ་དཔོན་བསྙེན་པ་མ་སོང་བར་དབང་བསྐུར་རབ་གནས་སོགས་ལ་འཇུག་པ་ནི་ཉེས་པ་ཆེ་བས། དུས་གྲངས་མཚན་མའི་བསྙེན་པ་གང་རུང་སྔོན་དུ་སོང་བས་དབང་བསྐུར་བའི་སྐབས་སུ་བབས་པ་ན། སློབ་མས་གསོལ་བ་བཏབ་ཅིང་སླར་ཡང་ཞག་བདུན་ལ་སོགས་པར་གནང་བ་ཞུ་བའི་བསྙེན་པ་ལ་འཇུག་ཅིང་སློབ་མ་ལ་སྲུང་བ་བྱ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལས་ཆོ་ག་སྟ་གོན་དངོས་གཞི་གསུམ་དུ་བཤད་དེ། དེ་ལས་ཆོ་ག་ནི། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། ས་གཞི་སྦྱང་དང་བྱིན་རླབས་དང༌། །ས་ཡོངས་བཟུང་དང་བསྲུང་བའོ། །ཞེས་བཞིར་བཤད་ཅིང་སྔོན་དུ་ས་བརྟགས་པ་དང་བསླང་བ་ཡང་དགོས་སོ། །སྟ་གོན་ནི། ས་ཡི་ལྷ་དང་དཀྱིལ་འཁོར་ལྷ། །བུམ་པ་རྣམ་དག་སློབ་མ་དག །སྟ་གོན་དུ་ནི་གནས་པ་དང༌། །ཞེས་བཞིར་བཤད། དངོས་གཞི་ལ། ཐིག་གདབ་པ་ཡི་ཆོ་ག་དང༌། །དེ་བཞིན་རྡུལ་ཚོན་བཀྱེ་བ་དང༌། །ཞེས་དཀྱིལ་འཁོར་གྱི་ལས་རིམ་ལ་ཐིག་གདབ་པ་དང༌། ཆོན་འགྱེད་པ་བསྟན་ཏེ། བུམ་པ་འགོད་པ་དང༌། དཀྱིལ་འཁོར་བརྒྱན་པ་སོགས་ཀྱང་བྱའོ། །དཀྱིལ་འཁོར་བྱིན་གྱིས་བརླབས་པ་དང༌། །དེ་ལ་མཆོད་པའི་བྱེ་བྲག་དང༌། །སློབ་དཔོན་བདག་ཉིད་འཇུག་པ་དང༌། །ཞེས་དཀྱིལ་འཁོར་སྒྲུབ་ཅིང་མཆོད་གཏོར་ཕུལ་ལ་བདག་ཉིད་འཇུག་ཅིང་དབང་བླང་བ་བསྟན་ཏེ། སྔོན་དུ་རང་ཉིད་ལྷའི་རྣལ་འབྱོར་བསྒོམ་པ་དང་ཇི་ལྟར་རིགས་པར་བུམ་བསྐྱེད་ཀྱང་བྱའོ། །དེ་བཞིན་སློབ་མ་གཞུག་པ་དང༌། །བུམ་པའི་དབང་དང་གསང་བའི་དབང༌། །ཤེས་རབ་ཡེ་ཤེས་དབང་དང་བཞིས། །དེ་བཞིན་དུ་ནི་བཞི་པ་དང༌། །དབང་བཞི་རྫོགས་པར་བསྐུར་བར་བསྟན། །ཞེས་སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང༌། རབ་ཏུ་གནས་དང་སྦྱིན་སྲེག་སྟེ། །དཀྱིལ་


LT08,P060A
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ནི་ཡན་ལག་མཆོག །འདི་ནི་ཆོ་ག་ཉི་ཤུའོ། །ཞེས་རབ་གནས་དང་སྦྱིན་སྲེག་ཀྱང་བསྟན་ཏེ་ཆོ་ག་ཉི་ཤུར་བཤད་ལ། གཞུང་འདིར་མི་གསལ་བ་དག་ནི་ཀླུ་བྱང་དང་ཨ་བྷ་ཡཱ་ཀ་རའི་གཞུང་ལས་ཤེས་དགོས་པ་ཡིན་ནོ། །དེ་དག་གི་ལག་ལེན་གོ་དོན་སྒོམ་རིམ་རྒྱས་པ་གཞུང་ཆེན་པོ་རྣམས་ལས་རྟོགས་པར་བྱ་དགོས་ཀྱང༌། འདིར་མདོ་ཙམ་བཀྲོལ་ན། དང་པོ་ས་ཆོག་གི་སྐབས་སུ་རྒྱུད་གཞུང་ཕལ་ཆེར་དུས་བརྟགས་པ་ལ་སོགས་པའི་ཆོ་ག་འགའ་ཞིག་མ་གསུངས་པ་ནི་མངོན་པར་འདུ་བྱས་པའི་གནས་ཀྱི་དབང་དུ་བྱས་ལ། རྡོ་རྗེ་མཁའ་འགྲོ་དང་སྤྱི་རྒྱུད་ལས་དཀྱིལ་འཁོར་གྱི་ས་གསར་དུ་བྱེད་པ་སོགས་ལ་དགོངས་ནས་ས་བརྟགས་པ་སོགས་གསུངས་པ་ལྟར་ཨ་བྷ་ཡཱ་ཀ་རས་རྒྱས་པར་བཤད་དེ་དེའི་ཚུལ་ནི། ས་བརྟགས་པ་ལ་ཕྱོགས་དང་ཁ་དོག་དང་མཚན་ཉིད་དང་ས་དང་ཆུའི་སྒོ་ནས་བརྟགས་པ་རྣམས་དང༌། ས་སློང་བ་ལ་མངོན་པ་ཡུལ་གྲོང་གི་བདག་པོ་རྒྱལ་པོ་ལ་སོགས་པ་དང་མི་མངོན་པ་ཞིང་སྐྱོང་ངམ་སའི་ལྷའམ་དེ་གཉིས་ཀ་ལ་སློང་བ་དང༌། ས་སྦྱོང་བ་ལ་ལྟོ་འཕྱེ་བརྟགས་ལ་བརྐོས་ཏེ་སེལ་ཕྱུང་ནས་མཚན་ཉིད་ཅན་གྱི་སྟེགས་བུ་བྱས་ལ་རྫས་དང་སྔགས་དང་ཏིང་ངེ་འཛིན་དང་བླ་ན་མེད་པ་དག་པས་སྦྱང་བ་རྣམས་དང༌། ས་བཟུང་བ་ལ་དཀྱིལ་འཁོར་གྱི་ཁང་པ་བྱས་ཏེ་དཀྱིལ་འཁོར་བསྒོམས་ནས་ལྷ་ལ་སྙན་གསན་འབེབ་པ་དང༌། སློབ་མས་གསོལ་བ་བཏབ་སྟེ་སློབ་དཔོན་གྱིས་དཀྱིལ་འཁོར་འདེགས་པ་དང༌། བདུད་འདུལ་བའི་ཕྱིར་གཙོ་བོ་ལས་བྱེ་བའི་རང་ལྷའི་ང་རྒྱལ་བྱས་ནས་བགེགས་ལ་བཀའ་བསྒོ་ཞིང་རྡོ་རྗེའི་གར་དང་སྟངས་སྟབས་ཀྱིས་བགེགས་བསྐྲད་པ་རྣམས་དང༌། ས་སྲུང་བ་ལ་རྡོ་རྗེ་ཕུར་བུ་བསྐྱེད་ལ་བཀའ་བསྒོ་མི་ཉན་པར་གེགས་བྱེད་པའི་བགེགས་རྣམས་བཀུག་སྟེ་དེ་དག་ལ་ཕུར་བུས་གདབ་པ་དང༌།


LT08,P060B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་བགེགས་མི་འཇུག་པའི་ཕྱིར་སྲུང་འཁོར་བསྒོམ་སྟེ་བྱིན་གྱིས་རླབས་པ་རྣམས་བྱ་བར་བཤད་དོ། །སྔོན་འདུ་བྱས་པའི་གནས་སུ་ནི་ས་བརྟགས་པ་དང་བརྐོས་ནས་སེལ་དབྱུང་བ་སོགས་མི་དགོས་པར་བཤད་ཅིང༌། ས་ཆོག་གཏན་མི་དགོས་པ་མིན་པར་ས་ཆོག་ཅི་རིགས་བྱ་བར་བཤད་པས་སྐབས་ཐོབ་ཀྱི་ས་ཆོག་གཞན་རྣམས་བྱས་པ་ལེགས་ལ། རས་བྲིས་དང་ཡིད་ཀྱི་དཀྱིལ་འཁོར་དང་ལུས་དཀྱིལ་ལ་ས་ཆོག་མི་དགོས་སོ། །གཉིས་པ་སྟ་གོན་གྱི་སྐབས་སུ་སྟ་གོན་འོག་མ་གསུམ་རྒྱུད་གཞུང་ཕལ་ཆེར་ལས་བཤད་ཅིང༌། སམྦུ་ཊི་དང་སྒྱུ་དྲྭ་དང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་སའི་ལྷ་སྟ་གོན་ཡང་བཤད་དོ། །གོ་རིམ་ལ་བུམ་པ་སྟ་གོན་གྱི་འོག་ཏུ་ལྷ་སྟ་གོན་བྱ་བ་དང་དཀྱིལ་འཁོར་བྲིས་ཟིན་ནས་སློབ་མ་སྟ་གོན་བྱ་བ་སོགས་སྣ་ཚོགས་འབྱུང་ཡང༌། དང་པོར་ས་ལྷའི་སྟ་གོན་བྱས་ནས་དཀྱིལ་འཁོར་གྱི་ལྷ་སྟ་གོན་བྱ་བ་དང་དེ་ནས་བུམ་པ་སྟ་གོན་བྱས་ནས་སློབ་མ་སྟ་གོན་བྱས་པའི་གོ་རིམ་ཉིད་ལེགས་སོ། །དེ་ལ་སའི་ལྷ་སྟ་གོན་ལས་ཐིག་གི་སྔོན་དུ་བྱེད་པ་ལེགས་ལ་ཀླུ་བྱང་གིས་ལས་ཐིག་བཏབ་ནས་བྱ་བར་ཡང་བཤད་དོ། །དེའི་ཚུལ་ནི་དཀྱིལ་འཁོར་གྱི་དབུས་སུ་སའི་ལྷ་བསྐྱེད་ནས་ཡེ་ཤེས་པ་བསྟིམས་ལ་མཆོད་གཏོར་ཕུལ་ཏེ་གསོལ་བ་བཏབ་པས་གནང་བ་བྱིན་ནས་སའི་ངོ་བོར་གནས་པར་བསྒོམ་པར་བཤད་དོ། །དཀྱིལ་འཁོར་ལྷ་སྟ་གོན་ནི་ལས་ཐིག་མ་བཏབ་པར་བྱ་བ་མང་པོས་བཤད་ཀྱང་ཀླུ་བྱང་གིས་ལས་ཐིག་བཏབ་ནས་བྱ་བར་བཤད་པ་ལེགས་ཏེ། དེའི་ཚུལ་ནི་ཐིག་སྐུད་ཀྱི་རྒྱུ་དང་ཚད་དང་བྱིན་རླབས་རྣམས་ཐིག་ཆོག་ཇི་ལྟ་བ་བཞིན་ཏུ་བྱས་ནས་ལས་ཐིག་བཏབ་སྟེ་ལྷ་གནས་ངེས་པར་བྱས་ལ་ལྷའི་གནས་རྣམས་སུ་དྲིའི་ཐིག་ལེ་བཀོད། དེར་དམ་ཚིག་གི་དཀྱིལ་འཁོར་བསྒོམས་ནས་སྔར་ནམ་མཁར་བཏེག་པའི་དཀྱིལ་འཁོར་སྤྱན་དྲངས་ཤིང་དབང་བསྐུར་ཏེ་མཆོད་ཅིང་བསྟོད་ལ་གསོལ་བ་བཏབ་པར་བཤད་དོ། །


LT08,P061A
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་སྟ་གོན་ནི་བུམ་པའི་རྒྱུ་དང་མཚན་ཉིད་དང་གྲངས་དང་བུམ་མཚན་དང་ནང་གི་བཅུད་དང་མགུལ་ཆིངས་དང་ཁ་རྒྱན་ལ་སོགས་པ་ཚུལ་བཞིན་ཏུ་བྱས་ལ། དེར་དམ་ཚིག་གི་ལྷ་བསྐྱེད་ནས་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་ལ་མཆོད་ཅིང་བསྟོད་དེ་བཟླས་པ་སོགས་བྱ་བའོ། བུམ་མཚན་དང་དེ་ཉིད་ལྷར་བསྐྱེད་པ་སོགས་གཞུང་འགའ་ཞིག་ཏུ་མི་འབྱུང་བ་ནི་རྒྱས་བསྡུས་ཀྱི་ཁྱད་པར་རོ། །སློབ་མ་སྟ་གོན་ནི་སློབ་མའི་མཚན་ཉིད་གྲངས་དང་ཁྲུས་དང་མཎྜལ་སོགས་ཚུལ་བཞིན་བྱས་ཏེ། སྔགས་ལ་མོས་པ་བསྐྱེད་ཅིང་དབང་བསྐུར་བྱ་བའི་ཕྱིར་ཀུན་སློང་བཅོས་ཤིང་ནང་དབང་བསྐུར་བ་དང༌། གསོལ་བ་གདབ་ཅིང་སྔགས་ལ་མོས་པ་བརྟན་པོ་འཛིན་དུ་གཞུག་པ་དང༌། རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར་སྡོམ་པ་བཟུང་ཞིང་གནས་གསུམ་བྱིན་གྱིས་བརླབ་པ་དང༌། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར་སོ་ཤིང་དོར་བ་དང༌། ངག་གི་ཉེས་པ་སྦྱོང་བའི་ཕྱིར་ཁྱོར་ཆུ་བླུད་པ་དང༌། རྨི་ལམ་མི་འཁྲུགས་པའི་ཕྱིར་ཀུ་ཤ་གཏད་པ་དང༌། བར་ཆད་ཞི་བའི་ཕྱིར་སྲུང་སྐུད་གདགས་པ་དང༌། སྤྲོ་བ་བསྐྱེད་པའི་ཕྱིར་ཆོས་བཤད་པ་དང༌། མཚན་ལྟས་རྟོགས་པའི་ཕྱིར་རྨི་ལམ་བརྟག་པ་རྣམས་བྱ་བར་བཤད་ལ། འགའ་ཞིག་ཏུ་ཀུན་སློང་བཅོས་པ་དང་ནང་དབང་སོགས་མི་འབྱུང་བའང་རྒྱས་བསྡུས་ཀྱི་ཁྱད་པར་ཡིན་ནོ། །རས་བྲིས་དང་ཡིད་ཀྱི་དཀྱིལ་འཁོར་དང་ལུས་དཀྱིལ་གྱི་ཆོ་ག་ལ་སྟ་གོན་ཐམས་ཅད་མེད་པ་དང་བུམ་པ་སྟ་གོན་དང་སློབ་མ་སྟ་གོན་གཉིས་བྱ་བ་ཅི་རིགས་བཤད་ཀྱང༌། རས་བྲིས་དང་ཡིད་ཀྱི་དཀྱིལ་འཁོར་ལ་སྟ་གོན་ཕྱི་མ་གཉིས་ངེས་པར་དགོས་ཤིང༌། ལུས་དཀྱིལ་ལ་སྟ་གོན་དེ་དག་མི་དགོས་པ་ལེགས་པ་ཡིན་ནོ། །དངོས་གཞིའི་ཐོག་མར་དཀྱིལ་འཁོར་གྱི་ལས་རིམ་ནི། གཙོ་བོ་ཐིག་ཚོན་གྱིས་ལས་ཐིག་བཏབ་སྟེ་དེ་བྱིན་གྱིས་བརླབས་པའི་ཕྱིར་ཡེ་ཐིག་བྱ་བ་ལས། ལས་ཐིག་ནི་སྔར་


LT08,P061B
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་དེ་ཉིད་ཡིན་ལ། སྐབས་འདིར་འདེབས་པའང་གྲུབ་ཆེན་མང་པོས་བཤད་ཅིང༌། ཡེ་ཐིག་ལ་ཐིག་སྐུད་ཀྱི་རྒྱུ་དང་གྲངས་དང་ཁ་དོག་དང་བྱིན་རླབས་དང་སྡོད་ས་དང་རྐང་སྟབས་དང་སྐོར་ཕྱོགས་ལ་སོགས་པའི་ཁྱད་པར་དང་ལྡན་པས་གདབ། ཚོན་ཆོག་དང་རྡུལ་ཚོན་གྱི་རྒྱུ་དར་ཁ་དོག་དང་བྱིན་རླབས་དང་ཚོན་འབྱེད་པའི་ཚུལ་ལ་སོགས་པ་ཇི་ལྟ་བར་བསྒྲུབ། དེ་ནས་བུམ་པ་དགོད་པ་དང་དཀྱིལ་འཁོར་བརྒྱན་པ་དང་མཆོད་པ་བཤམས་པ་སོགས་བྱའོ། །རས་བྲིས་ལའང་རས་བྲིས་བཀྲམ་པ་སོགས་དང་ཡིད་ཀྱི་དཀྱིལ་འཁོར་དང་ལུས་དཀྱིལ་ལའང་བུམ་པ་བཤམས་པ་སོགས་ཤེས་དགོས་པ་ཡིན་ནོ། །དེ་ནས་སྒྲུབ་ཅིང་མཆོད་དེ་བདག་ཉིད་འཇུག་པ་ནི། ལུས་དཀྱིལ་མ་གཏོགས་པ་ཐམས་ཅད་ལ་བདག་ཉིད་ལྷའི་རྣལ་འབྱོར་བཟླས་པ་དང་ཉེར་བསྡུ་བར་བསྒོམས་ལ། དེ་ནས་མདུན་ཏུ་དཀྱིལ་འཁོར་རྫོགས་པར་བསྐྱེད་ནས་རྡུལ་ཚོན་ལ་སྟ་གོན་གྱི་དཀྱིལ་འཁོར་གཞུག་པ་དང༌། ཐམས་ཅད་ལ་ཡེ་ཤེས་པ་བཅུག་ནས་མཆོད་ཅིང་བསྟོད་པ་སོགས་དང༌། དེ་ནས་བུམ་བསྐྱེད་བཟླས་པའི་མཐར་ཐུག་པ་བྱས་ཏེ་དཀྱིལ་འཁོར་པ་དང་འབྱུང་པོ་ལ་གཏོར་མ་དབུལ་བ་དང༌། དེ་ནས་རང་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླངས་ཏེ་སློབ་མ་གཞུག་པའི་ཕྱིར་གསོལ་བ་གདབ་པ་རྣམས་བྱའོ། །ལུས་དཀྱིལ་ནི་རང་ཉིད་ལུས་དཀྱིལ་སྒྲུབ་ཐབས་ལྟར་བསྒོམས་ལ་བུམ་བསྐྱེད་ལ་སོགས་པ་བྱས་ཏེ། ལུས་དཀྱིལ་དེ་ལས་དེ་འདྲ་བ་གཉིས་པར་བྱེ་ནས་ལུས་དཀྱིལ་དེར་འཇུག་ཅིང་དབང་བླང་བ་དང་སློབ་མ་ལ་དབང་བསྐུར་བའི་ཚེ་དེ་གཉིས་དབྱེར་མེད་དུ་བྱེད་པ་ཡིན་ལ། ཁ་ཅིག་རང་ཉིད་ལུས་དཀྱིལ་བསྒོམས་པའི་མདུན་དུ་ཕྱི་དཀྱིལ་ལྟ་བུ་ཞིག་བསྒོམས་ནས་དེར་བདག་འཇུག་དང་སློབ་མ་དབང་བསྐུར་བར་འདོད་པ་ནི་གཞུང་གི་དོན་མ་ཡིན་ནོ། །དབང་བསྐུར་དངོས་ལ་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་སྐོར་རྣམས་དབང་བསྐུར་གྱི་ཉེ་བའི་སྔོན་འགྲོ་


LT08,P062A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ལའང་དང་པོར་དཀྱིལ་འཁོར་དུ་གཞུག་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཡོལ་བ་ཕྱི་འཇུག་བྱ་སྟེ། དེའི་ཚུལ་ནི་གསོལ་བ་བཏབ་ནས་ཆས་སུ་བཅུག་ཅིང་ལྷར་བསྐྱེད་དེ་ཤར་སྒོར་བཞག་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་ཞིང་རིགས་དང་མོས་པ་དྲི་བ་དང༌། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཅིང་གསང་བའི་སྡོམ་པ་རྣམས་བྱ། དེ་ནས་ལྷ་རྣམས་དང་སྐལ་བ་མཉམ་པར་གཞུག་པའི་ཕྱིར་ཡོལ་བ་ནང་འཇུག་བྱ་སྟེ། དེའང་ལྷ་རྣམས་དང་ཕྱིའི་སྐལ་མཉམ་དུ་བྱ་བའི་ཕྱིར་དངོས་སུ་ཡོལ་བ་ནང་དང་ཡིད་ཀྱིས་ཤར་སྒོ་ནས་གཞལ་ཡས་ཁང་གི་ནང་དུ་ཞུགས་ཏེ་ལྷ་རྣམས་ལ་མོས་པ་བསྐྱེད་ཅིང་བསྐོར་བ་བྱ་བ་དང་ཕྱག་འཚལ་བ་དང༌། དེ་ནས་ལྷ་རྣམས་དང་ནང་གི་སྐལ་མཉམ་དུ་བྱ་བའི་ཕྱིར་དམ་བཞག་བཞིའི་སྒོ་ནས་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་བསྲུང་དགོས་པར་དམ་ལ་བཞག་ནས་ཡེ་ཤེས་པ་ཕབ་སྟེ་བརྟན་པར་བྱེད་པ་དང༌། དངོས་གྲུབ་ཅི་འགྲུབ་ཀྱི་ལྟས་རྟོགས་པའི་ཕྱིར་དཀྱིལ་འཁོར་གྱི་མཐོང་བ་བརྟགས་པ་དང༌། དཀྱིལ་འཁོར་བསྟན་པ་དང་དབང་བསྐུར་བར་རུང་མི་རུང་བརྟགས་པ་དང་རུང་ན་ཡང་ལྷ་གང་གི་རིགས་ཡིན་དཔྱད་པའི་ཕྱིར་བདེན་སྟོབས་བརྗོད་དེ་མེ་ཏོག་དོར་བ་དང༌། རིགས་ཀྱི་ལྷ་དེས་རྗེས་སུ་འཛིན་པའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་མེ་ཏོག་གི་ཕྲེང་བའི་དབང་བསྐུར། དེ་ནས་སྤྲོ་བ་བསྐྱེད་དེ་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་ཆེས་བརྩོན་པ་སྐྱེ་བའི་ཕྱིར་དཀྱིལ་འཁོར་མཐོང་བའི་བདག་ཉིད་དུ་འཇུག་སྟེ། དེའང་གདོང་གཡོག་ཕྱེ་ལ་ལྟ་བར་བསྐུལ་བ་དང་དཀྱིལ་འཁོར་བསྟན་ནས་དགའ་བ་བསྒོམ་པ་རྣམས་བྱ་བར་བཤད་དོ། །གཉིས་པ་དངོས་གཞི་དབང་བསྐུར་གྱི་རྣམ་གཞག་ལ་གཉིས། དབྱེ་བ་དང༌། བསྡུ་བའོ། །དང་པོ་ནི། སྤྱིར་བླ་མེད་ཀྱི་དབང་ལ་དབང་བཞིར་བཤད་དེ། གསང་འདུས་རྒྱུད་ཕྱི་མར། བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་


LT08,P062B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པས་མཚོན་རྒྱུད་སྡེ་ཀུན་ནས་མཚུངས་པར་བཤད་ཅིང༌། དེའང་བུམ་དབང་ལ་བཅུ་གཅིག་ཏུ་ཕྱེ་ནས་དེའི་ཐོག་ཏུ་དབང་གོང་མ་གསུམ་བསྣན་པས་བཅུ་བཞིར་བཤད་ཅིང༌། བུམ་དབང་བཅུ་གཅིག་ཏུ་དབྱེ་བའི་ཚུལ་ལ་སློབ་མའི་དབང་ལྔ་ནི་ཆུ་ཅོད་པན་རྡོ་རྗེ་དྲིལ་བུ་མིང་དབང་རྣམས་ཡིན་ལ། སློབ་དཔོན་གྱི་དབང་དྲུག་ནི་དྲིལ་བུ་པས་སློབ་དཔོན་གྱི་དབང་དངོས་གཞི་དང༌། འཁོར་གྱི་སྔགས་དབང་དང་ལུང་བསྟན་དབུགས་དབྱུང་གཅིག་ཏུ་བྱས་པ་དང་རྡོ་རྗེའི་བརྟུལ་ཞུགས་དང་སྤྱོད་པའི་བརྟུལ་ཞུགས་དང་རྗེས་གནང་དང་དྲུག་ཏུ་བཞེད་ལ། གཞན་ནི་དམ་ཚིག་གསུམ་སྔོན་དུ་འགྲོ་བ་སློབ་དཔོན་གྱི་དབང་དངོས་གཞི་དང་དེ་ཁོ་ན་ཉིད་ལས་རིམ་དང་བཅས་པ་དང་རྗེས་གནང་དང་བརྟུལ་ཞུགས་དང་ལུང་བསྟན་དང་དབུགས་དབྱུང་རྣམས་ལ་བཤད་པ་དང༌། སློབ་དཔོན་གྱི་དབང་དངོས་གཞི་དང་སྔགས་དབང་གཉིས་ལ་རྗེས་གནང་སོགས་བཞིར་སྦྱར་བ་ལ་བཤད་པ་དང༌། དམ་ཚིག་གསུམ་སྦྱིན་པ་དང་སློབ་དཔོན་གྱི་དབང་དངོས་གཞི་གཉིས་ལ་རྗེས་གནང་སོགས་བཞི་སྦྱར་བ་ལ་བཤད་པ་སྣ་ཚོགས་སྣང་ངོ༌། །རྗེས་གནང་ལ་སོགས་བཞི་སློབ་དཔོན་གྱི་དབང་གི་འཁོར་དུ་བཤད་པ་མང་ཡང་རྣམ་པ་ཀུན་ཏུ་མ་ངེས་ཏེ། ཁ་ཅིག་ཏུ་སློབ་མའི་དབང་གི་མཐར་སྦྱར་བ་དང༌། ཁ་ཅིག་ཏུ་དབང་བཞི་རྫོགས་པའི་མཐའ་རྟེན་དུ་བཤད་དོ། །བླ་མ་རྔོག་པ་རྣམས་ཀྱིས་ནི་བུམ་དབང་ལ་ནང་གསེས་ཀྱི་དབྱེ་བ་བཅོ་བརྒྱད་ཀྱང་མཛད་དེ་འདི་ལྟར་རིག་པའི་དབང་ལྔ། དམ་ཚིག་གསུམ། རིགས་ལྔའི་རྗེས་གནང་ལྔ། ལུང་བསྟན། གཟེངས་བསྟོད། དབུགས་དབྱུང༌། རྡོ་རྗེ་སློབ་དཔོན་གྱི་དབང༌། བརྟུལ་ཞུགས་ཏེ་བཅོ་བརྒྱད་དོ། །དེ་ལྟར་རྣམ་དབྱེ་མདོ་ཙམ་སྨོས་ནས། གཞུང་དོན་དབྱེ་བ་དངོས་ལ་གཉིས། བུམ་དབང༌། གོང་


LT08,P063A
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་སོ། །དང་པོ་ནི། བུམ་པའི་ལས་ཅན་རིག་དབང་བརྟུལ་ཞུགས་སོགས། །སློབ་མ་དང་ནི་མི་ལྡོག་འཁོར་ལོའི་དབང༌། །བུམ་པའི་ལས་ཀྱི་བྱེད་པ་འཇུག་པ་ཅན་བུམ་དབང་ཞེས་གྲགས་པ་ལ་ཐུན་མོང་བ་སློབ་མའི་དབང་དང༌། ཐུན་མོང་མ་ཡིན་པ་སློབ་དཔོན་གྱི་དབང་ངོ༌། །དང་པོ་ནི། མ་རིག་པའི་དྲི་མ་འཁྲུད་ནུས་པར་སྒྲུབ་པའི་ཕྱིར་ཆུའི་དབང༌། སངས་རྒྱས་རིགས་བདག་མཛད་པའི་སྒོ་ནས་རྒྱས་འདེབས་ཀྱི་འདུ་བྱ་བ་བསྐྱེད་པ་དང་གཙུག་ཏོར་གྱི་མཚན་སྐྱེད་ནུས་པའི་ཆེད་དུ་ཅོད་པན་གྱི་དབང་དང༌། དེ་ཁོ་ན་ཉིད་དང་དབྱེར་མེད་པའི་ཡེ་ཤེས་སྐྱེ་བའི་ནུས་པ་ཅན་དུ་སྒྲུབ་པའི་ཆེད་དུ་རྡོ་རྗེའི་དབང་དང༌། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་འབྱུང་བའི་བདག་པོ་ཆོས་འབྱུང་རྟོགས་པར་བྱ་བའི་ཆེད་དུ་དྲིལ་བུའི་དབང་ངམ་བདག་པོའི་དབང་དང༌། མ་འོངས་པ་ན་སངས་རྒྱས་པའི་མཚན་གྱི་ས་བོན་དགོད་པའི་ཆེད་དུ་མིང་དབང་རྣམས་བསྐུར་བ་ཡིན་ལ། དབང་གི་བྱེད་ལས་ནི། སྔགས་ཀྱི་མེ་ཏོག་ཕྲེང་བའི་དབང་གིས་སློབ་མ་སངས་རྒྱས་གང་གི་རིགས་ཡིན་པ་རྟོགས་པར་བྱེད། ཆུའི་དབང་གིས་སངས་རྒྱས་དེ་སྒྲུབ་པ་ལ་སྒྲིབ་པར་བྱེད་པའི་མ་རིག་པའི་དྲི་མ་འཁྲུད་པའི་ནུས་པ་འཇོག །ཅོད་པན་གྱི་དབང་གིས་སངས་རྒྱས་དེའི་རིགས་བདག་གཙུག་ཏོར་གྱི་ནུས་པ་འཇོག །རྡོ་རྗེའི་དབང་གིས་སངས་རྒྱས་དེའི་ཐུགས་གཉིས་མེད་ཡེ་ཤེས་ཀྱི་ནུས་པ་འཇོག །དྲིལ་བུའི་དབང་གིས་སངས་རྒྱས་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འདོམ་པའི་ནུས་པ་འཇོག །མིང་གི་དབང་གིས་སངས་རྒྱས་དེ་སངས་རྒྱས་པའི་མཚན་གྱི་ནུས་པ་འཇོག་པ་ཨ་བྷ་ཡས་བཤད་ཅིང༌། དབང་འདི་དག་གིས་སྤང་བྱ་མ་རིག་པའི་ཉོན་མོངས་པ་ལྔ་སྤངས་ནས་ཐོབ་བྱ་རིག་པ་ཡེ་ཤེས་ལྔ་ཐོབ་པར་བྱེད་པས་ན་རིག་པའི་དབང་ཞེས་བྱའོ། །གཉིས་པ་ནི། སངས་རྒྱས་ཐམས་


LT08,P063B
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཐུགས་གཉིས་མེད་ཀྱི་ཡེ་ཤེས་དང་མི་འབྲལ་བའམ་དེ་རྟོགས་པར་བྱ་བའི་ཆེད་དུ་རྡོ་རྗེའི་དམ་ཚིག་དང༌། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ལ་སྦྱར་བའི་ཆེད་དུ་དྲིལ་བུའི་དམ་ཚིག་དང༌། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བར་སྒྲུབ་པའི་ཆེད་དུ་ཕྱག་རྒྱའི་དམ་ཚིག་དང༌། ཁམས་གསུམ་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་པའི་ཆེད་དུ་སློབ་དཔོན་གྱི་དབང་དངོས་དང༌། རྡོར་སེམས་ཀྱི་གོ་འཕང་སྒྲུབ་པ་ལ་སྒྲིབ་པའི་དྲི་མ་འཁྲུད་པའི་ཕྱིར་དེའི་སྐབས་ཀྱི་ཆུ་དབང་དང༌། རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་དུ་རྟོགས་པའི་ཆེད་དང་སློབ་དཔོན་གྱི་བྱ་བ་སྒྲུབ་པའི་ཆེད་དུ་དེ་ཁོ་ན་ཉིད་དང་ལས་རིམ་སྟོན་པ་དང༌། ལས་བཞིའི་དངོས་གྲུབ་ཀྱི་ས་བོན་དགོད་པ་དང་དོན་དམ་པའི་སྔགས་ཀྱི་དངོས་གྲུབ་ཀྱི་ཞིང་དག་པར་བྱ་བའི་ཕྱིར་སྔགས་སྦྱིན་དང༌། མི་ཤེས་པའི་ལིང་ཏོག་གི་སྒྲིབ་གཡོགས་བསལ་ནས་ལྷའི་མིག་གི་མངོན་ཤེས་བསྐྱེད་པའི་ཕྱིར་མིག་སྨན་སྦྱིན་པ་དང༌། ཆོས་ཐམས་ཅད་མེ་ལོང་གཟུགས་བརྙན་ལྟར་རང་བཞིན་མེད་པར་རྟོགས་པ་ལ་སྦྱོར་བའི་ཕྱིར་མེ་ལོང་སྦྱིན་པ་དང༌། བདུད་བཞི་ལས་རྒྱལ་ནས་ཆོས་དབྱིངས་ཀྱི་འབེན་འབིགས་པའི་ས་བོན་དགོད་པའི་དོན་དུ་མདའ་གཞུ་སྦྱིན་པ་དང༌། ཆོ་ག་བཞིན་དུ་དངོས་གྲུབ་སྒྲུབ་པ་དང་ཆོས་བསྟན་པ་སོགས་དོན་གཉིས་ཀྱི་མཛད་པ་དང་ཕྲིན་ལས་ཀྱི་ནུས་པ་བསྐྲུན་པའི་ཆེད་དུ་རྗེས་གནང་སྦྱིན་པ་དང༌། ཡེ་ཤེས་ལྔའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ལ་སོགས་པའི་སྒོ་ནས་སྔགས་ཀྱི་སྤྱོད་པ་སྤྱད་པའི་དོན་དུ་བརྟུལ་ཞུགས་སྦྱིན་པ་དང༌། སངས་རྒྱས་ཀྱི་མཚན་གྱི་ནུས་པ་བཞག་པ་ལས་མི་འདའ་བར་ས་འོག་ས་སྟེང་མཐོ་རིས་རྣམས་སུ་རྒྱལ་བར་འགྱུར་ཞེས་གཟེངས་བསྟོད་པའི་ཕྱིར་ལུང་བསྟན་པ་དང༌། དབང་བསྐུར་བའི་རིམ་པ་རྣམས་ཀྱིས་སངས་རྒྱས་ཐོབ་པའི་ནུས་པ་བཞག་


LT08,P064A
[མ་དཔེ་གཟིགས་ན་འདིར་གནོན།]

པར་གོ་རིམ་བཞིན་སྤྲོ་བ་བསྐྱེད་པའི་དབུགས་དབྱུང་རྣམས་བྱ་བ་ཡིན་ལ། ཚུལ་འདི་དག་ཀྱང་ཕལ་ཆེར་ཨ་བྷ་ཡཱ་ཀ་རས་བཤད་དོ། །དབང་འདི་ལ་ཆོས་ཀྱི་རྒྱལ་སྲིད་སྦྱོར་བར་བྱེད་པས་ན་སློབ་དཔོན་གྱི་དབང་ངམ་ཕྱིར་མི་ལྡོག་པའི་ས་བོན་སྐྲུན་པར་བྱེད་པས་ན་ཕྱིར་མི་ལྡོག་པའི་དབང་ཞེས་བྱའོ། །དབང་འདི་བསྐུར་བའི་དཀྱིལ་འཁོར་ནི་རྡུལ་ཚོན་དང་རས་བྲིས་ལ་སོགས་པའི་རི་མོ་དང་ལུས་དཀྱིལ་སོགས་ལྷ་རྟེན་དང་བརྟེན་པར་བཅས་པ་ལ་བརྟེན་པ་ཡིན་ཅིང༌། བསྐུར་གཞི་གཙོ་བོར་ལུས་ལ་བསྐུར་ཞིང་ལུས་ཀྱི་དྲི་མ་སྦྱངས་ནས་ལུས་དག་པར་བྱེད། བསྒྲུབ་བྱ་སངས་རྒྱས་སྤྲུལ་པའི་སྐུ་མཛད་པ་དང་བཅས་པ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ཅིང་ལུས་སྐུ་རྡོ་རྗེའི་རང་བཞིན་ཏུ་བྱེད་དོ། །དུས་འཁོར་ལས་གསུངས་བྱིས་འཇུག་བདུན་པོ་བསྐུར། ཁྱད་པར་དཔལ་དུས་ཀྱི་འཁོར་ལོ་ལས་ནི་བུམ་དབང་ལ་བྱིས་པ་འཇུག་པའི་དབང་བདུན་ཅེས་པའི་ཐ་སྙད་སྦྱར་ཞིང༌། གྲངས་ངེས་དང་གོ་རིམ་ཡང་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ཆུ་དང་ཅོད་པན་དར་དཔྱང་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་དང༌། །མིང་དང་རྗེས་གནང་ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ཅེས་དབང་བདུན་གྱི་གྲངས་དང་གོ་རིམ་གསུངས། །གཞན་ཡང་ཁམས་སོགས་དག་པ་ལ། །ཞེས་མདོར་བསྟན་ནས། ཆུ་ནི་ཁམས་ཀྱི་དག་པ་སྟེ། །ཅོད་པན་ཕུང་པོ་རྣམ་སྦྱོང་བྱེད། །དར་དཔྱང་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་སྐད་རྒྱུན་མི་འཆད་པ། །ཉི་ཟླ་གཅིག་ཏུ་དག་པར་བྱེད། །ལུས་དང་དབང་པོ་ལེགས་དག་པས། །འཕོ་མེད་རྡོ་རྗེའི་བརྟུལ་ཞུགས་འགྱུར། །མིང་ནི་བྱམས་སོགས་ཡང་དག་དག །རྗེས་གནང་སངས་རྒྱས་ཉིད་དག་བྱེད། །དབང་བསྐུར་བདུན་པོ་འདི་རྣམས་ཡིན། །ཞེས་དབང་བདུན་གྱི་དགོས་པ་འདི་


LT08,P064B
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཤད་དོ། །བྱིས་པ་འཇུག་པའི་དབང་བདུན་ཞེས་པའང་ཆོས་མཐུན་སྦྱར་བ་སྟེ། ཀྱེ་རྡོར་འབུམ་ལྔ་ལས། བྱིས་པ་སྐྱེ་བ་མ་རྣམས་ཀྱིས། །ཆུ་ཡིས་འཁྲུ་བའི་དབང་སྐུར་བྱེད། །དེ་ཡི་གཙུག་ཕུད་རབ་འཇོག་པ། །ཅོད་པན་དུ་ནི་ཡོངས་སུ་བརྟགས། །དེ་ཡི་རྣ་བ་དབུགས་ལ་སོགས། །དར་དཔྱང་དབང་བསྐུར་ཞེས་པར་བཤད། །བྱིས་པའི་སྒྲ་དང་དགོད་པ་ནི། །དྲིལ་བུ་རྡོ་རྗེའི་དབང་བསྐུར་རོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་ཡིན། །མིང་ནི་མིང་གི་དབང་བསྐུར་བའོ། །ཀློག་པ་ལ་སོགས་རྗེས་གནང་བ། །ཕ་དག་གིས་ནི་རྟག་ཏུ་སྟེར། །དེ་ལྟར་རྣམ་པ་བདུན་གྱིས་ནི། །དབང་བསྐུར་བདུན་དུ་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་གོང་མ་རྣམས་བཤད་པ་ནི། ལུས་དང་ཀུན་རྫོབ་དོན་དམ་དཀྱིལ་འཁོར་དུ། །གསང་བ་ཤེས་རབ་བཞི་པའི་དབང་མཆོག་ནོད། །གོང་མ་གོང་ཆེན་དུས་དང་མཚམས་པར་སྦྱིན། །ལུས་དང་ཀུན་རྫོབ་དོན་དམ་གྱི་དཀྱིལ་འཁོར་གསུམ་དུ་གོ་རིམ་བཞིན། གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ་སྟེ་མཆོག་དབང་གསུམ་ནོད་པར་བྱ་སྟེ། དེའང་དད་པ་དང་ཤེས་རབ་ཀྱི་ཞིང་དུ་བྱ་བའི་ཕྱིར་གསང་དབང་བསྐུར་བ་ལ། དད་པའི་ཞིང་དུ་བྱ་བ་ནི་བླ་མ་ལྷ་ཡབ་ཡུམ་དུ་གསལ་བ་སྙོམས་པར་ཞུགས་པའི་བྱང་སེམས་ཀྱི་བདུད་རྩི་མྱོང་བའི་ཚེ་ལྷའི་མཐུས་བདེ་བ་ཁྱད་པར་ཅན་སྐྱེས་པས་སྔགས་ཀྱི་ཀུན་སྤྱོད་ལ་ཐེ་ཚོམ་དང་ལོག་རྟོག་ཟློག་པ་དང༌། ཤེས་རབ་ཀྱི་ཞིང་དུ་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གསང་རྫས་དེ་ཉིད་ཁར་བྱིན་པ་སྙིང་གའི་པདྨར་ཞུགས་པས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྒྱུ་ལུས་རྟོགས་པར་བྱེད་པའོ། །གསང་དབང་གི་ངོ་བོ་ནི་བྱང་སེམས་མྱོང་བ་ལས་བྱུང་བའི་ཏིང་ངེ་འཛིན་བདེ་བ་དང་བཅས་པ། སྒྲ་དོན་ནི་བླ་མ་ཡབ་ཡུམ་གྱི་བྱང་སེམས་གསང་བའི་རྫས་ཀྱིས་བསྐུར་བའི་དབང་


LT08,P065A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་ན་གསང་བའི་དབང་ཞེས་བྱ། དཀྱིལ་འཁོར་ནི་སངས་རྒྱས་ཐམས་ཅད་ཞུ་བའི་ངོ་བོ་བླ་མ་ཡབ་ཡུམ་གྱི་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་གཙོ་བོར་ངག་ལ་བསྐུར་ཞིང་ངག་གི་དྲི་མ་དག་ནས་ངག་ཡང་དག་པར་བྱེད། བསྒྲུབ་བྱ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ཅིང་ངག་གསུང་རྡོ་རྗེའི་རང་བཞིན་དུ་བྱེད་དོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དབང་བཞི་པར་ངོ་སྤྲོད་པའི་དོན་གྱི་ལྷན་སྐྱེས་མཚོན་བྱེད་ཀྱི་དཔེར། ཕྱག་རྒྱ་ལ་བརྟེན་ཏེ་སྙོམས་འཇུག་གི་དགའ་བ་བཞི་དང་ཁྱད་པར་ལྷན་སྐྱེས་ཡེ་ཤེས་གཏན་ལ་དབབ་པའི་ཆེད་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ལ། སློབ་མ་དང་ཕྱག་རྒྱ་ལྷ་ཡབ་ཡུམ་དུ་སྙོམས་པར་ཞུགས་པའི་རྗེས་ཆགས་གཏུམ་མོའི་དྲོད་ཀྱིས་བྱང་སེམས་ཞུ་བ་གནས་རྣམས་སུ་བབས་པ་ལས་ཡས་བབས་ཀྱི་དགའ་བ་བཞི་དང་མས་བརྟན་གྱི་དགའ་བ་བཞི་སྐྱེ། སློབ་མ་སྡོམ་བརྩོན་ལ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་བསྐྱེད་ལ་ལྷ་ཡབ་ཡུམ་དུ་སྙོམས་པར་ཞུགས་པར་མོས་ནས་དངོས་སུ་རླུང་གི་སྦྱོར་བས་གཏུམ་མོ་སྦར་བའི་དྲོད་ཀྱིས་བྱང་སེམས་བཞུས་ནས་དགའ་བཞི་འདྲེན། དེ་ལས་དབང་གསུམ་པའི་ངོ་བོ་ནི། བྱང་སེམས་ནོར་བུའི་ནང་དུ་བབ་བའི་ཚེ་ཉམས་སུ་མྱོང་བའི་ལྷན་སྐྱེས་ཡེ་ཤེས་ལ་བྱེད་དེ། དབང་འདི་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཤེས་རབ་མ་ལ་བརྟེན་ནས་ཕུལ་བྱུང་གི་སེམས་རྣམ་རྟོག་དག་དང་བྲལ་བས་ལྷན་སྐྱེས་ཡེ་ཤེས་བརྟེན་པ་ལ་དབང་བ་ཡིན་པས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་གསུངས། དཀྱིལ་འཁོར་ནི་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་ལ་བརྟེན་ཏེ་ཡིད་ལ་བསྐུར་ཞིང་ཡིད་ཀྱི་དྲི་མ་སྦྱངས་ནས་ཡིད་དག་པར་བྱེད། བསྒྲུབ་བྱ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ཅིང་ཡིད་ཐུགས་རྡོ་རྗེའི་རང་བཞིན་དུ་བྱེད་པའོ། །དབང་བཞི་པ་ནི།


LT08,P065B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་སྐབས་ཀྱི་འདོད་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པའི་ལྷན་སྐྱེས་ཡེ་ཤེས་དེ་ཉིད་དཔེར་བྱས་ནས། ཡན་ལག་བདུན་ལྡན་གྱི་ཕྱག་རྒྱ་ཆེན་པོ་དོན་ལྷན་སྐྱེས་ཡེ་ཤེས་དེ་ཉིད་ངོ་སྤྲོད་པའི་ཆེད་དུ་ཚིག་གི་དབང་བསྐུར་བ་སྟེ། དེའང་ཆོས་ཐམས་ཅད་བདག་མེད་མཉམ་པ་ཉིད་ཀྱི་རང་བཞིན་སྐྱེ་མེད་སྟོང་པ་ཉིད་ཀྱི་ངོ་བོ་འོད་གསལ་དོན་དམ་པའི་བདེན་པ་ནི་གཙོ་བོ་ཡིན་ཀྱང༌། ཀུན་རྫོབ་ལྷ་སྐུ་སྒྱུ་མ་ལྟ་བུའི་རྣམ་པ་དང་ཁ་སྦྱོར་གྱི་བདེ་བ་སོགས་མི་དམིགས་པའི་སྟོང་རྐྱང་འཛིན་པ་མིན་ཏེ། དབང་བཞི་པའི་ཡེ་ཤེས་ལ་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་དུ་བཤད་པའི་ཕྱིར་རོ། །དེས་ན་དབང་བཞི་པའི་ཁ་སྦྱོར་གྱི་བདེ་བ་ལ་སྟོང་པས་རྒྱས་གདབ་པ་ལ་འདོད་པ་དང༌། དགའ་བཞིའི་བདེ་བ་སོགས་ངོས་གཟུང་མེད་པའི་རིག་སྟོང་ཙམ་ལ་འདོད་པ་དང༌། ལྷ་སྐུ་ཕྱག་རྒྱ་ཆེན་པོའང་མི་དམིགས་པའི་རང་གི་སེམས་གསལ་སྟོང་ཙམ་ལ་འདོད་པ་རྣམས་དོན་ཕྱོགས་རེ་བ་ཡིན་ནོ། །དེ་ལྟར་ན་དབང་བཞི་པའི་ངོ་བོ་ནི་རང་ལུས་ལོངས་སྐུའི་རྣམ་པ་ཅན་གྱི་བདེ་སྟོང་ཟུང་འཇུག་གི་སྐུའམ་དེའི་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ལ་བྱ་ཞིང༌། དབང་འདི་ནི་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དག་ལ་ཚིག་ཙམ་གྱི་སྒོ་ནས་བསྐུར་བའི་དབང་ཡིན་པས་ན་ཚིག་དབང་དང༌། ཀུན་རྫོབ་ཀྱི་དབང་ལས་ཁྱད་པར་ཅན་དུ་གྱུར་པས་རིན་པོ་ཆེ་ཞེས་བྱ། དཀྱིལ་འཁོར་ནི་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ངག་ཡིད་གསུམ་ལ་བསྐུར་ཏེ་སྒོ་གསུམ་གྱི་དྲི་མ་བག་ཆགས་བཅས་སྦྱངས་ནས་བསྒྲུབ་བྱ་རྡོ་རྗེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པ་ཡིན་ནོ། །འདི་ནི་བསྡུས་རྒྱུད་ཐུན་མོང་བ་རྣམས་ཀྱི་དགོངས་པ་ཡིན་གྱི། ཐུན་མིན་དུས་ཀྱི་འཁོར་ལོ་ལས་གསུངས་པའི་མཆོག་དབང་གསུམ་པོ་ནི་འདི་དག་དང་མཚན་ཙམ་འདྲ་ཡང་ཐབ་ལ་རྒྱ་ཆེ་བ་དང༌། དྲང་དོན་དང་ངེས་དོན་གྱི་ཁྱད་པར་དུ་བྱས་


LT08,P066A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་རྣམ་གྲངས་དུ་མས་ཆེས་འཕགས་ཀྱང་འདིར་ནི་ཧ་ཅང་མང་བའི་འཇིགས་པས་མ་སྤྲོས་སོ། །དེ་བཞིན་དུ་ལུགས་དེའི་རྡོ་རྗེའི་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་གོ་འཕང་དུ་དབང་བསྐུར་བ་གོང་མ་དང་གོང་ཆེན་དུ་གྲགས་པའང་གང་ཟག་ཐུན་མོང་བ་ལ་བསྐུར་བར་བྱ་བ་མིན་ཅིང༌། སྲོག་འཛིན་གྱི་ཡན་ལག་ཡན་ཆད་གྲུབ་པ་ལ་དུས་སྐབས་དང་མཚམས་པར་སྦྱིན་ནོ། །གཉིས་པ་བསྡུ་བ་ནི། འཇུག་དང་དངོས་གཞི་རྗེས་སུ་གནང་བ་གསུམ། །དམན་མཆོག་འཇིག་རྟེན་དེ་འདས་སོགས་ཀྱིས་བསྡུས། །དབང་བསྐུར་གྱི་ཆོ་ག་ཐམས་ཅད་ཀྱང་བསྡུ་ན་འཇུག་པ་དང་དངོས་གཞི་དང་མཐའ་རྟེན་རྗེས་སུ་གནང་བ་གསུམ་དུ་འདུ་བ་དང༌། ཡང་ཐུན་མོང་བ་དམན་པ་དང༌། ཐུན་མིན་མཆོག་དབང་གཉིས་སམ་འབྲས་བུའི་ཁྱད་པར་གྱིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་གཉིས། སོགས་ཁོངས་ནས་དང་པོའི་སངས་རྒྱས་ལས་ཀུན་རྫོབ་དོན་དམ་གཉིས། ཕྱག་ཐིག་དང་རྡོར་ཕྲེང་ལས་སྔ་མ་གསུམ་ལ་རྒྱུ་དང༌། ཕྱི་མ་གསུམ་ལ་འབྲས་བུའི་དབང་ཞེས་བསྡུས་པ་སོགས་འབྱུང་ངོ༌། །གསུམ་པ་དབང་གི་བྱེད་ལས་དག་པ་དང་བཅས་བཤད་པ་ནི། སྒོ་གསུམ་ཆ་མཉམ་སྒྲིབ་སྦྱོང་རྡོ་རྗེ་བཞིའི། །ནུས་པ་འཇོག་ཅིང་བསྐྱེད་རིམ་རང་བྱིན་རླབས། །དཔེ་དོན་ཡེ་ཤེས་སྒོམ་པའི་སྣོད་དུ་སྨིན། །རྡོ་རྗེ་སློབ་དཔོན་གོ་འཕང་ཐོབ་པ་ཡིན། །དེ་ལྟར་དབང་བཞི་བསྐུར་བ་དེ་རྣམས་ཀྱི་སོ་སོའི་བྱེད་ལས་དང་དག་པ་ནི་གོ་བདེ་བའི་སླད་དུ་གོང་དུ་ཞར་བྱུང་བཤད་ཟིན་ཀྱང༌། འདིར་ཡང་བསྡུས་ཏེ་བརྗོད་ན། ལུས་ངག་ཡིད་དང་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་སྦྱོང༌། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་ནུས་པ་འཇོག །ལམ་བསྐྱེད་པའི་རིམ་པ། རང་བྱིན་རླབས། དཔེ་དང་དོན་གྱི་ཡེ་ཤེས་སྒོམ་པའི་སྣོད་རུང་དུ་སྨིན་ཅིང༌། རྗེས་གནང་ལ་སོགས་པ་རྣམས་ཀྱིས་བླ་མེད་ཀྱི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་


LT08,P066B
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པར་བྱེད་པ་ཡིན་ནོ། །དེའང་སྤྱིར་རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་བསྒྲུབ་བྱའི་གཙོ་བོ་ཡན་ལག་བདུན་ལྡན་གྱི་ཟུང་འཇུག་གི་སྐུ་ཉིད་ཡིན་ཞིང༌། དེ་སྒྲུབ་པར་བྱེད་པ་ལ་རིམ་པས་དང་པོར་ཐ་མལ་བའི་རྣམ་པ་སྤངས་ནས་ལྷ་སྐུའི་རྣམ་པ་ལ་བསླབ་དགོས་པས་དེའི་ཆེད་དུ་ལུས་ཀྱི་དྲི་མ་འཁྲུད་ཅིང་སྐུ་རྡོ་རྗེའི་ནུས་པ་འཇོག་པའི་བུམ་དབང་ཐོབ་དགོས་ལ། དེ་ཐོབ་པས་ཏིང་ངེ་འཛིན་གསུམ་ཡན་ལག་དང་བཅས་པས་བསྐྱེད་རིམ་སྒོམ་པའི་སྣོད་རུང་དུ་བྱེད། དེ་ནས་ཀུན་རྫོབ་སྒྱུ་མ་ལྟ་བུའི་རྣམ་པ་ལ་བསླབ་དགོས་པས་དེའི་ཆེད་དུ་ངག་གི་དྲི་མ་འཁྲུད་ཅིང་གསུང་རྡོ་རྗེའི་ནུས་པ་འཇོག་པའི་གསང་དབང་དགོས་ལ། དེ་ཐོབ་པས་རྡོ་རྗེའི་བཟླས་པ་ལ་སོགས་པའི་རླུང་གི་རྣལ་འབྱོར་དང་རང་བྱིན་རླབས་ཀྱི་རྫོགས་རིམ་སྒོམ་པའི་སྣོད་རུང་དུ་བྱེད། དེ་ནས་འོད་གསལ་སྟོང་པ་ཉིད་ལ་བསླབ་དགོས་པས་དེའི་ཆེད་དུ་ཡིད་ཀྱི་དྲི་མ་འཁྲུད་ཅིང་ཐུགས་རྡོ་རྗེའི་ནུས་པ་འཇོག་པའི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་དགོས་ལ། དེ་ཐོབ་པས་གཟུང་འཛིན་གྱིས་སྟོང་པའི་དོན་དམ་འོད་གསལ་གྱི་རྫོགས་རིམ་སྒོམ་པའི་སྣོད་རུང་དུ་བྱེད། དེ་ནས་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྐུ་དང་དོན་དམ་དེ་ཁོ་ན་ཉིད་ལ་ཞུགས་པའི་འོད་གསལ་གཉིས་ཟུང་དུ་འཇུག་པ་ལ་བསླབ་དགོས་པས་དེའི་ཆེད་དུ་སྒོ་གསུམ་གྱི་དྲི་མའི་བག་ཆགས་འཁྲུད་ཅིང་རྡོ་རྗེ་གསུམ་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་ནུས་པ་འཇོག་པའི་དབང་བཞི་པ་ཐོབ་དགོས་ལ། དེ་ཐོབ་པས་བདེན་གཉིས་ཟུང་འཇུག་གི་རྫོགས་རིམ་སྒོམ་པའི་སྣོད་རུང་དུ་བྱེད་པའོ། །མདོར་ན་གྲོལ་བྱེད་རིམ་གཉིས་ཀྱི་རྣལ་འབྱོར་གང་དང་གང་སྒོམ་པའི་གེགས་སྐྱོན་གྱི་དྲི་མ་འཁྲུད་ཅིང་བསྒྲུབ་བྱ་དེ་དང་དེའི་ནུས་པ་འཇོག་པས་དང་པོར་དབང་བསྐུར་ཐོབ་དགོས་པ་ལམ་གྱི་རྩ་བ་ཡིན་ལ། དུས་དུས་སུ་སྤྲུལ་པའི་དཀྱིལ་འཁོར་བསྒྲུབས་ནས་དབང་བླངས་པས་ཀྱང་རིམ་གཉིས་བསྒོམས་ནས་བསྒྲུབ་བྱ་སྒྲུབ་པའི་གེགས་སྐྱོན་འཁྲུད་ཅིང་ནུས་པ་ཇེ་ཆེར་བསྐྱེད་པ་ཡིན་ཏེ་ལམ་


LT08,P067A
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་དབང་ཞེས་གྲགས་པ་དེའོ། །བྱིས་འཇུག་སྦྱང་བྱ་སྤྱོད་བྱེད་སོ་བདུན་སྦྱར། །དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན་པོ་སྦྱང་གཞི་ཕུང་ཁམས་ལས་དབང་ཡུལ་དང་བཅས་པ་དང༌། སྦྱོང་བྱེད་གཤེགས་སེམས་ནུས་མ་ཁྲོ་བོ་སོགས་སུམ་ཅུ་སོ་བདུན་གྱི་དག་པ་སྦྱོར་བའི་ཚུལ་དང༌། དབང་གོང་མ་གསུམ་གྱི་དོན་ཁྱད་པར་ཤིན་ཏུ་ཟབ་པ་དག་ནི་རེ་ཞིག་འདིར་མ་སྤྲོས་སོ། །དེ་ལྟར་དབང་བསྐུར་གྱི་ཆོག་གྲུབ་ནས་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི། ཆོ་ག་ལྷག་ཆད་ཀྱི་ཉེས་པ་ཞི་བ་དང་ལྷ་ཚིམས་པའི་ཕྱིར་ཞི་རྒྱས་ཀྱི་སྦྱིན་སྲེག་བྱ་བ་དང༌། དཀྱིལ་འཁོར་མཆོད་ཅིང་ཡོན་བླངས་ཏེ་ཕྱི་རོལ་ཏུ་ཕྱོགས་སྐྱོང་སོགས་ལ་གཏོར་མ་དབུལ་བ་དང༌། དཀྱིལ་འཁོར་ལ་ཕྱག་བྱས་ནས་དགེ་བ་བསྔོ་ཞིང་བསྐོར་བ་བྱས་ཏེ་བཟོད་པར་གསོལ་བ་དང༌། ཡེ་ཤེས་པ་གཤེགས་ལ་སྤྲུལ་པ་བསྡུས་ནས་རྡུལ་ཚོན་གཞིག་སྟེ་ཕུར་བུ་དབྱུང་བ་དང༌། རྡུལ་ཚོན་ཆུར་སྐྱེལ་ལ་ཚོགས་འཁོར་སོགས་ཀྱི་དགའ་སྟོན་བྱ་བ་རྣམས་ཨ་བྷ་ཡཱ་ཀ་རས་བཤད་དོ། །གཉིས་པ་བསྲུང་བྱ་དམ་ཚིག་དང་སྡོམ་པའི་ཚུལ་བཤད་པ་ནི། བསྲུང་བྱ་རྩ་ལྟུང་ཡན་ལག་བསྒྲུབ་བྱ་ནི། །ཏིང་འཛིན་སྤྱོད་ལམ་བཟའ་དང་མི་འབྲལ་བ། །དང་པོའི་ལས་ཅན་བརྟན་ཐོབ་ཆེར་ཐོབ་ཚུལ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དམ་སོགས་བཟུང༌། །དབང་བསྐུར་བ་ཐོབ་ནས་དབང་སྲོག་དམ་ཚིག་ལ་བསླབ་པ་ནི། ངོ་བོའི་སྒོ་ནས་བསྲུང་བྱ་དང་བསྒྲུབ་བྱའི་དམ་ཚིག་གཉིས་སུ་འདུ་སྟེ། དེ་ལ་བསྲུང་བྱའི་དམ་ཚིག་རྩ་ལྟུང་བཅུ་བཞི་ཡན་ལག་གི་དམ་ཚིག་བརྒྱད་དམ་དགུ་པོ་རྣམས་དང༌། བསྒྲུབ་བྱའི་དམ་ཚིག་རིགས་ལྔའི་སྡོམ་པ། ཏིང་ངེ་འཛིན་གྱི་དམ་ཚིག་དང༌། སྤྱོད་ལམ་དང༌། བཟའ་བ་དང༌། མི་འབྲལ་བ་ཡོ་བྱད་ཀྱི་དམ་ཚིག་རྣམས་སོ། །ཡང་ན་ལས་དང་པོ་པ་དང༌། བརྟན་པ་ཐོབ་པ་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་གསུམ་མམ། སྐུ་དང་གསུང་


LT08,P067B
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གམ། སོགས་ཁོངས་ནས། བུམ་དབང༌། གསང་དབང༌། ཤེར་ཡེའི་དམ་ཚིག་གསུམ་མམ། ཡང་ན་བསྙེན་པའི་དམ་ཚིག །འཇིག་རྟེན་པ་སོ་སོའི་སྒྲུབ་པའི་དམ་ཚིག །ལས་སོ་སོ་དང༌། འཇིག་རྟེན་ལས་འདས་པའི་སྒྲུབ་བའི་དང༌། སྒྲུབ་པ་ཆེན་པོའི་དམ་ཚིག་རྣམས་ཏེ། དེ་དག་རེ་རེ་ལའང་བླ་མེད་ཀྱི་དམ་ཚིག་ཡོངས་རྫོགས་འདུ་བ་ཡིན་ལ། སྤྱིར་སངས་རྒྱས་རྣམས་ཀྱིས་མ་བཤད་པའི་ཆོ་ག་ལས་ནི་སྡོམ་པ་མེད་དེ་བརྟུལ་ཞུགས་ཙམ་མོ། །དེའི་ཆོ་ག་ཚད་མ་ནི་རིག་པ་འཛིན་པའི་སྡེ་སྣོད་ལས་བཤད་པའི་དབང་བསྐུར་བ་སྟེ། དེ་ཉིད་ཐོབ་ནས་སྡོམ་པའི་དམ་ཚིག་མཐའ་དག་ལེགས་པར་བཟུང་དགོས་པས་འདིའི་ཚུལ་རྒྱས་པ་གོང་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ། །གསུམ་པ་བསྒོམ་བྱ་ཏིང་ངེ་འཛིན་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཏིང་ངེ་འཛིན་ནི་རིམ་པ་གཉིས་ཡིན་ཏེ། །བླ་མེད་ཀྱི་ཏིང་ངེ་འཛིན་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་སྟེ་རིམ་པ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ནི། བསྐྱེད་རིམ་ངོ་བོ་ཡན་ལག་དབྱེ་བ་དང༌། །གནས་སྐབས་དངོས་བཏགས་སྦྱང་གཞི་མཐར་ཐུག་འབྲས། །སྨིན་བྱེད་དགོས་པ་ངོ་བོ་མཐར་ཕྱིན་ཏེ། །དཔྱད་པའི་གནས་དྲུག་ཡན་ལག་ཀུན་ལ་སྦྱར། །དང་པོ་བསྐྱེད་པའི་རིམ་པ་ལ། ངོ་བོ་དང༌། ཡན་ལག་དང༌། དབྱེ་བ་དང༌། གནས་སྐབས་དང༌། དངོས་དང་བཏགས་པའི་ཁྱད་པར་རོ། །དེ་ལ་བསྐྱེད་པའི་ངོ་བོ་ནི། རྣམ་པར་རྟོག་པས་གསར་དུ་བསྒོམ་པ་ལས་བྱུང་བའི་ལྷ་སྐུའི་རྣམ་པ་ཅན་སྲིད་པ་གསུམ་དང་ཆོས་མཐུན་དུ་བསྒོམ་པའི་ཞུ་བ་དེའི་ཏིང་ངེ་འཛིན་ནོ། །ཡན་ལག་ནི་ཐུན་མཚམས་སུ་མཆོད་པ་དང་བསྟོད་པ་ལ་སོགས་པ་དང༌། རྣལ་འབྱོར་ཡན་ལག་བརྒྱད་ལ་སོགས་པའོ། །ཅིའི་ཕྱིར་


LT08,P068A
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཅེས་བྱ་ཞེ་ན། རང་གི་ངོ་བོས་སྲིད་པ་དང་འབྲས་བུའི་རྣམ་པ་ལམ་དུ་མ་བྱེད་པའི་ཕྱིར་རོ། །དབྱེ་བ་ནི། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་དང༌། བསྙེན་པ་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་དང༌། རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་རྣམས་སོ། །གནས་སྐབས་ནི་སྒོམ་པ་པོ་རྣལ་འབྱོར་གྱི་རིམ་པ་སྟེ། ལས་དང་པོ་པ་དང༌། ཡེ་ཤེས་ཕེབ་པ་དང༌། ཡེ་ཤེས་ལ་དབང་བ་དང༌། ཡེ་ཤེས་ལ་ཆེས་དབང་བ་རྣམས་སོ། །བསྐྱེད་པའི་དོན་དངོས་ནི་ཡན་ལག་བདུན་དང་ལྡན་པ་ཡིན་ལ་གཞན་རྣམས་ནི་བཏགས་པ་བའོ། །བསྐྱེད་རིམ་སོ་སོའི་སྦྱང་གཞི། མཐར་ཐུག་གི་འབྲས་བུ། རྫོགས་རིམ་གང་གི་སྨིན་བྱེད་གང་ལྟར་འགྱུར་བ། དགོས་པ་གང་ཞིག་ངོ་བོ་གང་ཡིན། མཐར་ཕྱིན་པའི་དོན་གང་ཡིན་པ་སྟེ་བསྐྱེད་རིམ་གྱི་དཔྱད་པའི་གནས་དྲུག་པོ་མངོན་པར་རྟོགས་པའི་ཡན་ལག་ཀུན་ལ་སྦྱར་བའོ། །གཉིས་པ་ལ་གཉིས། ཤེས་པར་བྱ་བའི་དོན་སྤྱི་བསྡུས་ཏེ་བསྟན། གལ་པོ་ཆེའི་རྣམ་གཞག་བྱེ་བྲག་ཏུ་ཕྱེ་ནས་བཤད་པའོ། །དང་པོ་ནི། རྫོགས་རིམ་ངོ་བོ་དབྱེ་བ་རང་བཞིན་གསུམ། །གང་ཡིན་གང་ལ་ཇི་ལྟར་གནད་དུ་བསྣུན། །ཉམས་རྟགས་ཡོན་ཏན་རྒྱུ་མཚན་སྤོང་དང་ཚད། །ས་མཚམས་གེགས་སེལ་བོགས་འདོན་གཙོ་འཁོར་ཁྱད། །དཔྱད་གནས་བཅུ་གཅིག་སྒོ་ནས་ཤེས་པར་བྱ། །གཉིས་པ་རྫོགས་པའི་རིམ་པ་ལ། ངོ་བོ་དང༌། དབྱེ་བ་དང༌། སོ་སོའི་རང་བཞིན་གསུམ་གྱིས་བསྡུས་ཏེ། དེའང་ངོ་བོ་ནི། སེམས་དང་ཡིད་དང་རླུང་དབུ་མར་ཐིམ་པས་མངོན་དུ་གྱུར་པའི་བདེ་སྟོང་ངོ༌། །དབྱེ་བ་ནི། རང་བཞིན་གྱི་དབྱེ་བ་དངོས་དང་བཏགས་པ། རྣམ་པས་དབྱེ་བ་མཚན་མ་དང་མཚན་མ་མེད་པ། ཐ་སྙད་ཀྱིས་དབྱེ་བ་


LT08,P068B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བྱེད་དང་ཁྱབ་བྱ་རྫོགས་པའི་རིམ་པའོ། །དེ་དག་གི་རང་བཞིན་གསལ་བར་བརྗོད་ན། རྫོགས་རིམ་དངོས་ནི། ཞུ་བའི་བདེ་བ་ལྷན་སྐྱེས་ཆེན་པོ་དང༌། སྒྱུ་མའི་སྐུ་དང༌། རང་བཞིན་ལྷན་སྐྱེས་དང༌། ཟུང་འཇུག་གི་སྐུ་དང༌། རླུང་དབུ་མར་ཐིམ་པའི་མཐར་ཐོབ་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་སྣང་བ་གསུམ་དང༌། དགའ་བ་གསུམ་དང༌། དེ་རྣམས་དངོས་སུ་ཐོབ་པའི་ལམ་གང་ཡིན་པ་རྣམས་སོ། །བཏགས་པ་བ་ནི། རྩའི་རྣལ་འབྱོར་དང༌། རླུང་དང༌། ཕྲ་མོ་དང༌། ཐིག་ལེ་དང༌། ཕྱག་རྒྱའི་རིམ་པ་རླུང་དབུ་མར་འཇུག་པ་དང༌། གནས་པ་དང༌། ཐིམ་པར་བྱེད་པའི་ལས་ཅན་རྣམས་སོ། །མཚན་མའི་རྫོགས་རིམ་ནི། ངོ་བོ་ཉིད་ཀྱི་མཚན་མ་སྣང་བ་གསུམ་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་ཅན་འོད་གསལ་བར་གནས་ཡོངས་སུ་མ་གྱུར་པ་སྟེ་སོ་སོའི་སྐྱེ་བོ་ཐམས་ཅད་དང་གཞན་ལའང་ཡོད་དོ། །བཏགས་པའི་མཚན་མ་སྒྲ་དོན་ཅན་གྱི་རྟོགས་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་སྟེ། དོན་གྱི་འོད་གསལ་མ་ཐོབ་པའི་བར་དག་ཏུ་ཅི་རིགས་པར་ཡོད་དོ། །མཚན་མ་མེད་པ་ལའང༌། ངོ་བོ་ཉིད་ཀྱི་མཚན་མ་མེད་པ་ནི་འཕགས་པ་ཁོ་ན་ལ་ཡོད་དོ། །བཏགས་པའི་མཚན་མ་མེད་པ་ནི་སོ་སོའི་སྐྱེ་བོ་ལ་ཡང་ཡོད་དོ། ཁྱབ་བྱེད་རྫོགས་པའི་རིམ་པ་ནི། སོར་སྡུད་སོགས་རྣལ་འབྱོར་ཡན་ལག་དྲུག་དང༌། དགའ་བ་བཞི་དང༌། སྟོང་པ་བཞི་དང༌། སྣང་ཕྱོགས་སྟོང་ཕྱོགས་བདེ་བའི་ཕྱོགས་དང་བྲལ་བ་རྣམས་ཏེ་འདིས་ནི། གང་རྫོགས་པའི་རིམ་པ་དེ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། ཁྱབ་བྱ་རྫོགས་རིམ་ནི། འདུས་པ་དང་བདེ་མཆོག་གི་རིམ་པ་ལྔ་དང༌། རིམ་པ་བཞི་དང༌། དབྱིབས་སྔགས་ཆོས་གསུམ་དང༌། རྩ་རླུང་ཐིག་ལེ་དང༌། ཕྱག་རྒྱ་བཞི་དང༌། རྣལ་འབྱོར་བཞི་ལ་སོགས་པ་རྣམས་སོ། །རྫོགས་རིམ་དེ་དག་གི་ངོ་བོ་གང་ཡིན་པ་དང༌། རྟེན་གང་ལ་གནད་དུ་བསྣུན་པ་དང༌།


LT08,P069A
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཇི་ལྟར་གནད་དུ་བསྣུན་པ་དང༌། དེའི་ཉམས་རྟགས་གང་འབྱུང་བ་དང༌། དེ་ལས་ཡོན་ཏན་ཅི་ཞིག་བསྐྱེད་པ་དང༌། དེའི་རྒྱུ་མཚན་གང་ཡིན་པ་དང༌། དངོས་བརྒྱུད་ནས་སྤང་བྱ་ཇི་ཙམ་སྤོང་བ་དང༌། མཐར་ཕྱིན་པའི་ཚད་གང་ཡིན་པ་དང༌། ས་དང་ལམ་གྱི་མཚམས་གང་ཡིན་པ་དང༌། གེགས་སེལ་དང་བོགས་འདོན་ཇི་ལྟ་བུ་བྱ་བ་དང༌། གཙོ་འཁོར་གྱི་ཁྱད་པར་གང་ཡིན་པ་སྟེ། དཔྱད་པའི་གནས་བཅུ་གཅིག་གི་སྒོ་ནས་རྫོགས་པའི་རིམ་པའི་རྣམ་གཞག་མཐའ་དག་ཤེས་པར་བྱ་བའོ། །རིམ་པ་གཉིས་ཀྱི་དོན་འདི་རྣམས་ཕལ་ཆེར་སྒོམ་པ་གཏན་ལ་དབབ་པའི་སྐབས་སོགས་གོང་འོག་ཅི་རིགས་པར་འབྱུང་བས་འདིར་ཞིབ་པར་མ་སྤྲོས་ཏེ། དཔེར་ན་རྫོགས་རིམ་གང་ལ་གནད་དུ་བསྣུན་པའི་རྟེན་ལུས་དང་རྩ་རླུང་ཐིག་ལེའི་རྣམ་གཞག་གོང་དུ་སོང་ཞིང༌། ས་ལམ་དེ་ཉིད་ཀྱི་བཤད་པའི་སྐབས་སུ་འབྱུང་བས་མཚོན་ནོ། །གཉིས་པ་གལ་པོ་ཆེའི་རྣམ་གཞག་བྱེ་བྲག་ཏུ་དབྱེ་བ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། བསྡུས་དོན་རྣམ་གཞག་རྒྱུ་འབྲས་རྫོགས་པའི་རིམ། །བླ་མེད་རྒྱུད་སྡེ་རྣམས་ནས་རྫོགས་རིམ་གྱི་རྣམ་གཞག་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ངོ་བོའི་སྒོ་ནས་བསྡུས་པའི་དོན་དུ་རྣམ་པར་གཞག་ན། རྒྱུའི་རྫོགས་རིམ་དང༌། འབྲས་བུའི་རྫོགས་པའི་རིམ་པ་ཞེས་བྱ་བ་གཉིས་སུ་འདུའོ། །གཉིས་པ་ལ་གཉིས། རྒྱུ་དང་འབྲས་བུའི་རྫོགས་རིམ་མོ། །དང་པོ་ལ་གཉིས། དངོས་དང༌། དེ་ལས་འཕྲོས་པའི་དོན་ནོ། །དང་པོ་ནི། རང་བྱིན་བརླབས་དང་དཀྱིལ་འཁོར་འཁོར་ལོ་དང༌། །ཕྱག་ཆེན་རྒྱུ་ཡིན། །ཅེས་པ་སྟེ། རྒྱུའི་རྫོགས་རིམ་ལའང་གཙོ་བོར་གསུམ་གྱི། དང་པོ་རང་བྱིན་གྱིས་བརླབས་པ་ནི། རྩ་དབུ་མ་དངོས་སུ་བསྒོམ་པ་ཡོད་མེད་གང་ལྟར། མེ་དམིགས་དང༌། ཐིག་ལེ་དང༌། ཡི་གེ་སྒོམ་པ་ལ་སོགས་


LT08,P069B
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་གཙོ་བོ་རྣམས་དབུ་མར་གཏད་དེ་སྒོམ་པ་ཡིན་ལ། གང་དུ་སེམས་གཏད་པ་དེར་རླུང་རྣམས་འདུ་བ་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་བསྒོམས་པས་རླུང་བསྡུས་ནས་གང་དུ་བསྒོམ་པའི་འཁོར་ལོ་དེ་རྣམས་ཀྱི་ལྟེ་བར་དང་པོར་འཇུག །བར་དུ་གནས། མཐར་ཐིམ་པར་འགྱུར་རོ། །ཐིམ་པའི་ཚེ་ཁམས་ཕྲ་རགས་ཀྱི་རིམ་པ་ཐིམ་ལུགས་དང་ཞུ་བདེ་ཁྱད་པར་ཅན་མང་པོ་འབྱུང་ངོ༌། །གཉིས་པ་དཀྱིལ་འཁོར་འཁོར་ལོ་ནི། ལས་ཀྱི་ཕྱག་རྒྱ་དང་དེའི་ཡན་ལག་སྟེ། དེ་ལ་དང་པོ་ནི། སྟེང་གི་སྲོག་རྩོལ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་རིམ་གྱིས་བྱེད་པ་བཞིན་དཡ། ཕྱག་རྒྱ་དང་མཉམ་པར་སྦྱར་བ་ཡང་སྲོག་རྩོལ་དུ་འགྱུར་བའི་སྐབས་སུ་སླེབ་པ་ན། ཕྱག་རྒྱའི་རྐྱེན་གྱིས་ཞུགས་གནས་ཐིམ་གསུམ་ཅིག་ཅར་བྱས་ནས་དབུ་མར་བྱང་ཆུབ་ཀྱི་སེམས་འབབ་པའི་ཞུ་བདེའི་བདེ་ཆེན་མྱུར་ཏུ་འདྲེན་པར་འགྱུར་ཏེ། རང་ལུས་ལ་གནད་དུ་བསྣུན་པའི་དགའ་བ་བཞིས། བདེ་བ་དང༌། སྟོང་པ་དང༌། རང་བཞིན་དང༌། སྣང་བའི་དབྱེ་བ་རྣམས་རགས་པ་དང་ཅི་རིགས་པར་མཚོན་ནུས་ཀྱང༌། ཞིབ་མོར་དང་རྫོགས་པར་མཚོན་པ་ནི་ལས་རྒྱ་ལ་རགས་ལས་པ་ཡིན་ནོ། །དེའང་རང་ལུས་ཀྱི་གནས་མི་འདྲ་བར་གནད་དུ་བསྣུན་པས་ཡེ་ཤེས་རྣམ་པ་མི་འདྲ་བ་ཐ་དད་པར་འཆར་ཏེ། དེ་དག་རེ་རེ་ལ་རྟོགས་པ་ཁྱད་པར་གྱི་འགྱུར་ལུགས་མི་འདྲ་བ་ཡོད་པ་བཞིན་དུ། ལས་རྒྱ་རིགས་མི་འདྲ་བའི་ཁྱད་པར་ལ་ཡང་སྟེ། འོན་ཀྱང་སྣང་བ་བཞི་དང་དགའ་བ་བཞིའི་ཡེ་ཤེས་རྫོགས་པར་འདྲེན་མི་ཐུབ་པ་དང་ཐུབ་པའི་ཁྱད་པར་རོ། །ལས་ཀྱི་ཕྱག་རྒྱའི་མཆོག་ཏུ་གྱུར་པ་ནི་བདེ་མཆོག་ལས་གསུངས་པ་གནས་གསུམ་གྱི་ཕོ་ཉ་མོ་སྟེ། དེ་དག་གི་འདུ་བ་ཁྱད་པར་ཅན་ཐོབ་ན། སྤྱིར་དངོས་གྲུབ་རྣམས་ཤིན་ཏུ་མྱུར་བར་སྟེར་བ་དང༌། ཁྱད་པར་རྩ་ཉི་ཁྲི་ཆིག་སྟོང་གི་རྩ་མདུད་གྲོལ་བ་དང༌། རླུང་འཕོ་བ་ཉེར་བཞི་འགག་པ་དང༌། ཁམས་


LT08,P070A
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་ཉི་ཤུ་རྩ་བཞི་དྭངས་མར་གནས་འགྱུར་བ་དང༌། དེ་ལྟར་རྟེན་དེ་དག་གི་ནུས་པས། བརྟེན་པ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྦ་རླབས་དང་བྲལ་བ་རབ་འབྱམས་སུ་མཆེད་པར་འགྱུར་བ་ནི། རིམ་གྱིས་ལས་རྒྱ་གཞན་གྱིས་ཀྱང་བྱེད་མོད། འདིས་འཕྲལ་དུ་བྱེད་པས་ན་ལས་ཀྱི་ཕྱག་རྒྱའི་མཆོག་ཡིན་ནོ། །དེའི་ཡན་ལག་ནི། ཡེ་ཤེས་དེ་བརྟན་པར་བྱ་བའི་ཕྱིར་དུ་ཡིད་ཀྱི་ཕྱག་རྒྱ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་ཀྱང་བྱ། རྣམ་རྟོག་གིས་སྒོམ་པའི་ཕྱག་རྒྱར་སྣང་བ་སྟེ། རྣམ་རྟོག་གིས་བརྟགས་པའི་གཟུགས་བརྙན་མེད་བཞིན་དུ་སྣང་བ་ནི་རང་སྣང་གི་རིག་མའམ་རྣམ་བཅས་ཕྱག་རྒྱ་ཆེན་མོ་ཞེས་བྱ་བ་ཡིན་ནོ། །གསུམ་པ་ཕྱག་རྒྱ་ཆེན་མོ་ལ། བདེ་བ་འདྲེན་བྱེད་ཀྱི་ཕྱག་རྒྱ་ཆེན་མོ་དང༌། ཡིད་ནང་དུ་འཇུག་བྱེད་ཀྱི་ཕྱག་རྒྱ་ཆེན་མོ་གཉིས་སུ་ཡོད་པའི་དང་པོ་ནི། ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གོམས་པ་ཤིན་ཏུ་བརྟན་པར་གྱུར་ནས། བདེ་སྟོང་གི་ཡེ་ཤེས་ཁོ་ན་ལ་མཉམ་པར་གཞག་པས། དེ་ཉིད་ཀྱིས་སླར་ཡང་རླུང་སེམས་འདུ་བའི་རྐྱེན་བྱས་ཏེ་ཞུ་བདེ་ཁྱད་པར་ཅན་ཡང་ཡང་འདྲེན་པ་ཡིན་ཏེ་རྣམ་མེད་ཕྱག་རྒྱ་ཆེན་མོའོ། །གཉིས་པ་ནི། ཡིད་ཅེས་བྱ་བ་ནི། ཁུ་བ་དང་ཡིད་རྟོག་གཉིས་ཆར་ལ་འཇུག་པས། བྱང་ཆུབ་ཀྱི་སེམས་དབུ་མའི་ནང་དུ་ཆུད་ཅིང༌། རྣམ་རྟོག་འོད་གསལ་དུ་བཅུགས་པས་སྟོང་པ་ཉིད་རྐྱང་པ་སྒོམ་པ་ལས་ཆེས་ལྷག་པར་གཟུང་འཛིན་གྱི་གཉིས་སྣང་འགགས་པས་འདོད་པའི་དངོས་གྲུབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་ཆེན་མོ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པའི་རྒྱུ་ཕྱག་ཆེན་ལ་འཁྱུད་པ་སྟེ། དེ་ཐམས་ཅད་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུ་ཡིན་པས་རྒྱུའི་རྫོགས་རིམ་ཞེས་བྱའོ། །གཉིས་པ་ནི། བདེ་སྟོང་འདྲེན་བྱེད་སྤྱིར། །ཕྱག་རྒྱ་བཞིར་བཤད། །ཅེས་པ་སྟེ། བླ་མེད་ཀྱི་རྫོགས་རིམ་ཐམས་ཅད་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་བསྒྲུབ་བྱར་བྱེད་པ་མཐུན་ཅིང༌། དེ་འདྲེན་


LT08,P070B
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཐབས་ཀྱི་རྣམ་གཞག་ལ་རྒྱས་བསྡུས་ཅི་རིགས་པར་འབྱུང་བ་ལས་ཁྱད་པར་གྱི་བསྡུས་དོན་སྨོས་མ་ཐག་པ་ལྟར་ལ། སྤྱིར་ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བཞིར་བཤད་པའང་གྲགས་ཆེ་སྟེ། དེའི་ངོས་འཛིན་མི་འདྲ་བ་མང་མོད། སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱིས་རྒྱུད་སྡེ་མང་པོ་ཞིག་གི་རྗེས་སུ་འབྲང་ནས། བསྐྱེད་རིམ་དང༌། རྫོགས་རིམ་དང༌། འབྲས་བུ་ལ་སྦྱར་བ་གསུམ་དུ་བཞེད་དེ། དང་པོ་ནི། ལྷ་མོའི་གཟུགས་མངོན་པར་སྒོམ་པ་ནི་ལས་ཀྱི་ཕྱག་རྒྱ། ཡི་གེ་བཀོད་པ་ནི་ཆོས་ཀྱི་ཕྱག་རྒྱ། འོད་ཟེར་སྤྲོ་བསྡུ་ལ་སོགས་པས་ཕྲིན་ལས་བྱེད་པ་ནི་དམ་ཚིག་གི་ཕྱག་རྒྱ། ལྷ་སྐུ་སྣང་སྟོང་ནི་ཕྱག་རྒྱ་ཆེན་པོའོ། །གཉིས་པ་ནི། དངོས་ཀྱི་རིག་མ་ནི་ལས་ཀྱི་ཕྱག་རྒྱ་སྟེ། འཁྱུད་པ་ལ་སོགས་པའི་ལས་ཀྱིས་དགའ་བ་སྟེར་བའི་ཕྱིར་རོ། །རྩ་ཨ་བ་དྷཱུ་ཏི་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་ཁྱད་པར་ཅན་སྟེར་བའི་ཕྱིར་རོ། །བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོ་སྟེ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་སོ། །ཡིད་ཀྱི་ཕྱག་རྒྱ་ལྷ་མོའི་རྣམ་པར་སྣང་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །གསུམ་པ་ནི། སྤྲུལ་པའི་སྐུ་ནི་དམ་ཚིག་གི་ཕྱག་རྒྱ། བདེ་བ་ཆེན་པོའི་སྐུ་ནི་ཕྱག་རྒྱ་ཆེན་པོ། ཆོས་ཀྱི་སྐུ་ནི་ཆོས་ཀྱི་ཕྱག་རྒྱ། ལོངས་སྤྱོད་རྫོགས་སྐུ་ནི་ལས་ཀྱི་ཕྱག་རྒྱའོ། །ཡང་ན་སྤྲུལ་ལོངས་ཆོས་གསུམ་བདེ་ཆེན་བཞི་ལ་རིམ་པས་ལས་དང༌། ཆེན་པོ་དང༌། ཆོས་དང༌། དམ་ཚིག་གི་ཕྱག་རྒྱ་རྣམས་སུ་བཤད་དེ། འཁོར་ལོ་སྡོམ་པའི་ལུགས་ཀྱང་འདི་ཉིད་ཡིན་པར་བཟུང་ངོ༌། །དགྱེས་པ་རྡོ་རྗེའི་དགོངས་དོན་དུ་མཛད་དེ། ཕྱག་རྒྱ་བཞི་གཏན་ལ་དབབ་པའི་གཞུང་གླུ་སྒྲུབ་ཀྱིས་མཛད་པའི་རྗེས་སུ་འབྲངས་པ། མངའ་བདག་མེ་ཏྲི་པ་རྗེས་འབྲངས་དང་བཅས་པའི་བཞེད་པ་ནི། དངོས་ཀྱི་ཕྱག་རྒྱ་ནི་གཙོ་བོ་དང༌། ཡིད་ཀྱིས་སྒོམ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཡན་ལག་སྟེ་


LT08,P071A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ལས་ཀྱི་ཕྱག་རྒྱའོ། །རླུང་དང་ཐིག་ལེ་དང་གཏུམ་མོའི་རྣལ་འབྱོར་དང༌། དབང་པོ་རབ་ཀྱིས་སེམས་ཀྱི་བདེ་བ་འབའ་ཞིག་ལ་དམིགས་པ་མི་ཤིགས་པ་སྟེ་ཆོས་ཀྱི་ཕྱག་རྒྱའོ། །དེ་སྐད་དུ། ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་གནས་པ་བསྡུས་པ་ལས། ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ནི། །ཐ་མས་རྩ་དང་ཡི་གེའི་རིམ། །གཏུམ་མོའི་བྱེ་བྲག་འབྲིང་གིས་སོ། །མི་ཤིགས་པ་ནི་རབ་ཀྱི་སྟེ། །ཐིག་ལེ་ཕྲ་སོགས་རྣལ་འབྱོར་པས། །བསྡུས་པའི་རིག་པར་འདོད་པ་ཡིན། །ཅེས་བཤད་དོ། །ཕྱག་རྒྱ་ཆེན་པོ་ནི་རང་བཞིན་གཉུག་མ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སོ། །དམ་ཚིག་གི་ཕྱག་རྒྱ་ནི་མ་བརྟགས་པར་ཤར་བའི་ལྷ་སྐུ་སྟེ། དེའི་རྒྱུར་བསྐྱེད་རིམ་གྱིས་བོགས་འབྱིན་ཅིང་རྒྱས་འདེབས་པའང་ཕྱོགས་མཐུན་ཡིན་པར་བཞེད་དོ། །གཉིས་པ་འབྲས་བུའི་རྫོགས་རིམ་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། འབྲས་བུའི་ཕྱོགས་གསུམ་ནི། །ཞེས་པ་སྟེ། རྒྱུ་དེ་དག་ལས་འབྲས་བུའི་ཚུལ་དུ་སྐྱེས་པའི་རྫོགས་རིམ་ནི། སྟོང་ཕྱོགས། སྣང་ཕྱོགས། ཟུང་འཇུག་གི་རྫོགས་རིམ་གསུམ་ཡོད་དོ། །གཉིས་པ་ལ་གསུམ། སྟོང་སྣང་ཟུང་འཇུག་གོ །དང་པོ་ལ་གསུམ། སྣང་བ། རང་བཞིན། དེ་ལས་ཡེ་ཤེས་སྐྱེ་ཚུལ་ལོ། །དང་པོ་ནི། སྟོང་ཕྱོགས་སྣང་གསུམ་དོན་དམ་ཆོས་ཉིད་དང༌། །ཀུན་རྫོབ་རྟེན་འབྲེལ་རང་བཞིན་བཅས་དང་བྲལ། །འཇོག་མཚམས་བཅོ་ལྔ་མིང་གི་རྣམ་གྲངས་མང༌། །སྟོང་ཕྱོགས་ཀྱི་རྫོགས་རིམ་ཞེས་པ་ནི། རང་བཞིན་བརྒྱད་ཅུ་དང་སྣང་བ་གསུམ་རིམ་པར་ཐིམ་པའི་བདེ་སྟོང་དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སེམས་རང་བཞིན་གྱིས་དྲི་མ་དག་པ་མངོན་སུམ་དུ་རྟོགས་པ་སྟེ། དེ་ལ་སྣང་གསུམ་གྱི་དོན་ནི་རྩ་བ་རིག་པ་དང་རྣམ་འགྱུར་སྣང་བ་གསུམ་ཞེས་བྱ་སྟེ། དེའང་ངོ་བོ་ཐ་དད་པ་མ་ཡིན་པར། དཔེར་ན།


LT08,P071B
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ལས་བྱས་པའི་གཟུགས་གསུམ་ཞེས་བྱ་ན། རྩ་བའམ་རང་བཞིན་གསེར་དང༌། རྣམ་འགྱུར་གཟུགས་གསུམ་ཞེས་པ་ལྟ་བུ་ཡིན་པས། གསེར་གྱི་གཟུགས་གསུམ་པོའི་གསེར་དང་གཟུགས་གཉིས་ལ་དབྱེ་བ་མེད་པ་བཞིན། སྐབས་འདིའི་རང་རིག་དང་སྣང་གསུམ་ལའང་དབྱེ་བ་མེད་པ་ཁོ་ནའོ། །དེའང་དངོས་དང་བཏགས་པ་མ་ཕྱེ་བའི་དབང་དུ་བྱས་ནས་དབྱེ་ན། དོན་དམ་དེ་ཁོ་ན་ཉིད་ཀྱི་སྣང་བ་གསུམ་དང༌། ཀུན་རྫོབ་རྟེན་འབྲེལ་གྱི་སྣང་བ་གསུམ་མོ། །དེ་ལ་དང་པོ་ནི། རྩ་བ་ཆོས་ཀྱི་དབྱིངས་རང་སེམས་བདེ་ཆེན་འགྱུར་མེད་དོན་དམ་རང་རིག་ཆེན་པོ་དེ་ཡིན་ལ། ངོ་བོ་བདེ་ཆེན་དེ་ཉིད་ཀྱི་རང་གི་རྣམ་ཆའི་རང་གཟུགས་འཆར་ཚུལ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་རིམ་བཞིན་སྣང་བ་དང༌། མཆེད་པ་དང༌། ཐོབ་པ་དང༌། ཀུན་ཁྱབ་བདེ་བ་ཆེན་པོ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་ཡིན་ལ། དེ་གསུམ་ཡང་དབྱེར་མེད་མཉམ་པ་ཉིད་གཞི་གདོད་མའི་ཆོས་ཉིད་ཐོབ་བྱའི་འབྲས་བུ་ལམ་བསྒོམ་པའི་དམིགས་ཡུལ་འཁོར་འདས་ལམ་གསུམ་གྱི་ཆོས་ཀུན་ལ་ཁྱབ་པ་ཡིན་ཀྱང༌། རང་གི་ངོ་བོ་གཞི་ལམ་འབྲས་བུ་གསུམ་ཀ་ལས་འདས་པ་ཡིན་ནོ། །འདི་སྣང་གསུམ་དངོས་མ་ཡིན་ཀྱང་དེའི་ཆོས་ཉིད་ཡིན་པས་དེར་བཏགས་སོ། །གཉིས་པ་ལ་མིང་གི་རྣམ་གྲངས་སྣང་བ་གསུམ་དང་ཡེ་ཤེས་གསུམ་དང་རྣམ་པར་ཤེས་པ་གསུམ་ཞེས་གྲགས། དེ་ལ་དབྱེ་ན་གཉིས་ཏེ། རང་བཞིན་དང་བཅས་པའི་སྣང་བ་གསུམ་དང༌། རང་བཞིན་དང་བྲལ་བའི་སྣང་བ་གསུམ་མོ། །རང་བཞིན་དང་བྲལ་མ་བྲལ་ཡང་ཉོན་མོངས་ཀྱི་རྣམ་རྟོག་དང་བྲལ་མ་བྲལ་ལོ། །དང་པོ་ལ་དབྱེ་ན། གཞིའི་དུས་ཀྱི་སྣང་བ་གསུམ་དང༌། ལམ་གྱི་དུས་ཀྱི་སྣང་བ་གསུམ་མོ། །གཞི་དུས་ལ་དབྱེ་ན། རྒྱུན་ཆགས་པའི་སྣང་བ་གསུམ་དང༌། ཁྱད་པར་གྱི་དུས་སུ་འབྱུང་བའི་སྣང་བ་གསུམ་མོ། །དེའི་དང་པོ་ནི།


LT08,P072A
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཇི་སྐད་བཤད་པའི་ཆོས་ཉིད་ཀྱི་སྣང་གསུམ་དེ། སེམས་ཅན་ཀུན་ལ་ཁྱབ་པའི་ཚུལ་དུ་གནས་པ་ན། དེའི་གཡའ་ལྟ་བུར་སེམས་ཅན་སོ་སོའི་སེམས་ལས་བྱུང་བ་སྟེ། དེའང་བདེ་བ་ལ་སྲེད་པའི་བག་ཆགས་སེམས་ཡུལ་ལ་ཆགས་སུ་རུང་བའི་ནུས་པ་ཅན་ཅིག་ཡོད་པ་དེའི་རྣམ་འགྱུར་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་གསུམ་པོའི་སྣང་བ་འཆར་དུ་རུང་བའི་ནུས་པའི་སེམས་རང་རིག་ནི་རིམ་བཞིན་སྣང་མཆེད་ཐོབ་གསུམ་པོ་སྟེ། གསུམ་ཀའང་ཀུན་རྫོབ་ཀྱི་རང་རིག་དང་ཁ་ནང་ལྟས་ཀྱི་ཆ་ཁོ་ན་ཡིན་ནོ། །སྣང་གསུམ་འདི་རྒྱུད་གཞན་ལས། བདེ་བ་འགྱུར་བཅས་དང་འཛག་བདེའི་ས་བོན་དུ་གསུངས་ཤིང༌། གསུམ་ཀ་ངོ་བོ་ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ཡིན་ཡང༌། སྐབས་འདིར་སྣང་བས་ཡིད་ཤེས་དང་དབང་ཤེས་སྐྱེད་པའི་རྒྱུ་བྱེད་ཅིང༌། མཆེད་པས་ཉོན་ཡིད་སྐྱེད་པའི་རྒྱུ་བྱེད་པས་དེ་དང་དེར་བཞག་ལ། ཐོབ་པ་ནི་ཐོབ་པའི་ལྡོག་ཆ་ནས་ཀུན་གཞི་རང་གི་མཚན་ཉིད་ལ་གནས་པ་ཙམ་དང་བརྒྱུད་ནས་བསྐྱེད་པ་མ་གཏོགས། དངོས་སུ་རྣམ་ཤེས་བདུན་པོ་དེ་དག་སྐྱེད་པར་མི་བྱེད་པས་ཀུན་གཞི་ཁོ་ནར་འཇོག་སྟེ། དེའི་ཕྱིར་སྣང་བ་གསུམ་སེམས་ཡིད་རྣམ་ཤེས་སུ་བསྟན་པ་ཡིན་ནོ། །དེ་ལྟ་བུའི་སྣང་བ་གསུམ་ནི། ངོ་བོ་དབྱེ་བ་མེད་ཅིང་གཅིག་ཏུ་འདྲེས་ལ། འཁོར་བ་ཇི་སྲིད་བར་དུ་རྒྱུན་མི་འཆད་པར་འཇུག་པ་སྟེ་རྩ་བའི་སྣང་གསུམ་ཞེས་བྱའོ། །གཉིས་པ་ལ་འབྱུང་བའི་དུས་ཀྱི་དབྱེ་བས་བཞི་སྟེ། ཆེས་རགས་ཤིང་གསལ་བར་འབྱུང་བ་འཆི་བའི་དུས་ཀྱི་དང༌། འབྲིང་དུ་འབྱུང་བ་གཉིད་དང་འཁྲིག་པའི་དུས་དང༌། ཕྲ་ཞིང་མི་གསལ་བ་འབྱུང་བ་ཚོགས་དྲུག་གི་སྣང་བ་རིགས་པར་ཤར་བ་ཐམས་ཅད་ཀྱི་དུས་སོ། །དེའང་འཆི་བའི་དུས་སུ་སྔ་རོལ་ཏུ་རགས་པ་ཉེར་ལྔ་ཡོངས་རྫོགས་ཐིམ་སྟེ། དེ་ནི་སྨིག་རྒྱུ་ལ་སོགས་པའི་རྟགས་ལྔ་དང་བཅས་པའོ། །རླུང་སྣང་བ་ལ་ཐིམ་པས་ནང་གི་


LT08,P072B
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དཀར་པོ་དང་འབྲེལ་བའི་དཀར་ལམ་པ་སྣང་བའི་ཡེ་ཤེས་དང༌། དེ་མཆེད་པ་ལ་ཐིམ་པས་ཁམས་དམར་པོ་དང་འབྲེལ་བའི་ཕྱིར་དམར་ལམ་པ་མཆེད་པའི་ཡེ་ཤེས་དང༌། དེ་ཐོབ་པ་ལ་ཐིམ་པ་ན་དཀར་དམར་གྱི་ནུས་པའང་དབྱིངས་སུ་ཡལ་ཏེ་སྲོག་རླུང་གི་ཆ་ཤས་འབའ་ཞིག་ལུས་པ་དེས་དབང་བྱས་པས་ནག་ལམ་པ་འབྱུང་བ་ཐོབ་པའི་ཡེ་ཤེས་ཏེ། འདིའང་དུས་ཀྱི་ཁྱད་པར་འཆི་བ་ལ་ལྟོས་པའི་སྣང་གསུམ་ཐིམ་པ་ཡིན་གྱི་རྩ་བའི་སྣང་གསུམ་ཐིམ་པ་ནི་མ་ཡིན་ཏེ། སྐབས་དེར་སེམས་རང་བཞིན་གྱིས་འོད་གསལ་ཡོད་པ་དེ་ལ་ཀུན་གཞིའི་རྣམ་ཤེས་ཀྱི་གཡས་ཁྱབ་ཅིང༌། ཡུལ་སྣང་ཐིམ་པའི་རྐྱེན་གྱིས་ཀུན་གཞི་དེ་བདེ་གསལ་གྱི་ངོར་ཤར་བ་ཞིག་ཡོད་དོ། །དེ་ལས་ལུགས་ལྡོག་གི་སྣང་གསུམ་སྐད་ཅིག་ཕྲ་མོ་རེ་རེར་ལངས་པ་ལས་བར་དོ་འགྲུབ་པ་ཡིན་ནོ། །གཉིད་དུས་ཀྱི་སྣང་བ་གསུམ་ནི་སྐབས་དེར་རྟེན་ལུས་ཀྱི་རྩ་ཐིག་རླུང་གསུམ་དང་བརྟེན་པ་སེམས་བྲལ་བ་མེད་པས་ཕྲ་རགས་རྣམས་ཀྱི་ཆ་ཤས་ཙམ་རེ་ཐིམ་པ་ཡིན་གྱི་རྫོགས་པར་མ་ཡིན་ལ། འདི་ལ་གཞི་དུས་སུ་ནི་ལུགས་འབྱུང་གི་སྣང་མཆེད་ཐོབ་གསུམ་ཤིན་ཏུ་ཕྲ་བས་རྟོགས་པར་དཀའ་ལ། རྨི་ལམ་འབྱུང་ན་ལུགས་ལྡོག་གི་སྣང་གསུམ་ཕྲ་མོ་ཞིག་ལས་འབྱུང་ཞིང༌། རྨི་ལམ་གྱི་དད་ནས་སད་པ་ལ་སླར་ལུགས་ལྡོག་གི་སྣང་གསུམ་མེད་མོད་གཉིད་འཐུག་པོ་ནས་སད་པ་ལ་ཡོད་པར་བཤད་དོ། །འཁྲིག་དུས་སུ་རེག་པས། གཤེར་བ་ཆུ། དྲོ་བ་མེ། གཡོ་བ་རླུང་སྟེ་འབྱུང་བཞིའི་བདེ་བ་སྔོན་དུ་སོང་ནས། རྩ་གནས་ཐ་དད་པའི་བྱང་ཆུབ་ཀྱི་སེམས་གསང་བའི་འཁོར་ལོར་འོང་བ་ནི་སྣང་བ། རྐེད་པར་འོང་བ་ནི་མཆེད་པ། ཐབས་ཀྱི་ནོར་བུའི་ནང་རྩ་རིགས་ཀྱི་བདག་པོ་དང་ཤེས་རབ་ཀྱི་རོ་མའི་སྣ་རྩེར་འོང་བ་ནི་ཐོབ་པ། བྱང་ཆུབ་ཀྱི་སེམས་འཕོ་བའི་སྐད་ཅིག་མ་ནི་འོད་གསལ་བ། འཕོས་ཟིན་པ་ན་དམར་ཆ་སྟེང་དུ་བསྐྱོད་པ་ནི་


LT08,P073A
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གསུམ་ལུགས་ལྡོག་གོ །ཕྲ་བ་ཡུལ་སྣང་ཐམས་ཅད་ལ་འཆར་བའི་སྣང་གསུམ་ནི། དཔེར་ན་ཡུལ་ཡིད་བྱེད་ཀྱི་མཐུ་ལས་གཟུགས་དང་པོར་རགས་པ་མཐོང་བ་ཙམ་སྣང་བ། དེ་ནས་གཟུགས་ཀྱི་ཕྲ་ཞིབ་ངེས་པ་མཆེད་པ། དེ་ནས་ཡུལ་དེས་སྐྱོ་བའམ་ཚིམ་པའི་ཚུལ་གྱིས་ཅུང་ཟད་མི་གསལ་བར་རང་ལྡོག་ཏུ་སོང་བ་ནི་ཐོབ་པ། །དེ་ནས་མི་སྣང་བར་ལྡོག་པ་ནི་བཞི་པ་འོད་གསལ་དུ་འཇོག་སྟེ། དེ་དག་ཀྱང་གནས་སྐབས་དེ་དང་དེའི་སེམས་གསལ་རིག་གི་འགྱུར་བའི་ཆ་ཤས་དེ་དང་དེ་སྣང་བ་གསུམ་དུ་འཇོག་སྟེ། འཁྲིག་དུས་ལའང་སྣང་གསུམ་གྱི་འཇོག་ཚུལ་གསལ་རིག་གི་འགྱུར་བར་འཇོག་པ་དེས་རིགས་འགྲེའོ། །དེ་ལྟར་ན་ཡུལ་སྣང་ལ་བརྟེན་ནས་རྣམ་རྟོག་སྐྱེ་བ་ཡིན་ཅིང་ཡུལ་སྣང་རེ་རེར་འཆར་བ་ཡང་རླུང་གིས་སེམས་བསྐྱོད་ཚུལ་ལས་ཤར་བ་ཡིན་པས། དེ་ཐམས་ཅད་ཀྱི་སྟེང་ན་སྣང་བ་གསུམ་གྱི་ཆ་ཤས་རེ་རེ་གཞི་དུས་ན་ཡོད་དེ་ལམ་གྱིས་རྟོགས་དགོས་པ་ཡིན་ལ་དེ་ལྟར་ན་གཞི་དུས་སུ་འཆར་བའི་སྐབས་ལྔའོ། གཉིས་པ་ལམ་དུས་ཀྱི་སྣང་བ་གསུམ་ལ་སྐད་ཅིག་གིས་བསྡུས་པའི་སྣང་བ་གསུམ་དང༌། སས་བསྡུས་པའི་སྣང་བ་གསུམ་མོ། །དང་པོ་ལ་དབང་དུས་ཀྱི་སྣང་བ་གསུམ་ནི། དཔེའི་ཡེ་ཤེས་ཀྱི་ཚུལ་གྱིས་ལམ་དུ་བསླངས་ནས་གནས་ལུགས་ལ་ངེས་པ། སྐྱེད་པའི་ཐབས་ཁྱད་པར་ཅན་དུ་སོང་བ་མ་གཏོགས་འཁྲིག་དུས་ཀྱི་དེ་དང་འཆར་ཚུལ་འདྲ་བར་ཤེས་པར་བྱའོ། །དེ་ལའང་དབང་བརྟུལ་ལས་དང་པོ་པ་ལ་ངོ་སྤྲོད་པའི་དབང་གི་ཡེ་ཤེས་དང༌། དབང་རྣོན་རིམ་པ་བརྒལ་ཏེ་འཇུག་པའི་སྨིན་བྱེད་ཀྱི་ཡེ་ཤེས་དང༌། ལམ་གྱི་དུས་ཀྱི་དབང་རིམ་པ་གཉིས་དང༌། འབྲས་བུ་ཉེ་རྒྱུའི་དབང་གི་ཡེ་ཤེས་ཏེ་མི་འདྲ་བ་བཞི་ཡོད་པ་ལས། སྐབས་འདིར་དབང་རྟུལ་ལས་དང་པོ་པའི་དབང་གི་ཡེ་ཤེས་ལ་ངོས་བཟུང་དགོས་སོ། །


LT08,P073B
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གྱི་སྐབས་སུ་དངོས་དང་ཡེ་ཤེས་ཀྱི་རྗེས་ཆགས་ལས་སྣང་བ་གསུམ་མཚོན་པ་དང༌། ཟབ་མོ་བསྐྱེད་རིམ་ཕྲ་ཐིག་གི་དམིགས་པ་ལས་ཀྱང་སྣང་བ་གསུམ་འཆར་བ་དང༌། ལུས་དབེན་དང་རྡོ་རྗེའི་བཟླས་པ་ལས་ཀྱང་སྣང་གསུམ་འབྱུང་བ་རྣམས་དམིགས་པ་དང་བརྩོན་པ་དེ་དང་དེས་རླུང་ཅུང་ཟད་འདུས་པ་ན་རགས་པ་རྣམས་ཅུང་ཟད་རེ་ཐིམ། དེ་རྗེས་སྣང་བ་གསུམ་གྱི་ཡེ་ཤེས་ཡུན་རིང་ཐུང་ཅི་རིགས་རེ་འཆར་ཞིང༌། ཡང་ལུགས་ལྡོག་གི་ཆ་ཤས་ཕྲ་མོར་དང་བཅས་ཏེ་སད་པར་འགྱུར་བ་ཁོ་ན་ཡིན་ལ། སེམས་དབེན་པ་དང་སྒྱུ་ལུས་དང་འོད་གསལ་གྱི་རིམ་པ་ལ་གནས་པ་རྣམས་ལ། སྒྲུབ་པ་ཉམས་སུ་བླང་བའི་རིམ་པས་ཐོབ་པའི་སྣང་བ་གསུམ་ནི་སྟོབས་ཆེ་ཆུང་དང་བཟང་ངན་གྱི་ཁྱད་མ་གཏོགས་འཆར་ཚུལ་དེ་དག་དང་འདྲ་ལ། གྲུབ་འབྲས་མངོན་དུ་གྱུར་པའི་སྣང་གསུམ་ནི། སྣང་བ་གསུམ་གྱི་ས་ཉིད་དོ། །དེ་ལ་སེམས་དབེན་གྱི་དུས་སུ་མཉམ་གཞག་ཐུན་རེ་རེའི་གནས་སྐབས་ཉིད་དུ་རང་བཞིན་བརྒྱད་ཅུ་མངོན་འགྱུར་བ་འགགས་པས། །ཐུན་གྱི་ཡེ་ཤེས་དེའང་སྒྲུབ་པ་པོ་རང་གི་འཆར་ཚུལ་ལ་ཤེས་བྱ་ཀུན་ལ་ཁྱབ་པ་ལྟར་སྣང་བ་ཡིན་གྱི་ངེས་པར་ན་ཁྱབ་པ་ནི་མིན་ནོ། །སྒྱུ་ལུས་ཀྱི་རིམ་པ་ལ་གནས་པས་ནི། དེའི་སྟེང་དུ་དཀྱིལ་འཁོར་གྱི་སྣང་བ་རབ་འབྱམས་དང་བཅས་པ་ཡིན་ལ། འོད་གསལ་གྱི་རིམ་པ་ལ་གནས་པས་ནི་དེ་དང་འདྲ་བ་ལས་དཀྱིལ་འཁོར་ཐམས་ཅད་ལས་བདེ་བའི་རང་བཞིན་དུ་རྟོགས་པ་དང༌། མངོན་བྱང་གི་སྣང་བ་གསུམ་ནི་ཤེས་བྱ་ཀུན་ལ་ཁྱབ་པ་སྟེ་འོག་ཏུ་འཆད་པར་འགྱུར་རོ། །དེ་དག་ལ་ཉམས་སུ་ལེན་པའི་སྒོ་ནི། གཞི་དུས་ལ་སྣང་གསུམ་ཇི་ལྟར་འཆར་བའི་སྐབས་དེར་གཞི་ལ་གནས་པ་ལྟར་ལམ་གྱིས་གནད་དུ་བསྣུན་དགོས་པའི་ཕྱིར་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་སྒོམ་པ་དང༌། གཉིད་ཀྱི་རྣལ་འབྱོར་གྱིས་མི་རྟོག་


LT08,P074A
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒོམ་པ་དང༌། གཉིས་ཀའི་ཡན་ལག་ཏུ་ཡིག་འབྲུ་ཐིག་ལེ་རྡོར་བཟླས་རླུང་གི་རྣལ་འབྱོར་སོགས་ལ་བརྟེན་ནས་གསལ་བའི་ཡེ་ཤེས་སྒོམ་པར་བྱེད་དོ། །དེའང་གཙོ་ཆེ་ཆུང་མ་གཏོགས་ལས་རྒྱ་སོགས་གསུམ་ཀ་ལས་བདེ་བ་སོགས་གསུམ་ཀ་འབྱུང་བ་ཡོད་དོ། །འཆི་བ་འོད་གསལ་ནི་ད་ལྟ་གཉིད་དང་འོད་གསལ་གྱི་བསམ་གཏན་བསྲེས་ཏེ་བསྒོམས་པས་ཚེ་འདི་ལ་དངོས་གྲུབ་མ་ཐོབ་པར་འཆི་བ་བྱུང་ན་དེ་དུས་ལམ་དུ་ལོངས་ཐུབ་པ་ཡིན་ལ། ཡུལ་སྣང་ཕལ་པའི་སྟེང་གི་སྣང་གསུམ་ནི། རྗེས་ཐོབ་སྤྱོད་ལམ་གྱི་དུས་སུ་སྒོམ་པར་བྱེད་དོ། །གཉིས་པ་སས་བསྡུས་པའི་སྣང་བ་གསུམ་ནི། སྔར་གྱི་ཐབས་དེ་དག་གིས་སྐད་ཅིག་མའི་སྣང་གསུམ་ཡང་ཡང་དྲངས་ཏེ་བསྒོམས་པས། གཞི་དུས་ཀྱི་སྣང་གསུམ་དེའི་སྟེང་དུ་བསྒོམས་པའི་བདེ་སྟོང་གི་ཡེ་ཤེས་ཤིན་ཏུ་བརྟན་པ་ཆགས་པ་ནི། དཔེར་ན་ཟངས་ལ་ལྕི་བ་དང་དངུལ་ཆུའི་སྦྱོར་བས་གསེར་ཆགས་པ་བཞིན་ནོ། །དེའང་སྐད་ཅིག་མའི་སྣང་གསུམ་ཡང་ཡང་བསྒོམས་པས། ཐོག་མར་སྣང་བ། དེ་ནས་མཆེད་པ། དེ་ནས་ཐོབ་པ་བསྒོམས་པའི་ཉམས་མྱོང་གི་ནུས་པ་སྨིན་ཏེ། སྣང་བའི་ས་དང༌། མཆེད་པའི་ས་དང༌། ཐོབ་པའི་སའི་རིམ་པ་ནང་གསེས་དང་བཅས་རིམ་གྱིས་འཕོས་ཏེ་ཐམས་ཅད་སྟོང་པའི་ས་རྒྱུད་ལ་སྐྱེ་བར་འགྱུར་རོ། །གཉིས་པ་རང་བཞིན་དང་བྲལ་བའི་སྣང་བ་གསུམ་ནི་མངོན་པར་བྱང་ཆུབ་པའི་དུས་ཀྱི་སྣང་བ་གསུམ་པོ་དེ། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་ས་བོན་སྤོང་བའི་སྦྱོར་བ་ཡིན་པས་དངོས་སུ་སྤངས་ཟིན་པ་མ་ཡིན་ཡང༌། ཕྱོགས་མཐུན་གྱི་སྒོ་ནས་རང་བཞིན་དང་བྲལ་བའི་སྣང་གསུམ་དུ་བསྡུ་ལ། མཐོང་ལམ་ལས་ལངས་པའི་དུས་སུ་ལུགས་ལྡོག་ཏུ་འབྱུང་བའི་སྣང་བ་གསུམ་པོ་དེ་དང༌། ཟུང་འཇུག་ཐོབ་པ་ཕན་ཆད་ཡེ་ཤེས་ཆེན་པོའི་རྗེས་ཆགས་ཀྱིས་ཐོབ་པའི་


LT08,P074B
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སྐད་ཅིག་མའི་སྣང་གསུམ་གྱི་རིགས་སུ་གཏོགས་པ་ཞུ་བདེ་ཕྲ་མོས་བརླན་པའི་བདེ་བ་ཆེན་པོ་ཡང་ཡང་བསྒོམ་པ་དེ་རྣམས་རང་བཞིན་དང་བྲལ་བའི་སྣང་བ་གསུམ་ཞེས་བྱ་སྟེ། དེ་དག་གི་མཚན་ཉིད་ཀྱང་སེམས་དབེན་གྱི་སྣང་བ་གསུམ་དང་ཕྱོགས་འདྲ་བ་ཙམ་ཡིན་ནོ། །གཞན་ཡང་འདི་ལྟར་གོ་དགོས་ཏེ། གཞི་དུས་ཀྱི་སྣང་བ་གསུམ་དུས་ཁྱད་པར་ཅན་ལ་འཆར་བ་རྣམས་ལ་མཚན་ཉིད་གཙོ་བོ་རེ་རེ་ཙམ་ལ་ཕྱོགས་མཐུན་པ་རྩིར་ཡོད་དེ། ཕལ་ཆེར་ཡང་བདེ་བ་དང་གསལ་བ་དང་མི་རྟོག་པ་དང་མཐུན་ནོ། །དེ་ལྟར་ན་དོན་དམ་ཆོས་ཉིད་ཀྱི་སྣང་གསུམ་ལ་གཅིག །ཀུན་རྫོབ་གཞི་དུས་སུ་ལྔ། ལམ་དུས་སུ་བདུན། སས་བསྡུས་པ། རང་བཞིན་དང་བྲལ་བའི་སྣང་གསུམ་སྟེ་འཇོག་མཚམས་བཅོ་ལྔའོ། །འདི་གསུམ་ལ་མིང་གི་རྣམ་གྲངས་མདོ་སྔགས་ཐུན་མོང་དང་ཐུན་མོང་མ་ཡིན་པ་མང་སྟེ། ཕྱོགས་ཙམ་མཚོན་ན། སྣང་མཆེད་ཐོབ་ལ་རིམ་པ་བཞིན། །ཐབས་དང་ཤེས་རབ་འདྲེས་པ་གསུམ། །སེམས་དང་ཡིད་དང་རྣམ་ཤེས་གསུམ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ། །སྣང་ཕྱོགས་སྟོང་ཕྱོགས་ཟུང་འཇུག་གསུམ། །སེམས་དང་སེམས་བྱུང་མ་རིག་གསུམ། །ཆགས་བྲལ་འདོད་ཆགས་བར་མ་གསུམ། །སྟོང་པ་ཤིན་ཏུ་སྟོང་སྟོང་ཆེན། །དེ་དག་དངོས་སུ་འཇོག་མིན་ཀྱང༌། །ཕྱོགས་མཐུན་བརྩིས་པའི་མིང་རྣམས་སོ། །སྣང་གསུམ་སྟོང་གསུམ་རྣམ་ཤེས་གསུམ། །ཡེ་ཤེས་སེམས་དང་ཤེས་པ་གསུམ། །མིང་གི་རྣམ་གྲངས་ཉིད་ཡིན་ནོ། །དེ་ལ་མིང་དོན་ཕྱོགས་ཙམ་མཚོན་ན། སྣང་བ་འདོད་ཆགས་ཀྱི་བདེ་བ་ཤས་ཆུང་བས་ཆགས་བྲལ། མཆེད་པ་བདེ་བ་ཤས་ཆེ་བས་འདོད་ཆགས། ཐོབ་པ་བདེ་སྟོང་ཆ་མཉམ་པས་འདོད་ཆགས་བར་མ་ཞེས་བྱ། མིང་གི་རྣམ་གྲངས་གཞན་རྣམས་ལ་དཔེར་ན། སྣང་བ་ནི་བདེ་སྟོང་གཉིས་ཀྱི་


LT08,P075A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཤས་ཆེ་བས་ཤེས་རབ་དང༌། མཆེད་པ་བདེ་བ་ཤས་ཆེ་བས་ཐབས་དང༌། ཐོབ་པ་ཆ་སྙོམས་པས་འདྲེས་པར་བཞག་པ་ཡིན་ནོ། །གཞན་ཡང་སྣང་བ་ལ་ཨོཾ་དང་ཟླ་བ་དང་པདྨ་དང་བུད་མེད་དང་གཡོན་པ་དང་མཚན་མོ་དང་འཇམ་པོའི་བརྡས་བརྟགས་པའོ། །མཆེད་པ་ལ་ཨ་དང་ཉི་མ་དང་རྡོ་རྗེ་དང་རིན་པོ་ཆེ་དང་ཉིན་མོ་དང་སྐྱེས་པ་དང་གཡས་པ་དང་རྩུབ་མོ་ཞེས་བཏགས་སོ། །ཐོབ་པ་ལ་ནི་མ་ནིང་དང་མཚམས་དང་དབུས་དང་བར་མ་དང་འདྲེས་པ་དང་འདུས་པ་ཞེས་གསུངས་སོ། །གཉིས་པ་རང་བཞིན་བཤད་པ་ནི། སྣང་བའི་རང་བཞིན་སོ་གསུམ་མཆེད་པ་ཡི། །བཞི་བཅུ་ཐོབ་པའི་བདུན་རྣམས་འཁྲུལ་གྲོལ་གྱི། །རྩ་བར་བྱེད་ཅིང༌། །ཞེས་པ་སྟེ། སྣང་གསུམ་ལས་སྐྱེས་པའི་རང་བཞིན་ནི་སྤྱིར་རྣམ་རྟོག་མཐའ་དག་ཡིན་པའི་ཕྱིར་གྲངས་སུ་བཅད་པར་དཀའ་ལ། རྒྱུད་རྡོ་རྗེ་ཕྲེང་བ་ལས་རྣམ་རྟོག་རང་བཞིན་གྱི་རླུང་གི་མིང་བརྒྱ་རྩ་བརྒྱད་དུ་གསུངས་པ་སོགས་མང་བ་ལས། རང་བཞིན་རྣམས་སྣང་བ་གསུམ་ལ་སོ་སོར་སྦྱོར་བའི་རྩ་བའི་ཁུངས་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། སྣང་བ་ཐོབ་པའི་རྗེས་སུ་འགྲོ་བའི་རྣམ་རྟོག་བདུན། མཆེད་པའི་འཁོར་དུ་བཞི། སྣང་བའི་འཁོར་གྱི་ཆགས་བྲལ་ཁོ་ན་སྨོས་ཏེ་དངོས་སུ་བདུན་དང༌། སོགས་ཁོངས་ནས་ཇི་ལྟར་རིགས་པ་སྦྱོར་བ་མཚོན་པ་ལས། འཕགས་པ་ཀླུས་རིམ་ལྔར་རང་བཞིན་བརྒྱད་ཅུར་བཤད་པ་ཉིད་གྲགས་ཆེ་བས་དེ་ལྟར་ན། སྣང་བའི་རང་བཞིན་སོ་གསུམ་ནི། །ཆགས་བྲལ་དང་ནི་བར་མ་ཉིད། །ཅེས་སོགས་ཀྱིས་བསྟན་ཏེ། དེ་ལ་དང་པོ་ཆགས་བྲལ་ནི། །ངོ་བོ་ཞེ་སྡང་སྟེ་ཡུལ་ལ་མི་སྡུག་པར་འཛིན་པ་ཡིན་ཅིང་དེ་ལ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །དེའང་ཅུང་ཟད་འཛིན་སྟངས་མི་གསལ་བ་ཆུང་ངུ་དང༌། གསལ་པོ་བྱུང་ཡང་ཡུན་ཐུང་བ་སོགས་ཀྱིས་འདུ་བྱེད་རྩོམ་མི་ཐུབ་པ་འབྲིང་དང༌། གསལ་


LT08,P075B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡུན་རིང་བས་འདུ་བྱེད་ལ་བསྐུལ་ནུས་པ་ཆེན་པོའོ། །ཡིད་ལ་འགྲོ་བ་ནི་ཡུལ་ལ་ཕར་སེམས་པ་དང༌། འོང་བ་ནི་སླར་ནང་དུ་སེམས་པ་སྟེ། གཉིས་ཀར་སེམས་པའོ། །མྱ་ངན་ནི་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་གདུང་བ་སྟེ། ཆེ་ཆུང་གསུམ་ནི་ཆགས་བྲལ་གྱིས་རིགས་འགྲེའོ། །ཞི་བ་ནི་དལ་ཞིང་ཐང་ཆད་པ་ལྟར་ཧད་དེ་འཇུག་པ་སྟེ་ཤེས་བཞིན་མ་ཡིན་པའོ། །རྣམ་རྟོག་ནི་མིང་དོན་བསྲེས་ནས་མཚན་མར་འཛིན་པའི་འདུ་ཤེས་སོ། །འཇིགས་པ་ནི་སྐྲག་པ་སྟེ་དེའང་ཆེ་ཆུང་གསུམ་མོ། །སྲེད་པ་ནི་དུས་གསུམ་དུ་བྱུང་བའི་ཡིད་དུ་འོང་བ་ལ་དམིགས་ནས་ཞེན་པ་སྟེ་དེའང་གསུམ་མོ། །ལེན་པ་ནི་སྲེད་པའི་ཡུལ་ལ་འཇུག་པར་འདོད་པའོ། །བཀྲེས་པ་དང་སྐོམ་པས་ཡིད་མི་བདེ་བ་གཉིས་དང༌། ཚོར་བ་ནི་ངོ་བོ་བདེ་སྡུག་བཏང་སྙོམས་རྣམས་ཡིན་ལ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །རིག་པ་པོ་སྟེ་རིག་པ་དངོས་དང༌། རིག་ཅེས་པ་ནི་རིག་མཁན་བྱེད་པ་པོ་དང༌། འཛིན་པའི་གཞི་སྟེ་རིག་བྱའི་ཡུལ་རྣམས་ལ་དེ་མ་ཡིན་ལ་དེར་འཛིན་པའི་ལོག་ཤེས་ཏེ་ཡུལ་གསུམ་པོ་དེའི་དབྱེ་བས་གསུམ་དང༌། རིགས་པ་དང་མི་རིགས་པ་དཔྱོད་པའི་སོ་སོར་རྟོག་པ་དང༌། ངོ་ཚ་ཤེས་པ་ནི་རང་ངན་པར་སོང་བའམ་འགྲོ་བ་མི་འདོད་པའམ། གཞན་ཁྲེལ་གྱིས་དོགས་པས་བྱ་བ་ངན་པ་ལ་འཛེམ་པ་སྟེ། ཁྲེལ་ཡོད་ཀྱང་འདིའི་ནང་དུ་བསྡུའོ། །གཞན་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང༌། གཞན་ཡིད་དུ་འོང་བའི་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་ནི་བརྩེ་བ་སྟེ་དབྱེ་ན་ཆེ་ཆུང་གསུམ་མོ། །ཡུལ་ཡིད་དུ་སྡུག་པ་དང་བདེ་བར་འདོད་པ་དང་གནོད་པ་ལས་བསྲུང་བར་འདོད་པ་སྟེ་གསུམ་མོ་ཞེས་ཀྱང་འཆད་ལ། ཐེ་ཚོམ་དང་འབྲེལ་བར་ཉམ་ངའི་རྣམ་པ་ཅན་ཡིད་བརྟན་མེད་པ་ནི་དོགས་པ་དང༌། གཏོང་མི་བྲ་བའི་སེར་སྣ་ནི་གསོག་པར་འདོད་པ་སྟེ་བསགས་པ་དང་གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུགས་


LT08,P076A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཕྲག་དོག་སྟེ། དེ་ལྟར་ན་སུམ་ཅུ་རྩ་གསུམ་མོ། །མཆེད་པའི་རང་བཞིན་བཞི་བཅུ་ནི། འཐོབ་བྱའི་ཡུལ་ལ་ཡིད་ཆགས་པ་དང༌། ཐོབ་ཟིན་གྱི་ཡུལ་ལ་ཆགས་པའི་ཞེན་པ་དང༌། ཡུལ་ཡིད་དུ་འོང་བར་སྣང་ཙམ་ལ་སེམས་ལ་འཕྲོད་པ་ནི་དགའ་བ་སྟེ་ཆེ་ཆུང་གི་དབྱེ་བས་གསུམ་དང༌། འདོད་དོན་འགྲུབ་པ་ལ་དགའ་བར་ངས་པ་དང༌། དེ་ཉིད་རྣམ་པ་ཡང་ཡང་རོ་མྱང་བ་ནི་ཤིན་ཏུ་མགུ་བ་དང༌། གསར་ཐོབ་རེ་ལ་བརྟེན་ནས་སེམས་མཐོ་ཡེ་རེ་བར་བཏེག་པ་ནི་ངོ་མཚར་བ་དང༌། ཡིད་འོང་གི་ཕྱོགས་ལ་སེམས་སྙེགས་པ་ནི་རྒོད་པ་དང༌། བདེ་བས་ངོམས་པ་ནི་ཚིམ་པའོ། །འཁྱུད་པར་འདོད་པའི་སེམས་ནི་མཚོན་བྱེད་དེ་ཡུལ་ལ་ཆགས་པའི་དབང་གིས་ལུས་ངག་གི་བྱ་བ་རྩོམ་འདོད་དོ། །འོ་བྱེད་པར་འདོད་པ་ནི་མཚོན་བྱེད་དེ་ཆགས་པའི་བྱེད་པ་ཡང་ཡང་རྩོམ་འདོད་དོ། །དེ་བཞིན་དུ་འཛིན་པར་འདོད་པའང་མཚོན་བྱེད་དེ་བྱེད་པ་དེའི་རྒྱུན་མི་འདོད་བར་འདོད་པའོ། །འདུ་ཤེས་བརྟན་པོ་གཞན་དུ་བསྒྱུར་མི་ཐུབ་པ་ནི་བརྟན་པ་དང༌། དགེ་བ་ལ་སྤྲོ་བ་ནི་བརྩོན་འགྲུས་དང༌། རིགས་ལ་སོགས་པའི་རྒྱུ་མཚན་ལ་བརྟེན་ནས་མཐོ་པར་སེམས་པ་ནི་ང་རྒྱལ་ཏེ་ང་རྒྱལ་བདུན་ལ་སོགས་པའོ། །ལས་སུ་བྱ་བ་རྣམས་རྫོགས་པར་བྱེད་པའི་རྩོལ་བ་མི་འདོར་བའི་འདུ་བྱེད་ནི་བྱ་བ་དང༌། བརྣབ་སེམས་ནི་འཕྲོག་པ་དང༌། གཞན་འཇོམས་པར་བྱེད་འདོད་པའི་སྟོབས་དང༌། ལས་ཕལ་པ་ལ་ཡིད་འཇུག་པའི་སྤྲོ་བ་དང༌། ལྷན་སྐྱེས་ཞེས་པ་དཔེ་མ་དག་པ་ལས་བསྒྱུར་བའི་སྐྱོན་ཏེ། ས་ཧ་ས་ཞེས་པ་ཡིན་པ་ལ་ས་ཧ་ཛ་ཞེས་པ་ནོར་རོ། །དེས་ན་ཚམ་ཚོམ་དུ་བསྒྱུར་བ་དང༌། ཆག་གིས་ནུས་པར་བསྒྱུར་ཏེ་དེ་གཉིས་ཀྱང་ཆག་གིས་བསྒྱུར་བ་ལྟར་ལེགས་སོ། །དེ་ནི་བྱ་དཀའ་བ་ལ་སྦྱོར་དགོས་ཀྱང་མི་ཞུམ་པའི་སྙིང་སྟོབས་ཏེ་ཆེ་ཆུང་གི་དབྱེ་བས་གསུམ་མོ། །དེ་བཞིན་


LT08,P076B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དྲག་པོ་ནི་ཁྲོ་བ་སྟེ་རྩོད་འདོད་ལ་སོགས་པའོ། །གཞན་ཡང་མཛེས་ཆོས་སུ་སེམས་པའི་སྒེག་པ་དང༌། འཁོན་དུ་འཛིན་པའི་ཞེ་འགྲས་ཉིད་དང༌། དགེ་བ་ལ་ཡི་རང་བའི་དགེ་བ་དང༌། གཞན་གྱིས་གོ་བར་འདོད་པའི་ཚིག་གསལ་དང༌། བདེན་པར་སྨྲ་བར་འདོད་པ་དང༌། མི་བདེན་པ་སྟེ་རྫུན་སྨྲ་བར་འདོད་པ་དང༌། དམ་བཅའ་བརྟན་པོར་འཆའ་བའི་ངེས་པ་དང༌། ཡུལ་གྱིས་སྐྱོ་བའི་རྒྱུ་ལས་ཡུལ་ཡོངས་སུ་འཛིན་པར་མི་འདོད་པ་ཉེ་བར་མི་ལེན་པ་དང༌། སྦྱིན་པར་འདོད་པ་པོའི་བློ་དང༌། གཞན་དག་ལས་དང་བྱ་བ་ལ་བསྐུལ་བར་འདོད་པ་དང༌། སྒྲིབ་པ་ལས་གྲོལ་བར་འདོད་པ་དཔའ་བོའི་སེམས་དང༌། ཉེས་པ་ལ་མི་འཛེམ་པས་ངོ་ཚ་མེད་པ་དང༌། གཞན་བསླུ་བར་སེམས་པའི་སྒྱུ་དང༌། གདུག་པ་ཅན་གྱི་ལྟ་བ་ངན་པ་ལ་ཞེན་པ་སྟེ་ལྟ་ངན་ལྔ་དང༌། གཞན་གྱི་གནས་ལུས་ལོངས་སྤྱོད་ཆུད་གསོན་ཀྱང་ཇི་མི་སྙམ་པའི་ཐོ་བརྩམས་པ་ནི་མི་བསྲུན་པ་དང༌། རང་གི་ཉེས་པ་སྦེད་པའི་གཡོ་ནི་གྱ་གྱུ་ཉིད་དེ་བསྡམས་པས་བཞི་བཅུ་ཐམ་པའོ། །ཐོབ་པའི་རང་བཞིན་བདུན་ནི། རྒྱུ་འདོད་ཆགས་ཀྱིས་སེམས་རྨོངས་པར་བྱས་པའི་འབྲས་བུ་མ་རིག་པ་ནི་ཆགས་པས་གོས་པའི་བར་མ་སྟེ་རྣམ་པ་མི་གསལ་བས་མ་རིག་པའོ། །དེ་བཞིན་དུ་དྲན་པ་ཉམས་པའི་བརྗེད་ངེས་དང༌། ཆེན་པོ་ལ་ཆུང་ངུར་འཛིན་པ་དང༌། གཟུགས་ལ་སྒྲར་འཛིན་པ་སོགས་འཁྲུལ་བ་དང༌། ངག་སྨྲ་བར་མི་སྤྲོ་བ་ནི་མི་སྨྲ་བར་གྱུར་པའི་སེམས་དང༌། ཡུལ་གང་ཡིན་ཡང་དེས་སུན་པའི་སྐྱོ་བ་དང༌། དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང༌། ཡིད་གཉིས་ཟ་བའི་ཐེ་ཚོམ་སྟེ། མ་རིག་པའི་སྐད་ཅིག་བདུན་ནོ། །དེ་རྣམས་ཀྱང་རྩ་བའི་རྣམ་ཤེས་གསུམ་དང་རྩ་བའི་རླུང་གསུམ་གྱིས་རྒྱུ་བྱས། ཁྱད་པར་གྱི་དུས་སུ་འབྱུང་བའི་སྣང་གསུམ་རླུང་དང་བཅས་པས་རྐྱེན་བྱས་ཏེ། ཕྱིའི་ཡུལ་རྐྱེན་དང་ཕྲད་པའི་ཚེ་ཇི་ལྟར་འོས་པར་སྐྱེ་བ་ཡིན་གྱི་ལམ་གྱི་སྣང་


LT08,P077A
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ་ལས་སྐྱེ་བ་མ་ཡིན་ཞིང༌། རྣམ་རྟོག་མཐའ་དག་སྐྱེ་བའི་ནུས་པ་རླུང་གིས་གསོས་བཏབ་སྟེ་ནུས་པ་སྨིན་པའི་ཚུལ་དུ་རྟག་ཏུ་ཡོད་མོད། མངོན་འགྱུར་བ་དུ་མ་ཅིག་ཅར་སྐྱེ་བ་མ་ཡིན་ལ། ཉིན་ཞག་གཅིག་ལ་ཚང་བར་སྟོན་དགོས་པའང་མ་ཡིན་ཏེ་རྐྱེན་ཉེ་བར་དམིགས་པ་དེ་ཉིད་འབྱུང་ངོ༌། །རྣམ་རྟོག་འདི་དག་སྤང་བྱ་ཉིད་ཀྱི་ཕྱིར་རྣམ་རྟོག་གི་གཙོ་བོ་ནི་རྣམ་རྟོག་དགེ་བ་རྣམས་མ་ཡིན་ཏེ། ཉོན་མོངས་རྣམས་གཙོ་བོ་ཡིན་ནོ། །དེའི་གཙོ་བོའང་དུག་གསུམ་ཉིད་དུ་ཟད་པས། སྣང་བའི་འཁོར་གྱི་རྣམ་རྟོག་གི་གཙོ་བོ་ཞེ་སྡང་དང༌། མཆེད་པའི་རྣམ་རྟོག་གི་གཙོ་བོ་འདོད་ཆགས་དང༌། ཐོབ་པའི་རྣམ་རྟོག་གི་གཙོ་བོ་མ་རིག་པ་ཡིན་པས། དེ་དག་ཐིམ་ཚུལ་གཙོ་བོར་ཉམས་འོག་ཏུ་ཆུད་པར་བྱ་སྟེ། མན་ངག་མ་ནོར་བ་རྣམས་ལས་ཀྱང་དེ་བཞིན་དུ་བཤད་དོ། །ཚན་པ་དང་པོར་ཞེ་སྡང་ཐོག་མར་ཡོད་ཅིང༌། དེའི་ཕྱོགས་མཐུན་མང་བས་ཞེ་སྡང་གི་རྣམ་རྟོག་སོ་གསུམ་ཞེས་དང༌། གཉིས་པ་འདོད་ཆགས་ཀྱི་རྣམ་རྟོག་མང་བས་འདོད་ཆགས་ཀྱི་བཞི་བཅུ། གསུམ་པ་གཏི་མུག་གི་ཕྱོགས་མཐུན་ཤས་ཆེ་བས། དེའི་རྣམ་རྟོག་བདུན་ཅེས་སྔ་མ་རྣམས་གསུངས་སོ། །དེ་ལྟར་བརྒྱད་ཅུ་ལ་ཉིན་མཚན་གྱི་དབྱེ་བས་བརྒྱ་དྲུག་ཅུའོ། །ཉིན་མཚན་ཞེས་པའང་ཐབས་ཤེས་ཀྱི་དབྱེ་བ་སྟེ་ཀུན་རྫོབ་དང་དོན་དམ་གྱིས་ཕྱེ་བའོ། །དེ་དག་ལས་ཀྱང་རྩ་ཉོན་དྲུག་གི་རང་བཞིན་དུ་གྱུར་པ་རྣམས་གཙོ་བོ་ཡིན་ཅིང༌། དེ་རྣམས་འཕེན་འགྲུབ་ཀྱི་ལས་བྱེད་པ་པོ་ཡིན་པས་འཁོར་བར་སྐྱེ་བའི་རྩ་བ་ཡིན་ལ། དེ་རྣམས་གཞི་དུས་ནས་རང་བཞིན་བདེ་བ་དང་འོད་གསལ་ལས་འབྱུང་ཞིང་ཐིམ་པའི་སྟོང་པ་ཡིན་པ་དང་དེའི་རང་བཞིན་ལམ་དུ་ལོངས་ཤིང་འོད་གསལ་དུ་ཐིམ་ན་དེ་རྣམས་ཉིད་གྲོལ་བའི་རྒྱུ་ཁྱད་པར་ཅན་ཡིན་པས་སྲིད་པ་འཇུག་ལྡོག་གི་མཚམས་ཀྱང་འདི་རྣམས་ཡིན་པས་འབད་པས་


LT08,P077B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྒོམ་པར་བྱའོ། །གསུམ་པ་དེ་ལས་ཡེ་ཤེས་འཆར་བའི་ཚུལ་ནི། ཐབས་ལས་ཡེ་ཤེས་སྐྱེད། །ཅེས་པ་སྟེ། འདི་ལ་འཆར་ཚུལ་དངོས་དང༌། འཆར་བའི་རྐྱེན་གཉིས་ཀྱི་དང་པོ་ནི། རང་བཞིན་སུམ་ཅུ་རྩ་གསུམ་པོའི་བཞོན་པའི་རླུང་ཐིམ་པས་རང་བཞིན་དེ་རྣམས་ཐིམ་པ་ན་སྣང་བ་འཆར། དེ་ནས་རྟོག་པ་བཞི་བཅུ་རླུང་བཅས་ཐིམ་པས་མཆེད་པ། དེ་ནས་རྨོངས་རྟོག་བདུན་རླུང་བཅས་ཐིམ་པས་ཐོབ་པ། དེ་ཉེར་ཐོབ་ཀྱི་སྐད་ཅིག་བཞི་པ་འོད་གསལ་ལ་ཐིམ་པའོ། །སྣང་བ་ཤར་ཙ་ན་མཆེད་པའི་རང་བཞིན་ཐིམ་པ་དང༌། མཆེད་པའི་དུས་ཐོབ་པའི་རང་བཞིན་ཐིམ་པར་བཤད། ཁ་ཅིག་ཐོག་མར་རང་བཞིན་ཐིམ། དེ་ནས་སྣང་བ་གསུམ་འཆར་བ་དང༌། ཐིམ་ཚུལ་ལའང་ཐོག་མར་རགས་པ་ཉེར་ལྔ་ལྔ་ཚན་དུ་སྦྱར་ནས་ཐིམ་པར་འདོད་དོ། །སྔ་མ་མང་པོ་རགས་པ་ཉི་ཤུ་སྔོན་ལ་ཐིམ། དེ་ནས་འབྱུང་བ་ལྔ་ཐིམ་པར་བཞེད། དེའི་མཐར་རང་བཞིན་དང་སྣང་བའི་ཐིམ་ཚུལ་འབྱུང་སྟེ་མཐའ་དཔྱོད་རྒྱས་པ་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། རླུང་སེམས་གཙོ་བོར་སྙིང་ཁའི་དྷཱུ་ཏིའི་ཐིག་ལེར་བསྡུས་པ་ལས་འབྱུང་སྟེ། ཕྱི་ནང་གི་ཐབས་ལས་ཡེ་ཤེས་བསྐྱེད་ཚུལ་དང༌། དེ་ལས་བདེ་སྟོང་སྦྱོར་ཚུལ་ལོ། །དང་པོ་ནི། སྟེང་སྒོའི་རྫོགས་རིམ་ཐམས་ཅད་ཀྱིས་ཀྱང་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་ནུས་པས་ན་སྣང་གསུམ་རྗེས་མཐུན་ཙམ་སྐྱེ་སྟེ། ཁམས་དྷཱུ་ཏིར་ཞུ་བའི་དགའ་བཞིའི་མཚན་ཉིད་ཚང་བ་འདྲེན་ནུས་པས་སོ། །འོན་ཀྱང་སྣང་གསུམ་དངོས་འཆར་བ་ལ་རྡོར་བཟླས་གཏུམ་མོ་ཐིག་ལེ་བུམ་ཅན་སོགས་སྙིང་གར་གནད་དུ་བསྣུན་པ་ཞིག་དགོས་ཏེ། དེར་རླུང་དང་ཐིག་ལེ་ཐིམ་པ་ལས་འཆར་རྒྱུ་ཡིན་པས་སོ། །འོན་ཀྱང་སེམས་དམིགས་ཀྱི་སྣང་བ་གསུམ་ནི་སྙིང་གའི་དྷཱུ་ཏིའི་རྩ་མདུད་མ་གྲོལ་བར་དུ་བསྐྱེད་མི་ཐུག་ལ་དེ་གྲོལ་ཟིན་པས་རྫོགས་རིམ་


LT08,P078A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒོམ་པའི་ཡེ་ཤེས་སེམས་གསུམ་ནི་སེམས་དམིགས་ཀྱི་སྣང་གསུམ་མོ། །འདི་ཁོ་ནས་སེམས་དབེན་མཐར་ཕྱིན་པར་ནུས་སམ་མི་ནུས་སྙམ་ན། མི་ནུས་ཏེ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ཀྱི་ལུང་དོན་ལྟར། མཐར་ཕྱིན་པ་ནི་ཕྱིའི་ཕྱག་རྒྱ་ལ་ལྟོས་དགོས་ཤིང༌། རང་བཞིན་ཐམས་ཅད་ཐིམ་པ་གསལ་བར་མཚོན་པ་དང༌། སྣང་གསུམ་རྫོགས་པར་འཆར་བ་དང༌། དགའ་བཞི་རྫོགས་པར་འཆར་བ་ནི་ཕྱག་རྒྱའི་རྗེས་སུ་འགྲོ་ལྡོག་ཅན་ནོ། །སྤྱིར་རླུང་སེམས་ཀྱི་སྐུ་འགྲུབ་པ་སྣང་གསུམ་ལ་རགས་ལས་པ་དང༌། རགས་པ་གནས་འགྱུར་བ་དབབ་ཟློག་ལ་རགས་ལས་པའང་ཤེས་པར་བྱའོ། །གཉིས་པ་ནི། སྣང་བ་གསུམ་མམ་དགའ་བ་བཞི་ཐམས་ཅད་ལ་བདེ་སྟོང་སྦྱོར་བ་ནི་ཡོད་ཅིང༌། ཉེར་ཐོབ་དྲན་མེད་ཀྱང་སྤྲོས་པ་གང་གིའང་ངོ་བོར་མ་སྐྱེས་པའི་སེམས་ཏེ། སྤྲོས་པ་མེད་ཙམ་དེ་ཀ་སྟོང་ཉིད་ཡིན་པས་བདེ་སྟོང་གི་དོན་ཚང་བ་སོགས་འདི་དག་གི་མཐའ་དཔྱོད་རྒྱས་པའང་གཞན་དུ་ཤེས་དགོས་སོ། །གཉིས་པ་སྣང་ཕྱོགས་བཤད་པ་ནི། སྣང་ཕྱོགས་ངོ་བོ་རྫོགས་པའི་ལྷ་སྐུ་སྟེ། །དབྱེ་བ་གསུམ་ཡོད་སྣང་བཞི་འབྱུང་བཞི་ལས། །ཕྲ་རགས་ཁམས་གྲུབ་སྒྲུབ་གཞི་གཉུག་མའི་ལུས། །འཐོབ་བྱེད་དཔེ་ཡི་འོད་གསལ་མཐར་ཐུག་སྟེ། སྣང་ཕྱོགས་ཀྱི་ངོ་བོ་ནི་རྫོགས་པའི་རིམ་པའི་ལྷ་སྐུ་རྗེས་མཐུན་དང་བཅས་པའོ། །དེ་ལ་དབྱེ་ན་གསུམ་ཡོད་དེ། རྫོགས་པའི་རྣལ་འབྱོར་ནི། སེམས་ཞུ་བདེ་ཕལ་པས་བྱིན་གྱིས་བརླབས་པའི་རྐྱེན་དང་ལྷ་བསྒོམ་པའི་མཐུས། རྣམ་རྟོག་མེད་བཞིན་གསལ་སྣང་ཤར་བའི་ལྷ་སྐུའོ། །སྒྱུ་ལུས་བདག་བྱིན་རླབས་ནི། རླུང་སེམས་ཙམ་ལས་དངོས་སུ་གྲུབ་པའི་ལྷ་སྐུའོ། །མཚན་མའི་རྣལ་འབྱོར་ནི་དུ་བ་ལ་སོགས་པའི་རྟགས་སྣང་ངོ༌། །དེ་ལས་སྒྱུ་ལུས་བྱེ་བྲག་ཏུ་ཤེས་དགོས་པས། ཞིབ་མོར་འོག་ཏུ་འཆད་


LT08,P078B
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཞིང༌། འདིར་ཡང་མདོ་ཙམ་སྨོས་ན། སྤྱིར་འཁོར་བའི་གནས་ཚུལ་ནི། སེམས་སྣང་བ་བཞི་དང་ལུས་འབྱུང་བ་བཞི་སྟེ་བརྒྱད་པོ་འཁོར་བའི་འཇུག་ལྡོག་ཅན་ཏེ་ཁམས་རགས་པའི་ལུས་ཅན་འཆི་བ་ན་འབྱུང་བ་རྣམས་ཕྲ་རགས་ཀྱི་རིམ་པས་ཐིམ་པས་སྣང་བ་གསུམ་ཡང་རིམ་ཅན་དུ་ཐིམ་ནས་འོད་གསལ་དུ་འཇུག་ལངས་པ་ནའང༌། ཐོབ་པ། མཆེད་པ། སྣང་བ། རླུང་སོགས་འབྱུང་བཞིར་ལངས་ནས་སྣང་བ་རགས་པ་འདི་འབྱུང་བར་བཤད་པ་ལྟར་ལ་འཆི་བ་འོད་གསལ་ལས་ལངས་མ་ཐག་བར་དོ་འགྲུབ། དེ་ལས་ཡང་སྲིད་ཕྱི་མར་འཇུག་ཅིང་རྒྱུན་མི་འཆད་དུ་འཁོར་བའོ། །རྒྱུ་རྐྱེན་དེ་ལས་གྲུབ་པའི་ཁམས་ཕྲ་རགས་ལའང༌། ལུས་དང་སེམས་དང་གཉིས་ཀའི་དབང་དུ་བྱས་པ་གསུམ་ལས། དང་པོ་ནི། ཤ་རུས་ཁྲག་སོགས་རང་ལུས་རགས་པ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་སེམས་ཕྲ་བ། རླུང་འོད་ཟེར་ལྔ་པ་ནི་ཤིན་ཏུ་ཕྲ་བའོ། །གཉིས་པ་ནི། དབང་ཤེས་ལྔ་རགས་པ། ཡིད་རྟོག་དང་རང་བཞིན་བརྒྱད་ཅུ་སོགས་ཕྲ་བ། སྣང་བཞི་ཤིན་ཏུ་ཕྲ་བའོ། །གསུམ་པ་ལ་རང་བཞིན་ཉེར་ལྔ་ཞེས་པ། གཟུགས་སོགས་ཕུང་པོ་ལྔ། ས་སོགས་ཁམས་ལྔ། མིག་སོགས་དབང་པོ་ལྔ། གཟུགས་སོགས་ཡུལ་ལྔ། མེ་ལོང་ལྟ་བུ་སོགས་གཞི་དུས་ཀྱི་ཡེ་ཤེས་ལྔ་སྟེ་ཉེར་ལྔ་རགས་པ། །རང་བཞིན་བཞོན་པ་རླུང་དང་བཅས་པ་ཕྲ་བ། སྣང་བ་བཞི་བཞོན་པར་གྱུར་པ་རླུང་དང་བཅས་པ་ཤིན་ཏུ་ཕྲ་བའོ། །དེའི་ནང་གི་མེ་ལོང་ལྟ་བུའི་ཡེ་ཤེས་སེམས་གསལ་དྭངས་དང༌། མཉམ་ཉིད་ཡེ་ཤེས་ཚོར་བ་ཤེས་པ་དང༌། སོར་རྟོག་ཡེ་ཤེས་མིང་དོན་ཤེས་པའི་ཡེ་ཤེས་དང༌། བྱ་གྲུབ་ཡེ་ཤེས་བྱ་བ་བྱེད་འདོད་དང༌། ཆོས་དབྱིངས་ཡེ་ཤེས་ཡུལ་གསལ་བར་མི་སྣང་བའོ། །རྣམ་ཤེས་ཀྱང་སྒོ་ལྔའི་རྣམ་ཤེས་ལ་ངོས་འཛིན་ནོ། །དེ་དག་ལས་རགས་


LT08,P079A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུས་འདི་ནི་ཡང་ཡང་འདོར་བས་གཉུག་མའི་ལུས་མ་ཡིན་ལ་རྒྱུན་མི་འཆད་པ་གཉུག་མའི་ལུས་ནི་རླུང་སེམས་ཏེ། སེམས་ཀྱི་གསལ་ཆ་མ་འགགས་པའི་རྟེན་ནམ་བཞོན་པ་རླུང་དང་བཅས་པའོ། །ཕྲ་བའི་ལུས་འདི་ཡོད་པས་ལུས་རགས་པ་རྣམས་ལེན། ཡང་རགས་པ་དོར་ནས་ཕྲ་བ་ལུས། ཡང་རགས་པ་ལེན་པ་སོགས་འཁོར་ལོ་ལྟར་བསྐོར་བ་ཡིན་ཏེ། གོང་དུ་བཤད་པའི་ཕྲ་རགས་ཀུན་ཀྱང་དེ་བཞིན་བྱེད་དོ། །དེས་ན་སྒྱུ་ལུས་ཀྱི་སྒྲུབ་གཞི་ནི་གཉུག་མའི་ལུས་ཉིད་ཡིན་ནོ། །འཐོབ་བྱེད་ཀྱི་རྐྱེན་ནི། རིམ་ལྔ་ལས། འཇའ་ཚོན་ལྟ་བུའི་ལུས་ངག་ནི། །དེ་ཉིད་བསྒོམ་པས་ཐོབ་པར་འགྱུར། །ཅེས་སྤྱིར་བདེ་སྟོང་དབྱེར་མེད་ཀྱི་དེ་ཁོ་ན་ཉིད་སྒོམ་པས་འགྲུབ་པར་གསུངས་ཏེ། འདི་དངོས་སུ་ཐོབ་བྱེད་དཔེའི་འོད་གསལ་མཐར་ཐུག་ནི་སེམས་དབེན་མཐར་ཐུག་གི་འོད་གསལ་ཅེས་བྱ་བ་དེ་ཡིན་ནོ། །དེ་བྱུང་ན་སྐད་ཅིག་གཉིས་པར་རླུང་སེམས་ཀྱི་སྐུ་འགྲུབ་སྟེ་དཔེའི་འོད་གསལ་མཐར་ཐུག་དེ་ནི་འཆི་བའི་དུས་ཀྱི་ཐིམ་རིམ་ཇི་ལྟ་བ་བཞིན་དུ་འཆར་བ་ཡིན། འཆི་བ་འོད་གསལ་དེ་རྣམ་སྨིན་གྱི་ལུས་དང་རླུང་སེམས་འབྱེད་བྱེད་དུ་འགྲོ་བ་ལྟར་འདིས་ཀྱང་དེ་གཉིས་ལོགས་སུ་བྱེ་བ་ཞེས་ཐ་སྙད་མཛད། ངོ་བོ་རང་གི་སྲོག་རླུང་དང་སེམས་མི་ཕྱེད་པ་དེ་ལྷ་སྐུར་དངོས་སུ་གྱུར་པ་ཡིན་ནོ། །སེམས་ཅི་ཞིག་ཡིན་ཞེ་ན། སྣང་བ་གསུམ་གྱིས་བྱིན་གྱིས་བརླབས་པའི་ཀུན་གཞི་ཡིད་དང་བཅས་པའོ། །སྒྱུ་ལུས་ཀྱི་ངོ་བོ་ནི། རྣམ་ཤེས་གསུམ་གྱི་བདེ་བས་འགྱུར་བ་བརྟན་པའི་སེམས་ཀྱི་ཁྱད་པར་ལྷའི་སྣང་བར་ཤར་བས། རྟེན་རླུང་ཡང་ལྷའི་གཟུགས་སུ་འགྲུབ་པ་སྟེ། དེ་གཉིས་ཚོགས་པའོ། །འདི་ནི་ད་ལྟ་ཉོན་སྒྲིབ་མ་སྤངས་པས་མ་དག་པའི་སྒྱུ་ལུས་ཞེས་བྱ་སྟེ། སྒྱུ་མ་དང་ཆུ་ཟླ་སོགས་དཔེ་བཅུ་གཉིས་ཀྱིས་མཚོན་པའོ། །གསུམ་པ་ཟུང་འཇུག་གི་རྫོགས་རིམ་ནི། མངོན་བྱང་རྒྱུ་དང་


LT08,P079B
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་འབྲས་བུའོ། །རྒྱུ་མངོན་པར་བྱང་ཆུབ་པ་ལ། རྟེན་མ་དག་པའི་སྒྱུ་ལུས། ངོ་བོ་རང་བཞིན་བརྒྱད་ཅུའི་ས་བོན་སྤངས་པའི་ཡེ་ཤེས་མཐོང་བའི་ལམ་གྱི་བདག་ཉིད་ཆོས་ཉིད་མ་མཐོང་བ་གསར་དུ་མཐོང་བ་གཉིས་སྣང་འགག་པའི་ཡེ་ཤེས། འཇུག་ཚུལ་ཕྱི་དང་ནང་གི་མངོན་བྱང་ལ་བརྟེན། སློབ་པ་དང་མི་སློབ་པའི་ཟུང་འཇུག་འབྲས་བུའི་ཚུལ་དུ་འགྲུབ་པ་སྟེ་འདི་དག་གི་དོན་ཕྱི་ནས་རྒྱས་པར་འཆད་པར་འགྱུར་རོ། །མདོར་ན་རླུང་སེམས་དབུ་མར་ཐིམ་པའི་བདེ་སྟོང་གི་ཡེ་ཤེས་ནི་སྟོང་ཕྱོགས་དང༌། དེའི་བྱིན་གྱིས་བརླབས་པའི་ལྷ་སྐུའི་སྣང་བ་ནི་སྣང་ཕྱོགས་ཀྱི་རྫོགས་རིམ་དང༌། དེ་གཉིས་ངོ་བོ་གཅིག་ཏུ་གྱུར་པ་ནི་ཟུང་འཇུག་སྟེ། སྣང་ཕྱོགས་ལ་ཡིད་ངོར་ཤར་ཙམ་དང༌། རླུང་སེམས་ལས་གྲུབ་པ་དང༌། ཡེ་ཤེས་ཀྱི་རྣམ་པར་དག་པ་གསུམ་དང༌། སྟོང་ཕྱོགས་ལམ་དུས་ཀྱི་སྐབས་སུ་ལས་དང་པོ་པའི་སྣང་གསུམ་དང༌། སེམས་དབེན་དང༌། འོད་གསལ་གསུམ་མོ། །འདི་རྣམས་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་དོན་ལ་ཤིན་ཏུ་གལ་ཆེ་ཞིང༌། ཁྱད་པར་འདུས་པའི་རྒྱུད་དོན། ནམ་མཁའ་དང་མཉམ་པའི་དོན་གྱི་གཙོ་བོ་ཡང་སྒྱུ་ལུས་འོད་གསལ་ཟུང་འཇུག་གསུམ་ཡིན་པས་གོང་འོག་ཅི་རིགས་པར་ཅུང་ཟད་སྤྲོས་པའོ། །བཞི་པ་རྒྱུད་ཀྱི་སྦྱོར་བ་བཤད་པ་ལ་གཉིས། ལས་དང༌། གྲོགས་སྤྱོད་པའོ། །དང་པོ་ནི། རྒྱུད་ཀྱི་སྦྱོར་བ་ལས་ཆེན་བཅུ་གཉིས་སོགས། །ཐུན་མཆོག་དངོས་གྲུབ་སྒྲུབ་པའི་བསམ་གཏན་དང༌། །སྦྱིན་སྲེག་འཁྲུལ་འཁོར་སྦྱོར་བ་ཕལ་པ་བཞི། །ཕྱོགས་དུས་ལྷ་དང་ཆ་བྱད་སེམས་གནས་ཡུལ། །ཟས་ཆོག་སྔགས་ཀྱིས་བསྒྲུབ་ཅིང་ཐུན་མིན་གྱི། །རྫས་དང་དམ་ཚིག་དངོས་གྲུབ་སྒྲུབ་ལ་ལྷག །རྒྱུད་ཀྱི་སྦྱོར་བ་ལ་ལས་དང་དངོས་གྲུབ་ཀྱི་རྒྱུད་གཉིས་ལ། དང་པོ་ནི་ལས་ཆེན་བཅུ་གཉིས་ལ་སོགས་པའོ། །གཉིས་པ་ལའང་ཐུན་མོང་


LT08,P080A
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་ཆུང་ངུ་གྲུབ་པ་བརྒྱད་དང༌། འབྲིང་འདོད་པའི་རིག་འཛིན་ཕལ་པ། ཆེན་པོ་ཚེ་ལུས་ལོངས་སྤྱོད་བསྐལ་པ་དཔག་ཏུ་མེད་པའི་འདོད་པ་དང༌། གཟུགས་ཀྱི་རིག་འཛིན་ལ་སོགས་པ་དང་མཆོག་གི་དངོས་གྲུབ་རྣམས་སོ། །དེ་སྒྲུབ་བྱེད་རྒྱུད་ཀྱི་སྦྱོར་བ་དངོས་ནི། བསམ་གཏན་གྱི་ལས་དང༌། སྦྱིན་སྲེག་གི་ལས་དང༌། འཁྲུལ་འཁོར་གྱི་ལས་དང༌། སྦྱོར་བའི་ལས་བཞི་ཡིན་ལ། དེའི་བསྒྲུབ་བྱ་ནི་ཕལ་པ་སྟེ་བཞི་པོ་སྒྲུབ་པའི་ཚུལ་ལ་ཕྱོགས་དང་དུས་དང་ལྷ་དང་ཆ་བྱད་དང་བསམ་པ་དང་གནས་དང་ཡུལ་དང་ཟས་དང་ཆོ་ག་དང་སྔགས་ཏེ་ཁྱད་པར་བཅུ་དང་ལྡན་པས་སྒྲུབ་ཅིང༌། ཐུན་མོང་མ་ཡིན་པའི་རྫས་དང༌། ཁྱད་པར་གྱི་དམ་ཚིག་ནི་དངོས་གྲུབ་སྒྲུབ་པ་ལ་ལྷག་པ་སྟེ་ཁྱད་པར་བཅུ་གཉིས་སོ། །གཉིས་པ་གྲོགས་སྤྱོད་པའི་ཚུལ་ནི། གྲོགས་སུ་སྤྱོད་པ་སྤྲོས་བཅས་སྤྲོས་མེད་དང༌། །ཤིན་ཏུ་སྤྲོས་མེད་ཡང་ན་གཉིས་སྤང་དང༌། །ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་ལ་སོགས་སྤྱད། །དངོས་གྲུབ་གཉིས་ཀ་སྒྲུབ་པའི་གྲོགས་ནི་སྤྱོད་པ་སྟེ། །དེའང་ཆོ་གའི་སྒོ་ནས་སྤྲོས་བཅས་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་དབྱེ་བས་གསུམ་མམ། ངོ་བོའི་སྒོ་ནས་གཉིས་སྤང་དང་ཀུན་བཟང་དང་ཕྱོགས་ལས་རྣམ་པར་རྒྱལ་བ་གསུམ་དང༌། སོགས་ཁོངས་ནས་སྤྱོད་ཚུལ་ལ་བརྟེན་ནས་འདོད་འཇུག་རྟེན་སློབ་རིག་པ་བརྟུལ་ཞུགས་གསུམ་དང༌། གནས་སྐབས་ལ་བརྟེན་ནས་རེས་འཇོག་དང༌། མཉམ་པར་སྤྱོད་པ། མཉམ་གཞག །རྗེས་ཐོབ། ཆགས་བྲལ། ཆགས་ཅན། འདོད་ཆགས་ཆེན་པོའི་གནས་སྐབས་ཀྱི་སྤྱོད་པ་སྤྱད་པ་རྣམས་སོ། །དབང་པོ་གནས་སྐབས་སོགས་ཀྱིས་དབྱེ་མང་ཡང༌། །དུས་དང་བྱ་བ་ངོ་བོ་གསུམ་དུ་བཞག །ཡན་ལག་དྲག་ཤུལ་སྦྱོར་བ་རྣམ་པ་གཉིས། །དེ་ལྟར་ན་གང་ཟག་དབང་པོ་དམན་འབྲིང་མཆོག་གི་ཁྱད་པར་དང༌། ལས་དང་པོ་པ་ནས་བརྟན་པ་ཆེར་


LT08,P080B
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་བར་གནས་སྐབས་སོགས་ལ་བརྟེན་ནས་དབྱེ་སྒོ་མང་དུ་འབྱུང་ཡང་མདོར་བསྡུ་ན་དུས་དང་བྱ་བ་དང་ངོ་བོའི་སྒོ་ནས་གསུམ་གསུམ་དུ་བཞག་གོ །དེའི་ཡན་ལག་དྲག་ཤུལ་གྱི་སྦྱོར་བའང་བསྐྱེད་རྫོགས་གཉིས་ཀྱི་བོགས་འབྱིན་རྣམ་པ་གཉིས་སུ་གསུངས་པ་ཡིན་ལ། འདི་དག་གི་རྣམ་གཞག་ཞིབ་མོ་གཤམ་དུ་རང་ལེར་འཆད་པར་འགྱུར་རོ། །གསུམ་པ་དག་པ་མངོན་གྱུར་མི་འཕྲོག་འབྲས་བུའི་རྒྱུད་ནི། དེ་དག་མཐར་ཕྱིན་འབྲས་བུའི་རྒྱུད་ལ་སྦྱོར། །རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དེ་དག་ཇི་སྐད་བཤད་པ་བཞིན་མཐར་ཕྱིན་པ་ལས་ས་དང་ལམ་ཐམས་ཅད་རིམ་པར་བགྲོད་དེ་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྐུ་མི་སློབ་པའི་ཟུང་འཇུག་འབྲས་བུའི་རྒྱུད་ལ་སྦྱོར་བར་འགྱུར་ཏེ། འདིའི་དོན་ཀྱང་རྒྱས་པར་འོག་ཏུ་འབྱུང་ངོ༌། །གཉིས་པ་ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་བསྡུ་བ་ནི། མདོར་ན་ཤེས་རབ་ལྟ་བས་ཐག་བཅད་ཅིང༌། །ཐབས་མཆོག་སྒོམ་པའི་རིམ་པས་ལམ་བགྲོད་དེ། །ལམ་ཁྱེར་སྤྱོད་པ་གསུམ་གྱིས་བོགས་དབྱུང་ན། །ཟུང་འཇུག་གོ་འཕང་ཚེ་འདིར་འགྲུབ་པར་འགྱུར། །རྣལ་འབྱོར་བླ་མེད་ཀྱི་ཉམས་ལེན་ཐམས་ཅད་མདོར་བསྡུ་ན། ཐོག་མར་ཐོས་བསམ་ལ་བརྟེན་ནས་ཤེས་རབ་ཀྱི་ལྟ་བས་ཐག་བཅད། བར་དུ་ཐབས་ཀྱི་མཆོག་རིམ་པ་གཉིས་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྒོམ་པའི་རིམ་པས་ལམ་ལྔ་པོ་བགྲོད་དེ། སྣང་གྲགས་རྟོག་ཚོགས་ཏིང་ངེ་འཛིན་གྱི་རོལ་པར་ལམ་དུ་ཁྱེར་ཅིང་དུས་ཚོད་དང་འབྲེལ་བའི་སྤྱོད་པ་གསུམ་གྱིས་བོགས་དབྱུང་ན། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་དུ་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ་རྗོད་བྱེད་རྒྱུད་ཀྱི་དབྱེ་བ་བཤད་པ་ལ་གཉིས། དངོས་དང༌། ཞར་བྱུང་རྒྱུད་ཀྱི་གནས་སམ་དངོས་པོ་བཤད་པའོ། །དང་པོ་ནི། རྗོད་བྱེད་རྒྱུད་ཀྱི་དབྱེ་བ་བརྗོད་བྱ་བཞིན། །ཚིག་གི་བཞུགས་ཚུལ་བྱ་སྤྱོད་མདོ་དང་རྒྱུད། །རྟོག་པ་ཆོ་ག་ཞིབ་མོ་


LT08,P081A
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་བཅས་ལྔ། །རྣལ་འབྱོར་རྩ་བཤད་ཡན་ལག་ཆ་མཐུན་བཞི། །བླ་མེད་རྩ་རྒྱུད་རྒྱས་བསྡུས་ཡན་ལག་གཉིས། །བཤད་རྒྱུད་ལྔ་དང་ཆ་མཐུན་གཉིས་སུ་འདུ། །དེ་ལྟར་རྒྱུད་སྡེ་བཞི་པོ་དེ་དག་གི་རྗོད་བྱེད་ཚིག་རྒྱུད་ཀྱི་དབྱེ་བའང་བྱ་རྒྱུད་ལ་རིགས་དྲུག་སོགས་དབྱེ་བ་སོགས་ནི་བརྗོད་བྱ་དང་མཚུངས་ལ། ཚིག་གི་བཞུགས་ཚུལ་ཙམ་གྱི་དབང་དུ་བྱས་ན་བྱ་སྤྱོད་གཉིས་ལ། མདོ་སྡེ་དང༌། རྒྱུད་དང༌། རྟོག་པ་དང༌། ཆོ་ག་ཞིབ་མོ་དང༌། གཟུངས་ཏེ་ལྔ་ཡོད། དང་པོ་ནི། གསེར་འོད་དམ་པ་ལྟ་བུ་ཆོ་ག་བསྡུས་ཤིང་ས་ལམ་འབྲས་བུའི་རྣམ་གཞག་མང་བ་གཅིག་ལ་ཟེར། གཉིས་པ་ནི། ཆོ་ག་རྒྱས་ཤིང་ས་ལམ་བསྡུས་པ་སྤྱི་རྒྱུད་གསུམ་དང་ཞལ་བཅུ་གཅིག་པའི་གཟུངས་ལ་སོགས་པའོ། །སྤྱི་རྒྱུད་གསུམ་ནི། གསང་བ་སྤྱི་རྒྱུད་དང༌། དཔུང་བཟང་གིས་ཞུས་པ་དང༌། ལེགས་གྲུབ་ཀྱི་རྒྱུད་གསུམ་མོ། །གསུམ་པ་ནི། གནོད་སྦྱིན་མའི་རྟོག་པ་ལྟ་བུ་ཆོ་གའམ་སྒྲུབ་ཐབས་ཀྱི་རྣམ་གྲངས་གཅིག་ཁོ་ན་ཞིབ་མོར་སྟོན་པའོ། །བཞི་པ་ནི། འཇམ་དཔལ་རྩ་རྒྱུད་དང་ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་སོགས་ཆོ་ག་དང་ས་ལམ་གཉིས་ཀ་རྒྱས་པར་བསྟན་པའོ། །ལྔ་པ་ནི། གཟུངས་སྔགས་ཕན་ཡོན་དང་བཅས་པ་ཙམ་སྟོན་པ་འོད་ཟེར་ཅན་མའི་གཟུངས་ལ་སོགས་པའོ། །ཡང་སྤྱོད་རྒྱུད་རིགས་གསུམ་གྱི་དབང་དུ་བྱས་ན། སྐུའི་རིགས་ཀྱི་རྒྱུད་རྣམ་སྣང་མངོན་བྱང་ཡིན་ཅིང༌། གསུང་རིགས་བོད་དུ་མ་འགྱུར། ཐུགས་རིགས་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དོ། །རྣལ་འབྱོར་གྱི་རྒྱུད་ལ་རྩ་རྒྱུད། བཤད་རྒྱུད། ཡན་ལག་ཆ་མཐུན་གྱི་རྒྱུད་བཞིར་དབྱེ་སྟེ། དང་པོ་ནི། དེ་ཉིད་བསྡུས་པ། གཉིས་པ་ནི་རྡོ་རྗེ་རྩེ་མོ། གསུམ་པ་ཐམས་ཅད་གསང་བ་དང་ཁམས་གསུམ་རྣམ་རྒྱལ་གྱི་སྒོས་རྒྱུད། བཞི་པ་དཔལ་མཆོག་དང་པོ་སྟེ་དེ་དག་ལ་ཡོ་ག་རིགས་བཞི་ཞེས་ཀྱང་གྲགས་


LT08,P081B
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཡང་ན་འཕྲོས་པའི་རྒྱུད་དང་ལྔར་བྱེད་ཅིང༌། དེའང་བོད་ཡོངས་གྲགས་སུ་སྤྱོད་རྒྱུད་ལ་ངོས་འཛིན་ནོ། །བླ་མེད་ལ་རྩ་བའི་རྒྱུད་རྒྱས་པ་དང་བསྡུས་པ་གཉིས་ཏེ། དང་པོ་ནི། དུས་འཁོར་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང་དགྱེས་རྡོར་འབུམ་ལྔ་ལྟ་བུ། གཉིས་པ་ནི། བསྡུས་རྒྱུད་དང་བརྟག་གཉིས་ལྟ་བུའོ། །ཡན་ལག་གི་རྒྱུད་ལ་ཕྱི་མ་དང་ཕྱི་མའི་ཕྱི་མ་གཉིས་ཏེ། འདུས་པའི་རྒྱུད་ཕྱི་མ་དང༌། དེ་ཉིད་འདུས་པའི་ཕྱི་མ་དང༌། ཕྱི་མའི་ཕྱི་མ་ལྟ་བུའོ། །བཤད་པའི་རྒྱུད་ལ་མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་སྐོང་བ། འཁྲུགས་པ་གོ་རིམ་དུ་སྡེབ་པ། རྒྱས་བསྡུས་སྟོན་པ། བཤད་ཐབས་ཀྱི་མན་ངག་སྟེ་ལྔ། དེའང་གསང་འདུས་ལ་མཚོན་ན། འདུས་པའི་ཚིག་དོན་གཉིས་ཀའི་དཀའ་བའི་གནས་མི་གསལ་བ་གསལ་བར་བྱེད་པ་བཤད་རྒྱུད་ཕྱི་མ། ཟབ་པ་མ་ལུས་པ་གསལ་བར་བྱེད་པ་དགོངས་པ་ལུང་སྟོན་དང༌། སྙིང་པོ་མི་གསལ་བ་གསལ་བར་བྱེད་པ་ལྷ་མོ་བཞིས་ཞུས་ལྟ་བུའོ། །མ་ཚང་བ་ཁ་སྐོང་བ་ནི་འདུས་པར་ལྷ་གྲངས་དང་ཆོ་ག་ཉི་ཤུ་མ་ཚང་བ་སོགས་ཁ་སྐོང་བ་རྡོ་རྗེ་ཕྲེང་བ་ལྟ་བུའོ། །འཁྲུགས་པ་སྡེབ་པ་ནི་འདུས་པར་ཆོ་ག་དང་རིམ་པ་ལ་སོགས་པ་འཁྲུགས་སུ་གསུངས་པ་རྡོ་རྗེ་ཕྲེང་བར་འཁྲུགས་བསྡེབས་ཏེ་གོ་རིམ་བཞིན་གསུངས་པ་ལྟ་བུའོ། །རྒྱས་བསྡུས་སྟོན་པ་ནི་གླིང་གཞིའི་ཡི་གེ་རེ་རེ་ནས་ཀྱི་བཤད་པ་རྒྱས་བསྡུས་དང༌། སྨིན་བྱེད་དབང་གི་གྲངས་རྒྱས་བསྡུས་དང༌། གྲོལ་བྱེད་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་རྒྱས་བསྡུས་དང༌། རིམ་ལྔ་ལ་སོགས་པའི་དོན་རྒྱས་བསྡུས་སྟོན་པ་རྡོ་རྗེ་ཕྲེང་བ་ལྟ་བུ་སྟེ་འདི་ལ་བཤད་རྒྱུད་ཀྱི་མཚན་ཉིད་སྔ་མ་བཞི་ཀ་ཚང་ངོ༌། །འཆད་ཐབས་ཀྱི་མན་ངག་ནི་འདུས་པར་རྒྱན་བདུན་གྱི་བཤད་ཐབས་ཀྱི་མན་ངག་སྟོན་པ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལྟ་བུ་སྟེ། འདིས་མཚོན་ནས་མ་རྒྱུད་ཀྱི་ཚུལ་རྣམས་ཀྱང་ཤེས་


LT08,P082A
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཆ་མཐུན་རྒྱུད་ལ་ཚིག་དོན་གཉིས་ཀ་ཆ་མཐུན་པ་དང༌། དོན་ཆ་མཐུན་པ་གཉིས་སུ་དབྱེར་ཡོད་ཅིང༌། རྒྱུད་ཐམས་ཅད་ཀྱང་རྩ་བ་དང་ཡན་ལག་གཉིས་སམ། རྩ་བཤད་གཉིས་སམ། རྒྱས་བསྡུས་གཉིས་སུ་འདུ་བ་ཡིན་ནོ། །དེ་དག་གི་གཞུང་ཚད་ནི། ཡེ་ཤེས་ཀུན་ལས་བཏུས་ལས། རྣལ་འབྱོར་ཆེན་པོ་རྒྱུད་ཀྱི་མིང༌། །སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ། །རྒྱས་པར་བྱེད་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་ཤིང་རྣལ་འབྱོར་ཆེན་པོ་ནི་རྣལ་འབྱོར་བླ་མེད་དེ་ཐབས་ཤེས་སོ་སོར་མ་ཕྱེ་ལ། དེའང་མིང་སྟོང་ཕྲག་བཅུ་གཉིས་ཞེས་པ་ནས། མིང་སྟོང་ཕྲག་བཞི་ཞེས་པའི་བར་ཡིན་པས་ཤློཀའི་གྲངས་ཀྱི་ཚད་ནི་མ་ཡིན་ཏེ། དོན་ཞགས་ཆོ་ག་ཞིབ་མོ་འདིར་འགྱུར་བ་ལའང་སྟོང་ཕྲག་བརྒྱད་ཡོད་པའི་ཕྱིར་རོ། །གཞན་ཡང་རྡོ་རྗེ་སྙིང་རྒྱན་ལས། ཕ་རྒྱུད་འདོད་ཆགས་ཆེན་པོའི་རྒྱུད་ཀྱི་མཚན་དོན་དང་རྐང་གྲངས་དངོས་སུ་བསྟན་ཅིང་གཞན་རྣམས་ཁ་འཕང་པ་དང༌། གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང༌། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང༌། །བདེ་ཆེན་སྒེག་པ་དང་ནི་གསང་བ་ཡིད་བདེ་དང༌། །རྒྱུད་དེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང༌། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང༌། །གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་གསུངས་པ་སོགས་རྣམ་པར་དབྱེ་བ་མཐའ་ཡས་ཤིང་ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་ཚད་བཟུང་དུ་མ་མཆིས་པར་གསུངས་སོ། །གཉིས་པ་རྒྱུད་ཀྱི་གནས་སམ་དངོས་པོ་བཤད་པ་ལ་གཉིས། གནས་ལྔ་དང༌། དངོས་པོ་བཅུ་གཅིག་གོ །


LT08,P082B
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། རྒྱུད་ཀྱི་གནས་ལྔ་ལས་རིམ་དངོས་གྲུབ་དང༌། །དམ་ཚིག་ཏིང་འཛིན་རྒྱུད་ཀྱི་སྦྱོར་བའོ། །རྒྱུད་རྣམས་ཀྱི་གནས་ལྔ་རུ་གྲགས་ཏེ། ཕྱི་དང་གསང་བའི་དེ་ཉིད་བཅུ་གཙོ་བོར་གྱུར་པ་ལས་ཀྱི་རིམ་པ་དང༌། །ཐུན་མོང་དང་མཆོག་གི་དངོས་གྲུབ་ཀྱི་གནས་དང༌། དམ་ཚིག་དང་སྡོམ་པའི་བསྲུང་མཚམས་དང༌། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་དང༌། ལས་དང་དངོས་གྲུབ་སྒྲུབ་པའི་རྒྱུད་ཀྱི་སྦྱོར་བ་རྣམས་སོ། །གཉིས་པ་ནི། ཡང་ན་ས་ཆོག་སྒྲུབ་མཆོད་སྦྱིན་སྲེག་དབང༌། །རབ་གནས་ཡོ་བྱད་དཀྱིལ་འཁོར་མཚན་ཉིད་དང༌། །ཚོགས་འཁོར་བསྙེན་པ་ལས་ཚོགས་བཅུ་གཅིག་སྟེ། །ཡོ་བྱད་རྡོར་དྲིལ་ཕྱག་མཚན་རྒྱན་ལ་སོགས། །དཀྱིལ་འཁོར་བྲི་བསླད་ཚོགས་འཁོར་གནས་དང་དུས། །གང་ཟག་བྱ་བ་བསྙེན་པ་རང་གཞན་དོན་ལུས་དང་བསམ་གཏན་ལས་སོགས་ཤེས་པར་བྱ། །ཡང་ན་རྒྱུད་ཀྱི་གནས་སམ་དངོས་པོ་བཅུ་གཅིག་ཏུའང་བཞེད་དེ། །བརྟགས་སློང་སྦྱོང་བ་སོགས་སའི་ཆོ་ག་དང༌། བདག་མདུན་བུམ་པ་ལ་སོགས་པ་སྒྲུབ་པའི་ཚུལ་དང༌། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཆོད་པའི་བྱེ་བྲག་རྣམས་དང༌། ཕྱི་ནང་གསང་བའི་སྦྱིན་སྲེག་གི་ལས་དང༌། སློབ་མ་རྗེས་སུ་བཟུང་ཞིང་དབང་བསྐུར་བའི་ཚུལ་དང༌། དམ་ཚིག་པ་ལ་ཡེ་ཤེས་པ་རབ་ཏུ་གནས་པའི་ཆོ་ག་དང༌། རྣལ་འབྱོར་བ་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་མཚན་ཉིད་དང༌། དཀྱིལ་འཁོར་གྱི་མཚན་ཉིད་དང༌། ཚོགས་ཀྱི་འཁོར་ལོ་དང༌། བསྙེན་པ་བྱ་བའི་ཚུལ་དང༌། ལས་ཀྱི་ཚོགས་རབ་འབྱམས་ཏེ་རྣམ་པ་བཅུ་གཅིག་གིས་བསྡུས་པར་བཞེད་དོ། །དེ་དག་ལས་རབ་ཏུ་གནས་པའི་དོན་ནི། རོང་ཟོམ་པཎྜི་ཏས། མི་ལ་དབང་བསྐུར་བ་དང༌། ལྷ་ལ་རབ་ཏུ་གནས་པ་གཉིས་དོན་གཅིག་གསུངས་ཏེ། དེའང་དབང་བསྐུར་བ་ན། སྦྱང་གཞི་གཉུག་མའི་ལུས་སེམས། སྦྱང་བྱ་གློ་བུར་གྱི་དྲི་མ། སྦྱོང་བྱེད་དབང་


LT08,P083A
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡན་ལག་དང་བཅས་པས་སྦྱངས་ནས་ཡེ་ཤེས་པ་བཅུག་པས་འབྲས་བུ་སྐུ་བཞིའི་ས་བོན་བཞག་པ་བཞིན་དུ། རབ་ཏུ་གནས་པ་ནའང་སྦྱང་གཞི་བེམ་པོའི་སྣང་བརྙན། སྦྱང་བྱ་བཟོ་བོ་དང་སྦྱིན་བདག་གི་དྲི་མ། སྦྱོང་བྱེད་ཆོ་གའི་རིམ་པ་མ་འཁྲུལ་བའི་སྒོ་ནས་དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་ཅིང་བརྟན་པར་བྱས་པས། སྦྱངས་འབྲས་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གཞན་དོན་ལྷུན་གྲུབ་ཏུ་མཛད་པ་སྟེ། རྣམ་གཞག་འདི་ནི་གཙོ་ཆེར་འཁོར་ལོ་ཐ་མའི་ཆོས་སྐད་དང་འབྲེལ་བའི་དགོངས་པ་ཡིན་ལ། ས་སྐྱ་པ་སོགས་འགའ་ཞིག་ནི་འདི་དག་ལ་སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་གསུམ་གྱི་རྣམ་གཞག་མཛད་དེ། དོན་དུ་སྦྱང་བྱ་ལ་ལྟོས་ནས་སྦྱང་གཞི་གྲུབ་ཅིང༌། གཞི་ལ་ལྟོས་ནས་བྱ་བ་སྟེ་ལྟོས་གྲུབ་ཅན་དུ་བཞེད་ནས་ཟུར་དུ་མི་འཆད་དོ། །ཡོ་བྱད་ནི་རྡོ་རྗེ་དང་དྲིལ་བུ་དང་ཁ་ཊའྭཾ་ཅང་ཏེའུ་སོགས་ཕྱག་མཚན་རྣམས་དང༌། ཕྱག་རྒྱ་དྲུག་གི་རྒྱན་ལ་སོགས་པ་རྣམས་ཡིན་ཅིང༌། དཀྱིལ་འཁོར་གྱི་ལས་ཐིག་ཚོན་གྱིས་བྲི་བ་དང༌། གཞལ་མེད་ཁང་དུ་བསླང་བ་དང༌། ཚོགས་འཁོར་ལ་གནས་དང་དུས་དང་བྱེད་པ་པོའི་གང་ཟག་བྱ་བའི་ཁྱད་པར། བསྙེན་པ་རང་དོན་དངོས་གྲུབ་སྒྲུབ་པ་དང་གཞན་དོན་སློབ་མ་ལ་དབང་བསྐུར་བའི་དོན་གཉིས། ལས་ཚོགས་ལ་ལུས་དང་བསམ་གཏན་གྱི་ལས་ཚོགས་གཉིས་སོགས་རྣམ་པར་དབྱེ་བ་མང་དུ་ཡོད་པ་ཤེས་པར་བྱའོ། །གཉིས་པ་རྒྱུད་འཆད་ཐབས་ཀྱི་མན་ངག་བཤད་པ་ལ་གསུམ། རྒྱུད་སྡེ་འོག་མ་གསུམ་གྱི་བཤད་ཐབས། བླ་མེད་ཀྱི་བཤད་ཐབས། ཁྱད་པར་མན་ངག་ལུགས་ཀྱི་བཤད་སྲོལ་ལོ། །དང་པོ་ནི། བཤད་ཐབས་བྱ་རྒྱུད་འཇུག་སོགས་སྤྱོད་པ་བཞི། །སྤྱོད་རྒྱུད་འཆད་པའི་སྒོ་གསུམ་ཕུན་ཚོགས་གཉིས། །རྣལ་འབྱོར་རྟོག་བསྡུས་བཞི་སྟེ་ཐམས་ཅད་ཀྱང༌། །དགོས་བསྡུས་ཚིག་དོན་མཚམས་སྦྱོར་བརྒལ་ལན་བཅས། །


LT08,P083B
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཞི་སྔོན་བྱུང་རྗེས་འཇུག་དབྱེ་བས་འཆད། །ཚིག་གི་རྒྱུད་རྣམས་ལ་བཤད་ཐབས་ཀྱི་མན་ངག་མེད་ན་ཟབ་ཅིང་རྒྱ་ཆེ་བའི་གནས་རྣམས་ཀྱིས་མགོ་རྨོངས་ཤིང་རྟོགས་པར་མི་ནུས་པས་འཆད་བྱེད་ཀྱི་མན་ངག་ཀྱང་རྒྱུད་སྡེ་འོག་མ་གསུམ་ལས། དང་པོ་བྱ་རྒྱུད་ནི། དཔུང་བཟང་གི་རྒྱུད་འགྲེལ་ལས་བཤད་པ་ལྟར། འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པ་དང༌། གྲུབ་པའི་སྤྱོད་པ་དང་བཞིས་བྱ་རྒྱུད་རྣམས་བཤད་པར་བྱ་སྟེ། དེའང་སོ་སོའི་རྩ་བའི་རྒྱུད་རྣམས་ལ་ཐམས་ཅད་མ་ཚང་ཞིང་མི་གསལ་བ་དག་ལ་བྱ་བ་སྤྱིའི་བཤད་པའི་རྒྱུད། འཇུག་པའི་སྤྱོད་པ་གཙོ་བོར་སྟོན་པ་གསང་བ་སྤྱི་རྒྱུད། སྦྱོར་བའི་སྤྱོད་པ་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མ། སྦྱོར་བ་དང་སྒྲུབ་པའི་སྤྱོད་པ་ཐུན་མོང་དུ་སྟོན་པ་ལེགས་གྲུབ། སྤྱོད་པ་བཞི་གའི་མཚན་ཉིད་གཏན་ལ་འབེབས་པ་དཔུང་བཟང་གི་རྒྱུད་དང་བཞིས་ཁ་བསྐངས་ཏེ་བཤད་པར་བྱའོ། །གཉིས་པ་སྤྱོད་པའི་རྒྱུད་ཀྱི་འཆད་ཚུལ་ནི། རྣམ་སྣང་མངོན་བྱང་གི་འགྲེལ་བར་བཤད་པ་ལྟར། གདུལ་བྱ་དབང་རྣོན་མགོ་སྨོས་པས་གོ་བ་ལ་རྒྱུད་ཀྱི་མཚན་ཙམ་དང༌། དབང་འབྲིང་རྣམ་པར་ཕྱེ་བས་གོ་བ་ལ་མིང་དེ་ཉིད་ཀྱི་དོན་རབ་ཏུ་ཕྱེ་བ་ཙམ་བརྗོད་པ་དང༌། དབང་བརྟུལ་ཚིག་ལྷུར་ལེན་པ་ལ་ཚིག་དེ་དག་ཉིད་ཀྱི་ཡན་ལག་རྣམ་པར་ཕྱེ་བ་བརྟག་པའི་རིམ་གྱིས་རྒྱས་པར་སྤྲོས་ཏེ་འཆད་པའི་སྒོ་གསུམ་དང༌། དེ་གསུམ་ག་ལའང་རྒྱུ་དང་ངོ་བོ་དང་འབྲས་བུ་ཕུན་ཚོགས་ཀྱི་སྒོ་ནས་སྟོན་པ་པོ་རང་དོན་ཕུན་ཚོགས་དང༌། དེས་དཀྱིལ་འཁོར་སྔགས་དང་ཕྱག་རྒྱ་སོགས་ཀྱི་སྒོ་ནས་གཞན་དོན་ཕུན་ཚོགས་གཉིས། དེ་ལའང་དཀྱིལ་འཁོར་གྱི་ཆོ་ག་ལ་བརྟེན་པའི་སྤྱོད་པ་དང༌། དེ་ལས་གཞན་རིག་སྔགས་གསང་སྔགས་སོགས་མཉེས་པར་བྱ་བའི་ཕྱིར་སྒྲུབ་པ་པོ་རྣམས་ཀྱི་སྤྱོད་པ་འབྲས་བུ་དང་བཅས་པ་གཉིས། དེ་ལའང་གསང་སྔགས་མཉེས་པར་བྱ་བ་ལ། འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པ་དང༌།


LT08,P084A
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་སྤྱོད་པ་དང་བཞིའམ་གསུམ་དུ་བསྡུས་པ་སྔར་སྦྱོང་རྒྱུད་ཀྱི་ལམ་རིམ་སྐབས་བཤད་པ་ལྟ་བུ་སྟེ། དེ་རྣམས་ཀྱིས་བསྡུས་པའི་སྒོ་ནས་རྣམ་སྣང་མངོན་བྱང་བཤད་པ་བཞིན་དུ་སྤྱོད་རྒྱུད་གཞན་ལའང་ཅི་རིགས་པར་སྦྱར་ལ་བཤད་པར་བྱའོ། །གསུམ་པ་རྣལ་འབྱོར་རྒྱུད་ཀྱི་འཆད་ཚུལ་ནི། རྒྱུད་ཀྱི་བཞུགས་ཚུལ་གླེང་གཞིས་འབྲས་བུ་ཕུན་ཚོགས་དང༌། དེ་མན་ཆད་ཀྱིས་དེ་ཐོབ་པའི་ཐབས་བསྟན་ལ། བརྗོད་བྱ་དེ་ཁོ་ན་ཉིད་རྣམ་པ་བཅུ། དེ་ལ་དབྱེ་ན་ཉི་ཤུའམ་སུམ་ཅུ། དེ་འཆད་ཐབས་ལ། རྡོ་རྗེ་རྩེ་མོ་ལས། བྱ་བ་སྒྲུབ་པའི་ཐབས་ཆེན་པོ། །རྟོག་པ་ཐམས་ཅད་བསྡུས་པ་དང༌། །གསང་བའི་བྱེ་བྲག་འབྱེད་བྱེད་ཅིང༌། །རྣལ་འབྱོར་དགོངས་པ་རྣམ་པར་འགྲེལ། །དེ་ཉིད་རྣམ་པར་ཤེས་བྱེད་པའི། །རྟོག་པ་ཐམས་ཅད་བསྡུས་པ་དང༌། །རྡོ་རྗེའི་རྣལ་འབྱོར་ཆོ་ག་དང༌། །འཁོར་ལོའི་རྣལ་འབྱོར་ཆོ་ག་སྟེ། །མཆོག་ཏུ་གསང་བ་ཞེས་བྱ་བའི། །རྟོག་པ་ཐམས་ཅད་བསྡུས་པ་དང༌། །དུས་གསུམ་ཁྱབ་པའི་བྱ་བར་ལྡན། །གསང་བའི་རྣལ་འབྱོར་ཀུན་འབྱུང་ཞིང༌། །བྱ་བ་ཀུན་གྱི་ཐབས་ཆེན་གྱི། །རྟོག་པ་ཐམས་ཅད་བསྡུས་པ་དང༌། །ཞེས་རྟོག་བསྡུས་བཞི་རྣལ་འབྱོར་རྒྱུད་ཐམས་ཅད་ཀྱི་དགོངས་འགྲེལ་ལམ་བཤད་ཐབས་སུ་གསུངས་ཏེ། སངས་རྒྱས་སངས་རྒྱས་ཚུལ། དེས་གཞན་དོན་དུ་སྤྲུལ་བཤད་བྱས་པའི་ལྷ་དང་ཆོས་ཀྱི་ཚིག་རྣམས་ཀྱི་ངེས་དོན་བཀྲོལ་ནས་འཆད་པ་བྱ་བ་སྒྲུབ་པའི་ལས་ཐམས་ཅད་བསྡུས་པའི་བཤད་པ་དང༌། རྩ་རྒྱུད་ལས། བྷ་གར་ལིངྒ་བཅུག་ནས་སུ། །ཞེས་སོགས་ལ། བྷ་ག་ཅི་ཡིན་བརྗོད་པར་བྱ། །འཇོམས་པས་བྷ་ག་ཞེས་སུ་བརྗོད། །ཤེས་རབ་ལུས་འཇོམས་ཉོན་མོངས་པ། །དེ་བས་ཤེས་རབ་བྷ་གར་བརྗོད། །དེ་བས་རྟགས་ནི་ཅི་ཡིན་བརྗོད། །རྟགས་ནི་མཚན་མ་ཞེས་བྱར་བཤད། །ཅེས་སོགས་ཀྱི་བཤད་པ་ནི་གསང་བའི་ཚིག་བྱེ་བྲག་


LT08,P084B
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབྱེད་པའི་བཤད་པ་དང༌། རྩ་རྒྱུད་དུ་བཅོམ་ལྡན་འདས་ཉིད་ཁྱབ་འཇུག་ལ་སོགས་པར་བཤད་པའི་དགོངས་པ། གཟུང་བ་ལ་སོགས་ཀུན་སྤངས་པའི། །དག་པ་དེ་བཞིན་ཉིད་རྣམས་ཤེས། །བདག་དང་ཉོན་མོངས་མེད་པ་སྟེ། །དེ་བས་ང་ནི་ཁྱབ་འཇུག་བཤད། །ཅེས་སོགས་ལྡེམ་པོར་དགོངས་པ་རྣམ་པར་འགྲེལ་བའི་བཤད་པ་དང༌། དངོས་གྲུབ་དང་བདག་དང་ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་སྟོན་པ་དེ་ཁོ་ན་ཉིད་དམ་པ་ཤེས་པར་བྱེད་པའི་བཤད་པ་དང༌། རྡོ་རྗེའི་རྣལ་འབྱོར་སྔོན་དུ་བསྙེན་པའི་ཆོ་ག་དང༌། འཁོར་ལོའི་རྣལ་འབྱོར་དཀྱིལ་འཁོར་གྱི་ཆོ་ག་གཉིས་ཀྱི་རིགས་བསྡུས་པ་མཆོག་ཏུ་གསང་བའི་བཤད་པས་ལག་ལེན་སྟོན། དུས་གསུམ་ཁྱབ་པའི་བྱ་བ་དམ་ཚིག་དང་སྡོམ་པ། གསང་བའི་རྣལ་འབྱོར་སྒོམ་བཟླས་ཀྱི་ཏིང་ངེ་འཛིན། ཕྲིན་ལས་ཀུན་འགྲུབ་པའི་བྱ་བ་སྦྱིན་སྲེག་སྟེ་དེ་རྣམས་ནི་སྔ་མ་བཞི་པོ་ལ་ཅི་རིགས་སུ་སྦྱར་ལ་བཤད་པར་བྱའོ། །དེ་དག་ཐམས་ཅད་ཀྱང་དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་དང༌། མཚམས་སྦྱོར་བའི་ཚུལ་དང༌། བརྒལ་ལན་གྱི་སྒོ་ནས་སྟོན་པ་ལྔ་པོ་བསྟན་བཅོས་སྤྱི་དང་མཐུན་པར་འཆད་པ་དང༌། གླེང་གཞི་དང་གཏམ་གྱི་སྦྱོར་བ་ནི་སྔོན་བྱུང་གི་རྣམ་ཐར་དང༌། རྗེས་འཇུག་གི་ཉམས་ལེན་དབྱེ་བས་འཆད་པར་བྱའོ། །གཉིས་པ་བླ་མེད་ཀྱི་བཤད་ཐབས་ལ་གཉིས། སྤྱི་དང༌། ཁྱད་པར་རོ། །དང་པོ་ནི། བླ་མེད་གླེང་སློང་ལྔ་དང་རིགས་པ་བཞི། །མཐའ་དྲུག་ཚུལ་བཞི་ཚོགས་དང་སློབ་བཤད་གཉིས། །གང་ཟག་ལྔ་དང་བདེན་གཉིས་རྒྱན་བདུན་གྱིས། །འཆད་པར་བྱའོ། །ཞེས་པ་སྟེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུད་པའི་དགོངས་དོན་རྒྱན་བདུན་གྱི་བཤད་ཐབས་ནི་གང་ནས་བྱུང་བའི་ཁུངས་དང་འབྲེལ་བས་ཕ་རྒྱུད་གསང་འདུས་ཁོ་ནའི་བཤད་ཐབས་སུ་མཁས་པ་ཁ་ཅིག་སྦྱོར་ཡང༌། དེ་ཉིད་འཆད་ཐབས་ཙམ་དུ་མ་


LT08,P085A
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་འདི་ནི་རྒྱུད་སྤྱིའི་བཤད་ཐབས་ཀྱི་ཆིངས་ཆེན་པོར་བཞེད་དེ། དེ་དག་སྒྲོན་གསལ་ལས། གླེང་སློང་བ་ཡི་གྲངས་ནི་ལྔ། །རིགས་པ་རྣམ་པ་བཞི་ཡིན་ལ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །བཤད་པ་ཡང་ནི་རྣམ་པ་བཞི། །ལྔ་པའི་དབྱེ་བ་རྣམ་པ་གཉིས། །དྲུག་པའི་དབྱེ་བ་ལྔ་དང་ལྡན། །བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །ཞེས་གསུངས་ཏེ། དེའང་རྒྱན་རྣམས་ལས། རྒྱུད་ཀྱི་དགོས་པ་ཅན་གླེང་སློང་བ་ལ་ལྔ། །རྒྱུད་ཀྱི་བསྡུས་དོན་རིགས་པའི་ཚུལ་ལ་བཞི། རྒྱུད་ཀྱི་རྒྱས་བཤད་ཚིག་དོན་གྱི་མཐའ་ལ་དྲུག །ཚིག་དོན་བཤད་པའི་ཚུལ་ལ་བཞི། བཤད་བྱའི་དབྱེ་བ་ལ་གཉིས། སྣོད་གང་ཟག་གི་དབྱེ་བ་ལ་ལྔ། དགོས་པའི་དབྱེ་བ་བདེན་པ་གཉིས་ལུང་རིགས་ཀྱིས་ངེས་པ་ལ་གཉིས་ཏེ་རྒྱན་ཉེར་བརྒྱད་དུ་དབྱེ་ཞིང་བདུན་དུ་བསྡུ། འདི་དག་གིས་རྒྱུད་གསལ་ཞིང་མཛེས་པས་མཁས་པ་རྣམས་དགའ་བ་བསྐྱེད་པའི་ཕྱིར་རྒྱན་ཞེས་བྱའོ། །དེ་ལ་དང་པོ་ལྔ་ནི། རྒྱུད་ཀྱི་མཚན། གང་གི་དོན་ཆེད། མཛད་པ་པོ། གཞུང་གི་ཚད། དེའི་དགོས་པ་བཅས་པ་སྟེ། རྒྱུད་ཀྱི་མཚན་ནི་བརྗོད་བྱ་ལས་བཏགས་པ། གསང་འདུས། བདེ་དགྱེས། དུས་འཁོར་ལྟ་བུ། རྗོད་བྱེད་ལས་བཏགས་པ་དགོངས་པ་ལུང་སྟོན་ལྟ་བུ། གཞུང་ཚད་ལས་བཏགས་པ་རྒྱུད་འབུམ་པ་ལྟ་བུ་དང༌། གཞན་ཡང་སྟོན་པ་ལས་བཏགས་པ། ཞུ་བ་པོ་ལས་བཏགས་པ། དཔེ་ལས་བཏགས་པ་སོགས་མང་ངོ༌། །གདུལ་བྱ་གང་འདུལ་བའི་དོན་དུ་མཛད་ཅེ་ན། དབང་རྣོན་གྱི་སྐྱེ་བོ་ཆགས་ཅན་རྣམས་གཙོ་བོར་འདུལ་བའི་དོན་དུ་མཛད་དེ། བདེ་བ་ཆེན་པོའི་འབྲས་བུ་ནི་གཙོ་བོར་ཆགས་ལམ་གྱིས་བགྲོད་དགོས་པའི་ཕྱིར་རོ། །ཆགས་ཅན་ཁོ་ནའི་དོན་ནི་མ་ཡིན་ཏེ། དྲག་ལས་སྟོན་པ་སོགས་ཞེ་སྡང་ཅན་སོགས་ཀྱི་དོན་དུའང་མཛད་པའི་ཕྱིར་རོ། །མཛད་པ་པོ་ཚད་ལྡན་མེད་ན་ཡིད་མི་ཆེས་པས་རྒྱུད་འདིའི་


LT08,P085B
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པོ་སུ་ཞེ་ན། གསང་འདུས་འཁོར་ལོས་སྒྱུར་བའི་རྣམ་པ་རྡོ་རྗེ་འཆང་ཆེན་པོ་དང༌། བདེ་མཆོག་རྩ་རྒྱུད་དྲག་བྱེད་ཧེ་རུ་ཀའི་རྣམ་པས་གསུངས་པ་སོགས་རྒྱུད་རང་རང་གི་སྐབས་ཀྱིས་ཤེས་སོ། །རྒྱུད་འདིའི་ཚད་ཇི་ཙམ་ཞེ་ན། གསང་འདུས་ལ་མཚོན་ན་ཆོ་གའི་ཚད་ཉི་ཤུ། ལེའུའི་ཚད་བཅོ་བརྒྱད། རིམ་པར་ཕྱེ་བའི་ཚད་ལྔ་ལ་སོགས་པའོ། །དགོས་པ་ནི་ཐུན་མོང་གི་དངོས་གྲུབ་དང་དེའི་ཉིང་དགོས་མཆོག་གི་དངོས་གྲུབ་འགྲུབ་པའོ། །གཉིས་པ་རིགས་པ་རྣམ་པ་བཞི་ནི། རྒྱུད། གླེང་གཞི། ངེས་ཚིག་རྒྱུ་རྣམས་ཏེ་དེའང་ཆགས་བྲལ་གྱི་ཚུལ་དང༌། ཆགས་ཅན་གྱི་ཚུལ་གཉིས་སུ་ཡོད་པའི་དང་པོ་ཆགས་བྲལ་གྱི་ཚུལ་ལ་སྐྱེས་བུ་དམ་པ་མིའི་སྐྱེ་བར་འཁྲུངས་པ་ནི་རྒྱུད་ཅེས་བྱ་སྟེ། མིའི་རྟེན་ཁོ་ན་ལ་རབ་ཏུ་བྱུང་ནས་ཆགས་དང་བྲལ་བྱ་ཡིན་པས་སོ། །རྒྱལ་པོ་ལྟ་བུ་བཙུན་མོའི་འཁོར་ནང་ནས་ངེས་པར་འབྱུང་བས་རྟགས་ཆ་ལུགས་སོགས་ཀྱིས་རབ་ཏུ་བྱུང་བ་ནི་གླེང་གཞི་སྟེ་ཆགས་བྲལ་འདོད་ན་རབ་ཏུ་བྱུང་བ་ཁོ་ན་རིགས་པས་སོ། །རབ་ཏུ་བྱུང་བས་ཀྱང་འདུལ་བའི་སྡེ་སྣོད་ལས་བསྟན་པའི་སྡོམ་པ་བསྲུང་བ་ནི་ངེས་ཚིག་སྟེ། ངེས་པར་བསྟེན་པའི་གནས་སུ་རིགས་པས་སོ། །སྡོམ་པ་བསྲུངས་ནས་ཀྱང་འབྲས་བུ་བྱང་ཆུབ་འདོད་པས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པའི་ཆོས་སྤྱོད་པ་ནི་རྒྱུ་སྟེ་དེ་ཁོ་ན་ཉིད་ཆགས་བྲལ་དུ་རིགས་པས་སོ། །ཆགས་ལམ་གྱི་ཚུལ་ལ་བདག་ཉིད་རང་རིགས་དང་མཐུན་པར་རིགས་ལྔའི་སངས་རྒྱས་སུ་བསྐྱེད་པ་ནི་རྒྱུད་དེ་སྔགས་ཀྱི་རྟེན་དུ་རིགས་པས་སོ། །སླར་ཡང་གསང་ཆེན་རིགས་གཅིག་རྡོ་རྗེ་འཆང་ཁ་སྦྱོར་སོགས་ཀྱི་རྣམ་པར་གྱུར་པ་ནི་གླེང་གཞི་སྟེ། ཆགས་ལམ་གྱི་རྣམ་པ་ལ་ངེས་པ་སྟེར་བས་སོ། །རིགས་ལྔའི་སྡོམ་པ་བཟུང་ནས་ཕྱི་ནང་གསང་བའི་རྡོ་རྗེ་ལ་སོགས་པའི་རིམ་པ་བཟུང་བ་དང༌། ཁྱད་པར་དུ་བླ་མེད་ལ་


LT08,P086A
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་ཚངས་སྤྱོད་ཀྱི་བརྟུལ་ཞུགས་བཟུང་བ་ནི་ངེས་ཚིག་སྟེ་ངེས་པར་གདོན་མི་ཟ་བར་བསྟེན་པའི་གནས་ཡིན་པས་སོ། །སྒེག་པ་དང་དགོད་པ་སོགས་ཀྱི་སྒོ་ནས་འདོད་ཆགས་ལམ་བྱེད་ཀྱི་གསང་ཆོས་ལ་སྤྱོད་པ་ནི་རྒྱུ་སྟེ་བདེ་ཆེན་གྱི་སྐུ་ཐོབ་པར་བྱེད་པས་སོ། །གསུམ་པ་མཐའ་རྣམ་པ་དྲུག་ནི། དྲང་དོན་དང་ངེས་དོན། དགོངས་པ་ཅན་དང་དགོངས་མིན། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་སྟེ། ཚིག་གི་དོན་འདི་ལས་མི་འདའ་བས་མཐའ་ཞེས་བྱ་ལ། དེ་ཡང་ཡང་དག་པའི་སྐལ་པ་དངོས་སུ་མེད་པ་རྣམས་ལ་རྒྱལ་བས་དེ་སྦས་ནས་དེ་ལ་དྲང་བའི་ཕྱིར་གཞན་བསྐྱེད་རིམ་ཡན་ལག་དང་བཅས་པ་སྟོན་པ་ལྟ་བུ་ནི་དྲང་དོན་གྱི་བཤད་པའོ། །ངེས་དོན་ལ་གཉིས་ལས། མཚན་ཉིད་ཡང་དག་བསྐྱེད་རིམ་པ་དང་ཐུན་མོང་བ་ནི། ག་པུར་ནི་ཁུ་བའོ། །ཞེས་སོགས་ཡེ་ཤེས་རྡོ་རྗེ་ལས་གསུངས་པ་ལྟ་བུའོ། །རྣལ་མ་ཡང་དག་པ་ནི། རྒྱུ་རྒྱུད་རང་བཞིན་ལྷན་སྐྱེས་དང་རྫོགས་རིམ་གྱི་ཕྱོགས་ཏེ། དེ་དག་གི་དོན་སྟོན་པ་ནི་ངེས་དོན་ནོ། །མཆོག་འདོད་པ་རྣམས་ལ་དེ་ཁོ་ན་ཉིད་སྟོན་པ་སྟེ་སློབ་དཔོན་མེད་པར་འཇུག་པ་དགག་ཕྱིར། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་པ་ལྟ་བུ་འཇིག་རྟེན་ཡ་རབས་ཀྱིས་སྨད་པས་དེ་དག་དང་འགལ་བའི་ཚིག་སྦྱོར་གྱིས་གསུངས་པ་ནི་དགོངས་བཤད་དེ། སྲོག་ཆགས་གསོད་པ་ནི་ལས་རླུང་འགོག་པ་ལ་དགོངས་པ་ལྟ་བུ་ཡིན་ལ། འགལ་བའི་ཚིག་ནི་ཤན་པ་སོགས་རྗེས་སུ་བཟུང་ཕྱིར་ཡང་ཡིན་ནོ། །དགོངས་བཤད་ཀྱི་སྣོད་མིན་པའི་དབང་བརྟུལ་རྣམས་ལ་བསྐྱེད་རིམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་སྟོང་པ་དང་འོད་གསལ་སོགས་གསལ་བར་སྟོན་པ་ནི་དགོངས་མིན་ནོ། །ཕྱིའི་དཀྱིལ་འཁོར་དང་སྦྱིན་སྲེག་སོགས་དང་ལས་ཚོགས་ཀྱི་ཆོ་ག་ཞིབ་མོ་ལ་སྤྱོད་པ་རྒྱུད་སྡེ་འོག་མ་དང་མཐུན་པར་གསུངས་པ་ནི་སྒྲ་ཇི་བཞིན་ནོ། །ཀོ་ཊཱ་


LT08,P086B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱཱ་བ་ཞེས་པ་སོགས་ཀྱི་སྒྲ་འཇིག་རྟེན་དང་བསྟན་བཅོས་གང་ལའང་མ་གྲགས་ཤིང་དེ་བཞིན་གཤེགས་པ་ཁོ་ནས་སྐབས་དེར་བརྡར་མཛད་པ་ནི་སྒྲ་ཇི་བཞིན་མ་ཡིན་པའོ། །བཞི་པ་ཚུལ་རྣམ་པ་བཞི་ནི། ཚིག་གམ་ཡི་གེའི་དོན། སྤྱིའི་དོན། སྦས་པའི་དོན། མཐར་ཐུག་པའི་དོན་ཏེ། དང་པོ་ནི། རྣམ་དབྱེ་ཚིག་ཕྲད་ལ་སོགས་པའི་སྒོ་ནས་ཡི་གེ་འབྲུ་ནོན་ཙམ་གྱི་བཤད་པའོ། །སྤྱི་དོན་ལ་མདོ་སོགས་དང་བསྐྱེད་རིམ་པའི་སྤྱི་དོན་གཉིས། དང་པོ་མདོ་སོགས་ལ་ཞུགས་པ་དང༌། སྔགས་ལ་ཞུགས་པའི་འགྱོད་པ་བཟློག་པ་གཉིས་ལས། དང་པོ་འདིར། དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྟེན་ཀྱང་འགྲུབ་པར་མི་འགྱུར་གྱི། །འདོད་པའི་ཡོན་ཏན་ཐམས་ཅད་ནི། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་པ་སོགས་རྟོགས་ནས་སྔར་ལམ་དང་འཇུག་པ་བདེ་བས་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་འདི་ལྟ་བུ་ལ་མ་ཞུགས་པར། མདོའམ་བྱ་སྤྱོད་སོགས་ལ་ཞུགས་པ་ནི་མ་ལེགས་སོ་ཞེས་འགྱོད་པ་ན། འཁོར་བ་ལ་ཡིད་འབྱུང་དང་བྱང་ཆུབ་སེམས་ལ་འདོད་པ་བསྐྱེད་པ་སོགས་ཀྱིས་མདོ་ལ་མ་ཞུགས་པར་འདི་ལ་འཇུག་བྱ་མིན་ཞིང༌། ཐབས་དང་དག་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོགས་ཀྱི་དབང་རྣོན་ཐབས་ཤེས་ཁྱད་པར་ཅན་དང་ལྡན་ན་ལམ་དང་འཇུག་པ་བདེ་བས་བྱང་ཆུབ་ཐོབ་པར་མདོ་སོགས་ལས་ཀྱང་བཤད་པས་སྤྱི་དོན་ནོ་ཞེས་པའོ། །གཉིས་པ་སྔགས་ལ་ཞུགས་པའི་འགྱོད་ཟློག་ནི། མདོ་དང་བྱ་སྤྱོད་སོགས་སུ་སྟོན་པས་ཁྲུས་དང་གཙང་སྦྲ་དང་སྨྱུང་གནས་སོགས་གསུངས་ལ། འདིར་ནི་དེ་བཀག་སྟེ་བཤང་གཅི་ཁུ་ཁྲག་སོགས་ཀྱིས་ལྷ་མཆོད་ཅིང་རང་ཡང་བཟའ་བ་ཁྱི་ཕག་ལྟ་བུའི་ཆོས་སོ་ཞེས་འདི་ལ་འགྱོད་པ་ན། དབང་བརྟུལ་ལ་སྤྱི་དོན་ནི། འདིར་མུ་སྟེགས་ཀྱི་ལུགས་ལྟར་ཐབས་ཤེས་ཁྱད་པར་ཅན་དང་བྲལ་བའི་ཁྲུས་དང་གཙང་སྦྲ་སོགས་བཀག་གི །སྡིག་


LT08,P087A
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་འདག་པའི་ཁྲུས་སོགས་ནི་འདིར་ཡང་བཞེད་དེ། དེས་ན་བཤང་གཅི་ཟ་བ་སོགས་ནི་ཡུལ་དབང་རོ་གཅིག་པའི་དེ་ཁོ་ནའི་རྣལ་འབྱོར་བྱེད་པའོ། །ཞེས་པ་སོགས་སོ། །དབང་རྣོན་ལ་སྤྱི་དོན་ནི། དཀའ་ཐུབ་སོགས་དང་མི་ལྡན་པས་འགྲུབ་པར་ཡང་བྱ་རྒྱུད་དམ་ཚིག་གསུམ་བཀོད་སོགས་ལས་གསུངས་ཤིང༌། གཙང་བ་ལ་ཞེན་ཅིང་མི་གཙང་བ་ལ་སྡང་བ་སོགས་ནི་སྙིང་པོ་མེད་པས་མཉམ་ཉིད་ཀྱི་ཡེ་ཤེས་འཐོབ་པར་མི་འགྱུར་བས་ཞེན་པ་སྤང་བའི་ཕྱིར་རོ་སྙོམས་སུ་སྤྱོད་པ་ནི་མདོ་བྱ་སོགས་ལས་ཀྱང་བཞེད་དོ། །བསྐྱེད་རིམ་པའི་སྤྱི་དོན་ནི། རིན་ཆེན་ཁ་དོག་སྣ་ལྔ་པ། །སྣ་ཡི་རྩེ་མོར་རྟག་ཏུ་བསྒོམ། །ཞེས་པ་ལྟ་བུ་འདོད་ཆགས་ཆོས་སྦས་ཀྱི་སྣོད་མ་ཡིན་པ་ལ་རིགས་ལྔའི་མཚན་མ་ཕྲ་མོ་ཀུན་རྫོབ་ཀྱི་སྣ་རྩེར་སྒོམ་ཞེས་བསྐྱེད་རིམ་ཕྱི་པ་དང་སྤྱི་དོན་དུ་བཤད་པ་ལྟ་བུའོ། །སྦས་པའི་དོན་ལ་རྣལ་འབྱོར་ཕོ་མོ་འཁྲིག་པའི་འདོད་ཆགས་སྤྱོད་པ་གསལ་བར་སྟོན་པ་ནི་ཚོགས་སུ་བརྗོད་པ་ངོ་ཚ་བས་སྦས་པ་ནི་འདོད་ཆགས་ཆོས་སྦས། སྒྱུ་ལུས་ཀྱི་རིམ་པ་ནི་དྲི་མ་མངོན་གྱུར་སྲབ་མོས་གཡོགས་པའི་སྙིང་པོ་རབ་སྟེ་ཀུན་རྫོབ་བདེན་པ་རྟོགས་པའི་སྦས་པ་དང༌། དེའི་རྒྱུ་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་ནི་དྲི་མ་འབྲིང་གིས་གཡོགས་པའི་སྙིང་པོ་འབྲིང་དང༌། དེའི་རྒྱུ་ངག་དབེན་གསུང་རྡོ་རྗེར་བཏགས་པ་དང༌། ལུས་དབེན་སྐུ་རྡོ་རྗེར་བཏགས་པ་ནི་དྲི་མ་ཆེན་པོའི་སྙིང་པོ་སྟེ་རྣལ་མ་ཆུང་ངུ་ཡིན་པས་སྦས་པ་སྟེ་དེ་བཤད་པའང་སྦས་པའི་བཤད་པའོ། །འོད་གསལ་གྱི་རིམ་པ་ནི་ལམ་མཐར་ཐུག་དང༌། ཟུང་འཇུག་གི་རིམ་པ་ནི་འབྲས་བུའི་མཐར་ཐུག་སྟེ་དེ་བཤད་པ་ནི་མཐར་ཐུག་གི་བཤད་པ་ཡིན་ལ། ཚུལ་བཞི་ག་ཡང་རྡོ་རྗེའི་རིགས་གཅིག་ཉིད་ལ་དབང་པོ་མི་འདྲ་བའི་སྒོ་ནས་བཤད་པ་ཡིན་ནོ། །འདིར་འདུས་པ་སྤྱིར་སྦྱར་བ་སྟེ་གཞན་ལའང་དེས་འགྲེ་དགོས་པས་དེའང་སྤྱི་ཙམ་དུ་ཡི་གེའི་དོན་


LT08,P087B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་བརྡ་དག་ལ་བརྟེན་ནས་ཚིག་གི་འབྲུ་ནོན་དུ་བཤད་པ། སྤྱིའི་དོན་མདོ་སོགས་དང་ཐུན་མོང་བ། སྦས་པའི་དོན་བླ་མེད་ཀྱི་ཟབ་དོན་ཐུན་མོང་མ་ཡིན་པ། མཐར་ཐུག་དེ་ལས་སློབ་པ་དང་མི་སློབ་པའི་ཟུང་འཇུག་ལ་མཚམས་སྦྱོར་བའི་ཚུལ་ལོ། །མཐའ་དྲུག་ཚུལ་བཞིའི་བཤད་པ་འདི་རྣམས་འཆད་འགྱུར་བསམ་པའི་རིམ་པར་ཕྱེ་བ་ལས་འབྱུང་ཡང་འདིར་ཡང་གོ་བདེ་བའི་སླད་དུ་འདུས་པའི་བཤད་སྲོལ་ལྟར་བྲིས་པའོ། །ལྔ་པ་བཤད་པའི་ཚུལ་གཉིས་ནི། ཚོགས་བཤད་དང་སློབ་བཤད་དེ། དེའང་སྒྲ་ཇི་བཞིན་པ་དང་དགོངས་ཅན་མ་ཡིན་པ་དང་དྲང་དོན་དང་ཡི་གེའི་དོན་དང་སྤྱིའི་དོན་རྣམས་ནི་ཚོགས་པའི་སློབ་མ་ལ་བཤད་པ་སྟེ་སློབ་མ་མིན་ན་རྒྱུད་བཤད་དུ་མི་རུང་བས་སོ། །སྒྲ་ཇི་བཞིན་མིན་པ་དང་ངེས་དོན་རྫོགས་རིམ་སྟོན་པ་དང་དགོངས་བཤད་དང་སྦས་དོན་དང་མཐར་ཐུག་རྣམས་ནི་སློབ་མ་མཆོག་རིན་ཆེན་ལྟ་བུ་ཁོ་ན་ལ་བཤད་པའོ། །དེས་ན་འདོད་ཆགས་ཆོས་སྦས་མ་གཏོགས་པའི་བསྐྱེད་རིམ་འཁོར་བཅས་ནི་ཚོགས་པ་ལ་བཤད་ཅིང༌། རྫོགས་རིམ་འཁོར་བཅས་ནི་སློབ་མ་ལ་བཤད་པས་རིམ་གཉིས་ལ་བརྟེན་ནས་བཤད་པའོ། །དྲུག་པ་སྣོད་གང་ཟག་ལྔ་ལ་བཤད་པ་ནི། ཨུཏྤལ་དང་པད་དཀར་དང་པདྨ་དང་ཙནྡན་དང་རིན་པོ་ཆེ་ལྟ་བུ་ལྔ་སྟེ། ཇི་ལྟར་ཨུཏྤལ་ཆུ་ནང་དུ་དངོས་པོ་སྣ་ཚོགས་ཀྱི་ནུས་པ་འཇུག་ཅིང་རྩི་བཅུད་འཛིན་ཡང༌། ལག་པས་བཏོན་ཏེ་སྣོམ་པ་དང་རྣ་བར་འཇུག་པ་སོགས་ཀྱིས་མྱུར་དུ་རྙིངས་པ་བཞིན། སློབ་དཔོན་གྱི་བཤད་པ་མ་ལུས་པ་ཐོས་ཤིང་ཡིད་ལ་ལན་ཅིག་འཛིན་ནུས་ཀྱང་འདུ་འཛི་སོགས་ཀྱིས་སྐད་ཅིག་གིས་བརྗེད་པར་གྱུར་པ་ནི་ཨུཏྤལ་ཞེས་པའི་གང་ཟག་གོ །ཇི་ལྟར་པད་དཀར་དེ་ཨུཏྤལ་འདྲ་བ་ལ་ཁྱད་པར་རྙིངས་དཀའ་ཞིང་ཁ་དོག་མཛེས་པས་རྩི་བཅུད་བརྟན་ཡང་ཕྱིར་སྤྲོ་མི་ནུས་པ་བུམ་ནང་གི་རས་པ་ལ་ཆུས་སྤངས་པ་འདོན་དཀའ་བ་ལྟར། མང་དུ་ཐོས་པ་བཟུང་སྟེ་མ་བརྗེད་ཀྱང་སྤོབས་པ་ཆུང་བས་གཞན་


LT08,P088A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྟོན་མི་ནུས་པ་པད་དཀར་ཞེས་པའི་གང་ཟག་གོ །ཇི་ལྟར་པདྨ་གཞན་ལས་མདངས་བཟང་ཞིང་ཉི་མས་ཁ་བྱེ་བ་ན་དྲི་ཞིམ་ལ་རྩི་བཅུད་འཛིན་ཡང་འཛག་པ་སྐྱེན་པས་རྩི་བཅུད་རིང་དུ་མི་གནས་པ་ཡིན་ལ། དེ་བཞིན་དུ་དད་པ་དང་སྙིང་རྗེ་དང་ཤེས་རབ་ལྡན་པས་བློའི་ཁ་བྱེ་སྟེ་གཞན་ལ་སྟོན་ནུས་ཀྱང་རྒྱུད་མི་བརྟན་པས་ཡོན་ཏན་རིང་དུ་མི་གནས་པ་ནི་པདྨ་ཞེས་པའི་གང་ཟག་གོ །ཇི་ལྟར་ཙནྡན་དངོས་པོ་སྣ་ཚོགས་ནས་ནུས་པ་མི་འཇུག་ཅིང་མཉེན་ལྕུགས་བྲལ་ལ་རྩ་བ་རྒྱ་ཆེར་ཟུག་པ་མེད་པ་དང་ཡལ་འདབ་མང་ལ་སྦྲུལ་གདུག་གིས་དཀྲིས་པས་གཞན་རྗེས་སུ་འཛིན་མི་ནུས་པ་ལྟར། ཐོས་པ་ཉུང་ཞིང་རིགས་སོགས་ཀྱི་ང་རྒྱལ་ཆེ་ལ་ལུང་རིགས་ཀྱི་རྩ་བ་མེད་ཀྱང་མང་དུ་སྨྲ་བས་གདུལ་བྱ་རྗེས་སུ་འཛིན་མི་ནུས་པ་ནི་ཙནྡན་ཞེས་པའི་གང་ཟག་གོ །ཇི་ལྟར་རིན་པོ་ཆེ་སྐྱོན་མེད་ཅིང་ཡོན་ཏན་ལྡན་ལ་རང་བཞིན་བཟང་པོ་མི་འགྱུར་བར་དགོས་འདོད་འབྱུང་བ་བཞིན། ཚུལ་ཁྲིམས་ཀྱིས་དག་ཅིང་མདོ་རྒྱུད་མང་པོ་ལ་མཁས་པ། དགེ་བ་ལ་སྒྲིན་ཅིང་བརྩོན་ལ་ཤེས་རབ་ཆེ་ཞིང་རྒྱུད་དག་པ་ཆབས་གཅིག་པས་ཐོས་ནས་གཞན་ལ་ལེགས་པར་སྟོན་པ་ནི་རིན་པོ་ཆེ་ཞེས་པའི་གང་ཟག་གོ །དེ་ལ་རིན་པོ་ཆེ་རབ། གཞན་གསུམ་འབྲིང༌། ཙནྡན་ཐ་མ་སྟེ། དེའང་སྔགས་ཀྱི་སྐལ་པ་དང་ལྡན་པས་ཙནྡན་ཞེས་རིགས་བཟང་བ་ནས་སྨོས་སོ། །དེ་ལ་གང་ཟག་དང་པོ་བཞི་ནི་ཚོགས་བཤད་དང་རྫོགས་རིམ་གྱི་སྐལ་ལྡན། རིན་པོ་ཆེ་ལྟ་བུ་ནི་སློབ་བཤད་ཀྱི་སྣོད་དེ། འདིས་སྔ་མ་རྣམས་བསྐྱེད་རིམ་གྱི་སྐལ་ལྡན་དུ་འཕངས་སོ། །བདུན་པ་བདེན་པ་གཉིས་བཤད་པ་ནི། བདེན་པ་གཉིས་སམ་རིམ་པ་གཉིས་སུ་ལུང་རིགས་ཀྱིས་རྣམ་པར་ངེས་ནས་ཐེ་ཚོམ་སོགས་མེད་པ་ནི་རྒྱན་དྲུག་གིས་རྒྱུད་བཤད་པའི་དགོས་པ་ཡིན་ལ། དེ་ལས་ཀྱང་རྫོགས་པའི་རིམ་པའི་སྒྲུབ་པ་སྙིང་པོར་བྱེད་པ་ནི་དགོས་པ་མཆོག་གོ །དེ་ལྟར་ན་བླ་མེད་


LT08,P088B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་ཐམས་ཅད་ནི་རྒྱན་བདུན་གྱི་སྒོ་ནས་འཆད་པར་བྱའོ། །གཉིས་པ་ནི། ཁྱད་པར་འཁོར་ལོ་སྡོམ། །གདམས་ངག་དྲུག་དང་ཁ་སྦྱོར་གསུམ་གྱིས་སྟོན། །དག་པ་གསུམ་གྱིས་དགྱེས་པ་རྡོ་རྗེ་སྟེ། །དབྱིབས་སྔགས་ཆོས་ཀྱིས་མ་ཧཱ་མཱ་ཡཱའོ། །གདན་བཞི་དེ་ཉིད་ཁ་སྦྱོར་གསང་བ་བདུན། ཁ་ཅིག་གནས་པ་དང་ནི་དེ་ཉིད་བཞི། །དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་སྦྱར། །ཀུན་ཀྱང་རྟོན་པ་བཞི་ལ་བརྟེན་ནས་སོ། །ཁྱད་པར་རྣལ་འབྱོར་མའི་རྒྱུད་ལས་འཆད་ཚུལ་དམིགས་བསལ་དུ་གསུངས་པ་ནི། འཁོར་ལོ་སྡོམ་པ་འཆད་ཐབས་བདེ་མཆོག་ར་ལིའི་ནང་གི་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡི་གེ་དང་ནི་ཡན་ལག་དང༌། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པར། །རྒྱུད་རྣམས་ངེས་པར་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་གདམས་ངག་དྲུག་གི་སྒོ་ནས་འཆད་ལ། དེའང་སྤྱི་སྦས་མཐར་ཐུག་གསུམ་ནི་བརྗོད་བྱའི་དོན་བཤད་བྱའི་མན་ངག་གསུམ་དང༌། ཡན་ལག་ཡི་གེ་བསྡུས་པ་གསུམ་ནི་དེ་རྗོད་བྱེད་ཀྱི་སྒྲ་འཆད་ལུགས་ཀྱི་མན་ངག་གསུམ་ཡིན་ལ། དེ་དག་ཀྱང་གཞུང་གི་ཚིག་དོན་ལ་སོ་སོར་སྦྱར་བ་དང༌། ཚིག་རེ་ལ་ཐམས་ཅད་སྦྱར་ཏེ་འཆད་པ་ཇི་ལྟར་རིགས་པར་བྱ་བའོ། །སློབ་དཔོན་ཁ་ཅིག་གིས། ཕྱི་དང་གསང་བ་དེ་བཞིན་ནང༌། །དེ་བཞིན་ཉིད་དོན་རྣམ་པ་བཞི། །དཀྱིལ་འཁོར་ལས་ཀྱི་ཕྱག་རྒྱ་དང༌། །ལུས་དང་རང་བཞིན་མེད་རྣམས་སོ། །ཞེས་གསུངས་པ་དེའང་བཤད་ཚུལ་འདི་དང་མཐུན་པར་ཤེས་པར་བྱའོ། །པཎ་ཆེན་ནཱ་རོ་ཏཱ་པའི་མན་ངག་ལས་བདེ་མཆོག་རྩ་རྒྱུད་ཁ་སྦྱོར་གསུམ་གྱིས་འཆད་པར་གསུངས་པ་དང༌། བདེ་མཆོག་ཉུང་ངུ་ལས་ལམ་གྱི་གསང་བ་དང་འབྲས་བུའི་གསང་བ་དང་དེ་རྫོགས་པར་བྱེད་པའི་ཡན་ལག་ཅེས་བྱ་བས་འཆད་པར་བཤད་དོ། །དག་པ་གསུམ་གྱི་སྒོ་ནས་དགྱེས་པ་རྡོ་རྗེའི་རྒྱུད་འཆད་པར་བྱ་སྟེ། བརྟག་གཉིས་ལས། ངེས་


LT08,P089A
[མ་དཔེ་གཟིགས་ན་འདིར་གནོན།]

པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱི་ནི་བརྗོད་པར་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཅེས་གསུངས་ཤིང༌། དེའི་དག་པའང་རྒྱུད་གསུམ་དང་སྦྱར་ཏེ་བཤད་ན། རྒྱུའི་རྒྱུད་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཟོད་མ་ནས་ཞི་བ་ནི་དེ་བཞིན་ཉིད་ཀྱི་དག་པ། ལུས་ཞལ་ཕྱག་གི་རྣམ་པར་སྣང་བ་ནི་ལྷ་སོ་སོའི་དག་པ། བདེ་བ་མྱོང་བ་གཞན་གྱིས་མི་མྱོང་བ་ནི་རང་རིག་པའི་དག་པའོ། །ཐབས་རྒྱུད་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ལྟ་བ་དེ་བཞིན་ཉིད་ཀྱི་དག་པ། ལམ་བསྐྱེད་རིམ་ལྷ་སོ་སོའི་དག་པ། རྫོགས་རིམ་རང་རིག་པའི་དག་པའོ། །འབྲས་རྒྱུད་ལ་ངོ་བོ་ཉིད་སྐུ་དེ་བཞིན་ཉིད་ཀྱི་དག་པ། གཟུགས་སྐུ་གཉིས་ལྷ་སོ་སོའི་དག་པ། ལྷན་ཅིག་སྐྱེས་པའི་སྐུ་རང་རིག་པའི་དག་པ་སྟེ་རྒྱུད་གསུམ་རེ་རེ་ཡང་དག་པ་གསུམ་དུ་སྦྱར་ནས་འཆད་པའོ། །དབྱིབས་སྔགས་ཆོས་གསུམ་གྱིས་མ་ཧཱ་མཱ་ཡཱ་འཆད་པར་བཤད་དེ། སྔགས་དང་དབྱིབས་དང་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་མི་གོས་ཤིང༌། །རྒྱུད་ཀྱི་དོན་ལ་འཇུག་པར་བྱ། །ཞེས་གསུངས་པ་ལྟར་ཏེ། དེའང་ལུས་ལ་བུམ་དབང་བསྐུར་ནས་ལུས་ཉིད་སྤྲུལ་པའི་སྐུར་སྟོན་པར་བྱེད་པ་བསྐྱེད་པའི་རིམ་པ་དབྱིབས་ཀྱི་བདག་ཉིད། ངག་ལ་གསང་དབང་བསྐུར་ནས་ངག་ཉིད་ལོངས་སྐུར་སྟོན་པ་གཏུམ་མོ་སྔགས་ཀྱི་བདག་ཉིད། སེམས་ལ་ཤེར་དབང་བསྐུར་ནས་སེམས་ཉིད་ཆོས་སྐུར་སྟོན་པ་དབང་གསུམ་པ་ཆོས་ཀྱི་བདག་ཉིད། ལུས་ངག་ཡིད་རླུང་དང་བཅས་པ་ལ་དབང་བཞི་པ་བསྐུར་ནས་རླུང་ཉིད་ངོ་བོ་ཉིད་སྐུར་སྟོན་པ་མཐར་ཐུག་ཆོས་ཀྱི་བདག་ཉིད་དོ། །དེ་ལྟར་དབང་ཆོས་དང་མཐར་ཐུག་ཆོས་གཉིས་ཀ་ཆོས་སུ་སྡུད་པས་ན་བདག་ཉིད་ཅན་གསུམ་མོ། །རྡོ་རྗེ་གདན་བཞིའི་རྒྱུད་ནི། བདག་


LT08,P089B
[མ་དཔེ་གཟིགས་ན་འདིར་གནོན།]

གི་གདན། གཞན་གྱི་གདན། སྦྱོར་བའི་གདན། གསང་བའི་གདན་བཞི་སྟེ་བཞི་པོ་དེ་ཉིད་ཀྱིས་དབུ་ཞབས་སྤྱི་དང༌། ལེའུ་རེ་རེ་ཞེང་ཡང་བཅིངས་ནས་བཤད་པར་གསུངས་ཤིང༌། དེའང་རྒྱུད་གསུམ་དང་སྦྱར་ན་རྒྱུ་རྒྱུད་ལ། ཕྱི་སྣོད་འཇིག་རྟེན་ཐམས་ཅད་རང་གི་སེམས་སྣང་དུ་སྟོན་པ་བདག །ཕྱི་དོན་དང་འཛིན་པས་སྟོང་པ་གཞན། སྣང་སྟོང་གཉིས་སུ་མེད་པས་སྦྱོར་བ། ཟུང་འཇུག་གི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་གནས་པ་གསང་བའི་གདན་ནོ། །ནང་བཅུད་ལ་འཆི་བ་ཆོས་སྐུ་སྟོང་ཆེན་སྟོང་པ་ཤིན་ཏུ་སྟོང་པ་ཐམས་ཅད་སྟོང་པ་བཞི། བར་སྲིད་ལོངས་སྐུ་རྣམ་ཤེས་འཕོ་བ་ཡིད་གཟུགས་ཐོགས་མེད་ཉིང་མཚམས་སྦྱོར་བ་བཞི། སྐྱེ་བ་སྤྲུལ་སྐུར་དཀར་དམར་རྣམ་ཤེས་ལུས་སུ་གྲུབ་པ་བཞི་པོ་རིམ་པར་བདག་གཞན་སྦྱོར་གསང་གི་གདན་བཞིར་གནས་པ་དང༌། ལམ་རྒྱུད་ལ། སྨིན་བྱེད་དབང་གི་སློབ་དཔོན་མཚན་ལྡན་ནི་བདག །སློབ་མ་མཚན་ལྡན་ནི་གཞན། དབང་བསྐུར་བ་སྦྱོར་བ། དབང་དོན་རྒྱུད་ལ་སྐྱེས་པ་གསང་བའི་གདན་ཏེ་ཞིབ་པར་དབང་བཞི་རེ་རེ་བཞིན་ཡང་སྦྱོར་དགོས་པ་དང༌། གྲོལ་བྱེད་ལ་ཕྱི་བསྐྱེད་རིམ་གཞན་གྱི་གདན། ནང་རང་ལུས་ཐབས་ལྡན་བདག་གི་གདན། གསང་བ་ལས་ཀྱི་ཕྱག་རྒྱ་སྦྱོར་བའི་གདན། དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གསང་བའི་གདན་ཏེ་དེ་རེ་རེ་ལའང་བཞི་བཞིར་སྦྱོར་བ་དང༌། འབྲས་རྒྱུད་ལ་ཆོས་སྐུ་རང་དོན་རྫོགས་པ་བདག །སྤྲུལ་སྐུ་གདུལ་བྱ་འདུལ་བ་གཞན། ལོངས་སྐུ་ངེས་པ་ལྔ་དང་ལྡན་པ་སྦྱོར་བ། བདེ་བ་ཆེན་པོ་ངོ་བོ་ཐ་མི་དད་པ་གསང་བའི་གདན་གྱི་རང་བཞིན་དང་སྦྱར་ནས་བཤད་དོ། །དཔལ་ཁ་སྦྱོར་གྱི་རྒྱུད་ཕྱི་མ་ལས། མི་གསལ་བ་སོགས་གསང་བ་བདུན་གྱིས་འཆད་པར་གསུངས་ཏེ། དེའང་རྟོགས་བྱའི་དོན་རྒྱུའི་རྒྱུད་ནི་མི་གསལ་བའོ། །དབང་བཅུ་གཅིག་ནི་དེ་ཁོ་ན་ཉིད་མདོར་བསྟན་པའོ། །བསྐྱེད་པའི་རིམ་པ་ནི་ས་བོན་ལྔ་


LT08,P090A
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་ལྟ་བ་ནི་དམ་པའི་དངོས་པོ་སྦས་པའོ། །དཀྱིལ་འཁོར་འཁོར་ལོའི་ཐབས་དབང་གསུམ་པ་དང་འབྲེལ་བའི་ལམ་ནི་གསང་བའི་པདྨའོ། །བདག་བྱིན་གྱིས་བརླབས་པའི་རིམ་པ་ནི་ལྟེ་བའི་དགའ་བའོ། །དམ་ཚིག་དང་སྡོམ་པ་ལ་སོགས་པའི་ལམ་གྱི་ཡན་ལག་ཐམས་ཅད་ནི་ཐམས་ཅད་དུ་འགྲོ་བ་བསྡུས་པའོ། །རྒྱུད་ཁ་ཅིག་ནི་གོང་བུ་ཆུ་སོགས་གནས་པ་བཞིས་འཆད་པར་གསུངས་ཏེ། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། གོང་བུ་ཆུ་དང་གཟུགས་སུ་བཅས། །དེ་བཞིན་གཟུགས་ལས་འདས་པ་སྟེ། །གནས་པ་རྣམ་པ་བཞི་རུ་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཅེས་གསུངས་ཏེ། འདིའི་གནས་པ་བཞིའང་རྒྱུད་གསུམ་དང་སྦྱར་ནས་ཤེས་པར་བྱ་སྟེ། རྒྱུ་རྒྱུད་ཀྱི་གནས་པ་བཞི་ནི་མངལ་སྐྱེས་ཀྱི་སེམས་ཅན་གྱི་དབང་དུ་བྱས་ནས་དང་པོ་ཕ་མ་གཉིས་འཁྲིག་བདེ་ལ་ལོངས་སྤྱོད་པའི་ཚེ་བར་སྲིད་ཀྱང་བདེ་བ་དེ་ལ་ཆགས་པས་མངལ་དུ་འཇུག་པའི་ཕྱིར་བདེ་བ་ལ་ལོངས་སྤྱོད་པའི་ལོངས་སྐུ་སྟེ་གོང་བུར་གནས་པ། ཁུ་ཁྲག་ནང་དུ་རྣམ་ཤེས་བརྒྱལ་ནས་མེར་མེར་པོ་ལ་སོགས་པ་ཆུ་རུ་གནས་པ། དབང་པོ་རྫོགས་ཏེ་ལུས་གནས་པའི་གནས་སྐབས་ནི་གཟུགས་སུ་གནས་པ། ཤི་བའི་གནས་སྐབས་ནི་གཟུགས་ལས་འདས་པར་གནས་པའོ། །ཐབས་རྒྱུད་ལ་དབང་གི་བཞི་ནི། བུམ་དབང་གི་རྫས་ཅོད་པན་སོགས་ཕལ་ཆེར་གོང་བུ། གསང་དབང་གི་རྫས་བྱང་སེམས་ཆུ། ཤེར་དབང་གི་རྫས་ལྷ་ཡབ་ཡུམ་སྙོམས་པར་འཇུག་པ་གཟུགས། བཞི་པའི་རྫས་བདེ་ཆེན་རྟོག་མེད་གཟུགས་ལས་འདས་པའོ། །དེ་རེ་རེ་ལའང་ཆུ་དབང་གི་སྐབས་སུ་ཧཱུྃ་ལས་རྡོ་རྗེར་གྱུར་པ་གོང་བུ། དེ་ཞུ་བ་ཆུ། དེ་ལས་ལྷ་ཞལ་ཕྱག་ཅན་དུ་བསྐྱེད་པ་གཟུགས། དེ་ཐིམ་ནས་རྒྱུད་བྱིན་གྱིས་བརླབས་པ་གཟུགས་ལས་འདས་པ་སྟེ་དབང་གཞན་ཐམས་


LT08,P090B
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་དེས་རིགས་འགྲེའོ། །ལམ་ལ་སྦྱར་ན་བསྐྱེད་རིམ་གྱི་ཚེ་ས་བོན་ལས་བྱུང་བའི་ཕྱག་མཚན་གོང་བུ། དེ་ལས་བྱུང་བའི་རྒྱུ་རྡོ་རྗེ་འཆང་ཞུ་བ་ཆུ། དེ་ལས་འབྲས་བུ་རྡོ་རྗེ་འཆང་བཞེངས་པ་གཟུགས། དེ་ཉིད་མཐར་རྩ་བའི་འོད་གསལ་དུ་བསྡུ་བ་གཟུགས་ལས་འདས་པའོ། །རྫོགས་རིམ་གྱི་ཚེ་བཞི་ནི་དབང་གོང་མ་གསུམ་གྱི་རིགས་པས་ཤེས་སོ། །འབྲས་རྒྱུད་ཀྱི་བཞི་ལ་ལོངས་སྐུ་ཆི་གོང་བུར་གནས་པ་སྟེ་བདེ་བ་ལ་ལོངས་སྤྱོད་པས་སོ། །ཆོས་སྐུ་ནི་ཆུར་གནས་པ་སྟེ་ཆུ་ལ་ཆུ་བཞག་ལྟར་རོ་གཅིག་པའམ་ཆུའི་ཐིག་ལེ་ལྟར་རྣམ་རྟོག་གི་ཟུར་མེད་པས་སོ། །སྤྲུལ་པའི་སྐུ་ནི་གཟུགས་སུ་གནས་པ་སྟེ་ཞལ་ཕྱག་གི་རྣམ་པ་ཅན་ཡིན་པས་སོ། །ངོ་བོ་ཉིད་སྐུ་ནི་གཟུགས་ལས་འདས་པར་གནས་པ་སྟེ་ཐམས་ཅད་དེར་ཐིམ་པས་སོ། །གཞན་ཡང་བརྟག་གཉིས་ལས་རྒྱུད་ཐམས་ཅད་རིམ་པ་གཉིས་སུ་བསྡུས་པ་དང༌། རིགས་ཀྱི་འཇིག་རྟེན་མགོན་པོའི་རྒྱུད་དེ་ཉིད་བཞིས་འཆད་པ་སོགས་འཆད་ཐབས་ཀྱི་རྣམ་གྲངས་མང་དུ་འབྱུང་ངོ༌། །རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་འཆད་ཚུལ་ནི། འགྲེལ་ཆེན་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་ནས། རྫོགས་པའི་བྱང་ཆུབ་རྣམ་པ་བཞི་དང༌། རྡོ་རྗེ་རྣམ་པ་བཞིས་ཡོངས་སུ་དག་པ། སྐུ་བཞི་དང༌། རིགས་དྲུག་དང༌། བདེན་པ་བཅུ་གཉིས་དང༌། དེ་ཁོ་ན་ཉིད་བཅུ་དྲུག་དང༌། སྟོང་པ་བཅུ་དྲུག་དང༌། སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཀྱི་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། དབང་བསྐུར་བ་འཇིག་རྟེན་པའི་བཅུ་དང༌། འཇིག་རྟེན་ལས་འདས་པའི་བཅུ་གཅིག་པ་རབ་ཏུ་གསལ་བར་བྱེད་པ། ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རབ་ཏུ་གསལ་བར་བྱེད་པ། འཇིག་རྟེན་གྱི་ཁམས་དང༌། ནང་དང༌། མངོན་པར་དབང་


LT08,P091A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་དང༌། སྒྲུབ་ཐབས་དང༌། ཡེ་ཤེས་ཏེ་ལེའུ་ལྔའི་བདག་ཉིད་དམ་བརྟག་པ་ལྔའི་བདག་ཉིད་ནི། ཞེས་གསུངས་པ་ལྟར་བདེན་པ་གཉིས་ལ་བརྟེན་པའི་ལམ་རིམ་གཉིས་དང་བྱང་ཆུབ་བཞི་ལ་སོགས་པའི་ཆོས་ཕྱི་ནང་གཞན་གསུམ་ལ་སྦྱར་ཞིང་འཆད་པ་སྟེ། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ནང་དེ་བཞིན་དུ་དེ་བཞིན་གཞན། །ཞེས་བཤད་པ་ལྟར་རོ། །དེའང་རྒྱུད་ཀྱི་སྒྲ་ཇི་བཞིན་པ་རྣམས་མ་གཏོགས་རྡོ་རྗེའི་ཚིག་རེ་རེ་ལའང་རྒྱས་པར་ཕྱི་ནང་གཞན་གསུམ་གསུམ་དང༌། བསྡུས་ན་དྲང་དོན་དང་ངེས་དོན་གྱི་བཤད་པ་གཉིས་གཉིས་སེམས་འགྲེལ་རྣམས་ལས་འབྱུང་བ་ལྟར་རོ། །མདོར་ན་རྒྱུད་གཅིག་འཆད་པ་ལའང་རྒྱུད་དུ་མའི་དོན་ལ་མཁས་པར་བྱས་ལ། རྒྱུད་སོ་སོའི་བཤད་ཐབས་ཀྱི་ཡན་ལག་དང༌། བླ་མའི་མན་ངག་དང་ལྡན་པས་གདུལ་བྱའི་བློ་དང་འཚམས་པར་སྙིང་པོའི་དོན་ངོས་བཟུང་ཞིང་རྟོན་པ་བཞི་ལ་བརྟེན་ནས་བཤད་དགོས་ཏེ། རྒྱས་པ་རྒྱུད་སོ་སོ་འཆད་པའི་སྐབས་སུ་བླ་མའི་མན་ངག་ལས་རྟོགས་པར་བྱའོ། །དེ་ལྟར་ཡང༌། རྡོ་རྗེ་སྙིང་འགྲེལ་ལས། ཀྱེ་ཡི་རྡོ་རྗེ་ཡིས་ནི་བདེ་མཆོག་འཁོར་ལོ་དང་ནི་གདན་བཞི་ཤེས་པར་བྱ། །ཀྱེ་རྡོ་རྗེ་དང་བདེ་མཆོག་འཁོར་ལོ་ཉུང་ངུ་འདི་ནི་གདན་བཞིས་ཤེས་པར་བྱ། །མཆོག་གི་དང་པོའི་སངས་རྒྱས་ཚིག་དང་བདེ་མཆོག་ཆེན་པོས་ངེས་དོན་ཤེས་པར་བྱ། དེ་ལ་སོགས་པའི་རྒྱུད་རྣམས་ནི། །རྒྱུད་གཞན་རྣམས་ཀྱིས་རྟག་ཏུ་ནི། །བསྟན་དང་རྒྱས་བཤད་ཀྱིས་ཤེས་བྱ། །འགྲེལ་བས་ལམ་དོད་རྣམས་ཀྱིས་སོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁྱད་པར་མན་ངག་ལུགས་ཀྱི་བཤད་ཐབས་ནི། མན་ངག་ལུགས་ཀྱིས་རྒྱུད་གསུམ་སྒོ་ནས་འཆད། །སྲུང་འཁོར་གཏོར་མ་ཡོན་འབུལ་སྔོན་བྱུང་བསྒོམ། །སློབ་མས་སྒོ་གསུམ་ཉེས་པ་བཅུ་གཅིག་སྤང༌། །མི་གཡེང་སྨྲ་བའི་རྒྱན་ལྡན་འཆད་ཉན་ལ། །རྡོ་རྗེ་འཛིན་རྣམས་ལྷག་པར་གཟིགས་


LT08,P091B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས། །ད་ལྟ་བདེ་དགྱེས་སོགས་རྒྱུད་འཆད་པ་རྣམས་ལ་ཡོངས་སུ་གྲགས་ཤིང་ཁྱད་པར་གསང་འདུས་ཀྱི་རྒྱུད་ཕྱི་མའི་དོན་པཎ་ཆེན་ནཱ་རོ་ཏཱ་པའི་རྗེས་འབྲང་མན་ངག་འཛིན་པ་རྣམས་ཀྱི་ལུགས་ཀྱིས་རྒྱུད་ཐམས་ཅད་ཀྱང་རྒྱུད་གསུམ་གྱི་སྒོ་ནས་འཆད་དེ། དེའང་རྒྱུའི་རྒྱུད་ནི་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་མྱ་ངན་ལས་འདས་པ་ཇི་ལྟར་ཡིན་པའི་ཚུལ་དང༌། དེའི་ཆོས་ཅན་རྒྱས་པར་ཕྱེ་ན་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་སུམ་ཅུ་རྩ་དྲུག་གམ། མདོར་ན་ལུས་ངག་ཡིད་གསུམ་ཇི་ལྟར་གནས་པའི་ཚུལ་བསྟན་པ་རྣམས་སོ། །ཐབས་ཀྱི་རྒྱུད་ནི་སྨིན་བྱེད་ཀྱི་ལམ་དབང་བསྐུར་བ་དང༌། གྲོལ་བྱེད་ཀྱི་ལམ་རིམ་གཉིས་འཁོར་དང་བཅས་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་དང༌། འབྲས་བུའི་རྒྱུད་ནི་རྒྱུ་ལ་ཇི་ལྟར་གནས་པ་དབང་གིས་སྨིན་པར་བྱས་ནས་རིམ་གཉིས་བསྒོམས་པས་རྟོགས་པའི་ཏིང་ངེ་འཛིན་སྐྱེས་ནས་གྲུབ་པའི་ས་ཐོབ་སྟེ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་གང་ཡིན་པའོ། །དེ་ལྟར་རྒྱུད་ཉན་པ་ཐམས་ཅད་ཐོག་མར་དབང་བསྐུར་ཚུལ་བཞིན་དུ་ནོས་ལ་སྡོམ་པ་བཟུང༌། བཤད་པའི་ཚེ་ཐོག་མར་སྲུང་བའི་འཁོར་ལོ་བསྒོམ་ཞིང་མཁའ་འགྲོ་སོགས་ལ་གཏོར་མ་སྦྱིན། སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་བལྟ་ཞིང་སློབ་དཔོན་ལ་གསེར་ལ་སོགས་པའི་ཡོན་དབུལ། །སྔོན་བྱུང་གླེང་གཞི་དང་མཐུན་པར་སློབ་དཔོན་དཀྱིལ་འཁོར་གྱི་བདག་པོ། སློབ་མ་རྒྱུད་ཞུ་བ་པོར་མོས་པ་སོགས་ཀྱི་ཏིང་ངེ་འཛིན་གཉིས་ཀས་གསལ་གདབ། སྒོ་གསུམ་གྱི་སྐྱོན་ནམ་ཉེས་པ་བཅུ་གཅིག་སྤངས་ཏེ། དེའང༌། ཉལ་བ་ལ་སོགས་པ་ལུས་ཀྱི་གནས་ངན་ལེན་དང༌། རྩེད་མོ་དང༌། ཀྱལ་ཀ་དང༌། ཞེ་སྡང་བའི་བརྒལ་ལེན་དང༌། ཅ་ཅོ་དང༌། ཧ་ཅང་རྟོག་གེ་ལ་དགའ་བས་གཏན་ཚིག་དང་ཐལ་འགྱུར་གྱི་རྣམ་གཞག་ཐལ་བ་དང༌། མན་ངག་མེད་པ་དང༌། རྫུན་གྱི་མན་ངག་དང༌།


LT08,P092A
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྨིན་པའི་སྐྱེ་བོས་ཐོས་པ་དང༌། འགྲན་པ་དང༌། རྙེད་པའི་སེམས་སོ། །དེ་ལྟར་སེམས་མི་གཡེང་ཞིང་སྨྲ་བའི་རྒྱན་རྣམས་དང་ལྡན་པས་རྒྱུད་འཆད་ཅིང་ཉན་པ་ལ་འཕྲལ་དང་ཡུན་གྱི་ཕན་ཡོན་ཚད་མེད་པ་དང་ལྡན་ཅིང༌། རིགས་དྲུག་པ་དང་གསང་བའི་བདག་པོ་ལ་སོགས་པ་རྡོ་རྗེ་འཛིན་པ་རྣམས་ལྷག་པར་དགོངས་ཤིང་གཟིགས་ལ། དེའི་རྗེས་སུ་འབྲང་བའི་མཁའ་འགྲོ་དམ་ཅན་རྣམས་ཀྱིས་ཀྱང་སྤུན་ནམ་བུ་སྡུག་པ་དང་འདྲ་བར་སྲུང་ཞིང་སྐྱོབ་པར་མཛད་པར་གསུངས་སོ། །རྩ་བའི་གཉིས་པ་གསང་སྔགས་རྙིང་མའི་ལུགས་ཀྱི་རྣམ་པར་གཞག་པ་ལ་གཉིས། མཚམས་སྦྱར་བ་དང༌། རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ནི། སྔ་འགྱུར་རྡོ་རྗེ་ཐེག་པ་ཐུན་མིན་ལུགས། །ཞེས་པ་སྟེ། གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་ནི་ཐུན་མོང་མ་ཡིན་པའི་རྣམ་གཞག་དང་ཆོས་སྐད་ཁྱད་པར་ཆེ་བས་ལོགས་སུ་དབྱེ་བར་བྱའོ། །གཉིས་པ་རྣམ་གཞག་དངོས་ལ་གསུམ། བརྗོད་བྱ་ཐེག་རིམ་གྱི་རྣམ་གཞག །རྗོད་བྱེད་ཚིག་རྒྱུད་ཀྱི་རྐང་གྲངས། རྒྱུད་བཤད་ཐབས་ཀྱི་ཆིངས་བསྟན་པའོ། །དང་པོ་ལ་གསུམ། མདོར་བསྟན་གྱིས་རྣམ་པར་དབྱེ། ཐེག་པ་གསུམ་དུ་དོན་བསྡུ། སླར་ཐེག་དགུ་སོ་སོའི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ནི། འདུལ་བའི་དབང་གིས་སྡེ་སྣོད་བཞི་དང་ནི། །དབང་པོའི་རིམ་ལས་ཐེག་པ་དགུ་རུ་གསུངས། །དེའང་རྫོགས་པ་ཆེན་པོ་དུང་ཡིག་ཅན་ལས། སྡེ་སྣོད་རིན་པོ་ཆེ་ལས་མངོན་པ་སྟེ། །ཞེས་འབྱུང་བ་ལྟར་སློབ་དཔོན་བི་མ་ལ་སོགས་ནི་མངོན་པའི་སྡེ་སྣོད་ལ་ཕྱི་ནང་གཉིས་ལས་སྔགས་ནི་ནང་གི་མངོན་པར་བཞེད། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་ལས། ཏནྟྲ་སྡེ་བཅོ་བརྒྱད་ལ་མདོ་སྡེ་ཆེན་པོ་བཅོ་བརྒྱད། ཅེས་འབྱུང་བ་ལྟར་སློབ་དཔོན་ཤཱནྟིཾ་གརྦྷ་སོགས་ཟབ་མོའི་དོན་མདོར་བསྡུས་ཏེ་སྟོན་པས་མདོ་སྡེའི་སྡེ་སྣོད་དོ། །ཞེས་བཞེད་པ་སོགས་སྣང་ཡང༌། སློབ་དཔོན་


LT08,P092B
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱརྻ་དེ་བ་དང༌། བོད་ཀྱི་མཁས་པ་རོག་བདེར་གཤེགས་ཆེན་པོ་དང༌། ཀུན་མཁྱེན་དྲི་མེད་འོད་ཟེར། ཆོས་རྒྱལ་གཏེར་བདག་གླིང་པ་རྣམས་ནི། རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་ལོགས་སུ་བྱས་ཏེ། སྤྱིར་བགྲངས་པའི་བཞི་པར་བཞེད་དེ། ཀུན་བྱེད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང༌། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་དང༌། ཡོན་ཏན་བཀོད་པའི་རྒྱུད་ལས་ཀྱང༌། །ཕྱི་ཡི་སྡེ་སྣོད་གསུམ་དག་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དག །སོ་སོའི་གཉེན་པོར་བསྟན་པ་སྟེ། །བླ་མེད་མཉམ་པའི་གསང་སྔགས་ནི། །ཉོན་མོངས་ཀུན་གྱི་གཉེན་པོར་བསྟན། །ཅེས་སོ། །ཐེག་པའང་བཀའ་སྤྱི་གཞུང་དུ་གྲགས་པ་ལྟར་ན། ཐེག་པའི་གྲངས་འདི་ཁོ་ན་ཞེས་ཕྱོགས་གཅིག་ཏུ་བཟུང་དུ་མེད་དེ། གདུལ་བྱའི་བློ་དང་འཚམས་པར་སངས་རྒྱས་ཀྱི་ཐུགས་རྗེས་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར་ཏེ། རྒྱས་པ་ལས། བླ་མེད་ཐེག་པ་བསམ་ཡས་གསུངས་པ་ཡང༌། །སོ་སོ་རང་གི་བློ་ལ་སྣང་བར་ཟད། །ཅེས་དང༌། ལངྐར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །དེའང་རེ་ཞིག་བསྡུ་ན། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །ཅེས་པ་ལྟ་བུ་འབྲས་བུ་ལ་དགོངས་ཏེ་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབས་


LT08,P093A
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཡང་ཐེག་པ་ཆུང་ངུ་དང་ཆེན་པོའམ། རྒྱུ་འབྲས་ཀྱི་དབྱེ་བས་གཉིས་དང༌། ཉན་རང་བྱང་སེམས་གསུམ་མམ། ཀུན་འབྱུང་འདྲེན་པ། དཀའ་ཐུབ་རིག་བྱེད། དབང་སྒྱུར་ཐབས་ཀྱི་ཐེག་པ་སྟེ་གསུམ་དང༌། རྒྱུའི་ཐེག་པ་གསུམ་འབྲས་ཐེག་དང་བཅས་པས་བཞི་དང༌། ལང་གཤེགས་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་པས་ཇི་སྲིད་བློའི་རིམ་པ་མ་ཟད་ཀྱི་བར་དུ་ཐེག་པའི་མཐའ་ལ་ཐུག་པ་མེད་པས་བསམ་གྱིས་མི་ཁྱབ་པ་དང༌། གང་ལ་བརྟེན་ནས་འགྲོ་བའི་ལམ་དང་གང་གིས་འགྲོ་བ་ལ་སོགས་པ་བློ་ངོ་བོ་ཉིད་ཀྱིས་དག་པའི་དོན་ཐེག་པ་ཞེས་པའང་དམིགས་སུ་མེད་པའི་བར་དུ་བཤད་དོ། །འོན་ཀྱང་སྤྱི་མདོ་ལས། ལང་ཀའི་བདག་པོ་གཞན་ཡང་གང༌། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པའི་རེ་རེ་ལའང་གསུམ་གསུམ་དུ་ཕྱེས་ནས། མཚན་ཉིད་སྡེ་གསུམ། ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་སྟེ་ཐེག་པ་རིམ་པ་དགུར་དབྱེ་བ་ཉིད་གྲགས་ཆེ་ལ། དེས་ན་གདུལ་བྱ་ཉོན་མོངས་སོ་སོར་འདུལ་བའི་དབང་གིས་སྡེ་སྣོད་བཞི་དང༌། དབང་པོ་ཐ་མ་དང༌། འབྲིང་དང༌། རབ་རྣམས་རེ་རེ་ལའང་གསུམ་གསུམ་དུ་དབྱེ་བས་གཞུག་པའི་སླད་དུ་ཐེག་པ་རིམ་པ་དགུར་གསུངས་པ་ཡིན་ནོ། །གཉིས་པ་གསུམ་དུ་དོན་བསྡུ་བ་ལ་གཉིས། དོན་བསྡུ་དངོས། གཞི་ལམ་འབྲས་གསུམ་ངོས་བཟུང་བའོ། །དང་པོ་ནི། དེ་དག་བརྗོད་བྱ་གཞི་དང་རྗོད་བྱེད་ལམ། །བརྗོད་བྲལ་འབྲས་བུའི་ཐེག་པ་གསུམ་དུ་འདུ། །སྡེ་སྣོད་ཐེག་རིམ་དེ་དག་ཀྱང་བསྡུ་ན། ཀུན་བྱེད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་དགུ་རུ་བྱུང༌། །


LT08,P093B
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་གསུངས་པ་ལྟར། །བརྗོད་བྱ་གཞིའི་ཐེག་པ། རྗོད་བྱེད་ལམ་གྱི་ཐེག་པ། བརྗོད་བྲལ་འབྲས་བུའི་ཐེག་པ་གསུམ་དུ་འདུ་བ་ཡིན་ནོ། །གཉིས་པ་ནི། གཞི་ནི་ངོ་བོ་རང་བཞིན་ཐུགས་རྗེའི་བདག །ལམ་མཆོག་ཉན་ཐོས་ནས་བཟུང་ཨ་ནུའི་བར། །འབྲས་བུ་ཡེ་ཤེས་གཙོར་གྱུར་ཨ་ཏིའོ། །གཞིའི་ཐེག་པ་ནི་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་ལ་གསུངས་པ་སྟེ། དེའང་རྒྱུའི་ཐེག་པར་ཀུན་གཞིའི་ཡེ་ཤེས་དང༌། ཀྲི་ཡའི་བདག་ཉིད་དེ་ཁོ་ན་ཉིད་དང༌། ཨུ་པ་དང་ཡོ་གས་དོན་དམ་མཚན་མ་མེད་པའི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟ་བ་དང༌། མ་ཧཱ་ཡོ་གའི་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང༌། ཨ་ནུ་ཡོ་གའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང༌། ཨ་ཏི་ཡོ་གའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སོགས་པའི་ཐ་སྙད་གང་ལའང་འཇུག་པའི་གཞི་སྟེ་བྱེ་བྲག་ལུས་ཅན་རྣམས་ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་རྒྱུའི་རྒྱུད་ཀྱི་རྟེན་དྭངས་མ་ལྔ་ལྡན་གྱི་དབུས་སུ་ཆོས་སྐུ་བྱང་ཆུབ་སེམས་ཉིད་ཐིག་ལེ་མི་ཤིགས་པའི་རང་བཞིན་དུ་བཞུགས་པར་བཤད་ཅིང་འབྱུང་ལྔ་སེམས་དང་བཅས་པའི་དྭངས་མ་དྲུག་ཀྱང་གཉིས་གཉིས་རོ་གཅིག་ཏུ་འཇུག་པས་ཤིན་ཏུ་ཕྲ་བའི་སྒོ་གསུམ་རྡོ་རྗེ་མི་ཤིགས་པ་གསུམ་གྱི་རང་བཞིན་དུ་ཡེ་ནས་གནས་ཤིང་རྣམ་པ་ཀུན་ཏུ་མི་གཡོ་བ་སྟེ། འདི་ལ་ཐེག་པའི་སྒྲས་བསྟན་པ་ནི་ལྟོས་གཞི་ལ་ལྟོས་ཆོས་ཀྱི་མིང་གིས་བསྟན་པའོ། །ལམ་རིམ་ལས། གཞི་ཡི་ཐེག་པ་དང་པོར་ཞོག །ཅེས་སོར་བཞག་ལྷ་མིའི་ཐེག་པ་ཉིད་ཐེག་པ་ཐམས་ཅད་ཀྱི་གཞིར་གྱུར་པའམ་སྔོན་དུ་འགྲོ་བ་ལ་བཤད་ཀྱང་འདིར་ནི་གོང་དུ་སྨོས་པ་ལ་བཟུང་ངོ༌། །རྗོད་བྱེད་ལམ་གྱི་ཐེག་པ་མཆོག་ནི་ཉན་ཐོས་ནས་བཟུང་སྟེ་ཨ་ནུ་ཡོ་གའི་བར་རྣམ་པ་ཏེ་ཟླ་བ་ཚེས་གསུམ་ནས་བཅུ་བཞིའི་བར་རིམ་གྱིས་ཚེས་པ་དང་སྦྱར། འབྲས་བུའི་


LT08,P094A
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ནི་བསམ་བརྗོད་རྒྱུ་འབྲས་འབད་རྩོལ་ལས་འདས་པའི་རང་བྱུང་འོད་གསལ་བའི་ཡེ་ཤེས་གཙོར་གྱུར་པ་ཐེག་པ་གཞན་ཐམས་ཅད་ཀྱིས་བགྲོད་པའི་མཐར་ཐུག་ཨ་ཏི་ཡོ་ག་ཉིད་དོ། །གསུམ་པ་ཐེག་དགུ་སོ་སོའི་རྣམ་གཞག་རྒྱས་པར་བཤད་པ་ལ་གཉིས། དང་པོ་དྲུག་མིང་ཙམ་སྨོས། ཡོ་ག་གསུམ་རྒྱས་པར་བཤད་པའོ། །དང་པོ་ནི། ཉན་རང་བྱང་སེམས་ཀུན་འབྱུང་འདྲེན་པའི་ཐེག །ཀྲི་ཡ་ཨུ་བྷ་ཡོ་ག་དཀའ་ཐུབ་རིག །ཁྱད་པར་མ་མཆིས་ཐུན་མོང་བཤད་ལས་ཤེས། །ཐེག་པ་རིམ་པ་དགུའི་དང་པོ་ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་ནི། རྒྱུ་ཀུན་འབྱུང་བ་ལས་དང་ཉོན་མོངས་པ་རྣམས་སྤོང་བར་བྱེད་པའི་སྒོ་ནས་ཐར་པར་འདྲེན་པས་ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བྱ་བ་དང༌། ཀྲི་ཡ་སྟེ་བྱ་བ་དང༌། ཨུ་བྷ་ཡ་སྟེ་གཉིས་ཀ་ཞེས་སྤྱོད་པ་དང༌། ཡོ་ག་སྟེ་རྣལ་འབྱོར་བཅས་ཕྱི་རྒྱུད་སྡེ་གསུམ་ནི་ཁྲུས་དང་གཙང་སྦྲ་ལ་སོགས་པའི་དཀའ་ཐུབ་བྲམ་ཟེ་རིག་བྱེད་སྨྲ་བ་རྣམས་དང་ཚུལ་མཐུན་པར་སྤྱོད་དགོས་པས་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་བྱ་སྟེ། དྲུག་པོ་དེའི་རྣམ་པར་གཞག་པ་ནི་སྔགས་གསར་མའི་བཤད་ཚུལ་དང་ཁྱད་པར་མ་མཆིས་པས་གོང་དུ་ཐུན་མོང་བར་བཤད་པ་ལས་ཤེས་པར་བྱའོ། །གཉིས་པ་ཡོ་ག་གསུམ་རྒྱས་པར་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྒྱུད་ལུང་མན་ངག་དབང་སྒྱུར་ཐབས་ཀྱི་ཐེག །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་སྡེ་གསུམ་གྲགས། །རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་སྟེ་ཡོ་ག་རྣམ་པ་གསུམ་ནི། སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་རྣམ་པར་སྣང་བ་སྣོད་བཅུད་ཐམས་ཅད་ལྷག་པའི་བདེན་གཉིས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་གཏན་ལ་ཕབ་སྟེ་ཆོས་ཐམས་ཅད་མཉམ་པ་ཉིད་ཆེན་པོར་དབང་སྒྱུར་བའི་ཐབས་ལ་མཁས་པས་དབང་སྒྱུར་ཐབས་ཀྱི་ཐེག་པ་ཞེས་སྤྱི་མིང་དུ་གསུངས་


LT08,P094B
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། དེ་གསུམ་རིམ་པ་བཞིན་བསྐྱེད་པ་དང་རྫོགས་པ་དང་རྫོགས་པ་ཆེན་པོའི་སྡེ་གསུམ་དུའང་གྲགས་སོ། །དེ་གསུམ་གྱི་ཁྱད་པར་ལྷ་རྗེ་ཟུར་ཆུང་པས། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པ་མ་ཧཱ་ཡོ་ག །ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པ་ཨ་ནུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པ་ཨ་ཏི་སྟེ་ལྟ་བའི་སྒོ་ནས་ཁྱད་པར་དབྱེ། ཀློང་ཆེན་པས། གདུལ་བྱ་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བའི་དོན་དུ་སྣང་བ་ཐབས་ཀྱི་རང་བཞིན་ཕ་རྒྱུད་མ་ཧཱ་ཡོ་ག །འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བའི་དོན་དུ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མའི་རྒྱུད་ཨ་ནུ། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་སློད་པ་ཅན་གྱི་དོན་དུ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་བསྟན་ཏེ། བཀོད་པ་ཆེན་པོ་ལས། སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུངས་པའི་ཕྱིར་ཅེས་བཞེད་ལ། སེམས་ཉིད་ངལ་གསོ་ལས་ཀྱང༌། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་བསྐྱེད་རིམ་ཤེས་རབ་གཙོ། །ཨ་ཏིས་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཞེས་སོ། །གཉིས་པ་ལ་ལྔ། རྒྱུད་མ་ཧཱ། ལུང་ཨ་ནུ། མན་ངག་ཨ་ཏི། དེ་དག་གི་དམ་ཚིག །རབ་ཏུ་དབྱེ་བ་བཤད་པའོ། །དང་པོ་ལ་བདུན། ངོ་བོ། ངེས་ཚིག །འཇུག་སྒོ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ནི། དང་པོའི་ངོ་བོ་ཐབས་ལ་གཙོ་བོར་བརྟེན། །ལྷག་པའི་བདེན་པ་དབྱེར་མེད་རྟོགས་གོམས་སྦྱོར། །དང་པོ་མ་ཧཱ་ཡོ་གའི་ཐེག་པའི་ངོ་བོ་ནི། ཐབས་བསྐྱེད་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །


LT08,P095A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ངེས་ཚིག་ནི། མ་ཧཱ་ཡོ་ག་རྣལ་འབྱོར་ཆེན་པོ་སྟེ། །མ་ཧཱ་ཡོ་གའི་སྒྲ་ལས་རྣལ་འབྱོར་ཆེན་པོ་སྟེ་གཉིས་མེད་ཀྱི་དོན་ལ་བློ་འབྱོར་བས་ཡོ་ག་ཕྱི་པ་ལས་ཆེས་འཕགས་པའི་ཕྱིར་རོ། །གསུམ་པ་འཇུག་སྒོ་ལ་གཉིས། དབང་དང་བྱ་བའི་འཇུག་སྒོའོ། །དང་པོ་ནི། འཇུག་སྒོ་ཕན་ནུས་ཟབ་མོས་སྨིན་བྱས་ནས། །དེའི་འཇུག་སྒོ་དབང་བསྐུར་བ་ལ། བསྐུར་བའི་གནས་དཀྱིལ་འཁོར་ནི། སྤྱིར་སྒྱུ་འཕྲུལ་ལས་དཀྱིལ་འཁོར་བདུན་དུ་བཤད་དེ། འདིར་ནི་རང་བཞིན་དཀྱིལ་འཁོར་དང༌། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང༌། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང༌། །བྱང་ཆུབ་སེམས་དང་ཚོགས་མཆོག་དང༌། །ཞེས་གསུངས་པའི་དང་པོ་རང་བཞིན་གྱི་དཀྱིལ་འཁོར་ལའང་རང་བཞིན་གྱི་དཀྱིལ་འཁོར་དང་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་སུ་ཕྱེ་བས་བརྒྱད་དོ། །དེ་ལ་དང་པོ་ནི། འཁོར་འདས་ཐམས་ཅད་ཀྱི་གཤིས་ཆོས་ཀྱི་དབྱིངས་སྤྲོས་པའི་མཚན་མ་གང་དུའང་མ་ལྷུང་བ་དེའོ། །གཉིས་པ་ནི། དག་པ་གཉིས་ལྡན་གྱི་ཡེ་ཤེས་དེ་ཉིད་དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པས་སེམས་ཅན་གྱི་དོན་མཛད་པ་དེའོ། །གསུམ་པ་ནི། གླིང་བཞི་རི་རབ་དང་བཅས་པ་ཡེ་ཤེས་ལྔའི་གཟུགས་བརྙན་དུ་གྲུབ་པའོ། །བཞི་པ་ནི། རྡུལ་ཚོན་རས་བྲིས་བློས་བསླངས་སོགས་ཏེ་སྐྱེས་བུའི་རྩོལ་བས་སྒྲུབ་པས་ལྷག་པ་ཞེས་བཏགས་སོ། །ལྔ་པ་ནི། རྣལ་འབྱོར་བའི་སྤྲོས་མེད་ཀྱི་ཏིང་ངེ་འཛིན་ནོ། །དྲུག་པ་ནི། རྣལ་འབྱོར་པས་བསྐྱེད་རིམ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་སྟེ། དེའང་རྟོག་པས་བཏགས་པས་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རོ། །བདུན་པ་ནི། ཀུནྡ་བྱང་ཆུབ་ཀྱི་སེམས་སོ། །བརྒྱད་པ་ནི། རྣལ་འབྱོར་པ་ཕོ་མོ་སྒྲུབ་པ་ལ་ཞུགས་པ་སྟེ་གྲངས་ཇི་ཙམ་ཡོད་པ་དེ་ལ་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱའོ། །བྱེ་བྲག་དབང་བསྐུར་བའི་དཀྱིལ་འཁོར་དངོས་


LT08,P095B
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྒྱུད་ཚོད་དང་སྦྱར་བའི་དཀྱིལ་འཁོར་བཞི་དང་དེ་ལས་སྐབས་དོན་དེང་སང་གི་གང་ཟག་ཕལ་ཆེར་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་རོ། །དང་པོ་ལ་རང་བཞིན་ཡེ་ཤེས་དཀྱིལ་འཁོར་དང༌། ལྷག་པ་ཏིང་ངེ་འཛིན་གྱི་གཟུགས་བརྙན་ནམ་སྤྲུལ་པའི་དཀྱིལ་འཁོར་དང༌། རིག་པ་ཉམས་ཀྱི་དཀྱིལ་འཁོར་དང༌། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དང་བཞི་ལས། དང་པོ་གསུམ་ནི་རིམ་པར་སློབ་དཔོན་རྫོགས་པའི་སངས་རྒྱས་དང༌། མཐར་ལམ་པ། མཐོང་སྒོམ་ལ་གནས་པས། སློབ་མ་ས་མཐའི་བྱང་སེམས་དང༌། མཐོང་སྒོམ་དང་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པ་རྣམས་ལ་གང་དུ་བསྐུར་བའི་དཀྱིལ་འཁོར་དུ་སྒྱུ་འཕྲུལ་རྡོ་རྗེ་ལས་བཤད་པས་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཅིང༌། བཞི་པ་ཏིང་ངེ་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ཡན་ཆད་ཀྱི་སློབ་དཔོན་མཚན་ཉིད་དང་ལྡན་པས། སྐལ་ལྡན་གྱི་སློབ་མ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ལ། དེའང་གདུལ་བྱའི་དབྱེ་བས། སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ་ལྟ་བུ་དམིགས་རྟེན་ཅུང་ཟད་ཙམ་ལ་བརྟེན་ནས་བསྐུར་རུང་བ་ཡོད་དེ། བཀའ་བརྒྱད་བདེར་འདུས་ཀྱི་དབང་ཆོག་རྩ་བར། དཀྱིལ་འཁོར་གང་དུ་དབང་བསྐུར་ན། །རབ་འབྲིང་ཐ་མར་གསུངས་པ་ཡི། །མེ་ཏོག་བྲིས་སྐུ་རྡུལ་ཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབང་བསྐུར་རོ། །ཞེས་སོ། །ཟབ་མོའི་དབང་གི་དཀྱིལ་འཁོར་ནི་སྔར་བཤད་མཆོག་དབང་གསུམ་པོ་དང་མཚུངས་སོ། །དབང་དངོས་ནི། རྒྱུད་སྒྱུ་འཕྲུལ་དྲྭ་བ་ལྟར་ན། སྙིང་པོ་ལས། དད་བརྩོན་བརྟུལ་ཞུགས་ལྡན་རྟོགས་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང༌། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་པ་ལྟར་དད་པ་ཅན་ལ་དབུ་རྒྱན་ཅོད་པན་སོགས་ཕྱི་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་ལ་གསུམ་གྱི་བདག་དོན་ནུས་པ་ལ་ཉན་སྒོམ། གཞན་དོན་ནུས་པ་ལ་འཆད་འཕྲིན།


LT08,P096A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྟེ་ནུས་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་གསུམ་ལ་ཟབ་མོའི་དབང་གསུམ་བསྐུར་བས་སྨིན་པར་བྱེད་པའོ། །སྒྲུབ་སྡེ་ལ་སྤྱི་བཀའ་བདེ་འདུས་ལྟར་ན། མདོ་བྱང་ཊཱི་ཀ་ལས། ཕྱི་དབང་ནང་དབང་གསང་དབང་དང༌། །ཐེག་པ་ལྟ་བ་སྤྱི་འབྱམས་དབང༌། །རིམ་གྱིས་དབང་ནི་རྫོགས་པར་བསྐུར། །ཞེས་པ་ལྟར་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་དང་བཞི་ལས། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་བུམ་པ་སོགས་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད་ལ་བརྟེན་ནས་ཕྱི་དབང་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་ཁྱེར་བའི་ཕྱིར་གསང་དབང་ཡུམ་ལ་བརྟེན་ནས་བསྐུར་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་དང་བཞི་ཡིན་ནོ། །སྒྲུབ་སྡེའི་སྒོས་བཀའ་ཡང་ཕུར་སོགས་ལ་ཐུན་མོང་བ་བླ་མེད་སྤྱི་བཀའ་ལྟར་དབང་བཞི་བསྐུར་བ་དང༌། ཟབ་ཁྱད་སྒྲུབ་དབང་གི་ལུགས་སུ་བསྐུར་བ་སོགས་མང་ཡང་སྤྱི་ལྡོག་ནས་བླ་མེད་ཀྱི་དབང་ཐམས་ཅད་དབང་བཞིར་འདུ་བ་ཡིན་ནོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། སྟོང་པ་ཆེན་པོ་སྙིང་རྗེ་སྒྱུ་མ་དང༌། །ཕྱག་རྒྱ་ཕྲ་རགས་ཏིང་འཛིན་གསུམ་གྱིས་འཇུག །ཤེས་རབ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་ཐབས་སྙིང་རྗེ་སྒྱུ་མ་དང་ཕྱག་རྒྱ་ཕྲ་རགས་བཅས་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་འཇུག་སྟེ། བསྐྱེད་རིམ་གཙོ་བོར་སྟོན་པའི་ལམ་ཡིན་པའི་ཕྱིར། དེ་ལྟར་ཡང་རང་ཤར་ལས། འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །ཞེས་སོ། །བཞི་པ་ལྟ་བ་ནི། ལྟ་བ་བདེན་གཉིས་དབྱེར་མེད་སྤྱོད་ཡུལ་བྲལ། །གཏན་ཚིག་རྟོགས་བཞི་དག་གསུམ་མཉམ་པ་བཞི། །བདག་ཉིད་ཆེན་པོ་རྣམས་ཀྱིས་གཏན་ལ་དབབ། །སྤྱིར་ཤིང་རྟ་ཆེན་པོ་སངས་


LT08,P096B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གསང་བས། ཉམས་སུ་ལེན་བྱེད་ལམ་གྱི་རིམ་པའི་ལྟ་གྲངས་ལ། བདེན་གཉིས་དབྱེར་མེད་ངེས་པའི་ཤེས་རབ་ཀྱི་ལྟ་བ། སྟོང་པ་ཆེན་པོ་དེ་བཞིན་ཉིད་ཀྱི་ལྟ་བ། སྙིང་རྗེ་སྒྱུ་མ་ཀུན་སྣང་གི་ལྟ་བ། སྣང་སྟོང་ཟུང་འཇུག་ཕྱག་རྒྱ་གཅིག་པའི་ལྟ་བ། རྟོག་ཚོགས་དཀྱིལ་འཁོར་དུ་རྟོགས་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་ལྟ་བ། འདོད་ཡོན་ལམ་དུ་འགྱུར་བ་སྦྱོར་ལམ་ཚོམ་བུ་ཚོགས་སྒྲུབ་ཀྱི་ལྟ་བ། རིག་པ་ཟག་མེད་ལ་དབང་སྒྱུར་བ་མཐོང་ལམ་རྣམ་སྨིན་དང་ཚེ་དབང་གི་ལྟ་བ། ཆོས་ཉིད་མཉམ་པ་ལས་བློ་མི་གཡོ་བ་སྒོམ་ལམ་ཕྱག་ཆེན་གྱི་ལྟ་བ། ཡེ་ཤེས་ཡུལ་མེད་དུ་མཁྱེན་པ་མཐར་ལམ་ལྷུན་གྲུབ་ཀྱི་ལྟ་བ་དགུ་དང༌། བླང་བྱ་རྒྱུད་དོན་གྱི་ལྟ་གྲངས་ལ། མི་འདའ་བ་དམ་ཚིག །བླང་དོར་མེད་པ་སྤྱོད་པའི་ལྟ་བ་སོགས་རྣམ་གྲངས་དགུར་གསུངས་ཏེ་རྒྱུད་ཀྱི་དངོས་པོ་དེ་ཐམས་ཅད་ལའང་ལྟ་བ་བདེན་གཉིས་དབྱེར་མེད་ཀྱིས་རྒྱས་བཏབ་ནས་བསྒོམ་པའི་ཕྱིར་རོ། །བྱེ་བྲག་འདིར་རྒྱུ་ཤེས་པའི་མཚན་ཉིད་དམ། །ངེས་པའི་ཤེས་རབ་ཀྱི་ལྟ་བའམ། དངོས་པོ་བཅུ་ལས་དེ་ཁོ་ན་ཉིད་ལྟ་བའི་དོན་བཤད་ན། རིག་པ་སྤྲོས་བྲལ་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྲུབ་ཏུ་འདོད་པ་ལྷག་པའི་དོན་དམ་བདེན་པ་དང༌། དེ་ཉིད་ཀྱི་རྩལ་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ལྷག་པའི་ཀུན་རྫོབ་ཀྱི་བདེན་པར་འདོད་ལ། དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་བ་མ་ཡིན་ཏེ་ངོ་བོ་དབྱེར་མི་ཕྱེད་པར་མཉམ་པ་ཉིད་དུ་སྣང་བའི་ཕྱིར། ཐ་སྙད་དུ་དབྱེར་མེད་ཅེས་བརྗོད་ནའང་དེར་འཛིན་པའི་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཕྱིར་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའོ། །འདིར་ལྷག་པའི་སྐྲ་ནི་བདེན་པ་གཉིས་ཀྱི་རྟོགས་ཚུལ་མཚན་ཉིད་ཐེག་པ་ལས་ཁྱད་པར་འཕགས་པའི་ཕྱིར་རོ། །དེ་ཉིད་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིག་ཀྱང་རྟོག་གེ་དང་རིག་པ་ལྟར་སྣང་གིས་གཏན་ལ་མི་ཕེབ་པས། །ཐུན་མོང་མ་ཡིན་པའི་གཏན་ཚིགས་ཆེན་པོ་བཞིས་


LT08,P097A
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་འབེབས་པ་སྟེ། དེའང་དང་པོ་རྟོགས་པ་བཞིའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་བདེན་པ་དབྱེར་མེད་དུ་གཏན་ལ་འབེབས་པར་བྱེད་པ་ནི། འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་གཉིས་འཛིན་གྱི་བློའི་ཞེན་པ་དེ་གཞལ་བྱར་བྱས་ནས། འཇལ་བྱེད་རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་རང་བཞིན་སྐྱེ་མེད་དུ་གཏན་ལ་འབེབས་པའོ། །དེ་བཞིན་དུ་སྔ་མ་སྔ་མས་གཏན་ལ་ཕབ་པའི་གྲུབ་མཐའི་ཞེན་ཆ་དེ་དང་དེ། གཏན་ཚིགས་ཕྱི་མ་རྣམས་ཀྱི་གཞལ་བྱང་བྱས་ནས་ཡིག་འབྲུའི་ཚུལ་དང༌། བྱིན་གྱིས་བརླབས་པ་དང༌། མངོན་སུམ་པའི་གཏན་ཚིགས་རྣམས་ཀྱིས་གཞལ་བར་རིམ་པ་ཇི་ལྟ་བར། རང་བཞིན་སྐྱེ་མེད། རོལ་པ་འགག་མེད། ངོ་བོ་དབྱེར་མེད། མཚན་ཉིད་བློ་བྲལ་དུ་གཏན་ལ་ཕེབས་པ་གྲུབ་མཐའོ། །ཇི་ལྟར་གཞལ་ན། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཆོས་ཅན། སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། དེ་ལྟར་རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་སོ་སོར་སྣང་བ་ཙམ་ལས་གཉིས་སུ་མ་གྲུབ་པའི་ཕྱིར། ཞེས་པ་རྒྱུ་གཅིག་པའི་གཏན་ཚིགས་སོ། །སེམས་ཉིད་སྐྱེ་མེད་ཀྱི་མདངས་ཆོས་ཅན། རོལ་པ་འགག་མེད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར། ཞེས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་སོ། །རང་བཞིན་སྐྱེ་མེད་རོལ་པ་འགག་མེད་གཉིས་ཆོས་ཅན། ཚིག་ལ་སྔ་ཕྱི་བྱུང་ཡང༌། དེ་དང་དབྱེར་མེད་དུ་རྟོགས་པའི་མཐུས། དེ་ཉིད་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་རླབས་ཤུགས་ལས་འབྱུང་བ་ཡིན་ཏེ། ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས་དེའི་སྣང་ལྡོག་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར། ཞེས་པ་བྱིན་གྱིས་


LT08,P097B
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་པའི་གཏན་ཚིགས་སོ། །བདེན་པ་དབྱེར་མེད་ཆོས་ཅན། བློ་ཡི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་བསམ་བརྗོད་དང་བྲལ་བར་རྟོགས་པའི་ཕྱིར། ཞེས་པ་ལྟ་བུ་མངོན་སུམ་པའི་གཏན་ཚིགས་སོ། །གཉིས་པ་དག་པ་གསུམ་གྱི་གཏན་ཚིགས་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང༌། །ཞེས་པས་བསྟན་ཏེ། དེའང་འདི་ལྟར་སྣང་བ་ཕྱི་ནང་གི་ཆོས་རྣམས་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ཏེ། །དག་པ་གསུམ་དང་ལྡན་པའི་ཕྱིར། །སྣོད་འབྱུང་བ་ལྔ་ཡུམ་ལྔར་རྣམ་པར་དག །བཅུད་ཕུང་པོ་ལྔ་ཡབ་ལྔར་རྣམ་པར་དག །རྒྱུད་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་རྣམ་པར་དག་པའི་ཕྱིར་རོ། །གསུམ་པ་མཉམ་པ་བཞིའི་གཏན་ཚིགས་ནི། མཉམ་ཉིད་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང༌། །ཞེས་པས་བསྟན་པ་སྟེ། འདི་ལྟར་སྣང་བའི་ཆོས་རྣམས་ཆོས་ཅན། ཡེ་ནས་ཆོས་ཀྱི་སྐུར་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞི་དང་ལྡན་པའི་ཕྱིར། །མཉམ་པ་བཞི་ནི། མི་ལ་མིར་སྣང་བ་ཡང་དག་ཀུན་རྫོབ་དང༌། ཐོ་ཡོར་ལ་མིར་སྣང་བ་ལོག་པའི་ཀུན་རྫོབ་གཉིས་ཀ་སྣང་བ་སྒྱུ་མར་མཉམ་པ་དང༌། སྤྲོས་པ་ཕྱོགས་རེ་ཙམ་ཆོད་པ་མྱུ་གུ་བདག་ལས་སྐྱེ་བ་མེད་པར་རྟོགས་པ་ལྟ་བུ་རྣམ་གྲངས་པའི་དོན་དམ་བདེན་པ་དང༌། སྤྲོས་པ་མཐའ་དག་ཆོད་པ། མྱུ་གུ་བདག་ལས་མི་སྐྱེ་གཞན་ལས་ཀྱང་མི་སྐྱེ་བར་མཐའ་བཞིའི་སྤྲོས་པ་ཆོད་པ་ལྟ་བུ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀ་སྐྱེ་མེད་དུ་མཉམ་པ་གཉིས་ནི་ཐུན་མོང་གི་མཉམ་པ་གཉིས་སོ། །ལྷག་པའི་མཉམ་པ་གཉིས་ནི། སྣང་ལ་དོན་བྱེད་ནུས་པ་ཡང་དག་ཀུན་རྫོབ་དང༌། སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་གཉིས་ཀ་མ་དག་པ་ལས་སྣང་ལོག་བའི་ཀུན་རྫོབ་ཡིན་པས་གཉིས་ཀ་སྐུ་དང་


LT08,P098A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པ་དང༌། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་མེད་དགག་གི་སྟོང་ཉིད་དེ་རྣམ་གྲངས་པའི་དོན་དམ། སེམས་ཉིད་ཅིའང་མ་ཡིན་པའི་དབྱིངས་ཡེ་ཟུང་དུ་འཇུག་པ་མ་ཡིན་དགག་གི་སྟོང་ཉིད་དེ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཀ །དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པར་མཉམ་པ་ལྷག་པའི་མཉམ་པ་གཉིས་ཏེ། མཉམ་པ་བཞིའི་གཏན་ཚིགས་སོ། །བཞི་པ་བདག་ཉིད་ཆེན་པོའི་གཏན་ཚིགས་ནི། རང་བྱུང་ཡེ་ཤེས་གནས་མེད་སྣང༌། །ཞེས་པས་བསྟན་ཏེ། དེའང་འཁོར་འདས་གཉིས་ཀྱི་ཆོས་ཐམས་ཅད་ཆོས་ཅན། སྣང་ལུགས་ནས་དུ་མར་སྣང་ཡང་ཡིན་ལུགས་ནས་དེ་ལྟར་མ་ཡིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར་ཏེ། རྣམ་བཀོད་ལས། སྣང་བ་འདི་ཀུན་རང་རང་གི །རང་བཞིན་མེད་པའི་རྣམ་ཤེས་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང༌། །ཞེས་སོ། །དེ་ལྟར་ན་གཏན་ཚིགས་དེ་རྣམས་ཀྱིས་གཏན་ལ་ཕབ་པས་ལྷག་པའི་བདེན་པ་དབྱེར་མེད་ཇི་ལྟ་བར་རྟོགས་པ་ནི་ལྟ་བའོ། །འདིར་དཀོར་བདུན་ཅེས་པའི་དཀོར་ནི་ཟད་མི་ཤེས་པ་དཀོར་མཛོད་ལྟ་བུའི་དཀོར་ལ་འཇུག །བདུན་ནི་དབྱིངས་ཀྱི་དོན་དམ། །ཡེ་ཤེས་ཀྱི་དོན་དམ། འབྲས་བུའི་དོན་དམ་གསུམ། ཕྱི་མ་ལ་ནང་གསེས་སུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་འཁོར་ལྔའི་དབྱེ་བས་ཕྱེ་བ་ཡིན་ཅིང༌། དེའང་སྔ་མ་སྟོང་ཆ། བར་པ་གསལ་ཆ། ཐ་མ་འཕྲོ་གཞིའི་ཚུལ་དུ་གནས་པའོ། །ལྔ་པ་སྒོམ་པ་ལ་གཉིས། སྒྲུབ་སྡེ་དང༌། རྒྱུད་སྡེའོ། །དང་པོ་ནི། སྒོམ་པ་སྒྲུབ་སྡེར་འཁོར་ལོ་རྣམ་པ་བཞི། །རྟ་སྐད་ཐེང་གསུམ་རུ་ལུ་འབྲུ་བརྒྱད་དང༌། །བདུད་རྩི་རྣམ་དག་ཐལ་འབྱིན་རྣམ་པ་བཞི། །རྩ་རླུང་བརྟེན་སྒྲུབ་དགོངས་པ་བརྒྱད་དུ་གསུངས། །སྒོམ་པ་ལ་སྒྲུབ་སྡེ་གཙོ་བོར་བྱས་པའི་ལུགས་སུ། །


LT08,P098B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་སྡེ་བརྒྱད་ཀྱི་དགོངས་པ་བརྒྱད་དུ་གསུངས་ཏེ། དེའང་སྤྱིར་གཞིའི་དུས་སུ་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ཆོས་ཉིད་ཡེ་ཤེས་ཀློང་དགུའི་ངོ་བོར་གནས་པ། ལམ་གྱི་དུས་སུ་སྒྲུབ་པ་ཆེན་པོ་སྡེ་བརྒྱད་ཀྱི་ཕྱག་རྒྱ་སྔགས་དང་ཏིང་ངེ་འཛིན་དུ་སྣང་བ་སྟེ་འབྲས་བུའི་དུས་སུ་དེ་ཁོ་ན་ཉིད་ལ་མངོན་པར་བྱང་ཆུབ་པ་ནི་ཤྲཱི་ཧེ་རུ་ཀ་ཞེས་བྱའོ། །བྱེ་བྲག་ཏུ་འཇམ་དཔལ་གྱི་དགོངས་པ་འཁོར་ལོ་བཞི་གནས་བཞིར་བསྐོར་བས་སྲོག་ཡེ་ཤེས་སུ་དབང་སྒྱུར་བ་ཞེས་བྱ་སྟེ། ཇི་སྐད་དུ། འཇམ་དཔལ་གཤིན་རྗེ་མཐའ་ཡས་པ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་པས། །དུ་མ་གཅིག་ཏུ་བསྡུས་བྱས་ལ། །འཁོར་ལོ་བཞི་རུ་ཤེས་པར་བྱ། །གསང་བའི་འཁོར་ལོ་སེམས་ལ་འདུས། །སྲིད་པའི་འཁོར་ལོ་ལྟེ་བར་འདུས། །གཅོད་པའི་འཁོར་ལོ་ལག་པར་འདུས། །སྤྲུལ་པའི་འཁོར་ལོ་རྐང་པར་འདུས། །དེས་ན་འཁོར་ལོ་རྣམ་བཞི་སྟེ། །བདག་ཉིད་དེ་རུ་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་ལ་དང་པོ་ནི། འཁོར་འདས་ཐམས་ཅད་ཀྱི་ཁྱབ་བྱེད་དོ། །གཉིས་པ་ནི། སྲིད་པ་གསུམ་ཆོས་ཉིད་ལས་བྱུང་བའོ། །གསུམ་པ་ནི། ཕྱག་གི་དཀྱིལ་འཁོར་བཅུས་ཕྲིན་ལས་བཅུ་བྱེད་པ་སྟེ། བཅུ་ནི། ཞི་རྒྱས་དབང་བསད་དགུག་བསྐྲད་དབྱེ། །ལྐུགས་དང་སྨྱོ་འབོག་མནན་པའོ། །བཞི་པ་ནི། ཆོས་ཐམས་ཅད་སེམས་ཀྱིས་སྤྲུལ་པར་ཤེས་པའོ། །དེ་རྣམས་ཀྱང་གཞི་ལམ་འབྲས་བུ་དང་སྦྱར་རོ། །པདྨ་གསུང་གི་དགོངས་པ་ཐམས་ཅད་རྟ་སྐད་ཐེངས་གསུམ་དུ་འདུ་སྟེ། པདྨ་གསུང་གི་སྒྲུབ་པ་རྣམས། །རྟ་སྐད་གསུམ་དུ་འདུས་པ་ནི། །རང་བྱུང་ཡེ་ཤེས་དེ་ལ་འདུས། ཞེས་ཏེ། རང་བྱུང་གདོད་མའི་ཡེ་ཤེས་དཔལ་རྟ་མགྲིན་གྱི་སྙེམས་པས་རྟ་སྐད་གསུམ་བོས་པས། དང་པོས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བྱས་ལྷུན་གྱིས་གྲུབ་པར་རྟོགས། གཉིས་པས་སྣོད་བཅུད་ཤ་ཁྲག་རུས་པའི་རྒྱ་མཚོར་གྱུར་ཏེ་མ་མོ་མཁའ་འགྲོ་རྣམས་དགྱེས་རྒུར་སྤྱོད།


LT08,P099A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པས་དེ་ཐམས་ཅད་བཀའ་ཉན་གསུང་སྡོད་དུ་གྱུར་ཏེ་ཅི་བཅོལ་པའི་ལས་བྱེད་པའོ། །ཡང་དག་ཐམས་ཅད་རྒྱུན་གྱི་ཏིང་ངེ་འཛིན་སངས་རྒྱས་ལག་བཅང་གི་དགོངས་པར་འདུ་སྟེ། ཇི་སྐད་དུ། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །ཐམས་ཅད་གསང་བའི་ཡེ་ཤེས་དེས། །ཞེས་རང་བྱུང་བདེ་གཤེགས་སྙིང་པོ་ཐིག་ལེ་གཅིག་གི་ངོ་བོར་དཔལ་ཆེན་པོའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་རྫོགས་པས། །རང་ལུས་དུར་ཁྲོད་རོལ་པའི་གཞལ་མེད་ཁང་དུ། རང་སེམས་བཛྲ་ཧེ་རུ་ཀའི་ཡེ་ཤེས་ཀྱི་འཁོར་ལོར་གསལ་ཞིང༌། རུ་ལུ་འབྲུ་བརྒྱད་ཀྱི་འཕྲོ་འདུར་ལྷ་སྔགས་ཐམས་ཅད་ཚང་བའི་ཚུལ། ཨོཾ་ནི་ཁྲག་འཐུང་ཡབ་ཡུམ་བཅུ། །རུ་ལུ་གོང་མ་ཀེའུ་རི་བརྒྱད། །རུ་ལུ་འོག་མ་སིཾ་ཧ་བརྒྱད། །ཧཱུྃ་ནི་རྟ་གདོང་སྒོ་མ་བཞི། །བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད། །ཧཱུྃ་འོག་སྐུ་ལྔ་འདུས་པའི་དཔལ། །ཨོཾ་ནས་ཧཱུྃ་ལ་རྣམ་བསྡུས་པས། ཁྲག་འཐུང་ལྔ་བཅུ་བརྒྱད་དུ་སྨིན། །དེ་ཡང་བདག་ཉིད་རང་བཞིན་ཏེ། །ཡི་གེ་ཧཱུྃ་གི་ངོ་བོར་གནས། །ཞེས་ལེགས་པར་གསུངས་སོ། །ཆེ་མཆོག་ཐམས་ཅད་བདུད་རྩི་རྣམ་དག་གི་དགོངས་པར་འདུས་པའི་ཚུལ། སྣོད་བཅུད་ཕྱི་ནང་ཐམས་ཅད་ཀུན། །བདུད་རྩི་རྣམ་ལྔར་འདུས་བྱས་ལ། །རྒྱལ་བ་རིགས་ལྔར་བསྒྲུབ་པར་བྱ། །ཞེས་པཎྜི་ཏ་བྱེ་མ་ལས་གསུངས་ཏེ། ཐམས་ཅད་བདུད་རྩིའི་གཞི་ལམ་འབྲས་བུར་གཏན་ལ་འབེབས་ཤིང༌། བྱ་བྱེད་ལས་གསུམ་གྱིས་དགོངས་པ་མཐར་དབྱུང་བའོ། །ཕུར་པ་ཐམས་ཅད་ཕུར་བུ་ཐལ་འབྱིན་གྱི་དགོངས་པར་འདུས་ཏེ། པདྨ་ཐོད་ཕྲེད་རྒྱལ་པོ་ངས། །རྡོ་རྗེ་ཕུར་པ་སྲིད་གསུམ་མགོན། །སྲིད་གསུམ་གདུག་པ་བསྒྲལ་བའི་ཕྱིར། །མདོར་བསྡུས་ཕུར་པ་བཞི་རུ་བསྟན། །ཞེས་རིག་པ་ཡེ་ཤེས། ལྷག་པ་བྱང་ཆུབ་སེམས། ཚད་མེད་སྙིང་རྗེ། འདུས་བྱས་རྫས་ཀྱི་ཕུར་པ་སྟེ་བཞི་ཡུལ་བཞི་


LT08,P099B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐལ་འབྱིན་དུ་གདབ་པས་འབྲས་བུ་བཞི་མངོན་དུ་བྱེད་པའོ། །མ་མོ་ཐམས་ཅད་རྩ་རླུང་བྱང་ཆུབ་སེམས་སུ་འདུས་ཏེ། གནས་དང༌། བྱེད་པ་དང༌། རྟེན་གྱི་ཚུལ་དུའོ། །དེ་སྐད་དུ། སྲིད་པའི་མ་མོ་ཐམས་ཅད་ཀུན། །རྩ་རླུང་བྱང་ཆུབ་སེམས་སུ་འདུས། །ཞེས་ཏེ། མ་ཆོས་ཀྱི་དབྱིངས། མོ་རིག་པའི་ཡེ་ཤེས་ཏེ། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་དབྱིངས་རིག་དབྱེར་མེད་བྱང་ཆུབ་སེམས་སུ་རྫོགས་པའོ། །མཆོད་བསྟོད་ཐམས་ཅད་སྲོག་གསུམ་དུ་འདུ་སྟེ། གནས་སྲོག་དྭངས་སྲོག་གདགས་སྲོག་རྣམས་སོ། །དྲག་སྔགས་ཐམས་ཅད་བསྟེན་ལུགས་གསུམ་དང་སྒྲུབ་ལུགས་གསུམ་དུ་འདུ་སྟེ། རྗེ་བོ་གྲོགས་པོ་འབངས་ཀྱི་ཚུལ་ལོ། །དེ་ལ་དང་པོ་ལྔ་ནི་ཡེ་ཤེས་ལྷའི་སྒྲུབ་སྡེ་ལྔ་དང༌། ཕྱི་མ་གསུམ་ནི་ཐུན་མོང་གི་སྒྲུབ་སྡེ་གསུམ་མོ། །གཉིས་པ་ལ་གཉིས། ཐབས་ལམ་དང༌། གྲོལ་ལམ་མོ། །དང་པོ་ནི། རྒྱུད་སྡེར་ཐབས་ལམ་སྟེང་འོག་སྒོ་ལ་བརྟེན། །བསྙེན་སྒྲུབ་ཡན་ལག་བཞི་ལྡན་ཉམས་སུ་ལེན། །རྒྱུད་སྡེར་སྒོམ་པའི་རིམ་པ་ཐབས་གྲོལ་གཉིས་ཀྱི་དང་པོ་ཐབས་ལམ་ནི། འཆིང་བྱེད་ཀྱི་ལས་ལ་སྤྱད་པས་གྲོལ་བའི་འབྲས་བུ་ཐོབ་པ་སྟེ། གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་འབྲས་བུ་མྱུར་ཏུ་འགྲུབ་པར་བྱེད་པས་དུག་གསུམ་མ་སྤང་ཐོག་བརྫིས་ཀྱི་སྤྱོད་པའི་བརྟུལ་ཞུགས་གང་ཞིག །ལྟ་བའི་གདེང་དང་ལྡན་པས་སྤྱད་ན་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་མྱུར་ཏུ་ཐོབ་ལ། དེ་ལྟར་མ་ཡིན་པ་ཞིག་གིས་སྤྱད་ན་གྲོལ་བ་མི་ཐོབ་པར་མ་ཟད་ངན་སོང་དུ་ལྟུང་བའི་ཉེན་ཆེན་པོ་དང་ལྡན་པས་མཀྟི་ཀའི་སྦྱོར་བ་བཞིན་ཁེ་ཉེན་ཆེ་ཞིང་དེ་ལྟ་བུའི་ཐབས་ལམ་དེ་ལ་གཉིས་ཏེ། གདམས་ངག་སྟེང་དང་འོག་གི་སྒོ། །ཞེས་པས། སྔ་མ་རིམ་གྱིས་ལྟར་བསྒོམ་པ་རང་ལུས་སྟེང་སྒོ་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བར་བཤད་རྒྱུད་རྒྱ་མཚོ་ནས་བསྟན་པ་དང༌།


LT08,P100A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ཅིག་ཅར་ལྟར་གཞན་ལུས་འོག་སྒོ་མཁའ་གསང་གཉིས་ལ་བརྟེན་ནས་བསྙེན་པ་དང༌། ཉེ་བར་བསྙེན་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོ་སྟེ་ཡན་ལག་བཞི་ལྡན་ཉམས་སུ་ལེན་པའི་སྦྱོར་བས་སྐད་ཅིག་ལ་བདེ་སྟོང་གི་ཡེ་ཤེས་བཙན་ཐབས་སུ་སྐྱེ་ཞིང་ས་ལམ་ཆིག་ཆོད་དུ་རྫོགས་པའི་ཐབས་ལམ་ཅིག་ཅར་བ་སྟེ་བཤད་རྒྱུད་ཐལ་བ་ནས་བསྟན་པ་བཞིན་ནོ། །གཉིས་པ་གྲོལ་ལམ་ནི། གྲོལ་ལམ་ཤེས་རབ་གསུམ་ལྡན་ཅིག་ཅར་དང༌། །རིམ་གྱིས་པ་རྣམས་རྒྱུ་ཤེས་ལྟ་བར་བརྟེན། །འཇུག་རྐྱེན་ཏིང་འཛིན་མོས་སྒོམ་ངེས་རྫོགས་གཉིས། །གྲོལ་ལམ་ནི། གཙོ་བོར་ཤེས་རབ་གསུམ་གྱིས་གཏན་ལ་ཕབ་ཅིང་རྟོགས་པས་རང་རྒྱུད་ཀྱི་འཆིང་བ་རང་སངས་སུ་སོང་ནས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བར་འགྱུར་བ། ཐབས་ལམ་ལྟ་བུའི་མྱུར་ཁྱད་མེད་ཀྱང་ཇི་ཞིག་ན་འབྲས་བུར་སྦྱོར་བ་ལ་ཁྱད་མེད་ཅིང་ཁེ་ཉེན་ཆུང་བ་རིན་པོ་ཆེ་ཀོ་སྟུ་བྷའི་དཔེ་བཞིན་ནོ། །དེ་ལའང་དབང་པོའི་རིམ་པས་ཅིག་ཅར་དང་རིམ་གྱིས་གཉིས་སུ་འབྱེད་པའི་དང་པོ་ནི། དབང་དུས་སུ་གྲོལ་བ་ཨིནྡྲ་བྷཱུ་ཏི་ལྟ་བུའོ། །གཉིས་པ་ནི། སྙིང་པོའི་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་སོ། །དེ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་ནོ། །དང་པོ་ནི་གོང་དུ་སྨོས་ཟིན་ལ། གཉིས་པ་ཏིང་ངེ་འཛིན་ལ་མོས་སྒོམ་དང༌། ངེས་རྫོགས་གཉིས་ཏེ་དེ་དག་གི་ཚུལ་སྒོམ་པའི་རིམ་པར་ཕྱེ་བ་ལས་འཆད་པར་འགྱུར་རོ། །དྲུག་པ་སྤྱོད་པ་ནི། ཐབས་ལམ་བརྟུལ་ཞུགས་གྲོལ་ལམ་བག་ཡོད་སྤྱོད། །སྒོམ་པའི་གྲོགས་སྤྱོད་པའང་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང༌། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་ལས་ཕྱི་མ་ལ། དད་བརྩོན་གྱི་སྤྱོད་པ་


LT08,P100B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཤེས་རབ་དང་མཐུན་པའི། སྙིང་རྗེ་དང་མཐུན་པའི། ཕྱོགས་གཅིག་པའི། སྤྲོས་བཅས་ཀྱི། ཚོགས་ཀྱི། རྫུ་འཕྲུལ་གྱི། ཅིག་ཅར་བའི་སྤྱོད་པ་དང་བདུན་དུ་དབྱེ་བར་བཤད་དོ། །བདུན་པ་འབྲས་བུ་ནི། འབྲས་བུ་རིག་འཛིན་རྣམ་པ་བཞི་ལ་སྦྱོར། །དེ་ལྟར་བསྒོམས་ནས་ལམ་བགྲོད་པའི་འབྲས་བུ་རིག་འཛིན་རྣམ་པ་བཞི་ལ་སྦྱོར་བའི་མཐར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་བྱེད་པ་སྟེ་འདིའང་འོག་ཏུ་འཆད་དོ། །གཉིས་པ་ལུང་ཨ་ནུ་ཡོ་གའི་རྣམ་པར་གཞག་པ་ལ་བདུན། ངེས་ཚིག །འཇུག་སྒོ་ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ནི། ཨ་ནུའི་ངོ་བོ་ཤེས་རབ་གཙོ་བོར་བརྟེན། །དབྱིངས་ཡེ་གཉིས་མེད་དོན་ལ་རྟོགས་གོམས་སྦྱོར། །ཨ་ནུ་ཡོ་གའི་ངོ་བོ་ནི། ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །གཉིས་པ་ངེས་ཚིག་ནི། རྗེས་ཆགས་གཙོ་ཕྱིར་རྗེས་སུ་རྣལ་འབྱོར་ཞེས། །ཨ་ནུ་ཡོ་གའི་སྒྲ་ནི་ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོར་སྟོན་པའི་ཕྱིར་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །གསུམ་པ་འཇུག་སྒོ་ལ་གཉིས། དབང་དང༌། བྱ་བའི་འཇུག་སྒོའོ། །དང་པོ་ནི། ཕྱི་ནང་སྒྲུབ་གསང་བཞིས་བསྡུས་དབང་སོ་དྲུག །དེའང་ཀུན་འདུས་ལས། ཕྱི་ཡི་དབང་དང་ནང་གི་དབང༌། །སྒྲུབ་པའི་དབང་དང་གསང་བའི་དབང༌། །བཅུ་དང་བཅུ་གཅིག་བཅུ་གསུམ་དང༌། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་པའི་དོན་རྒྱུད་དང་མན་ངག་གི་ལུགས་ལྟར་བསྐུར་ཚུལ་གཉིས་ཏེ། རང་བཞིན་གྱིས་སྣོད་དུ་གྱུར་པ་ཟབ་མོའི་དོན་མོས་པའི་སློབ་མ་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ཀྱི་དངོས་བསྟན་ལྟར་ཕྱི་ནང་སྒྲུབ་གསང་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་དང༌། སྦྱངས་པས་སྣོད་དུ་གྱུར་པ་རྒྱ་ཆེ་བ་ལ་མོས་པའི་སློབ་མ་ཐུན་མོང་བ་ལ་མདོ་ཡོངས་རྫོགས་ཀྱི་ལུགས་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་ནས་བདེ་བ་གསལ་མཛད་ཀྱི་


LT08,P101A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐོ་ལྟར་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་བསྐུར་བ་གཉིས་ལས། དེང་སང་བླ་མ་རྣམས་ཀྱི་ཕྱག་བཞེས་སུ་རྒྱུད་དང་མན་ངག་གི་ལུགས་དེ་གཉིས་འདོར་ལེན་གྱི་གནད་ཀྱིས་གཅིག་ཏུ་དྲིལ་ནས་སྐུར་བར་མཛད་ཅིང༌། དེ་ལྟར་མཛད་པས་གནས་སྐབས་སུ་བྱ་སླ་ཞིང༌། བརྒྱུད་ནས་ལུགས་གཉིས་གཅིག་གིས་གཅིག་མི་ནུབ་པར་ཆབ་གཅིག་ཏུ་འཕེལ་བའི་དགོས་པ་ཁྱད་པར་ཅན་ཡོད་དོ། །ལུགས་དེ་གཉིས་ཀས་ཡོ་ག་བཞི་རྫོགས་དང་ཐེག་དགུའི་དབང་རྫོགས་པ་ལ་འདྲ་བ་ཡིན་ཏེ། དབང་དོན་རྣམ་པར་འབྱེད་པ་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་ནང་པར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །ཞེས་གསུངས་ལ། དེས་ན་མདོ་ཡོངས་རྫོགས་ཀྱི་ལུགས་དེ་ཡང་ཐེག་བརྒྱད་སྒོས་ཀྱི་ཆོ་ག་སོ་སོ་ནས་བཏུས་ཏེ་སྤྱིའི་ཆོ་གར་བྱས་པ་ནི་མ་ཡིན་གྱི། འདིར་མདོ་རང་ལུགས་ཀྱི་ས་དང་པོ་འགྱུར་བ་མ་ངེས་པ་ནས་ས་བཅུ་པ་རྫོགས་པ་སྤྱིར་ཆིབས་ཀྱི་བར་ནོན་པར་བྱ་བའི་ཆེད་དུ་ལྷ་མི་ནས་བརྩམས་ཏེ་ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་པ་ཨ་ཏིའི་བར་ལ་བྱ་སྤྱོད་སོ་སོར་བགྲངས་པས་དབང་རིམ་པ་བཅུ་བྱུང་བ་དེ་ཉིད་བྱ་སྤྱོད་གཅིག་ཏུ་བསྡུས་ནས་ཐེག་དགུ་དང་ཚུལ་འདྲ་བས་ཐེག་དགུའི་དབང་ཞེས་གྲགས་ཤིང༌། དེ་ལྟ་བུའི་ལམ་སྟེགས་ཀྱི་ཐེག་པ་རྣམས་སོ་སོའི་ལམ་དང་འདྲ་རུང་དུ་བྱུང་ཡང་དོན་ལ་སྔགས་ཀྱི་ཐབས་མཁས་ཀྱིས་ཟིན་པས་ཐེག་པ་རང་རང་གི་སྤང་ཐོབ་དང་རིགས་འདྲ་བའི་ཡོན་ཏན་དེ་དང་དེ་སྐྱེ་བའི་མྱུར་ལམ་དུའང་འགྲོ་བ་ཡིན་ནོ། །གཉིས་པ་ནི། དབྱིངས་ཡེ་ཟུང་འཇུག་མ་བསྐྱེད་རྫོགས་པས་འཇུག །ཐེག་སྒོ་འདིར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཨ་ནུ་དབྱེར་མེད་ས་འདོད་པའི། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །ཞེས་སོ། །


LT08,P101B
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འཇུག་ཅེ་ན། མ་བསྐྱེད་རྫོགས་པའི་ཚུལ་གྱིས་ཏེ། ཐུགས་ཀྱི་སྒོ་ལྕགས་ལས། སྐྱེ་མེད་དབྱིངས་ཉིད་ཡེ་ཤེས་ཏེ། །ཡེ་ཤེས་རིག་པ་དབྱིངས་ཉིད་ཚུལ། །གཉིས་མེད་རོལ་པ་བདེ་བ་ཆེ། །རིམ་པར་འཇུག་པ་མ་ཡིན་ཏེ། །སྣང་སྲིད་ཕྱག་རྒྱ་ཐམས་ཅད་ལ། །ཆུ་ལས་ཉ་ལྡངས་ཇི་བཞིན་དུ། །ཐུག་ཕྲད་སྣང་སྲིད་ཕྱག་རྒྱ་ཆེ། །ཞེས་སོ། །བཞི་པ་ལྟ་བ་ནི། ལྟ་བ་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི། །རྩ་བ་བྱང་ཆུབ་སེམས་སུ་ཡེ་སངས་རྒྱས། །ཨ་ནུའི་ལྟ་བ་ནི། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཚན་ཉིད་ཅན་དཀྱིལ་འཁོར་རྣམ་པ་གསུམ་དབྱེར་མེད་པའི་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་གདོད་མ་ནས་སངས་རྒྱས་པ་ཉིད་དེ། སྤྱི་མདོ་དགོངས་འདུས་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་སོ། །དེ་ལ་དཀྱིལ་འཁོར་རྣམ་པ་གསུམ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་རང་རྩལ་དུ་འདུ་ཞིང་སེམས་ཉིད་སྐྱེ་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ནི་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང༌། དེ་ཉིད་ཐམས་ཅད་ནས་ཐམས་ཅད་དུ་མ་འགག་པར་རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བ་ནི་ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དང༌། དེ་གཉིས་ཀྱང་ངོ་བོ་ཐ་མི་དད་པ་ཟུང་འཇུག་ཏུ་གནས་པ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །ལྔ་པ་སྒོམ་པ་ནི། སྒོམ་པ་ཐབས་ལམ་སྟེང་འོག་གྲོལ་ལམ་ལ། །དོན་བཀོད་རྟགས་ཀྱི་རོལ་པས་ངེས་པར་རྫོགས། །སྒོམ་པ་ནི། དོན་བསྡུས་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས།


LT08,P102A
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱིས་ངེས་པའི་ལམ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་སུ་གྲངས་ངེས་པ་ལས། དང་པོ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་ཞུ་བདེའི་ཡེ་ཤེས་སྒྲུབ་པའི་ཐབས་གང་ཞིག །འཁོར་ལོ་བཞིའི་སྒོམ་ཐབས་ཀྱིས་ལྷན་སྐྱེས་ཡེ་ཤེས་རིམ་གྱིས་འདྲེན་པའི་ཐབས་སྟེང་སྒོའི་མན་ངག་དང༌། མཁའ་གསང་གི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཅིག་ཅར་དུ་འདྲེན་པའི་ཐབས་འོག་སྒོའི་མན་ངག་གཉིས་སོ། །གཉིས་པ་གྲོལ་ལམ་ནི། དེ་ཉིད་ལས། ཐོས་བསམ་སྒོམ་པའི་ཚུལ་འགྲོ་བའི། །དེར་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཡིད། །ཅེས་པས། དང་པོ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་ཕབ་པ་ནི་ལམ་གྱི་སྔོན་དུ་འགྲོ་དགོས་ཏེ། དེའང་ཆོས་ཅན་ཤེས་བྱའི་དོན་ལ་ཤེས་བྱེད་རིགས་པའི་གཏན་ཚིགས་རྣམས་ཀྱིས་སོ་སོར་བརྟགས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་ཡེ་ཇི་བཞིན་པ་དཀྱིལ་འཁོར་གསུམ་གྱི་རང་བཞིན་སྨྲ་བསམ་བརྗོད་བྲལ་དུ་གཏན་ལ་ཕེབས་པ་ནི་འདི་ཉིད་ཀྱི་གྲུབ་མཐའ་སྟེ་བཤད་མ་ཐག་པ་ལྟར་རོ། །གཉིས་པ་དོན་གྱི་རྗེས་སུ་འཇུག་པ་ནི། མཚན་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་སྟེ། བསྒོམ་བྱ་ཆོས་ཉིད་ཇི་བཞིན་པའི་ངང་ལ་སྒོམ་བྱེད་ཀྱི་བློའནག་དེ་བཞིན་པར་བཞག་པ་ཡིན་ཏེ། འདི་ལ་དོན་བཀོད་པ་ཞེས་བྱའོ། །གསུམ་པ་ཡི་གེའི་རྗེས་སུ་འཇུག་པ་ནི། མཚན་བཅས་ལྷའི་ཏིང་འཛིན་སྒོམ་པ་སྟེ། ས་བོན་ནས་རྟེན་དང་བརྟེན་པ་སོ་སོའི་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར་སྣོད་བཅུད་ཐམས་ཅད་ལྷའི་གཞལ་ཡས་ཁང་དང་དཀྱིལ་འཁོར་གྱི་འཁོར་ལོར་གསལ་ལ་མ་འདྲེས་པར་བསྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་ཏེ་རྟགས་ཀྱི་རོལ་པ་ཞེས་བྱའོ། །དེ་དག་གིས་ངེས་པར་རྫོགས་པའི་ལམ་གྱི་དབང་དུ་བྱས་ན་ཟག་བཅས་དང་ཟག་མེད་གཉིས་


LT08,P102B
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། འདུན་པ་སེམས་པའི་རྣལ་འབྱོར་དང༌། རིགས་ཆེན་འབྱེད་པའི་རྣལ་འབྱོར་རོ། །གཉིས་པ་ནི། དབུགས་ཆེན་འབྱིན་པའི་དང་ལུང་ཆེན་ཐོབ་པའི་དང་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རོ། །དེ་དག་བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་གསུམ་དུ་འབྲེལ། །རྟོགས་བྱའི་གཞིའམ་ལྟ་བ་དེ་དང་རྟོགས་བྱེད་ཀྱི་ལམ་དེ་དག་བྱ་བ་རྒྱུའི་རྣལ་འབྱོར་དང༌། བྱེད་པ་རྐྱེན་གྱི་རྣལ་འབྱོར་དང༌། བྱ་བྲལ་འབྲས་བུའི་རྣལ་འབྱོར་ཏེ་གསུམ་དུ་འབྲེལ་བའམ་བསྡུས་པ་སྟེ། དེའང་དང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་དཀྱིལ་འཁོར་རྣམ་པ་གསུམ་གྱི་རང་བཞིན་དུ་མ་འདྲེས་ཡོངས་སུ་རྫོགས་པར་གནས་པའོ། །གཉིས་པ་ནི། ལམ་གྱི་རྩོལ་བ་དང་བཅས་པའི་བྱེད་པས་སྲིད་པ་ལས་བརྒལ་ཏེ་ཞི་བ་གནས་སྐབས་ཀྱི་འབྲས་བུ་ལ་འཇུག་པར་བྱེད་པ་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་མོ། །གསུམ་པ་ནི། སེམས་ཀྱི་ཆོས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་འབྲས་བུ་གཞན་ནས་བཙལ་བའི་རྩོལ་སྒྲུབ་ཀྱི་རེ་དོགས་དང་བྲལ་བ་སྔགས་ཕྱི་ནང་གི་ཐེག་པའོ། །དེ་ལྟར་རྣལ་འབྱོར་ཕྱི་མ་གཉིས་པོ་དེ་ནི་ཐུན་མོང་སྤྱིའི་ལམ་ཞེས་བྱ་ཞིང༌། དེ་ལས་རང་ལུགས་ཐབས་གྲོལ་གྱི་ལམ་ཁྱད་པར་དུ་དབྱེ་བ་སྟེ། དང་པོ་ཤེས་བྱའི་རྒྱུད་དོན། གཉིས་པ་རྩོལ་བཅས་རིམ་འཇུག་གསུམ་པ་རྩོལ་མེད་རང་གནས་ཀྱི་དོན་ནོ། །དྲུག་པ་སྤྱོད་པ་ནི། བྱིན་རློབ་དབང་སྒྱུར་ཐབས་ཀྱི་སྤྱོད་པ་ཡིས། །སྤྱོད་པ་ནི་སྤྱིར་མཉམ་པ་ཉིད་ལ་གཙོ་བོར་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །དབྱིངས་དང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །བྱེ་བྲག་ཏུ་དབྱེ་ན། བྱིན་གྱིས་རློབ་པ་དང༌། དབང་སྒྱུར་དང༌། ཐབས་ཀྱི་སྤྱོད་པ་གསུམ་སྟེ། སྤྱི་མདོ་ལས། བྱིན་གྱིས་རློབ་ཀྱི་སྤྱོད་པ་དང༌། །དབང་སྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱལ་པོའམ། །ཇི་ལྟར་མེ་དཔུང་ཆུ་བོ་འདྲ། །ཞེས་སོ། །བདུན་པ་འབྲས་བུ་ནི། འབྲས་ཆོས་ཉེར་ལྔ་


LT08,P103A
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་རྫོགས་བདེ་ཆེན་འགྱུར། །ལམ་སྒོམ་པའི་འབྲས་བུ་ནི། ཚེ་གཅིག་གིས་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་དེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །བདེ་བ་ཆེ་དེ་སུ་བསྒོམ་པ། །འབྲས་བུ་ཚེ་འདིར་རྫོགས་འཚང་རྒྱ། །ཞེས་སོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་རྣམ་པར་གཞག་པ་ལ་བདུན། ངོ་བོ། ངེས་ཚིག་འཇུག་སྒོ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུའོ། །དང་པོ་ནི། ཨ་ཏིའི་ངོ་བོ་ཡེ་སངས་རྒྱས་པའི་དོན། །རང་ཐོག་གྲོལ་བྱེད་སྤང་བླང་རེ་དོགས་བྲལ། །ཨ་ཏིའི་ཐེག་པའི་ངོ་བོ་ནི། །ཡེ་ནས་སངས་རྒྱས་པའི་དོན་རང་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས། སྤང་བླང་རེ་དོགས་དང་བྲལ་པའི་རང་བཞིན་ཅན་ནོ། །གཉིས་པ་ངེས་ཚིག་ནི། ཤིན་ཏུ་རྣལ་འབྱོར་ཐེག་པ་ཀུན་གྱི་རྩེ། །ཨ་ཏི་ཡོ་ག་སྟེ་ཤིན་ཏུ་རྣལ་འབྱོར་ནི། བསྐྱེད་རྫོགས་གཉིས་ཀའི་རྫོགས་རིམ་མཐར་ཐུག་པ་ཡིན་པའི་ཕྱིར་དང༌། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པའི་ཕྱིར་རོ། །གསུམ་པ་འཇུག་སྒོ་ལ་གཉིས། དབང་དང་བྱ་བའི་འཇུག་སྒོའོ། །དང་པོ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་ཏུའི་དབང༌། །ཨ་ཏི་ཡོ་གའི་དབང་རྣམས་ནི། དབང་གསུམ་པའི་དཔེའི་ཡེ་ཤེས་ལ་ལྟོས་མི་དགོས་པར་ཐོག་མ་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་རུང་བའི་སྐལ་ལྡན་ལ་རྫོགས་པ་ཆེན་པོའི་རིག་པའི་རྩལ་དབང་བསྐུར་བ་སྟེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་སྒྱུ་དྲྭའི་ཁོག་དོན་ལས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །སེམས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་མན་ངག་གི་སྡེ་ལྟར་ན། རྫོགས་པ་རང་བྱུང་ལས། སྤྲོས་བཅས་སྤྲོས་པ་མེད་པ་དང༌། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་


LT08,P103B
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡིས་ཀྱང༌། །སྐལ་བ་ལྡན་པ་སྨིན་པར་བྱ། །ཞེས་པའི་དབང་བཞིས་རིམ་པ་ལྟར། ལུས་ངག་ཡིད་གསུམ་དང་ཤེས་བྱ་ལ་རྨོངས་པའི་སྒྲིབ་པ་སྦྱོང༌། སྐུ་གསུང་ཐུགས་དང་རང་བྱུང་འོད་གསལ་གྱི་ནུས་པ་འདུག་བསྐྱེད་རིམ་དང༌། གཏུམ་མོ་སྒོམ་པ། བདེ་སྟོང་ཟུང་འཇུག་སྒོམ་ཞིང་ཀ་དག་གི་ཡེ་ཤེས་རྟོགས་པ་དང༌། མངོན་སུམ་ལྷུན་གྲུབ་ཀྱི་དོན་ཉམས་སུ་ལེན་པ་བཞི་ལ་དབང་བ་ཡིན་ནོ། །འདི་ནི་དབང་གོང་མ་ཉིད་ལ་དབང་བཞིར་ཕྱེ་བ་ཡིན་པས་བླ་མེད་ཐུན་མོང་པའི་དབང་བཞི་དང་གྲངས་འདྲ་ཡང་དོན་མི་འདྲ་བར་ཤེས་དགོས་ཤིང༌། དེར་མ་ཟད་བླ་མེད་ཐུན་མོང་གི་དབང་བཞི་པའི་སྔགས་སྡོམ་རྒྱུད་ལྡན་ཞིག་གིས་འདི་ཉིད་ཐོབ་ན་སྡོམ་པ་སྔར་མེད་གསར་ཐོབ་ཀྱང་འདོད་དགོས་སོ། །གཉིས་པ་བྱ་བའི་འཇུག་སྒོ་ནི། ཅི་ཡང་བྱ་རྩོལ་མེད་པའི་སྒོ་ནས་འཇུག །འཇུག་ཚུལ་ནི་ཅིའང་བྱ་བ་དང་རྩོལ་བས་འཇུག་ཏུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཆོས་ལ་བྱ་རུ་མེད་པའི་ཕྱིར། །རྩོལ་བ་མེད་པའི་སྒོ་ནས་འཇུག །ཅེས་སོ། །བཞི་པ་ལྟ་བ་ལ་གཉིས། ཨ་ཏི་སྤྱིའི་ལྟ་བ་དང༌། བྱེ་བྲག་སེམས་ཀློང་མན་ངག་གི་དབྱེ་བའོ། །དང་པོ་ནི། ལྟ་བ་ཆོས་ཀུན་ཆོས་སྐུ་ཐིག་ལེ་ཆེ། །རང་བྱུང་ཡེ་ཤེས་རྩོལ་མེད་ཡེ་སངས་རྒྱས། །ལྟ་བ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངོ་བོར་བྱ་རྩོལ་མེད་པར་ཡེ་ནས་སངས་རྒྱས་པར་འདོད་དེ། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཅེས་སོ། །གཉིས་པ་བྱེ་བྲག་དབྱེ་བ་ལ་གཉིས། དབྱེ་བ་སྤྱི་དང༌། ནང་གསེས་ཀྱི་ཁྱད་པར་ཞིབ་ཏུ་སྨོས་པའོ། །དང་པོ་ནི། དབྱེ་བ་སེམས་ཀློང་མན་ངག་རིམ་པ་བཞིན། །སེམས་ལས་ཆོས་མེད་སྤང་བྱའི་མཐའ་གྲོལ་དང༌། །ཆོས་ཅན་ཆོས་ཉིད་ཀློང་ཆུབ་གཉེན་པོ་གྲོལ། །ཡིན་ལུགས་གཏན་འབེབས་སྤང་གཉེན་ཀུན་ལས་འདས། །འདི་


LT08,P104A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནང་གསེས་དབང་པོའི་རིམ་པས་རྟོགས་པའི་ཁྱད་པར་ལས་དབྱེ་བ་གསུམ་སྟེ། བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྟེ། །ཞེས་པས་འདི་ལྟར་ཆོས་ཐམས་ཅད་སེམས་ཉིད་ལས་གུད་ན་མེད་པས་སྤང་བྱའི་མཐའ་ལས་གྲོལ་བ་སེམས་ཀྱི་སྡེ། ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་འུབ་ཆུབ་པས་གཉེན་པོའི་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་གི་སྡེ། དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་གཏན་ལ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེ་གསུམ་དུ་ཡོད་དོ། །གཉིས་པ་ལ་གསུམ། སེམས་སྡེ། ཀློང་སྡེ། མན་ངག་སྡེའི་དབྱེ་བའི་ཁྱད་པར་རོ། །དང་པོ་ནི། སེམས་སྡེ་བདུན་དང༌། །ཞེས་པ་སྟེ། སྤྱིར་སེམས་སྡེའི་ལྟ་བའམ་གྲུབ་མཐའ་ནི། ཐེག་རིམ་བདེན་གཉིས་བསྐྱེད་རྫོགས་སོགས་ལ་དེར་འཛིན་གྱི་འདུ་ཤེས་དམ་པོས་དཀྲིས་པའི་ཟག་པ་དང་བཅས་པའི་ལམ་བདེན་འདུས་བྱས་པ་ཐམས་ཅད་དག་མཉམ་ཆེན་པོའི་ཡེ་ཤེས་གཉུག་མའི་བྱང་སེམས་ཀྱི་རང་བཞིན་ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དོན་དམ་བདེན་པའི་གཤིས་རྒྱུ་འབྲས་དགེ་སྡིག་བླང་དོར་གྱི་ཆ་ལས་རྣམ་པར་གྲོལ་བའི་དབྱིངས་ཆེན་པོར་ལ་བཟླ་བ་སྟེ། མདོར་ན་གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་ལས་འདས་པ་ནི་སྤྱིར་མཐུན་ལ། བྱེ་བྲག་དབྱེ་བ་བདུན་ཏེ། དང་པོ་འབྲས་བུ་སེམས་ཀྱི་བྱུང་བར་འདོད་པའི་སེམས་ཕྱོགས་པ་ནི། འབྲས་བུ་གདོད་མའི་དབྱིངས་ལ་འགྱུར་བ་མེད་པས་སེམས་ལ་འཕོ་འགྱུར་མེད་པའི་ངང་ལས་གྲོལ་གཞིའི་ལྷུན་གྲུབ་ཀྱི་སྣང་ཆ་ལས་འཁོར་བ་ལྟར་ཤར་ཀྱང་ངང་ལས་མ་གཡོས་པས་མ་དག་རང་མཚན་གྱིས་སྟོང་ལ། སྣང་བའི་ཆ་ནས་དབྱིངས་ལས་བྱུང་ཞིང་དབྱིངས་ལ་གནས། དབྱིངས་སུ་ཐིམ་པ་ནམ་མཁའི་ཆོ་འཕྲུལ་བཞིན་ཏེ་ཡེ་གྲོལ་རང་བཞག་འབད་རྩོལ་མེད་


LT08,P104B
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལ་བཟླ་བའོ། །གཉིས་པ་གོལ་སྒྲིབ་ལ་བཟླ་བ་ནི། ཨ་ནུ་མན་ཆད་ཀྱི་རིམ་པ་བརྒྱད་པོ་རྣམས་ནི་བློས་བཏགས་པས་གཞི་ལས་གོལ་བ་ཡིན་ལ། འདིར་ནི་རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བ་ལ་རྒྱུ་རྐྱེན་ལ་བཟླ་བས་ཆོས་ཉིད་ཡེ་སྟོང་ཆེན་པོ་དྲན་བསམ་ཕྱོགས་འཛིན་བྱུང་ཚོར་སོགས་ལས་འདས་པའི་གཤིས་སུ་མ་བསྒྲིབས་པའོ། །གསུམ་པ་གཏན་ཚིགས་ཁུངས་རྡིབ་པ་ནི། གཞི་སེམས་ཉིད་སྤྲོས་བྲལ་ཆེན་པོ་ལ་བཅོས་སུ་མེད་པའི་དོན་རྟོགས་པས་ངོ་བོ་སྐྱེ་མེད་དུ་གྲོལ། རྩལ་འགག་མེད་རྒྱ་ཡན་ཆེན་པོར་ཕྱམ་གདལ་བས་བག་ཆགས་ཀྱི་རྟེན་མེད་པས་རྣམ་སྨིན་དཀར་ནག་གཉིས་མ་གྲུབ་པས་ཆོས་ཉིད་ཡེ་སྟོང༌། རང་སངས། མཐའ་གྲོལ་ཆེན་པོའི་གཏན་ཚིགས་ཀྱིས་འཁོར་འདས་མཉམ་པ་ཉིད་དུ་གྲོལ་བར་འདོད་པའོ། །བཞི་པ་རྒྱ་ཆད་ཕྱོགས་ལྷུང་མེད་པར་འདོད་པ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་འཁོར་འདས་ཀུན་ལ་ཁྱབ་ཀྱང༌། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་པ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིན་པ་ཟུང་འཇུག་གི་ཕྱོགས་སུའང་མ་ལྷུངས། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ། རྩལ་མ་འགག་པས་ཆད་མཐའ་ལས་གྲོལ་བས་བྱ་བྲལ་བདེ་སྡུག་ལས་འདས་པའི་ཆོས་ཉིད་དོ། །ལྔ་པ་ཕྱོགས་འཛིན་གྲུབ་མཐའ་ལས་འདས་པ་ནི། སེམས་ཀྱི་ངོ་བོ་གང་དུའང་མི་གནས་ཤིང་གང་དུའང་མ་གྲུབ་པར་ཅིར་ཡང་སྣང་ལ་ཅིར་ཡང་མ་འགག་པར་འཆར་བས་ཤར་ཡང་མི་དགག་མི་འཛིན་མི་རྟོག་པའོ། །དྲུག་པ་བློ་བྲལ་ཕྱོགས་འཛིན་ལས་འདས་པ་ནི། རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བས་ཇི་ལྟར་སྣང་ཡང་བདེན་རྫུན་གང་དུའང་མ་གྲུབ་པས་ཡོད་མེད་མཐའ་གྲོལ་ཆེན་པོའི་རོལ་པའོ། །བདུན་པ་སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བ་ནི། འདི་ལྟར་སྣང་བ་ཐམས་ཅད་སེམས་ཀྱི་རོལ་པ་ཡིན་པས་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་ངོ་བོ་མེད་པས་སྣང་བ་སྣ་ཚོགས་ཀྱང་ངོ་བོ་མེད་པའི་ཕྱིར་དང༌།


LT08,P105A
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤར་སེམས་ཀྱི་རྣམ་པ་འཛིན་བྱེད་དང༌། སྣང་བ་གཟུང་བར་བྱུང་བ་གཉིས་ཀའང་སྣང་བ་ཐ་དད་དུ་སྣང་ཡང༌། ཡིན་གང་ཡང་མ་ཡིན་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་པའི་ཕྱིར། རང་རྩལ་ལྷུན་གྲུབ་ཀྱི་གདངས་ལས་འཁོར་འདས་གཉིས་སུ་ཤར་ཡང་ཤར་མཁན་ལ་ངོ་བོ་མེད་པས་ཤར་སར་རང་གྲོལ་དུ་འགྲོ་བ་འདིའི་ཁྱད་པར་གྱི་ཆོས་སོ། །གཉིས་པ་ཀློར་སྡེའི་དབྱེ་བ་ནི། ཀློང་སྡེ་རྣམ་པ་བཞི། །ཞེས་པ་སྟེ། སྤྱིར་ཀློང་སྡེའི་གྲུབ་མཐའ་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་ཡངས་པར་ཆོས་ཅན་ཇི་ལྟར་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་འཆིང་གྲོལ་དང༌། ཤར་བྱ་ཤར་བྱེད་དུ་མ་གྲུབ་པས། སེམས་སྡེ་ལྟར་རྩལ་དང་རོལ་པར་སྣང་བར་མི་བཞེད་ཅིང༌། ལྟོས་གྲུབ་དང༌། ཡོད་མེད་དང༌། ཡིན་མིན་དང༌། དག་མ་དག་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་འབེབས་པའོ། །དེ་ལ་བྱེ་བྲག་ཏུ་དབྱེ་ན་བཞི་སྟེ། དང་པོ་ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ་ནི། རང་བྱུང་གཉུག་མའི་ཡེ་ཤེས་དེ་ཉིད་འགྱུར་མེད་རྒྱུ་དང་རྐྱེན་ལས་འདས་པའི་རང་བཞིན་ཕྱོགས་ཆར་མེད་པས་ཆོས་ཅན་དང་ཆོས་ཉིད་གཉིས་ཀར་མི་ལྟོས་པར་འདོད་པའོ། །གཉིས་པ་ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བ་ནི། རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་རོལ་པར་སྣང་བ་རྣམས། ཡིན་སྣ་ཚོགས་རང་ཤར་དུ་སྣང་བ་ཆོས་ཉིད་ཀྱི་རྒྱན་དང་རོལ་པ་ལ། མིན་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་བ་རོལ་པ་དགག་སྒྲུབ་ལས་འདས་པར་འདོད་པའོ། །གསུམ་པ་ཀློང་དཀར་པོ་སེམས་སུ་སྨྲ་བ་ནི། རང་བྱུང་རིག་པའི་ངང་ལས་ཕྱི་སྣང་བ་དང༌། རང་རིག་པར་ཤར་བ་ཐམས་ཅད་སེམས་ཀྱི་རོལ་པ་སྟེ། སྣང་བ་དང་རྐྱེན་རང་སར་གྲོལ་བས་བྱར་མེད་དུ་ཀ་ནས་དག་སྟེ་གནས་ལུགས་ལ་བསྒྲུབ་ཏུ་མེད་པར་འདོད་པའོ། །བཞི་པ་ཀློང་རབ་འབྱམས་རྒྱུ་འབྲས་ལ་ཟློ་བ་ནི། རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་


LT08,P105B
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་ཆོས་ཐམས་ཅད་སྣང་བར་སེམས་ཀྱིས་ཤེས་ལ། མི་སྣང་བར་གནས་ལུགས་ཀྱིས་ཤེས་པར་འདོད་པའོ། །དེ་དག་ལ་ནང་གསེས་ཀྱི་དབྱེ་བ་ཞིབ་ཏུ་བྱེད་ན་བཅུ་གཉིས་སུ་ཡོད་ཅིང༌། དེ་དག་བསྡུ་ན། རོལ་པ། རྒྱན། ཆོས་ཉིད། བྱ་བྲལ་གྱི་ཀློང་བཞིར་བསྡུ་བ་སོགས་མང་དུ་མཆིས་སོ། །གསུམ་པ་མན་ངག་སྡེའི་དབྱེ་བ་ནི། མན་ངག་ཁ་འཐོར་ཁ་གཏམ་རྒྱུད་རང་གཞུང༌། །ཕྱི་མའི་བྱེ་བྲག་སྙན་བརྒྱུད་བཤད་རྒྱུད་ལ། །ཕྱི་ནང་གསང་བ་ཡང་གསང་བླ་མེད་སྐོར། །སྔ་མ་གཉིས་ལས་ཁྱད་པར་དུ་འཕགས་པ་མན་ངག་སྡེའི་ལྟ་བ་ནི། གདོད་མ་ཉིད་ནས་གྲོལ་ཞིང་ཀ་ནས་དག་པའི་ཆོས་ཉིད་ལ་ཉི་ཚེ་བའི་བལྟ་བྱའི་ཡུལ་དང༌། ལྟ་བྱེད་ཀྱི་ཤེས་པ་གཉིས་སུ་ཆད་པས་འཁྲུལ་མ་འཁྲུལ་དང༌། རྟོགས་མ་རྟོགས་སུ་བསྒྲུབས་པའི་ལྟོས་གཞི་དང༌། ལྟོས་པའི་ཆོས་ལས་ལོག་པས། ངང་གི་ངོ་བོ་སྤྲོས་བྲལ་གྱི་ཆ་ནས་ཤེས་བྱ་ཤེས་བྱེད་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་དག་པ་མ་ཡིན་པར་མཉམ་ཞིང་ཐ་སྙད་ཙམ་དུ་བཏགས་པ་ལས། དེར་འཛིན་གྱི་བསམ་བརྗོད་ལས་ཡང་དག་པར་འདས་པས་ན། བློ་དང་ཡིད་དཔྱོད་ལས་འདས་པའི་དོན་གནད་ཐོག་ཏུ་ཕེབས་པའི་མེ་བཙའ་ལྟ་བུའོ། །དེ་ལ་དབྱེ་ན་གསུམ། དང་པོ་ཁ་འཐོར་ནི། བློ་ལས་འདས་པའི་ཡེ་ཤེས་དབྱེ་བསལ་གཞན་ལྟོས་མེད་པར་སྐད་ཅིག་ཉིད་ལ་འཆར་བའོ། །གཉིས་པ་ཁ་གཏམ་ནི། ངོ་བོ་བློ་བྲལ་མ་འཁྲུལ་པ། རང་བཞིན་རྣམ་རྟོག་གི་ཁུངས་རྡིབ་པ། མཚན་ཉིད་ངོས་བཟུང་དང་བྲལ་བའོ། །གསུམ་པ་རྒྱུད་རང་གཞུང་དུ་བསྟན་པ་ནི། བཀའ་ཐམས་ཅད་ཀྱི་བྱུང་སར་གྱུར་པ། རང་བཞིན་འཁོར་འདས་དང་བྲལ་བས་སྤང་བླང་བྱ་རྩོལ་མེད། ཆོས་ཉིད་སྒྲ་དང་ཚིག་ཏུ་མི་གནས་པས་སྟོང་ཉིད་ལ་རྩོད་པས་མི་རེག་པའོ། །དེ་དག་ལའང་ནང་གསེས་ཀྱི་དབྱེ་བ་མང་ཡང་གཙོ་བོར་ཕྱི་མའི་བྱེ་བྲག་སྙན་བརྒྱུད་དང་བཤད་རྒྱུད་དུ་གྲགས་པ་ལ་


LT08,P106A
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བཞི་སྟེ། ལུས་དང་འདྲ་བ་ཕྱི་སྐོར། མིག་དང་འདྲ་བ་ནང་སྐོར། སྙིང་དང་འདྲ་བ་གསང་སྐོར། ཐམས་ཅད་རྫོགས་པ་དང་འདྲ་བ་ཡང་གསང་བླ་ན་མེད་པའི་སྐོར་ཏེ་བཞིའོ། །དང་པོ་ཕྱི་སྐོར་གྱི་ངོ་བོ་ལ་ཉོན་མོངས་མ་གྲུབ་པས་དུག་ལྔ་ལམ་དུ་ཁྱེར། རང་བཞིན་ལ་རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་དུ་ཤར། མཚན་ཉིད་ལ་ཕྱོགས་ཆ་མེད་པས་སྟོང་སྣང་གང་དུའང་ཕྱེ་བ་མེད་པའོ། །ནང་སྐོར་གྱི་ངོ་བོ་གཟུགས་ཅན་ལས་འདས་པས་མཚན་མ་མེད་པའི་ཆོས་ཉིད། རང་བཞིན་འགྲོ་འོང་མེད་པས་རྟག་པ་རྒྱུན་གནས་ཀྱི་ཡེ་ཤེས་སོ། །མཚན་ཉིད་ནི། འཁོར་འདས་གཉིས་ཀ་ལ་ཟུག་པས་རྩ་བ་ལྟ་བུ། རང་ངོ་ཐ་དད་དུ་འབྲེལ་བས་སྡོང་པོ་ལྟ་བུ། རྩལ་སྣང་ཅིར་ཡང་རྒྱས་པས་ཡལ་ག །གསལ་ཆ་མི་འགག་པས་མེ་ཏོག །སྣ་ཚོགས་གཅིག་ཏུ་སྨིན་པས་འབྲས་བུ་ལྟ་བུའོ། །གསང་སྐོར་གྱི་ངོ་བོ་སྤྲད་པ་དང་རྟོགས་པ་དུས་མཉམ་པས་ཤེས་རབ་གསུམ་ལ་མ་ལྟོས། རང་བཞིན་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་པས་གོམས་སྟོབས་ལ་མ་ལྟོས། མཚན་ཉིད་ནི་སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ་པས་རྒྱུ་ཚོགས་གཉིས་ལ་མི་ལྟོས་པའོ། །ཡང་གསང་བླ་ན་མེད་པ་ནི། ངོ་བོ་ཤེས་བྱ་མ་ཡིན་པས་ཤེས་བྱེད་ལ་མི་ལྟོས། རང་བཞིན་མངོན་སུམ་མཐོང་བས་ཆོས་ཉིད་ཡིད་དཔྱོད་དུ་མི་གནས། མཚན་ཉིད་སྣང་བ་བཞིས་འབྲས་བུ་ཕྱི་དུས་ལ་རེ་བ་མི་འཆའ་བར་ཚེ་འདི་ཉིད་ཀྱིས་གདོད་མའི་གཞི་དབྱིངས་སུ་སྦྱོར་བའོ། །ལྔ་པ་སྒོམ་པ་ནི། སྒོམ་པ་སེམས་སྡེ་རིག་སྟོང་ཆོས་ཀྱི་སྐུར། །ཀློང་སྡེ་ཆོས་ཉིད་བྱ་རྩོལ་མེད་པའི་ངང་མན་ངག་ཡེ་གྲོལ་སྤང་བླང་བྲལ་བར་འཇོག །དེ་དག་གི་སྒོམ་པ་ནི། སེམས་སྡེ་རིག་སྟོང་ཆོས་སྐུའི་ངང་དུ་འཇོག །ཀློང་སྡེ་ཆོས་ཉིད་བྱ་རྩོལ་མེད་པའི་ངང་དུ་འཇོག །མན་ངག་སྡེ་ཡེ་གྲོལ་སྤང་བླང་དང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་འཇོག་


LT08,P106B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་རྫོགས་པ་ཆེན་པོའི་ལུགས་ཀྱི་སྒོམ་པ་ནི། ཁྲེགས་ཆོད་དང་ཐོད་རྒལ་གཉིས་སུ་འདུ་སྟེ་ཞིབ་པར་འོག་ཏུ་འབྱུང་ངོ༌། །དྲུག་པ་སྤྱོད་པ་ནི། ཤུགས་འབྱུང་སྤྱོད་པས། །ཞེས་པ་སྟེ། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པ་ཤུགས་འབྱུང་དུ་སྤྱོད་པ་སྟེ། ནམ་མཁའ་ཆེ་ལས། བྱ་བ་མེད་པས་ལས་རྣམས་ཟིན། །ཞེས་དང༌། བང་མཛོད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། །ལྟ་སྒོམ་སྲོག་དང་ལྡན་པ་ཡིས། །ཤུགས་ལས་བྱུང་བའི་སྤྱོད་པ་ནི། །ཇི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་པའོ། །བདུན་པ་འབྲས་བུ་ནི། གདོད་མའི་གྲོལ་སར་ཕྱིན། །ཅེས་པ་སྟེ། ལྷུན་རྫོགས་ཀུན་ཏུ་བཟང་པོ་གདོད་མའི་གྲོལ་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་པ་སྟེ། གདིང་བཞི་ཚད་དུ་ཕྱིན་པས་འཁོར་བ་མྱང་འདས་སུ་གྲོལ་བའོ། །བཞི་པ་དེ་དག་གི་དམ་ཚིག་ནི། དེ་དག་དམ་ཚིག་སྔགས་ཀྱི་སྡོམ་པར་ཤེས། །ཡོ་ག་རྣམ་པ་གསུམ་པོ་དེ་དག་སོ་སོའི་དམ་ཚིག་དང་སྡོམ་པ་སྤྱི་དང་བྱེ་བྲག་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ནི་གོང་དུ་སྔགས་ཀྱི་སྡོམ་པར་ཞིབ་མོར་བཤད་ཟིན་པ་ལས་ཤེས་པར་བྱའོ། །ལྔ་པ་དེ་དག་གི་རབ་ཏུ་དབྱེ་བ་ནི། ཞིབ་ཏུ་དབྱེ་ན་ཡོ་ག་རྣམ་པ་གསུམ། །རེ་རེ་ལའང་གསུམ་གསུམ་དགུ་རུ་འགྱུར། །རྒྱུད་ལུང་མན་ངག་གསུམ་པོ་ལའང་ནང་གསེས་བཞུགས་ཚུལ་གྱི་དབང་གིས་ཞིབ་ཏུ་དབྱེ་ན་ཡོ་ག་རྣམ་པ་གསུམ་པོ་རེ་རེ་ལའང་མ་ཧཱའི་མ་ཧཱ་ཡོ་ག་སོགས་གསུམ་རེར་ཕྱེ་བས་དགུ་རུ་འགྱུར་བ་མན་ངག་ལྟ་བའི་ཕྲེང་བ་ལས་དངོས་སུ་གསུངས་པ་དང༌། བདེ་འདུས་སྒྲུབ་པ་ལུང་གི་བཀའ་བསྒོ་ལས་ཤིན་ཏུ་རྒྱས་པར་འབྱུང་བའི་དོན་མཐིལ་དུ་དྲིལ་ན། མ་ཧཱའི་མ་ཧཱ་ནི་ལྷའི་དཀྱིལ་འཁོར་རིམ་པས་བསྐྱེད་པ། མ་ཧཱའི་ཨ་ནུ་ནི་རང་བཞིན་གྱིས་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ། མ་ཧཱའི་ཨ་ཏི་ནི་དོན་དམ་


LT08,P107A
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་མ་སྐྱེས་པའོ། །ཨ་ནུ་ཡོ་གའི་མ་ཧཱ་ནི་ལྷའི་དཀྱིལ་འཁོར་ཅིག་ཅར་བསྐྱེད་པ། ཨ་ནུའི་ཨ་ནུ་ནི་ཀུན་རྫོབ་ལྷའི་དཀྱིལ་འཁོར་དེ་དོན་དམ་པར་ཆོས་ཀྱི་དབྱིངས་སུ་རྣམ་པར་དག་པ། ཨ་ནུའི་ཨ་ཏི་ནི་རང་རིག་པའི་ཡེ་ཤེས་གཉིས་སུ་མེད་པའོ། །ཨ་ཏིའི་མ་ཧཱ་ནི་ལྷའི་དཀྱིལ་འཁོར་ཡེ་ནས་གནས་པ། ཨ་ཏིའི་ཨ་ནུ་ནི་ལྷའི་དཀྱིལ་འཁོར་རང་སེམས་ཡིན་པ། ཨ་ཏིའི་ཨ་ཏི་ནི་སེམས་ཀྱི་ངོ་བོ་ལ་ངེས་པ་མེད་དེ་རང་བཞིན་ལྷུན་གྱིས་གྲུབ་པའོ། །ཞེས་སོགས་དང༌། གསང་སྔགས་བཀའི་ལྡེའུ་མིག་ལས་ཀྱང་གསང་སྔགས་ཐམས་ཅད་རྒྱུད་ལུང་མན་ངག་གསུམ་དུ་ཕྱེ། དེ་རེ་རེ་ལའང་གསུམ་གསུམ་དགུར་ཕྱེ་སྟེ། རྒྱུད་ཀྱི་རྒྱུད། རྒྱུད་ཀྱི་ལུང༌། རྒྱུད་ཀྱི་མན་ངག །ཅེས་སོགས་གསུངས་སོ། །གཉིས་པ་རྗོད་བྱེད་ཚིག་གི་རྒྱུད་ཀྱི་རྐང་གྲངས་བཤད་པ་ནི། རྗོད་བྱེད་ཏནྟྲ་བཅོ་བརྒྱད་མདོ་ལུང་ལྔ། །ཀུན་བྱེད་མ་བུ་བཅོ་བརྒྱད་ཡེ་ཤེས་གསང༌། །བཅུ་བདུན་རྒྱུད་སོགས་སྒྲུབ་སྡེར་འདས་པ་ལྔ། །འཇིག་རྟེན་པ་གསུམ་སྤྱི་སྒོས་རྒྱུད་རྣམས་སོ། །ཡོ་ག་རྣམ་པ་གསུམ་པོ་རྗོད་བྱེད་ཚིག་གི་རྒྱུད་ནི་མཐའ་ཡས་ཤིང༌། རྫོགས་པ་ཆེན་པོ་ཁོ་ན་ལ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིས་མཚོན་ནམ་མཁའ་དང་མཉམ་པར་གསུངས་པ་ལས། གངས་ཅན་གྱི་ལྗོངས་སུ་བྱོན་ཅིང་ཡོངས་སུ་གྲགས་པ་ནི་མ་ཧཱ་ཡོ་གའི་གཙོ་བོར་ཏནྟྲ་སྡེ་བཅོ་བརྒྱད་དུ་གྲགས་པ་རྣམས་ཏེ། དེའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ཆེན་པོ་ལྔ། སྒྲུབ་པ་ལག་ལེན་དུ་བསྟན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པའི་ལག་ལེན་དུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་ཕྱི་མ་ལྟ་བུ་གཉིས། དེ་ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་སྡེ་ཆེན་པོ་གཅིག་དང་བཅོ་བརྒྱད་དོ། །ཐམས་ཅད་ཀྱི་བསྡུས་དོན་ལྟ་བུའི་རྒྱུད་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དཔལ་གསང་བའི་སྙིང་པོ་


LT08,P107B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཉིད་ཡིན་ལ། སྒྱུ་འཕྲུལ་དྲྭ་བ་ཉིད་ལའང་སྒྱུ་འཕྲུལ་སྡེ་བརྒྱད་དང༌། བཤད་རྒྱུད་སྡེ་བཞིར་བཞུགས་ཤིང༌། དེ་དག་ཐམས་ཅད་ཀྱང་གསང་འདུས་སོགས་ཕ་རྒྱུད། མཉམ་སྦྱོར་སོགས་མ་རྒྱུད། སྒྱུ་འཕྲུལ་དྲྭ་བ་སོགས་གཉིས་མེད་ཀྱི་རྒྱུད་དེ་གསུམ་དུ་འདུའོ། །ཨ་ནུ་ཡོ་ག་ལ་སྤྱིར་རྒྱུད་ལུང་ཉེར་གཅིག །མདོ་བཅུ། ལུང་གི་ཡི་གེ་བདུན་ཅུ་སོགས་སུ་ཡོད་པ་ལས། ཀུན་འདུས་སོགས་རྩ་བའི་མདོ་བཞི། དེ་མས་སུ་གྲགས་པ་སྤྱི་མདོ་དགོངས་འདུས་ཏེ་མདོ་ལུང་ཆེན་པོ་ལྔ་གཙོ་བོར་གྱུར་པའོ། །མན་ངག་སྡེ་སེམས་ཀློང་མན་ངག་གསུམ་གྱི་དང་པོ་སེམས་སྡེ་ལ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོའི་སྐོར། སྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ་བསྡམས་པས་སེམས་སྡེ་མ་བུ་བཅོ་བརྒྱད་དུ་གྲགས་པ་དང༌། སེམས་སྡེ་སྤྱིའི་རྒྱུད། གཉིས་པ་ཀློང་སྡེ་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་སོགས་བཅུ་གཅིག །གསུམ་པ་མན་ངག་སྡེ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་སོ་སོའི་རྒྱུད་རྣམས་དང༌། ཁྱད་པར་ཤིན་ཏུ་ཟབ་པ་ཡང་གསང་བླ་ན་མེད་པའི་རྒྱུད་བཅུ་བདུན་དུ་གྲགས་པ་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལ་སོགས་པ་ཡིན་ཅིང༌། སྤྱི་ཏི་དང༌། ཡང་ཏིའི་རྒྱུད་ཀྱང་མང་དུ་བཞུགས་སོ། །མ་ཧཱ་ཡོ་གའི་བྱེ་བྲག་སྒྲུབ་སྡེ་ལ་འཇིག་རྟེན་ལས་འདས་པ་ལྔ། འཇིག་རྟེན་པ་གསུམ་བཅས་སྒྲུབ་པ་སྡེ་བརྒྱད་དུ་གྲགས་པའི་སྤྱི་རྒྱུད་བདེ་གཤེགས་འདུས་པ། གསང་བ་ཡོངས་རྫོགས་ལ་སོགས་པ་གཏེར་ནས་བྱོན་པ་དང༌། སྒོས་ཀྱི་རྒྱུད་འཇམ་དཔལ་ཁོ་ན་ལ་མཚོན་ན་འཕགས་ཡུལ་དུ་འཇམ་དཔལ་ཁྲི་དྲུག་སྟོང་བཞུགས་པ་ལས་བོད་དུ་ཡེ་ཤེས་དང་ལས་ཀྱི་རྒྱུད་དྲུག་ཅུ་རྩ་ལྔ་འགྱུར་བར་གྲགས་པ་དང༌། གཏེར་མའི་ཕྱོགས་ལས་ཅི་རིགས་པར་བྱོན་པ་རྣམས་ཏེ་ད་ལྟའང་རྣམ་གྲངས་ཤིན་ཏུ་མང་པོ་བཞུགས་པ་ཡིན་ནོ། །གསུམ་པ་རྒྱུད་བཤད་ཐབས་ཀྱི་


LT08,P108A
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་བསྟན་པ་ལ་གསུམ། མ་ཧཱ། ཨ་ནུ། ཨ་ཏིའི་འཆད་ཐབས་སོ། །དང་པོ་ལ་གཉིས། སྤྱི་དང༌། བྱེ་བྲག་གོ །དང་པོ་ནི། བཤད་ཐབས་མ་ཧཱའི་རྒྱན་བདུན་གསར་མར་མཚུངས། །རྒྱུད་དེ་དག་འཆད་པའི་ཐབས་ནི། མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱན་བདུན་གྱི་སྒོ་ནས་འཆད་པ་ཧེ་རུ་ཀ་གལྤོའི་རྒྱུད་ལས་གསུངས་ཏེ། མ་ཧཱ་ཡོ་གའི་རྒྱན་བདུན་ཀྱང༌། །གླེང་སློང་བ་དང་སངས་རྒྱས་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པས་ཤེས་པར་བྱ། །ཞེས་སོགས་རྒྱས་པར་གསུངས་ཏེ་དེ་དག་གི་དོན་གསར་མར་བླ་མེད་སྤྱིའི་འཆད་ཚུལ་དུ་བཤད་པ་དང་མཚུངས་སོ། །གཉིས་པ་ལ་གཉིས། རྒྱུད་སྡེ་དང་སྒྲུབ་སྡེའོ། །དང་པོ་ནི། ཁྱད་པར་རྡོར་སེམས་སྒྱུ་དྲྭ་གསང་བའི་སྙིང༌། །དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ། །ཨ་ཏི་མ་ཧཱའི་བཤད་སྲོལ་གཉིས་སུ་བྱུང༌། །མ་ཧཱ་ཡོ་གའི་རྒྱུད་ལས་ཀྱང་ཁྱད་པར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་རྒྱུད་ལུང་མན་ངག་དང་མཐུན་པའི་མཚན་ཙམ་གྱི་ངེས་པ་ལས་ཀྱང་བླ་ན་མེད་པའི་རྒྱུད་དོན་རྣམས་ཀྱི་གསང་བ་རྟོགས་པར་འགྱུར་བ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་འདི་ཉིད་འགྲེལ་ཚུལ་འགའ་ཞིག་མཆིས་པ་རྣམས་བསྡུ་ན། མན་ངག་ཨ་ཏི་ཡོ་གར་བཀྲལ་བ་དང༌། བསྐྱེད་པ་མ་ཧཱ་ཡོ་གར་བཀྲལ་བའི་བཤད་སྲོལ་གཉིས་སུ་འདུ་བ་ཡིན་ནོ། །དེའང་དང་པོ་ནི་སློབ་དཔོན་ཉི་འོད་སེང་གེ་དང༌། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་དགོངས་པའོ། །གཉིས་པ་ནི་སྒེག་རྡོར། །སངས་རྒྱས་གསང་བ་སོགས་དང༌། ཟུར་པའི་བཀའ་སྲོལ་འཛིན་པ་ཕལ་ཆེ་བའི་དགོངས་པ་ཡིན་ནོ། །མ་ཧཱའི་སྲོལ་ལ་སྔ་རབས་འཆད་ཚུལ་གསུམ། །བཀའ་སྡེ་ཟུར་པས་ཆོས་ལྔའི་སྒོ་ནས་འཆད། །དེའང་ད་ལྟ་ཡོངས་སུ་གྲགས་པ་མ་ཧཱ་ཡོ་གའི་ལུགས་སུ་བཞེད་པའི་སྲོལ་ལྟར་ན། ཆེ་བའི་ཡོན་ཏན་བརྒྱད་ཀྱིས་འཕགས་པའི་རྒྱུད་རྒྱལ་


LT08,P108B
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་སྙིང་པོ་ནི་འཆད་བྱར་ཡིན་ལ། འཆད་བྱེད་བཤད་རྒྱུད་རྒྱ་མཚོ། ཐལ་བ། ཡེ་ཤེས་སྙིང་པོ། རྡོ་རྗེ་མེ་ལོང་བཞི་དང་ཚད་མ་གསུམ་གྱིས་འཆད། ཇི་ལྟར་འཆད་ན་སྔ་རབས་པ་རྣམས་ཀྱིས་འཆད་ཚུལ་གསུམ་སྟེ། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་པ་མཚན་གྱི་ནང་དུ་གཞི་ལམ་འབྲས་གསུམ་དུ་བསྡུས་ནས་འཆད་པ་དང༌། མདུང་ལྟར་རྐེང་པ་ནས་བཟུང་སྟེ་འཆད་པ་ལ་ལེའུ་ལྔ་པར། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུགས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་སྟེ་མཚན་ཉིད་གསུམ་དུ་དྲིལ་ནས་འཆད། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་པ་ཞེས་ལེའུ་ཐ་མའི་ཤློ་ཀ་གཉིས་ཀྱི་དོན། གཞི་རང་བཞིན་གྱི་སྣང་བ། ལོག་རྟོག་འཁྲུལ་པའི་སྣང་བ། གདུལ་བྱ་ལམ་གྱི་སྣང་བ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་བཞིར་བསྡུས་ནས་འཆད། བཀའ་སྡེ་ཟུར་པའི་བཤད་སྲོལ་ནི། རང་བཞིན་དངོས་པོའི་གནས་ཚུལ། མ་རྟོགས་འཁྲུལ་པའི་སྣང་བ། ཐམས་ཅད་མཁྱེན་པས་གཟིགས་ཚུལ། བརྩེ་བས་ཐུགས་རྗེ་སྐྱེས་ཚུལ། འགྲོ་དོན་ཇི་ལྟར་མཛད་ཚུལ་ཏེ་ཆོས་ལྔའི་སྒོ་ནས་འཆད་དོ། །ད་ལྟ་རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་དགྲོལ་བ་བི་མའི་ལུགས། །ད་ལྟའི་འཆད་ཚུལ་ནི། བི་མ་ལའི་ཁོག་གཞུང་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མ་འབྲུ་གཉེར་བཀྲོལ་བའོ། །ཞེས་གསུངས་པ་ལྟར་དབང་པོ་རབ་ལ་མཚན་བསྟན་ཏེ་བཤད་པ། འབྲིང་ལ་རྒྱུད་ཀྱི་སྤྱི་དོན་རྣམ་པར་དབྱེ་བ། ཐ་མ་ལ་འབྲུ་རེ་གཉེར་རེའི་སྒོ་ནས་བཀྲོལ་བ་གསུམ། དང་པོ་ལ་རྒྱུད་ལུང་མན་ངག་དང་མཐུན་པའི་མཚན་གསུམ། ཐབས་ལམ་སྟེང་སྒོ་གསང་བ་


LT08,P109A
[མ་དཔེ་གཟིགས་ན་འདིར་གནོན།]

འོག་སྒོ་དང་སྦྱར་ཏེ་བཤད་པ་གཉིས་རྣམས་ཡོད། གཉིས་པ་ལ་དོན་གྱི་རྣམ་གྲངས་རྣམ་པར་དབྱེ་བ། ཚིག་གི་རྣམ་གྲངས་རྣམ་པར་དབྱེ་བ་གཉིས། སྔ་མ་ལ་རྒྱུད་འབྱུང་བའི་རྒྱུ་གླེང་གཞི། །རྐྱེན་གླེང་སློང་བ། འབྲས་བུ་ཡོངས་ཤེས་རྒྱུད་དོན། རྒྱུད་ཀྱི་དགོངས་འགྲེལ། །འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་ལྔ། གསུམ་པ་ལ་ངོ་བོ་ངེས་ཚིག་དབྱེ་བ་རྣམས་ཀྱི་སྒོ་ནས་འཆད་པར་མཛད་དོ། །དེ་དག་ནི་ཐོས་བསམ་གྱི་ཤེས་རབ་ལ་གཙོ་བོར་བརྟེན་ནས་རྒྱུད་དྲང་ཐད་དུ་གཏན་ལ་འབེབས་པར་བྱེད་པའོ། །རྒྱུད་ཀྱི་དངོས་པོ་ལྟ་སྤྱོད་དཀྱིལ་འཁོར་དང༌། །དབང་བསྐུར་དམ་ཚིག་ཕྲིན་སྒྲུབ་ཏིང་ངེ་འཛིན། །མཆོད་པ་སྔགས་རྒྱ་ལམ་གྱི་ཆ་རྐྱེན་བཅུ། །རྒྱུད་ཀྱི་དངོས་པོ་བཅུ་ནི། དེ་ཁོ་ན་ཉིད་ལྟ་བ། ལ་དོར་བ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པར་བགྲོད་པ་དབང༌། མི་འདའ་བ་དམ་ཚིག །རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབ་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱ་སྟེ་དེ་དག་སྒྲུབ་པ་པོའི་ལམ་གྱི་ཆ་རྐྱེན་དུ་གྱུར་པ་དང༌། རྗོད་བྱེད་ཀྱི་དོན་གཙོ་ཆེ་བ་རྣམས་མངོན་རྟོགས་སུ་བསྡེབས་པའི་དབང་གིས་རྒྱུད་ཀྱི་དངོས་པོ་བཅུ་ཞེས་བྱེ་བྲག་དབྱེ་ནས་བཤད་པར་སྣང་ཞིང༌། མདོར་ན་སྒོམ་པ་ཤེས་རབ་ལ་གཙོ་བོར་བརྟེན་ནས་རྒྱུད་མངོན་རྟོགས་སུ་བསླབ་ཅིང་ཉམས་སུ་ལེན་པའི་མན་ངག་གི་རིམ་པའོ། །གཉིས་པ་སྒྲུབ་སྡེའི་བཤད་ཐབས་ནི། སྒྲུབ་སྡེ་བཤད་སྡོམ་རྒྱུད་ཆིངས་ལུང་གི་སྡེབས། །སྦྱོར་ལུགས་ལྔ་བཞི་ཉི་ཤུས་གཏན་ལ་དབབ། །སྒྲུབ་སྡེའི་རྒྱུད་རྣམས་ནི་བཤད་ཐབས་ཉི་ཤུར་གསུངས་ཏེ། བདེ་འདུས་རྒྱུད་ཀྱི་སྤྱི་ཆིངས་ལས། བཤད་ཐབས་མན་ངག་ཉི་ཤུ་ལ། །སྤྱི་སྡོམས་ལྔ་དང་རྒྱུད་ཆིངས་ལྔ། །ལུང་སྡེབས་ལྔ་དང་སྒྲུབ་ཐབས་ཀྱི། །སྦྱོར་ལུགས་ལྔ་ཡིས་གཏན་ལ་དབབ། །ཅེས་གསུངས་པ་ལྟར་


LT08,P109B
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སྤྱི་སྡོམ་ལྔས་རྒྱུད་ཀྱི་སྤྱི་དོན་ལ་འཇུག །རྒྱུད་ཀྱི་ཆིངས་ལྔས་དེའི་དོན་རྒྱས་པར་བཀྲོལ། ལུང་གི་སྡེབས་ལྔས་སྤྱིའི་ཁོག་བསྡེབ། སྦྱོར་ལུགས་ལྔ་ཡིས་སློབ་མའི་རྒྱུད་དང་བསྲིས་ཏེ་གཏན་ལ་དབབ་པའོ། །དེའི་དང་པོ་ནི། གསང་སྔགས་བཀའི་བང་མཛོད་ཐ་རམ་ལྡེའུ་མིག་སྔགས་ལུང་སྒྲུབ་ལུང་ལྔ་པོའི་ཁོགས་བསྡེབས་ཏེ་སྟོན་པ་དང་བསྟན་པ་དང་ངེས་དོན་སྙིང་པོའི་ཚིག་དོན་རྣམས་ངེས་པར་བྱེད། གཉིས་པ་ནི། ས་བཅད་ཀྱི་བཤད་ཚོམ་བཀོད། འགྲེལ་པས་ཚིག་འབྲུ་གནོན། །ཏི་ཀས་བསྡུས་དོན་བསྟན། བསྣོལ་མཚམས་ཀྱིས་འཁྲུགས་པ་བསྡེབ། མན་ངག་གིས་ལག་ལེན་བསྟན་པའོ། །གསུམ་པ་ནི། རྒྱུད་ལུང་དང་བསྡེབ། ལུང་སྒྲུབ་ཐབས་དང་བསྡེབ། སྒྲུབ་ཐབས་ཕྲིན་ལས་དང་བསྡེབ། ཕྲིན་ལས་ལག་ལེན་དང་བསྡེབ། ལག་ལེན་ཉམས་མྱོང་དང་བསྡེབ་པའོ། །བཞི་པ་ནི། རྩ་བ་སྒྲུབ་ཐབས་དང་སྦྱོར། སྒྲུབ་ཐབས་ཕྲིན་ལས་དང་སྦྱོར། ཕྲིན་ལས་སྒོམ་ཁོག་དང་སྦྱོར། སྒོམ་ཁོག་ཏིང་ངེ་འཛིན་དང་སྦྱོར། །ཏིང་ངེ་འཛིན་མན་ངག་དང་སྦྱར་ལ་བཤད་པར་གསུངས་སོ། །གཉིས་པ་ཨ་ནུ་ཡོ་གའི་བཤད་ཐབས་ནི། ཨ་ནུ་ལྟ་བ་བསྐྱེད་རིམ་བརྗོད་པ་སྔགས། །སྦྱོར་སྒྲོལ་མཆོད་པ་སྒྲུབ་ལུང་བདུན་གྱིས་རྟོགས། །ཨ་ནུའི་མདོ་ལུང་རྣམས་ནི། ཧེ་རུ་ཀ་གལྤོ་ལས། སྣང་སྲིད་ཡེ་སངས་རྒྱས་པ་ལྟ་བའི་ལུང༌། །ལྷ་སྐུ་ཕྱག་རྒྱར་གསལ་བ་བསྐྱེད་རིམ་ལུང༌། །བཟླས་བརྗོད་བསྙེན་པར་འབད་པ་སྔགས་ཀྱི་ལུང༌། །ཆོས་དབྱིངས་ཡུམ་དུ་རོལ་པ་སྦྱོར་བའི་ལུང༌། །ཞིང་བཅུ་རྩད་ནས་གཅོད་པ་སྒྲོལ་བའི་ལུང༌། །ཚོགས་ཀྱི་འཁོར་ལོ་ཞལ་ཟས་མཆོད་པའི་ལུང༌། །དབང་བསྐུར་དངོས་གྲུབ་ལེན་པ་སྒྲུབ་ཆེན་ལུང༌། །ཞེས་པ་ལྟར་བདུན་དང་སྦྱར་ནས་རྟོགས་པར་བྱའོ། །གསུམ་པ་ཨ་ཏི་ཡོ་གའི་འཆད་ཚུལ་ནི། ཨ་ཏི་དཔེ་ཅན་ལམ་གྱི་ཆོས་ལྔ་དང༌། །


LT08,P110A
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བྲལ་འབྲས་བུའི་སྤྱི་དོན་དྲུག་གིས་སོ། །རྫོགས་ཆེན་ཨ་ཏི་ཡོ་གའི་རྒྱུད་སྡེ་རྣམས་ནི། དཔེ་ཅན་ལམ་གྱི་ཆོས་ལྔ་དང༌། དཔེ་བྲལ་འབྲས་བུའི་ཆོས་གཅིག་སྟེ་སྤྱི་དོན་དྲུག་གི་སྒོ་ནས་འཆད་པར་བྱེད་པ་སྟེ། དེའང་དཔེ་ཅན་ལྔ་ནི། དཔེ་ནམ་མཁའ་གཡའ་དག་པ་ལ་བརྟེན་ནས་གཞིའི་ཡེ་ཤེས་བཤད་པ། དཔེ་ཁྱུང་ཆེན་གཤོག་རྫོགས་ལ་བརྟེན་ནས་གནས་ལུགས་ཀྱི་ལྟ་བ་བཤད་པ། དཔེ་རྒྱ་མཚོ་འཁྱིལ་པ་ལ་བརྟེན་ནས་མཉམ་གཞག་གི་སྒོམ་པ་བཤད་པ། དཔེ་སེང་གེའི་སྒྲ་སྐད་ལ་བརྟེན་ནས་རྟོག་དཔྱོད་ཟིལ་གནོན་བཤད་པ། དཔེ་དཔག་བསམ་ལྗོན་ཤིང་ལ་བརྟེན་ནས་རྫོགས་པའི་འབྲས་བུ་བཤད་པ་སྟེ་ལྔའོ། །དཔེ་བྲལ་འབྲས་བུའི་ཆོས་གཅིག་ནི། མ་བཙལ་ལྷུན་རྫོགས་དོན་དམ་གྱི་གནས་ལུགས་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཆོས་སྐུའི་ཆོས་སྐུ་འཁོར་འདས་ཀྱི་སྤྱི་མེས་ཆེན་པོའི་རང་བཞིན་ནི་རྟོག་གེའི་རིགས་པ་དང་ཐ་སྙད་ཀྱི་དཔེ་དང་ཚིག་གིས་གཏན་ལ་མི་ཕེབ་པས་མངོན་སུམ་རང་གནས་སུ་ངོ་སྤྲོད་པའི་བརྡས་མཚོན་པར་བྱེད་པའོ། །གསང་སྔགས་རྡོ་རྗེ་ཐེག་པ་རྣམ་པར་གཞག་པ་སྐབས་བཞི་པའི་འགྲེལ་པའོ།། །།ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུངས་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ་ལས་ཐོས་པའི་རིམ་པར་ཕྱེ་བ་གནས་དྲུག་པའི་འགྲེལ་པ་གྲུབ་བོ།། །།དེ་ལྟར་ཤེས་བྱ་སྤྱི་དང་བྱེ་


LT08,P110B
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ཟབ་པ་དང་རྒྱ་ཆེ་བའི་གནས་ཇི་ལྟར་ཐོས་པ་དེ་དག་གི་དོན་བསམ་པའི་རྟོག་དཔྱོད་ཀྱིས་རྣམ་པར་ངེས་པར་བྱ་དགོས་པས་གནས་བདུན་པ་བསམ་པའི་རིམ་པར་ཕྱེ་བ་ལ་སྐབས་བཞི། འཇལ་བྱེད་ལྡེའུ་མིག་རྣམ་པར་ངེས་པ། འཁོར་ལོ་གསུམ་གྱི་དྲང་ངེས་དང་བདེན་གཉིས་རྟེན་འབྲེལ་རྣམ་པར་ངེས་པ། གཙོ་བོ་ལྟ་བ་རྣམ་པར་ངེས་པ། བློ་ལྡོག་རྣམ་བཞི་རྣམ་པར་ངེས་པའོ། །དང་པོ་ལ་གཉིས། སྤྱིར་བསམ་བྱུང་གི་ཤེས་རབ་བསྐྱེད་ཚུལ། བྱེ་བྲག་འཇལ་བྱེད་ཀྱི་ལྡེའུ་མིག་བཤད་པའོ། །དང་པོ་ནི། ཐོས་དོན་བསམ་པས་རྣམ་པར་ངེས་བྱ་སྟེ། །དེ་ཡང་རྟོག་དཔྱོད་ཡིད་ཀྱིས་བརྗོད་པས་སོ། །དེ་ལྟར་ཐོས་པའི་དོན་ཉིད་བསམ་བྱུང་གི་ཤེས་རབ་ཀྱིས་རྣམ་པར་ངེས་པར་བྱ་དགོས་ཏེ། གནས་སྐབས་སུ་ཐ་སྙད་ཀྱི་ཚིག་དོན་རྣམས་ལའང་ལེགས་པར་བསམ་ཞིང་བརྟག་དཔྱད་ཞིབ་མོས་ཐེ་ཚོམ་གྱི་སྒྲོ་འདོགས་བཅད་དེ། ལན་ཅིག་ཐོས་པའི་སྐབས་སུ་དོན་རགས་པར་གོ་བ་ལྟར་སྣང་ཡང་ཇི་བཞིན་གཏན་ལ་ཕེབ་པའི་ངེས་པ་མེད་པས། ཚིག་དོན་རེ་རེའི་སྟེང་དུའང་ལུང་རིགས་དུ་མ་སྤུངས་ནས་དཔྱད་པས་གདོད་ངེས་པའི་ཤེས་པ་ཡང་དག་པར་སྐྱེ་བར་འགྱུར་རོ། །བསམ་པའི་ཚུལ་ཇི་ལྟར་ན་རགས་པར་རྟོག་པ་དང་ཞིབ་མོར་དཔྱོད་པ་སྟེ་གཉིས་ཀ་ཡིད་ཀྱི་བརྗོད་པ་ཞེས་བྱ་ལ། དེ་དག་གིས་ཤེས་བྱའི་གནས་འཇལ་བའོ། །སེམས་པ་དང་འགྲོགས་འཇིག་རྟེན་རྟོག་པ་སྟེ། །ཤེས་རབ་དང་འགྲོགས་འཇིག་རྟེན་འདས་པའོ། །ག༌


LT08,P111A
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པ་ཞིབ་མོར་སོ་སོར་རྟོག་པའི་སེམས། །དེ་ལ་དང་པོ་ཀུན་ཏུ་ཚོར་བའི་ཡིད་ཀྱི་བརྗོད་པ་ཞེས་བྱ་བ་རྟོག་པ་ནི། ཤེས་བྱའི་གནས་ལ་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་ཞིག །བུམ་པའོ། །སྣམ་བུའོ་ཞེས་འོལ་སྤྱི་ཙམ་དུ་ཤེས་པའི་སེམས་རྩིང་བ་སྟེ། དེ་ལ་དབྱེ་ན། རྣམ་པར་རྟོག་པའམ་སེམས་ཙམ་དང་འགྲོགས་པ་འཇིག་རྟེན་པའི་རྟོག་པ་དང༌། གནས་ལུགས་དོན་ལ་བློ་གྲོས་ཞུགས་པའི་ཤེས་རབ་དང་འགྲོགས་པ་འཇིག་རྟེན་ལས་འདས་པའི་རྟོག་པ་གཉིས་སོ། །གཉིས་པ་སོ་སོར་རྟོག་པའི་ཡིད་ཀྱི་བརྗོད་པ་ཞེས་བྱ་བ་དཔྱོད་པ་ནི། །ཤེས་བྱའི་གནས་ལ་སེམས་པ་དང་ཤེས་རབ་ཀྱི་བྱེ་བྲག་གང་ཞིག །བུམ་པ་བཟང་པོའོ། །བུམ་པ་ངན་པའོ། །སྣམ་བུའི་ཁ་དོག་བཟང་ངོ༌། །ངན་ནོ་སོགས་ཚུལ་ཇི་བཞིན་པར་ཞིབ་མོར་སོ་སོར་རྟོག་ཅིང་གཏན་ལ་ཕེབ་པའི་སེམས་ཞིབ་པ་སྟེ། དབྱེ་བ་སྔ་མ་དང་མཚུངས་སོ། །དེ་ལྟར་ན་བསམ་བྱུང་གི་ཤེས་རབ་ནི་ཐོས་པའི་གནས་ལ་རྟོག་དཔྱོད་ཀྱིས་བསྐྱེད་པ་ཡིན་ནོ། །གཉིས་པ་བྱེ་བྲག་འཇལ་བྱེད་ལྡེའུ་མིག་བཤད་པ་ལ་གཉིས། མཚམས་སྦྱོར་གྱི་ཚུལ་གྱིས་རྣམ་གྲངས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་འཇལ་བྱེད་གཅེས་པའི་ལྡེའུ་མིག་དང༌། །གཞལ་བྱའི་དམ་ཆོས་རིན་ཆེན་མཛོད་ཁང་གཉིས། །འཇལ་བྱེད་ཐུན་མོང་དྲང་ངེས་དགོངས་ལྡེམ་དགོངས། །རྟོན་དང་རིགས་པ་བཞི་རྣམས་


LT08,P111B
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོར་གྱུར། །དེ་ལ་བསམ་པ་བྱ་བའི་ཚུལ་མདོར་བསྡུ་ན། གང་གིས་འཇལ་བྱེད་གཅེས་པའི་ལྡེའུ་མིག་ལྟ་བུ་དང༌། གང་ཞིག་གཞལ་བར་བྱ་བ་དམ་ཆོས་རིན་པོ་ཆེའི་མཛོད་ཁང་ལྟ་བུ་གཉིས་སུ་ངེས་པ་ལས། དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་པའི། འཇལ་བྱེད་ཐུན་མོང་བ་ནི་དྲང་ངེས་དང་དགོངས་ལྡེམ་དགོངས་བཞི་དང༌། རྟོན་པ་བཞི་དང༌། རིགས་པ་བཞི་རྣམས་གཙོ་བོར་གྱུར་པ་ཡིན་ནོ། །གཉིས་པར་རྒྱས་པར་བཤད་པ་ལ་གཉིས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་བཞི། དྲང་ངེས་གཉིས། དགོངས་ལྡེམ་དགོངས་བཞི། རྟོན་པ་བཞི། རིགས་པ་བཞི་བཤད་པའོ། །དང་པོ་ནི། ཆོས་ཅན་གང་ཟག་སེམས་ཅན་སྐྱེ་འགག་དང༌། །ཕུང་ཁམས་ལ་སོགས་གཤིས་ལ་འཇུག་པའི་ཐབས། །རྗོད་བྱེད་དང་བཅས་ཀུན་རྫོབ་དྲང་བའི་དོན། །དེ་ལ་ཆོས་ཅན་སྣང་ཚོད་ཐུན་མོང་དུ་གྲགས་པ་གཙོར་བྱས་པ། གང་ཟག་དང་སེམས་ཅན་དང༌། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་དང༌། དེ་དག་གི་སྐྱེ་འགག་འགྲོ་འོང་ལ་སོགས་པ་གཤིས་ལ་འཇུག་པའི་ཐབས་སུ་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་སྒྲོ་བཏགས་ནས་བསྟན་པ་དང༌། དེ་རྗོད་བྱེད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའང་ཀུན་རྫོབ་དྲང་བའི་དོན་ཅེས་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོན་པ་བདེ་བར་གཤེགས་པས་གསུངས་པ་ལྟར། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་


LT08,P112A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་པ་དང༌། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་དེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ཞེས་དང༌། མདོ་སྡེ་གང་དག་བདག་དང༌། སེམས་ཅན་དང༌། སྲོག་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བདག་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང༌། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །ཞེས་དང༌། དབུ་མ་བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། གང་ལ་སྐྱེ་དང་འགག་ལ་སོགས། །སེམས་ཅན་སྲོག་ལ་སོགས་བསྟན་པ། །དེ་ན་དྲང་དོན་དེ་ཀུན་རྫོབ། །ཅེས་གསུངས་སོ། །ཆོས་ཉིད་སྤྲོས་བྲལ་རྣམ་པར་དག་པའི་སྒོ། །དངོས་པོའི་གནས་ལུགས་སྟོན་རྣམས་ངེས་དོན་ནོ། །ཆོས་དེ་གསུངས་པའི་དགོས་པ་བསྟན་པ་རྣམས། །དྲང་དོན་འདོད་པར་མཆིས་མོད་ངེས་པ་མེད། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་འགག་སོགས་སྤྲོས་པ་དང་བྲལ་བའི་དོན་ཟབ་མོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་མམ། མངོན་པར་འདུ་མི་བྱེད་པ་དང་བཅས་པའི་སྒོ་བཞིས་བསྡུས་པ་ཐམས་ཅད་དང༌། དངོས་པོ་གཤིས་ཀྱི་གནས་ལུགས་རང་བཞིན་གྱིས་འོད་གསལ་ཞིང་སྨྲ་བསམ་བརྗོད་པ་ཐམས་


LT08,P112B
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས་འདས་པའི་དོན་སྟོན་པ་རྣམས་དང༌། དེ་སྟོན་བྱེད་གསུང་རབ་དགོངས་འགྲེལ་དང་བཅས་པའང་དོན་དམ་པ་དང་ངེས་པའི་དོན་ཅེས་བྱ་སྟེ། བློ་གྲོས་མི་ཟད་པས་ཞུས་པ་ལས། མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །ཞེས་དང༌། མདོ་སྡེ་གང་དག་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་མི་བྱེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པ་དང༌། བདག་མེད་པ་དང༌། སེམས་ཅན་མེད་པ་དང༌། སྲོག་མེད་པ་དང༌། གང་ཟག་མེད་པ་དང༌། བདག་པོ་མེད་པ་དང༌། རྣམ་པར་ཐར་པའི་སྒོ་ཡི་བར་དུ་མེད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །ཞེས་སོགས་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། ཆོས་རྣམས་ཀྱི་ནི་སྟོང་པ་ཉིད། །ངེས་པའི་དོན་ཏོ་ཞེས་ཀྱང་བསྟན། །ཅེས་སོ། ཁ་ཅིག་གིས། རྒྱུད་བླ་མར། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ལ་ལྷག་པའི་སྐྱོན་ལྔ་དེ་དག་ལ། །ཡོད་པ་དེ་དག་དེ་སྤོང་དོན་དུ་གསུངས། །ཞེས་པ་ལྟ་བུ་ཆོས་དེ་ཉིད་གསུངས་པའི་དགོས་པ་བསྟན་པ་རྣམས་ནི་དྲང་དོན་ཡིན་ཅེས་འདོད་པར་མཆིས་མོད། དེ་ལ་ནི་ངེས་པ་མེད་དེ་ཆོས་ཐམས་ཅད་གདུལ་བྱ་འདུལ་བའི་དགོས་པ་འབའ་ཞིག་དང་ལྡན་པས་ཐམས་ཅད་ཀྱང་དྲང་དོན་དུ་ཐལ་བར་འགྱུར་བ་དང༌། རང་ཉིད་ཀྱིས་ངེས་དོན་དུ་འདོད་པ་རྣམས་ལའང་གསུངས་པའི་དགོས་པ་བསྟན་པ་ནི་ཡོད་པས་སོ། །སྤྱིར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པ་དང༌། དོན་དམ་པ་དང༌། རྣམ་བྱང་ཡོངས་དག་དང༌། ལས་དང་ཉོན་མོངས་ཟད་པ། འཁོར་འདས་གཉིས་མེད་དང༌། ཟབ་མོ་མཐོང་བ་ཁོང་དུ་ཆུད་པར་དཀའ་བ་དང༌། སེམས་ངེས་པར་སེམས་པར་བྱེད་པ་སྟེ་བདུན་དང༌།


LT08,P113A
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་རྣམ་ཐར་སྒོ་གསུམ་དང༌། འདུ་མི་བྱེད་པ་དང༌། མ་སྐྱེས་པ་དང༌། མ་བྱུང་བ་དང༌། དངོས་པོ་མེད་པ་དང༌། བདག་མེད་པར་བསྟན་པ་སོགས་ངེས་དོན་ལ། དེ་ལས་ཟློག་པ་དྲང་དོན་དུ་བཟུང་བར་གསུངས་ཤིང༌། བརྒྱད་པ་འདི་དང་མཐུན་པར་ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང་གསུངས་སོ། །དྲང་ངེས་འབྱེད་ཚུལ་འདི་ཇི་ལྟ་པར་རྒྱུད་སྡེ་ལའང་ཤེས་པར་བྱ་སྟེ། གསང་བདག་ཕྱག་ན་རྡོ་རྗེས། དྲང་བའི་དོན་གྱིས་ལས་ཀྱི་ཕྱག་རྒྱ་བྷ་ག་ལ་བརྗོད་དོ། །ངེས་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དོ། །ཞེས་དང༌། འཇིག་རྟེན་པའི་ཀུན་རྫོབ་ཏུ་མཁའ་འགྲོ་མའི་འཁོར་ལོ་སྡོམ་པའོ། །ངེས་པའི་དོན་གྱིས། མཁའ་འགྲོ་མ་ཡི་འཁོར་ལོ་སྡོམ། །ཞེས་མཁའ་འགྲོ་མ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་སོ། །དེ་རྣམས་ཀྱི་ཚོགས་པ་ནི་འཁོར་ལོ་སྟེ། ཆོས་ཀྱི་སྐུའི་མཚན་ཉིད་ཀྱི་སྟོང་པ་ཉིད་ཀྱི་བདག་ཉིད་ཅན་ནོ། །ཞེས་སོགས་གསུངས་ཏེ་འདིའི་ཚུལ་འོག་ནས་འབྱུང་ངོ༌། །གཉིས་པ་དགོངས་ལྡེམ་དགོངས་བཞི་བཤད་པ་ལ་གསུམ། དགོངས་པ་བཞི། ལྡེམ་དགོངས་བཞི། གཉིས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ནི། ཚིག་དོན་ཐ་སྙད་སྦྱོར་ཚུལ་འགལ་མེད་སྟོན། །ཐབས་དེས་དེར་ལྟོས་གདུལ་བྱ་འདུལ་བའི་ཕྱིར། །དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་ཅན། །མཉམ་པ་ཉིད་དང་དོན་དང་དུས་གཞན་དང༌། །གང་ཟག་བསམ་པར་དགོངས་པ་རྣམ་པ་བཞི། །ཚིག་དང་དོན་གྱི་གོ་བ་དངོས་སུ་བཤད་པ་དེ་ལས་ཐ་དད་གཞན་བླང་དུ་ཡོད་ཅིང༌། དངོས་བསྟན་དང་སྦས་དོན་དེ་གཉིས་ཚིག་གི་སྦྱོར་བའི་ཚུལ་གཅིག་གིས་འགལ་བ་མེད་པར་སྟོན་པ་དངོས་བསྟན་གྱི་ཐབས་དེས་ཀྱང་དེ་ལ་ལྟོས་པའི་གདུལ་བྱ་མང་པོ་འདུལ་བའི་ཕྱིར་དུ། དགོངས་གཞི་དོན་གཞན། དགོས་པ་ཚུལ་དེས་གདུལ་བྱ་འདུལ་བ།


LT08,P113B
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་བསྟན་ཙམ་དེ་ཇི་བཞིན་མ་ཡིན་པའི་ལུང་རིགས་ཀྱི་གནོད་བྱེད་ཅན། མཚན་ཉིད་གསུམ་ལྡན་དེ་ནི་དགོངས་པ་ཅན་ཅེས་བྱ་སྟེ། དེ་ལ་བཞི། མཉམ་པ་ཉིད་ལ་དགོངས་པ་ནི། ཆོས་སྐུ་མཉམ་པ་ལ་དགོངས་ནས་ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུའོ། །དོན་གཞན་ལ་དགོངས་པ་ནི། ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ལྟ་བུའོ། །དེའང་ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར་རོ། །གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་རོ། །རང་ལས་སྐྱེ་བ་མེད་དེ་སྐྱེས་པ་དང་སྐྱེ་བ་སྐད་ཅིག་མ་རྫས་འགལ་བའི་ཕྱིར་རོ། །གཞན་ལས་སྐྱེ་བ་མེད་དེ། གཞན་རང་མཚན་པ་དཔྱད་ན་མ་གྲུབ་པའི་ཕྱིར་རོ། །གཉིས་ཀ་ལས་སྐྱེ་བ་རྫས་འགལ་བས་མ་གྲུབ་ལ། རྒྱུ་མེད་པས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་སྣང་ཚོད་པའི་སྐྱེ་སོགས་ཙམ་ནི་རྨི་ལམ་སྒྱུ་མ་ཙམ་དུ་རྟེན་འབྲེལ་ཡིན་པའི་ཕྱིར་མེད་བཞིན་དུ་སྣང་བ་སྟེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། །འཇམ་དཔལ། རྨི་ལམ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྣང་ལ་ཡོད་པ་མ་ཡིན་ནོ། །ཞེས་པ་ནས། སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། ཆུ་ཟླ་དང༌། གཟུགས་བརྙན་དང༌། སྤྲུལ་པའི་བར་དུ་གསུངས་སོ། །ཡོངས་གྲུབ་ལ་དོན་དམ་པའི་ངོ་བོ་ཉིད་མེད་དེ། དོན་དམ་པ་ཡིན་ཞིང་བདག་ཉིད་ལ་དག་པ་དང་མ་དག་པ་ལ་སོགས་པ་སྤྲོས་པའི་ངོ་བོ་མེད་པའི་ཕྱིར་རོ། །དེ་སྐད་དུ། མདོ་སྡེ་དགོངས་པ་ངེས་པར་འགྲེལ་བ་ལས། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་དང༌། སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ལ་དགོངས་ནས་ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བསྟན་ཏོ་ཞེས་སོ། །དུས་གཞན་ལ་དགོངས་པ་ནི་དེ་


LT08,P114A
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་གཟུང་བ་ཙམ་གྱིས་སངས་རྒྱས་འཐོབ་བོ་ཞེས་པ་ལྟ་བུའོ། །དེའང་དེ་གཅིག་པུས་མི་ཐོབ་ཀྱང༌། དེ་སྔོན་དུ་སོང་བའི་ཚོགས་མང་དུ་བསགས་པས་ནམ་ཞིག་ན་འཚང་རྒྱ་བ་ཡིན་ནོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་ཁ་ཅིག་ཚུལ་ཁྲིམས་མཆོག་འཛིན་གྱི་ལྟ་བར་ཞེན་པ་རྣམས་ལ། ཚུལ་ཁྲིམས་ལ་སྨད་ནས་སྦྱིན་པ་ལ་བསྟོད་པ་ལྟ་བུའོ། །གཉིས་པ་ལྡེམ་དགོངས་བཞི་ནི། ངེས་མེད་དྲང་རུང་གཞན་དག་དཀྲི་བའི་ཐབས། །ཉན་ཐོས་ངོ་བོ་ཉིད་གསུམ་ཉེས་པ་འདུལ། །བརྗོད་པ་ཟབ་ཕྱིར་གཞུག་དང་མཚན་ཉིད་དང༌། །གཉེན་པོར་བསྒྱུར་བ་ལྡེམ་པོར་དགོངས་པ་བཞི། །རྗོད་བྱེད་ཀྱི་ཚིག་དེའང་ངེས་པ་མ་ཡིན་ཀྱང་དྲང་དུ་རུང་བ་ཙམ་ལ་དགོངས་ནས་གདུལ་བྱ་དཀྲི་བའི་ཐབས་སུ་མིང་ངམ་ཆ་ཅུང་ཟད་ཡོད་པ་ལ་བརྟེན་ནས་གསུངས་པ་ནི་ལྡེམ་པོར་དགོངས་པ་ཞེས་བྱ་སྟེ། དེའང་ཉན་ཐོས་ཀྱི་རིགས་ཅན་དང༌། ངོ་བོ་ཉིད་གསུམ་དང༌། ཉེས་པ་འདུལ་བ་དང༌། བརྗོད་པ་ཟབ་པའི་ཕྱིར་རིམ་བཞིན་གཞུག་ལྡེམ་སོགས་བཞི་སྟེ། །དང་པོ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི། ཉན་ཐོས་ཀྱི་རིགས་ཅན་ཁ་ཅིག་སྟོང་པས་སྐྲགས་ནས་ཐེག་ཆེན་དུ་མི་འཇུག་པ་དག་གཞུག་པའི་དོན་དུ། གཟུགས་ཡོད་དོ་ཞེས་སྨོས་པས། ཉན་པ་པོས་དོན་ལ་གྲུབ་པར་གོ་ནས་འཇུག་ལ། འཆད་པ་པོས་སྣང་ཚོད་ལ་རྨི་ལམ་ལྟར་ཡོད་པ་ལ་དགོངས་པ་ཡིན་ནོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པའི་གནས་ལུགས་ཤེས་པར་བྱ་བའི་དོན་དུ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས། མེད་པར་འདོད་པ་ལ་ཀུན་བརྟགས་ལ་དགོངས་ནས་མེད་ཅེས་དང༌། ཡོད་པར་འདོད་པ་ལ་ཡོངས་གྲུབ་ལ་དགོངས་ནས་ཡོད་ཅེས་གསུངས་པ་ལྟ་བུའོ། །གཉེན་པོ་ལྡེམ་པོར་དགོངས་པ་ནི། ཁ་ཅིག་ཤཱཀྱ་ཐུབ་པ་སྐུ་བོང་ཆུང་ཞིང་སྐུ་ཚེ་ཐུང་བ་ལ་སོགས་པས་སྟོན་པ་གཞན་ལས་དམན་


LT08,P114B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་གོ་སྙམ་པ་ལ་དགོངས་ཏེ། ང་དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དུ་གྱུར་ཏོ་ཞེས་པ་ལྟ་བུའོ། །ཉན་པ་པོས་གཟུགས་སྐུར་མཉམ་པར་གོ་ཞིང༌། འཆད་པ་པོས་ཚོགས་རྫོགས་པར་མཉམ། ཆོས་སྐུ་ཐོབ་པར་མཉམ། འགྲོ་དོན་མཛད་པ་མཉམ་པ་གསུམ་ལ་དགོངས་སོ། །མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང༌། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་པ་ལྟར་རོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། ཆོས་འདི་གོ་སླ་བའི་ཕྱིར་གཞན་ལས་དམན་པ་ཞིག་གོ་སྙམ་པའི་ཉེས་པ་ཞི་བའི་ཕྱིར་ཤིན་ཏུ་རྟོགས་དཀའ་བར་བསྟན་པ་རྣམས་ཏེ། དཔེར་ན། ཆེད་དུ་བརྗོད་པའི་ཚོམ་ལས། ཕ་དང་མ་ནི་བསད་བྱ་ཞིང༌། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུའོ། །དེའང་འཁོར་བར་འདུ་བྱེད་པས་སྲེད་པ་དང་ལེན་པ་གཉིས་ནི་ཕ་མའོ། །ཀུན་གཞི་ནི་བག་ཆགས་སྣ་ཚོགས་པའི་རྟེན་ནམ་གཞིར་གྱུར་པས་རྒྱལ་པོའོ། །བྲམ་ཟེ་འཇིགས་ཚོགས་ལ་ལྟ་བ་དང༌། དགེ་སྦྱོང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་གཙང་སྦྲ་ཅན་གཉིས་སོ། །ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པ་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་གྱི་སྐོར་དང་བཅས་པའོ། །དེ་དག་བཅོམ་པ་སྟེ་དག་པ་ན་འཚང་རྒྱ་བ་ཡིན་ནོ། །ཞེས་སོ། །གསུམ་པ་དེ་གཉིས་ཀྱི་ཁྱད་པར་ནི། དགོངས་པ་ཡིད་ལ་བཞག་ཙམ་ཕ་རོལ་པོ། །གཟུང་ལ་མི་ལྟོས་ལྡེམ་དགོངས་ལྟོས་པར་བཤད། །དགོངས་པ་དང་ལྡེམ་དགོངས་གཉིས་ངོ་བོ་གཅིག་ལ་བྱེ་བྲག་ཐ་དད་པའང་ཡོད་ཅིང་སྐབས་རེར་མཚུངས་པ་ཡོད་ལ། བྱེ་བྲག་དབྱེ་ན། ཐེག་བསྡུས་ཀྱི་འགྲེལ་བ་བཤད་སྦྱར་ལས། དགོངས་པ་ནི་ཡིད་ལ་རྣམ་པར་གཞག་པ་ཙམ་


LT08,P115A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་ཕ་རོལ་གཟུང་བ་ལ་ལྟོས་པ་ནི་ཁས་མི་ལེན་ཏོ། །ལྡེམ་པོར་དགོངས་པ་ནི་ཕ་རོལ་གཟུང་བ་ལ་ལྟོས་པའོ། །ཞེས་བཤད་དོ། །དེའང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཞལ་ནས། འགའ་ཞིག་ལ་ལྟོས་ནས་དེའི་ཆ་ལྡན་དུ་བཤད་པ་ནི་ཕ་རོལ་གཟུང་བའམ་གཟུང་བ་ལ་མ་ལྟོས་ཀྱང་དགོངས་པ་ཡིན་ལ། དེ་ཉིད་གཞན་གྱིས་དྲིས་པ་ལ་སོགས་པའི་ཚེ་དོན་མཐའ་དག་མ་རྫོགས་པར་ད་དུང་དགོངས་གཞི་ལ་ལུས་པའི་ཕྱིར་དགོངས་པ་ཞེས་སོ། །གཞན་ལ་ཕན་གདགས་པའི་ཕྱིར་ཟུར་ཅུང་ཟད་ལ་བརྟེན་ནས་ཁོ་ཡི་སྣང་བ་དང་མཐུན་པར་སྟོན་པ་ནི་ལྡེམ་དགོངས་ཞེས་བྱ་སྟེ། སྨྲ་བ་པོས་ཀྱང་སྨྲས། ཕ་རོལ་པོས་ཀྱང་དེ་གོ་ནས་ཞུགས་པས་དེ་གཟོད་དོན་གཞན་རྫོགས་པར་གོ་བའི་རྟེན་བྱེད་ཅིང༌། བརྫུན་དུའང་མ་གྱུར་ཙམ་དུ་གནས་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་རྟོན་པ་བཞི་བཤད་པ་ནི། དེའང་རྟོན་པ་ཞེས་བྱ་བ་ནི་ཡུལ་དེ་ལ་ཡིད་ཆེས་ཤིང་བློ་གཏོད་པར་བྱེད་པའི་དོན་ཏེ། དེའང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དགེ་སློང་རྣམས་ནི་ཆོས་རྣམ་པ་བཞི་པོ་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང༌། དོན་ལ་གནས་ཀྱི་ཚིག་ལ་མི་གནས་པ་དང༌། ཡེ་ཤེས་ལ་གནས་ཀྱི་རྣམ་ཤེས་ལ་མི་གནས་པ་དང༌། ངེས་པའི་དོན་ལ་གནས་ཀྱི་དཀྲི་བའི་དོན་ལ་མི་གནས་པ་སྟེ། ཆོས་རྣམ་པ་བཞི་པོ་འདི་ནི་རྟོགས་པར་བགྱི་བ་ལགས་ཀྱི་སྐྱེས་བུ་རྣམ་པ་བཞི་ནི་མ་ལགས་སོ། །ཞེས་སོགས་དང༌། དེའི་དོན་ཤིན་ཏུ་རྒྱས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་འབྱུང་སྟེ། དེ་ལ་རྣམ་གྲངས་བཞིར་གསུངས་པའི་དང་པོ་ནི། ཀུན་མཁྱེན་ཡེ་ཤེས་མངོན་བྱེད་དོན་ལ་རྟོན། །ཐ་སྙད་སྒྲ་ཚིག་ཡི་གེ་ལ་མི་རྟོན། །སྤྱིར་འཇིག་རྟེན་ལས་འདས་པའི་ཚུལ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་སྟོན་པ་དང༌། ཁྱད་པར་འཁོར་གསུམ་རྣམ་


LT08,P115B
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་རྟོག་པའི་ལས་དང་འབྲས་བུར་བཅས་པ། མདོར་ན་རྣམ་པ་ཀུན་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་ཀྱི་ཚུལ་ཐུན་མོང་མ་ཡིན་པ་རྣམས་ནི་དོན་ཏེ། དེ་ལ་རྟོན་པར་བྱ་ཡི། འཇིག་རྟེན་པའི་བརྡ་དང་ཐ་སྙད་ཐུན་མོང་རིག་པའི་གནས་ལ་སོགས་པ་དང༌། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་བར་དུའང་སྒྲ་ཚིག་དང་ཡི་གེ་ཙམ་གྱི་རྗེས་སུ་འབྲང་བ་ནི་དོན་ཆུང་ངུ་ཡིན་པས་དེ་ལ་རྟོན་པར་མི་བྱའོ། །གཉིས་པ་ནི། ཕྱིན་ཅི་མ་ལོག་ལྟ་སྤྱོད་ཆོས་ལ་རྟོན། །རིགས་རུས་གྲགས་འབྱོར་གང་ཟག་ལ་མི་རྟོན། །རྣམ་པར་བྱང་བ་དང༌། ཀུན་ནས་ཉོན་མོངས་པའི་ཆོས་རྒྱུ་དང་འབྲས་བུའི་ཚུལ་ལ་ཕྱིན་ཅི་མ་ལོག་པའི་ལྟ་སྤྱོད་དང་ལྡན་པ་དང༌། ཁྱད་པར་ཐེག་པ་ཆེན་པོ་དབུ་མའི་ཚུལ་ལེགས་པར་ཁོང་དུ་ཆུད་ནས་གཞན་ལ་སྟོན་ནུས་པའི་གང་ཟག་ཆོས་ཀྱི་གཞུང་ལུགས་དང་མི་འགལ་བ་ལ་རྟོན་པར་བྱ་ཡི། རྒྱལ་པོ་སོགས་རིགས་ཀྱིས་ཆེ་བ་དང༌། གདུང་བརྒྱུད་བཟང་པོ་སོགས་རུས་ཀྱིས་ཆེ་བ་དང༌། སྐྱེ་བ་སྤྲུལ་སྐུ་དང་མཁས་པ་དང་གྲུབ་པ་ཐོབ་པ་སོགས་སྙན་གྲགས་ཆེ་བ་དང༌། འཁོར་སློབ་ཟང་ཟིང་སྡེ་རིས་ཀྱི་འབྱོར་པ་ཆེན་པོ་ཅན་ཡིན་ཀྱང་ལྟ་བ་དང་སྤྱོད་པ་སྤྱིར་ཆོས་དང་འགལ་ཞིང་ཁྱད་པར་ཐེག་པ་ཆེན་པོའི་ཚུལ་དང་མི་མཐུན་ན། གང་ཟག་ལྟར་སྣང་མཛེས་པ་ཙམ་ལ་རྟོན་པར་མི་བྱའོ། །གསུམ་པ་ནི། སྤྲོས་བྲལ་བདག་མེད་སྙིང་པོའི་ཡེ་ཤེས་རྟོན། །མཚན་རྟོག་འཛིན་བློའི་རྣམ་ཤེས་ལ་མི་རྟོན། །ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པར་སྐྱེ་འགག་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ཤེས་པ་དང༌། བདག་མེད་པ་གཉིས་རྟོགས་པ་དང༌། བདེ་གཤེགས་སྙིང་པོ་འོད་གསལ་བའི་གནས་ལུགས་ཕྱིན་ཅི་མ་ལོག་པ་སྒྲོ་སྐུར་གྱི་ཡུལ་ལས་འདས་པར་མཁྱེན་པའི་ཡེ་ཤེས་ལ་རྟོན་པར་བྱ་ཡི། ཚུ་རོལ་བདེན་པར་ལྟ་བ་དང༌། བདག་དང་ཕུང་པོ་ལ་སོགས་པ་མཚན་མར་རྟོག་པ་དང༌། འདོད་པའི་ཡོན་ཏན་ལྔའི་བདེ་


LT08,P116A
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་དེར་འཛིན་གྱི་བློའི་གཞན་དབང་གྱུར་པ་ལ་སོགས་པ་ནི་རྣམ་པར་ཤེས་པ་སྟེ་དེ་ལ་རྟོན་པར་མི་བྱའོ། །བཞི་པ་ནི། ཟབ་ཅིང་རྒྱ་ཆེ་ངེས་པའི་དོན་ལ་རྟོན། །གནས་སྐབས་དྲང་བའི་དོན་ལ་རྟོན་མི་བྱ། །ཆོས་གང་ཞིག་ཚུར་མཐོང་རྟོག་གེ་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་ཤིང༌། ཟབ་ཅིང་རྒྱ་ཆེ་བའི་དོན་དབང་པོ་རབ་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ནི་ངེས་པའི་དོན་ཏེ་དེ་ལ་རྟོན་པར་བྱ་ཡི། འཁོར་བ་ལ་སྐྱོ་བ་སྐྱེ་བ་དང༌། ཐེག་པ་སོ་སོར་ངེས་པར་འབྱུང་བ་དང༌། རྫས་ཡོད་དང་བཏགས་ཡོད་དང་སེམས་ཙམ་དང་ཅིའང་མེད་པའི་སྟོང་པ་ཙམ་དུ་སྟོན་པ་ལ་སོགས་པ་གནས་སྐབས་དྲང་བའི་དོན་དུ་བསྟན་པ་རྣམས་ལ་རྟོན་པར་མི་བྱའོ། །བཞི་པ་རིགས་པ་བཞི་བཤད་པ་ནི། འཇིག་རྟེན་ལྟོས་གྲུབ་དབང་ཡུལ་རྣམ་ཤེས་སོགས། །རང་ཡུལ་ལས་བྱེད་དོན་གཞན་མི་བྱེད་དང༌། །མངོན་སུམ་རྗེས་དཔག་ལུང་གི་ཚད་མ་ཉིད། །ཆོས་ཀུན་རང་དང་སྤྱི་མཚན་གདོད་ནས་གྲུབ། །རིམ་བཞིན་ལྟོས་དང་བྱ་བ་བྱེད་པ་དང༌། །འཐད་གྲུབ་ཆོས་ཉིད་རིགས་པ་ཞེས་སུ་གྲགས། །དེ་ལ་འཇིག་རྟེན་ན་གྲགས་ཤིང་ཀུན་རྫོབ་ཙམ་དུ་ཚད་མས་གྲུབ་པ་དཔྱད་ན་འཐད་ཅིང་འོས་པ་ནི་རིགས་པ་ཞེས་བྱ་སྟེ། དེ་ལ་བཞི། དང་པོ་ནི། ལྟོས་ནས་གྲུབ་པ་སྟེ། ས་བོན་ལ་ལྟོས་ནས་མྱུ་གུ་འབྱུང་བར་རིགས་པ་དང༌། མ་རིག་པ་ལ་ལྟོས་ནས་འདུ་བྱེད་སོགས་རྟེན་འབྲེལ་འབྱུང་བར་རིགས་པ་དང༌། མིག་གི་རྣམ་པར་ཤེས་པ་རང་བཞིན་མི་འབྱུང་གི །མིག་གི་དབང་པོ་དང་ཡུལ་གཟུགས་གཉིས་ལ་ལྟོས་ནས། དེ་འབྱུང་བར་རིགས་པ་ལྟ་བའི་ལྟོས་པའི་རིགས་པ་ཞེས་བྱའོ། །གཉིས་པ་ནི། དབང་པོ་ཡུལ་དང་རྣམ་ཤེས་ལ་སོགས་པས་རང་རང་གི་ཡུལ་འཛིན་པའི་ལས་བྱེད་ཀྱི་དོན་གཞན་ལ་མི་བྱེད་པ་སྟེ། མིག་གི་རྣམ་པར་ཤེས་པ་བྱུང་བ་ན་གཟུགས་


LT08,P116B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟ་བའི་བྱ་བ་བྱེད་རིགས་ཀྱི་སྒྲ་མཉན་དུ་མི་འོས་པ་དང༌། མིག་གི་དབང་པོས་ཀྱང་མིག་ཤེས་སྐྱེད་པའི་བྱ་བ་བྱེད་རུང་གི་རྣ་བ་སོགས་གཞན་གྱི་ཤེས་པ་བསྐྱེད་མི་རུང་བ་དང༌། ནས་ཀྱི་ས་བོན་གྱིས་ནས་ཉིད་སྐྱེད་རིགས་ཀྱི་བྲ་སྲན་སོགས་སྐྱེ་མི་རིགས་པ་ནི་བྱ་བ་བྱེད་པའི་རིགས་པའོ། །གསུམ་པ་ནི། དུ་བ་ལས་མེར་ཤེས་པ་དང༌། ཆུ་སྐྱར་ལས་ཆུ་ཡོད་པར་རྟོགས་པ་ལྟ་བུ་རྗེས་སུ་དཔག་པའི་ཚད་མ། རྣམ་པར་ཤེས་པ་དྲུག་དང་རྣལ་འབྱོར་པའི་སེམས་ཀྱིས་མཐོང་བ་མངོན་སུམ་ཚད་མ། སངས་རྒྱས་ཀྱི་ཞལ་ནས་གསུངས་པ་མི་བསླུ་བའི་ཚིག་ནི་ལུང་སྟེ་དེ་དག་ནི་ཚད་མའི་རིགས་པའམ་འཐད་པ་སྒྲུབ་པའི་རིགས་པའོ། །བཞི་པ་ནི། ཆུ་བོ་ཐུར་དུ་འབབ་པར་རིགས་ཀྱི་གྱེན་དུ་འབབ་པར་མི་རིགས་པ་དང༌། ཉི་མ་ཤར་ཕྱོགས་ནས་འཆར་བ་དང༌། ས་སྲ་བ། ཆུ་གཤེར་བ། མེ་ཚ་བ། རླུང་གཡོ་བ་ལ་སོགས་པ་དང༌། སྟོང་པ་དང་བདག་མེད་པ་སོགས་ཆོས་སྤྱི་དང་རང་གི་མཚན་ཉིད་རང་གི་རང་བཞིན་གྱིས་གདོད་མ་ནས་དེ་ལྟར་གནས་པར་གྲགས་པ་རྣམས་ནི་ཆོས་ཉིད་ཀྱི་རིགས་པ་ཞེས་བྱ་བ་སྟེ་དོན་དེ་དག་ལ་རིགས་པ་བཞིར་རིམ་བཞིན་གྲགས་སོ། །ཞེས་ཚིགས་བཅད་ཀྱི་དབང་ལས་བསྡུས་པའོ། །གཉིས་པ་ཐུན་མིན་སྔགས་ཀྱི་ཟབ་དོན་འཇལ་བྱེད་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཐུན་མིན་གསང་སྔགས་མཐའ་དྲུག་ཚུལ་བཞིས་གཞལ། །ཐུན་མོང་མ་ཡིན་པ་གསང་སྔགས་རྡོ་རྗེ་ཐེག་པའི་ངེས་གསང་རྣམས་ནི་ལྟར་སྣང་རྟོག་གེའི་ལུང་དང་རིགས་པས་ནམ་ཡང་གཏན་ལ་མི་ཕེབ་པས་མཐའ་དྲུག་ཚུལ་བཞིས་རྟོགས་པར་བྱའོ། །ཞེས་པའོ། །གཉིས་པ་ལ་གཉིས། མཐའ་དྲུག་ཚུལ་བཞི་བཤད་པའོ། །དང་པོ་ནི། ཡང་དག་སྐལ་པ་མེད་དང་ཡོད་པ་ལ། །རྡོ་རྗེའི་ཚིག་གཅིག་ཐ་དད་དོན་སྟོན་ཕྱིར། །


LT08,P117A
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དོན་བསྐྱེད་རིམ་ཡན་ལག་བཅས་པ་སྟེ། །ངེས་དོན་རྒྱུ་རྒྱུད་རྫོགས་པའི་རིམ་པ་གཉིས། །དེའང་དུས་འཁོར་རྩ་རྒྱུད་ལས། དགོངས་པའི་སྐད་དང་དེ་བཞིན་མིན། །ཇི་བཞིན་སྒྲ་དང་དེ་བཞིན་མིན། །དྲང་བའི་དོན་དང་ངེས་དོན་ཏེ། །རྒྱུད་ནི་མཐའ་དྲུག་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། རྒྱུད་ཀྱི་རྡོ་རྗེའི་ཚིག་ཤིན་ཏུ་བརླིང་བར་གནས་པ་རྣམས་མཐའ་དྲུག་གིས་བཅིངས་པ་སྟེ། དེའི་དང་པོ་དྲང་ངེས་གཉིས་ནི། ཡང་དག་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་སྐལ་པ་མེད་པ་དང་ཡོད་པ་ལ་དགོངས་ནས་རྡོ་རྗེའི་ཚིག་གི་རྒྱུད་གཅིག་གིས་ཐ་དད་པའི་དོན་སྟོན་པར་བྱེད་པ་སྟེ། དེ་ལ་དྲང་དོན་ནི། རྡུལ་ཚོན་དཀྱིལ་འཁོར་དང་མཆོད་པ་དང་བརྡ་དང་ལག་པའི་ཕྱག་རྒྱ་དང་སྦྱིན་སྲེག་དང་བསྐྱེད་རིམ་དང་ལས་ཚོགས་བསྒྲུབ་པ་ལ་སོགས་པ་ནང་གི་ཚུལ་ལ་འཇུག་པའི་ཐབས་ཡན་ལག་དང་བཅས་པ་རྣམས་སོ། །ངེས་དོན་ནི་རྒྱུ་རྒྱུད་ཀྱི་གནས་ལུགས་དང༌། རྫོགས་པའི་རིམ་པ་སྟོན་པ་རྣམས་ཏེ། རྩ་རླུང་བྱང་ཆུབ་ཀྱི་སེམས་བཅིང་བ་དང༌། རང་བཞིན་གྱི་འོད་གསལ་བའི་སེམས་ཀྱི་གནས་ལུགས་ཀུན་གཞི་དང་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྟོན་པའི་གཞུང་རྣམས་ཏེ། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་ལྟ་བུའོ། །དོན་གཅིག་ཐ་དད་འགལ་བའི་ཚིག་སྦྱོར་གྱིས། །བརྗོད་དོན་དགོངས་གཞི་ལ་ལྟོས་དགོངས་བཤད་དང༌། །མི་སྟོན་དངོས་བསྟན་གོ་བ་དགོངས་མིན་གཉིས། །བསྐྱེད་རྫོགས་ཀྱི་དོན་གཅིག་ལ་རྡོ་རྗེའི་ཚིག་ཐ་དད་པས། དེ་དང་འགལ་བའི་ཚིག་གི་སྦྱོར་བས་བཅིངས་ཏེ་བརྗོད་དོན་དགོངས་གཞི་ལ་ལྟོས་ནས་གོ་དགོས་པ་ནི་དགོངས་བཤད་དོ། །ཡང་ན་རྡོ་རྗེའི་


LT08,P117B
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གཅིག་ལ་དོན་ཐ་དད་པའི་དགོངས་པ་གནས་པ་སྟེ། དེའི་དབང་དུ་བྱས་ན། དུས་ལ་དགོངས་པ། དོན་ལ་དགོངས་པ། བསམ་པ་ལ་དགོངས་པའོ། །དང་པོ་ནི་མ་འོངས་པའི་དུས་ན་འབྱུང་བ་ལ་དགོངས་ནས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་པྲ་ཕབ་ཀྱི་རང་བཞིན་ལྟ་བུ་ལ་དུས་རྟག་ཏུ་ལོངས་སྤྱོད་དགོས་པར་དགོངས་ནས། སངས་རྒྱས་ཀུན་ལས་ཕྲོགས་ནས་ནི། །ལྷ་མཆོག་ལས་སྐྱེས་བུ་མོ་སྤྱོད། །ཅེས་མ་ཧཱ་མཱ་ཡཱ་ལས་གསུངས་པ་ལྟ་བུ་དང༌། གསུམ་པ་ནི། སྲོག་ཆེན་པོའི་རླུང་གི་མིང་དུ་བསྟན་པ་བདག་འཛིན་གསོད་དགོས་པ་ལ་དགོངས་ནས། ཧེ་བཛྲ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །བརྗོད་དོན་དགོངས་གཞི་ལ་མི་ལྟོས་པར་རྗོད་བྱེད་དངོས་བསྟན་ཙམ་གྱིས་གསལ་བར་གོ་བ་ནི་དགོངས་པ་ཅན་མ་ཡིན་པ་སྟེ། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །ཞེས་གསུངས་པ་ལྟ་བུའོ། །ཡོངས་གྲགས་དཀྱིལ་འཁོར་ལ་སོགས་སྒྲ་ཇི་བཞིན། །མ་གྲགས་བརྡ་ཡིས་བཅིངས་པ་ཇི་བཞིན་མིན། །ཚིག་དོན་འདི་ལས་མི་འདའ་མཐའ་དྲུག་གོ །དོན་དང་མིང་འཇིག་རྟེན་པའི་བསྟན་བཅོས་སོགས་ལ་ཡོངས་སུ་གྲགས་པའི་ཚིག་གིས་གསུངས་པ་དཀྱིལ་འཁོར་དང་སྦྱིན་སྲེག་དང་གཏོར་མ་ལ་སོགས་པའི་ཆོ་ག་རྣམས་ནི་སྒྲ་ཇི་བཞིན་པ་ཡིན་ལ། འཇིག་རྟེན་པའི་བསྟན་བཅོས་ལ་མ་གྲགས་ཤིང་དེ་བཞིན་གཤེགས་པའི་གསང་བའི་སྐད་ཀྱི་བརྡ་ཡིས་བཅིངས་པ། རླུང་བཅུའི་མིང་ལ། ཀོ་ཊཱ་ཁྱཱཿལ་སོགས་པ་དང༌། རྒྱུད་གསང་བ་སྙིང་པོར་སྦྱོར་སྒྲོལ་ལ་ཨཱ་ལི་ཀཱ་ལི་ཞེས་པ་ལྟ་བུ་ནི་སྒྲ་ཇི་བཞིན་མ་ཡིན་པ་སྟེ་གསང་བའི་ཚིག་དང་དོན་ཐམས་ཅད་


LT08,P118A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་མི་འདའ་བས་མཐའ་དྲུག་ཅེས་བྱའོ། །གཉིས་པ་ཚུལ་བཞི་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བཤད་པ་བཞི་ནི། ཡི་གེ་དང་སྤྱི་དང་སྦས་པ་དང་མཐར་ཐུག་གོ །ཞེས་པ་ལྟར་ལས། དང་པོ་ནི། ཚིག་གི་འབྲུ་དོན་ཙམ་ནི་ཡི་གེའི་དོན། །ཚིག་གི་འབྲུ་དོན་ཙམ་ལ་གཞོལ་བའི་བཤད་པ་སྒྲ་ཚད་ཀྱི་གཞུང་དང་མཐུན་པར་བཀོད་པ་ནི་ཡི་གེའམ་གལ་པོ་ལས་ཚིག་གི་དོན་ཅེས་གསུངས་སོ། །གཉིས་པ་ནི། མདོ་སོགས་འགྱོད་ཟློག་བསྐྱེད་རིམ་སྤྱི་ཡི་དོན། །སྤྱི་དོན་ལ་གསུམ། དང་པོ་མདོ་སོགས་ལ་ཞུགས་པའི་འབྱོད་པ་ཟློག་པ་ནི། སྔགས་ནང་པའི་ལམ་བདེ་ཞིང་མྱུར་བ་འདི་ལྟ་བུ་ལ་མ་ཞུགས་པར་སྔར་མདོའམ་བྱ་སྤྱོད་སོགས་ལ་ཞུགས་པ་ནི་མ་ལེགས་སོ་སྙམ་དུ་འགྱོད་ན། དེ་དག་འདིའི་ལམ་སྟེགས་ཡིན་པ་དང༌། མདོ་ལས་ཀྱང༌། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་པས་དབང་རྣོན་ཐབས་ཤེས་ཁྱད་པར་ཅན་དང་ལྡན་ན་ཚོགས་ཀྱི་བྱ་བ་རླབས་ཆེན་གཅིག་གིས་བསྐལ་བ་མང་པོའི་ཚོགས་བཟླུམ་པ་སོགས་བདེ་མྱུར་གྱི་ལམ་མདོ་སོགས་ཀྱང་བཞེད་པས་སྤྱིའི་དོན་ཞེས་བྱའོ། །གཉིས་པ་སྔགས་ནང་པ་ལ་ཞུགས་པའི་འགྱོད་ཟློག་ནི། འདིར་ཁྲུས་དང་གཙང་སྦྲ་ལ་སོགས་གཙང་དམེ་མེད་པར་སྤྱོད་པ་ཁྱི་ཕག་ལྟ་བུ་དང༌། སྦྱོར་སྒྲོལ་སོགས་འཚེ་བ་ཆོས་སུ་སྨྲ་བས་མུ་སྟེགས་ཀྱི་ཆོས་སོ་སྙམ་དུ་འགྱོད་ན། གཙང་དམེའི་ཞེན་པ་མ་སྤངས་ན་ཆོས་ཉིད་ཀྱི་དོན་མི་རྟོགས་པས་ཞེན་པ་སྤང་ཕྱིར་རོ་སྙོམ་དུ་སྤྱོད་པ་ནི་མདོ་སོགས་ཀྱང་བཞེད་ཅིང༌། མི་ནག་མདུང་ཐུང་ཅན་བསད་པ་དང༌། དེད་དཔོན་གྱི་བུ་མོ་ལ་བསྒྱོད་པ་སོགས་སེམས་དགེ་བས་སྦྱོར་སྒྲོལ་ལ་སྤྱད་ཀྱང་ཉེས་པས་མི་གོས་ཤིང་བསོད་ནམས་དཔག་མེད་འཕེལ་བར་མདོ་སོགས་ཀྱང་བཞེད་པས་བསླབ་བྱ་ཐུན་མོང་བའི་ཕྱིར་སྤྱི་དོན་ཞེས་བྱའོ། །གསུམ་པ་བསྐྱེད་རིམ་པའི་


LT08,P118B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་ནི། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྒོམ་པ་སོགས་བསྐྱེད་རིམ་དང་འབྲེལ་བ་རྣམས་ཏེ། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་བསླབ་བྱ་ཡིན་པའི་ཕྱིར་སྤྱི་དོན་ནོ། །གསུམ་པ་ནི། འདོད་ཆགས་ཆོས་སྦས་ཀུན་རྫོབ་བདེན་སྦས་ནི། །སྙིང་པོ་རབ་འབྲིང་ཐ་མ་སྦས་པའི་དོན། །ལས་རྒྱ་དང་སྙོམས་པར་འཇུག་པའི་ཆོ་ག་སྟོན་པ་སོགས་ཚོགས་སུ་དབྱུང་བར་མི་འོས་པའི་ཕྱིར་འདོད་ཆགས་ཆོས་སྦས་དང༌། རང་བྱིན་གྱིས་རློབ་པ་རྩ་རླུང་ཐིག་ལེའི་རྫོགས་རིམ་སོགས་ཀུན་རྫོབ་བདེན་པའི་སྦས་པ་སྟེ། སྤྱིར་མཐའ་གཉིས་ཀྱི་དབུས་སུ་ཆུད་པས་སྙིང་པོ་ལྟ་བུར་གྱུར་པའི་ཕྱིར་སྦས་པའོ། །འདིར་སྙིང་པོ་རབ་འབྲིང་ཐ་མའི་དོན་ནི་གོང་དུ་སྨོས་པ་ལྟར་རོ། །བཞི་པ་ནི། འོད་གསལ་ལམ་དང་ཟུང་འཇུག་འབྲས་བུ་ཡི། །མཐར་ཐུག་དོན་ཏེ་ཚུལ་བཞི་རྡོ་རྗེའི་ཚིག །གཅིག་ཉིད་དབང་པོའི་རིམ་དང་མཐུན་པར་དབྱེ། །དེ་དག་གི་རྒྱས་གདབ་ཏུ་གྱུར་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་ནི་ལམ་གྱི་མཐར་ཐུག་དང༌། བདེན་གཉིས་ཟུང་འཇུག་ཏུ་རྟོགས་པ་ནི་འབྲས་བུའི་མཐར་ཐུག་སྟེ། ཚུལ་བཞི་ཀ་རྡོ་རྗེའི་ཚིག་གཅིག་ཉིད་དབང་པོ་དམན་མཆོག་གི་རིམ་པ་དང་མཐུན་པར་ཐ་དད་པར་དབྱེ་དགོས་པས་བཤད་པའི་ཚུལ་བཞི་ཞེས་བྱའོ། །མན་ངག་འདི་དག་དང་མི་ལྡན་པར་བསམ་པའི་རྟོག་དཔྱོད་ཇི་ཙམ་ཞིབ་ཀྱང་ཡང་དག་པའི་ཤེས་རབ་བསྐྱེད་པར་མི་ནུས་ལ། འདི་དག་དང་ལྡན་པས་མདོ་སྔགས་ཀྱི་ཚུལ་ལ་གཞལ་ན་བསམ་པ་ལས་བྱུང་བའི་ཤེས་རབ་དྲི་མ་མེད་པ་སྐྱེ་བར་འགྱུར་རོ། །འཇལ་བྱེད་ལྡེའུ་མིག་རྣམ་པར་ངེས་པའི་སྐབས་དང་པོའི་འགྲེལ་བའོ།། །།སྐབས་གཉིས་པ་ལ་གསུམ། འཁོར་ལོ་གསུམ་གྱི་དྲང་ངེས་ལ་དཔྱད་པ། བདེན་པ་གཉིས་ལ་དཔྱད་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དཔྱད་པའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང༌། བྱེ་བྲག་རྣམ་པར་དབྱེ་བའོ། །དང་པོ་ནི། གཞལ་བྱ་


LT08,P119A
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་དམ་ཆོས་འཁོར་ལོ་གསུམ། །འཇལ་བྱེད་དེ་དག་གིས་གཞལ་བར་བྱ་བ་གཙོ་བོར་གྱུར་པ་དམ་ཆོས་རིན་པོ་ཆེའི་མཛོད་ཁང་སྤྱིར་བཀའ་འཁོར་ལོ་རྣམ་པ་གསུམ་ཞེས་ཐེག་ཆེན་རྣམས་ལ་གྲགས་པ་ཉིད་ཡིན་ཏེ། དེའང་འཁོར་ལོ་གསུམ་གྱི་རྣམ་གཞག་གསལ་ཁ་ཅན་ནི་བཀའ་རྣམས་ཀྱི་ནང་ནས་མདོ་སྡེ་དགོངས་པ་ངེས་འགྲེལ་ལས་འབྱུང་སྟེ། དང་པོ་བདེན་བཞི། བར་པ་མཚན་ཉིད་མེད་པ། ཐ་མ་ལགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཞེས་གསུངས་ཤིང༌། ནོར་བུ་རྒྱས་པ་ལས་ཀྱང་མིང་ཙམ་ཞིག་འབྱུང་ངོ༌། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར། བདེན་པ་བཞིའི་ཚུལ། སྟོང་པ་ཉིད་ཀྱི་ཚུལ། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཞེས་གསུངས། རྗེ་བཙུན་བྱམས་པས་རྒྱུད་བླ་མར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། རབ་ཏུ་སྨིན་པ་དང༌། ལུང་སྟོན་པའི་འཁོར་ལོ་ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོར་བདག་སྟོན་པའི། བར་དུ་བདག་མེད་པར་སྟོན་པའི། ཐ་མ་ལྟ་གཞི་ཀུན་ཟློག་གི་འཁོར་ལོ་ཞེས་གསུངས་པའི་དོན་སློབ་དཔོན་ཨཱརྻ་དེ་བས་འགྲེལ་བ་ན། དང་པོར་བསོད་ནམས་མ་ཡིན་པ་ཟློག་པའི་དང༌། བར་དུ་བདག་ཟློག་པའི། ཐ་མ་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་གསུངས་སོ། །དེ་དག་དྲང་ངེས་སུ་དབྱེ་བའི་ཚུལ་ཡང༌། སྤྱིར་དྲང་ངེས་ཀྱི་མདོའི་མཚན་ཉིད་ནི། ཐེག་པ་གསུམ་གའི་གདུལ་བྱའི་རིགས་ལ་ངེས་པར་ལེགས་པའི་ལམ་རྒྱུད་ལ་སྐྱེ་རུང་གི་ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་གཙོ་བོར་སྟོན་པའི་མདོ་ནི་དྲང་དོན་གྱི་མདོའི་མཚན་ཉིད། ཟབ་མོའི་དོན་ལ་བཟོད་པའི་གདུལ་བྱ་འགའ་ཞིག་གི་ངོར་ངེས་པར་ལེགས་པའི་ལམ་བསྒོམ་པ་ལས་མི་གནས་པའི་མྱང་འདས་ཐོབ་པའི་དོན་དམ་བདེན་པ་གཙོ་བོར་སྟོན་པའི་མདོ་དེ་དོན་དམ་གྱི་མདོ་སྡེའི་མཚན་ཉིད་དོ། །དེ་དག་འཁོར་ལོ་གསུམ་ལ་སོ་སོར་རྣམ་པར་གཞག་པ་བཀའ་ལས་ཇི་ལྟར་བྱུང་བ་དང༌། དགོངས་


LT08,P119B
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་ལས་ཇི་ལྟར་བྱུང་བ་གཉིས་ཀྱི་དང་པོ་ནི། འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་དེའང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་ནས་འགག་པ་མ་མཆིས་པ་ཉིད་དང་གཟོད་མ་ནས་ཞི་བ་ཉིད་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པ་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་


LT08,P120A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གྱུར་པ་མ་ལགས་སོ། །ཞེས་འབྱུང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྤྱོད་པའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚའི་ཆུ་རྣོན་པོས་སྤང་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྤང་ནས་བལ་གྱི་ལྭ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྤང་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྻའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞེས་གསུངས་སོ། །གཉིས་པ་ནི། དགོངས་འགྲེལ་མཁན་པོ་རྩ་བ་རྒྱལ་ཚབ་བྱམས་པས། མདོ་ལུང་ཕྱི་མའི་དོན་འགྲེལ་བར་མཛད་


LT08,P120B
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དང་པོ་གདུལ་བྱ་འཁོར་བ་ལ་ཆགས་པ་རྣམས་ཡིད་འབྱུང་བའི་གཏམ་གྱིས་བསྐུལ་ནས་ཞི་བའི་ལམ་ལ་འཇུག་པ་དང༌། དེ་ནས་སྟོང་པ་ཉིད་ཀྱི་གཏམ་ཀྱིས་ཐེག་པ་ཆེན་པོར་ཡོངས་སུ་སྨིན་པ་དང༌། ཐ་མ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་ཅིང་ལུང་སྟོན་པ་ཆེན་པོ་ཐོབ་པར་བྱེད་པའི་ཕྱིར་རོ། །འཕགས་པ་ཐོགས་མེད་ཀྱིས་བསྡུ་བར་དགོངས་པ་ངེས་འགྲེལ་གྱི་ལུང་དྲངས་ནས་འཁོར་ལོ་ཐ་མ་མཐར་ཐུག་གི་ངེས་དོན་དུ་མཛད་ཅིང་དབྱིག་གཉེན་སོགས་ཀྱང་དེའི་རྗེས་སུ་འབྲང་ངོ༌། །འོན་ཀྱང་ཐོགས་མེད་སྐུ་མཆེད་ཀྱིས་བར་པ་དྲང་དོན་ཡིན་པར་ནི་མ་གསུངས་ཤིང༌། རྣམ་བཤད་རིགས་པ་རྩ་འགྲེལ་དུ་ངེས་དོན་ཡིན་པར་དམིགས་སུ་གསུངས་ཤིང༌། ཤིང་རྟ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་གིས་རྣམ་པར་རིག་པར་གྲུབ་པ་ལས་འཁོར་ལོ་གཉིས་ཀ་ངེས་དོན་དུའང་བཤད་དོ། །འཕགས་པ་ཀླུ་སྒྲུབ་ཀྱིས་གཟུངས་དབང་གི་མདོའི་སྤྱོད་པ་གསུམ་པོ་ངེས་དོན་དུ་མཛད་ཅིང་འཕགས་པ་ལྷས་ཀྱང་དེ་བཞིན་དུ་མཛད་པ་ལ། དེ་ཉིད་དགོངས་འགྲེལ་གྱི་ཐོག་མཐའ་བར་གསུམ་དང་མཐུན་པར་བོད་སྟོན་རྣམས་ཀྱང་མི་འདོད་ཀ་མེད་བྱུང་སྟེ་དངོས་སུ་དེ་ལྟར་གནས་པའི་ཕྱིར་རོ། །ཕྱིས་ཀྱི་འགྲེལ་བྱེད་བྱམས་པའི་བརྒྱུད་པ་རྣལ་མ་འཛིན་པ་དག་ནི་ལུགས་དེ་ལས་འདའ་བར་མི་བྱེད་ལ། ཀླུ་སྒྲུབ་ཀྱི་གཞུང་འགྲེལ་བའི་ཟླ་བས་ནི། ཐོག་མཐའ་བར་གསུམ་གྱི་རྣམ་གཞག་མ་བྱས་པར་བློ་གྲོས་མི་ཟད་པས་བསྟན་པའི་མདོ་དོན་གྱི་དྲང་ངེས་ཙམ་ཞིག་དབྱེ་བར་མཛད་དོ། །འདིའི་དགོངས་དོན་ཇི་བཞིན་མ་བརྟགས་པའི་དབང་གིས་འཁོར་ལོ་བར་ཐ་གཉིས་ལ་དྲང་ངེས་དང་མཆོག་དམན་དུ་རྣམ་པར་བརྟགས་པའི་ཅལ་ཅོལ་མང་པོ་བོད་སྟོན་རྣམས་ལ་བྱུང་བར་སྣང་སྟེ། དེའང་གོང་དུ་སྨོས་པ་ལྟར་མདོ་འདི་ལ་དྲང་ངེས་རྣམ་འབྱེད་བརྒྱད་དུ་གསུངས་པའི་གཞན་རྣམས་འཁོར་ལོ་བར་ཐ་གཉིས་ཀར་ངེས་དོན་གྱི་ཕྱོགས་


LT08,P121A
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་མཉམ་ཡིན་ཀྱང༌། བརྒྱད་པ་བདག་མེད་པ་ལ་ཟླ་བས་བདག་གཉིས་ཀྱིས་སྟོང་པ་ཙམ་ལ་ངེས་དོན་དུ་བཞག་པ་དེ། ཐོགས་མེད་སྐུ་མཆེད་རྗེས་འབྲངས་དང་བཅས་པས་ལེགས་པར་རྣམ་པར་ཕྱེས་ནས། དེའི་དོན་གྱིས་པ་རྣམས་ཀྱིས་བརྟགས་པའི་བདག་མེད་པ་སྟེ། དགོངས་པ་ངེས་འགྲེལ་ལས། བདག་ཏུ་རྟོགས་པར་གྱུར་ན་མི་རུང་སྟེ། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། ཞེས་དང༌། སོར་ཕྲེང་ལས། བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་ལ་ནན་ཏན་དུ་བཙལ་ཡང་འཇིག་རྟེན་པའི་བདག་དེ་ནི་མཐེ་བོ་ཙམ་དང༌། ཞེས་སོགས་ནས། བདག་ད་ནི་འདི་འདྲའོ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་ཉན་ཐོས་ཐམས་ཅད་ཀྱིས་མ་བརྙེས་ཏེ་མངོན་པར་སངས་རྒྱས་ནས་སྲོག་ཆགས་རྣམས་ལ་བཤད་དོ། །ཞེས་སོགས་དང༌། ལངྐར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། ཞེས་སོགས་དང༌། བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་གསུངས་པ་སོགས་ཀྱི་དོན་གཏན་ལ་ཕབ་སྟེ་འཁོར་ལོ་བར་ཐ་ངེས་དོན་ཡིན་མཉམ་ལ། གནས་སྐབས་སྤྲོས་པ་གཅོད་པ་དང༌། མཐར་ཐུག་གནས་ལུགས་སྟོན་པའི་ངེས་དོན་གྱི་ཁྱད་པར་དུ་བཞེད་དོ། །གཉིས་པ་བྱེ་བྲག་རྣམ་པར་དབྱེ་བ་ལ་ལྔ། ཐུན་མོང་དུ་བཞེད་པའི་ལུགས། ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས། རྣལ་འབྱོར་སྤྱོད་པའི་ལུགས། འཕགས་པའི་བཞེད་པ་དང་སྦྲེལ་བ། དྲང་དོན་ལ་ལོག་པར་རྟོག་པ་ཟློག་ཅིང་དགོངས་པ་གཅིག་ཏུ་སྒྲུབ་པའོ། །དང་པོ་ནི། དང་པོ་དྲང་དོན་ཉིད་དུ་ཐམས་ཅད་མཐུན། །འཁོར་ལོ་དང་པོ་ནི་ཀུན་རྫོབ་ཀྱི་བདེན་པ་གཙོ་ཆེ་བའི་ངོས་ནས་བཞག་པས་དྲང་བའི་དོན་དུ་ཤས་ཆེར་བསྟན་པ་ཐེག་ཆེན་སྨྲ་བ་ཐམས་ཅད་མཐུན་པར་སྨྲའོ། །གཉིས་པ་ནི། བར་པ་ངེས་དོན་ཐ་མ་དྲང་བའི་དོན། །གཙོ་ཞེས་ངོ་བོ་ཉིད་མེད་སྨྲ་རྣམས་


LT08,P121B
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད། །ལུང་ཁུངས་དངོས་མེད་རིགས་པས་འཐད་པ་སྒྲུབ། །འཁོར་ལོ་བར་པ་ངེས་དོན་མཐར་ཐུག་དང༌། ཐ་མ་དྲང་བའི་དོན་གཙོ་ཆེར་བསྟན་པ་ཡིན་ཅེས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་བཞེད་ལ། མདོ་སྡེ་ནས་དེ་ལྟར་གསལ་བར་ཕྱེས་པའི་ལུང་ཁུངས་དངོས་ནི་མེད་ལ། དྲང་ངེས་འབྱེད་པའི་ལུང་སྤྱི་ཙམ་ལ་བརྟེན་ནས་རིགས་པས་འཐད་པ་སྒྲུབ་པ་ཡིན་ནོ། །གསུམ་པ་ནི། བར་པ་སྤྲོས་གཅོད་གནས་སྐབས་ངེས་པའི་དོན། །ཐ་མ་དོན་དམ་གཏན་འབེབས་མཐར་ཐུག་གི །ངེས་དོན་ཡིན་ཅེས་རྣལ་འབྱོར་སྤྱོད་པའི་ལུགས། །ལུང་ཁུངས་རྒྱལ་བ་ཉིད་ཀྱིས་ཕྱེས་པ་དང༌། །འབྱེད་པར་ལུང་བསྟན་ས་གསུམ་འཕགས་པའི་ལུགས། །རིགས་པ་ནོར་བུ་སྦྱོང་སོགས་དཔེ་དོན་སྦྱར། །རང་བྱུང་དོལ་པོ་དྲི་མེད་འོད་ཟེར་སོགས་ཕྱི་མ་གཙོར་བཞེད་གཞན་དག་སྔ་མའོ། །འཁོར་ལོ་བར་པ་ལྟ་བའི་ཕྱོགས་ལ་མཐར་འཛིན་གྱི་སྤྲོས་པ་གཅོད་པའི་ཕྱིར་གནས་སྐབས་ཀྱི་ངེས་དོན་ཡིན་ལ། ཐ་མ་དོན་དམ་པའི་གནས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་གསལ་བར་གཏན་ལ་འབེབས་པར་བྱེད་པས་མཐར་ཐུག་གི་ངེས་དོན་ཡིན་ཅེས་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་གཞུང་ལུགས་སུ་འབྱུང་ཞིང༌། ལུང་གི་ཁུངས་གོང་དུ་དྲངས་པ་ལྟར་རྒྱལ་བ་ཉིད་ཀྱིས་རྗེས་སུ་གནང་སྟེ་མདོ་སྡེ་ལས་དངོས་སུ་ཕྱེས་པ་དང༌། གཞན་ཡང་རྔ་བོ་ཆེའི་མདོ་ལས། སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པས་མཚོན་སྙིང་པོའི་མདོ་རྣམས་ལས་དྲང་ངེས་ཀྱི་ཚུལ་ཤིན་ཏུ་གསལ་བ་ཡང་དང་ཡང་དུ་དབྱེ་བར་མཛད་པར་མ་ཟད། དྲང་ངེས་འབྱེད་པ་པོ་ལུང་བསྟན་པ་ས་གསུམ་བརྙེས་པའི་འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་ལུགས་ཏེ། རིགས་པ་གཟུངས་དབང་གི་མདོ་ལས་


LT08,P122A
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་ནོར་བུའི་དྲི་མ་རིམ་སྦྱོང་གི་དཔེ་དོན་སོགས་སྦྱོར་བར་སྣང་ངོ༌། །བོད་ཀྱི་སློབ་དཔོན་རྣམས་ལས་ཐམས་ཅད་མཁྱེན་པ་རང་བྱུང་རྒྱལ་བ་དང༌། ཀུན་མཁྱེན་ཆེན་པོ་དོལ་པོ་པ་དང༌། ཀུན་མཁྱེན་དྲི་མེད་འོད་ཟེར་ལ་སོགས་པ་རྗེས་འབྲངས་དང་བཅས་པ་རྣམས་ནི་ལུགས་ཕྱི་མ་གཙོ་བོར་བཞེད་པར་སྣང་ལ། བོད་སྟོན་ཡོངས་སུ་གྲགས་པ་གཞན་ཕལ་མོ་ཆེ་ནི་ལུགས་སྔ་མ་ཉིད་བཞེད་པ་ཡིན་ནོ། །བཞི་པ་འཕགས་པའི་བཞེད་པ་དང་སྦྲེལ་བ་ནི། ཁྱད་པར་མི་དགེ་བདག་ལྟ་ལྟ་གཞི་ཀུན། །དང་པོ་བར་དང་ཐ་མར་ཟློག་པ་ཡང༌། །ཆོས་འཁོར་རྣམ་པ་གསུམ་ལ་སྦྱོར་བར་བཞེད། ཁྱད་པར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས། །བསོད་ནམས་མིན་པ་དང་པོར་ཟློག །བར་དུ་བདག་ནི་ཟློག་པ་དང༌། །ཐ་མར་ལྟ་གཞི་ཀུན་ཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཅེས་མི་དགེ་བ་དང་བདག་ཏུ་ལྟ་བ་དང་ལྟ་བར་གྱུར་པའི་གཞི་ཀུན་དང་པོ་བར་དང་ཐ་མར་ཟློག་པ་གསུངས་པའང་ཆོས་འཁོར་རྣམ་པ་གསུམ་ལ་རིམ་པར་སྦྱོར་བ་བོད་སྟོན་རྣམས་བཞེད་ཅིང༌། དེའང་ཀུན་རྫོབ་ཀྱི་བདེན་པ་ལ་བླང་དོར་ཕྱིན་ཅི་མ་ལོག་པར་ཞུགས་ནས་དོན་དམ་བདེན་པ་མཐོང་རུང་དུ་སྒྲུབ་པའི་ཕྱིར་དང་པོ། བདག་འཛིན་ཟློག་པའི་ཆེད་དུ་སྤྲོས་པའི་ཕྱོགས་གཅིག་འགོག་པའི་རྣམ་གྲངས་པའི་དོན་དམ་བདེན་པ་བསྟན་པས་གཉིས་པ། ཡོད་མེད་ལ་སོགས་པ་ལྟ་བའི་གཞི་ཐམས་ཅད་ཟློག་པའི་ཕྱིར་སྤྲོས་པ་ཐམས་ཅད་ལས་འདས་པའི་དོན་དམ་བདེན་པ་དངོས་སྟོན་པ་གསུམ་པ་སྟེ། འདི་ལྟར་ན་སྔར་བཤད་པའི་འཁོར་ལོ་བར་པ་དེ་ཉིད་ཐ་མར་བཞག་པ་ཡིན་ཅེས་རང་སྟོང་པ་རྣམས་དང༌། གཞན་སྟོང་པའང་ཁ་ཅིག་གིས་བཞེད་ལ། གཞན་སྟོང་སྨྲ་བ་བྱིངས་རྣམས་ནི། བདག་ཟློག་པ་ནི་སྤྲོས་པ་དང་བྲལ་བའི་བདག་མེད་སྒྲུབ་པ་དང༌། ལྟ་གཞི་ཀུན་ཟློག་ནི་རྣམ་པར་དཔྱད་པའི་སྟོང་པ་ཉིད་


LT08,P122B
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་དོན་དང་སྦྱར་ཏེ། གོང་དུ་དྲངས་པའི་མདོ་ལུང་གཉིས་དང་གོ་རིམ་ལྟར་དགོངས་པ་མཐུན་པར་བཤད་དོ། །དེ་ལའང་ཀུན་མཁྱེན་རང་བྱུང་གི་ཞལ་སྔ་ནས། འཕགས་པའི་ལྟ་བ་ཀུན་ཟློག་གི་འཁོར་ལོ་དང༌། རྗེ་བཙུན་བྱམས་པའི་ལུང་བསྟན་པའི་འཁོར་ལོ་གཉིས་སྤྱི་ཙམ་ནས་གནད་གཅིག་ཏུ་འབབས་ཏེ། འཁོར་ལོ་ཐ་མ་དེ་ཡིན་ན་སྤྲོས་བྲལ་སྟོན་པའི་འཁོར་ལོ་ཡིན་པས་ཁྱབ་པའི་གནད་ཀྱིས་སོ། །ཁྱད་པར་གྱི་བྱེ་བྲག་འགའ་ཞིག་གི་སྒོ་ནས་མི་གཅིག་སྟེ། སྔ་མ་དེ་ལ་སྤྲོས་བྲལ་ཙམ་ལས་མ་གསུངས་ཤིང༌། ཕྱི་མ་ནི་སྤྲོས་བྲལ་གྱི་ཡེ་ཤེས་དེ་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་མྱོང་བྱའི་ཁྱད་པར་དུ་བཤད་པས་སོ། །འོ་ན་ཀླུ་སྒྲུབ་ཡབ་སྲས་ཀྱིས་སྤྲོས་བྲལ་གྱི་ཡེ་ཤེས་མི་བཞེད་དམ་ཞེ་ན། མ་ཡིན་ཏེ། བསྟོད་ཚོགས་དང་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་སོགས་ནས་དངོས་སུ་བསྟན་པའི་ཕྱིར་རོ། །ཞེས་བཞེད་དོ། །ལྔ་པ་དྲང་དོན་གྱི་ལོག་རྟོག་བསལ་ཞིང་དགོངས་པ་གཅིག་ཏུ་བཤད་པ་ནི། ཁ་ཅིག་དྲང་དོན་མི་བདེན་རྫུན་པར་རྟོག །ལོག་ལྟ་ཉིད་དེ་བཀའ་ལ་རྫུན་མི་མངའ། །དྲི་མ་མེད་པའི་ཤེས་རབ་ཀྱི་མིག་དང་མི་ལྡན་པ་ཁ་ཅིག་གིས་དྲང་བའི་དོན་དུ་གསུངས་པ་ཐམས་ཅད་དོན་དམ་པར་མི་བདེན་པས་ཡིད་རྟོན་མེད་པའི་རྫུན་པར་རྟོག་པ་དེ་ནི་རང་བློ་འཁྲུལ་པ་བརྒྱ་ཕྲག་གིས་དཀྲིས་པའི་ལོག་རྟོག་ཉིད་དེ་སངས་རྒྱས་ཀྱི་བཀའ་ལ་ནམ་ཡང་རྫུན་དང་བསླུ་བ་མི་མངའ་སྟེ་དྲང་དོན་ཉིད་ཀྱང་དྲང་བའི་དོན་དུ་བདེན་པས་དེས་གནས་ལུགས་ཟབ་མོ་ལ་ཡང་དག་པར་དཀྲི་བའི་ཕྱིར་རོ། །དེས་ན་ཁོ་བོ་ཅག་དབུ་མ་པ་ཡིན་ནོ། །ཞེས་གསུང་རབ་གཞན་ལ་ཟུར་གྱིས་སྨོད་པ་དང༌། བདག་ནི་གསང་སྔགས་པའོ། །ཞེས་ཉན་ཐོས་ཀྱི་སྡེ་སྣོད་སོགས་རྩྭ་ལྟར་དུ་དོར་བ་དང༌། ཁྱད་པར་རྗེ་མི་བསྐྱོད་རྡོ་རྗེའི་ཞལ་ནས། དེང་སང་གི་རྙིང་མ་པར་གྲགས་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྟོན་པར་མི་འཛིན་ཅིང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣ་བར་ཐོས་མ་མྱོང་བ་


LT08,P123A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ནི་ནང་པའི་གྲལ་དུའང་མི་གཏོགས་སོ། །ཞེས་གསུངས་པའི་ཕྱིར་ན། དེ་ལྟ་བུའི་ཆོས་སྤོང་གི་གནས་ལ་བརྟགས་ཤིང་དཔྱད་ནས་བག་ཡོད་པར་བྱའོ། །སྣང་ཚུལ་སྤྲོས་གཅོད་གནས་ལུགས་དངོས་བསྟན་ཕྱིར། །ཆོས་ཀུན་དགོངས་གཅིག་ཤིང་རྟ་ཆེ་སོགས་བཞེད། །སྣང་ཚུལ་ཀུན་རྫོབ་ཀྱི་སྤྲོས་པ་གཅོད་པ་དང༌། དོན་དམ་གནས་ལུགས་དངོས་སུ་བསྟན་པ་ལ་སྟོན་ཚུལ་དབང་པོའི་བྱེ་བྲག་གིས་རགས་ཞི་འབྱུང་བའི་ཕྱིར། རྒྱལ་བས་གསུངས་པའི་ཆོས་སྒོ་ཀུན་དགོངས་པ་གཅིག་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས་སོགས་བཞེད་དེ། དེའང་རྩ་ཤེ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀ་དགག་པར་མཛད། །ཅེས་འཁོར་ལོ་དང་པོར་ཡོད་མེད་ཀྱི་མཐའ་དང་བྲལ་བའི་གདམས་ངག་ཡོད་པས། སྐྱེ་མཆེད་ཡོད་པར་གསུངས་པ་ཐམས་ཅད་སྣང་ཙམ་ལ་དགོངས་པ་དང༌། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། །ཅེས་འཁོར་ལོ་བར་པར་གཟུགས་ནས་རྣམ་མཁྱེན་གྱི་བར་ཀུན་རྫོབ་འདུས་བྱས་ཀྱི་ལྷག་མ་ལོག་པ་སྟེ་སྤྲོས་པས་སྟོང་པའི་ངོ་བོ་མྱང་འདས་འདུས་མ་བྱས་བདེན་གཅིག་ཏུ་གསུངས་པ་དང༌། དབུ་མ་སྒོམ་རིམ་ལས། དེ་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་འདི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བརྟགས་པས་གཞན་དངོས་འགྱུར་མ་ཡིན། །ཅེས་སྒོམ་དོན་དུ་གསལ་བར་གསུངས་པ་རྣམས་འཁོར་ལོ་ཐ་མ་དང་མཐུན་ཅིང༌། ཁྱད་པར་བསྟོད་ཚོགས་ལས་འཁོར་ལོ་ཐ་མའི་དོན་རྩལ་དུ་བཏོན་ཅིང༌། བྱང་ཆུབ་སེམས་འགྲེལ་ལས་ཀྱང་དེ་དང་སྔགས་ཀྱི་ཟབ་དོན་ཟུང་དུ་འཇུག་པར་སྦྲེལ་བ་ལས་གཅིག་གིས་གཅིག་འགོག་པར་མི་མཛད་ཅིང༌། འཕགས་པ་ཐོགས་མེད་


LT08,P123B
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱིས་ཀྱང༌། མདོ་སྡེ་དང་མདོ་སྡེ་འགལ་བར་སྨྲ་བ་ནི་དམ་པའི་ཆོས་སྤོང་བའོ། །ཞེས་གསལ་བར་གསུངས་པས་མཚོན་ནོ། །དེས་ན་རྗེ་བཙུན་བྱམས་པས། སངས་རྒྱས་ཉིད་ཀྱིས་བཞག་པའི་ཐུབ་ཚུལ་གང་ཡིན་དེ་མི་དཀྲུགས་པར་ནན་ཏན་དུ་གདམས་པར་མཛད་པ་འདི་རས་སུ་མི་བོར་བར་ཐལ་མོ་སྦྱོར་བ་ལགས་སོ། །གཉིས་པ་བདེན་གཉིས་ཀྱི་རྣམ་པར་གཞག་པ་ལ་གཉིས། བཤད་པ་མཚམས་སྦྱར་བ་དང༌། རྣམ་གཞག་དངོས་སོ། །དང་པོ་ནི། དམ་ཆོས་བདེན་པ་གཉིས་ལ་བརྟེན་ནས་གསུངས། །དེ་བཞིན་གཤེགས་པས་དམ་པའི་ཆོས་ཀྱི་སྒོ་མོ་ཇི་སྙེད་ཅིག་བསྟན་པ་ཐམས་ཅད་བདེན་པ་གཉིས་ལ་ཡང་དག་པར་བརྟེན་ནས་གསུངས་ཏེ། ཡབ་སྲས་མཇལ་བ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས། ཀླུ་སྒྲུབ་ཞབས་ཀྱིས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྣམ་གཞག་དངོས་ལ་ལྔ། ངོ་བོ། ངེས་ཚིག །མཚན་ཉིད་རྣམ་གྲངས་དང་བཅས་པ། རབ་ཏུ་དབྱེ་བ། ཤེས་པའི་དགོས་པའོ། །དང་པོ་ནི། དེ་དག་ངོ་བོ་སྤྱིར་ནི་བཅོས་མ་བཅོས། །ཕལ་པའི་བློས་བཏགས་འཕགས་པའི་མཉམ་གཞག་དོན། །བདེན་པ་དེ་དག་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་ངོ་བོ་ངོས་འཛིན་མི་འདྲ་བ་མང་ཡང༌། སྤྱིར་ཐེག་ཆེན་པ་རྣམས་ཀྱི་བཞེད་པས་ཀུན་རྫོབ་བདེན་པ་བཅོས་ཤིང་སྒྲོ་བཏགས་པ་དང༌། དོན་དམ་བདེན་པ་མ་བཅོས་ཤིང་སྒྲོ་མ་བཏགས་པ་ཡིན་ལ། བྱེ་བྲག་གྲུབ་མཐའ་སྨྲ་བ་རྣམས་ཀྱི་རྩེ་མོ་ཐལ་འགྱུར་བའི་ལུགས་ལྟར་ན། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པར་


LT08,P124A
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་པས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་འདི་རྣམས་རེ་རེའང་རང་བཞིན་ནམ་ངོ་བོ་གཉིས་གཉིས་འཛིན་པར་དམིགས་ཏེ། འདི་ལྟར་བྱིས་པ་རྣམས་ཀྱིས་མ་བརྟགས་མ་དཔྱད་པར་རང་གར་འཇུག་པའི་བློས་རྙེད་པའི་ངོ་བོ་གང་ཡིན་པ་དང༌། འཕགས་པ་རྣམས་ཀྱིས་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རྙེད་པའི་ངོ་བོ་གང་ཡིན་པའོ། །དེ་གཉིས་ཀྱི་སྔ་མ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། མ་རིག་པ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་ཅེས་བྱ་ལ། དེ་བདེན་པར་བཟུང་ཞིང་དེ་ཁོ་ན་ཉིད་ཀྱི་དོན་མ་རྟོགས་བར་དུ་གཟུང་བ་ལྟར་དོན་བྱེད་ཅིང་བྱིས་པ་རྣམས་མི་བསླུ་བའི་ཕྱིར་བདེན་པ་ཞེས་བྱའོ། །ཇི་སྐད་དུ། དེ་ཉིད་ལས། མ་རིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པས་སོ། །ཕྱི་མ་ནི་དོན་དམ་པའི་བདེན་པ་ཞེས་བྱ་སྟེ། འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གནས་ལུགས་ཇི་ལྟ་བར་འཇུག་པས་ན་དམ་པ་ཞེས་བྱ་ལ། དེའི་སྤྱོད་ཡུལ་དུ་གྱུར་པས་ན་དོན་དང་རྣམ་པ་ཐམས་ཅད་དུ་མི་བསླུ་བས་བདེན་པ་ཡིན་པའི་ཕྱིར་རོ། །གཉིས་པ་ངེས་ཚིག་ནི། ངེས་ཚིག་འདུས་བྱས་ཀུན་རྫོབ་ཉིད་དུ་བདེན། །གཅིག་ནི་དམ་པའི་དོན་དུ་བདེན་པའོ། །བདེན་པ་གཉིས་ཀྱི་སྒྲ་དོན་ངེས་ཚིག་ནི། ལེགས་སྦྱར་གྱི་སྐད་ལ་ཕྱིས་བསྣན་གྱི་ངེས་པས་ཀུན་རྫོབ་ཅེས་བྱ་བའི་སྒྲ། ཡང་དག་སྒྲིབ་པ་དང༌། ཚོགས་པའམ་འདུས་པ་དང༌། བརྡའམ་ཐ་སྙད་དང༌། ཀུན་འབྱེད་པ་དང༌། རྫུ་བག་རྣམས་ལ་འཇུག་པར་བཤད་པའི་དང་པོ་ལྟར་ན། ཡང་དག་པའི་རང་བཞིན་


LT08,P124B
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་བདེན་པ་སྒྲིབ་པར་བྱེད་པ་ཉོན་མོངས་ཅན་གྱི་མ་རིག་པ་ནི་ཀུན་རྫོབ་ཅེས་བྱ་ཞིང༌། དེས་གང་ཟག་དེའི་རྒྱུད་དབང་བྱས་པས་དེའི་དབང་དུ་སོང་བའི་ཚད་མ་གང་ལ་འདུས་བྱས་ཀྱི་ཆོས་སྣང་བ་དེ་ནི་ཀུན་རྫོབ་ཏུ་བདེན་པས་དེར་བཏགས་པ་སྟེ། འཇུག་པ་ལས། མ་རིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་སོགས་བཤད་དོ། །གཉིས་པ་ནི། ཚོགས་པ་དེ་དག་ཕན་ཚུན་མདུང་ཁྱིམ་ལྟར་གཅིག་ལ་གཅིག་ལྟོས་ནས་གྲུབ་པ་ཡིན་གྱི། ངོ་བོ་ཉིད་ཀྱིས་མ་ཡིན་པས་ཀུན་རྫོབ་ཅེས་བྱ། གསུམ་པ་ནི། ཚིག་གསལ་ལས། ཡང་ན་ཀུན་རྫོབ་ནི་བརྡ་སྟེ་འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ །ཡང་ན་རྗོད་པ་དང་བརྗོད་བྱ་དང་ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཞེས་སོ། །བཞི་པ་ནི། རྟོག་གེ་འབར་བ་ལས། གཟུགས་ལ་སོགས་པའི་དངོས་པོ་ཀུན་རྣམ་པར་འབྱེད་པའི་དོན་གྱིས་ན་ཀུན་རྫོབ་སྟེ། ཞེས་སོ། །ལྔ་པ་ནི། དཔྱད་མི་བཟོད་པའི་དོན་གྱིས་ཀུན་རྫོབ་སྟེ། སློབ་དཔོན་སེང་གེ་བཟང་པོས། རྣམ་པར་དཔྱད་པའི་དཔུང་མི་བཟོད་པས་ན་ཀུན་རྫོབ། ཅེས་གསུངས་པ་ལྟར་རོ། །ཅིག་ཤོས་དོན་དམ་བདེན་པ་ཞེས་པའི་དམ་པ་དངོས་ནི་འཕགས་རྒྱུད་ཀྱི་མཉམ་གཞག་ཡེ་ཤེས་ཡིན་ལ། དོན་ནི་དེའི་སྤྱོད་ཡུལ་དུ་གྱུར་པའི་སྟོང་པ་ཉིད་དང༌། བདེན་པ་ཞེས་པ་དེ་ཉིད་རྣམ་པ་ཐམས་ཅད་དུ་མི་བསླུ་བས་དེ་སྐད་དུ་བཞག་གོ །དམ་པ་དེའི་རྗེས་མཐུན་པ་ནི་རིགས་ཤེས་རྗེས་དཔག་དོན་ནི་དེའི་སྤྱོད་ཡུལ་དུ་གྱུར་པའི་མེད་དགག་གི་མཚན་ཉིད་ཅན་གྱི་སྟོང་པ་ཉིད། བདེན་པ་ཞེས་པ་བརྟགས་ཤིང་དཔྱད་པའི་རིགས་པའི་ངོར་མི་བསླུ་བས་དེ་སྐད་དུ་བཞག་པར་འདོད་དེ་ཕྱི་མ་འདི་ལ་རྗེས་མཐུན་པའམ་རྣམ་གྲངས་པའི་དོན་དམ་བདེན་པ་ཟེར་ཏེ། དབུ་མའི་བསྟན་བཅོས་རྣམས་སུ་བདེན་གཉིས་ཀྱི་དཔྱད་པ་འཇུག་པ་ཐམས་ཅད་འདི་ཁོ་ན་ལས་བརྩད་པ་ཡིན་གྱི། དོན་དམ་པའི་བདེན་པ་དངོས་ལ་ནི་ཀུན་རྟོག་གི་དཔྱད་པ་


LT08,P125A
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་མེད་དོ། །ཐ་སྙད་དུ་དོན་དམ་པ་གཉིས་ཡོད་པ་དང་དེ་གཉིས་ཀྱི་མཚན་ཉིད་ཀྱང་གསལ་བར་རྟོག་གེ་འབར་བ་ལས་གསུངས་སོ། །གསུམ་པ་མཚན་ཉིད་རྣམ་གྲངས་དང་བཅས་པ་ནི། མཚན་ཉིད་མ་དཔྱད་འཁྲུལ་པའི་ཤེས་ཡུལ་དང༌། །མ་འཁྲུལ་འཕགས་པའི་ཡུལ་ཏེ་སླུ་མི་སླུ། །ཡུལ་ཅན་འཛིན་སྟངས་འཁྲུལ་དང་མ་འཁྲུལ་ལོ། །དེ་དག་མིང་གི་རྣམ་གྲངས་མང་པོར་བསྟན། །དེ་གཉིས་སོ་སོའི་མཚན་ཉིད་ནི། སྒྲོ་བཏགས་པའམ་བཅོས་པའི་ངོ་བོ་མཐོང་བ་རྫུན་པ་མ་དཔྱད་བྱིས་པའི་ཤེས་ངོར་རྙེད་པའི་རྙེད་དོན་ཀུན་རྫོབ་བདེན་པའི་མཚན་ཉིད་དང༌། །སྒྲོ་མ་བཏགས་པའམ་མ་བཅོས་པའི་ངོ་བོ་མཐོང་བ་ཡང་དག་པ་འཕགས་པའི་རིགས་ངོར་རྙེད་པའི་རྙེད་དོན་དོན་དམ་བདེན་པའི་མཚན་ཉིད་དེ། ཕ་ཚབ་ཀྱི་སྲས་ཀྱི་ཐུ་བོ་རྨ་བྱ་བྱང་བརྩོན་གྱིས། མ་དཔྱད་འཁྲུལ་པའི་ཤེས་ཡུལ་ཀུན་རྫོབ་སྟེ། །མ་འཁྲུལ་འཕགས་པའི་ཤེས་ཡུལ་དོན་དམ་ཡིན། །ཞེས་གང་བཤད་པ་བཞིན་ཏེ། སྣང་ཡུལ་ལ་འཁྲུལ་པ་ཙམ་གྱིས་ཀྱང་འཁྲུལ་ཤེས་སུ་འཇོག་པ་མང་ཞིང་དེ་ལྟ་ན་རིགས་ཤེས་རྗེས་དཔག་ཀྱང་དེ་ཡིན་མོད། དེ་ནི་དཔྱད་ཤེས་ཡིན་པས་དེ་བཅད་ཕྱིར་མ་དཔྱད་ཅེས་པའི་སྒྲ་སྦྱར་རོ། །འོན་ཀྱང་སྐབས་འདིར་ཡུལ་གྱི་བདེན་རྫུན་ནི་མི་སླུ་བ་དང་སླུ་བ་ལ་བྱེད་ཅིང༌། ཡུལ་ཅན་གྱི་བདེན་རྫུན་ནི་འཛིན་སྟངས་མ་འཁྲུལ་པ་དང་འཁྲུལ་པ་ལ་བྱེད་པའོ། །དེ་དག་གི་མིང་གི་རྣམ་གྲངས་ནི་གྲུབ་མཐའ་སོ་སོའི་བཞེད་པས་ཤིན་ཏུ་མང་ཞིང༌། དབུ་མའི་ལུགས་ལྟར་ན། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ཀྱི་རྣམ་གྲངས་སོ། །གཞན་མིང་ཕྱིན་ཅི་མ་ལོག་ཡིན། །ཅེས་དང༌། འཕགས་པ་གྲོལ་སྡེས་མདོའི་རྗེས་སུ་འབྲང་ནས་རྣམ་གྲངས་བཅུ་གཅིག་ཏུ་བཤད་པ་དང༌། སློབ་དཔོན་ཟླ་བས་ཀྱང་


LT08,P125B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་མང་དུ་བཤད་ཅིང༌། དེ་ལས་ལྡོག་པ་ནི་ཀུན་རྫོབ་བདེན་པའི་མིང་གི་རྣམ་གྲངས་སུ་འགྱུར་ལ། གཞན་ཡང་འདི་ལ་བརྡ་ཙམ་དང༌། མིང་ཙམ་དང༌། བཏགས་པ་ཙམ་དང༌། ཐ་སྙད་ཙམ་ཞེས་བྱ་བ་སོགས་ཀྱང་བརྗོད་དོ། །བཞི་པ་རབ་ཏུ་དབྱེ་བ་ལ་ལྔ། དབྱེ་བ་དངོས། འབྱེད་པའི་རྒྱུ་མཚན། གཉིས་ཀྱི་གྲངས་ངེས། གཅིག་གམ་ཐ་དད། གྲུབ་མཐའ་སོ་སོའི་འདོད་ཚུལ་ལོ། །དང་པོ་ལ་གཉིས། སྤྱིར་དབྱེ་བ་དང༌། བྱེ་བྲག་སོ་སོའི་དབྱེ་བའོ། །དང་པོ་ནི། དབྱེ་གཞི་མ་དཔྱད་ཤེས་བྱ་ཙམ་གྱི་སྟེང༌། །སྣང་ལུགས་གནས་ལུགས་ཀུན་རྫོབ་དོན་དམ་དབྱེ། །སྤྱིར་ཀུན་རྫོབ་རིག་ངོའི་ཤེས་བྱ་དང་དོན་དམ་འཁྲུལ་ངོའི་ཤེས་བྱ་མིན་ཡང་མ་ཕྱེ་བར་མ་བརྟགས་མ་དཔྱད་པའི་ངོར་ཤེས་བྱ་ཙམ་འདི་བདེན་གཉིས་ཀྱི་དབྱེ་གཞི་ཉིད་དུ་མདོ་ལས་གསུངས་ཏེ། ཇི་སྐད་དུ། ཤེས་པར་བྱ་བ་ལ་བདེན་པ་གཉིས་པོ་འདི་ཙམ་དུ་ཟད་དོ། །ཞེས་གསུངས་པས་སོ། །དེ་ལ། རྩ་ཤེ་ལས། འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་པ་ལྟར་བསླུ་ཆོས་ཀུན་རྫོབ་ཀྱི་བདེན་པ་དང༌། བསླུ་མེད་དོན་དམ་གྱི་བདེན་པ་གཉིས་སམ། སྣང་ལུགས་དང༌། གནས་ལུགས་ཀྱི་སྒོ་ནས་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་སུ་དབྱེའོ། །གཉིས་པ་སོ་སོའི་དབྱེ་བ་ནི། སྣང་ལུགས་འཁྲུལ་པ་འགྲོ་བློའི་སྣང་བ་སྟེ། །མ་འཁྲུལ་ལམ་དང་འབྲས་བུར་ཕལ་ཆེར་བཞེད། །སྐྱེ་འཕགས་འཇིག་རྟེན་རྣལ་འབྱོར་ཀུན་རྫོབ་དང༌། །དོན་དམ་ངོ་བོ་དབྱེར་མེད་མཚན་ཉིད་གསུམ། །ཆོས་ཅན་སྒོ་ནས་བཅུ་དྲུག་སོགས་སུ་དབྱེ། །སྣང་ལུགས་ལའང་འཁྲུལ་པ་དང་མ་འཁྲུལ་པའི་སྣང་ལུགས་གཉིས་ལས། དང་པོ་སྣང་ལུགས་འཁྲུལ་པ་ནི། འགྲོ་བློར་འཁྲུལ་སྣང་འཁྲུལ་འཛིན་འཁྲུལ་ཤེས་སུ་ཤར་བ་ཇི་སྙེད་པ་སྟེ། བསླུ་བ་དང་མི་བདེན་པས་དམྱལ་བ་ནས་སངས་རྒྱས་ཀྱི་བར་བསམ་བརྗོད་དུ་སྣང་ཚད་


LT08,P126A
[མ་དཔེ་གཟིགས་ན་འདིར་གནོན།]

བློའི་རི་མོས་བཏགས་པ་ཡིན་པས་དོན་ལ་མ་རེག་པའི་ཕྱིར་འཁྲུལ་པར་བཤད་དོ། །དེའང་འབྱུང་བ་བཞི་སོགས་སྣང་ལ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ། ཟླ་བ་གཉིས་སྣང་ལྟ་བུ་སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་ཏུ་འཇོག །མ་འཁྲུལ་པའི་ཀུན་རྫོབ་ལ་གཉིས། འབྲས་བུ་ལས་མ་འཁྲུལ་པ་ལམ་གྱི་ཡེ་ཤེས་ཡོན་ཏན་དང་བཅས་པ་གོང་དུ་འགྱུར་བས་མི་རྟག་ཀྱང་གཤིས་ཀྱི་སར་བགྲོད་པ་ལ་ལྟོས་ནས་མ་འཁྲུལ་པ་དང༌། འབྲས་བུ་ཐོབ་པས་མ་འཁྲུལ་པ་སངས་རྒྱས་ཀྱི་ཡེ་ཤེས་གཟུགས་སྐུ་དང་བཅས་པ་འོག་མིན་ན་བཞུགས་པ་སྟེ། དེ་དག་ཕལ་ཆེར་རང་རྒྱུད་པས་བཞེད་ཅིང༌། དེའང་ལུགས་འདིའི་ཡང་དག་ཀུན་རྫོབ་བཞེད་པ་ནི་ཚུར་མཐོང་གི་རྒྱུད་ཀྱི་གཟུགས་སྒྲ་སོགས་འཛིན་པའི་དབང་པོའི་མངོན་སུམ་རྣམས་རང་གི་སྣང་ཡུལ་ལ་མ་འཁྲུལ་པར་འདོད་པའི་དབང་གིས་ཡིན་ལ། ཐལ་འགྱུར་བས་ནི་ཤེས་ལ་དེ་རྣམས་རང་གི་སྣང་ཡུལ་ལའང་འཁྲུལ་པར་འདོད་པའི་ཕྱིར་ཡང་དག་ཀུན་རྫོབ་མི་བཞེད་ཅིང༌། ཀུན་རྫོབ་ཡིན་ན་ལོག་པར་ཁས་ལེན་ཅིང༌། རང་གིས་མཚན་ཉིད་ཀྱིས་གྲུབ་པར་འདོད་མི་འདོད་ཀྱང་དེ་ལ་ཐུག་པ་ཡིན་པས་ཕྲ་བའི་གནས་ཡིན་ཅེས་མཚན་ཉིད་པ་ཕྱི་མ་རྣམས་གསུངས་སོ། །ཡང་ན་སྐྱེ་འཕགས་ཀྱི་ཀུན་རྫོབ་གཉིས་སུ་འགྱུར་ཏེ། དང་པོ་ནི། ཆུ་ཟླ་དང་སྒྲ་བརྙན་ལ་སོགས་པ་སྟེ་དེ་དག་ནི་རྫུན་པ་དང་བསླུ་བའི་ཆོས་ཅན་དུ་བྱིས་པ་རྣམས་ཀྱིས་ཀྱང་ཡོངས་སུ་གཅོད་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། བྱིས་པ་རྣམས་ཀྱིས་མངོན་པར་ཞེན་པའི་གཟུགས་སྒྲ་ལ་སོགས་པ་སྟེ། དེ་དག་ནི་འཕགས་པའི་ཆོས་མཐོང་བ་རྣམས་ཀྱིས་སྒྱུ་མ་བཞིན་དུ་གསོག་དང་གསོབ་དང་སྙིང་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །ཡང་ན་འཇིག་རྟེན་པའི་ཀུན་རྫོབ་དང་རྣལ་འབྱོར་གྱི་ཀུན་རྫོབ་གཉིས་སུའང་དབྱེ་བར་གསུངས་ཏེ། ཞི་བ་ལྷས། རྣལ་འབྱོར་ཀུན་རྫོབ་


LT08,P126B
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་མེད་དེ། །ཞེས་དང༌། ཟླ་བས། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུ། །ཡོད་ཅེས་རྣལ་འབྱོར་པས་དེའི་ཡོད་མི་རྙེད། །ཅེས་སོགས་གསུངས་སོ། །མཚན་གཞི་ནི་མ་བརྟགས་མ་དཔྱད་པའི་འཁྲུལ་ངོའི་ཆོས་ཅན་རགས་པ་རྣམས་ནི་འཇིག་རྟེན་པའི་ཀུན་རྫོབ། ཅུང་ཟད་དཔྱད་ངོའི་ཐ་སྙད་པའི་བློའི་རྙེད་དོན་ཕྲ་བའི་མི་རྟག་པ་དང༌། ཉན་རང་མི་སློབ་པ་ནས་བྱང་འཕགས་མན་ཆད་ཀྱི་འཕགས་པའི་རྗེས་ཐོབ་ཀྱི་སྣང་བ་རྣམས་ནི་རྣལ་འབྱོར་པའི་ཀུན་རྫོབ་བོ། །མིང་གི་རྣམ་གྲངས་ཀྱང་སྔ་མ་ལ་མ་བརྟགས་པའི་དང་བྱིས་པའི་དང་རིགས་ཤེས་དང་མ་འབྲེལ་བའི་ཀུན་རྫོབ་ཅེས་བྱ་ལ། ཕྱི་མ་ལ་དཔྱད་པའི་དང་འཕགས་པའི་རིགས་ཤེས་དང་འབྲེལ་བའི་དང་དབུ་མ་པའི་ཀུན་རྫོབ་ཅེས་བྱའོ། །སྐབས་འདིའི་ལོག་པ་དང་ཡང་དག་ཀུན་རྫོབ་གཉིས་ནི་འཇིག་རྟེན་པ་རང་སའི་བདེན་པ་གཉིས་སུ་འཇོག་པའང་ཡིན་ནོ། །དོན་དམ་པའི་བདེན་པ་ལ་ནི་ངོ་བོའི་སྒོ་ནས་དབྱེ་བ་བགྱིར་མེད་དེ། ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པའི་ཕྱིར་དང༌། ཐ་སྙད་ཀྱི་ཡུལ་ལས་འདས་པའི་ཕྱིར་ཏེ། དཀོན་བརྩེགས་ལས། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ། །ཞེས་སོ། །སྒྲས་བརྗོད་ཙམ་དུ་དབྱེ་ན་བདེན་ཆུང་ལས་རྣམ་གྲངས་པ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས་སུ་གསུངས་ཏེ། དང་པོ་ནི་སྤྲོས་པ་ཕྱོགས་རེ་ཙམ་དང་བྲལ་བ་སྟེ་སྐྱེ་བ་བཀག་པའི་སྐྱེ་མེད་ལྟ་བུའོ། །ཕྱི་མ་ནི་སྤྲོས་པ་མཐའ་དག་དང་བྲལ་བའོ། །རྣམ་གྲངས་པའི་དོན་དམ་བདེན་པ་དེ་ལ་དགག་བྱའི་སྒོ་ནས་དབྱེ་ན་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་སོ། །མཚན་ཉིད་ཀྱི་སྒོ་ནས་དབྱེ་ན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྟེ་རྣམ་ཐར་གསུམ་མམ་མངོན་པར་འདུས་མ་བྱས་དང་བཞིའོ། །ཆོས་ཅན་གྱི་སྒོ་ནས་དབྱེ་ན་སྟོང་པ་ཉིད་བཅུ་དྲུག་དང༌། སོགས་ཁོངས་ནས་བཅོ་བརྒྱད་དང་ཉི་ཤུ་


LT08,P127A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་དབྱེ་བ་ཡིན་ནོ། །གཉིས་པ་དབྱེ་བའི་རྒྱུ་མཚན་ནི། འཕགས་དང་བྱིས་བློའི་འཛིན་སྟངས་ཁྱད་པར་དང༌། །ལྟོས་བཞག་ལ་བརྟེན། །ཅེས་པ་སྟེ། འདི་ལྟར་བདེན་པ་གཉིས་སུ་དབྱེ་བའི་རྒྱུ་མཚན་ཡང་འཕགས་པ་དང་བྱིས་པའི་གང་ཟག་གཉིས་ཀྱིས་བློའི་འཛིན་སྟངས་མི་འདྲ་བ་ལས་ཡིན་ལ། དེའི་ཕྱིར་ཡུལ་ཅན་གྱི་སྒོ་ནས་བདེན་པ་གཉིས་སུ་འབྱེད་པ་ཡིན་གྱི། དོན་ལ་གཉིས་སུ་གནས་པ་མིན་ཏེ་ཀུན་རྫོབ་དོན་ལ་གནས་ན་ཀུན་རྫོབ་ཏུ་མི་འགྱུར་ཞིང༌། གཞན་དུ་ན་དོན་དམ་པའི་བདེན་པ་གཉིས་སུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་དོན་ལ་མི་གནས་པ་ལས་དོན་དམ་པའོ་ཞེས་འགའ་ཡང་ཡོད་པ་མིན་ཏེ། བདེན་འཛིན་གྱི་རྣམ་གཞག་ཕན་ཚུན་ལྟོས་ནས་བཞག་པའི་ཕྱིར་རོ། །དེས་ན་མཐའ་བྲལ་གྱི་དོན་ནི་དོན་དམ་པའི་བདེན་པ་དང༌། གཞན་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་པའང་མངོན་ཞེན་ཅན་དག་གི་ངག་བརྡར་སྦྱར་བ་ལས་དབུ་མ་རང་ལུགས་ལ་ཀུན་རྫོབ་དོན་དམ་གྱི་ཕྱོགས་གང་ཡང་བཞག་ཏུ་ཡོད་པ་མ་ཡིན་ཏེ། ཇི་སྲིད་བརྗོད་བྲལ་གྱི་དོན་མ་རྟོགས་པ་དེ་སྲིད་དུ་དབུ་མ་པའང་མིན་ཏེ་དབུ་མའི་དོན་མ་རྟོགས་པའི་ཕྱིར་རོ། །གསུམ་པ་གྲངས་ངེས་ནི། བདེན་པ་གཉིས་སུ་ངེས། །ཞེས་པ་སྟེ། བདེན་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། ལང་གཤེགས་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །རྒྱུ་ལས་སྐྱེས་པ་གསུམ་པ་མེད། །ཀུན་རྫོབ་རྟོག་པས་བརྟགས་པ་སྟེ། །དེ་ཟད་འཕགས་པའི་སྤྱོད་ཡུལ་ལོ། །ཞེས་དང༌། ཡབ་སྲས་མཇལ་བ་ལས། དེ་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བའང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དོ། །ཞེས་སོ། །རིགས་པའང་ཐབས་ཕྱོགས་གཙོ་བོར་བྱས་པའི་བླང་དོར་ལ་ཀུན་རྫོབ་མེད་དུ་མི་རུང་ཞིང༌། བླང་བྱའི་གཙོ་བོ་རྣམ་དག་མི་དམིགས་པ་


LT08,P127B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དོན་དམ་པ་མེད་དུ་མི་རུང་བས་ཉུང་ན་མི་འདུ་ཞིང་དེ་ཙམ་གྱིས་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པས་མང་མི་དགོས་པའི་ཕྱིར་རོ། །ཡང་ན་ཡུལ་ཅན་གྱི་བློ་ནི་འཁྲུལ་པ་དང་མ་འཁྲུལ་པ་གཉིས་སུ་ངེས་ཤིང་དེའི་སྔ་མ་ལ་ལྟོས་ཏེ་ཀུན་རྫོབ་དང༌། ཕྱི་མ་ལ་ལྟོས་ཏེ་དོན་དམ་གྱི་རྣམ་གཞག་མེད་མི་རུང་བས་ན་བདེན་པ་གཉིས་སུ་ངེས་སོ། །བཞི་པ་གཅིག་གམ་ཐ་དད་ནི། ཐ་སྙད་རང་བཞིན་གཅིག་ལ་ལྡོག་ཐ་དད། །དོན་དམ་གཅིག་དང་ཐ་དད་བརྗོད་དུ་མེད། །བདེན་པ་གཅིག་དང་ཐ་དད་པའི་ཚུལ་ལ་གྲུབ་མཐའ་རྣམས་བཞེད་པ་མི་མཐུན་པ་སོ་སོར་མཆིས་ཀྱང༌། དཔལ་རང་བྱུང་གི་ཞལ་སྔ་ནས། དེ་ལྟར་བཤད་པའི་བདེན་པ་གཉིས་པོ་འདིའང་ཆོས་རྣམས་དང་ཆོས་ཉིད་ཇི་ལྟ་བ་བཞིན་དུ་དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བ་ཡིན་པས་གཅིག་པ་དང་ཐ་དད་པ་གང་དུའང་བརྗོད་དུ་མེད་དོ། །ཞེས་གསུངས་པ་ལྟར་མ་དཔྱད་པའི་ངོར་ཐ་སྙད་ཙམ་དུ་བདེན་པ་གཉིས་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་པ་དང༌། དོན་དམ་པར་ངོ་བོ་གཅིག་པ་དང་ཐ་དད་གང་དུའང་བརྗོད་དུ་མེད་པར་བཞེད་དེ། དེའང་གཅིག་ཡིན་ན་བྱིས་པ་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལྟར་དོན་དམ་པའི་བདེན་པའང་རྟོགས་པས་འབད་པ་མེད་པར་གྲོལ་བར་ཐལ་བའི་ཕྱིར་དང༌། དོན་དམ་བཞིན་དུ་ཀུན་རྫོབ་ཀྱང་དབྱེ་བ་མེད་ཅིང་རྣམ་པར་དག་པའི་རྒྱུར་རམ། ཀུན་རྫོབ་བཞིན་དུ་དོན་དམ་ཡང་དབྱེ་བ་སྣ་ཚོགས་པ་དང་ཀུན་ནས་ཉོན་མོངས་པ་འཕེལ་བའི་དམིགས་པར་ཐལ་བའི་ཕྱིར་སོགས་སྐྱོན་མང་དུ་འཇུག་ལ། ཐ་དད་ན་རྣལ་འབྱོར་པ་རྣམས་ཀྱིས་དོན་དམ་རྟོགས་ཀྱང་ཀུན་རྫོབ་ལ་མངོན་ཞེན་སྤང་མི་ནུས་པའམ། དོན་དམ་པ་དེ་ཀུན་རྫོབ་ཀྱི་ཆོས་ཉིད་མ་ཡིན་པར་ཐལ་བ་སོགས་གནོད་བྱེད་མང་དུ་འཇུག་གོ །དེའི་ཕྱིར་དགོངས་འགྲེལ་ལས་ཀྱང༌། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་


LT08,P128A
[མ་དཔེ་གཟིགས་ན་འདིར་གནོན།]

དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཅེས་གསུངས་སོ། །ལྔ་པ་གྲུབ་མཐའ་སོ་སོའི་འདོད་ཚུལ་ནི། བཅོམ་དང་བསལ་ན་དེར་འཛིན་འདོར་རུང་དང༌། །མི་འདོར་རགས་དངོས་ཤེས་རྒྱུན་ཀུན་རྫོབ་སྟེ། །ཆ་མེད་དོན་དམ་བདེན་པ་བྱེ་སྨྲའི་ལུགས། །སྤྱིར་བདེན་པ་གཉིས་ཀྱི་རྣམ་གཞག་ཙམ་ནི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་ཁས་ལེན་ཏེ། དེའང་ཉན་ཐོས་པ་ནི། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་འཇོམས་བྱེད་ཐོ་བ་ལ་སོགས་པས་བཅོམ་པ་དང་རྫས་ཀྱི་ཆོས་བློས་སོ་སོར་བསལ་བ་ན་དེའི་བློ་མི་འཇུག་པས་འདོར་དུ་རུང་བ་བུམ་པ་དང༌། དེའི་ནང་གི་ཆུ་ལ་སོགས་པ་ནི་ཀུན་རྫོབ་དང༌། བཅོམ་གཞིག་གིས་དེའི་བློ་མི་འདོར་བར་ཤེས་པ་རང་དབང་དུ་བསྐྱེད་པ་གཟུགས་སྒྲ་འཛིན་པ་ལ་སོགས་པ་ནི་དོན་དམ་དང༌། དེ་གཉིས་ཀའང་དེ་དང་དེའི་ངོ་བོར་ཡོད་པ་ལ་བདེན་པར་འཇོག་གོ །མདོར་ན་རགས་པའི་དངོས་པོ་དང་ཤེས་པའི་རྒྱུན་ནི་ཀུན་རྫོབ་ཡིན་ལ། ཤེས་པའི་སྐད་ཅིག་ཆ་མེད་དང༌། དངོས་པོའི་རྡུལ་ཕྲན་ཆ་མེད་དོན་དམ་བདེན་པར་བྱེ་བྲག་སྨྲ་བ་རྣམས་འདོད་དོ། །དོན་དམ་དོན་བྱེད་ནུས་དང་མི་ནུས་ཀྱི། །རང་དང་སྤྱི་མཚན་མདོ་སྡེ་པ་ཡི་ལུགས། །རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང༌། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་འདོད། །ཅེས་པ་ལྟར་དོན་དམ་པར་དོན་བྱེད་ནུས་པ་བུམ་པའམ་ཀ་བ་ལྟ་བུ་དོན་དམ་བདེན་པ། དོན་དམ་པར་དོན་བྱེད་མི་ནུས་པ་ནམ་མཁའ་དང་བུམ་པའི་སྤྱི་དང་ཀ་བའི་སྤྱི་ལྟ་བུ་ཀུན་རྫོབ་བདེན་པ་སྟེ། མདོར་ན་རང་མཚན་དུ་ཡོད་པ་དང་སྤྱི་མཚན་དུ་ཡོད་པ་གཉིས་ལ་དེར་འདོད་ཅིང༌། ཡོད་པ་ནི་


LT08,P128B
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་དོན་དུ་འདོད་པ་མདོ་སྡེ་པ་ཡི་ལུགས་སོ། །འདིར་དོན་དམ་བདེན་པ། མི་རྟག་པ། དངོས་པོ། འདུས་བྱས། རང་མཚན་རྣམས་དོན་གཅིག་ཅིང༌། ཀུན་རྫོབ་བདེན་པ། རྟག་པ། དངོས་མེད་ཀྱི་ཆོས། འདུས་མ་བྱས། སྤྱི་མཚན་རྣམས་དོན་གཅིག་ཅེས་མཁས་པ་ཕྱི་མ་འགའ་ཞིག་གིས་བཤད་དོ། །གཟུང་འཛིན་གཉིས་སྣང་ཡུལ་དང་ཡུལ་ཅན་དང༌། །གཉིས་མེད་ཤེས་པར་འཇོག་པ་སེམས་ཙམ་ལུགས། །གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ་ཀྱི་བདེན་པ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ཙམ་ནི་དོན་དམ་བདེན་པར་འཇོག་པ་ནི་སེམས་ཙམ་པའི་ལུགས་ཏེ། ཡེ་ཤེས་སྙིང་པོ་ཀུན་བཏུས་ལས། ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་ཡང་ཡོད་པ་མིན། །སོ་སོར་སྣང་བའང་དམིགས་མེད་ལ། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའོ། །རྣམ་ཤེས་དམ་པའི་དོན་དུ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་བསྒྲགས། །ཞེས་སོ། །དེའང་མཚན་ཉིད་གསུམ་ལ་སྦྱོར་ན། ཀུན་བརྟགས་ནི་ཀུན་རྫོབ་མཚན་ཉིད་པ་ཡིན་ཏེ་རྫས་སུ་མེད་ཅིང་ཐ་སྙད་ཙམ་དུ་གྲུབ་པའི་ཕྱིར་རོ། །གཞན་དབང་ནི་རྣམ་གྲངས་པའི་དོན་དམ་མཚན་ཉིད་པ་དང་ཀུན་རྫོབ་རྣམ་གྲངས་པ་ཡིན་ཏེ། རིགས་པས་དཔྱད་ན་བདེན་པར་གྲུབ་པའི་ཕྱིར་དང༌། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །ཡོངས་གྲུབ་ནི་དོན་དམ་མཚན་ཉིད་པ་ཡིན་ཏེ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར་རོ། །སྣང་བ་ཀུན་རྫོབ་ཏུ་གྲུབ་སྒྱུ་མ་བཞིན། །དོན་དམ་མ་གྲུབ་མཁའ་འདྲ་རང་རྒྱུད་ལུགས། །ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མའི་རྟ་གླང་ལ་སོགས་པ་བཞིན་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པ་ཅིའང་མ་གྲུབ་པ་ནམ་མཁའ་ལྟ་བུ་ནི་དོན་དམ་བདེན་པར་བཞེད་པ་རང་རྒྱུད་པའི་ལུགས་ཏེ། འཁྲུལ་


LT08,P129A
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་ལས། དམིགས་བཅས་ཀུན་རྫོབ་དོན་དམ་དུ། །དམིགས་བྱ་དམིགས་བྱེད་ཀུན་ལས་གྲོལ། །ཞེས་སོ། །ལུགས་འདིའི་ཀུན་རྫོབ་ཀྱི་དབྱེ་བ་ནི་གོང་དུ་སྤོས་པ་ལྟར་རོ། །བློས་བཏགས་ཀུན་རྫོབ་འཇིག་རྟེན་རྗེས་བརྗོད་དང༌། །སྤྲོས་བྲལ་བསམ་བརྗོད་ལས་འདས་ཐལ་འགྱུར་ལུགས། །བློས་སྨྲ་བསམ་བརྗོད་པར་བཏགས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། འཇིག་རྟེན་ན་ཇི་ལྟར་གྲགས་པའི་རྗེས་སུ་བརྗོད་ཅིང༌། གཤིས་སྤྲོས་བྲལ་བསམ་བརྗོད་ཐམས་ཅད་ལས་འདས་པ་ནི་དོན་དམ་བདེན་པ་ཞེས་ཐལ་འགྱུར་བའི་ལུགས་ཏེ། རྣམ་པ་བཞག་བྱ་འཇོག་བྱེད། ངོ་བོ་རྟོགས་བྱ་རྟོགས་བྱེད་ལས་འདས་པས་རྟོགས་པར་བཞག་ཏུ་མེད་ཀྱང་དོན་དམ་དང་མཐུན་པའི་བློ་སྐྱེས་པ་ལ་དེ་སྐད་དུ་བཏགས་ཏེ། ཟླ་བ་གྲགས་པས། སྟོང་པ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་ནི་སྟོང་པ་ཉིད་རྟོགས་སོ་ཞེས་བརྗོད་ཀྱི། སྟོང་པ་ཉིད་ནི་རྟོགས་པ་མ་ཡིན་ནོ། །ཞེས་གསུངས་ཏེ། དཔེར་ན་ནམ་མཁའི་རང་བཞིན་གོ་འབྱེད་པར་རྟོགས་པ་ནམ་མཁའ་ཉིད་བློ་དང་དབྱེར་མེད་དུ་གྱུར་པ་བཞིན་ནོ། །སྐབས་འདིར་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་སེམས་ཉིད་ངལ་གསོའི་འགྲེལ་བར། འདིར་མན་ངག་དང་མཐུན་པར་གསལ་བར་དབྱེ་ན་ཡུལ་ཆོས་དབྱིངས་ཙམ་ཞིག་དབྱེ་བའི་གཞི་ལས། སྣང་བའི་ཆ་འདི་དག་སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་ལ་སོགས་པ་དང་འདྲ་སྟེ་སྣང་ལ་མེད་པའི་རང་བཞིན་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། ལྗོན་པས་ཞུས་པའི་མདོ་ལས། མེ་ལོང་དཀྱིལ་འཁོར་ཡང་དག་ལ། །བཞིན་གྱི་ཟླ་བ་སྣང་བ་ལྟར། །དེ་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་པ་ལ་སོགས་པ་གསུངས་པས་ན། ཐ་མལ་པས་སྣང་བ་བདེན་བདེན་ལྟར་མཐོང་ཡང༌། རྣལ་འབྱོར་པས་རྨི་ལམ་ཙམ་ལས་ངེས་པ་མ་མཐོང་


LT08,P129B
[མ་དཔེ་གཟིགས་ན་འདིར་གནོན།]

བས་འལ་འོལ་སང་སེང་ཙམ་ལ་མ་བརྟགས་པ་ན་སྣང་ཡང༌། བརྟགས་ན་མེད་པ་གཅིག་ཏུ་ཤེས་པས་ཀུན་རྫོབ་ཀྱི་བདེན་པ་རྟོགས་པ་ཞེས་བྱ་སྟེ་སྣང་བའི་རྐྱེན་གྱིས་མི་གནོད་པ་ཡིན་ནོ། །དེ་འབྱོངས་པ་ན་སྣང་བ་འདི་དག་ལ་ཐོགས་པ་མེད་པར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་གྲུབ་ཅིང༌། གང་གི་ཡང་ཁས་ལེན་མེད་པར་ཇི་ལྟར་སྣང་བ་དེ་ཉིད་རང་བཞིན་མེད་པས་ཐ་དད་པའི་བདེན་པ་མེད་པར་བློ་འབྱོངས་ཏེ་འཕགས་པའི་ཡེ་ཤེས་ཐོབ་པ་ན་ཞིང་ཁམས་ལ་སོགས་པ་སྣང་བར་གྱུར་ཀྱང་བདེན་ཞེན་མེད་པས་ཡང་དག་ཀུན་རྫོབ་ཅེས་བྱའོ། །བློ་བདེན་ཞེན་དང་བཅས་པའི་སེམས་རྟོག་དང་སྣང་བ་ཐམས་ཅད་ལོག་པའི་ཀུན་རྫོབ། བདེན་ཞེན་མེད་པའི་འཆར་སྒོ་དང་སྣང་བ་ཐམས་ཅད་ཡང་དག་ཀུན་རྫོབ་ཅེས་འདོད་དོ། །དོན་དམ་པ་ཡང༌། སེམས་ཉིད་རང་བཞིན་མེད་པའི་གནས་ལུགས་དང༌། ཆོས་ཐམས་ཅད་བདེན་ཞེན་མེད་པ་ཆུ་ཟླའི་རང་བཞིན་ཁོང་དུ་ཆུད་ནས། འཁྲུལ་པའི་སྣང་བ་གཞི་མེད་དུ་སྣང་བ་ཙམ་ལས་རང་བཞིན་མེད་པའི་ངོ་བོར་ཤེས་ཏེ། ཡོད་པ་དང་མེད་པ་ལ་སོགས་པའི་བློ་རྟོག་དབྱིངས་སུ་གྲོལ་བ་ན་དོན་དམ་པའི་གནས་ལུགས་རྟོགས་པ་ཞེས་བྱའོ། །གཤིས་དེ་ལྟར་གནས་པའི་དོན་དམ་དེ་ཉིད་རྟོགས་པས་དོན་དམ་རྟོགས་པའི་བློ་ཞེས་བྱའོ། །སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་སོ་སོ་རང་གིས་རིག་པའི་ཡེ་ཤེས་ལ་དོན་དམ། དེ་རྟོགས་པས་དོན་དམ་བདེན་པ་རྟོགས་པར་བཞེད་དོ། །དེའང་བདེན་པ་གཉིས་རྭ་ལྟར་ཐ་དད་མེད་དེ། ཀུན་རྫོབ་ཀྱི་གནས་ལུགས་ཆུའི་ཟླ་བ་ལྟར་མཐོང་དུས་ཟླ་གཟུགས་སྣང་བའི་ཆ་ནས་ཀུན་རྫོབ། ཟླ་བ་བདེན་པར་མེད་


LT08,P130A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ནས་དོན་དམ། དེ་གཉིས་རྫིང་བུའི་ཆུ་དེར་མེད་ལ་སྣང་བར་ངོ་བོ་གཅིག་པ་བཞིན་དུ་བདེན་པ་དབྱེར་མེད་དོན་དམ་ཟུང་འཇུག །དེ་ལྟར་མ་རྟོགས་པའི་བློ་དེ་ལ་བདེན་པ་གཉིས་རྟོགས་པ་ཞེས་བྱའོ། །ཞེས་སོགས་གསུངས་སོ། །ཀུན་བརྟགས་གཞན་དབང་ཀུན་རྫོབ་དོན་དམ་ནི། །ཡོངས་གྲུབ་རང་རིག་ཡེ་ཤེས་གཞན་སྟོང་ལུགས། །ཀུན་བརྟགས་དང་གཞན་དབང་ནི་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་ནི་ཡོངས་གྲུབ་རང་རིག་ཡེ་ཤེས་ལ་བྱེད་པ་དབུ་མ་གཞན་སྟོང་སྨྲ་བ་རྣམས་ཀྱི་ལུགས་ཏེ། དེའང་ཀུན་མཁྱེན་དོལ་པོ་པ་ནི་ཀུན་བརྟགས་ཀུན་རྫོབ་ཏུའང་མི་བདེན་པ་རྨི་ལམ་དང་མཚུངས་ཤིང་གཞན་དབང་ཐ་སྙད་ཙམ་དུ་བདེན་པ་དང༌། ཡོངས་གྲུབ་རྟག་བརྟན་བདེན་གྲུབ་ཏུ་བཞེད། གསེར་མདོག་པཎ་ཆེན་ནི་སྔ་མ་གཉིས་སེམས་ཙམ་པའི་སྐབས་སུ་སྨོས་པ་དང་མཚུངས་ཤིང༌། ཕྱི་མ་དོལ་པོ་དང་དོན་མཚུངས་སོ། །རྒྱལ་བའི་དབང་པོ་རང་བྱུང་ཞབས་ཀྱི་བཞེད་པ་འཆད་པར་འགྱུར་ལ། ཇོ་ནང་རྗེ་བཙུན་ཆེན་པོས། དངོས་པོ་དངོས་མེད་གཟུང་འཛིན་སོགས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དོན་དམ་པའི་དབྱིངས་གཉིས་སྟོང་གི་ཡེ་ཤེས་རང་རིག་པ་ནི་དོན་དམ་དུ་འཇོག་པས། དོན་དམ་སྤྲོས་པ་དང་བྲལ་ཙམ་ལ་མི་འཇོག་པར་གཟུང་འཛིན་གཉིས་ཀྱི་སྤྲོས་པས་དབེན་པའི་རིག་པ་ལ་འཇོག །དེས་ན་མཚན་ཉིད་གསུམ་ལས། གཞན་དབང་ནི་འཁྲུལ་སྣང་ཅན་གྱི་ཤེས་པ་ཡིན་ལ། ཀུན་བརྟགས་དེ་ལ་སྣང་བའི་འཁྲུལ་པ་ཡིན་ཞིང༌། ཡོངས་གྲུབ་ནི་ཤེས་པ་དེ་གཟུང་འཛིན་གཉིས་ཀྱི་འཁྲུལ་པས་སྟོང་ཞིང་རང་རིག་གི་ངོ་བོས་མི་སྟོང་པ་འདི་ཡིན་པས། ཀུན་བརྟགས་བརྡ་དང་ཐ་སྙད་ཀྱིས་བཞག་པ་ཙམ་མ་གཏོགས་གཏན་ནས་མེད་པ་དང༌། གཞན་དབང་ཀུན་རྫོབ་ཏུ་ཡོད་ལ་དོན་དམ་དུ་མེད་པ་དང༌། ཡོངས་གྲུབ་དོན་དམ་དུ་ཡོད་པའོ། །


LT08,P130B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་སྟེ་དོལ་པོ་པའི་དགོངས་པའི་ཕྱོགས་སུ་བསླན་པའོ། །སྔགས་སུ་ཁྱད་ཆོས་ལྷག་པོ་དག་གིས་བརྒྱན། ཁྱད་པར་ཀུན་རྫོབ་གཟུང་འཛིན་སྣང་བ་སྟེ། །བདེན་པ་མེད་སྣང་ཆུ་ཟླ་ལྟ་བུར་བརྗོད། །དོན་དམ་ངོ་བོ་སྟོང་ཉིད་བཅོ་བརྒྱད་དེ། །དེ་ཡི་བདེན་པ་གཉིས་མེད་ཡེ་ཤེས་སོ། །སྔགས་སུ་བདེན་པ་གཉིས་ཀྱི་བཞེད་ཚུལ་དབུ་མའི་ལྟ་བ་སོ་སོའི་སྟེང་དུ་ཁྱད་ཆོས་ལྷག་པོ་ཡུལ་ཡུལ་ཅན་དཀྱིལ་འཁོར་འཁོར་ལོ་དང་བདེ་བ་ཆེན་པོར་ལྟ་བ་དག་གིས་བརྒྱན་པར་བཤད་ལ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས། ཟབ་གསལ་གཉིས་མེད་ཀྱི་ལྟ་བ་ཞེས་བྱ་བར་གསུངས་ཏེ། དེའང་ཀུན་རྫོབ་འཁོར་བ་ནི་ཐག་ཁྲ་ལ་སྦྲུལ་དུ་སྣང་བ་ལྟར་མེད་སྣང་གློ་བུར་བ། །དོན་དམ་སེམས་ཟབ་གསལ་གཉིས་སུ་མེད་པ་ནི་ཐག་པ་དངོས་དང་འདྲ་བ། འཁྲུལ་པ་ཅན་ལ་འཁོར་བ་ནི་གློ་བུར་བའི་ཤེས་པས་ཐག་ཁྲར་སྦྲུལ་འཛིན་དང་འདྲ་བ། མྱང་འདས་མངོན་དུ་བྱས་པ་ནི་གློ་བུར་གྱི་ཤེས་པ་སངས་པས་སྦྲུལ་འཛིན་ལོག་ནས་ཐག་པའི་རང་བཞིན་མཐོང་བ། འཁོར་བའི་སེམས་རང་བཞིན་གྱིས་མྱ་ངན་ལས་འདས་པ་ནི་ཐག་པ་རང་བཞིན་གྱིས་སྦྲུལ་མིན་པར་རང་གི་ཆོས་སུ་གནས་པ་ལྟ་བུ་སྟེ། འཁོར་བ་རང་བཞིན་མེད་པ་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་ནི་འཁོར་བའི་རང་བཞིན་ཟབ་པ་དང་འཁོར་བར་སྣང་བ་ཙམ་གྱི་གསལ་ལ་མ་འགག་པ་དེའི་རང་བཞིན་ཀྱང་རྟེན་བརྟེན་པའི་དཀྱིལ་འཁོར་ཡིན་པ་དང༌། གསལ་བར་སྣང་མཁན་གྱི་ཤེས་པ་ཡང་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའི་རང་བཞིན་ཡིན་ལ། གསལ་བའི་རང་བཞིན་སྤྲུལ་སྐུ། བདེ་བའི་རང་བཞིན་ལོངས་སྐུ་སྟེ། དེ་དག་ནི་གསལ་བ་ཡིན་ལ་དེ་གཉིས་ཀྱང་མེ་ལོང་དང་མེ་ལོང་གི་གསལ་བ་ལྟར་ཟུང་འཇུག་ཏུ་གནས་པར་བཞེད་དོ། །ཁྱད་པར་ཀུན་མཁྱེན་རང་བྱུང་ཞབས་ནི། ཀུན་རྫོབ་ནི་གཟུང་འཛིན་གྱི་


LT08,P131A
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་སྟེ་དོན་ལ་མེད་བཞིན་དུ་རྟོག་པས་ཀུན་ཏུ་བརྟགས་པ་སྣོད་བཅུད་ལ་སོགས་པའི་སྣང་བ་དང་བདེན་པ་ནི་སྣང་ཡང་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུར་གསུངས་པས་བློ་འཁྲུལ་པའི་ངོར་བདེན་པ་ཙམ་ཡིན་ལ། དོན་དམ་པ་ནི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་བཅོ་བརྒྱད་ཀྱི་རྣམ་པར་བཤད་པའི་རང་བཞིན་སྟོང་པ་ཉིད་དང་བདེན་པ་ནི་གཟུང་འཛིན་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ལ་བརྗོད་དེ། དོན་དམ་དུའང་ཡོད་པའོ། །ཞེས་བཞེད་དེ། དེའང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་ནི་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ་ཀུན་རྫོབ་ནི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དེའི་མཐའ་ནི་གནས་པའོ། །ཞེས་གསུངས་པའི་དོན་ཏོ། །ལྔ་པ་ཤེས་པའི་དགོས་པ་ནི། འདི་ཤེས་ཐུབ་པའི་བཀའ་ལ་མི་རྨོངས་ཤིང༌། །ཐབས་སུ་གྱུར་པ་བླང་དོར་ཉམས་ལེན་དང༌། །ཐབས་བྱུང་དོན་མཐོང་འཁོར་བའི་ཕ་རོལ་འགྲོ། །དེ་ལྟར་བདེན་པ་གཉིས་ཀྱི་གནས་ལུགས་མ་ཤེས་ན་ཟབ་མོའི་དེ་ཁོ་ན་ཉིད་མི་ཤེས་ལ། འདི་དག་ཤེས་པས་སྟོན་པ་ཐུབ་པའི་དབང་པོས་གསུངས་པའི་བཀའི་དོན་ཕྱིན་ཅི་མ་ལོག་པའི་གནས་ལ་མི་རྨོངས་ཤིང༌། ཀུན་རྫོབ་བདེན་པ་ལ་མཁས་པས་ཐབས་བླང་དོར་གྱི་གནས་མཐའ་དག་རིག་ནས་ཉམས་སུ་ལེན་པ་དང༌། དོན་དམ་བདེན་པ་རྟོགས་པས་ཐབས་བྱུང་ཐེག་པ་གསུམ་གྱི་མྱང་འདས་རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་མཐའ་དག་རིག་ཅིང་འཁོར་བའི་ཕ་རོལ་མི་གནས་པའི་མྱང་འདས་ཆེན་པོའི་ས་ལ་འགྲོ་སྟེ། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་


LT08,P131B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ༌། །གསུམ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དཔྱད་པ་ལ་གསུམ། གཤིས་ཀྱི་རྟེན་འབྲེལ། འཁོར་བའི་རྟེན་འབྲེལ། མྱང་འདས་ཀྱི་རྟེན་འབྲེལ་ལོ། །དང་པོ་ནི། དེ་དག་རང་བཞིན་རྣམ་པར་དག་པ་ནི། །གཤིས་ལུགས་རྟེན་ཅིང་འབྲེལ་འབྱུང་མཐའ་དང་བྲལ། །ཀུན་རྫོབ་དང་དོན་དམ་མམ་འཁོར་བ་དང་མྱང་འདས་དེ་དག་གི་རང་བཞིན་རྣམ་པར་དག་པ་ནི་གཤིས་ལུགས་སམ་གཞིའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཅིང་དེའང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཉིད་དམ་དེའི་རང་བཞིན་ནི་གང་ནས་ཀྱང་མ་འོངས། གང་དུའང་མ་སོང༌། གང་ནའང་མི་གནས་པ། ཆོས་ཅན་ལ་ཆོས་ཉིད་བརྟེན་པས་ཆོས་ཅན་ཡང་སྐྱེ་འགག་ལྟར་སྣང་དུས་ཉིད་ནས་སྐྱེ་འགག་གནས་གསུམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་དབུ་མའི་རང་བཞིན་དུ་གསུངས་པ་ནི། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །འོད་གསལ་ཡེ་ཤེས་རྟེན་འབྲེལ་གྱི་ཡུལ་ལས་འདས་པ་དང་མི་འགལ་ཏེ། ཀུན་རྫོབ་ཐ་སྙད་ཀྱི་ཡུལ་ལས་འདས་ཀྱང་དོན་དམ་ཉིད་དེའི་རང་བཞིན་དུ་སྣང་བའི་ཕྱིར་དང༌། སྔ་མ་ངེས་དོན་དང༌། ཕྱི་མ་ཐ་སྙད་ལ་ལྟོས་པའི་རྣམ་གཞག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཕྱི་ནང་ལྟོས་བྱུང་འཁོར་བའི་རྟེན་འབྲེལ་ཏེ། །ཕྱི་དང་ནང་གི་རྒྱུ་དང་རྐྱེན་ལ་ལྟོས་ཤིང་འབྲེལ་ཏེ་ལུགས་འབྱུང་དུ་ཤར་བ་ནི་འཁོར་བའི་རྟེན་འབྲེལ་ཞེས་བྱ་སྟེ། དེའི་དོན་ཅུང་ཟད་བཤད་ན་གཉིས། རྒྱུ་དང་འབྲེལ་བ་དང་རྐྱེན་དང་འབྲེལ་བའོ། །དང་པོ་ལ་ཕྱི་ནང་གཉིས་ལས། ཕྱིའི་རྟེན་འབྲེལ་རྒྱ་དང་འབྲེལ་བ་ནི་ས་བོན་ལས་མྱུ་གུ་དང་འབྲས་བུའི་བར་དུ་མེད་ན་མི་འབྱུང་དུ་གནས་ལ་བདག་གིས་འདི་བསྐྱེད་དོ་ཞེའམ་བདག་འདིས་བསྐྱེད་དོ་སྙམ་དུ་མི་སེམས་ཀྱང་རྒྱུ་དེ་དག་ཡོད་ན་འབྲས་བུ་དེ་དག་འབྱུང་བའོ། །


LT08,P132A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཕྱིའི་རྟེན་འབྲེལ་རྐྱེན་དང་འབྲེལ་བ་ནི། ས་ཁམས་ཀྱིས་ས་བོན་བརྟེན། ཆུས་བརླན། མེས་སྨིན། རླུང་གིས་ཁ་འབུས། ནམ་མཁས་མི་སྒྲིབ། དུས་ཀྱིས་ས་བོན་འགྱུར་བའི་བྱ་བ་བྱེད་དེ་དེ་ལྟར་ཁམས་དྲུག་དང་ས་བོན་ཡང་ཕན་ཚུན་སེམས་པ་མེད་ཀྱང་མེད་ན་མི་འབྱུང་གི་འབྲེལ་བར་གནས་ལ་དེ་ཐམས་ཅད་ཀྱང་བདག་གམ་གཞན་ནམ་དབང་ཕྱུག་གམ་དུས་ཀྱིས་མ་བྱས། རང་བཞིན་གྱིས་མ་བྱུང༌། རྒྱུ་མེད་ཀྱང་མིན་ཏེ་ཁམས་རྣམས་འདུས་པས་ས་བོན་འགག་པ་ན་མྱུ་གུ་འགྲུབ་བོ། །ཕྱིའི་རྟེན་འབྲེལ་དེ་ཡང་རྟག་པ་མིན་ཏེ་ས་མྱུག་གཅིག་པ་ཡང་མ་ཡིན་ས་བོན་འགགས་པ་དང་མ་འགག་པ་ལས་ཀྱང་མྱུ་གུ་མི་སྐྱེ་ས་བོན་འགགས་པ་དང་མྱུ་གུ་འབྱུང་བ་དུས་མཉམ་པའི་ཕྱིར་རོ། །ཆད་པ་མིན་ཏེ་ས་བོན་འགགས་པ་དང་མྱུ་གུ་འབྱུང་བ་ནི་སྲང་མདའི་མཐོ་དམན་ལྟ་བུར་སྐྱེ་བས་སོ། །འཕོ་བའང་མིན་ཏེ་ས་བོན་ཀྱང་གཞན་ལ་མྱུ་གུ་ཡང་གཞན་ཡིན་པའི་ཕྱིར་རོ། །རྒྱུ་ཆུང་ངུས་འབྲས་བུ་ཆེན་པོ་ཡང་འགྲུབ་སྟེ་ནྱ་གྲོ་དྷའི་ས་བོན་དང་སྡོང་པོ་ལྟ་བུའོ། །དེ་དང་འདྲ་བའི་རྒྱུད་དུ་འབྱུང་སྟེ་རྒྱུ་འབྲས་འཚོལ་མི་སྲིད་པས་སོ། །ནང་གི་རྟེན་འབྲེལ་ལ་ཡང་གཉིས་ལས། དང་པོ་ནང་གི་རྟེན་འབྲེལ་རྒྱུ་དང་འབྲེལ་བ་ནི། མ་རིག་པ་ནས་རྒ་ཤིའི་བར་ཏེ་བྱེད་པ་པོ་མེད་ལ་ཕན་ཚུན་སེམས་པ་མེད་ཀྱང་རྒྱུ་དེ་ཡོད་ན་འབྲས་བུ་དེ་འབྱུང་ངོ༌། །ནང་གི་རྟེན་འབྲེལ་རྐྱེན་དང་འབྲེལ་བ་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་འདུས་པས་སས་ལུས་ཀྱི་སྲ་བ་ནས་ནམ་མཁས་སྦུབས་ཀྱི་བར་བྱེད་ལ་མདུང་ཁྱིམ་ཀྱི་ཚུལ་དུ་མིང་གཟུགས་ཀྱི་མྱུ་གུ་འགྲུབ་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་དྲུག་འདུས་པ་ནི་རྣམ་ཤེས་ཏེ་དེ་ཐམས་ཅད་འདུས་པ་ལས་ལུས་གྲུབ་ཀྱང་བྱེད་པ་པོ་དང་ཕན་ཚུན་སེམས་པ་མེད་ལ་མེད་ན་མི་འབྱུང་གི་རང་བཞིན་དུ་གནས་སོ། །དེ་ལ་སའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་རེ་རེ་ནས་ཀྱང་བདག་མ་ཡིན།


LT08,P132B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་མ་ཡིན། བུད་མེད་དང་སྐྱེས་པ་དང་མ་ནིང་མ་ཡིན། བདག་གི་མ་ཡིན། གཞན་སུའི་ཡང་མ་ཡིན་ནོ། །དེ་ལ་ཁམས་དྲུག་པོ་དེ་དག་ཉིད་ལ་གཅིག་པུ་དང་རིལ་པོ་དང་རྟག་བརྟན་ཐེར་ཟུག་དང་བདེ་བ་དང་བདག་དང་སེམས་ཅན་ནས་ཤེད་བུའི་བར་དང་ངའི་བར་དུ་འདུ་ཤེས་པ་སྟེ་འདི་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་པ་འདི་ལ་མ་རིག་པ་ཞེས་བྱ་སྟེ་མུན་པ་ཆེན་པོའི་ཕྱིར་དང་དེ་ཁོ་ན་མི་ཤེས་ཤིང་ལོག་པར་རྟོག་པའི་ཕྱིར་རོ། །དེས་རྒྱུ་བྱས་ནས་ཡུལ་ལ་ཆགས་སྡང་རྨོངས་གསུམ་བྱུང་བ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་སྟེ་མངོན་པར་འདུ་བྱེད་པས་སོ། །དེ་ལ་ཡང་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་སར་ཉེ་བར་འགྲོ་བའི་རྣམ་ཤེས་སོ་སོར་བསྐྱེད་པའི་ཕྱིར་འདུ་བྱེད་གསུམ་ཡོད་དོ། །དེས་དངོས་པོ་སོ་སོར་རྣམ་པར་རིག་པའི་རྣམ་ཤེས་བསྐྱེད་དེ་འདི་ལ་ནི་ཚོགས་དྲུག་གོ །དེ་དང་ལྷན་ཅིག་བྱུང་བ་གཟུགས་ཚོར་འདུ་ཤེས་འདུ་བྱེད་དེ་ཉེར་ལེན་གྱི་ཕུང་པོ་བཞི་པོ་འདི་ལ་འདི་ནི་འདིའོ་ཞེས་འཛིན་པས་མིང་དང༌། འདིའི་རྣམ་པ་ནི་འདིའོ་ཞེས་དབྱིབས་སུ་འཛིན་པའི་ཕྱིར་གཟུགས་ཏེ་དེ་གཉིས་སྒྲ་གཅིག་གིས་བསྡུས་ནས་མིང་གཟུགས་ཞེས་བྱ་སྟེ་དབང་པོ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །དེ་ལ་རྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་སྟེ་སྐྱེ་བའི་སྒོ་ཡིན་པའི་ཕྱིར་རམ་སྐྱེ་ཞིང་མཆེད་པའི་ཕྱིར་རོ། །ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ནི་རེག་པ་སྟེ་རེག་པའི་ཕྱིར་རོ། །དེ་མྱོང་བ་ནི་ཚོར་བ་སྟེ་ཚོར་བའི་ཕྱིར་རོ། །དེ་ལ་ལྷག་པར་ཞེན་པ་ནི་སྲེད་པ་སྟེ་བརྐམ་ཞིང་ཞེན་པའི་ཕྱིར་རོ། །དེ་འཕེལ་བ་ནི་ལེན་པ་སྟེ་ཚོར་བ་དེ་ཡི་རྒྱུ་ལེན་པའི་ཕྱིར་རོ། །དེ་བླང་བ་ནི་སྲིད་པ་སྟེ་དེས་ཡང་སྲིད་མངོན་པར་སྐྱེ་བའི་ཕྱིར་རོ། །དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བ་སྟེ་སྐྱེ་གནས་གང་ཡང་རུང་བ་ལས་སྐྱེ་བའི་ཕྱིར་རོ། །སྐྱེས་ནས་ཕུང་པོ་


LT08,P133A
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པའི་རྒ་བ་དང་འཇིག་པས་འཆི་བ་སྟེ་དེ་གཉིས་རྒ་ཤི་ཞེས་གཅིག་དུ་སྡོམ་མོ། །དེ་ལས་ཆགས་པས་ནང་གི་གདུང་བ་བསྐྱེད་པའི་ཕྱིར་མྱ་ངན་དང༌། དེ་ལས་བྱུང་བའི་ཚིག་སྨྲེ་སྔགས། མི་བདེ་བ་མྱོང་བ་སྡུག་བསྔལ། ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བ་ལ་སོགས་པ་སྟེ་ཉེ་ཉོན་རྣམས་ཀུན་ཏུ་འཁྲུགས་པར་འགྱུར་རོ། །ཡན་ལག་བཅུ་གཉིས་པོ་འདི་ཡང་བདག་དང་གང་ཟག་ནས་བདག་གི་བའི་བར་མ་ཡིན་ལ། གཞན་གྱི་མ་ཡིན། རྟག་མི་རྟག་དང་འདུས་བྱས་མ་བྱས་མ་ཡིན། རྒྱུ་རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པ་དང་འཇིག་པ་དང་འགོག་པའི་ཆོས་མ་ཡིན་ཏེ་རྒྱུ་རྐྱེན་གཞན་དང་གཞན་ལས་བྱུང་བ་ཐོག་མ་མེད་པའི་དུས་ནས་ཞུགས་པ། རྒྱུན་མ་ཆད་པར་ཆུ་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་པའོ། །ཡན་ལག་བཅུ་གཉིས་པོ་འདི་ཡང་བཞིས་སྡུད་དེ་ཞིང་ས་ལྟ་བུའི་ཕྱིར་ལས། ས་བོན་འདེབས་པ་པོ་ལྟ་བུའི་ཕྱིར་མ་རིག་པ། ཆུ་ལྟར་རླན་པའི་ཕྱིར་སྲིད་པ། །ས་བོན་ལྟ་བུའི་ཕྱིར་རྣམ་ཤེས་སོ། །རྐྱེན་དེ་དག་ལས་ས་བོན་རྣམ་ཤེས་འགྲུབ་པ་ཡང་བྱེད་པ་པོ་མེད་ལ་ཕན་ཚུན་སེམས་པ་མེད་པ་བདག་ནས་བདག་གི་བའི་བར་མ་ཡིན་པའོ། །འོན་ཀྱང་ས་བོན་རྣམ་ཤེས་དེ་ལས་ཀྱི་ཞིང་ལ་བརྟེན། སྲེད་པའི་ཆུས་བརླན། མ་རིག་པའི་སྐྱེས་བུས་བཏབ་ན་མངལ་དུ་ཉིང་མཚམས་སྦྱོར་ཏེ་སུས་ཀྱང་མ་བྱས། རྒྱུ་མེད་དུ་མ་སྐྱེས། གང་ལས་ཀྱང་མ་བྱུང་མོད་ཀྱི་ཕ་མའི་ས་བོན་འཕྲད་ཅིང་དྲི་ཟ་འོངས་པ་སོགས་རྐྱེན་ཚོགས་པས་མངལ་དུ་མིང་གཟུགས་ཀྱི་མྱུ་གུ་མངོན་པར་གྲུབ་སྟེ་དེའང་བདག་དང་བདག་གི་བ་མ་ཡིན་པ། འཛིན་པ་མེད་པ། ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་ཅན་ནོ། །མིག་གི་རྣམ་ཤེས་ཀྱང་རྒྱུ་ལྔས་བསྐྱེད་དེ་མིག་གིས་ནི་རྟེན་བྱེད། གཟུགས་ཀྱིས་ནི་དམིགས་པ་སྣང་བས་ནི་གསལ་བའི་རྒྱུ། ནམ་མཁས་ནི་མི་སྒྲིབ་པ། དེ་སྐྱེད་


LT08,P133B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡིད་བྱེད་ཀྱིས་ནི་བསམ་པའི་བྱ་བ་བྱེད་དེ་རྐྱེན་དེ་དག་གིས་མིག་གི་རྣམ་ཤེས་སྐྱེད་ཀྱང་མིག་གི་རྣམ་ཤེས་དེ་ནི་བྱེད་པོ་མེད་པ་སེམས་པ་མེད་པ་སྒྱུ་མ་ལྟ་བུ་སྟེ་རྣམ་ཤེས་གཞན་ཡང་དེ་བཞིན་ནོ། །དེའི་ཕྱིར་ཆོས་གང་ཡང་འཇིག་རྟེན་ཕྱི་མར་མི་འཕོ་ལ་ཆོས་གང་ཡང་འཇིག་རྟེན་སྔ་མ་ལས་འོངས་པ་མེད་མོད་ཀྱི་འཁྲུལ་ངོའི་རྒྱུ་ཚོགས་ཚང་བ་ན་འཇིག་རྟེན་སྔ་མ་ལས་འཕོ་ཞིང་ཕྱི་མར་སྐྱེ་བར་ཡང་སྣང་སྟེ་ཆོས་འདི་ཐམས་ཅད་ནི་མེ་ལོང་ལ་བཞིན་མ་འཕོས་ཀྱང་སྣང་བ་དང༌། ཟླ་བ་དཔག་ཚད་བཞི་ཁྲི་ཉིས་སྟོང་གི་སྟེང་ནས་འགྲོ་བའི་གཟུགས་བརྙན་ས་གཞིར་ཆུ་སྣོད་དུ་འཆར་བ་དང༌། མེའི་རྒྱུ་རྐྱེན་ཚོགས་ན་འབར་བ་ལྟ་བུ་ཡིན་ནོ། །ནང་གི་རྟེན་འབྲེལ་དེ་ཡང་རྟག་པ་མ་ཡིན་ཏེ་ཐ་མའི་འཆི་བའི་ཕུང་པོ་ཡང་གཞན་ལ་སྐྱེ་བའི་ཕུང་པོ་ཡང་གཞན་ཡིན་པས་སོ། །ཆད་པ་མིན་ཏེ་ཐ་མའི་འཆི་ཕུང་འགགས་པ་དང་མ་འགགས་པ་ལས་སྐྱེ་བའི་ཕུང་པོ་མི་འབྱུང་གི་འོན་ཀྱང་འཆི་ཕུང་འགགས་པ་དང་སྐྱེ་ཕུང་འབྱུང་བ་ནི་སྲང་མདའི་མཐོ་དམན་ལྟར་འབྱུང་བའི་ཕྱིར་རོ། །འཕོ་བ་མ་ཡིན་ཏེ་རིས་མི་འདྲ་བའི་སྐྱེ་བ་ཡང་འགྲུབ་པའི་ཕྱིར་རོ། །ལས་ཆུང་ངུས་ཀྱང་འབྲས་བུ་ཆེན་པོ་བསྐྱེད་དེ་ཀུན་ནས་མནར་སེམས་སྐད་ཅིག་མ་གཅིག་གིས་དམྱལ་བར་འཕེན་ཞིང་བྱམས་པའི་སེམས་ཡུད་ཙམ་གྱིས་ཀྱང་ཚངས་པའི་རྒྱལ་པོར་འཕེན་པའི་ཕྱིར་རོ། །འདྲ་བའི་རྒྱུད་དུ་འགྱུར་ཏེ་ལས་བྱས་པ་བཞིན་འབྲས་བུ་མྱོང་བའི་ཕྱིར་རོ། །དེ་དག་གི་ཚུལ་ཡང༌། ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོ་ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་བྱུང་བ་དེ་བཞིན་དུ། ཐག་པས་སྣམ་བུ་དང༌། རྩི་རྐྱང་ལས་རེ་ལྡེ་དང༌། ས་བོན་ལས་མྱུ་གུ་དང༌། སྲུབ་མ་ལ་སོགས་པ་མིའི་ནན་ཏན་དང་ཞོ་ལས་མར་འབྱུང་བ་འདི་ནི། བློ་གྲོས་ཆེན་པོ། ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྔ་མ་ལས་ཕྱི་མར་འབྱུང་བའོ། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་


LT08,P134A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་ལས་ཆོས་འདི་དག་ལ་སོགས་པ་ནི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་སོ། །མདོར་ན་དང་པོ་སོ་སོ་རང་གི་རིག་པའི་ཡེ་ཤེས་ངོ་མ་ཤེས་པ་ནི་མ་རིག་པ་ཆེན་པོ་སྟེ། དེ་ལས་སྲིད་པར་འདུ་བྱེད་ཅིང་རྣམ་པར་ཤེས་པ་ནས་རྒ་ཤི་ལ་ཐུག་པར་གཅིག་ལ་གཅིག་བརྟེན་ཅིང་བར་མ་ཆད་པ་འབྲེལ་བ་ཅན་དུ་འབྱུང་བ་ནི། བཤེས་སྤྲིང་ལས། མ་རིག་པ་ལས་འདུ་བྱེད་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་འབྱུང༌། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་དག་ལས། །རེག་པ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པས་ལེན་པ་བསྐྱེད་པར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང༌། །འདོད་པས་ཕོངས་དང་འཆི་དང་འཇིགས་སོགས་ཀྱི། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །ཞེས་གསུངས་པ་ལྟར་རོ། །རྟེན་འབྲེལ་དེ་དག་ཀྱང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་བའི་ཆ་ནས་རྒྱུ་ལས་འབྱུང་བ་ཞེས་བྱ་བ་དང༌། ནང་གི་ས་ཆུ་མེ་རླུང་ནམ་མཁའ་རྣམ་པར་ཤེས་པ་སྟེ་ཁམས་དྲུག་འདུས་པའི་ཆ་ལས་བསྐྱེད་པས་ན་རྐྱེན་ལས་བྱུང་བ་ཞེས་བྱ་སྟེ། དེའང་ཚེ་གཅིག་དང་གཉིས་དང་གསུམ་སྟེ་རྒྱུན་ཆགས་དང༌། སྐད་ཅིག་ལ་རྫོགས་ཚུལ་སོགས་ཐེག་པ་ཆེ་ཆུང་གི་བཞེད་ཚུལ་སོ་སོར་གོང་དུ་ཕྱོགས་ཙམ་སྨོས་པ་ཡིན་ནོ། །དེ་དག་ནི་ལུགས་འབྱུང་འཁོར་བའི་རྟེན་འབྲེལ་ཞེས་བྱའོ། །གསུམ་པ་ནི། ལུགས་ལྡོག་མྱང་འདས་རྟེན་འབྲེལ་སུས་མཐོང་བ། །སངས་རྒྱས་གསུང་གི་གནད་ལ་རེག་པའི་ཕྱིར། །ནན་ཏན་བསམ་པས་དེ་དོན་རྟོགས་པར་བྱ། །ལུགས་ལྡོག་མྱང་འདས་ཀྱི་རྟེན་འབྲེལ་ལ་ལམ་དང་འབྲས་བུ་གཉིས་ལས། དང་པོ་ལམ་ནི། འཁོར་


LT08,P134B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟེན་འབྲེལ་ལུགས་སུ་འཇུག་པ་བཅུ་གཉིས་པོའི་རྩ་བ་མ་རིག་པ་ཡིན་པས་དེ་རིག་པའི་ཡེ་ཤེས་ཀྱིས་ལྡོག་སྟེ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱི་རྒྱུན་གོམས་པར་བྱས་པས་དང་པོའི་རྩ་བ་མ་རིག་པ་ལྡོག་གོ །དེ་ལོག་པས། དེ་ལ་བརྟེན་པ་གཞན་རྣམས་རིམ་གྱིས་ལྡོག་སྟེ། སྲིད་པར་འཇུག་པའི་རྒྱུ་ཟད་པས་འཁོར་བའི་གནས་ལས་བརྒལ་བར་འགྱུར་ཏེ། བཤེས་སྤྲིང་ལས། སྐྱེ་བ་འགག་པས་འདི་ཀུན་འགག་པར་འགྱུར། །ཞེས་སོ། །དེའང་རྣལ་འབྱོར་པ་ཐར་པ་འདོད་པ་དག་གིས་འཁོར་བ་འགྲུབ་པའི་ལས་རྒྱུ་ནས་མ་བསགས་པས་འབྲས་བུ་ཕྱིས་འཁོར་བར་སྐྱེ་བ་མེད་དེ་འདུ་བྱེད་འགག་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །ཅེས་སོ། །འབྲས་བུ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་རྨི་ལམ་སྒྱུ་མ་ལྟ་བུའི་ཚུལ་དུ་འབྱུང་བ་ཉིད་དེ། དེ་ལྟར་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་སུ་ཞིག་གིས་མཐོང་བ་དེས་ནི། བདག་དང་གཞན་དང་ཡོད་མེད་དུ་མི་ལྟ་ཞིང་དུས་གསུམ་གྱི་མཐའ་ལ་མི་རྟོག་སྟེ། བདག་ཏུ་སྨྲ་བ་སོགས་དགེ་སྦྱོང་བྲམ་ཟེ་རྣམས་ཀྱི་ལྟ་བ་གཡོ་དང་བཅས་པ་ལ་མི་གཞོལ་བས་འཇིགས་ཚོགས་སུ་ལྟ་བ་དྲུངས་ནས་ཕྱུངས་ཏེ་མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་བ་དེས་ནི་སངས་རྒྱས་ཀྱི་གསུང་ཆོས་ཀྱི་ཕུང་པོ་མཐའ་དག་གི་གནད་ལ་རེག་པའི་ཕྱིར་བདེན་པའི་དོན་ཁོང་དུ་ཆུད་ནས་ཐམས་ཅད་གཟིགས་པའི་གོ་འཕང་ལ་རེག་པར་འགྱུར་ཏེ། རྩ་ཤེ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །མཐོང་བ་དེས་ནི་སྡུག་བསྔལ་དང༌། །ཀུན་འབྱུང་དང་ནི་འགོག་པ་དང༌། །ལམ་ཉིད་དེ་དག་མཐོང་བ་ཡིན། །ཞེས་གསུངས་སོ། །དེས་ན་བདེན་པ་གཉིས་དང་རྟེན་ཅིང་འབྲེལ་བར་


LT08,P135A
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་ཚུལ་རྣམས་ནན་ཏན་དུ་བསམས་ནས་ཐོས་པའི་ལམ་དུ་མ་བཞག་པར་དེ་དག་གི་དོན་ལེགས་པར་རྟོགས་པར་བྱ་དགོས་པས་འདིར་རྟེན་འབྲེལ་གྱི་དོན་སཱ་ལུ་ལྗང་པའི་མདོའི་དགོངས་པ་ལྟར་སླར་ཡང་ཅུང་ཟད་ཅིག་སྨོས་པའོ། །འཁོར་ལོ་གསུམ་གྱི་དྲང་ངེས་དང་བདེན་གཉིས་རྟེན་འབྲེལ་རྣམ་པར་ངེས་པའི་སྐབས་གཉིས་པའི་འགྲེལ་བའོ།། །།སྐབས་གསུམ་པ་ལྟ་བ་རྣམ་པར་ངེས་པ་ལ་བདུན། ལྟ་བ་རྣམ་དག་དགོས་པའི་རྒྱུ་མཚན། བདག་མེད་རྟོགས་པའི་ཤེས་རབ་སྐྱེད་ཚུལ། སྔོན་འགྲོ་ཕྱག་རྒྱ་རྣམ་བཞིའི་མདོ་ཆིངས། མཐའ་གཉིས་སྤངས་པའི་ལམ་དུ་གཞུག་པ། དངོས་གཞི་བདག་མེད་རྣམ་གཉིས་བཤད་པ། སྔགས་ཀྱི་ལྟ་བའི་ཁྱད་པར་དབྱེ་བ། སྐྱེ་མེད་ཟུང་འཇུག་གི་ལྟ་བར་མདོར་བསྡུ་བའོ། །དང་པོ་ནི། འཆི་བ་མེད་གནས་མྱང་འདས་དོན་གཉེར་ལ། །སྒྲིབ་རྩ་མ་རིག་སྤོང་གཉེན་ཤེས་རབ་ཉིད། །མེད་ན་མེ་འབྱུང་དེ་ཡིས་ལྟ་བ་དག །ཐབས་ཀྱིས་སྤྱོད་པ་དག་འགྱུར་རྣམ་དག་གི །ལྟ་སྤྱོད་ཟུང་དུ་འབྲེལ་བ་མྱུར་ཏུ་གྲོལ། །འཆི་བ་མེད་པའི་གནས་ཞི་བ་མྱ་ངན་ལས་འདས་པ་ནི་ཐར་པ་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བྱ་ཡིན་ལ། དེ་མངོན་དུ་བྱེད་པ་ནི། སྒྲིབ་པའི་ས་བོན་ནམ་རྩ་བ་སྤོང་བ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ཡིན་ལ། དེའང་རྨོངས་པ་མ་རིག་པ་སྤོང་པའི་གཉེན་པོ་ཤེས་རབ་མེད་ན་མི་འབྱུང་ལ། དེ་གང་ཞེ་ན་བདག་མེད་རྟོགས་པའི་ཤེས་རབ་བོ། །ཤེས་རབ་དེ་ཡིས་ལྟ་བ་རྣམ་པར་དག་ཅིང་ངེས་པའི་དོན་ལ་བློ་གྲོས་མཆོག་ཐོབ་པར་འགྱུར་ལ། དེ་མངོན་དུ་གྱུར་པ་ལའང་ཐབས་ཀྱི་ཆ་རྣམ་པ་ཐམས་ཅད་དུ་ཉམས་སུ་ལེན་དགོས་པར་རིག་ནས་ལེགས་པར་སྤྱད་པས་སྤྱོད་པ་རྣམ་པར་དག་ཅིང་དྲང་བའི་དོན་ལ་བློ་གྲོས་མཆོག་སྐྱེ་བར་འགྱུར་ཏེ། དེ་ལྟར་ལྟ་སྤྱོད་རྣམ་པར་དག་པ་ཡ་བྲལ་དུ་མ་སོང་བར་ཟུང་དུ་འབྲེལ་བས་མྱུར་ཏུ་རྣམ་པར་གྲོལ་བའི་བདེ་བ་


LT08,P135B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེག་པར་གསུངས་སོ། །ཁྱད་པར་རྒྱལ་བས་གསུངས་པའི་ཆོས་ཐམས་ཅད། །ཆོས་ཀྱི་དབྱིངས་ལ་གཞོལ་ཞིང་འབབས་པའི་ཕྱིར། ཐོག་མར་ལྟ་བ་གཏན་ལ་དབབ་པར་བྱ། །ལོག་ལྟའི་སྐྱོན་སེམས་དེ་ཚུལ་ཤེས་ནས་སྤང༌། །ཡང་དག་ལྟ་བའི་ངེས་དོན་བཙལ་ཏེ་བླང༌། །ལྟ་སྤྱོད་དེ་གཉིས་ལས་ཀྱང་ཁྱད་པར་དུ་གལ་ཆེ་བ་ནི། རྒྱལ་བས་གསུངས་པའི་དྲང་ངེས་ཆོས་ཀྱི་ཕུང་པོ་མཐའ་དག་ཆོས་ཀྱི་དབྱིངས་ལ་གཞོལ་ཞིང་འབབ་པ་ཁོ་ན་ཡིན་པས། དེ་ལ་རྗེས་སུ་མཐུན་པའི་ཡང་དག་པའི་ལྟ་བ་ཤེས་རབ་ཀྱི་མིག་གིས་བཙལ་བ་ཉིད། ཆོས་དབྱིངས་དེ་ཐོབ་པའི་དངོས་རྒྱུར་འགྱུར་བས་ཐོག་མར་ལྟ་བའི་གནས་ལུགས་གཏན་ལ་དབབ་པར་བྱ་དགོས་ཏེ། བཤེས་སྤྲིང་ལས། གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟང་ལྡན། །ཅེས་གསུངས་པ་ལྟར་ཡང་དག་པའི་ལྟ་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ལོག་པར་ལྟ་བ་ཆ་དང་བཅས་པ་ནི་སྐྱོན་དང་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་ལ་ལུང་དང་རིགས་པས་རྣམ་པར་བརྟགས་པའི་སེམས་ཀྱིས། ཐོག་མར་དེའི་ཚུལ་ཤེས་ཤིང་ངེས་པ་རྙེད་པར་བྱས་ལ་སྤང་དགོས་ཏེ། དེའང་ཕྱི་རོལ་རྟག་ཆད་དུ་སྨྲ་བ་དང་རང་སྡེ་དངོས་སྨྲ་བ་རྣམས་ཀྱང་མཐར་འཛིན་གྱི་སྐྱོན་དང་ལྡན་པའི་ཕྱིར་ཡང་དག་པའི་ལྟ་བ་ནི་དབུ་མའི་ལམ་མཆོག་ཁོ་ན་ཡིན་པས་ཤིང་རྟ་གཉིས་ཀྱི་གཞུང་ལུགས་དྲི་མ་མེད་པའི་ངེས་དོན་ཟབ་མོ་དེ་ཉིད། ཕྱོགས་སུ་མ་ལྷུང་བའི་བློ་གྲོས་དང༌། བསོད་ནམས་ཀྱི་ཚོགས་ཀྱིས་དགེ་བའི་དཔུང་བསྐྱེད་པ་དང༌། ཐོས་བསམ་སྒོམ་པ་གསུམ་གྱི་ཤེས་རབ་ཀྱིས་འབད་ནས་བཙལ་ཏེ་བླང་བར་བྱའོ། །གཉིས་པ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་ཚུལ་སྨོས་པ་ནི། མ་རིག་རྒྱུ་བྱས་འཇིག་ཚོགས་ལ་ལྟ་བ། །ཕྱིན་ཅི་ལོག་བཞིའི་རྩ་བ་བདག་འཛིན་གྱི། །གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད། །མ་རིག་པས་རྒྱུ་བྱས་ནས་འཇིག་


LT08,P136A
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་ལྟ་བ་ཉིད་འབྱུང་བ་ཡིན་ཏེ། ཕུང་པོ་ཚོགས་པ་ལ་ང་བདག་མེད་པར་ཡོངས་སུ་མ་ཤེས་པའི་སེམས་རྨོངས་པ་ལ་བརྟེན་ནས། དེ་ལ་ང་བདག་ཏུ་ཡོད་པར་འཁྲུལ་པའི་འཇིག་ལྟ་སྐྱེ་བ་ཡིན་ནོ། །དེ་ནི་རྣམ་པ་གསལ་བའི་འཛིན་སྟངས་ཅན་ཡིན་ལ། མ་རིག་པ་ནི་གང་ཡང་ཆ་མ་ཕྱེད་པའི་རྣམ་པ་མི་གསལ་བ་ཡིན་པས་དེ་གཉིས་རྣམ་པ་དང་འཛིན་སྟངས་འགལ་བའི་ཕྱིར་དེ་ལས་མ་རིག་པ་དངོས་སུ་མི་སྐྱེ་ཡང༌། འཇིག་ཚོགས་ལ་ལྟ་བ་བློ་ཕྱིན་ཅི་ལོག་གོམས་པའི་ས་བོན་གྱི་མཐུ་ལས་མ་རིག་པ་སྐྱེ་བ་ཡིན་པས་སོ། །དེའང་འཇིག་ཚོགས་ལ་ལྟ་བ་ལ་ཁམས་གསུམ་གྱིས་ཕྱེ་བའི་གསུམ་ཡོད་པ་ཡིན་ཞིང༌། འདོད་ཁམས་ཀྱི་སས་བསྡུས་པའི་འཇིག་ཚོགས་ལ་ལྟ་བ་ནི་མི་དགེ་བ་འབའ་ཞིག་ཡིན་ལ། ཁམས་གོང་མ་གཉིས་ཀྱི་སས་བསྡུས་པ་དེ་ནི་སྒྲིབ་ལུང་མ་བསྟན་པ་ཡིན་ནོ། །འཇིག་ལྟ་དེ་ནི་ཕྱིན་ཅི་ལོག་བཞིའི་རྩ་བ་བདག་ཏུ་འཛིན་པ་དང་དོན་གཅིག་ཡིན་ལ། དེ་བཞི་ནི། མི་གཙང་བ་ལ་གཙང་བར་འཛིན་པ་དང༌། སྡུག་བསྔལ་བ་ལ་བདེ་བར་འཛིན་པ་དང༌། མི་རྟག་པ་ལ་རྟག་པར་འཛིན་པ་དང༌། བདག་མེད་པ་ལ་བདག་ཏུ་འཛིན་པ་སྟེ། དེའི་དང་པོ་གསུམ་ནི་བདག་འཛིན་གྱི་གྲོགས་ཡིན་པས་ན། ཕྱིན་ཅི་ལོག་ཏུ་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཞི་དང་རྩ་བ་ལྟ་བུར་གྱུར་པ་ཉིད་དོ། །སྤྱིར་བདག་ཅེས་པའི་སྐད་དོད་་ཀ་ཞེས་ཡོད་ལ། དེ་སྒྲ་ཡངས་པའི་དབང་དུ་བྱས་ན། གང་ལ་ཡང་མ་ལྟོས་པར་ཚུགས་ཐུབ་ཏུ་གནས་པ་ཞིག་ལ་བདག་ཅེས་འཇོག་ཅིང༌། དེ་ལྟར་ན་ཆོས་བདག་གི་དབང་དུ་བྱས་པ་དང༌། སྒྲ་དོག་པར་ན་ཕུང་པོ་ལ་དམིགས་ནས་ང་བདག་ཏུ་འཛིན་པ་ལ་འཇུག་ཅིང༌། དེ་ལྟར་ན་གང་ཟག་གི་བདག་གི་དབང་དུ་བྱས་པའོ། །དེ་ལ་བདག་ཏུ་ལྟ་བ་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་ཡིན་ཞིང༌། དེ་ནི་འཇིག་ཅིང་མི་རྟག་པའི་རང་བཞིན་ཅན་ཕུང་པོའི་


LT08,P136B
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ལ་དམིགས་ནས་བདག་ཏུ་འཛིན་པ་ཉིད་ཡིན་ཏེ། འདི་མ་རིག་པ་དང་རྗེས་སུ་འབྲེལ་བ་ཉིད་ཡིན་ཏེ། གང་བདེན་པ་བཞི་ལ་རྨོངས་པའི་མ་རིག་པ་ཡོད་པ་དེ་སྲིད་དུ་འདི་ཡང་ཡོད་པ་ཡིན་ཞིང༌། དེ་སྤངས་པ་ན་འདི་ཡང་སྤངས་པ་ཡིན་ནོ། །དེའི་གཉེན་པོ་ནི་བདག་མེད་རྟོགས་པའི་ཤེས་རབ་ཉིད་ཡིན་ཏེ། མ་རིག་པ་དང་མཚུངས་ལྡན་གྱི་བདག་ལྟ་དང་རྣམ་པ་འགལ་བའི་མི་མཐུན་ཕྱོགས་སུ་གྱུར་པའི་ཕྱིར་རོ། །དེ་ལ་བདག་ལྟ་མ་རིག་པ་ས་བོན་དང་བཅས་པ་དྲུངས་ནས་མ་སྤངས་ན་ཁམས་གསུམ་ལས་རྣམ་པར་གྲོལ་བའི་ཐབས་མེད་ཅིང༌། བདག་མེད་རྟོགས་པའི་ཤེས་རབ་མེད་ན་བདག་ལྟ་སྤོང་མི་ནུས་པས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ལྟ་བ་རྣམ་པར་དག་པ་ལ་བསླབ་ཅིང་དྲི་མ་མེད་པའི་ཤེས་རབ་བསྐྱེད་པར་བྱའོ། །གསུམ་པ་སྔོན་འགྲོ་ཕྱག་རྒྱ་རྣམ་བཞིའི་མདོ་ཆིངས་བཤད་པ་ནི། འདུས་བྱས་ཆོས་རྣམས་སྐད་ཅིག་མི་རྟག་ཅིང༌། །ཟག་བཅས་ཐམས་ཅད་སྡུག་བསྔལ་གསུམ་རང་བཞིན། །ཀུན་ཉོན་རྣམ་བྱང་སྟོང་ཞིང་བདག་མེད་པ། །མྱང་འདས་འབའ་ཞིག་ཐར་པ་ཞི་བ་སྟེ། །བསྟན་པ་སྤྱི་ཡི་བཀའ་རྟགས་ཕྱག་རྒྱ་བཞི། །ལེགས་པར་བསམ་ནས་ཐོག་མར་ངེས་ཤེས་བསྐྱེད། །བདག་མེད་ཐོས་བསམ་གྱིས་གཏན་ལ་འབེབས་པར་བྱེད་པ་ལ། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ལ་ངེས་ཤེས་མ་སྐྱེས་ན། བདག་མེད་པའི་དོན་ལའང་མཐའ་རྒྱ་ལེགས་པར་ཆོད་པའི་ངེས་ཤེས་སྐྱེ་དཀའ་བར་གསུངས་པས་ཐོག་མར་དེ་དག་ལ་རྣམ་པར་དཔྱད་པར་བྱ་སྟེ། དེའང་ཕྱི་ནང་གིས་བསྡུས་པའི་འདུས་བྱས་ཀྱི་ཆོས་ཐམས་ཅད་དུས་ནམ་ཡང་རྟག་པའི་གོ་སྐབས་མེད་པའི་ཕྱིར་མི་རྟག་པ་ཡིན་པར་གྲུབ་ཅིང༌། མི་རྟག་པ་དེའང་རགས་པའི་མི་རྟག་པ་ཡོངས་སུ་འགྱུར་བ་ཙམ་མ་ཡིན་གྱི། སྐྱེ་བཞིན་པ་དེ་ཉིད་འགག་བཞིན་པའི་མཚན་ཉིད་ཅན་སྐད་ཅིག་ཀྱང་གནས་པའི་རང་དབང་མེད་པ་ཕྲ་བའི་མི་རྟག་པ་


LT08,P137A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། མར་མེ་སྐད་ཅིག་སྐད་ཅིག་གིས་སྣུམ་ཟད་པས་སྐད་ཅིག་མར་རྟོགས་པ་བཞིན་འདུས་བྱས་ཐམས་ཅད་དེ་དང་མཚུངས་པ་དང༌། ཞོན་པ་པོ་དང་བཞོན་པ་གཅིག་འགྲོ་ལ་ཅིག་ཤོས་མི་འགྲོ་བ་མི་སྲིད་པ་བཞིན་དུ་དབང་ཡུལ་རྣམས་ཀྱང་སྐད་ཅིག་མར་གྲུབ་སྟེ་ཤེས་པ་སྐད་ཅིག་མའི་རྟེན་ཡིན་པའི་ཕྱིར་རོ། །དེ་ལྟར་གྲུབ་པ་ན་སྡུག་བསྔལ་ཡང་རྟོགས་པ་ཡིན་ཏེ་གནས་པའི་རང་དབང་མེད་པར་སྐད་ཅིག་གིས་འཇིག་དགོས་པའི་ཕྱིར་རོ། །འདི་ནི་སྡུག་བསྔལ་ཕྲ་མོ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་འདུས་བྱས་རྣམས་སྐྱེས་ཙམ་ནས་སྡུག་བསྔལ་བའི་མཚན་ཉིད་ཅན་ནོ། །གང་སྡུག་བསྔལ་ཅན་དེ་ནི་བདེ་སྡུག་གི་བྱེད་པ་པོར་མི་རུང་སྟེ་རང་ཉིད་ལ་རང་དབང་མེད་པའི་ཕྱིར་རོ། །དེ་ལྟར་ན། ཆོས་གང་མི་རྟག་པ་ཡིན་ལ། དེ་ནི་བདག་དང་བྱེད་པ་པོ་ཡིན་པར་འགལ་བ་ཡིན་ནོ། །ཆོས་གང་ལ་དམིགས་ན་ཉོན་མོངས་ཉེ་བར་ལེན་པའི་རྒྱུར་གྱུར་པ་ཐམས་ཅད་ནི་ཟག་པ་དང་བཅས་པ་ཡིན་ཅིང་དེ་དག་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དེའང་སྡུག་བསྔལ་གྱི་སྡུག་བསྔལ་དུད་འགྲོ་ཚུན་ཆད་ཀྱིས་ཀྱང་སྡུག་བསྔལ་དུ་རྟོགས་པའི་ཕྱིར་རིགས་པས་སྒྲུབ་མི་དགོས་ལ། འགྱུར་བའི་སྡུག་བསྔལ་རྣམ་པར་དཔྱོད་པ་དང་ལྡན་པའི་སོ་སོའི་སྐྱེ་བོས་ཀྱང་སྡུག་བསྔལ་དངོས་སུ་རྟོགས་ནུས་པའི་ཕྱིར་དེའང་རིགས་པས་སྒྲུབ་མི་དགོས་ཤིང༌། སྡུག་བསྔལ་དུ་རིགས་པས་སྒྲུབ་དགོས་པ་ནི་བྱིས་པ་རྣམས་ཀྱིས་སྡུག་བསྔལ་ཡིན་པར་མི་ཤེས་པར་བདེ་བར་འཛིན་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །དེའང་འདུ་བྱེད་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང་འཇིག་པ་མི་རྟག་པའི་རང་བཞིན་ཅན་ཡིན་པས་གནས་པའི་གོ་སྐབས་ཅུང་ཟད་ཀྱང་མེད་པ་ཡིན་ལ། གནས་པའི་རང་དབང་མེད་པར་མི་འདོད་བཞིན་དུ་འཇིག་པའི་ཕྱིར་སྡུག་བསྔལ་ཉིད་དོ། །དེའང་ཞིག་པར་མི་འདོད་བཞིན་དུ་རང་དབང་


LT08,P137B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཞིག་ན་སྡུག་བསྔལ་ཡིན་པར་ལྟ་ཞོག །ཞིག་པར་འདོད་པ་དང་མི་འདོད་པ་གཉིས་ཀ་མ་ཡིན་པའི་བར་མ་གཅིག་ཞིག་ན་ཡང་སྡུག་བསྔལ་བ་ནི་ཡིན་ཏེ་འཇིག་པ་དེའང་རང་དབང་མེད་པར་ཞིག་པའི་ཕྱིར་རོ། །བདེན་བཞིའི་ནང་ནས་སྡུག་བསྔལ་དང་ཀུན་འབྱུང་གཞི་གཅིག་ལ་ལྟོས་ནས་ཀུན་འབྱུང་རྒྱུ་དང་སྡུག་བསྔལ་འབྲས་བུར་འཇོག་པ་ཡིན་ནོ། །དཔེར་ན་ཉོན་མོངས་པ་ཞེ་སྡང་གི་ཀུན་ནས་བླངས་ཏེ་སེམས་ཅན་གཞན་ཞིག་གི་སྲོག་གཅོད་པའི་ལས་བྱས་ན། རྒྱུ་ཀུན་འབྱུང་དེ་ལས་འབྲས་བུ་སྡུག་བསྔལ་བདེན་པས་དམྱལ་བའི་ཕུང་པོ་གྲུབ་པ་ལྟ་བུ་ཡིན་ཀྱང༌། སྤྱིར་ནི་སྡུག་ཀུན་གཉིས་པོ་ཕན་ཚུན་རྒྱུ་འབྲས་སུ་འགྲོ་བ་ཡོད་པས། རྣམ་པ་ཀུན་ཏུ་ཀུན་འབྱུང་རྒྱུ་དང༌། སྡུག་བསྔལ་འབྲས་བུར་མ་ངེས་སོ། །སྡུག་བསྔལ་ཐམས་ཅད་ཀྱང་མི་རྟག་པའི་མཐུ་ལས་བྱུང་བ་ཡིན་ཏེ། དངོས་པོ་རྣམས་རང་རང་གི་གནས་སྐབས་དེ་ལ་མི་གནས། དེ་ལས་གནས་གཞན་དུ་འགྱུར་ཞིང༌། མཐར་འཇིག་པར་འགྱུར་བས་སྡུག་བསྔལ་ཞིང་ཡིད་འབྱུང་བའི་གནས་ཏེ། དཔེར་ན། རྒྱུ་ས་བོན་ལ་ཆུ་ལུད་དྲོད་གཤེར་སོགས་ཀྱིས་ཡོངས་སུ་བསྐུལ་བས་ས་བོན་གྱི་གནས་སྐབས་དེ་ལ་མི་གནས་པར། དེའང་ཡོངས་སུ་ཞིག་སྟེ་མྱུ་གུའི་གནས་སྐབས་འཛིན་པ་དང༌། དེ་ལ་ཡང་མི་གནས་པར་དེ་ཡོངས་སུ་ཞིག་སྟེ་འབྲས་བུའི་གནས་སྐབས་ཡོངས་སུ་འཛིན་པ་དང༌། དེ་ལ་ཡང་རྟག་ཏུ་མི་གནས་པར་མཐར་འཇིག་པར་འགྱུར་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ་སྟེ། སྤྱིར་དངོས་པོ་ལ་བྱེད་པ་པོ་འདོད་པ་རྣམས་ནི་མི་མཐུན་པའི་རྒྱུ་ལ་རྒྱུར་འཛིན་པ་ཡིན་ཞིང༌། འདི་ནི་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཉོན་མོངས་དང་ཉེས་པ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་ལ། གཞན་རྒྱུ་མི་རྟག་པ་ལས་མྱུ་གུ་སྐྱེ་བར་འཛིན་པ་ལྟ་བུ། རྒྱུ་མ་ཡིན་པ་ལ་རྒྱུར་འཛིན་པ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་


LT08,P138A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱེད་པ་པོ་ཁས་ལེན་པ་ལྟ་བུ་ཉེས་པ་ཐམས་ཅད་སྐྱེ་བའི་སྒོར་གྱུར་པ་དེ་ལྟ་བུ་མ་ཡིན་ནོ། །དེའང་འཇིག་རྟེན་གྱི་བདེ་སྡུག་ཐམས་ཅད་ལས་དགེ་སྡིག་གི་མཐུ་ལས་འབྱུང་བ་དང༌། ལས་སྡིག་པ་བྱེད་པ་དང༌། དེ་ལས་འབྲས་བུ་སྡུག་བསྔལ་མྱོང་བ་དང༌། ལས་དགེ་བ་བྱེད་པ་དང༌། དེ་ལས་འབྲས་བུ་བདེ་བ་མྱོང་བ་ཡང་བྱེད་པ་པོས་སེམས་ཅན་རྣམས་ལ་སོ་སོར་ངོ་བོ་ཉིད་ནས་བྱས་པ་མ་ཡིན་པས། སྤྱིར་བཏང་ཙམ་དུ་ལས་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བ་ངེས་པར་ཡིན་ཀྱང༌། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་དང་བྱེད་པ་པོ་དབང་ཕྱུག་སོགས་ཕྱི་རོལ་པས་འདོད་པ་ལྟ་བུས་ནི་ནམ་ཡང་བྱས་པ་མེད་ལ། དེ་ལྟར་ཡོད་ན་ལས་མ་བྱས་པ་དང་ཕྲད་པ་དང༌། བྱས་པ་ཆུད་ཟ་བ་དང༌། ལས་འབྲས་སོ་སོར་མ་ངེས་པ་སོགས་རྒྱུ་འབྲས་ཀྱི་སྤང་བླང་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་བས། བླང་དོར་གྱི་གནས་ལ་ཆེས་ཤིན་ཏུ་གཡེལ་བར་འགྱུར་བའི་ལྟ་བ་ངན་པའི་སྒོ་མི་བཟད་པ་ཆེན་པོའོ། །དེས་ན་ཆོས་ཐམས་ཅད་ལ་བདག་གིས་སྟོང་ཞིང་བྱེད་པ་པོ་མེད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ལ་མ་འགགས་པར་རྟོགས་ན་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཟློག་པ་ཡིན་ནོ། །དེ་ལྟར་བདག་ཏུ་ལྟ་བ་སྤངས་པ་ན་འགོག་པ་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པར་འགྱུར་ཏེ། དེའང་མཐོ་རིས་ཀྱི་བདེ་བ་ལ་སོགས་པ་ནི་གནས་སྐབས་ཀྱི་བདེ་བ་ཉི་ཚེ་བ་བསླུ་བ་མི་བརྟན་ལ་སྙིང་པོ་མེད་པ་ཡིན་ལ། མྱང་འདས་འབའ་ཞིག་གཏན་ཏུ་བདེ་བའི་ཐར་པ། ཉོན་མོངས་ཀྱི་རླབས་ཀྱིས་མི་གཡོ་བའི་ཞི་བ་ཡིན་ལ། དབྱེ་ན་ཐེག་པ་གསུམ་གྱི་མྱང་འདས་དང༌། འགོག་བདེན་མཐར་ཐུག་པ་ལའང་རྒྱ་བོད་ཀྱི་བཞེད་པའི་ཁྱད་པར་མང་དུ་མཆིས་ཀྱང་སྙིང་པོ་ཙམ་འབྲས་བུའི་སྐབས་སུ་འཆད་པར་འགྱུར་རོ། །དེ་ལྟར་བསྟན་པ་སྤྱིའི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་པོ་


LT08,P138B
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི། དཔེར་ན་འབངས་རྣམས་རྒྱལ་པོ་དེའི་ལུགས་ཀྱི་བཀའ་རྟགས་འཆང་ཞིང་དེ་ལས་འདའ་བར་བགྱིད་མི་བཏུབ་པ་བཞིན་དུ་ཐུབ་པའི་དབང་པོའི་རྗེས་སུ་འཇུག་པ་རྣམས་ལྟ་བའི་རྒྱ་འདི་ལས་ནམ་ཡང་འདར་མི་རུང་བ་ཡིན་པས་ལེགས་པར་བསམས་ལ་ཐོག་མ་ཉིད་དུ་ངེས་པའི་ཤེས་པ་བསྐྱེད་པར་བྱའོ། །བཞི་པ་མཐའ་གཉིས་སྤངས་པའི་ལམ་དུ་གཞུག་པ་ལ་གཉིས། སྤྱིར་མཐའ་གཉིས་སྤང་བའི་ཚུལ། བྱེ་བྲག་དབུ་མའི་ལུགས་སྲོལ་བཤད་པའོ། །དང་པོ་ནི། དེ་ནས་མཐའ་གཉིས་སྤངས་པའི་ལམ་ཞུགས་ཏེ། །ཡུལ་ཅན་དོན་དམ་ཤེས་པའི་ཤེས་རབ་ཀྱིས། །ཤེས་བྱའི་ཡུལ་ལ་སྤྲོས་གཅོད་རང་སྡེའི་ལུགས། །ཡིན་ཕྱིར་དངོས་སྨྲ་རྣམས་ཀྱང་རང་ལུགས་ཀྱི། །རྟག་ཆད་སྤངས་ཀྱང་སྒྲོ་སྐུར་མཐའ་རུ་ལྷུངས། །ཡང་དག་པའི་བློ་གྲོས་རྣམ་པར་དག་རུང་ཆེད་དུ་བསྒྲུབས་ཟིན་པ་དེ་ནས་རྟག་ཆད་སྤྲོས་པའི་མཐའ་གཉིས་སྤངས་པ་དབུ་མའི་ལམ་དུ་ཞུགས་དགོས་ཏེ། དེར་འཇུག་པའི་ཐབས་ནི་ཡུལ་ཅན་དོན་དམ་པ་ཤེས་པའི་ཤེས་རབ་ཀྱིས། ཤེས་བྱའི་ཡུལ་ལ་སྤྲོས་པ་གཅོད་པ་ནི་རང་སྡེ་སྤྱིའི་ལུགས་ཡིན་པའི་ཕྱིར་དངོས་པོར་སྨྲ་བའི་གྲུབ་མཐའ་རྣམས་ཀྱིས་ཀྱང་རང་རང་གི་ལུགས་ཀྱིས་ལུང་དང་རིགས་པས་རྟག་ཆད་རང་རང་གི་ཐད་སོར་སྤངས་ཀྱང་དབུ་མའི་ལུགས་དང་སྤྲོས་བྲལ་གྱི་རིགས་པས་གཞལ་ན་སྒྲོ་སྐུར་གྱི་མཐའ་རུ་ལྷུངས་པ་ཡིན་ནོ། །ཤེས་རབ་ལ་སྤྱིར་ཀུན་རྫོབ་ཤེས་པའི་ཤེས་རབ་དང༌། དོན་དམ་ཤེས་པའི་ཤེས་རབ་གཉིས་སུ་ཡོད་པ་ལས། འདིའི་མཚན་གཞི་ནི་ཕྱི་མ་དེ་ཡིན་ལ། དེ་ལའང་ཐེག་ཆེན་སེམས་ཙམ་པ་རྣམས་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་ཤེས་པ་དང༌། རང་སྟོང་པ་རྣམས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པ་དང༌། གཞན་སྟོང་པ་རྣམས་སྤྲོས་བྲལ་དེ་ཉིད་རྣམ་པ་ཐམས་ཅད་པར་ཤེས་པ་སྟེ་རིགས་གསུམ་དུ་ངེས་པའོ། །


LT08,P139A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ནི་རང་གཞན་གྱི་གྲུབ་མཐའ་མཐའ་དག་ཀྱང་སྨྲ་བ་པོ་རང་གི་བློ་ངོར་མཐའ་གཉིས་བཀག་ནས་དབུ་མ་སྨྲ་བར་རློམ་སྟེ། འོག་མ་འོག་མས་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་པ་ནི་རྟག་མཐའ་དང༌། གོང་མ་གོང་མས་ཡོད་བཞིན་དུ་མེད་པར་སྐུར་པ་བཏབ་པ་རྣམས་ནི་ཆད་མཐའ་ཡིན་པས་དེ་གཉིས་སྤངས་པའི་དབུ་མ་ནི་རང་ལུགས་སུ་སྨྲ་བར་འདོད་པའི་ཕྱིར་རོ། །དེ་ལ་རང་སྡེ་བྱེ་བྲག་སྨྲ་བས་རྟག་ཆད་ཀྱི་མཐའ་སྤངས་ལུགས་ནི། འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པས་རྟག་པའི་མཐའ་སྤངས་ལ། རྡུལ་ཕྲ་རབ་ཆ་མེད་བདེན་པར་གྲུབ་པས་ཆད་པའི་མཐའ་སྤོང་ངོ༌། །མདོ་སྡེ་པས་རྒྱུ་རྣམས་ཀྱི་རང་རང་གི་ངོ་བོ་འགག་པས་རྟག་པའི་མཐའ་སྤོང་ལ། རང་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱིན་པས་ཆད་པའི་མཐའ་སྤོང་ངོ༌། །སེམས་ཙམ་པས་ཀུན་བརྟགས་རང་བཞིན་མེད་པས་རྟག་པའི་མཐའ་སྤོང་ལ། གཞན་དབང་བདེན་པར་གྲུབ་པས་ཆད་པའི་མཐའ་སྤོང་ངོ༌། །དབུ་མ་པས་ནི་རང་བཞིན་སྤྲོས་པ་དང་བྲལ་བས་རྟག་པའི་མཐའ་སྤོང་ལ། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བས་ཆད་པའི་མཐའ་སྤོང་ངོ༌། །གཞན་སྟོང་པས་ཀུན་རྫོབ་གཞན་བྱུང་དུ་གྱུར་པའི་ཆོས་ཐམས་ཅད་གདོད་ནས་མ་གྲུབ་པ་ས་རྟག་མཐའ་སྤོང་ལ། དོན་དམ་རང་བྱུང་མི་འགྱུར་བའི་བདེ་གཤེགས་སྙིང་པོ་གཤིས་ལུགས་སུ་གནས་པས་ཆད་མཐའ་སྤོང་ངོ༌། །དེ་ཕྱིར་དེ་དག་བདེན་དང་མི་བདེན་མང༌། །གནས་ལུགས་སྤྲོས་བྲལ་སྣང་ཚུལ་རྟེན་འབྲེལ་དུ། །རྟོགས་ཕྱིར་ཐམས་ཅད་བདེན་པ་དབུ་མའི་ལུགས། །ཕལ་ཆེར་སྒྲོ་སྐུར་གྱི་མཐའ་རུ་ལྷུང་བ་དེའི་ཕྱིར་གྲུབ་མཐའ་སོ་སོའི་ལྟ་བ་དེ་དག་ཅུང་ཟད་བདེན་ཀྱང་ཕལ་ཆེར་མི་བདེན་པ་མང་ལ། གཤིས་ལུགས་སྤྲོས་བྲལ་དང༌། དབྱིངས་འདུས་མ་བྱས་པའི་འོད་གསལ། སྣང་ཚུལ་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཇི་བཞིན་དུ་རྟོགས་པའི་ཕྱིར།


LT08,P139B
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདེན་པ་ནི་དབུ་མའི་ལུགས་ཡིན་ཏེ། ལྟ་འདོད་མདོར་བསྟན་ལས། བྱེ་བྲག་སྨྲ་དང་མདོ་སྡེ་དང༌། །རྣལ་འབྱོར་སྤྱོད་པའི་གཞུང་རྣམས་སུ། །ཅུང་ཟད་བདེན་དང་མི་བདེན་ཉིད། །ཐམས་ཅད་བདེན་པ་དབུ་མའི་ལུགས། །ཞེས་གསུངས་སོ། །འདིར་མཐའ་གཉིས་སྤངས་པའི་ལམ་མདོར་བསྡུ་ན། སྤྱོད་པ་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་དང༌། ལྟ་བ་ལ་ལྟོས་པའི་མཐའ་གཉིས་སེལ་ཚུལ་གཉིས་ལས། དང་པོ་ནི། འཇིག་རྟེན་ལུགས་ཀྱི་ཚད་མས་གྲུབ་པའི་ཀུན་བྱང་གི་ཆོས་རྣམས་མེད་པར་ཁས་བླངས་ན་སྐུར་འདེབས་ཀྱི་མཐར་ལྷུང་ཞིང༌། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཀུན་བྱང་གི་ཆོས་དང༌། མུ་སྟེགས་ཀྱི་གྲུབ་མཐས་བཏགས་པའི་ཀུན་བྱང་གི་ཆོས་རྣམས་ཡོད་པར་ཁས་བླངས་ན་སྒྲོ་འདོགས་པའི་མཐའ་ཉིད་དུ་ལྷུང་བས་མཐའ་དེ་གཉིས་སྤངས་པའི་དབུ་མའི་ལམ་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་བྱེད་དོ། །ལྟ་བ་ལ་ལྟོས་པའི་མཐའ་གཉིས་ནི། སྤྱིར་ཤེས་བྱ་ཇི་སྙེད་པ་ཐམས་ཅད་དང༌། བྱེ་བྲག་ཏུ་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་ཡོད་དོ་ཞེས་ཁས་བླངས་ན་སྒྲོ་འདོགས་པའི་མཐར་ལྷུང་བ་ཡིན་ཏེ། ཚད་མས་མ་གྲུབ་བཞིན་དུ་ཡོད་པར་ཁས་བླངས་པའི་ཕྱིར། ཚད་མས་གྲུབ་པའི་ཀུན་རྫོབ་ཀྱི་ཀྱི་བདེན་པ་དེ་ཉིད་གཅིག་དང་དུ་མ་ལ་སོགས་པའི་རིགས་པས་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ནོ་ཞེས་ཁས་བླངས་ན་ཆད་པའི་མཐར་ལྷུང་བ་ཡིན་ཏེ། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་བུའི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ནས་ལྟ་བས་སྤྲོས་པ་གཅོད་པར་བྱེད་པ་ཡིན་ནོ། །གཉིས་པ་དབུ་མའི་ལུགས་སྲོལ་བཤད་པ་ལ་གསུམ། སྟོང་པ་ཉིད་ཀྱི་ངོས་འཛིན་སྤྱིར་བསྟན་པ། བྱེ་བྲག་རང་སྟོང་དང༌། གཞན་སྟོང་གི་སྲོལ་བཤད་པའོ། །དང་པོ་ནི། དེ་ཡི་ལྟ་བའི་ཡུལ་ནི་སྟོང་པ་ཉིད། །བདག་གཉིས་བཀག་པའི་དངོས་དང་མེད་དགག་ཆ། །དབུ་མའི་


LT08,P140A
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྲོལ་དེ་ཡི་ལྟ་བའི་ཡུལ་ནི་སྟོང་པ་ཉིད་ཡིན་ལ། དེའང་སྟོང་པ་ཞེས་བྱ་བའི་དོན་ནི་མེད་པའི་དོན་ཏེ། ཅི་ཞིག་མེད་ན། བདག་གཉིས་པོའོ། །ཉིད་ཅེས་བྱ་བ་ནི་དངོས་པོའི་རྐྱེན་གྱི་དོན་ཏེ། དེའང་རྣལ་འབྱོར་སྤྱོད་པ་ལྟར་ན། དགག་བྱ་བདག་གཉིས་བཀག་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་དོན་དམ་པའི་དངོས་པོ་ཁོ་ན་ལ་འཆད་ལ། རང་སྟོང་དུ་སྨྲ་བ་ལྟར་ན། བདག་གཉིས་བཀག་ཙམ་གྱི་མེད་པར་དགག་པའི་ཆའོ། །གཉིས་པ་རང་སྟོང་ནི། སྟོང་གཞི་ཆོས་ཅན་དགག་བྱ་དགག་གཞི་ཉིད། །སྟོང་ཚུལ་ངོ་བོས་མ་གྲུབ་རང་སྟོང་ལུགས། །དབྱེ་བ་ཕྱི་ནང་གཉིས་སྟོང་སོགས་བཅུ་དྲུག །དངོས་པོ་དངོས་མེད་རང་གཞན་སྟོང་བཞིར་འདུ། །བྱེ་བྲག་ཏུ་སྟོང་པའི་གཞི་ནི་ཆོས་ཅན་ཏེ་ཤེས་བྱ་ལ་གང་ཇི་སྙེད་ཅིག་སྲིད་པའི་ཆོས་ཐམས་ཅད་དོ། །གང་གིས་སྟོང་བའི་དགག་བྱ་ཡང་དགག་གཞི་གང་ཡིན་པ་དེ་དང་དེ་ཉིད་དེ། མདོར་ན་གང་ཟག་དང༌། ཆོས་གཉིས་སོ། །ཇི་ལྟར་སྟོང་པའི་ཚུལ་ནི། དགག་གཞིར་བཟུང་བའི་ཆོས་གང་ཡིན་པ་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས། དཔེར་ན་གཟུགས་ནི་གཟུགས་ཀྱིས་སྟོང་པ་བཞིན་དེ་ཉིད་དེ་ཉིད་ཀྱིས་སྟོང་པ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པ་གང་གི་ཚེ་དེ་ཉིད་དེ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དཔེར་ན་བུམ་པ་དེ་གཅིག་དང་དུ་མ་གང་དུ་གྲུབ་དཔྱད་པའི་ཚེ་བུམ་པར་མ་གྲུབ་པ་བཞིན་ནོ། །མདོར་ན་བློའི་ཡུལ་དུ་བྱར་མི་རུང་བ་རྣམས་ལྟ་ཞོག་དེར་རུང་བའི་ཆོས་ཇི་སྙེད་པ་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་བཤད་པ་ཡིན་ཏེ། དབུ་མ་འཇུག་པ་ལས། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱང་བསྙད་པར་བྱ། །ཞེས་སོ། །སྟོང་གཞི་ནི་ཆོས་ཅན་ཕྱི་ནང་གཉིས་སྟོང་སོགས་བཅུ་དྲུག་དེ་དག་བསྡུ་ན་དངོས་


LT08,P140B
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དངོས་མེད་རང་བཞིན་གཞན་དངོས་བཞིར་འདུ་སྟེ། དེའང་ཇི་སྐད་དུ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་སོ། །ཞེས་གསུངས་ཏེ། དེའི་དང་པོ་ནི། མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་དག་གོ །གཉིས་པ་ནི། གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་པོ་དག་གོ །གསུམ་པ་ནི། བཤད་མ་ཐག་པའི་ཕྱི་ནང་སྐྱེ་མཆེད་དེ་ཉིད་ལ་འཆད་ཀྱི། དབང་རྟེན་ཁོག་པ་ལ་བཤད་པ་མེད་དོ། །དེ་དག་གིས་ནི་ཀུན་རྫོབ་ཀྱི་ཆོས་རྣམས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པར་བཤད་ནས། དེ་དེས་སྟོང་པ་དེ་ཉིད་དེའི་རང་བཞིན་དུ་ཞེན་པ་དགག་པར་བྱ་བའི་ཕྱིར་དུ་སྟོང་ཉིད་བཞི་པ་འཆད་ལ། དེའི་ཆོས་ཅན་ནི་བཤད་མ་ཐག་པའི་སྟོང་ཉིད་གསུམ་པོ་དེ་དག་གོ །སྟོང་ཉིད་བཞི་པ་བསྟན་པའི་དགོས་པ་ནི། སྟོང་པ་ཉིད་ལའང་ཡོད་དོ་ཞེའམ་ཡིན་ནོ་ཞེས་པའི་འཛིན་པ་བཟློག་པར་བྱ་བའི་ཕྱིར་རོ། །ལྔ་པ་ནི། བཅུད་དང་སྣོད་ཀྱི་འཇིག་རྟེན་མ་ལུས་པ་ལ་ཁྱབ་པའི་ཕྱིར་ཆེན་པོ་ཞེས་བྱའོ། །དྲུག་པ་དོན་དམ་པའི་དགོས་པ་མཆོག་ཡིན་པའི་ཕྱིར་མྱ་ངན་ལས་འདས་པའོ། །འདི་ཡང་ལྷག་བཅས་ཀྱི་དང༌། ལྷག་མེད་ཀྱི་མྱང་འདས་ལ་འདོད་པ་མ་ཡིན་གྱི། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་མི་གནས་པའི་མྱ་ངན་ལས་འདས་པ་གང་རུང་ངོ༌། །བདུན་པ་དང་བརྒྱད་པ་འདུས་བྱས་དང་འདུས་མ་བྱས་ནི། སྐྱེ་འཇིག་གནས་གསུམ་


LT08,P141A
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དང་བྲལ་བའོ། །དགུ་པ་མཐའ་ལས་འདས་པ་ནི། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་སྟེ། སྟོང་པ་དང་རྟེན་འབྲེལ་དང་དབུ་མའི་ལམ་གསུམ་པོ་རྣམས་ལ་བྱའོ། །བཅུ་པ་ཐོག་མ་དང་ཐ་མ་མེད་པ་ནི་འཁོར་བའོ། །བཅུ་གཅིག་པ་དོར་བ་མེད་པ་ནི། སྤྱིར་དོར་བ་ཞེས་པ་ནི་དོར་བྱ་སྟེ་སྐྱོན་གྱི་མིང་ཡིན་ལ། དེ་མེད་པ་ནི་བླང་བར་བྱ་བ་སྟེ་རྣམ་བྱང་གི་ཆོས་རྣམས་ཀྱི་མིང་ངོ༌། །བཅུ་གཉིས་པ་རང་བཞིན་ནི། ཆོས་རྣམས་ཀུན་རྫོབ་ཀྱི་ངོ་བོས་སྟོང་པ་དེ་ཉིད་ལ་བྱ་བ་ཡིན་ཏེ། ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཡིན་པའི་ཕྱིར། འདི་དང་སྟོང་ཉིད་བཞི་པའི་སྟོང་གཞིའི་ཆོས་ཅན་གྱི་དོན་ལྡོག་ལ་ཁྱད་པར་མེད་ཀྱང༌། སྟོང་ཉིད་དུ་ཞེན་པ་དང༌། སྟོང་ཉིད་དེ་ལ་རང་བཞིན་དུ་ཞེན་པ་དགག་པའི་ཕྱིར་དུ་སོ་སོར་ཐ་དད་དུ་བཤད་པ་ཡིན་ནོ། །བཅུ་གསུམ་པ་ཆོས་ཐམས་ཅད་ནི། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཇི་སྙེད་པའོ། །བཅུ་བཞི་པ་རང་གི་མཚན་ཉིད་ཅེས་བྱ་བ་ནི། གཟུགས་སུ་རུང་བ་ལ་སོགས་པ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཇི་སྙེད་པའོ། །བཅོ་ལྔ་པ་མི་དམིགས་པ་ཞེས་བྱ་བ་ནི། དུས་གསུམ་པོ་སྟེ། དེའང་ཇི་སྐད་དུ། ད་ལྟར་བ་འདི་མི་གནས་ཤིང༌། །འདས་དང་མ་འོངས་ཡོད་མ་ཡིན། །ཞེས་བཤད་པ་ལྟར་འཆད་དགོས་ཀྱི། ཕན་ཚུན་གཅིག་ལ་གཅིག་མེད་པ་མི་དམིགས་པའི་དོན་དུ་མི་འཆད་དོ། །བཅུ་དྲུག་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་པ་ནི། དངོས་པོ་དངོས་པོ་ཉིད་ཀྱིས་སྟོང་པ་ལ་བྱ་བ་ཡིན་ལ། དེའང་དེ་ཉིད་ཀྱིས་སྟོང་པ་ལ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་སྤྲོས་བཅས་ཀྱི་དབྱེ་བ་བཅུ་དྲུག་ཏུ་བཤད་ནས། སྤྲོས་མེད་ཀྱི་དབྱེ་བ་བཞིར་བསྡུ་བ་ནི། ཡུམ་རྒྱས་འབྲིང་གཉིས་སུ་སྟོང་ཉིད་བཅུ་དྲུག་བཤད་ཟིན་པའི་འོག་ཏུ་སླར་ཡང༌། རབ་འབྱོར། དངོས་པོ་ནི་དངོས་པོས་སྟོང་ངོ༌། །


LT08,P141B
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ༌། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ༌། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ༌། །ཞེས་སྟོང་པ་ཉིད་བཞིར་གསུངས་པ་སྟེ། དེའང་སྟོང་གཞིའི་ཆོས་ཅན་ཇི་སྙེད་པ་བསྡུ་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་འདུ། ཀུན་བདེན་ནི་དངོས་པོ་དང་དངོས་མེད་གཉིས་སུ་འདུ་ཞིང༌། དོན་དམ་པའི་བདེན་པ་ནི་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། ལྡོག་པའི་སྒོ་ནས་རང་བཞིན་དང༌། གཞན་དངོས་ཞེས་བྱ་བ་གཉིས་སུ་བསྟན། དེ་ལྟར་སྟོན་པའི་ཤེས་བྱེད་ཀྱང་ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་ཡོད་མ་མྱོང་བ་ཡིན་གྱི། དེ་མེད་པར་ཡེ་ཤེས་ཀྱིས་གསར་དུ་བྱས་པ་མ་ཡིན་པའི་རྒྱུ་མཚན་གྱིས་སྟོང་པ་ཉིད་ཀུན་རྫོབ་ཐམས་ཅད་ཀྱི་རང་བཞིན་དུ་བསྟན་ལ། དེ་ལྟར་ནའང་ཀུན་རྫོབ་པའི་ཡུལ་ཅན་གྱི་ཤེས་པ་དང་བརྗོད་པ་དག་གི་ཡུལ་དུ་མི་རུང་བའི་རྒྱུ་མཚན་གྱིས་གཞན་གྱི་དངོས་པོར་བསྟན་ནོ། །འོ་ན་ཅིའི་ཕྱིར་གཞན་གྱི་དངོས་པོར་བྱ་ཞེ་ན། འཇུག་འགྲེལ་དུ་རྒྱུ་མཚན་རྣམ་པ་གསུམ་གསུངས་ཏེ། ཆོས་ཅན་ཀུན་རྫོབ་ཀྱི་དངོས་པོ་རྣམས་ནི་རྟག་ཏུ་ཡོད་པ་མ་ཡིན་ལ། འདི་ནི་རྟག་ཏུ་ཡོད་པའི་དོན་གྱིས་དང༌། ཀུན་རྫོབ་ཀྱི་དངོས་པོ་ནི་ཡེ་ཤེས་ཀྱིས་རྟོགས་བྱ་མ་ཡིན་ལ། འདི་ནི་དེས་རྟོགས་བྱ་ཡིན་པའི་རྒྱུ་མཚན་གྱིས་དང༌། ཀུན་རྫོབ་ནི་འཁོར་བ་ལས་མ་འདས་ལ། འདི་ནི་དེ་ལས་འདས་པའི་རྒྱུ་མཚན་གྱིས་གཞན་གྱི་དངོས་པོ་ཞེས་བྱའོ། །གསུམ་པ་དབུ་མ་གཞན་སྟོང་གི་སྲོལ་ནི། དགག་གཞི་ཡོངས་གྲུབ་དགག་བྱ་བརྟགས་དང་གཞན། །དེ་ཡིས་སྟོང་ཞེས་རྣལ་འབྱོར་སྤྱོད་རྣམས་སྨྲ། །དབྱེ་བ་བཅུ་བཞི་བསྡུ་ན་གཉིས་སུ་བཞེད། །དགག་གཞི་ཡོངས་གྲུབ་དབྱིངས་དེ་བཞིན་ཉིད་སྤྲོས་པའི་ཡུལ་ལས་འདས་པ། དགག་བྱ་ཀུན་བརྟགས་དང་གཞན་དབང་གི་མཚན་ཉིད་གཉིས། སྟོང་ཚུལ་དགག་བྱ་དེ་གཉིས་ཀྱིས་དགག་གཞི་ལ་


LT08,P142A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་བས་ཡོངས་གྲུབ་ཉིད་གཞན་གྱིས་སྟོང་པ་ཡིན་ཅེས་རྣལ་འབྱོར་སྤྱོད་པ་སྟེ་གཞན་སྟོང་གི་སྲོལ་འཛིན་པ་རྣམས་སྨྲའོ། །འདིར་གསེར་མདོག་པཎ་ཆེན་གྱིས། གང་སྟོང་པའི་གཞི་ནི་གཞན་དབང་སྟེ་གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་མཐའ་དག་གོ །དགག་བྱ་ནི་ཀུན་བརྟགས་པ་སྟེ་གཟུང་བ་དང་འཛིན་པའི་དབྱེ་བས་གཉིས་ཡིན་ལ། དེ་རེ་རེ་ལའང་གང་ཟག་གི་དབང་དུ་བྱས་པ་དང༌། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་གཉིས་སོ། །ཇི་ལྟར་སྟོང་པའི་ཚུལ་ནི། དགག་བྱ་དེས་དགག་གཞི་དེ་གཞན་སྟོང་གི་ཚུལ་གྱིས་སྟོང་པ་ཡིན་གྱི། རང་སྟོང་གི་ཚུལ་གྱིས་ནི་མ་ཡིན་ཏེ། དགག་བྱ་ཀུན་བརྟགས་ཀྱི་གཟུང་འཛིན་གཉིས་པོ་དེ་ནི་དགག་གཞི་གཉིས་སྣང་གི་ཤེས་པ་གཉིས་པོ་དེ་ལ་ལྟོས་པའི་གཞན་གྱི་ངོ་བོ་ཡིན་གྱི། དེའི་རང་གི་ངོ་བོར་མི་འཇོག་པའི་ཕྱིར། གཉིས་སྣང་གི་ཤེས་པ་དེའི་རང་གི་ངོ་བོ་གང་ཞེ་ན། གཉིས་མེད་ཀྱི་ཡེ་ཤེས་ཤེས་བྱ་མྱོང་བ་རིག་ཅིང་གསལ་ཙམ་དེ་ཉིད་དོ། །ཞེས་འཆད་དོ། །སྤྱིར་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་ཆོས་དབྱིངས་སུ་བཤད་ནས་ཆོས་ཅན་གྱི་དབྱེ་བས་སྟོང་ཉིད་བཅུ་བཞིར་རྒྱས་པར་དབྱེ། དེ་དག་གི་དོན་བསྡུ་ན་གཉིས་སུ་འདུ་བར་བཞེད་དེ། བཅུ་བཞི་ནི། ནང་དང་ཕྱི་དང་ཕྱི་ནང་སྟོང༌། །ཆེན་པོ་སྟོང་པ་སྟོང་པ་ཉིད། །དོན་དམ་འདུས་བྱས་འདུས་མ་བྱས། །མཐའ་འདས་ཐོག་མཐའ་མེད་པ་དང༌། །དོར་མེད་རང་བཞིན་སྟོང་པ་ཉིད། །མཚན་ཉིད་ཆོས་རྣམས་སྟོང་ཉིད་དོ། །ཞེས་སོ། །འདི་ལ་སྟོང་པའི་གཞི་ནི། དབུས་མཐའ་ལས། ཟ་བ་པོ་དང་དེ་ཡི་ལུས། །གནས་ཀྱི་གཞི་ནི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །ཅེས་བྱ་བ་འདིས་ནི་སྟོང་པ་ཉིད་མ་ལུས་པ་མདོར་བསྟན་པ་ཡིན་ལ། དེ་དག་གི་སྟོང་གཞི་ཆོས་ཅན་ནི་ནང་གི་སྐྱེ་མཆེད་དང༌། ཕྱིའི་སྐྱེ་མཆེད་


LT08,P142B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེ་གཉིས་ཀའི་གནས་ཁོག་པ་དང༌། དེ་དག་གི་རྟེན་སྣོད་ཀྱི་འཇིག་རྟེན་ཏེ་བཞི་པོ་རྣམས་ནི་ཆོས་ཅན་ཏེ། ཀུན་རྫོབ་ཀྱི་བདེན་པའོ། །བཞི་པོ་དེའི་སྟོང་ཉིད་མངོན་སུམ་དུ་ཤེས་པའི་ཡེ་ཤེས་ནི་ལྔ་དང་དྲུག་པའི་སྟོང་གཞི་ཆོས་ཅན་ཏེ། དོན་དམ་པའི་དབང་དུ་བྱས་པའོ། །དྲུག་པོ་འདིའི་སྟོང་གཞིའི་ཆོས་ཅན་ནི་བདེན་པ་གཉིས་ཀྱི་དབྱེ་བས་བཞག་པ་ཡིན་ལ། སྟོང་ཉིད་ཕྱི་མ་བརྒྱད་ཀྱི་སྟོང་གཞིའི་ཆོས་ཅན་ནི་དགོས་པའི་སྒོ་ནས་བཞག་པ་སྟེ། ཇི་སྐད་དུ། དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་པའི་ཕྱིར། །འཁོར་བ་སྟོང་པར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་གསུངས་སོ། །འདི་དག་གིས་ནི་སྟོང་ཉིད་ཕྱི་མ་བརྒྱད་ཀྱི་སྟོང་གཞི་ཆོས་ཅན་ངོས་བཟུང་བ་ཡིན་ཏེ། ཆོས་ཅན་བརྒྱད་པོ་འདི་བྱང་ཆུབ་སེམས་དཔས་སྒྲུབ་པར་བྱེད་པའི་ཕྱིར། དགོས་པ་གང་གི་ཕྱིར་དུ་གང་ཞིག་སྒྲུབ་ཅེ་ན། མཐར་ཐུག་གི་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་པོ་ཐོབ་པར་བྱ་བའི་ཕྱིར་དུ་གནས་སྐབས་འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་སྒྲུབ་པར་བྱེད་དོ། །དེ་གཉིས་ནི་འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་ཀྱི་ཆོས་ཅན་ནོ། །དེ་བཞིན་དུ་སྦྱར་ནས་དགོས་པ་སེམས་ཅན་ལ་ཕན་པའི་ཕྱིར་དུ་དབུ་མའི་ལམ་སྒྲུབ་པར་བྱེད་པ་དང༌། སེམས་ཅན་མི་གཏོང་བའི་ཕྱིར་དུ་འཁོར་བ་སྒྲུབ་པར་བྱེད་པ་དང༌། ལྷག་མེད་དུ་དགེ་བ་མི་ཟད་པར་བྱ་བའི་ཕྱིར་དུ་ཆོས་ཉིད་ཀྱི་དགེ་བ་སྒྲུབ་པར་བྱེད་པ་དང༌། གློ་བུར་གྱི་དྲི་མས་དག་པར་བྱ་བའི་ཕྱིར་དུ་རང་བཞིན་དུ་གནས་པའི་རིགས་སྒྲུབ་པར་བྱེད་པ་དང༌། མཚན་དང་དཔེ་བྱད་ཐོབ་པར་བྱ་བའི་ཕྱིར་དུ་སྒྲུབ་པར་བྱེད་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་དུ་སྟོབས་ལ་སོགས་པ་


LT08,P143A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྒྲུབ་པར་བྱེད་ཅེས་པའོ། །དེའང་སྟོང་ཉིད་དང་པོ་བཞི་ནི་ཉན་རང་དང་ཐུན་མོང་བ་དང༌། ཕྱི་མ་བཞི་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་དབང་དུ་བྱས་སོ། །ཞེས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། ཅེས་གསུངས་སོ། །ཡང་ན་དགོས་པ་དེ་དང་དེའི་ཕྱིར་དུ་སྟོང་པ་ཉིད་དེ་དང་དེ་སྒྲུབ་པར་བྱེད་དོ། །དཔེར་ན་འཁོར་བ་སྟོང་པ་ཉིད་དུ་མ་ཤེས་ན་སྐྱོ་བ་སྐྱེས་ཏེ་འཁོར་བ་གཏོང་པ་བཞིན་ནོ། །འདིར་རང་བཞིན་གནས་རིགས་ལ་རང་བཞིན་སྟོང་པ་ཉིད་དང༌། མཚན་བཟང་པོ་རྣམས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དང༌། སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དུ་བཤད་པ་ནི་རང་སྟོང་གི་གཞུང་ལས་འབྱུང་བ་དང་མི་འདྲ་བའི་ཁྱད་པར་ཡིན་ནོ། །ཇི་ལྟར་སྟོང་པའི་ཚུལ་ནི། གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཞན་གྱིས་ཆོས་ཉིད་ལ་སྟོང་པའོ། །བསྡུས་པའི་དབྱེ་བ་གཉིས་ནི། དངོས་པོ་མེད་པའི་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །འདི་གཉིས་ཀྱང་ལྡོག་པས་ཕྱེ་བ་ཡིན་ཏེ། དགག་བྱ་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་བཀག་པའི་ཆ་ནས་དངོས་པོ་མེད་པའི་སྟོང་པ་ཉིད་དང༌། དགག་བྱ་དེ་བཀག་པའི་ཤུལ་ན་ཆོས་ཉིད་ཀྱི་ཆོས་དང་གང་ཟག་གི་དངོས་པོ་ཡོད་པའི་ཆ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་བཞག་གོ །འདི་གཉིས་སྟོང་ཉིད་ཐ་དད་རང་རྐྱ་ཐུབ་པ་མ་ཡིན་ཀྱང་སྟོང་པ་ཉིད་ཀྱི་དངོས་པོ་རེ་རེ་ལའང་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་བསལ་བའི་སྒོ་ནས་བཞག་དགོས་པས་འདི་གཉིས་སྟོང་ཉིད་བཅུ་བཞི་པོ་ཐམས་ཅད་ལ་ཁྱབ་བྱེད་དུ་འགྲོ་དགོས་པར་ཤེས་པའི་དོན་དུའོ། །མཐའ་གཉིས་པོ་ནི་ཀུན་བརྟགས་པའི་ཆོས་དང་གང་ཟག་གི་དངོས་པོ་ཡོད་པར་སྒྲོ་འདོགས་པ་དང༌། ཆོས་ཉིད་ཀྱི་ཆོས་དང་གང་ཟག་གི་དངོས་པོ་མེད་དོ་ཞེས་སྐུར་པ་འདེབས་པ་ལ་


LT08,P143B
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དོ། །ལྔ་པ་དངོས་གཞི་བདག་མེད་རྣམ་གཉིས་དཔྱད་པ་ལ་གཉིས། བདག་མེད་བསྟན་པའི་དགོས་པ་བརྗོད། བདག་མེད་དངོས་དཔྱད་པའོ། །དང་པོ་ནི། མཐོང་བའི་གེགས་བྱེད་རྣམ་གཡེང་རྟོག་པ་བཅུ། །སེལ་བའི་གཉེན་པོ་བདག་མེད་རྣམ་གཉིས་སོ། །སྟོང་པ་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ནི་རྣམ་གཡེང་གི་རྟོག་པ་བཅུ་པོ་ཁོ་ན་ཡིན་ཏེ། བརྒྱད་སྟོང་དོན་བསྡུ་ལས། སེམས་ཀྱི་གཡེང་བ་རྣམ་པ་བཅུས། །གཞན་ལ་སེམས་ནི་རྣམ་གཡེངས་པས། །བྱིས་པ་རྣམས་ལ་གཉིས་མེད་ཀྱི། །ཡེ་ཤེས་སྒྲུབ་པའི་སྐལ་པ་མེད། །ཅེས་གསུངས་སོ། །རྟོག་པ་དེ་སེལ་བྱེད་ཀྱི་གཉེན་པོ་ནི་སྟོང་པ་ཉིད་ཉི་ཤུའམ་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཏེ། དེ་རྣམས་ཀྱང་མདོར་བསྡུ་ན། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་དབྱེ་བས་གཉིས་སོ། །གཉིས་པ་བདག་མེད་དངོས་དཔྱད་པ་ལ་ལྔ། ཆོས་ཀྱི་བདག་མེད། གང་ཟག་གི་བདག་མེད། གཉིས་ཀ་དང་འབྲེལ་བའི་རྣམ་གྲངས། དཔྱད་དོན་དབུ་མ་སོ་སོའི་ལུགས་ངེས་པར་བྱེད་པ། ཤིང་རྟ་གཉིས་ཀྱི་དགོངས་པ་གཅིག་ཏུ་ཆུབ་པར་གདམས་པའོ། །དང་པོ་ལ་ལྔ། ཐོག་མར་གཏན་ལ་འབེབས་པའི་གནད་དོན། དགག་བྱ་བདག་གི་ངོ་བོ། དགག་དགོས་པའི་རྒྱུ་མཚན། གྲུབ་མཐའ་སོ་སོའི་རྟོགས་ཁྱད། དབུ་མའི་རིགས་པས་གཏན་ལ་འབེབས་པའི་ཚུལ་ལོ། །དང་པོ་ནི། ཆོས་ཀྱི་བདག་མེད་རགས་པར་ཕྱི་ནང་གཉིས། །ཐུན་མོང་ཉིད་ཕྱིར་སྔོན་དུ་གཏན་ལ་དབབ། །དགག་བྱ་བདེན་གྲུབ་བཀག་པའི་རགས་པ་དང༌། བདེན་མེད་ཀྱང་བཀག་པའི་ཆོས་ཀྱི་བདག་མེད་ཕྲ་བ་གཉིས་ཡོད་པ་ལས། ཆོས་ཀྱི་བདག་མེད་རགས་པ་ཙམ་ནི་ཕྱི་ནང་ཐུན་མོང་བ་ཉིད་ཀྱི་ཕྱིར་དང༌། གང་ཟག་བདག་མེད་ཕྲ་མོ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རགས་པ་རྟོགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་དང༌། ཀུན་


LT08,P144A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་གཏན་ལ་ཕེབ་པ་ན་གང་ཟག་གི་བདག་ཅེས་བྱ་བ་ལྷན་ཅིག་སྐྱེས་པའི་མ་རིག་པས་བཏགས་པ་དེའང་རང་གི་ངོ་བོས་སྟོང་པར་དོན་གྱིས་འགྲུབ་པའི་ཕྱིར་སྔོན་དུ་གཏན་ལ་དབབ་དགོས་སོ། །གཉིས་པ་ངོ་བོ་ནི། དེ་ཡི་ངོ་བོ་ཐག་པའི་སྤྲུལ་བཞིན་དུ། །ཐ་མལ་བློ་ལ་རང་མཚན་བདེན་ཞེན་ཉིད། །ཆོས་བདག་དེའི་ངོ་བོ་ནི། བཞི་བརྒྱ་པའི་འགྲེལ་བ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང༌། རྟོག་པ་མེད་པར་འདོད་པ་ཉིད་མེད་པ་དེ་དག་ནི། གོར་མ་ཆགས་པ་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོ་ནས་མ་གྲུབ་པའོ། ཞེས་གསུངས་པ་ལྟར་ཐོག་མ་མེད་པ་ནས་གོམས་པའི་ལྷན་སྐྱེས་ཀྱི་མ་རིག་པའི་དབང་གིས་ཐ་མལ་པའི་བློ་ལ་སྣང་བའི་གཟུགས་ལ་སོགས་པ་ཕྱི་ནང་གི་ཆོས་ཐམས་ཅད་རང་རང་གི་མཚན་ཉིད་དུ་བདེན་པར་ཞེན་པ་གང་ཡིན་པ་སྟེ། འདི་ནི་ཐག་པའི་སྦྲུལ་ལྟར་རྟོག་པས་བཏགས་པ་ཙམ་དུ་ཟད་ཀྱི་དངོས་པོ་རྣམས་རང་བཞིན་དུ་གྲུབ་པ་མ་ཡིན་པས་དེ་ཁོ་ན་ཉིད་སེམས་པའི་ཚེ་རིགས་པས་དགག་པར་བྱ་བ་ཡིན་ནོ། །གསུམ་པ་དེ་དགག་དགོས་པའི་རྒྱུ་མཚན་ནི། སྒྲིབ་གཉིས་རྩ་བ་བདག་འཛིན་རྒྱུ་ཕྱིར་དགག །དེ་ལྟ་བུའི་མངོན་ཞེན་དེ་ནི་སྒྲིབ་གཉིས་ཀྱི་རྩ་བ་བདག་འཛིན་གྱི་རྒྱུ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་གསུངས་ཤིང༌། དེ་ཉིད་ཤེས་སྒྲིབ་ཀྱི་ཡང་གཙོ་བོ་ཡིན་ཏེ། རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་སོ། །དེའི་ཕྱིར་སྒྲིབ་པ་གཉིས་སྤངས་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པ་དག་གིས་སྒྲིབ་གཉིས་ཀྱི་རྩ་བ་དངོས་པོ་ལ་


LT08,P144B
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པ་སྤང་དགོས་ཤིང༌། དེའང་ཡུལ་བདེན་དངོས་བཀག་པའི་སྒོ་ནས་སྤང་དགོས་ཏེ། བཞི་བརྒྱ་པ་ལས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང༌། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་སོ། །བཞི་པ་གྲུབ་མཐའ་སོ་སོས་རྟོགས་ཚུལ་ནི། བྱེ་མདོར་དེ་ཉིད་ཡོངས་སུ་རྫོགས་མེད་ཀྱང༌། །ཆོས་ཅན་ཉི་ཚེའི་སྟེང་དུ་གཏན་ལ་འབེབས། །ཤེས་བྱེད་དཔྱད་པས་ཅི་ཡང་མ་རྙེད་པ། །བདེན་མེད་དོན་འཇོག་འདི་པའི་སྤྱི་ལུགས་ཕྱིར། །ཆོས་ཀྱི་བདག་མེད་རགས་པ་ཙམ་གྲུབ་མཐའ་སྨྲ་བ་ཐམས་ཅད་ལ་ཡོད་པར་བཞེད་དེ་ཕྱི་རོལ་པ་ལའང་དེ་ཡོད་པ་དབུ་མའི་རྒྱན་སོགས་ལས་བཤད་པས་སོ། །དེས་དེའི་འགལ་ཟླར་གྱུར་པའི་ཤེས་བྱའི་སྒྲིབ་པ་རགས་པ་མགོ་གནོན་པར་བྱེད་ཀྱང༌། ཐམས་ཅད་མཁྱེན་པའི་ལམ་དུ་འགྱུར་བའི་ལྟ་བ་ནི་མ་ཡིན་ཏེ། དེ་ཙམ་ཞིག་གོམས་པར་བྱས་པས་འཛིན་པ་ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བ་མི་སྲིད་ཅིང༌། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་དང་ཡང་བྲལ་བའི་ཕྱིར་རོ། །དེའང་གྲངས་ཅན་པས། ཕྱི་རོལ་དོན་གྱི་སྣང་བ་སེམས་སུ་ཁས་བླངས་ནས། སེམས་དེའང་གཙོ་བོའི་ངང་དུ་ཐིམ་པ་ན་གཟུང་འཛིན་གཉིས་མེད་དུ་སོང་བར་ཁས་ལེན་པ་ཡིན་ནོ། བྱེ་མདོར་ཆོས་ཅན་མཐའ་དག་གི་སྟེང་དུ་གཏན་ལ་འབེབས་པར་མ་བཤད་པས་ཆོས་ཀྱི་བདག་མེད་དེ་ཉིད་ཡོངས་སུ་རྫོགས་པ་མེད་ཀྱང༌། ཆོས་ཅན་ཉི་ཚེ་བའི་སྟེང་དུ་གཏན་ལ་འབེབས་པར་བཤད་པས་ཆ་ཤས་ཙམ་ཡོད་དགོས་ཏེ། དེའང་བྱེ་སྨྲའི་གཞུང་དུ་ཕྱི་དོན་རགས་པ་བདེན་མེད་དུ་བཤད་ལ། མདོ་སྡེ་བའི་གཞུང་དུ་ནི་དེར་མ་ཟད་རྫས་ལྡོག་གཉིས་ཀྱི་ཟླས་ཕྱེ་བའི་ལྡོག་པ་ཡང་བདེན་མེད་དུ་བཤད་པ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་ཆོས་གང་ལ་དོན་དམ་དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་དཔྱད་


LT08,P145A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཅིའང་མ་རྙེད་པ་དེ་ཙམ་ཞིག་བདེན་མེད་ཀྱི་དོན་དུ་འཇོག་པ་ནི་ཆོས་འདི་བདག་གི་སྤྱི་ལུགས་ཡིན་ལ། དེའང་ཇི་སྐད་དུ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་ཞེས་དང༌། སྤྱིར་ཀུན་རྫོབ་ཀྱི་ཆོས་ཤིག་ཁས་བླངས་ཕྱིན་ཆད་དེ་བདེན་པར་མ་གྲུབ་པ་ཉིད་དུ་ཁས་ལེན་དགོས་པ་ནི་གྲུབ་མཐའ་སྨྲ་བ་ཀུན་གྱི་གཞུང་ལུགས་ཡིན་པ་དང༌། མདོ་སྡེ་པའི་གཞུང་ལས་ཀྱང༌། ཇི་སྐད་དུ། དེ་ཡིས་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་སོགས་ལྡོག་པ་གཞན་སེལ་བདེན་མེད་དུ་འཆད་བྱེད་ཀྱི་ལུང་ཤིན་ཏུ་མང་བར་གསུངས་སོ། །སེམས་ཙམ་རང་ལུགས་བདག་མེད་གཉིས་རྟོགས་འདོད། །དབུ་མས་གཞལ་ན་གཉིས་སྟོང་ཤེས་པ་ཉིད། །དོན་དམ་འདོད་ཕྱིར་ཆོས་བདག་ཕྱོགས་གཅིག་ལུས། །གྲུབ་མཐའ་འོག་མ་དེ་དག་མ་ཟད་ཐེག་ཆེན་སེམས་ཙམ་པས་ཀྱང་རང་ལུགས་ལ་བདག་མེད་གཉིས་ཀ་རྟོགས་པར་འདོད་ཀྱང་དབུ་མའི་རིགས་པས་གཞལ་ན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་ཉིད་དོན་དམ་པར་འདོད་པའི་ཕྱིར་ཆོས་བདག་གི་ཕྱོགས་གཅིག་ལུས་པས་བདག་མེད་གཉིས་མཐར་ཕྱིན་པ་མ་ཡིན་ཀྱང༌། གང་ཟག་གི་བདག་ཕྲ་རགས་དང༌། ཆོས་བདག་རགས་པ་ནི་སྤངས་པ་ཡིན་ནོ། །ཁྱད་པར་སེམས་ཙམ་རྣམ་བདེན་པས་ནི། གཟུང་བ་ཕྱི་རོལ་གྱི་དོན་མེད་པར་ཁས་བླངས་ཀྱང་སྣང་བ་སེམས་སུ་ཁས་བླངས་པས་གཟུང་འཛིན་གཉིས་སྟོང་མི་འདོད་པའི་ཕྱིར། གང་ཟག་གི་བདག་མེད་ཡོངས་སུ་རྫོགས་པར་ཁས་བླངས་ཀྱང་ནང་སྟོང་པ་ཉིད་ཀྱི་འཇོག་ཚུལ་དཔྱིས་ཕྱིན་པ་མ་ཡིན་ཏེ། ཀུན་ཏུ་བཏགས་པའི་བདག་མེད་པར་ཁས་བླངས་ཀྱང་རྣམ་པར་བརྟགས་པའི་བདག་མེད་པར་མ་གྲུབ་པའི་ཕྱིར་རོ། །ལྔ་པ་དབུ་མའི་


LT08,P145B
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་གཏན་ལ་འབེབས་ཚུལ་ནི། དབུ་མའི་གཏན་ཚིག་མང་ཡང་འཕགས་ལུགས་ལྔས། །སྟོང་དང་རྟེན་འབྱུང་ཟུང་འཇུག་ངེས་པ་འདྲེན། །ཟླ་བས་གཟུང་བ་བཀག་ནས་དེ་མེད་པའི། །རྟགས་ཀྱིས་འཛིན་པ་འགོག་དང་ཀུན་རྫོབ་གཅིག །སྟོང་པའི་རིགས་པས་ཆོས་ཀུན་སྟོང་གཉིས་གསུངས། །དབུ་མའི་ལུགས་སུ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་གཏན་ཚིག་ཐོགས་མེད་སྐུ་མཆེད་སོགས་སློབ་དཔོན་སོ་སོའི་བཞེད་སྲོལ་མང་ཡང༌། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་སུ་ངོ་བོ་རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་བཞི། རྟེན་འབྱུང་གི་རིགས་པ་བཅས་ལྔ་པོས་སྟོང་པ་ཉིད་དང་རྟེན་ཅིང་འབྲེལ་འབྱུང་ཟུང་དུ་འཇུག་པའི་ཡེ་ཤེས་འདྲེན་པའི་ཚུལ་སྔར་བཤད་པ་ལྟར་ཡིན་ནོ། །ཟླ་བ་གྲགས་པས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་མི་འདྲ་བ་གཉིས་སུ་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ཤེས་བྱ་མེད་ན་ཤེས་པ་བཀག་གྲུབ་པས། །དང་པོར་ཤེས་བྱ་བཀག་པར་མཛད་པ་ཡིན། །ཞེས་གསུངས་པ་ལྟར། ཐོག་མར་གཟུང་བ་བཀག་ནས་དེའི་འོག་ཏུ་གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པ་འགོག་པའི་རིམ་པ་གཅིག་དང༌། ཇི་སྐད་དུ། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་པོ་ཉིད། །ཅེས་གསུངས་པ་ལྟར། ཀུན་རྫོབ་ཀྱི་ཆོས་གཅིག་རང་སྟོང་དུ་གཏན་ལ་ཕབ་ནས་རིགས་པ་དེ་ཉིད་ཀྱིས་བདེན་པ་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཇི་སྙེད་པ་ཐམས་ཅད་རང་གི་ངོ་བོས་སྟོང་པར་གཏན་ལ་འབེབས་པ་གཉིས་སུ་གསུངས་སོ། །དེ་ལྟར་གཏན་ལ་འབེབས་པ་འདི་ཡང་ཕྱི་ནང་གི་གྲུབ་པའི་མཐའ་གང་གིས་ཀྱང་མ་བསླད་པའི་འཇིག་རྟེན་གྱི་ལམ་ཉིད་ནས་དབུ་མའི་ལམ་དུ་འཇུག་པའི་དབང་དུ་བྱས་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཏེ། གྲུབ་པའི་མཐའ་སོ་སོ་ལ་ཞུགས་པ་དེ་དག་ནི་ཕྱི་དོན་རགས་པ་ལྟ་བུ་བདེན་མེད་དུ་


LT08,P146A
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལ་ཕེབ་ཀྱང་གྲུབ་མཐའི་དབང་གིས་རིགས་པ་དེ་ཆོས་ཅན་གཞན་ལ་ཁ་མི་སྤོ་བའི་ཕྱིར་རོ། །གཉིས་པ་གང་ཟག་གི་བདག་མེད་དཔྱད་པ་ལ་ལྔ། དེ་གཏན་ལ་འབེབས་པའི་གནད་དོན། བདག་མེད་དེའི་ངོ་བོ། དེ་དགག་དགོས་པའི་རྒྱུ་མཚན། གྲུབ་མཐའ་སོ་སོའི་རྟོགས་ཁྱད། དབུ་མའི་རིགས་པས་གཏན་ལ་འབེབས་ཚུལ་ལོ། །དང་པོ་ནི། ཕྱི་ནང་ལྟ་བ་གང་ཟག་བདག་གིས་དབྱེ། །ཕྱི་པ་ལའང་གོང་སྨོས་ལྟར་ཆོས་ཀྱི་བདག་མེད་རགས་པ་རྟོགས་པ་དང་སྤྱོད་པ་དགེ་བའི་ཆ་ཡོད་པས་ཕྱི་ནང་གི་ལྟ་བའི་ཁྱད་པར་དངོས་གང་ཟག་གི་བདག་ཁས་ལེན་མི་ལེན་གྱིས་དབྱེ་དགོས་ཏེ། གང་ཟག་གི་བདག་མེད་པ་ནི་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །དེ་ལའང་རགས་པ་གྲུབ་མཐས་བརྟགས་པ་དང༌། ཕྲ་བ་ལྷན་སྐྱེས་ཀྱི་འཛིན་པས་བརྟགས་པའི་གང་ཟག་གི་བདག་གཉིས་སུ་ཡོད་ཅིང༌། འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱིས་གཟུང་བྱར་གྱུར་པའི་བདག་ཅེས་བྱ་བ་དེ་རང་གི་ངོ་བོས་སྟོང་པར་མ་རྟོགས་ན་ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་མི་ནུས་པས་གང་ཟག་གི་བདག་མེད་རྫོགས་པར་མ་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་པ་མེད་དོ། །གཉིས་པ་དེའི་ངོ་བོ་ནི། ངོ་བོ་ལྷན་སྐྱེས་ང་དང་ང་ཡིར་འཛིན། །གང་ཟག་གི་བདག་ཅེས་གྲགས་པའི་ངོ་བོ་ནི། དུད་འགྲོ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་རང་འཁྲུངས་སུ་ཡོད་པ། ང་དང་ང་ཡིར་འཛིན་པའི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ངའོ་སྙམ་པའི་རློམ་པར་བྱ་བ་འདི་ཉིད་ཡིན་ཏེ། བཞི་བརྒྱ་པའི་འགྲེལ་བ་ལས། དེ་ལ་གང་ཟག་ཅེས་བྱ་བ་ནི་གང་ཕུང་པོ་ལ་བརྟེན་ནས་བརྟགས་པ་སྟེ། ཞེས་དང༌། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རགས་མ་ལས་པའི་ངོ་བོ་རང་


LT08,P146B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། ཞེས་སོ། །འདི་མུ་སྟེགས་པ་རྣམས་ཀྱིས་རྟག་གཅིག་རང་དབང་ཅན་དུ་སྒྲོ་བཏགས་པ་ལྟར་དོན་དམ་པར་མ་གྲུབ་མོད། འཛིན་པ་དེས་ཐ་སྙད་ལ་འཇུག་པར་ནུས་པའི་ཕྱིར་བརྟགས་པ་ཙམ་དུ་མེད་པ་ནི་མིན་ཏེ། ང་ཐར་ལམ་དུ་འཇུག་པའི་ཐར་ལམ་ནི་འདི་ཉིད་དོ་ཞེས་སོགས་དང་ང་ཡིར་འཛིན་པའི་ཐ་སྙད་སྣ་ཚོགས་འཇིག་རྟེན་ལ་གྲགས་ཤིང་གནོད་པ་མེད་པའི་ཕྱིར་རོ། །འཇུག་པ་ལས། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ངའི་ཞེས་བསྟན་པ་ལྟར། །དེ་བཞིན་དངོས་ཀུན་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །གསུམ་པ་དེ་དགག་དགོས་པའི་རྒྱུ་མཚན་ནི། དེ་ལས་གཞན་ཤེས་ལྟ་ཀུན་འབྱུང་ཕྱིར་དགག །འདི་ཐ་སྙད་དུ་གྲུབ་ཀྱང་དོན་དམ་པར་མ་གྲུབ་པས་རིགས་པས་དགག་དགོས་ཏེ། འདི་ལ་ང་དང་ང་ཡིར་མངོན་པར་ཞེན་པ་ལ་བརྟེན་ནས་ལྟ་བ་ཉོན་མོངས་ཅན་དང་ཆགས་སོགས་ཉོན་མོངས་པ་ཐམས་ཅད་འབྱུང་བ་ཡིན་ཏེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །འདི་དག་དང་ནི་ཡོངས་འབྲེལ་བས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང༌། འཇུག་པ་ལས། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཞེས་དང༌། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བཤད་དོ། །བཞི་པ་གྲུབ་མཐའ་སོ་སོས་རྟོག་ཁྱད་ནི། རྟོགས་ཚུལ་ཁྱད་ལས་གྲུབ་མཐའ་བཞི་ཀས་རྟོགས། །སྟོང་པ་ཉིད་ཀྱི་དོན་དང་ཐ་སྙད་དབུ་མ་པ་ལས་གཞན་ལ་མེད་པས་རྟོགས་ཚུལ་སྤྱི་ཙམ་དང་མཐར་ཕྱིན་པར་རྟོགས་པའི་ཁྱད་པར་ལས་གང་ཟག་བདག་མེད་ཙམ་ནི་རང་སྡེའི་གྲུབ་


LT08,P147A
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་སྨྲ་བ་བཞི་ཀས་རྟོགས་པ་ཡིན་ཏེ། བྱེ་བྲག་སྨྲ་བའི་གཞུང་ལས་ཀྱང་གང་ཟག་བདག་མེད་ཡོངས་སུ་རྫོགས་པ་བསྟན་ན། མདོ་སྡེ་པས་ཁས་ལེན་པ་ལྟ་ཅི་སྨོས། དེའི་ཕྱིར་བྱེ་མདོ་གཉིས་ཀྱི་གཞུང་གིས་གཏན་ལ་ཕབ་པའི་གང་ཟག་གི་བདག་མེད་དེ་གོམས་པར་བྱས་པས་དེ་མངོན་སུམ་དུ་མཐོང་བ་དང༌། དེ་ཉིད་གོམས་པར་བྱས་པས་གང་ཟག་གི་བདག་ཏུ་འཛིན་པའི་ས་བོན་སྤངས་པའི་མྱང་འདས་མངོན་དུ་བྱེད་པར་ནུས་སོ། །འོན་ཀྱང་དེ་དག་གིས་བདག་མེད་གཉིས་པོ་དངོས་པོར་ཁས་ལེན་པ་ཡིན་ཏེ། དོན་དམ་པར་དོན་བྱེད་ནུས་པའི་རྒྱུ་མཚན་གྱིས་དོན་དམ་པའི་བདེན་པར་བཞག་པའི་ཕྱིར་རོ། །དེའི་ཚེ་གཉིས་པོའི་མཚན་གཞི་ཡང༌། ཁྱད་གཞི་ནང་གི་དངོས་པོའི་སྟེང་དུ་བྱེད་པ་པོའི་བདག་བཀག་པས་ཁྱད་པར་དུ་བྱས་པའི་ཆ་མེད་ཀྱི་དངོས་པོ་གཉིས་པོ་གང་རུང་དང༌། ཁྱད་གཞི་ཕྱི་རོལ་དོན་གྱི་སྟེང་དུ་རགས་པ་རྫས་གྲུབ་བཀག་པས་ཁྱད་པར་དུ་བྱས་པའི་རྡུལ་ཕྲ་རབ་ཀྱི་དངོས་པོའོ། །དབུ་མ་པས་དཔྱིས་ཕྱིན་པར་རྟོགས་པ་གཞིར་བཅས། སེམས་ཙམ་པས་ཀྱང་དེ་བཞིན་དུ་རྟོགས་པར་བཞེད་དོ། །ལྔ་པ་དབུ་མའི་རིགས་པས་གཏན་ལ་འབེབས་ཚུལ་ནི། ཕུང་ལྔ་བདག་མིན་བདག་ལ་དེ་མི་ལྡན། །གཅིག་ལ་གཅིག་མེད་རྣམ་པ་ཉི་ཤུའི་དོན། །སྒྲུབ་བྱེད་ཤིང་རྟའི་རིགས་པ་སོགས་ཀྱིས་བཀག །སྤྱིར་བདག་ཏུ་འཛིན་པའི་རྣམ་པར་རྟོག་པ་འདིའི་གང་ལ་དམིགས་པར་བྱ་བའི་ཡུལ་ནི། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་པོ་ཉིད་ཡིན་ལ་རྣམ་པ་ཡུལ་དེ་ལ་དམིགས་ནས་ང་བདག་ཏུ་ལྟ་བའི་འཛིན་སྟངས་ཀྱི་གཟུང་ཆ་ཅན་ནོ། །དེས་ན་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་གང་རུང་དེ་ལ་དུས་རྟག་ཏུ་བདག་ཏུ་འཛིན་པའི་འདུ་ཤེས་འཇུག་ཅིང༌། གནས་སྐབས་གཞན་དང་གཞན་དུ་རང་གི་གཉེན་དང་ཉེ་དུ་ཁང་ཞིང་སོགས་ལའང་བདག་ཏུ་རྟོག་པ་ཡོད་དེ། དེ་དག་ལ་གཞན་གྱིས་གནོད་པ་བྱས་ན་འདིས་


LT08,P147B
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་གནོད་པ་བྱས་སོ་ཞེས་རྟོག་པའི་ཕྱིར། འོན་ཀྱང་དེར་འཛིན་པའི་རྣམ་རྟོག་གི་འཛིན་སྟངས་ཀྱི་གཟུང་ཆ་ནི་དངོས་མེད་དོན་སྤྱི་ཡིན་ནོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་ངོར། གང་ཟག་གི་བདག་ཡོད་པར་ལྟ་ཞོག་ཐ་སྙད་དཔྱོད་བྱེད་ཀྱི་རིགས་པའི་ངོར་ཡང་གང་ཟག་གི་བདག་མེད་མོད། མ་བརྟག་མ་དཔྱད་པར་འཇིག་རྟེན་གྱི་གྲགས་ངོ་དང་བསྟུན་ནས། གང་ཟག་དང་སྐྱེས་བུ་ཡོད་པར་འདོད་པ་ཡིན་ཅིང༌། དེའང་རྫས་ཀྱི་དངོས་པོའི་དོན་དུ་ནམ་ཡང་ཡོད་པ་མ་ཡིན་ལ། དེའི་ཕྱིར་བདེན་པ་གཉིས་སུ་ཡོད་པ་མ་ཡིན་ཀྱང༌། ཡང་དག་ཀུན་རྫོབ་ཙམ་དུ་བཏགས་པར་ཡོད་པ་ཉིད་དུ་ཁས་ལེན་པ་ཡིན་ནོ། །དེའི་ཡུལ་དགག་པ་ལ། འཇིག་ལྟའི་ཡུལ་སྤྱིར་དགག་པའི་རིགས་པ་བཅུ་གཉིས་སོགས་གསུངས་ཀྱང་གཞན་དུ་ཤེས་པར་བྱ་ཞིང༌། འཇིག་ལྟ་ཉི་ཤུའི་ཡུལ་བྱེ་བྲག་ཏུ་དགག་པ་ནི། སྤྱིར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་སུ་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་ཞེས་གསུངས་པ་ནི། ཕུང་པོ་ལྔ་རེ་རེ་བཞིན་དུ་འཛིན་པ་སྡེ་ལྔ་དང༌། བདག་ལ་ཕུང་པོ་ལྔ་པོ་རེ་རེ་བཞིན་གྲོགས་སམ་འཁོར་གྱི་ཚུལ་གྱིས་ལྡན་པར་འཛིན་པ་སྟེ་བཅུ་དང༌། རྟེན་བདག་ལ་ཕུང་པོ་ལྔ་པོ་རེ་རེ་བཞིན་བརྟེན་པའི་ཚུལ་གྱིས་གནས་པར་འཛིན་པ་སྟེ་བཅོ་ལྔ་དང༌། རྟེན་ཕུང་པོ་ལྔ་པོ་རེ་རེ་ལ། བདག་རྟེན་པའི་ཚུལ་གྱིས་གནས་པར་འཛིན་པ་སྟེ་ཉི་ཤུའོ། །དེ་ཡང་བཤེས་སྤྲིང་ལས། གཟུགས་ནི་བདག་མ་ཡིན་ཞེས་བྱ་སྟེ་བདག །གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་མཛོད། །ཅེས་གསུངས་པ་ལྟར། ཕུང་པོ་ལྔ་རེ་རེ་ནས་དབྱེ་བས་བདག་མ་ཡིན། བདག་དངོས་མེད་ལ་ཕུང་ལྔ་དེ་མི་ལྡན། ཕུང་པོ་ལྔ་ལ་བདག་དང༌། བདག་ལ་ཕུང་པོ་ལྔ་སྟེ་གཅིག་ལ་གཅིག་མི་ལྡན་པས་རྣམ་པ་ཉི་ཤུས་བདག་མེད་པར་སྒྲུབ་བྱེད་སློབ་


LT08,P148A
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་ཤིང་རྟའི་རིགས་པ་སོགས་ཀྱིས་གང་ཟག་གི་བདག་འགོག་པར་མཛད་པ་གོང་དུ་སྨོས་པ་ལྟར་ཏེ། དེའང་རྣམ་པ་གསལ་བར་བརྗོད་ན། ཀ་མ་ཤཱི་ལའི་སྒོམ་རིམ་དང་པོ་ལས། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་སོ། །གང་ཟག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དང་དུ་མའི་ངོ་བོ་ཡིན་པའི་ཕྱིར་དང༌། གང་ཟག་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་དག་གིས་བརྟགས་པའི་ཕྱིར་རོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་ནི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་དང་ང་ཡི་ཞེས་བྱ་བ་འདི་ནི་འཁྲུལ་པ་ཁོ་ནའི་འོ་ཞེས་དཔྱད་པར་བྱའོ། །ཞེས་གསུངས་པ་ལྟར་ཏེ། རང་ལུས་ཉེར་ལེན་གྱི་ཕུང་པོ་ལ་སྒྲོ་བཏགས་ནས་ངའོ་སྙམ་དུ་རློམ་པའི་ངར་འཛིན་གྱི་བདག་འདི་བདེན་པར་གྲུབ་ན་གཟུགས་ལ་སོགས་པའི་ཕུང་པོ་རྣམས་དང་གཅིག་གམ་ཐ་དད། གལ་ཏེ་གཅིག་གམ་སྙམ་ན། མ་ཡིན་ཏེ། མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། ཕུང་པོ་ནི་མི་རྟག་པ་དང་དུ་མ་སྤུངས་པ་དང་གཞན་དབང་ཅན་ཡིན་ལ། བདག་ནི་རྟག་པ་དང་གཅིག་པུ་དང་རང་དབང་ཅན་དུ་འཛིན་པའི་ཕྱིར་རོ། །དེའང་ཕུང་པོ་རྣམས་ནི་འདུས་བྱས་མི་རྟག་པར་རིགས་པས་གྲུབ་ཅིང༌། བདག་ནི་སྔར་མཐོང་བ་ཉིད་ད་ལྟར་ངོ་ཤེས་པར་རློམ་པ་སོགས་རྟག་པར་འཛིན་པ་མྱོང་བས་གྲུབ་པའི་ཕྱིར་དང༌། ཕུང་པོ་རྣམས་གཟུགས་དང་ཚོར་བ་ལ་སོགས་པ་དུ་མར་རིགས་པས་གྲུབ་ཅིང༌། བདག་ནི་བདག་གཅིག་པུར་གནས་སོ་ཞེས་སོགས་གཅིག་པུར་འཛིན་པར་མྱོང་བས་གྲུབ་པའི་ཕྱིར་དང༌། ཕུང་པོ་རྣམས་ནི་སྐྱེ་འཇིག་གི་གཞན་དབང་ཅན་དུ་རིགས་པས་གྲུབ་ཅིང༌། བདག་ནི་ཁ་ནང་དུ་ཕྱོགས་ཏེ་ངའོ་ཞེས་རང་དབང་ཅན་དུ་འཛིན་པར་མྱོང་བས་


LT08,P148B
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་ལས་ཐ་དད་དུ་གྲུབ་བོ་སྙམ་ན་དེའང་མ་ཡིན་ཏེ། ཕུང་པོ་ལས་གཞན་པ་ལ་ངར་འཛིན་མི་འཇུག་པའི་ཕྱིར་དང༌། ཕུང་པོའི་མཚན་ཉིད་དང་བྲལ་བས་དངོས་པོ་མེད་པར་འགྱུར་ཞིང་དངོས་པོ་མེད་ན་དོན་བྱེད་ནུས་པ་དང་འགལ་བའི་ཕྱིར་རོ། །དེ་ལྟར་དུ། རྩ་ཤེ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོ། །གཞན་ཡང་དངོས་པོ་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྟེ་ཕུང་པོ་ལྔ་པོ་འདི་ཙམ་དུ་ཟད་ལ། དེ་དག་ལས་ཐ་དད་པའི་བདག་ནི་རེ་ཞིག་མངོན་སུམ་གྱིས་མ་དམིགས་ཏེ། མིག་ལ་སོགས་པའི་དབང་ཤེས་རྣམས་ནི་གཟུགས་སོགས་ཕྱིའི་སྐྱེ་མཆེད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དང༌། རང་རིག་པའང་ཤེས་པའི་ཡུལ་ཅན་ཡིན་པའི་ཕྱིར་བདག་ལ་དམིགས་པར་མི་རིགས་སོ། །ཕུང་པོ་ལས་མ་གཏོགས་པའི་བདག་གི་རང་བཞིན་དང་འབྲས་བུ་གང་ཡང་མ་མཐོང་བའི་ཕྱིར་གཏན་ཚིག་མེད་པས་རྗེས་སུ་དཔག་པས་ཀྱང་མ་གྲུབ་བོ། །གལ་ཏེ་ངའོ་སྙམ་པའི་བློ་འདི་བདག་གི་ཡུལ་ཅན་ཚད་མ་ཡིན་ནོ་སྙམ་ན། འདི་ནི་མངོན་པར་ཞེན་པའི་བདག་ཉིད་ཀྱི་རྟོག་པ་ཡིན་པས་མངོན་སུམ་མ་ཡིན་ལ། གཏན་ཚིག་འགའ་ལའང་མ་བརྟེན་པའི་ཕྱིར་རྗེས་དཔག་ཀྱང་མ་ཡིན་ནོ། །འོན་ཀྱང་ཐོག་མ་མེད་པ་ནས་གོམས་པའི་དབང་གིས་རྒྱུ་མཚན་མེད་པར་ངའོ་སྙམ་པར་རློམ་པ་ཙམ་དུ་ཟད་དེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །དེས་ན་ཕུང་པོའི་ཚོགས་པ་ཙམ་ལ་བརྟེན་ནས་བདག་དང་གང་ཟག་སོགས་སུ་བཏགས་ཀྱི། ཡང་དག་པའི་ཤེས་རབ་ཀྱིས་དཔྱད་ན་བདག་གི་དངོས་པོ་ཅུང་ཟད་ཀྱང་མ་གྲུབ་སྟེ། མདོ་ལས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་དག་བདག་གོ་སྙམ་དུ་རྗེས་སུ་


LT08,P149A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལའོ། །དེ་ལྟ་བས་ན་བདག་ཏུ་འཛིན་པ་ཐམས་ཅད་ནི་བདག་མེད་པ་ཁོ་ན་ལ་ཡིན་ནོ། །ཞེས་དང༌། དེ་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། །དེ་ལྟར་དཔྱད་པས་བདག་རང་བཞིན་གྱིས་གྲུབ་པ་ཁེགས་ན་བདག་གི་བ་རང་བཞིན་གྱིས་གྲུབ་པའང་ཁེགས་པར་འགྱུར་ཏེ། མོ་གཤམ་གྱི་བུ་མ་དམིགས་ན་དེའི་བདག་གི་བ་མིག་སོགས་མི་དམིགས་པ་བཞིན་ཏེ། རྩ་ཤེ་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་དང༌། འཇུག་པ་ལས། གང་ཕྱིར་བྱེད་པོ་མེད་ཅིང་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བས། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་སོ། །དབུས་མཐར་གང་ཟག་བདག་ལྟ་རྣམ་པ་བཅུ། །གཉེན་པོར་མཁས་པ་བཅུ་སོགས་རིགས་གཞན་མང༌། །རྒྱལ་ཚབ་བྱམས་པའི་གཞུང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། བདག་ཏུ་ལྟ་བའི་ཚུལ་རྣམ་པ་བཅུ་གསུངས་པ་ནི། གང་ཟག་གི་བདག་གཅིག་པུར་འཛིན་པ་དང༌། དེས་དངོས་པོ་གཞན་དང་གཞན་སྐྱེད་པར་བྱེད་པའི་རྒྱུར་ལྟ་བ་དང༌། ཡུལ་ལ་སྤྱོད་པའི་ཟ་བ་པོར་ལྟ་བ་དང༌། བྱེད་པ་པོར་ལྟ་བ་དང༌། ཡུལ་ལ་དབང་སྒྱུར་བ་པོར་ལྟ་བ་དང༌། རྟག་པར་ལྟ་བ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་གནས་ཏེ་རྟེན་དུ་ལྟ་བ་དང༌། རྣལ་འབྱོར་ཅན་དུ་ལྟ་བ་དང༌། གྲོལ་བ་དང་མ་གྲོལ་བར་ལྟ་བ་སྟེ་བཅུ་པོ་འདི་དག་གང་ཟག་གི་བདག་ཏུ་ལྟ་བ་ཡིན་ལ། དེ་དག་གི་གཉེན་པོ་མཁས་པ་རྣམ་པ་བཅུར་གསུངས་སོ། །དེའང་དང་པོའི་གཉེན་པོར་ཕུང་པོ་ལ་མཁས་པ་སྟེ། དེ་ནི་དུ་མ་སྣ་ཚོགས་པ་འདུས་པའི་རང་བཞིན་


LT08,P149B
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་གཅིག་ཏུ་ལྟ་བའི་གཉེན་པོར་འགྱུར་བ་ཡིན་ནོ། ཁམས་ལ་མཁས་པ་ནི། གཉིས་པའི་གཉེན་པོར་འགྱུར་བ་ཡིན་ཏེ། ཁམས་ནི་རྒྱུའི་དོན་ཡིན་པས་ཁམས་བཅོ་བརྒྱད་ལ་མཁས་པ་ནི། བདག་རྒྱུར་ལྟ་བའི་གཉེན་པོར་འགྱུར་རོ། །སྐྱེ་མཆེད་ལ་མཁས་པས་ནི་གསུམ་པའི་གཉེན་པོར་འགྱུར་བ་ཡིན་ཏེ། ཡུལ་ལ་ལོངས་སྤྱོད་པའི་བདག་ཡོད་པ་མ་ཡིན་ཏེ། སྐྱེ་མཆེད་བཅུ་གཉིས་པོ་རྣམས་ཀྱི་རྟེན་འབྲེལ་ལས་ཡུལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །རྟེན་འབྲེལ་ལ་མཁས་པ་ནི་བཞི་པའི་གཉེན་པོར་འགྱུར་བ་ཡིན་ཏེ། བདག་གིས་བྱེད་པ་མ་ཡིན་གྱི་རྒྱུ་རྐྱེན་རྟེན་འབྲེལ་ཙམ་གྱི་སྣང་བ་ལས་བྱུང་བའི་ཕྱིར་རོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི་ལྔ་པའི་གཉེན་པོར་འགྱུར་བ་ཡིན་ཏེ། དངོས་པོ་འདི་རྣམས་གང་ལའང་བདག་གིས་དབང་སྒྱུར་བ་མ་ཡིན། མཐུན་པའི་རྒྱུ་འབྲས་ཀྱི་རྗེས་སུ་འགྲོ་བའི་ཕྱིར། དབང་པོ་ལ་མཁས་པས་དྲུག་པའི་གཉེན་པོར་འགྲོ་བ་ཡིན་ཏེ། གང་ཟག་ནི་བདག་པོའི་རྐྱེན་མ་ཡིན་གྱི་དབང་པོ་ཉི་ཤུ་རྩ་གཉིས་པོ་རྣམས་ཀྱི་བདག་པོའི་རྟེན་བྱེད་པའི་ཕྱིར་རོ། །དུས་ལ་མཁས་པ་ནི་བདུན་པའི་གཉེན་པོར་འགྱུར་བ་ཡིན་ཏེ། བདག་ནི་རྟག་པ་མ་ཡིན་ཏེ་དུས་གསུམ་གྱིས་སྐྱེ་འགག་བྱེད་པའི་ཕྱིར། བདེན་བཞི་ལ་མཁས་པས་བརྒྱད་པའི་གཉེན་པོར་བྱེད་པ་ཡིན་ཏེ། གང་ཟག་གི་བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་མ་ཡིན་གྱི་བདེན་པ་དང་པོ་གཉིས་ཀུན་ནས་ཉོན་མོངས་ཀྱི་གནས་དང་ཕྱི་མ་གཉིས་རྣམ་པར་བྱང་བའི་གནས་ཡིན་པའི་ཕྱིར་རོ། །ཐེག་པ་ལ་མཁས་པ་ནི་དགུ་པའི་གཉེན་པོར་འགྱུར་བ་དང༌། འདུས་བྱས་དང་འདུས་མ་བྱས་ལ་མཁས་པས་ནི། བཅུ་པའི་གཉེན་པོར་འགྱུར་བ་ཡིན་ཏེ། དེ་ལ་སོགས་པའི་རིགས་པ་གཞན་ཡང་མང་བས་གཞུང་ལུགས་རྣམས་སུ་ཤེས་པར་བྱའོ། །གསུམ་པ་བདག་མེད་གཉིས་ཀ་དང་འབྲེལ་བའི་རྣམ་གྲངས་བཤད་པ་ལ་ལྔ། དེ་


LT08,P150A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཅིག་དང་ཐ་དད་བརྟག་པ། གཉིས་སུ་བཤད་པའི་དགོས་པ། དེ་གཉིས་ཀྱི་དགག་བྱ། ངེས་བྱེད་ཀྱི་ཚད་མ། རིགས་པ་ཡང་དག་ལ་དཔྱད་པའོ། །དང་པོ་ནི། ཆོས་ཀུན་བདག་མེད་ཡིན་ཕྱིར་ངོ་བོ་ལ། །དབྱེར་མེད་དག་བྱ་བདེན་གྲུབ་ང་བདག་གཉིས། །ལོག་པའི་ཆ་ནས་དེ་དང་དེ་རུ་འཇོག །གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པ་ཡིན་ལ། དེའི་རྒྱུ་མཚན་ཡང༌། སྣང་གྲགས་ཀྱི་ཆོས་ཀུན་བདག་མེད་པ་ཡིན་པའི་ཕྱིར། ངོ་བོའི་སྒོ་ནས་དབྱེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལྟ་བུ་ཁྱད་གཞིའི་ཆོས་ཞིག་དངོས་པོ་འཛིན་དུ་མེད་ཀྱང༌། རེ་ཞིག་བཏགས་པ་ཙམ་གྱི་དབང་དུ་བྱས་ནས་ཁྱད་གཞིའི་ངོས་བཟུང་ན། བུམ་པ་ལྟ་བུ་ཞིག་ལ་ང་དང་བདག་ནམ་དུ་ཡོད་པ་མ་ཡིན་པ་ནི་གང་ཟག་གི་བདག་མེད་དང༌། བུམ་པ་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པ་ནི་ཆོས་ཀྱི་བདག་མེད་དང༌། དེའི་བདག་མ་གྲུབ་པ་དང༌། བདེན་པར་མ་གྲུབ་པ་གཉིས་ལ་ངོ་བོ་དབྱེ་བ་མེད་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་གང་ཟག་གི་བདག་མེད་ཀྱང་ཡིན། ཆོས་ཀྱི་བདག་མེད་ཀྱང་ཡིན་ཡང༌། དགག་བྱ་ང་བདག་ལོག་པའི་ལྡོག་ཆ་ནས་གང་ཟག་གི་བདག་མེད་དང་དགག་ཆ་བདེན་གྲུབ་ལོག་པའི་ལྡོག་ཆ་ནས་ཆོས་ཀྱི་བདག་མེད་དེ། དགག་བྱ་ལོག་ཚུལ་གྱི་སྒོ་ནས་དེ་དང་དེ་རུ་འཇོག་པ་སྟེ་ལྡོག་པས་དབྱེ་བ་ཡིན་ནོ། །གཉིས་པ་གཉིས་སུ་བཤད་པའི་དགོས་པ་ནི། དགོས་པ་རིགས་ཅན་གཉིས་པོ་རྗེས་བཟུང་ཕྱིར། །བདག་མེད་གཉིས་ངོ་བོ་དབྱེ་བ་མེད་ན་གཉིས་སུ་རྣམ་པར་དབྱེ་བའི་དགོས་པ་ཅི་ཞེ་ན། དེའི་རྒྱུ་མཚན་ནི་ཐེག་པ་ཆུང་ངུ་ཉན་རང་གི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་གང་ཟག་གི་བདག་མེད་དང་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་རིགས་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་ཆོས་ཀྱི་བདག་མེད་པ་རྒྱལ་བས་གསུངས་པ་ཡིན་ནོ། །


LT08,P150B
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ཐེག་པ་ཆུང་ངུའི་རིགས་ཅན་རྣམས་ལ་གང་ཟག་གི་བདག་མེད་པ་ངེས་པར་སྟོན་དགོས་པ་ཡིན་ཏེ། དེ་མ་བསྟན་ན་འཁོར་བ་ལས་གྲོལ་བ་མེད་པའི་ཕྱིར་དང༌། དེ་ལས་ལྷག་པའི་ཆོས་ཀྱི་བདག་མེད་སྟོན་པའི་སྣོད་དང་མི་ལྡན་པས་དེ་ལ་བསྟན་ཡང་དགོས་པ་མེད་པའི་ཕྱིར། གང་ཟག་གི་བདག་མེད་ཙམ་བསྟན་པ་ཡིན་ལ། ཐེག་པ་ཆེན་པོའི་རིགས་ཅན་རྣམས་ནི་ཐམས་ཅད་མཁྱེན་པ་ཐོབ་དགོས་པ་དེའི་ཕྱིར་དུ་ཆོས་ཀྱི་བདག་མེད་བསྟན་པ་ཡིན་ནོ། །གསུམ་པ་དེ་གཉིས་ཀྱི་དགག་བྱ་ལ་དཔྱད་པ་ནི། དགག་བྱའི་ཡུལ་དངོས་ཤེས་བྱར་མི་སྲིད་ཀྱང༌། །ཡུལ་ཅན་འཁྲུལ་པས་དེ་དེར་འཛིན་ལ་བཏགས། །བདག་མེད་པ་གཉིས་པོ་འདིའི་ཡུལ་གྱི་དགག་བྱ་དངོས་ཤེས་བྱ་ལ་མི་སྲིད་པ་ཡིན་ཏེ། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་ཡོད་པ་མི་སྲིད་ཅིང༌། དེ་བཞིན་དུ་སྣང་གྲགས་ཀྱི་ཆོས་གང་ལའང་རང་བཞིན་གྱིས་གྲུབ་པའམ། བདེན་པར་གྲུབ་པའི་ཆོས་ཞིག་མི་སྲིད་པས་སོ། །འོན་ཀྱང་ཡུལ་ཅན་གྱི་བློ་འཁྲུལ་པས་དེ་དང་དེར་འཛིན་པ་ནི་བདག་མེད་གཉིས་ཀྱི་དགག་བྱ་སྟེ། མེད་པ་ལ་ཡོད་པར་འཛིན་པའི་ལོག་རྟོག་ཡིན་པའི་ཕྱིར་དེ་ལྡོག་པར་བྱེད་པའོ། །དེས་ན་ཡུལ་གྱི་དགག་བྱ་དངོས་མི་སྲིད་པས་སྤང་རྒྱུ་མེད་ཅིང་ཡུལ་ཅན་གྱི་དགག་བྱ་ལོག་པར་རྟོག་པ་དེ་ལྟ་བུ་སྤོང་བ་ལ། བདག་འགོག་པར་བྱེད་པ་ཞེས་བཤད་པ་ཡིན་ནོ། །དགག་བྱ་ཡུལ་དངོས་གནས་ལ་གྲུབ་པ་ཞིག་ཡིན་ན། འབད་པ་ཇི་ཙམ་བྱས་ཀྱང་དེ་སྤང་ནུས་པ་མ་ཡིན་ཏེ། དངོས་གནས་ལ་ཡོད་པ་སུས་ཀྱང་དགག་པར་མི་ནུས་ཤིང༌། དངོས་གནས་ལ་མེད་པ་ཞིག་སུས་ཀྱང་སྒྲུབ་མི་ནུས་པས་སོ། །བཞི་པ་ངེས་བྱེད་ཀྱི་ཚད་མ་ནི། རིག་ཤེས་རྗེས་དཔག་བསམ་བྱུང་ཁྱད་པར་ཅན། །དོན་དམ་ངེས་བྱེད་ཚད་མའི་དང་པོ་སྟེ། །གཏན་ཚིག་ལ་བརྟེན་གསལ་བའི་རིགས་བསྡུ་ན། །དགག་རྟགས་འབྲེལ་ཟླ་མ་དམིགས་འགལ་ཟླ་དམིགས། །


LT08,P151A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་རིགས་ཤེས་རྗེས་དཔག་གི་བསམ་བྱུང་ཁྱད་པར་ཅན་ནི་དོན་དམ་བདེན་པ་ངེས་བྱེད་ཚད་མ་རྣམས་ཀྱི་དང་པོ་ཡིན་ཏེ། དེའང་གཏན་ཚིག་ལ་བརྟེན་ཅིང་དེ་ལ་གསལ་བའི་དབྱེ་བ་མང་ཡང་རིགས་བསྡུ་ན། ཐམས་ཅད་ཀྱང་དོན་ལ་དགག་བྱ་བདེན་པ་འགོག་པའི་དགག་རྟགས་ཁོ་ནར་ངེས་པའི་ཕྱིར་རྟོག་གེ་དང་སྒོ་བསྟུན་ན་སྒྲུབ་རྟགས་མི་སྲིད་པ། དཔེར་ན་སྒྱུ་མ་ལྟ་བུ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའང་དངོས་བསྟན་སྒྲུབ་རྟགས་ལྟར་སྣང་ཡང་དོན་དམ་ངེས་བྱེད་དུ་མི་འགྲོ་ཞིང་བསྒྲུབ་བྱར་སོང་ཚོད་ནི་བདེན་སྟོང་ཉིད་ཡིན་ནོ། །དགག་རྟགས་ལ་འབྲེལ་ཟླ་མ་མཆིས་པ་དང་འགལ་ཟླ་དམིགས་པ་གཉིས་ལ་རྟེན་འབྲེལ་གྱི་རྟགས་ནི་ཕྱི་མ་དང་གཞན་རྣམས་སྔ་མ་ཡིན་ནོ། །ལྔ་པ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡང་དག་བཤད་པ་ནི། དོན་དམ་དཔྱོད་བྱེད་རིགས་པ་ཀུན་གྱི་གནད། ཁྱད་གཞི་བཟུང་ནས་ངོ་བོ་མ་འགལ་དང༌། ཁྱད་ཆོས་འགལ་བ་ཚོལ་ཞིང་དཔྱོད་པ་ཡིན། །དེ་ཕྱིར་ངོ་བོ་འགོག་པ་གཅིག་དུ་བྲལ། ཁྱད་པར་འགོག་པ་མཐའ་བཞི་སྐྱེ་འགོག་གཉིས། །གཙོ་བོ་ཡིན་ཏེ་གཞན་དག་ཡན་ལག་ཙམ། །ཀུན་གྱི་རྩ་བ་དབུ་མའི་མཆོད་བརྗོད་དོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཀུན་གྱི་གནད་ནི། དང་པོ་ཁྱད་གཞི་གང་དང་གང་ཡིན་པ་ཞིག་བཟུང་ནས། དེ་དང་དེའི་ངོ་བོ་མ་འགལ་བ་འཚོལ་བ་དང༌། དེ་དང་དེའི་ཁྱད་པར་སོགས་འགལ་བ་འཚོལ་བར་བྱེད་པ་ཡིན་ཏེ། དཔེར་ན་བུམ་པའི་མཚན་ཉིད་དམ། ངོ་བོ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ཡིན་ཞེས་བཤད་པ་ན། བུམ་པའི་ཁ་ཡང་ལྟོ་བ་ལྡིར་བ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར་ཞེས་སོགས་དཔྱོད་པར་བྱེད་པའོ། །དེའི་ཕྱིར་གཏན་ཚིགས་རྣམས་ལས་ཕྱི་རོལ་གྱི་དོན་དང་ནང་ཤེས་པ་གཉིས་ཅར་བདེན་མེད་དུ་གཏན་ལ་འབེབས་ནུས་པ་ནི། ངོ་བོ་འགོག་པ་གཅིག་དུ་བྲལ་དང༌། ཁྱད་པར་འགོག་པ་


LT08,P151B
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བཞི་སྐྱེ་འགོག་གཉིས་གཙོ་བོ་ཡིན་ཅིང༌། དབུ་མའི་གཞུང་གི་གཏན་ཚིགས་ཀྱི་རྣམ་གྲངས་གཞན་དག་མང་དུ་བཤད་པ་རྣམས་ནི་དེ་དག་གི་ཡན་ལག་ཙམ་ཡིན་ལ། གཏན་ཚིགས་དེ་ཀུན་གྱི་རྩ་བ་ལྟ་བུ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མའི་མཆོད་བརྗོད་དུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །ཞེས་གསུངས་པ་ལྟར། རྩ་བའི་གཏན་ཚིགས་རྣམ་པ་བཞི་ཡོད་པ་ཡིན་ཏེ། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། མཐར་འགག་པ་དང༌། བར་དུ་གནས་པ་མེད་དེ། དང་པོར་མ་སྐྱེས་པའི་ཕྱིར། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། ཐ་དད་དུ་གྲུབ་པ་མིན་ཏེ། གཅིག་པ་མེད་པའི་ཕྱིར་དང༌། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། འོང་བ་མེད་དེ། སོང་བ་མ་གྲུབ་པའི་ཕྱིར་དང༌། ཡང་ཕྱི་ནང་གི་དངོས་པོ་འདི་རྣམས་ཆོས་ཅན། ཆད་པ་མེད་དེ། རྟག་པ་མེད་པའི་ཕྱིར། ཅེས་བཀོད་པ་བཞི་པོ་འདི་རྣམས་རྩ་བའི་གཏན་ཚིགས་བླ་ན་མེད་པ་ཡིན་ནོ། །བཞི་པ་དཔྱད་དོན་དབུ་མ་སོ་སོའི་ལུགས་ངེས་པར་བྱེད་པ་ལ་གཉིས། རང་སྟོང་དང༌། གཞན་སྟོང་ངོ༌། །དང་པོ་ནི། རང་རྒྱུད་ལུགས་སུ་དངོས་ཀུན་བདེད་མེད་སྒྲུབ། །དེར་ཞེན་རྟོག་སྤོང་སྟོང་ཉིད་སྒྲུབ་པར་བྱེད། །ཐལ་འགྱུར་སྤྲོས་འགོག་སྤྲོས་བྲལ་སྒྲུབ་མི་བྱེད། །རིགས་པ་དེ་དག་གིས་དཔྱོད་ཅིང་ལྟ་བ་གཏན་ལ་འབེབས་པའི་ཚུལ་ལ། དབུ་མ་རང་རྒྱུད་པ་རྣམས་ཀྱིས། ཐོག་མར་དངོས་པོ་ཐམས་ཅད་བདེན་མེད་དུ་སྒྲུབ་པར་བྱེད་དེ། དེའི་འོག་ཏུ་བདེན་མེད་དུ་ཞེན་པའི་རྟོག་པ་དེ་ཡང་སྤང་བྱར་ཤེས་ནས་བདེན་མེད་དམ་སྟོང་ཉིད་དེ་སྟོང་པ་ཉིད་དུ་ཐག་གཅོད་ཅིང་སྒྲུབ་པར་བྱེད། དེ་ལྟར་ཡོད་མེད་ཀྱི་མཐའ་གཉིས་ཀ་སེལ་བའི་ཤེས་རབ་དེ་ཡང་ལྟ་བ་མཐར་ཕྱིན་པ་ནི་མིན་ཏེ་རྟོག་པ་དང་བཅས་པས་སོ། །


LT08,P152A
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་འགྱུར་བས་སྤྲོས་པའི་ཚོགས་རིགས་པའི་རྣམ་གྲངས་མང་པོས་འགོག་པར་བྱེད་ཀྱི་སྤྲོས་མེད་དུ་སྒྲུབ་པར་ནི་མི་བྱེད་དེ། དེ་ལྟར་བྱས་ན་གསོར་མི་རུང་བའི་དུག་ཏུ་འགྱུར་བས་སོ། །དེ་དག་གི་དོན་ཅུང་ཟད་གོང་དུ་སྨོས་པ་ལྟར་རོ། །གཉིས་པ་ནི། ཁྱད་པར་ཐུན་མིན་རྣལ་འབྱོར་སྤྱོད་པའི་ལུགས། །སེམས་ལས་གཞན་མེད་སེམས་ཀྱང་མེད་པར་རྟོགས། །གཉིས་མེད་ཆོས་དབྱིངས་རྡོ་རྗེའི་གནས་བདུན་པ། །དབུ་མའི་གྲུབ་མཐའ་སྨྲ་བ་རྣམས་ལས་ཁྱད་པར་ཐུན་མིན་གྱི་གནད་གསང་མང་པོས་བརྒྱན་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱིས་ལྟ་བ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚུལ་ནི། རྒྱལ་ཚབ་ཆེན་པོས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ལྟར། ཐོག་མར་ཆོས་ཐམས་ཅད་སེམས་ཁོ་ན་ལས་གཞན་ནམ་གུད་ནས་མ་གྲུབ་པར་ཐག་གཅོད། དེའི་རྟགས་ཀྱིས་གཟུང་བ་རང་བཞིན་མེད་པར་གྲུབ། དེ་ནས་འཛིན་པའང་རང་བཞིན་མེད་པར་ཐག་བཅད་ནས་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཆོས་ཀྱི་དབྱིངས་དྲི་མ་མེད་ཅིང་འོད་གསལ་བའི་རང་བཞིན་རྡོ་རྗེའི་གནས་བདུན་དང་ལྡན་པ་དེ་ཉིད་གཏན་ལ་འབེབས་པའོ། །དེ་ཉིད་བསམ་བྱུང་གིས་ངེས་པའི་དོན་ཅུང་ཟད་སྨོས་ན། སེམས་ཅན་སངས་རྒྱས་ཀུན་གྱི་སྙིང་པོ་སྟེ། །གང་ཟག་བདག་དང་མི་མཚུངས་སྤྲོས་པ་བྲལ། །འཁོར་འདས་དབྱེར་མེད་བདག་མེད་ཙམ་ལས་གྲོལ། །སྣང་བཅས་སྣང་མེད་རྟེན་འབྲེལ་ལས་ཀྱང་འདས། དེ་བཞིན་ཉིད་དམ་བདེ་གཤེགས་སྙིང་པོ་ཞེས་བྱ་བ་དེ་ཉིད་སེམས་ཅན་དང་སངས་རྒྱས་སོགས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ཁྱབ་ཅིང་བཞུགས་ཀྱང༌། སེམས་ཅན་རྣམས་ལ་སྙིང་པོའི་ཚུལ་དང༌། སངས་རྒྱས་རྣམས་ལ་མངོན་སུམ་གྱི་ཚུལ་གྱིས་བཞུགས་པས་


LT08,P152B
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་སྙིང་པོ་ཞེས་ཀྱང་བྱ་སྟེ་ངོ་བོ་མི་འགྱུར་བའི་ཕྱིར་རོ། །རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་དང་རྣམ་པ་ཀུན་ཏུ་མཚུངས་པ་མ་ཡིན་ཏེ་སྤྲོས་པའི་མཐའ་དང་བྲལ་བས་སོ། །རང་གི་ངོ་བོ་ལ་འཁོར་འདས་གཉིས་སུ་དབྱེར་མེད་ཀྱང་གནས་སྐབས་ལ་ལྟོས་ནས་གསུམ་དུ་རྣམ་པར་གཞག་ཅིང༌། གང་ཟག་གི་བདག་མེད་སྟོང་པར་ལྟ་བ་ཙམ་ལས་ཀྱང་གྲོལ་བ་དོན་དམ་བདེན་གཅིག་ཏུ་གདོད་ནས་གྲུབ་པ་དང༌། སྣང་བཅས་སྣང་མེད་དམ་དངོས་པོ་དང་དངོས་མེད་གཉིས་ཅར་ལས་གྲོལ་བས་འདུས་མ་བྱས་དངོས་དོན་དམ་བདེན་པའི་འདུས་མ་བྱས་ཞེས་བྱ་ཞིང༌། དོན་དམ་དེ་ཉིད་རྟེན་འབྲེལ་ལས་ཀྱང་འདས་པར་གསུངས་པས་དོན་དམ་རྟེན་འབྲེལ་དུ་བཞག་པ་མ་ཡིན་ནོ། །གློ་བུར་སྐྱོན་སྟོང་བླ་མེད་ཆོས་མི་སྟོང༌། །བསལ་བཞག་བྱར་མེད་རང་བྱུང་རིག་པས་རྟོགས། །སྙིང་པོ་དེ་ཉིད་གློ་བུར་གྱི་སྐྱོན་ནམ་དྲི་མ་ཐམས་ཅད་ཀྱིས་སྟོང་ཞིང་བླ་མེད་ཡོན་ཏན་གྱི་ཆོས་རྣམས་ཀྱིས་མི་སྟོང་པར་ལྷུན་གྲུབ་ཏུ་ལྡན་པའི་ཕྱིར། ངོ་བོ་ལ་ལྟོས་ནས་དྲི་མ་བསལ་བ་དང་ཡོན་ཏན་བཞག་ཏུ་མེད་པ་དེ་ཉིད་ཐོས་པ་དང་བསམ་པ་ཕྱོགས་རེ་བ་ཙམ་གྱིས་རྟོགས་པ་མ་ཡིན་ཏེ་སྒོམ་པ་ལས་བྱུང་བ་སོ་སོ་རང་གིས་རིག་པའམ་རང་བྱུང་གི་རིག་པ་དྲི་མ་མེད་པས་རིམ་གྱིས་རྟོགས་པར་གསུངས་སོ། །སོ་སྐྱེ་ཉན་རང་བྱང་སེམས་དང་པོ་པས། །བདེ་གཤེགས་སྙིང་པོ་ལྟ་བར་མི་དབང་གསུངས། །རྗེས་དཔག་ཡུལ་མིན་སྒྲ་རྟོག་ལས་འདས་ཕྱིར། །ཚུལ་དེ་འཕགས་ལས་གཞན་བློར་ཆུད་དཀའ་བས། །རྩོད་པའི་ཆོས་གྱུར་འདིར་ནི་མ་སྤྲོས་སོ། །ཚུལ་དེ་ཤིན་ཏུ་རྟོགས་དཀའ་བ་ཡང༌། །རྒྱུད་བླ་མའི་འགྲེལ་བར། མདོར་བསྡུ་ན་གང་ཟག་བཞི་པོ་འདི་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བ་ལ་མིག་དང་མི་ལྡན་པར་བཞག་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་


LT08,P153A
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི། འཇིག་ཚོགས་ལ་ལྟ་བར་ལྟུང་བ་རྣམས་དང༌། ཕྱིན་ཅི་ལོག་ལ་མངོན་པར་དགའ་བ་རྣམས་དང༌། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། རང་ཅག་སོ་སྐྱེའི་ས་ལ་གནས་པ་རྣམས་མ་ཟད་ཉན་རང་དང་ཐེག་པ་ཆེན་པོ་ལ་གསར་དུ་ཞུགས་པ་བྱང་སེམས་ལས་དང་པོ་པ་ཚོགས་ཀྱི་ལམ་ལ་གནས་པ་རྣམས་ཀྱིས་ཀྱང་བདེ་གཤེགས་སྙིང་པོའི་ཆོས་ཉིད་ལྟ་བར་མི་དབང་བ་ཐུབ་པའི་དབང་པོ་དང་རྒྱལ་ཚབ་རྗེ་ལ་སོགས་པས་གསལ་བར་གསུངས་པས་ན། དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་དང་རིག་ཤེས་རྗེས་སུ་དཔག་པ་སོགས་རྟོག་གེའི་ཐ་སྙད་དང་རིགས་པས་གཞལ་བར་བྱ་བའི་ཡུལ་མ་ཡིན་ཏེ་གནས་ལུགས་དེ་ནི་སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་ལྟ་བས་ན་སྙིང་པོའི་ཚུལ་སྒྲ་ཇི་བཞིན་པ་དེ་ནི་སངས་རྒྱས་དང་བྱང་སེམས་འཕགས་པ་ལས་གཞན་གྱི་བློར་ཆུད་དཀའ་ཞིང་སྒྲ་རྟོག་གི་ཡུལ་དུ་འགལ་འདུ་ལྟར་སྣང་བས། དུས་སྐབས་འདིའི་དབུ་མ་པར་གྲགས་པའི་རྟོག་གེ་ཕྱོགས་ཙམ་རིག་པ་བསོད་ནམས་ཆུང་ཞིང་བློ་གྲོས་ཟབ་མོ་དང་མི་ལྡན་པ་རྣམས་ཀྱི་སྣང་ངོར་གནས་ལུགས་ཇི་ཙམ་ཟབ་པ་དེ་ཙམ་དུ་སྒྲོ་སྐུར་གྱི་གཞི་སྐྱེད་ཅིང་རྟོན་པ་བཞི་ཕྱིན་ཅི་ལོག་ཏུ་གྱུར་ནས་རྩོད་པའི་ཆོས་སུ་གྱུར་པའི་ཕྱིར། ལུགས་འདིའི་གྲུབ་མཐའི་གནད་གསང་རྣམས་འདིར་ནི་མ་སྤྲོས་པ་རྟོགས་པར་འདོད་ན་རྒྱ་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལུགས་ལས་རྟོགས་པར་བྱའོ། །ལྔ་པ་ཤིང་རྟ་གཉིས་ཀྱི་དགོངས་པ་གཅིག་ཏུ་ཆུབ་པར་གདམས་པ་ནི། ཤིང་རྟའི་སྲོལ་གཉིས་སོ་སོའི་ཚུལ་རྟོགས་ནས། །དགོངས་པ་གཅིག་ཆུབ་སྒྲོ་སྐུར་ཉེས་ལས་གྲོལ། །མདོ་རྒྱུད་ལྟ་བའི་དྲི་མེད་མིག་ལྡན་


LT08,P153B
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །རྒྱལ་བས་ལུང་བསྙོན་མེད་དུ་བསྟན་ཅིང་འཕགས་པའི་ས་ལ་བཞུགས་པ་རྩོད་པ་མེད་པ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ཤིང་རྟ་ཆེན་པོ་ཀླུ་ཐོགས་གཉིས་དང༌། དེ་དག་གི་དགོངས་པ་ལ་མཆོག་དམན་གྱི་ཁྱད་པར་གཏན་ནས་མེད་ཀྱང༌། །དེ་ལྟར་སྣང་བ་ནི། རང་ཉིད་སྐལ་པ་དམན་ཅིང་བློ་གྲོས་ཕུར་ཁུང་ཐུག་པ་སྟེ། དེས་ན་ཤིང་རྟའི་སྲོལ་འབྱེད་གཉིས་སོ་སོའི་གཞུང་ལུགས་ཀྱི་ཚུལ་ཡང་མ་འདྲེས་པར་རྟོགས་ལ། གཉིས་ཀའི་དགོངས་པ་མཐར་ཐུག་དབུ་མའི་དོན་གཅིག་ཏུ་གནས་པར་རྟོགས་ཤིང་ཆུབ་ན་སྒྲོ་སྐུར་གྱི་ཉེས་པ་དུ་མ་ལས་གྲོལ་ཞིང༌། མདོ་རྒྱུད་ཀུན་ལ་ལྟ་བའི་དྲི་མ་མེད་པའི་བློ་མིག་དང་ལྡན་པར་འགྱུར་ཏེ། སྲོལ་གཉིས་པོ་གནས་སྐབས་དང་མཐར་ཐུག །རགས་པ་ཕྱི་དང་ཕྲ་བ་ནང༌། སྤྲོས་གཅོད་སྒོམ་དོན་སོགས་སུ་རྟོགས་ནས་མདོ་སྔགས་གཉིས་ཀྱི་ལྟ་བའང་འགལ་འདུའི་སྐྱོན་གྱིས་མ་རེག་པར་སོ་སྐྱེའི་བློས་བརྟགས་ལས་གྲོལ་བའི་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་རྟོགས་པར་འགྱུར་རོ། །དྲུག་པ་སྔགས་ཀྱི་ལྟ་བའི་ཁྱད་པར་དབྱེ་བ་ལ་གཉིས། དབུ་མའི་སློབ་དཔོན་སྤྱིའི་བཞེད་པ་དང༌། ཁྱད་པར་གར་གྱི་དབང་པོའི་བཞེད་པ་བཀོད་པའོ། །དང་པོ་ནི། །སྔགས་སུ་ཡུལ་ཅན་བདེ་བའི་ཐབས་ཀྱིས་ཁྱད། །སྤྲོས་བྲལ་ཡུལ་ལ་ཁྱད་མེད་རང་སྟོང་ལུགས། །གཞན་སྟོང་ཡུལ་ཡང་སྤྲོས་བྲལ་ཙམ་པོ་མིན། །རྣམ་ཀུན་མཆོག་ལྡན་པྲ་ཕབ་ལྟ་བུར་བཞེད། ཁ་ཅིག་སྤྲོས་བྲལ་ཙམ་ཡང་ཐབས་ཀྱི་ཕྱིར། །ཕལ་པའི་མེ་དང་ཙནྡན་མེ་ལྟར་གསུངས། །གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བ་དབུ་མ་གང་གི་དགོངས་པར་གནས་ཞེ་ན། འདི་ལ་སློབ་དཔོན་སོ་སོས་རང་ཕྱོགས་སུ་དྲངས་པའི་བཞེད་པ་མང་ཡང་དངོས་བསྟན་འཁོར་ལོ་ཐ་མ་དང་ཤིན་ཏུ་མཐུན་ཅིང༌། འཕགས་ཡུལ་གྱི་གཞུང་ཚད་ལྡན་རྣམས་


LT08,P154A
[མ་དཔེ་གཟིགས་ན་འདིར་གནོན།]

སུའང་དེ་ལྟར་སྟོན་པ་ཤས་ཆེ་ལ། བོད་དུ་རང་སྟོང་གཞན་སྟོང་དུ་གྲགས་པའི་དབུ་མ་ཞལ་གྱིས་བཞེས་ཚུལ་གྱིས་བཞེད་པ་ཐ་དད་དུ་བྱུང་སྟེ། ཡུལ་ཅན་བདེ་བ་ཆེན་པོས་ཐབས་བྱས་པས་ཁྱད་པར་དུ་འཕགས་པར་གྲུབ་པ་ལས། སྟོང་ཉིད་སྤྲོས་བྲལ་གྱི་ཡུལ་ལ་སྔགས་ཕར་ཕྱིན་ཁྱད་པར་མེད་ཅེས་བཞེད་པ་རང་སྟོང་སྤྲ་བ་རྣམས་ཀྱི་ལུགས་དང༌། ཡུལ་ཅན་དེ་དང་མཚུངས་པ་ལ། ཡུལ་སྟོང་ཉིད་དེ་ཡང་སྤྲོས་བྲལ་སྟོང་པ་ཙམ་པོ་མ་ཡིན་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་ཤིང་པྲ་ཕབ་ཀྱི་སྣང་བརྙན་ལྟ་བུར་གཞན་སྟོང་པ་རྣམས་བཞེད་དོ། ཁ་ཅིག་སྟོང་པ་སྤྲོས་བྲལ་གྱི་ངོ་བོ་ཙམ་དུ་སྔགས་ཕར་ཕྱིན་མཐུན་ཀྱང༌། ཐབས་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར་རྟོགས་ཚུལ་ལ་སྔགས་ཁྱད་པར་དུ་འཕགས་ཏེ། ཕལ་པའི་མེ་ལས་ཙནྡན་གྱི་མེ་རེག་བྱ་བདུན་འགྱུར་གྱིས་ཚ་པ་ལྟར་ཡིན་ནོ་གསུངས། སྤྱིར་ས་སྐྱ་པ་སོགས་ནི་ལྟ་བ་ལ་ཆོས་ཆོས་ཅན་གཉིས་ཀྱི་སྒོ་ནས་བཞག་ཅིང༌། ཆོས་སྤྲོས་བྲལ་གྱི་ངོ་ནས་སྔགས་ཕར་ཕྱིན་ཁྱད་པར་མེད་ཀྱང་ཆོས་ཅན་སྐུ་དང་ཡེ་ཤེས་སུ་ལྟ་བ་སྔགས་ཀྱི་ཁྱད་པར་ཏེ། རྗེ་བཙུན་ས་པཎ་གྱི་དགོངས་གཞི་སྔ་མ་ཡིན་ཅིང་ཕྱི་མ་ལ་དགག་པ་མཛད་པ་མེད་དོ། །གཉིས་པ་ནི། བདེ་སྟོང་ཟབ་གསལ་སྔགས་ཀྱི་དབུ་མ་ལ། །ཁྱད་ཆོས་དབུ་མའི་བྱེད་ལས་སྟོང་ཉིད་ཐབས། །གཞི་ལ་ལས་བྱེད་ཟུང་འཇུག་སྐུ་སྒྲུབ་བཞིར། །གསུང་གི་རྡོ་རྗེ་འོད་མཚན་འཆང་བས་བཞེད། །འགྱུར་མེད་ཀྱི་བདེ་བ་ཆེན་པོ་དང་སྤྲོས་པ་དང་བྲལ་བའི་སྟོང་ཉིད་དབྱེར་མི་ཕྱེད་པ་དེ་ཉིད་སྐྱེ་འཇིག་སྤངས་པས་ཟབ་ཅིང་གསལ་བ་སྟེ་ཁྱད་པར་བཞི་ལྡན་ནི་སྔགས་ཀྱི་དབུ་མའི་མཚན་གཞི་ཡིན་ལ། ཁྱད་ཆོས་ཨ་བ་དྷཱུ་ཏི་ལ་གནད་དུ་བསྣུན་པ་སོགས་ཐབས་ལམ་དབུ་མའི་བྱེད་ལས། རིལ་འཛིན་དང་རྗེས་གཞིག་སོགས་སྟོང་ཉིད་འཆར་བའི་ཐབས་གཞན།


LT08,P154B
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དངོས་པོའི་གནས་ལུགས་ལ་སྦྱང་གཞི་དང་སྦྱོང་བྱེད་ཀྱི་རྟེན་འབྲེལ་བསྒྲིགས་པའི་ལས་བྱེད་པ། ཆོས་ཅན་ཟུང་འཇུག་གི་སྐུ་མཐར་ཐུག་པ་སྒྲུབ་པ་བཞི་དང་ལྡན་པ་གསུང་གི་རྡོ་རྗེ་འོད་མཚན་ཅོད་པན་འཆང་བ་དྲུག་པ་བྱང་ཕྱོགས་ཀྱི་པཎྜི་ཏ་འཇམ་དབྱངས་ཆོས་ཀྱི་སྣང་བས་བཞེད་དོ། །བདུན་པ་སྐྱེ་མེད་ཟུང་འཇུག་གི་ལྟ་བ་མདོར་བསྡུ་བ་ནི། གཤིས་ལ་མེད་ན་བལྟས་པས་མི་འགྱུར་ཞིང༌། །སྟོང་ཉིད་རྟོགས་ཚེ་རྒྱུ་འབྲས་ལྷུན་གྱིས་གྲུབ། །རྟེན་ཅིང་འབྲེལ་འབྱུང་འགག་མེད་གང་ཡིན་པ། །དེ་ཉིད་སྐྱེ་མེད་ཟུང་འཇུག་ཕྱག་རྒྱ་ཆེ། །སོལ་བ་བཀྲུས་པས་དུང་དུ་མི་འགྱུར་བ་ལྟར་དངོས་པོ་གཤིས་ཀྱི་གནས་ལུགས་ལ་སངས་རྒྱས་ཀྱི་ཆོས་ཉིད་མེད་ན། ལུང་རིགས་ཀྱིས་དཔྱད་པའམ། རྟོག་སྒོམ་གྱིས་དེར་བལྟས་པས་འགྱུར་བ་མི་སྲིད་ཅིང༌། ཤེས་རབ་རྣམ་པ་གསུམ་ལ་བརྟེན་ནས་སྟོང་པ་ཉིད་འོད་གསལ་བའི་དོན་གོ་ཡུལ་ཙམ་དུ་མ་ལུས་པར་མངོན་སུམ་དུ་རྟོགས་པའི་ཚེ་རྒྱུ་འབྲས་ཀྱི་དོན་ལ་ཤུགས་ཀྱིས་མ་རྨོངས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས་གདངས་རྟེན་ཅིང་འབྲེལ་བར་འབྱུང་བ་འགགས་པ་མེད་པར་འཆད། དེའི་གཤིས་སྐྱེ་མེད་མངོན་སུམ་དུ་རྟོགས་པ་ལས་གཞན་དུ་མ་གཡོས་པས་ཐབས་ཤེས་ཟུང་དུ་འཇུག་པ་ནི་ཤེས་རབ་ཕར་ཕྱིན་ནམ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་མདོ་རྒྱུད་རྣམས་ཀྱི་རྟོགས་དོན་མཐར་ཐུག་པ་ཡིན་ནོ། །གཙོ་བོ་ལྟ་བ་རྣམ་པར་ངེས་པ་སྐབས་གསུམ་པའི་འགྲེལ་བའོ།། །།སྐབས་བཞི་པ་བློ་ལྡོག་རྣམ་བཞི་རྣམ་པར་ངེས་པ་ལ་གཉིས། ཐོས་བསམ་གྱི་ལག་རྗེས་སྤྱིར་བསྟན་པ། བློ་ལྡོག་རྣམ་བཞི་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། ཐོས་བསམ་ལག་རྗེས་རིས་མེད་བསྟན་པ་དང༌། །བསྟན་འཛིན་ཀུན་ལ་བཅོས་མིན་དད་པ་སྐྱེ། །ཕྱོགས་སུ་མ་ལྷུང་ལས་འབྲས་ཞིབ་མོར་སྤྱོད། །གསུང་རབ་གདམས་པར་ཤར་བས་


LT08,P155A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གྲོལ་ཡང༌། །ཐ་མལ་བློ་སྣ་བཙན་ཐབས་སྒྱུར་བ་ཡི། །མན་ངག་ལུགས་ཀྱི་བློ་ལྡོག་རྣམ་པ་བཞི། །དེ་ལྟར་ཐོས་པ་ཕྱོགས་མེད་དུ་བྱས་ཤིང་དེའི་དོན་རིགས་པས་ཞིབ་མོར་བསམས་པས་ཐོས་བསམ་གཉིས་ཀྱི་ཤེས་རབ་རྒྱུད་ལ་ལེགས་པར་སྐྱེས་པའི་ལག་རྗེས། རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་ཐེག་པ་ཆེ་ཆུང་སྤྱི་དང༌། བསྟན་པ་དེ་ཉིད་འཛིན་པའི་དགེ་བའི་བཤེས་གཉེན་ཁྱད་པར་ཅན་ཀུན་ལ་རྒྱུ་མཚན་ཤེས་ནས་བཅོས་མིན་གྱི་དད་པ་སྐྱེ། བློ་སྐྱོ་མ་སྔ་བཙན་དང་རང་རང་གི་གྲུབ་མཐའ་དང་ཆོས་ལུགས་ཙམ་ལ་ཞེན་པའི་ཕྱོགས་སུ་མ་ལྷུངས་པར་གཟུ་བོར་གནས་ཤིང་ལས་འབྲས་ཀྱི་སྤང་བླང་མ་འཆོལ་བར་ཞིབ་མོར་སྤྱོད། རྒྱལ་བའི་གསུང་རབ་མདོ་རྒྱུད་ཐམས་ཅད་ཚིག་ཙམ་དུ་མ་ལུས་པར་རང་རྒྱུད་ལ་སྦྱོར་བའི་གདམས་པར་ཤར་བས་རྒྱུད་རྣམ་པར་གྲོལ་བ་ནི་ཐོས་བསམ་གནད་དུ་སོང་བའི་ལག་རྗེས་ཡིན་པས། དེ་ལྟ་ན་དལ་འབྱོར་རྙེད་དཀའ་སོགས་ཀྱི་དམིགས་པ་ཕྲན་ཚེགས་ཆེད་དུ་བསམ་པ་ལ་མ་ལྟོས་ཀྱང༌། ཐོས་བསམ་ཚུལ་བཞིན་མ་ནུས་པའམ། ནུས་ཀྱང་ཐོས་དོན་རྒྱུད་ལམ་འབྱོར་བ་གང་ཟག་ཐ་མལ་པ་རྣམས་ཀྱི་བློ་སྣ་བཙན་ཐབས་སུ་སྒྱུར་བར་བྱེད་པ། མན་ངག་པ་རྣམས་ཀྱི་ལུགས་ཀྱི་བློ་ལྡོག་རྣམ་པ་བཞི་པོ་ལེགས་པར་བསམས་ནས་རྒྱུད་ལ་བསྐྱེད་པར་བྱའོ། །གཉིས་པ་ལ་བཞི། ཚེ་འདི་ལས་བློ་ལྡོག་པ། འཁོར་བ་ལས་བློ་ལྡོག་པ། ཞི་བདེ་ལས་བློ་ལྡོག་པ། གཟུང་འཛིན་ལས་བློ་ལྡོག་པའོ། །དང་པོ་ལ་གཉིས། བློ་ལྡོག་བསྒོམ་པའི་རྟེན་དལ་འབྱོར་རྙེད་དཀའ་བསམ་པ། བློ་ལྡོག་དངོས་མི་རྟག་པ་བསམ་པའོ། །དང་པོ་ནི། དལ་བརྒྱད་འབྱོར་པ་བཅུ་ལྡན་རིན་ཆེན་རྟེན། །དོན་ཆེ་རྒྱུ་འབྲས་དཔེ་ཡིས་རྙེད་པར་དཀའ། །འདི་ལ་གསུམ། དལ་འབྱོར་ངོས་བཟུང༌། དེ་དོན་ཆེ་བ་དང༌། རྙེད་དཀའ་བར་བསམ་པའོ། །དང་པོ་ལ། དལ་བ་བརྒྱད་ནི་མི་


LT08,P155B
[མ་དཔེ་གཟིགས་ན་འདིར་གནོན།]

ཁོམས་པ་བརྒྱད་དང་བྲལ་བ་སྟེ། མི་ཁོམས་པ་བརྒྱད་ནི། འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་པ་དང༌། གླེན་ལྐུགས་དང་ཡན་ལག་དང་རྣ་བ་སོགས་དབང་པོ་མ་ཚང་བ་དང༌། ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང༌། སངས་རྒྱས་འབྱུང་བ་མེད་པས་རྒྱལ་བའི་བཀའ་མེད་པ་བཞི་ནི་མིའི་འགྲོ་བའི་མི་ཁོམས་པ་ཡིན་ལ། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམས་པའོ། །ལྷ་ཚེ་རིང་པོ་ནི་བཤེས་སྤྲིང་ལས། འདུ་ཤེས་མེད་པ་པ་དང་གཟུགས་མེད་པ་གཉིས་ལ་བཤད་པའི་དང་པོ་ནི། བསམ་གཏན་བཞི་པའི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ལ། ཕྱི་མ་ནི་གཟུགས་མེད་དུ་སྐྱེས་པའི་སོ་སྐྱེའོ། །མི་ཁོམས་པ་བརྒྱད་ཀྱི་གཏམ་ལས། འདོད་པའི་བྱ་བས་རྟག་ཏུ་གཡེངས་པའི་འདོད་ལྷ་ལྷ་ཚེ་རིང་པོར་བཤད་དོ། །འབྱོར་པ་བཅུ་ལས་རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པའོ། །དེ་ལ་དབུས་སུ་སྐྱེས་པ་ནི་འཁོར་རྣམ་བཞི་རྒྱུ་བ་ཡོད་པར་སྐྱེས་པའོ། །དབང་པོ་ཚང་བ་ནི་གླེན་ལྐུགས་སུ་མ་སོང་ཞིང་ཡན་ལག་ཉིང་ལག་མིག་རྣ་སོགས་ཚང་བའོ། །ལས་མཐའ་མ་ལོག་པ་ནི། མཚམས་མེད་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པའོ། །གནས་ལ་དད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་དམ་པའི་ཆོས་འདུལ་བ་ལ་དད་པ་སྟེ། འདུལ་བ་ནི་འདིར་སྡེ་སྣོད་གསུམ་ག་ལ་བྱའོ། །ལྔ་པོ་དེ་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པའོ། །དེ་ལ་སངས་རྒྱས་བྱོན་པའམ་འབྱུང་བ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཚོགས་


LT08,P156A
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དམ་ཆོས་སྟོན་པ་ནི་སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་ཆོས་སྟོན་པའོ། །ཆོས་བསྟན་པ་གནས་པ་ནི་སངས་རྒྱས་ཤིང་ཆོས་བསྟན་པ་ནས་མྱ་ངན་ལས་མ་འདས་བར་དུ་དོན་དམ་པའི་ཆོས་མངོན་དུ་བྱེད་པའི་ཚུལ་གྱིས་སྒྲུབ་པའི་ཆོས་མ་ཉམས་པའོ། །ཆོས་གནས་པ་རྗེས་སུ་འཇུག་པ་ནི་ཆོས་རྟོགས་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་ཆོས་མངོན་དུ་བྱ་བའི་མཐུ་ཡོད་པར་རིག་ནས། ཇི་ལྟར་རྟོགས་པ་ལྟར་བསྟན་པ་ལ་རྗེས་སུ་འཇུག་པའོ། །གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ནི་སྦྱིན་པ་པོ་དང་སྦྱིན་བདག་གིས་ཆོས་གོས་སོགས་སྟེར་བའོ། །དེ་ལྔ་ནི་གཞན་རྒྱུད་ལ་ཡོད་ཅིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་རོ། །གཉིས་པ་དེ་ཉིད་དོན་ཆེ་བར་བསམ་པ་ནི། དལ་བརྒྱད་འབྱོར་པ་བཅུ་དང་ལྡན་པ་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་རྙེད་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་མཐའ་དག་སྒྲུབ་ནུས་པས་ཕན་ཐོགས་ཆེ་བའི་ཕྱིར་མི་ལུས་རིན་པོ་ཆེ་ཞེས་བྱ་སྟེ། སློབ་སྤྲིང་ལས། བདེར་གཤེགས་ལམ་བརྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དེས་ན་ཁམས་གསུམ་གྱི་ནང་ནས་ཁྱད་པར་དུ་འཕགས་པའི་རྟེན་བཟང་པོ་ད་རེས་ལན་ཅིག་ཙམ་རྙེད་ཅིང་རྙེད་པ་དོན་ཆེ་བའི་རྟེན་འདིས་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་ཉིན་མཚན་དུ་བརྩོན་པས་མ་བསྒྲུབ་ན་རིན་ཆེན་གླིང་ནས་ལག་སྟོང་དུ་ལོག་པ་ལས་ཀྱང་རྨོངས་ཚབ་ཆེ་བ་སོགས་ལ་བསམ་མོ། །གསུམ་པ་རྙེད་དཀའ་བར་བསམ་པ་ལ། རྒྱུའི་སྒོ་ནས་རྙེད་དཀའ་བ་ནི། སྤྱིར་བདེ་འགྲོ་ཙམ་ཞིག་ཐོབ་པ་ལའང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་དག་སྣ་གཅིག་བྱེད་དགོས་པ་དང༌། ཁྱད་པར་


LT08,P156B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དལ་འབྱོར་ཚང་བར་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་སོགས་ཀྱིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སོགས་དགེ་རྩ་མང་པོ་ཞིག་དགོས་ན། རྒྱུ་དེ་ལྟ་བུ་སྒྲུབ་པ་ཡང་ཤིན་ཏུ་ཉུང་བར་སྣང་བས་དེ་ལ་དཔག་ནས། འབྲས་བུ་བདེ་འགྲོའི་རྟེན་སྤྱི་དང་ཁྱད་པར་དལ་འབྱོར་རྙེད་དཀའ་བར་སེམས་པའོ། །འབྲས་བུའི་སྒོ་ནས་རྙེད་དཀའ་བ་ནི། སྤྱིར་ལུང་གཞི་ལས། ངན་འགྲོ་དང་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོའི་རྡུལ་དང༌། དེ་ནས་བདེ་འགྲོར་འགྲོ་བ་ནི་སེན་མོའི་སྟེང་དུ་ཆགས་པའི་རྡུལ་ཙམ་ལས་མེད་པར་གསུངས་པས། རིགས་མི་མཐུན་ངན་འགྲོ་རྣམས་ལ་ལྟོས་ཏེ་བདེ་འགྲོ་ཙམ་ཡང་སྲིད་མཐར་སྣང་ལ། རིགས་མཐུན་བདེ་འགྲོ་ལ་ལྟོས་ཏེ་ཡང་ངལ་བ་ཁྱད་པར་ཅན་ནི་ཆེས་དཀོན་པར་བསམ་པའོ། །དཔེའི་སྒོ་ནས་རྙེད་པར་དཀའ་བ་བསམ་པ་ནི། ཞི་བ་ལྷས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་འཐོབ་དཀར་གསུངས། །ཞེས་དང༌། གཞན་ཡང་ཉིན་མོའི་སྐར་མ། ཨུ་དུམྦ་རའི་མེ་ཏོག་སོགས་རྣམ་གྲངས་དུ་མ་སྦྱར་ཏེ་ངེས་པ་རྙེད་པར་བྱའོ། །གཉིས་པ་མི་རྟག་པ་བསམ་པ་ལ་གཉིས། འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང༌། འཇིག་རྟེན་གཞན་དུ་ཇི་ལྟར་འགྱུར་བའི་ཚུལ་ལ་བསམ་པའོ། །དང་པོ་ནི། འཆི་ངེས་ནམ་འཆི་ཆ་མེད་འཆི་བའི་ཚེ། །ཆོས་མིན་མི་ཕན་རྩ་བའི་དམིགས་པ་གསུམ། །ཡན་ལག་མི་ལྡོག་སྣོན་མེད་ལོང་སྐབས་མེད། །དུས་ལ་མ་ངེས་རྐྱེན་མང་ཉམས་ཆུང་དང༌། །གཉེན་ལུས་ལོངས་སྤྱོད་མི་སྟངས་ཐག་གཅོད་བཅས། །རྒྱུ་མཚན་དགུ་སྦྱོར་འཆི་བ་རྗེས་སུ་དྲན། །འཆི་བ་མི་རྟག་པ་བསམ་པ་ལ། སྐྱེས་པའི་རྟགས་ཀྱིས་འཆི་བར་གྲུབ་པས་ཅིས་ཀྱང་འཆི་ངེས་པ་དང༌། རྒན་གཞོན་མ་ངེས་


LT08,P157A
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤི་བའི་རྟགས་ཀྱིས་ནམ་འཆི་ཆ་མེད་པ་དང༌། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པར་ལུང་གིས་བསྒྲུབས་ཏེ་བསམ་པ་ནི་རྩ་བའི་དམིགས་པ་གསུམ་ཡིན་ལ། དེ་རེ་རེ་ལའང་ཡན་ལག་གསུམ་གསུམ་སྦྱར་ཏེ། འཆི་བདག་ངེས་པར་འོང་ཞིང་དེའང་ཐབས་གང་གིས་ཀྱང་མི་ཟློག་པ་དང༌། ཚེ་ལ་བསྣོན་པ་མེད་ཅིང་འབྲིད་བྱེད་ཉིན་མཚན་སྐད་ཅིག་རེ་རེ་ཞིང་ཡོད་པ་དང༌། གསོན་པའི་ཚེ་ཡང་ཆོས་དང་འཇིག་རྟེན་གྱི་བྱ་བཞག་བསམ་ཚད་ལག་ཏུ་ལེན་པའི་ལོང་སྐབས་མེད་པར་འཆི་བ་ཐོག་ཏུ་བབས་པ་ན་འཆི་ངེས་པའི་རྒྱུ་མཚན་གསུམ། གླིང་གཞན་དག་ཏུ་ཚེ་ཚད་ཕལ་ཆེར་ངེས་པ་ཡོད་ཀྱང་ཛམ་བུའི་གླིང་པའི་ཚེ་ཚད་ཀྱི་དུས་ལ་ངེས་པ་མེད་པ་དང༌། ནང་གི་ནད་དང་ཕྱི་རོལ་འབྱུང་གདོན་སོགས་འཆི་བའི་རྐྱེན་ནི་ཤིན་ཏུ་མང་ཞིང་གསོན་པ་ཉིད་ཀྱང་འཆི་བའི་དོན་དུ་ཞུགས་པ་ཡིན་པས་ཡིད་བརྟན་མེད་པ་དང༌། ལུས་ཆུ་བུར་ལྟ་བུར་ཤིན་ཏུ་ཉམ་ཆུང་བས་གནོད་པ་ཆུང་ངུས་ཀྱང་སྲོག་འཇིག་པར་བྱེད་པས་ན་ནམ་འཆི་ཆ་མེད་པའི་རྒྱུ་མཚན་གསུམ། འཆི་བའི་ཚེ་གཉེན་གྲོགས་འཁོར་གཡོག་བརྒྱ་སྟོང་ཡོད་ཀྱང་གཅིག་ཀྱང་ཁྲིད་དབང་མེད་པ་དང༌། ལྷན་ཅིག་སྐྱེས་པའི་ལུས་གཅེས་པར་བསྐྱངས་པ་ཉིད་ཀྱང་ས་རྡོ་ལྟར་འདོར་དགོས་པ་དང༌། ལོངས་སྤྱོད་འབྱོར་པ་དཔག་མེད་ཡོད་ཀྱང་ཁབ་ཙམ་ཁྱེར་ས་མེད་པས་དེ་དག་གིས་འཆི་བའི་སྐབས་སུ་མི་སྟངས་པས་ཆོས་མ་གཏོགས་ཅིས་ཀྱང་མི་ཕན་པའི་རྒྱུ་མཚན་གསུམ་སྟེ། རྒྱུ་མཚན་དགུ་པོ་སྦྱོར་ལ་འཆི་བ་རྗེས་སུ་དྲན་པར་བྱའོ། །གཉིས་པ་ནི། ཤི་ནས་འགྲོ་བ་གཉིས་སུ་སྐྱེ་བ་སྟེ། །དེ་དག་བསམ་ནས་ཚེ་འདིར་བློ་ལྡོག་བྱ། །དེ་ལྟར་མྱུར་ཏུ་འཆི་བར་ངེས་པས་ཚེ་འདིར་བསྡད་ལོངས་མེད་ཅིང་ཤི་བའི་འོག་ཏུ་མེད་ནས་མི་འགྲོ་བར་སྐྱེ་བ་བླངས་དགོས་སོ། །དེ་ཡང་འགྲོ་བ་གཉིས་


LT08,P157B
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་སྐྱེ་ས་མེད་པས་བདེ་འགྲོའམ་ངན་འགྲོར་སྐྱེའོ། །དེའང་རང་དབང་མེད་ཅིང་ལས་ཀྱི་གཞན་དབང་ཅན་ཡིན་པས། ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་སྐྱེའོ། །དེ་ལྟར་ན་བདག་ངན་སོང་དུ་སྐྱེས་ན་ཇི་འདྲ་ཞིག་ཏུ་འགྱུར་སྙམ་དུ་ངན་འགྲོའི་སྡུག་བསྔལ་བསམ་སྟེ། ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི་བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམས་སྤང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་བཅད་པར་བྱ། །ཞེས་སོ། །དེའང་དམྱལ་བ་ལ་ཚ་གྲང་གཙོ་བོར་གྱུར་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང༌། །འཇིགས་པ་སྐྱེད་པར་གྱུར་ན་མི་བཟད་པའི། །རྣམ་སྨིན་འབྲས་བུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་དང༌། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་ཉེ་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །ཡི་དྭགས་ལའང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་མང་པོ་ཡོད་དེ། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་སོ། །དུད་འགྲོ་ལའང་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་ཡོད་དེ། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང༌། བཅིངས་དང་བརྡེག་


LT08,P158A
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་གསུངས་སོ། །དེ་ལྟར་འཆི་བ་རྗེས་སུ་དྲན་པ་དང་ཤི་ནས་ངན་སོང་དུ་ལྟུང་བའི་སྡུག་བསྔལ་དག་ལ་བསམས་ཏེ་ཚེ་འདི་ལ་བློ་ལྡོག་ཅིང་འཇིག་རྟེན་ཕྱི་མ་ལ་དོན་གཉེར་གྱི་བློ་བསྐྱེད་པར་བྱའོ། །གཉིས་པ་འཁོར་བ་ལས་བློ་ལྡོག་པ་ལ་གཉིས། བདེ་སྡུག་གི་རྒྱུ་ལས་འབྲས་བསམ་པ། འཁོར་བའི་ཉེས་དམིགས་བསམ་པའོ། །དང་པོ་ལ་གཉིས། ལས་འབྲས་སྤྱིར་བསམ་པ། ལྕི་ཡང་སོགས་བྱེ་བྲག་ཏུ་བསམ་པའོ། །དང་པོ་ནི། མི་སླུ་འཕེལ་ཆེ་མ་བྱས་མི་ཕྲད་ཅིང༌། །བྱས་པ་ཆུད་མི་ཟ་བ་ལས་ཀྱི་ལམ། །སྤྱིར་སོ་སོ་སྐྱེ་བོ་དང་འཕགས་པ་གང་ཡིན་ཀྱང་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་ཐ་ན་སེམས་ཅན་དམྱལ་བར་སྐྱེས་པ་ན་རླུང་བསིལ་པ་ལངས་པ་ལ་བརྟེན་ནས་སྐྱེས་པ་ཡན་ཆད་ཐམས་ཅད་ནི་སྔོན་དགེ་བའི་ལས་བསགས་པ་ལས་འབྱུང་གི་མི་དགེ་བའི་ལས་ལས་བདེ་བ་འབྱུང་བ་ནི་གནས་མེད་ལ། ཚོར་བ་གདུང་བའི་རྣམ་པ་ཅན་གྱི་སྡུག་བསྔལ་ཐ་ན་དགྲ་བཅོམ་པའི་རྒྱུད་ལ་སྐྱེས་པ་མན་ཆད་སྔོན་མི་དགེ་བ་བསགས་པ་ལས་འབྱུང་གི །དགེ་བའི་ལས་ལས་སྡུག་བསྔལ་འབྱུང་བ་ནི་གནས་མེད་དེ། རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་སོ། །ལས་དེའང་མཚན་ཉིད་བཞི་དང་ལྡན་ཏེ། ལས་འབྲས་ངེས་པ། འཕེལ་ཆེ་བ། མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བའོ། །དང་པོ་ནི། བདེ་སྡུག་གི་འབྲས་བུ་དགེ་སྡིག་ཅི་རིགས་པ་དང་ཕན་ཚུན་འཆོལ་བའམ། རྒྱུ་མེད་དང་གཙོ་བོ་དང་དབང་ཕྱུག་སོགས་མི་མཐུན་པའི་རྒྱུ་ལས་འབྱུང་བ་


LT08,P158B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མིན་པར་དགེ་མི་དགེའི་ལས་སྤྱི་ལས་བདེ་སྡུག་སྤྱི་དང༌། བདེ་སྡུག གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་ལས་ཅུང་ཟད་ཀྱང་མ་འཆོལ་བར་སོ་སོར་འབྱུང་བའི་ལས་འབྲས་དེས་ཅན་ནམ་མི་སླུ་བ་ལ་ངེས་པ་རྙེད་བ་ནི། སངས་རྒྱས་པ་རྣམས་ཀྱི་ཡང་དག་པའི་ལྟ་བ་ཞེས་པ་དཀར་ཆོས་ཐམས་ཅད་ཀྱི་གཞིར་བསྔགས་པའོ། །གཉིས་པ་ནི། ལས་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་བདེ་བ་ཤིན་ཏུ་ཆེ་བ་འབྱུང་ལ། ལས་མི་དགེ་བ་ཆུང་ངུ་ལས་ཀྱང་འབྲས་བུ་སྡུག་བསྔལ་ཤིན་ཏུ་ཆེན་པོ་འབྱུང་བས་ནང་གི་རྒྱུ་འབྲས་ཀྱི་འཕེལ་འདྲ་བ་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལ་མེད་དོ། །དེ་ཡང་ཚོམ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་འཇིགས་ཆེན་འགྱུར། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་སོ། །གསུམ་པ་ནི། བདེ་སྡུག་མྱོང་བའི་རྒྱུར་གྱུར་པའི་ལས་མ་བསགས་ན། འབྲས་བུ་བདེ་སྡུག་གཏན་མི་མྱོང་བ་སྟེ། སྟོན་པས་ཚོགས་གྲངས་མེད་པ་བསགས་པའི་འབྲས་བུ་ལ་སྤྱོད་པ་རྣམས་ཀྱི་ཡང་དེའི་རྒྱུ་ཐམས་ཅད་བསགས་མི་དགོས་ཀྱང་ཆ་གཅིག་བསགས་དགོས་པར་གསུངས་པས་སོ། །བཞི་པ་ནི། ལས་དགེ་མི་དགེ་བྱས་པ་རྣམས་ཀྱིས་ཡིད་དུ་འོང་མི་འོང་གི་འབྲས་བུ་འབྱིན་པ་སྟེ། ལུང་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་གསུངས་སོ། །གཉིས་པ་ལྕི་ཡང་སོགས་བྱེ་བྲག་ཏུ་བསམ་པ་ནི། ལྕི་ཡང་ཞིང་བསམ་རྟེན་དངོས་སྟོབས་ཆེ་བས། །རྣམ་སྨིན་རྒྱུ་མཐུན་བདག་པོའི་འབྲས་བུ་འབྱིན།


LT08,P159A
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་ལེགས་སྤྱད་ཉེས་སྤྱད་ཀྱི་སྤྱོད་པ་འཇུག་པའི་སྒོ་ནི་གསུམ་དུ་ངེས་ལ། སྒོ་གསུམ་གྱི་དགེ་མི་དགེ་ཐམས་ཅད་ལས་ལམ་བཅུ་ཁོ་ནར་འདུས་པ་མ་ངེས་ཀྱང་དགེ་མི་དགེའི་ཆེ་ལོང་ངམ་རགས་པ་ཁ་ན་མ་ཐོ་བའི་གཞི་ཆེ་བ་རྣམས་བཅོམ་ལྡན་འདས་ཀྱིས་གནད་བསྡུས་ནས་ནག་པོའི་ལས་ལམ་བཅུར་གསུངས་ཤིང༌། དེ་དག་སྤངས་ན་དོན་ཤིན་ཏུ་ཆེ་བའི་གནད་རྣམས་ཀྱང་བཅུར་འདུ་བ་གཟིགས་ནས་དཀར་པོའི་ལས་ལམ་བཅུར་གསུངས་ཏེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་དང༌། ལུང་རྣམ་འབྱེད་ལས་ཀྱང༌། ངག་རྣམས་བསྲུངས་ཤིང་ཡིད་ཀྱིས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང༌། །ལས་ལམ་བཅུ་པོ་འདི་དག་རབ་སྦྱངས་ན། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་བར་འགྱུར། །ཞེས་གསུངས་སོ། །ལས་ལམ་བཅུ་པོ་ནི་ཡོངས་སུ་གྲགས་ཆེ་བས་འདིར་ཞིབ་ཏུ་མ་སྨོས་ཤིང་གོང་དུའང་ཕྱོགས་ཙམ་བཤད་ཟིན་ལ། དེ་དག་ལྕི་ཡང་གི་ཁྱད་པར་ནི། སའི་དངོས་གཞི་ལས་ལྕི་བའི་ཚུལ་དྲུག་གསུངས་ཏེ། མངོན་པར་འདུ་བྱེད་པ་ནི་དུག་གསུམ་མམ་དེ་གསུམ་མི་ལྡན་པའི་བསམ་པ་དྲག་པོས་ལས་ཀུན་སློང་བའོ། །གོམས་པ་ནི་དགེ་མི་དགེའི་ལས་གཉིས་ཡུན་རིང་པོ་ནས་ཀུན་ཏུ་བསྟེན་གོམས་ལན་གྲངས་མང་དུ་བྱས་པའོ། །ངོ་བོ་ཉིད་ནི་ལུས་ངག་གི་བདུན་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་ལྕི་ཞིང༌། ཡིད་ཀྱི་གསུམ་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལྕི་བའོ། །གཞི་ནི་སངས་རྒྱས་ཆོས་དགེ་འདུན་བླ་མ་ལྟ་བུ་རྣམས་ལ་ཕན་གནོད་བྱེད་པའོ། །མི་མཐུན་པའི་ཕྱོགས་གཅིག་ཏུ་ངེས་པ་ནི་ཇི་སྲིད་འཚོ་བའི་བར་དུ་གཅིག་ཏུ་ངེས་པར་མི་དགེ་བའི་ལས་བླངས་ཏེ་འདུག་ལ། དགེ་བ་ནི་གཅིག་ཀྱང་མི་བྱེད་པའོ། །མི་མཐུན་ཕྱོགས་སེལ་བ་ནི། མི་དགེ་བའི་


LT08,P159B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྤངས་ཏེ་འདོད་ཆགས་དང་བྲལ་ནས་དགེ་བའི་ལས་སྤྱོད་པའོ། །བཤེས་སྤྲིང་ལས་ཀྱང༌། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱོད་ལ་བརྩོན་པར་གྱིས། །ཞེས་སོ། །དེའང་དཀོན་མཆོག་ལ་སོགས་པ་ཡོན་ཏན་དང་ལྡན་པའི་གཞི་དང་ཕ་མ་སོགས་ཕན་འདོགས་པའི་གཞི་གཉིས་སུ་ཕྱེ་བས་ལྔའོ། །སྟོབས་དང་ལྡན་པའི་ལས་ནི་བཞི་སྟེ། ཞིང༌། བསམ་པ། རྟེན། དངོས་པོའི་སྒོ་ནས་སྟོབས་ཆེ་བའོ། །དང་པོ་ནི། དཀོན་མཆོག་གསུམ་དང་བླ་མ་དང་དེ་འདྲ་བ་ཕ་མ་སོགས་ཏེ་འདི་དག་ལ་ནི་བསམ་པ་ཤུགས་དྲག་པོ་མེད་ཅིང་ཕན་གནོད་ཆུང་ངུ་ཞིག་བྱས་ཀྱང་བསོད་ནམས་དང་ཁ་ན་མ་ཐོ་བ་ཆེ་བའི་ཕྱིར་རོ། །ཁྱད་པར་བྱང་ཆུབ་སེམས་དཔའ་ནི་དགེ་མི་དགེའི་ཞིང་ཤིན་ཏུ་སྟོབས་ཆེ་སྟེ། འགའ་ཞིག་ཁྲོས་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་ཏུ་བཅུག་པ་བས་ཁྲོས་ཏེ་བྱང་སེམས་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུངས་པ་འདི་མི་ལྟའོ་ཞེས་ཟེར་ན་སྡིག་ཆེས་གྲངས་མེད་པ་སྐྱེད་པ་དང༌། མཆོད་རྟེན་གངྒཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་དང་བསྲེགས་པ་ལས་བྱང་སེམས་ལ་ཁོང་ཁྲོ་དང་གནོད་སེམས་བསྐྱེད་ཅིང་མི་སྙན་པར་སྨྲས་ན་སྡིག་ཆེ་བ་དང༌། བསོད་ནམས་བསགས་པའི་ཞིང་ཡང་དེ་བཞིན་མཆོག་ཏུ་གྱུར་པར་གསུངས་སོ། །གཉིས་པ་ནི། རིན་ཆེན་ཕུང་པོའི་མདོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་སོ་སོ་ནས་སངས་རྒྱས་ཀྱི་མཆོད་རྟེན་རི་རབ་ཙམ་བྱེད་ལ། དེ་དག་ལའང་བསྐལ་པ་བྱེ་བསྙེད་དུ་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱེད་པ་ལས་བྱང་སེམས་ཀྱིས་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་ཙམ་དོར་བ་བསོད་ནམས་མང་བར་གསུངས་ཏེ། དེ་བཞིན་དུ་ཐོབ་བྱ་མཆོག་དམན་དང་རང་གཞན་གྱི་


LT08,P160A
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་དམིགས་པ་སོགས་བསམ་པའི་ཁྱད་པར་ཅན་དང༌། །དེའང་ཤུགས་དྲག་ཞན་དང་རྒྱུན་རིང་ཐུང་སོགས་ཀྱི་སྒོ་ནས་ཤེས་པར་བྱའོ། །ཉེས་སྤྱོད་ལའང་ཉོན་མོངས་པའི་བསམ་པ་ཤུགས་དྲག་པ་དང་རྒྱུན་རིང་བས་སྟོབས་ཆེ་ལ། དེའི་ནང་ནས་ཁོང་ཁྲོ་ཤིན་ཏུ་སྟོབས་ཆེ་སྟེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེར་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །དེའང་ཚངས་པ་མཚུངས་པར་སྤྱོད་པ་དང༌། དེ་ལས་ཀྱང་རྒྱལ་སྲས་ལ་ཁྲོ་བ་ནི་ཤིན་ཏུ་ལྕི་བར་གསུངས་སོ། །གསུམ་པ་ནི། ལྕགས་ཀྱི་གོང་བུ་ཆུང་ཡང་གཏིང་དུ་བྱིང་ལ། དེ་ཉིད་སྣོད་དུ་བྱས་པ་ནི་ཆ་ཡང་སྟེང་དུ་འཕྱོ་བ་བཞིན་དུ། མི་མཁས་པ་དང་མཁས་པས་བྱས་པའི་སྡིག་པ་ཡང་ལྕི་བ་དང་ཡང་བར་གསུངས་སོ། །དེའང་སྔ་མའི་ལས་ལ་འགྱོད་ནས་ཕྱི་མ་སྡོམ་ཞིང་སྡིག་པ་མི་གསང་བ་དེའི་གཉེན་པོ་དགེ་བ་བྱེད་པའི་མཁས་པ་ལ་ཡང་བར་གསུངས་ཀྱི། དེ་དག་མི་བྱེད་པར་ཁྱད་གསོད་ཀྱི་སྒོ་ནས་ཤེས་བཞིན་དུ་འཇུག་པའི་མཁས་པར་རློམ་པ་ལ་ནི་ལྕི་བ་ཡིན་ནོ། །དགེ་བ་བྱེད་པ་ལའང་གནད་དོན་ཤེས་པའི་མཁས་པ་དང༌། སྡོམ་པ་དང་ལྡན་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་ཅན་དང་ལྡན་པ་རྣམས་རིམ་གྱིས་ཕན་ཡོན་འགྱུར་ཁྱད་ཆེ་བ་ཡིན་ནོ། །བཞི་པ་ནི། སེམས་ཅན་ལ་སྦྱིན་པ་གཏོང་བ་ལ་ཆོས་ཀྱི་སྦྱིན་པ་དང༌། སངས་རྒྱས་མཆོད་པ་ལ་སྒྲུབ་པའི་མཆོད་པ་ནི་ཟང་ཟིང་གི་སྦྱིན་པ་དང་མཆོད་པ་ལས་ཆེས་ཕུལ་དུ་བྱུང་བ་སྟེ་དེས་མཚོན་ནས་གཞན་ཡང་ཤེས་པར་བྱའོ། །ལས་ལམ་དེ་དག་གིས། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའི་འབྲས་བུ་འབྱིད་པར་འགྱུར་ཏེ། དང་པོ་ནི། ལས་ལམ་བཅུ་པོ་རེ་རེ་ཡང་གཞི་དུག་གསུམ་ཆེ་འབྲིང་ཆུང་གསུམ་ལ་བསྟེན་པས་གསུམ་གསུམ་མོ། །དེ་ལ་སྲོག་གཅོད་


LT08,P160B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཆེན་པོ་བཅུ་པོ་རེ་རེས་དམྱལ་བ། འབྲིང་བཅུ་པོ་རེ་རེས་ཡི་དྭགས། ཆུང་ངུ་བཅུ་པོ་རེ་རེས་དུད་འགྲོར་སྐྱེ་བར་སའི་དངོས་གཞིར་གསུངས་ལ། ས་བཅུ་པའི་མདོ་ལས་ནི་ཆུང་འབྲིང་གཉིས་ཀྱི་འབྲས་བུ་ལྡོག་སྟེ་གསུངས་སོ། །གཉིས་པ་ནི། ངན་འགྲོ་ནས་མིར་སྐྱེས་ཀྱང་རྗེས་སུ་འབྲང་བ་སྟེ། ཇི་སྐད་དུ། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང༌། །བརྐུས་པ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱས་པས་དགྲ་ཟླར་བཅས། །རྫུན་དུ་སྨྲ་བས་སྐུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་བས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་སོ། །གསུམ་པ་ནི། ཕྱི་རོལ་གྱི་ཡུལ་ལ་ཉེས་པ་འབྱུང་བ་སྟེ། ཕྱི་རོལ་གཟི་ཆུང་གནོད་པ་མང༌། །རྡུལ་འཁྲིགས་དྲི་ང་མཐོ་དམན་ཅན། །ཚྭ་སྒོ་ཅན་དང་ལོག་པ་དང༌། །འབྲས་བུ་ཕྲ་ཁ་ཆུང་ངམ་མེད། །ཅེས་གསུངས་པ་ལྟར་རོ། །དགེ་བའི་ལས་སྟོབས་ཆེ་ཆུང་སྔ་མས་རིགས་འགྲེ་ཞིང༌། རྣམ་སྨིན་ནི། དགེ་བའི་ལས་ཆུང་ངུ་དང་འབྲིང་དང་ཆེན་པོས་མི་དང་འདོད་ལྷ་དང་ཁམས་གོང་མ་གཉིས་ཀྱི་ལྷར་སྐྱེའོ། །རྒྱུ་མཐུན་དང་བདག་འབྲས་ནི་མི་དགེ་བ་ལས་བཟློག་སྟེ་སྦྱར་རོ། །དེ་དག་འཕེན་རྫོགས་ཀྱི་དབྱེ་བ་ནི། བདེ་འགྲོར་འཕེན་པའི་ལས་ནི་དགེ་བ་དང༌། ངན་འགྲོར་འཕེན་པའི་ལས་ནི་མི་དགེ་བ་ཡིན་ལ་རྫོགས་བྱེད་ལ་ངེས་པ་མེད་དེ་བདེ་འགྲོར་ཡང་ཡན་ལག་དང་ཉིང་ལག་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང༌། ཚ་ཐུང་བ་དང༌། ནད་མང་བ་དང༌། དབུལ་བ་སོགས་ནི་མི་དགེ་བས་བྱེད་ལ་དུད་འགྲོ་དང་ཡི་དྭགས་ལའང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཡོད་པ་ནི་དགེ་བས་བྱེད་པའོ། །དེ་ལྟར་འཕེན་བྱེད་དགེ་བས་འཕངས་པ་ལ་རྫོགས་བྱེད་དགེ་བས་རྫོགས་པ་དང་མི་དགེ་བས་རྫོགས་པ་གཉིས་


LT08,P161A
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཕེན་བྱེད་མི་དགེ་བས་འཕངས་པ་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་དགེ་བས་རྫོགས་པ་གཉིས་ཏེ་མུ་བཞིའོ། །མྱོང་བར་ངེས་པ་དང་མ་ངེས་པ་གཉིས་ལས་མྱོང་ངེས་ནི་བསམ་བཞིན་དུ་བྱས་པ་དང་བསགས་པའོ། །མྱོང་བར་མ་ངེས་པ་ནི་བསམ་བཞིན་དུ་བྱས་ལ་མ་བསགས་པའོ། །བྱས་པ་དང་བསགས་པའི་ཁྱད་པར་ལ་བྱས་པ་ནི་བསམ་པའམ་བསམས་ནས་ཀྱང་ལུས་ངག་གིས་ཀུན་ནས་བསླང་བའོ། །བསགས་པ་ནི་རྨི་ལམ་དུ་བྱས་པ་སོགས་བཅུ་པོ་མ་གཏོགས་པའི་ལས་སོ། །མ་བསགས་པ་ནི་རྨི་ལམ་དུ་བྱས་པ་སོགས་རྣམ་པ་བཅུ་པོའོ། །མྱོང་ངེས་ལ་འབྲས་བུ་མྱོང་བའི་དུས་ཀྱི་སྒོ་ནས་གསུམ་སྟེ་མཐོང་ཆོས་ལ་མྱོང་བ་ནི་ལས་དེའི་འབྲས་བུ་ཚེ་འདི་ལ་མྱོང་བའོ། །སྐྱེས་ནས་མྱོང་གྱུར་ནི་ཚེ་གཉིས་པ་ལ་འབྲས་བུ་མྱོང་བའོ། །ལན་གྲངས་གཞན་ལ་མྱོང་བ་ནི་ཚེ་གསུམ་པ་ཕན་ཆད་དུ་མྱོང་བའོ། །དེ་དག་གི་ཚུལ་ལའང་ལེགས་པར་བསམ་པར་བྱའོ། །གཉིས་པ་འཁོར་བའི་སྡུག་བསྔལ་བསམ་པ་ལ་གཉིས། སྡུག་བསྔལ་བརྒྱད་དང༌། སྤྱིའི་སྡུག་བསྔལ་གསུམ་བསམ་པའོ། །དང་པོ་ནི། སྐྱེ་རྒ་ན་འཆི་སྡུག་པ་བྲལ་བ་དང༌། །མི་སྡུག་ཕྲད་ཅིང་འདོད་པ་བཙལ་མ་རྙེད། །ཉེར་ལེན་ཕུང་པོ་སྡུག་བསྔལ། །ཞེས་པ་སྟེ། ངན་འགྲོ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་རྟོགས་བླ་མོད། མཐོ་རིས་ནའང་བདེ་བ་མེད་ཅིང་སྤྱིར་འཁོར་བ་མཐའ་དག་སྡུག་བསྔལ་ཁོ་ནའི་རང་བཞིན་ཡིན་ཏེ། མགོན་པོ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཅེས་གསུངས་སོ། །དེ་ལ་སྡུག་བསྔལ་གྱི་གཙོ་བོ་ནི་བརྒྱད་དེ། དང་པོ་སྐྱེ་བ་སྡུག་བསྔལ་དང་ལྡན། སྐྱེ་བ་གནས་ངན་ལེན་དང་ལྡན། སྐྱེ་བ་སྡུག་བསྔལ་གྱི་གནས་སུ་གྱུར། །སྐྱེ་བ་ཉོན་མོངས་ཀྱི་


LT08,P161B
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གྱུར། སྐྱེ་བ་མི་འདོད་བཞིན་དུ་འབྲལ་བའི་ཆོས་ཉིད་ཡིན་པས་སྡུག་བསྔལ་གྱི་ཡན་ལག་ལྔ་དང་ལྡན། གཉིས་པ་རྒས་པ་ལ་གཟུགས་ཉམས་པ། མཐུ་སྟོབས་ཉམས་པ། དབང་པོ་ཉམས་པ། ཡུལ་ལ་ལོངས་སྤྱད་པ་ཉམས་པ། ཚེ་ཡོངས་སུ་ཉམས་པ་སྟེ་ཡན་ལག་ལྔ། གསུམ་པ་ན་བ་ལ། ལུས་ཀྱི་རང་བཞིན་འགྱུར་བ། སྡུག་བསྔལ་དང་ཡིད་མི་བདེ་འཕེལ་བ། ཡུལ་གྱི་ལོངས་སྤྱོད་ཡིད་དུ་འོང་བ་ལ་སྤྱད་དབང་མེད་པ། ཡིད་དུ་མི་འོང་བ་བསྟེན་དགོས་པ། སྲོག་དང་འབྲལ་བར་ཉེ་བ་སྟེ་ཡན་ལག་ལྔ། བཞི་པ་འཆི་བ་ལ། ཉེ་དུ། འཁོར་གཡོག །ལོངས་སྤྱོད། རང་ལུས་ཏེ་ཕུན་སུམ་ཚོགས་པ་བཞི་དང་བྲལ་ལ། འཆི་བའི་ཚེ་སྡུག་བསྔལ་དང་ཡིད་མི་བདེ་བའི་ཚོར་བ་དྲག་པོ་མྱོང་བ་སྟེ་ཡན་ལག་ལྔ་པོ་རྣམས་ལ་སེམས་པའོ། །ལྔ་པ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ལ་ལྔ་སྟེ། དགྲ་ལྟ་བུ་ལ་ཕྲད་པ་ཙམ་གྱིས་སྡུག་བསྔལ་དང་ཡིད་མི་བདེ་སྐྱེ་བ་དང༌། དེས་ཆད་པ་གཅོད་པ་སོགས་འཇིགས་པའི་གནས་སུ་གྱུར་པ་དང༌། གཏམ་ངན་པས་འཇིགས་པ་དང༌། ཉམ་ང་བཞིན་དུ་འཆི་བས་འཇིགས་པ་དང༌། ཆོས་དང་འགལ་བས་ཤི་བའི་འོག་ཏུ་ངན་འགྲོར་སོང་དོགས་ནས་འཇིགས་པ་སྟེ་དེ་དག་ལ་སེམས་པའོ། །དྲུག་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ་ལ་ལྔ་སྟེ། ཆེས་ཕོངས་པའི་གཉེན་ལ་སོགས་པ་དང་བྲལ་ན་དེས་སེམས་ལ་མྱ་ངན་སྐྱེ་བ་དང༌། ངག་ཏུ་སྨྲེ་སྔགས་འདོན་པ་དང༌། ལུས་ལ་གནོད་པ་སྐྱེད་པ་དང༌། ཡུལ་དེའི་ཡོན་ཏན་དྲན་ཞིང་འདོད་པས་ཡིད་གདུང་བ་དང༌། དེའི་ལོངས་སྤྱོད་མ་ཚང་བ་སྟེ་དེ་རྣམས་སེམས་པའོ། །བདུན་པ་འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་བསམ་པ་ལ་ལྔ་སྟེ། སྡུག་པ་དང་བྲལ་བ་དང་འདྲའོ། །དེའི་ངོ་བོ་ནི། སོ་ནམ་བྱས་ཀྱང་སྟོན་ཐོག་མ་གྲུབ་པ་དང༌། ཚོང་བྱས་ཀྱང་ཁེ་སྤོགས་མ་ཐོན་པ་སོགས་


LT08,P162A
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གང་ལ་རེ་བ་དེ་འབད་ནས་བཙལ་ཡང་མ་རྙེད་པས་ཡི་ཆད་པའི་སྡུག་བསྔལ་ལོ། །འདི་དག་སྐྱེ་བཞིས་བསྡུས་པའི་འགྲོ་བ་ཐམས་ཅད་ལ་ཡོད་མོད་ཀྱང་མི་ལ་གཙོ་ཆེར་སྦྱོར་དུ་ཡོད་པས་ཁ་ཅིག་གིས་མིའི་སྡུག་བསྔལ་ཁོ་ནར་བཞག་པའོ། །བརྒྱད་པ་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་གསུངས་པའི་དོན་བསམ་པ་ལ་ལྔ་སྟེ། མངོན་པར་འགྲུབ་པའི་སྡུག་བསྔལ་གྱི་སྣོད་དང༌། མངོན་པར་གྲུབ་པ་ལ་བརྟེན་པའི་སྡུག་བསྔལ་གྱི་སྣོད་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱི་སྣོད་དང༌། འགྱུར་བའི་སྡུག་བསྔལ་གྱི་སྣོད་དང༌། འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་སྟེ་དེ་དག་ལ་ཡང་ཡང་སེམས་པའོ། །དེ་ལ་དང་པོ་ནི། ཉེར་ལེན་གྱི་ཕུང་པོ་འདི་བླངས་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་རྣམས་འདྲེན་པའོ། །གཉིས་པ་ནི། ཕུང་པོ་གྲུབ་ཟིན་ལ་བརྟེན་པའི་ན་རྒ་སོགས་ཀྱི་རྟེན་དུ་གྱུར་པའོ། །གསུམ་པ་དང་བཞི་པ་ནི། སྡུག་བསྔལ་གཉིས་པོ་དེའི་གནས་ངན་ལེན་རྗེས་སུ་འབྲེལ་བས་དེ་གཉིས་སྐྱེད་པའོ། །ལྔ་པ་ནི། ཉེར་ལེན་གྱི་ཕུང་པོ་གྲུབ་ཙམ་གྱིས་འདུ་བྱེད་སྡུག་བསྔལ་གྱི་རང་བཞིན་དུ་སྐྱེ་སྟེ། ལས་ཉོན་སྔ་མའི་གཞན་དབང་དུ་གྱུར་པའི་འདུ་བྱེད་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ། །ཉེར་ལེན་གྱི་ཕུང་པོའི་རང་བཞིན་གྱི་འཁོར་བ་ལ་སྐྱོ་བ་རྣལ་མ་ཞིག་མ་སྐྱེས་ན་ཐར་པ་དོན་གཉེར་གྱི་བློ་རྣལ་མ་སྐྱེ་བ་མེད་ཅིང་སེམས་ཅན་འཁོར་བར་འཁྱམས་པ་ལ་སྙིང་རྗེ་ཆེན་པོ་ཡང་སྐྱེ་ཐབས་མེད་པས། ཐེག་པ་ཆེ་ཆུང་གང་དུ་འཇུག་ཀྱང་བསམ་པ་འདི་ཤིན་ཏུ་གལ་ཆེའོ། །གཉིས་པ་སྤྱིའི་སྡུག་བསྔལ་གསུམ་བསམ་པ་ནི། ཐམས་ཅད་ཀྱང༌། །ཡིད་བརྟན་མེད་ཅིང་མི་ངོམས་ཐོག་མེད་ཞུགས། སྡུག་བསྔལ་གསུམ་བསམ་འཁོར་བར་གྲོ་ལྡོག་གོ །འཁོར་བ་པའི་འགྲོ་བ་ཐམས་ཅད་ཀྱང༌། ངེས་པ་མེད་པ་དང༌། ངོམས་མི་ཤེས་པ་དང༌། ལུས་ཡང་དང་ཡང་དུ་འདོར་བ་དང༌། ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བ་དང༌། ཡང་དང་ཡང་དུ་མཐོ་དམན་དུ་འགྱུར་བ་དང༌། གྲོགས་མེད་


LT08,P162B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉེས་པ་དྲུག་བཤེས་སྤྲིང་ལས་གསུངས་པ་ནི། བསྡུ་ན་གསུམ་དུ་འདུ་སྟེ། འཁོར་བ་ལ་ཡིད་བརྟན་བྱས་མེད་པ་དང༌། དེའི་བདེ་བ་ལ་ཇི་ཙམ་དུ་སྤྱད་ཀྱང་ངོམས་པའི་མཐའ་མེད་པ་དང༌། ཐོག་མ་མེད་པ་ནས་ཞུགས་པའོ། །དང་པོ་ལ་བཞི་ལས། ལུས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི་ཡང་དང་ཡང་དུ་ལུས་འདོར་བའོ། །ཕན་གནོད་བྱེད་པ་ལ་ཡིད་བརྟན་མི་རུང་བ་ནི་ཕ་བུ་དང༌། མ་ཆུང་མར་འགྱུར་བ་དང༌། དགྲ་བཤེས་སུ་འགྱུར་བ་སོགས་ངེས་པ་མེད་པའོ། །ཕུན་ཚོགས་ཐོབ་པ་ལ་ཡིད་བརྟན་མི་རུང་བ་ནི་མཐོ་ས་ནས་དམའ་སར་ལྟུང་བའོ། །འགྲོགས་པ་ལ་ཡིད་བརྟན་མི་རུང་བ་ནི། གྲོགས་མེད་པར་འགྲོ་བའོ། །གཉིས་པ་ནི། སྔོན་དང་ཕྱི་མའི་མཐའ་མི་མངོན་པར་ཡོངས་སུ་འཁོར་བ་ན་ལྷ་དང་མིའི་དབང་ཕྱུག་དག་ཏུ་གྱུར་ནས་འདོད་པའི་དགའ་བདེ་དཔག་ཏུ་མེད་པ་ལ་ལོངས་སྤྱད་ཀྱང་ལན་ཚྭའི་ཆུ་འཐུང་བའམ་གཡན་པ་ཕྲུག་བ་ལྟར་ཅུང་ཟད་ཀྱང་ངོམས་མ་ཤེས་པས་སྲེད་པ་ཇེ་འཕེལ་དུ་འགྱུར་བའོ། །previous hit གསུམ་པ་ནི། ཡང་ཡང་ཉིང་མཚམས་སྦྱོར་བ་སྟེ་སྐྱེ་བ་བརྒྱུད next hit་པའི་མཐའ་མི་མངོན་པའོ། །མིའི་སྡུག་བསྔལ་གཞན་ཡང་ཚོགས་ཀྱི་གཏམ་ལས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང༌། །སྡུག་བསྔལ་གཟིར་བས་དམྱལ་བར་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །མི་ཡི་དུད་འགྲོའི་སྡུག་བསྔལ་ཡང༌། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པར། །རྣམ་པར་གནོན་ཞིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཞེས་དང༌། བཞི་བརྒྱ་བ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་ཉིད་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་དང༌། ལྷ་མ་ཡིན་རྣམས་ལྷའི་དཔལ་འབྱོར་མི་བཟོད་པའི་ཕྲག་དོག་གིས་ཡིད་གདུང་ལ། དེ་ལ་བརྟེན་ནས་ལྷ་དང་འཐབ་པ་ན་ལུས་བཅད་པ་དང༌། དྲལ་བ་སོགས་ཀྱི་སྡུག་


LT08,P163A
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དུ་མ་མྱོང་བ་དང༌། དེ་རྣམས་ཤེས་རབ་དང་ལྡན་ཡང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་རྟེན་དེ་ལ་བདེན་པ་མཐོང་མི་རུང་བར་གསུངས། འདོད་པའི་ལྷ་རྣམས་ཀྱང་འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ། སྤ་ཀོང་བའི་སྡུག་བསྔལ། བཅད་པ་དང་འདྲལ་བ་དང་གསོད་པ་དང་སྤྱུགས་པའི་སྡུག་བསྔལ་རྣམས་ཡོད་ཅིང༌། ཁམས་གོང་མ་གཉིས་ཀྱི་ལྷ་རྣམས་ལ་སྡུག་བསྔལ་གྱི་སྡུག་བསྔལ་མེད་ཀྱང༌། ཉོན་མོངས་པ་དང་ལྡན་ཞིང་སྒྲིབ་པ་དང་བཅས་ལ། འཆི་འཕོ་བ་དང་གནས་པ་ལ་རང་དབང་མེད་པས་གནས་ངན་ལེན་གྱིས་ནི་སྡུག་བསྔལ་ལོ། །མདོར་ན་ཁམས་གསུམ་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་རྒྱ་མཚོར་རྟག་ཏུ་གཡེང་བའི་ཚུལ་ལ་བསམ་སྟེ་འཁོར་བ་ལས་བློ་ལྡོག་གོ །གསུམ་པ་ཞི་བདེ་ལས་བློ་ལྡོག་པ་ནི། རྒྱུ་འབྲས་མན་ངག་བདུན་གྱིས་གཞན་དོན་བློ། །སྐྱེ་གཞི་སེམས་སྙོམས་པ་དང་ཡིད་འོང་བསྒྲུབ། །བྱང་ཆུབ་དོན་གཉེར་བྱམས་དང་སྙིང་རྗེ་ཆེ། །ལྷག་པའི་བསམ་པས་ཞི་བདེར་བློ་ལྡོག་བྱ། །དེ་ལྟར་འཁོར་བའི་ཉེས་དམིགས་བསྒོམས་པས་སྲིད་པ་ཐམས་ཅད་མེའི་འོབས་ལྟར་མཐོང་སྟེ་ཉོན་མོངས་པ་དང༌། སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ཐོབ་འདོད་ཀྱིས་ཡིད་ཀུན་ཏུ་གདུངས་བ་དེས། ལམ་བསླབ་པ་གསུམ་ལ་བསླབ་ན་འཁོར་བ་ལས་གྲོལ་བའི་ཐར་པ་འཐོབ་ཅིང༌། དེའང་མཐོ་རིས་ཀྱི་དཔལ་ལྟར་སླར་ལྡོག་པའང་མ་ཡིན་མོད། འོན་ཀྱང་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པ་ཕྱོགས་རེ་བ་ཡིན་པས་རང་དོན་མ་རྫོགས་ལ། དེ་ཉིད་ཀྱིས་ན། གཞན་དོན་ཡང་ཉི་ཚེ་བར་ཟད་ཅིང་མཐར་སངས་རྒྱས་ཀྱིས་བསྐུལ་ནས་ཐེག་ཆེན་དུ་འཇུག་དགོས་པར་རིགས་ཤིང༌། དེའི་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ལ། དེ་རྒྱུད་ལ་ནམ་སྐྱེས་པ་


LT08,P163B
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐེག་ཆེན་པར་འཇོག་གོ །འདི་ལ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་ཏེ། དེའང་ནས་ཀྱི་ས་བོན་ནི་རྐྱེན་སུ་དང་ཚོགས་ཀྱང་འབྲས་ལ་སོགས་པའི་མྱུ་གུའི་རྒྱུར་མི་རུང་བས་ན་མྱུ་གུའི་རྒྱུ་ཐུན་མོང་མིན་པ་ཡིན་ལ། དེས་ཟིན་པའི་ཆུ་ལུད་སོགས་ཀྱང་ནས་ཀྱི་མྱུ་གུའི་རྒྱུར་འགྱུར་བ་དེ་བཞིན་དུ་བླ་མེད་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་མྱུ་གུའི་རྒྱུའི་ནང་ནས་ས་བོན་ལྟ་བུ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཆུ་ལུད་སོགས་དང་འདྲ་བར་བྱང་ཆུབ་གསུམ་ཀའི་རྒྱུ་ཐུན་མོང་བ་ཡིན་ནོ། །དེའི་ཕྱིར་རྒྱུད་བླ་མ་ལས་ཀྱང༌། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། སངས་རྒྱས་ཆོས་སྐྱེད་མ་དང༌། ཞེས་ཐེག་པ་མཆོག་ལ་མོས་པ་ནི་ཕའི་ས་བོན་དང༌། བདག་མེད་རྟོགས་པའི་ཤེས་རབ་ནི་མ་ལྟ་བུར་གསུངས་ཏེ། དཔེར་ན་ཕ་བོད་ལ་བུ་རྒྱ་ཧོར་སོགས་སྐྱེ་མི་སྲིད་པས་ཕ་ནི་བུའི་རིགས་ངེས་པའི་རྒྱུ་ཡིན་ལ། མ་བོད་ལ་ནི་བུ་སྣ་ཚོགས་པ་སྐྱེ་བས་ཐུན་མོང་གི་རྒྱུར་འགྱུར་བ་བཞིན་ནོ། །ཀླུ་སྒྲུབ་ཀྱིས་ཀྱང༌། སངས་རྒྱས་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པ། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཞེས་ཤེར་ཕྱིན་ལ་བསྟོད་པས། ཉན་རང་རྣམས་ཀྱང་དེ་ལ་བརྟེན་ལ། དེས་ན་ཤེར་ཕྱིན་ལ་ཡུམ་ཞེས་ཀྱང་གསུངས་པས། ཐེག་པ་ཆེ་ཆུང་གཉིས་ཀའི་སྲས་ཀྱི་ཡུམ་ཡིན་པའི་ཕྱིར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐེག་པ་ཆེ་ཆུང་འབྱེད་པ་མིན་གྱི། བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་རླབས་ཆེ་བ་རྣམས་ཀྱིས་འབྱེད་པ་ཡིན་ནོ། །དེའི་ཕྱིར་ཐོག་མར་བྱང་ཆུབ་ཀྱི་སེམས་སྦྱང་དགོས་པས། དེའི་མན་ངག་ལ་ཇོ་བོ་རྗེ་ནས་བརྒྱུད་པ་ལ་ལུགས་གཉིས། ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་


LT08,P164A
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ནས་བརྒྱུད་པ་ལ་རྒྱུ་འབྲས་རིམ་པ་ལྔ་སྟེ། བདག་སངས་རྒྱས་ཐོབ་དགོས་པ་ལ་སངས་རྒྱས་ཀྱི་རྒྱུར་བྱང་ཆུབ་ཀྱི་སེམས་དགོས་པར་འདུག་དེའི་རྒྱུར་སྙིང་རྗེ་དགོས་པར་འདུག་དེའི་རྒྱུར་བྱམས་པ་དགོས་པར་འདུག་དེའི་རྒྱུར་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དགོས་པར་འདུག་དེའི་རྒྱུ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་དགོས་པར་འདུག་སེམས་ཅན་ཐམས་ཅད་ཕ་མ་ཡིན་དྲིན་རེ་ཆེ། འདི་རྣམས་སྡུག་བསྔལ་དང་བྲལ། བདེ་ཞིང་སྐྱིད་ན་ཅི་མ་རུང༌། འདི་རྣམས་བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱས་ཐོབ་པར་བྱའོ། །སངས་རྒྱས་ཐོབ་ནས་ཀྱང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཞག་པར་བྱའོ་སྙམ་དུ་བསམ་པའོ། །ཡང་བྱ་ཡུལ་བའི་སློབ་མ་གཙང་པ་རིན་པོ་ཆེ་ནས་བརྒྱུད་པ་ལ་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བར་གསུངས་ཏེ། དེའི་དབང་དུ་བྱས་ན། འཐོབ་བྱའི་སངས་རྒྱས་ཉིད། རྒྱུ་མེད་རྐྱེན་མེད་ལས་མ་ཡིན་ཏེ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ། དེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལས་སྐྱེ། དེ་སྙིང་རྗེ་ཆེན་པོ་ལས་སྐྱེ། དེ་བྱམས་པ་ཆེན་པོ་ལས་སྐྱེ། དེ་ཡིད་དུ་འོང་བ་ལས་སྐྱེ། དེ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ལས་སྐྱེ། དེ་མའི་འདུ་ཤེས་བསྒོམས་པ་ལས་སྐྱེ་བར་གསུངས་སོ། །དེའང་གཞན་དོན་གྱི་བློ་སྐྱེ་བའི་གཞི། རང་ཉིད་སེམས་ཅན་ལ་ཆགས་སྡང་དང་བྲལ་བའི་སེམས་སྙོམས་པ་བསྒྲུབ་སྟེ། དེའང་ཐོག་མར་ཕན་གནོད་གང་ཡང་མ་བྱས་པའི་བར་མ། དེ་ནས་མཛའ་བཤེས། དེ་ནས་གནོད་བྱེད་ཀྱི་དགྲ། དེ་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་བསྒོམས་ཏེ། དེའང་སེམས་ཅན་གྱི་ངོས་ནས་ནི་ཐམས་ཅད་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་མཚུངས་པས་ན། ཁ་ཅིག་ལ་ཉེ་བར་བཟུང་ནས་ཕན་འདོགས་ཤིང༌། ཁ་ཅིག་ལ་རིང་བར་བཟུང་ནས་གནོད་པ་བྱེད་


LT08,P164B
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། ཕན་པ་མི་བྱེད་པ་མི་རིགས་སོ་སྙམ་པ་དང༌། རང་གི་ངོས་ནས་ནི་ཐོག་མ་མེད་པ་ནས་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་ནི་གང་ཡང་མེད་པས། གང་ལ་ནི་ཆགས་པར་བྱ་ལ། གང་ལ་ནི་སྡང་བར་བྱ་སྙམ་དུ་སེམས་པའོ། །ཞེས་སྒོམ་རིམ་བར་པ་ལས་གསུངས་པ་ལྟར་རོ། །དེ་ནས་ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབས་ཏེ། དེའང་སེམས་ཅན་རེ་རེ་བཞིན་ཡང་རང་གི་མར་བསམ་པ། དེའི་དྲིན་དྲན་པ། དེའི་ཕྱིར་དེ་ཉིད་འཁོར་བ་ནས་འདོན་པའི་དྲིན་གཟོ་བྱ་དགོས་པར་བསམ་མོ། །འཁོར་བ་ལས་སྒྲོལ་བའི་ཐབས་བདག་ཉིད་བྱང་ཆུབ་ཆེན་པོའི་གོ་འཕང་དོན་དུ་གཉེར་བར་འདོད་པས། དེའི་རྒྱུ་སེམས་ཅན་རྣམས་ལ་བྱམས་པ་དང༌། སྙིང་རྗེ་དང༌། ལྷག་པའི་བསམ་པ་བསྒོམས་ལ་བློ་སྦྱང་བར་བྱའོ། །དེ་ལ་བྱམས་པའི་དམིགས་པ་ནི། བདེ་བ་དང་མི་ལྡན་པའི་སེམས་ཅན་ནོ། །རྣམ་པ་ནི་བདེ་བ་དང་ཕྲད་ན་ཅི་མ་རུང༌། བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང༌། བདེ་བ་དང་ཕྲད་པར་བྱའོ་སྙམ་པའོ། །ཕན་ཡོན་ནི། རིན་ཆེན་ཕྲེང་བ་ལས། རྫེའུ་ཚོད་སུམ་བརྒྱའི་ཁ་བྲས་དག །ཉིན་རེ་དུས་གསུམ་བྱིན་པས་ཀྱང༌། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་སྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌། །འབད་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་གསུངས་པས་མཚོན་མཐའ་ཡས་སོ། །སྒོམ་པའི་རིམ་པ་ནི་ཐོག་མར་མཛའ་བཤེས་དང༌། དེ་ནས་བར་མ་དང༌། དེ་ནས་དགྲ་ལ་བསྒོམ་པར་བྱ་ཞིང༌། དེ་ནས་སེམས་ཅན་ཐམས་ཅད་


LT08,P165A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིམ་པ་བཞིན་དུ་བསྒོམ་མོ། །སྒོམ་ཚུལ་ནི་ཇི་ལྟར་སེམས་ཅན་སྡུག་བསྔལ་གྱིས་སྡུག་བསྔལ་བའི་ཚུལ་ཡང་ཡང་བསམ་ན་སྙིང་རྗེ་སྐྱེ་བ་ལྟར། སེམས་ཅན་ལ་ཟག་བཅས་ཟག་མེད་ཀྱི་བདེ་བ་མེད་ཅིང༌། བདེ་བས་ཕོངས་ལུགས་རྣམས་ཡང་ཡང་བསམ་ཏེ། དེ་གོམས་པ་ན་བདེ་བ་དང་འཕྲད་འདོད་ངང་གིས་འབྱུང་ལ། དེའང་དགེ་བ་སྣ་ཚོགས་པ་རྣམས་ཡིད་ལ་བྱས་ནས་དེ་དག་སེམས་ཅན་རྣམས་ལ་བསྟབ་པར་བྱའོ། །སྙིང་རྗེའི་དམིགས་པ་ནི། སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་སེམས་ཅན་ནོ། །རྣམ་པ་ནི་སྡུག་བསྔལ་དེ་དག་དང་བྲལ་ན་སྙམ་པ་དང༌། བྲལ་བར་གྱུར་ཅིག་སྙམ་པ་དང༌། དབྲལ་བར་བྱའོ་སྙམ་པའོ། །སྒོམ་པའི་རིམ་པ་ནི། ཐོག་མར་མཛའ་བཤེས་དང༌། དེ་ནས་བར་མ་དང༌། དེ་ནས་དགྲ་དང༌། དེ་ནས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལའང་བསྒོམ་མོ། །དེ་ལྟར་བཏང་སྙོམས་དང༌། བྱམས་པ་དང༌། སྙིང་རྗེ་ལ་ཡུལ་སོ་སོར་ཕྱེ་ནས་རིམ་ཅན་དུ་བསྒོམ་པ་དེ་ནི་ཆོས་མངོན་པའི་མདོའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཡིན་ལ་གནད་ཤིན་ཏུ་ཟབ་པའོ། །སྒོམ་ཚུལ་ནི་མར་གྱུར་པའི་སེམས་ཅན་དེ་རྣམས་སྲིད་པར་ལྟུང་ནས་སྤྱི་དང་སོ་སོའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བ་རྣམས་ལ་སེམས་པའོ། །སྙིང་རྗེ་སྐྱེས་པའི་ཆད་ནི། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལའང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ། དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་འཐོབ་སྟེ། ཞེས་གསུངས་ཏེ། འདིས་བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་རིག་པར་བྱའོ། །ལྷག་པའི་བསམ་པ་ནི། དེ་ལྟར་བྱམས་པ་དང་སྙིང་རྗེ་བསྒོམས་པའི་མཐར། ཀྱེ་


LT08,P165B
[མ་དཔེ་གཟིགས་ན་འདིར་གནོན།]

མ་བདག་ལ་སྡུག་ཅིང་ཡིད་དུ་འོང་བའི་སེམས་ཅན་འདི་དག་འདི་ལྟར་བདེ་བས་ཕོངས་པ་དང༌། སྡུག་བསྔལ་གྱིས་མནར་ན་འདི་དག་ཇི་ལྟར་བདེ་བ་དང་ཕྲད་པ་དང༌། སྡུག་བསྔལ་ལས་ཐར་བར་བྱ་སྙམ་དུ་སེམས་ཤིང༌། དེ་དག་སྒྲོལ་བའི་ཁུར་ཁྱེར་བ་ལ་ཐ་ན་ཚིག་ཙམ་གྱིས་ཀྱང་བློ་སྦྱོང་ལ་དེ་དག་གནས་སྐབས་ཀྱི་བདེ་བ་མཐོ་རིས་དང༌། ཐར་པ་ཉི་ཚེ་བ་ཙམ་མ་ཡིན་པར་བྱང་ཆུབ་ཆེན་པོ་ཁོ་ན་ལ་འགོད་པར་འདོད་པའི་བསམ་པ་དང་མ་བྲལ་བ་ནི། ལྷག་པའི་བསམ་པ་ཁྱད་པར་དུ་འཕགས་པ་སྟེ། དེའང་ཉན་རང་གི་འཕགས་པ་དག་ཀྱང་འཁོར་བར་མི་ལྡོག་ཅིང་སྤྲོས་མེད་ལ་སེམས་ངང་གིས་གནས་པ་དང་ཡོན་ཏན་དུ་མ་དང་ཡང་ལྡན་པ་ཡིན་པས། རང་ཅག་སོ་སོ་སྐྱེ་བོ་ལ་ལྟོས་ན་བློས་མི་འཁྱུད་པའི་རྔམ་ཆེན་ཡིན་མོད་ཀྱི། སངས་རྒྱས་བྱང་སེམས་རྣམས་ཀྱིས་སྒྲིབ་པ་གཉིས་སྤང་ཚུལ་དང༌། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྒྱས་ཚུལ་དང༌། ཡོན་ཏན་མུ་མཐའ་མེད་པ་མངའ་ཚུལ་དང༌། ཐུགས་རྗེའི་ཤུགས་དང་ནུས་མཐུའི་རྩལ་རྟོགས་པར་དཀའ་བ་བཞུགས་ཚུལ་དང༌། ཕྱོགས་ཐམས་ཅད་ལ་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་སྤྱོད་པའི་ཕྲིན་ལས་འཇུག་ཚུལ་བསམ་གྱིས་མི་ཁྱབ་པ་རྣམས་དང་བསྐྲུན་ན། ཉན་རང་གི་རྣམ་གྲོལ་དེ་ཆེས་ཆུང་བར་འདུག་སྟེ། དཔེར་ན་རི་རབ་དང་ཉུངས་ཀར་གྱི་ཁྱད་ལས་ཀྱང་ཁྱད་པར་ཆེ། དེས་ན་རང་དོན་སྤངས་རྟོགས་ཐམས་ཅད་ཡོངས་སུ་རྫོགས་ནས་གཞན་དོན་ཕྲིན་ལས་ཟད་པ་མེད་པའི་རང་བཞིན་ཅན་ཐར་པའི་མཆོག་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ། ཇི་ལྟར་བྱས་ན་བདག་སངས་རྒྱས་ཐོབ་པར་གྱུར་ཅིག་གུ་སྙམ་དུ་ཡང་ཡང་བསམས་ནས་དམན་པའི་ཞི་བདེ་ལས་བློ་ལྡོག་པར་བྱའོ། །བཞི་པ་གཟུང་འཛིན་ལས་བློ་ལྡོག་པ་ནི། ཆོས་ཀུན་རང་བཞིན་སྐྱེ་བ་མེད་པའི་དོན། །སོར་རྟོག་གིས་དཔྱོད་གཟུང་འཛིན་བློ་ལྡོག་བྱ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་


LT08,P166A
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བའི་ཆོས་ཀུན་གྱི་རང་བཞིན་གདོད་མ་ནས་སྐྱེ་བ་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་རྟོག་ཅིང་དཔྱོད་པས། དེ་ལས་འཕགས་པའི་ཡེ་ཤེས་སྐྱེ་ཞིང་འདི་ལྟར་སྣང་བའི་གཟུང་འཛིན་གྱི་འཁྲུལ་པ་མཐའ་དག་ལས་བློ་ལྡོག་པར་འགྱུར་ཏེ། དེའི་ཡུལ་བདེན་པ་གཉིས་ལ་སོགས་པ་གོང་དུ་སྨོས་ཟིན་ཅིང༌། ཡུལ་ཅན་སོར་རྟོག་ཉིད་བསམ་བྱུང་གི་ཤེས་རབ་སྐྱེད་པ་ལ་གལ་ཆེ་བ་ནི། འོད་སྲུངས་ལེའུ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་དུ། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། །ཞེས་སོ་སོར་རྟོག་པ་ལས་འཕགས་པའི་ཤེས་རབ་སྐྱེ་བར་གསུངས་ལ། སྒོམ་རིམ་བར་པ་ལས་ཀྱང༌། དེས་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ་གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་ངེས་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ། །གང་ཞིག་ཤེས་རབ་ཀྱི་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་སྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤངས་བ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེས་རྣམ་པར་རྟོག་པ་ནམ་ཡང་མི་ཟློག་ཅིང༌། ངོ་བོ་ཉིད་མེད་པ་ཉིད་ནམ་ཡང་རྟོགས་པར་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཡང་དག་པར་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན་གཙུབ་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཞེས་སོ། །སྒོམ་པ་ལའང་བསམ་པ་གལ་ཆེ་བ་ནི། དམ་པ་སྔ་མ་རྣམས་ཀྱི་ཞལ་ནས།


LT08,P166B
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཐོས་པའི་ཆོས་རྣམས་བློ་ལ་རུག་གིས་ཡོད་པར་བྱས་ལ། ཡང་དང་ཡང་དུ་སེམས་པར་བྱེད། འཇལ་བར་བྱེད། རྟོགས་པར་བྱེད་དགོས། ཆོས་བརྗེད་དུ་བཅུག་ནས་སེམས་འཛིན་རྐྱང་པ་རེ་ལ་སློབ་པ་དེ་ལ་གྲོགས་མེད། སྒོམ་ཆེན་རབ་ལ་སྟོན་པ་རབ། སྒོམ་ཆེན་འབྲིང་ལ་སྟོན་པ་འབྲིང་འོང་བ་ཡིན། ཇི་ཙམ་བསྒོམས་པ་དེ་ཙམ་དུ་ཆོས་ཤེས་པ་ཇེ་ཆེར་འགྲོ་བ་ཅིག་དགོས། དེ་ལྟར་བསམ་པས་ངེས་ཤེས་བརྟན་ན། དགེ་མི་དགེའི་བསམ་པ་ཐམས་ཅད་རྟོག་པ་ཡིན་པས་སྤང་བྱ་ཡིན་ཞེས་སྡིག་གྲོགས་ཀྱིས་ཟེར་བ་ན། ཆོས་ནས་དེ་ལྟར་མ་གསུངས། དགེ་བའི་བཤེས་གཉེན་ཡང་དེ་ལྟར་མི་བཞེད་སྙམ་ནས་ཁོའི་ཁ་ལ་མི་ཉན་པ་ཞིག་འོང༌། དེ་མེད་ན་དད་པ་ནི་བག་རེ་ཡོད། ཤེས་རབ་མེད་པ་དེ་ལ་ངུ་བའི་ཁ་ལ་བལྟས་ན་ངུ་བྲོ། དགོད་པའི་ཁ་ལ་བལྟས་ན་དགོད་བྲོ། ཆུ་སྣ་བཞིན་དུ་ཅི་ཟེར་ལ་བདེན་སྙམ་ནས་གར་ཁྲིད་སར་འགྲོ་གསུང་ངོ༌། །བློ་ལྡོག་རྣམ་བཞི་རྣམ་པར་ངེས་པའི་སྐབས་བཞི་པའི་འགྲེལ་བའོ།། །།ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ་ལས་ལྷག་པ་ཤེས་རབ་ཀྱི་བསླབ་པ་རིམ་པར་ཕྱེ་བ་སྟེ་གནས་བདུན་པའི་འགྲེལ་བ་གྲུབ་བོ།། །།དེ་ལྟར་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་དང་ཟབ་མོའི་ལྟ་བའི་གནས་ལ་སྒྲོ་འདོགས་ཆོད་ཅིང་ངེས་པ་རྙེད་པ་ན། སྒོམ་པས་རྒྱུད་ལ་སྦྱོར་ཞིང་ཉམས་སུ་བླང་དགོས་པས། གནས་བརྒྱད་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིམ་པར་ཕྱེ་བ་ལ་སྐབས་བཞི། ཏིང་འཛིན་ཀུན་གྱི་སྤྱི་གཞི་ཞི་ལྷག་གི་སྒོམ་རིམ་བསྟན་པ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྒོམ་རིམ་བྱེ་བྲག་ཏུ་བསྟན་པ། གསང་སྔགས་རྡོ་རྗེ་ཐེག་པའི་སྒོམ་རིམ་རྒྱུད་གཙོ་བོར་བྱེད་པ་སྤྱིར་བསྟན་པ། མན་ངག་གཙོ་བོར་བྱེད་པ་


LT08,P167A
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ཏུ་བསྟན་པ་རྣམས་སོ། །དང་པོ་ལ་གསུམ། ཏིང་འཛིན་སྒོམ་དགེ་བའི་རྒྱུ་མཚན། བསྒོམ་བྱའི་ཏིང་ངེ་འཛིན་ངོས་བཟུང་བ། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཐོས་བསམ་དོན་ཉིད་སྒོམ་པས་ཉམས་སུ་བླངས། །ཞིང་པ་ལོ་ཏོག་ལེགས་ཀྱང་སྤྱད་དགོས་བཞིན། །དེ་ལྟར་ཐོས་བསམ་གྱི་ཤེས་རབ་བསྐྱེད་པའི་དོན་དེ་ཉིད་ཁ་ནང་དུ་ཕྱོགས་པའི་སྒོམ་པས་ཉམས་སུ་བླང་བར་བྱ་དགོས་ཀྱི། སྒོམ་པ་དང་བྲལ་བའི་ཐོས་བསམ་ཇི་ལྟར་ཟབ་ཀྱང་འཆིང་བ་ལས་གྲོལ་བར་མི་འགྱུར་ཏེ། ཞིང་པ་ལོ་ཏོག་ལེགས་ཀྱང་མ་སྤྱད་ན་ལྟོགས་པ་སེལ་བར་མི་འགྱུར་བས་བཟའ་བར་སྤྱད་དགོས་པ་དང༌། སྨན་དཔྱད་བཀླག་པ་དང་བསམ་པ་དང་ཇི་ལྟར་མཁས་ཀྱང་ནད་ཀྱི་ཟུག་རྔུ་སེལ་བར་མི་འགྱུར་བས་སྨན་གྱི་སྦྱོར་བ་བསྟེན་དགོས་པ་བཞིན་ནོ། །གཉིས་པ་ནི། ཐེག་པ་ཆེ་ཆུང་ཏིང་འཛིན་རྒྱ་མཚོའི་ཆིངས། །ཞི་གནས་ལྷག་མཐོང་གཉིས་ཀྱི་ངེས་པ་བཙལ། །དེའང་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཉན་ཐོས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མར་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ། །ཞེས་ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་ཐམས་ཅད་ཞི་ལྷག་གིས་བསྡུས་པར་གསུངས་པས་ན། ཏིང་ངེ་འཛིན་དོན་གཉེར་རྣམས་ཀྱིས་དབྱེ་བ་མཐའ་ཡས་པ་རྩད་གཅོད་པར་མི་ནུས་པས་ཏིང་ངེ་འཛིན་རྒྱ་མཚོ་རྣམས་ཀྱི་སྤྱི་ཆིངས་ནི་ཞི་གནས་དང་ལྷག་མཐོང་གཉིས་པོ་ཡིན་པས་ཐོག་མར་དེ་དག་གི་ངེས་པ་བཙལ་བར་བྱའོ། །དེ་ལ་དགོས་པ་ཅི་ཡོད་སྙམ་ན། ཐེག་པ་ཆེ་ཆུང་གི་ཡོན་ཏན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཞི་ལྷག་གི་འབྲས་བུ་ཡིན་པར་དགོངས་པ་ངེས་འགྲེལ་ལས་གསུངས་པ་ལྟར་ཏེ།


LT08,P167B
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ། བྱམས་པས། གང་ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་དཔའ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་དེ་ཉིད་རྒྱས་པར་བཤད་པ་ལ་ལྔ། ངོ་བོ། ངེས་ཚིག་གཉིས་ཀ་དགོས་པའི་རྒྱུ་མཚན། གོ་རིམ། སོ་སོའི་དོན་ལ་སློབ་པའི་ཚུལ་ལོ། །དང་པོ་ནི། དེ་ཡི་ངོ་བོ་སེམས་རྩེ་གཅིག་པ་དང༌། །ཆོས་རབ་རྣམ་འབྱེད་སོ་སོར་རྟོག་པའོ། །དེ་དག་གི་ངོ་བོ་ནི། ཡང་དག་པའི་དམིགས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཞི་གནས་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པ་ལྷག་མཐོང་གི་ངོ་བོ་ཡིན་ཏེ། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་སོ་སོར་རྟོག་པའོ། །ཞེས་དང༌། དེའི་འགྲེལ་བར་དབྱིག་གཉེན་གྱིས། ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་པའི་ཕྱིར་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་གོ་རིམ་བཞིན་དུ་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་བྱ་ཡི། ཏིང་ངེ་འཛིན་མེད་པར་ནི་མ་ཡིན་ཏེ། འདི་ནི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་ཡིན་ནོ། །ཞེས་དང༌། སྒོམ་རིམ་པར་པ་ལས། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་པ་དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ་དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། ཞེས་བཤད་པ་ལྟར་རོ། །གཉིས་པ་ནི། ངེས་ཚིག་གཡེང་བ་ཞི་ནས་རབ་ཏུ་གནས། །ལྷག་པའི་ཁྱད་པར་


LT08,P168A
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མིག་གིས་མཐོང༌། །སྒྲ་དོན་ནམ་ངེས་ཚིག་ནི། ཤ་མ་ཐ་ཞེས་པའི་སྒྲ་ལས། ཤ་མ་ནི་ཞི་བ། ཐ་ནི་གནས་པ་སྟེ་གཟུགས་ལ་སོགས་པའི་ཡུལ་གྱིས་སེམས་གཡེང་བ་ཞི་བར་བྱས་ནས་བསམ་གཏན་གང་སྒོམ་པ་དེ་ལ་སེམས་རྩེ་གཅིག་ཏུ་རབ་ཏུ་གནས་པའི་དོན་ཡིན་པས་ཞི་གནས་ཞེས་བྱ་ལ། བཻ་ཤེ་ཥ་པ་ཤྱ་ཞེས་པའི་བི་ཤེ་ཥ་ནི་ཁྱད་པར་རམ་ལྷག་པ། པ་ཤྱ་ནི་མཐོང་བའམ་ལྟ་བ་སྟེ་དངོས་པོའི་རང་བཞིན་ལྷག་པའི་ཁྱད་པར་ཤེས་རབ་ཀྱི་མིག་གིས་མཐོང་བའི་དོན་ཡིན་པས་ལྷག་མཐོང་ཞེས་བྱའོ། །གསུམ་པ་ནི། རླུང་གིས་མི་གཡོ་མར་མེ་གསལ་བ་བཞིན། །གཉིས་ཀ་འཚོགས་པས་གནས་ལུགས་དེ་ཉིད་རྟོགས། །ཞི་ལྷག་རེ་རེས་མི་ཆོག་པར་གཉིས་ཀ་དགོས་པ་ཅིའི་ཕྱིར་སྙམ་ན། དཔེར་ན་རླུང་གིས་མི་གཡོ་བ་དང་མར་མེ་གསལ་བ་གཉིས་ལྡན་ན་དངོས་པོ་གསལ་བར་མཐོང་ཞིང་གསལ་ཡང་རླུང་གིས་བསྐྱོད་ན་མི་མཐོང་བ་ལྟར། དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་དང་སེམས་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་ཏུ་གནས་པའི་བསམ་གཏན་གཉིས་དང་ལྡན་ན་དེ་ཁོ་ན་ཉིད་གསལ་བར་མཐོང་ཞིང༌། མི་འཕྲོ་བར་གནས་པའི་བསམ་གཏན་ཡོད་ཀྱང་ཡིན་ལུགས་རྟོགས་པའི་ཤེས་རབ་མེད་ན་གནས་ལུགས་རྟོགས་མི་སྲིད་ལ། བདག་མེད་རྟོགས་པའི་ལྟ་བ་ཡོད་ཀྱང་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་མེད་ན་ཡིན་ལུགས་ཀྱི་དོན་གསལ་བར་མཐོང་མི་སྲིད་པའི་ཕྱིར་ཞི་ལྷག་གཉིས་ཀ་འཚོགས་པས་གནས་ལུགས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་ལ་དགོངས་ནས་དེ་གཉིས་ཟུང་འབྲེལ་གྱི་ཚུལ་མདོ་རྒྱུད་ཀུན་ཏུ་གདམས་པར་མཛད་པ་ཡིན་ནོ། །བཞི་པ་ནི། གོ་རིམ་རྟེན་དང་བརྟེན་པའི་ཚུལ་དུ་གནས། །ཞི་ལྷག་གི་གོ་རིམ་ཡང་སྣུམ་དང་མར་མེ་བཞིན་རྟེན་དང་བརྟེན་པའི་


LT08,P168B
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་གནས་པ་སྟེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ཏེ། །ཐོག་མར་ཞི་གནས་བཙལ་བྱ། ཞེས་གསུངས་པ་ལྟར་སྔོན་ལ་ཞི་གནས་བསྒྲུབས་ནས་དེ་ལ་བརྟེན་ཏེ་ལྷག་མཐོང་སྒོམ་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ལྷག་མཐོང་ནི་སོར་རྟོག་གི་ཤེས་རབ་ཀྱིས་བལྟས་པས་སེམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་མཐོང་བ་ཡིན་ལ། དེ་ལྟར་ལྟ་བ་ལ་ཡང་སྔོན་དུ་ཞི་གནས་ལ་བརྟེན་ཏེ་བལྟ་བྱའི་སེམས་ལས་སུ་རུང་བས་རང་དབང་འདུས་པ་ཞིག་ངེས་པར་དགོས་པའི་ཕྱིར་རོ། །ལྔ་པ་སོ་སོའི་དོན་ལ་སློབ་པའི་ཚུལ་བཤད་པ་ལ་གཉིས། སོ་སོའི་དོན་རྒྱས་པར་བཤད། སྤྱིའི་རིགས་མདོར་བསྡུ་བའོ། །དང་པོ་ལ་གསུམ། ཞི་གནས། ལྷག་མཐོང༌། ཟུང་འབྲེལ་ལ་སློབ་པའི་ཚུལ་ལོ། །དང་པོ་ལ་བཞི། ཞི་གནས་ཀྱི་རྒྱུ་ཚོགས་བསྟེན་པ། ཞི་གནས་ཀྱི་རིམ་དབྱེ། དེ་ཉིད་ཇི་ལྟར་བསྒོམ་པའི་ཚུལ། བསྒོམས་པས་གྲུབ་པའི་ཚད་ཕན་ཡོན་དང་བཅས་པའོ། །དང་པོ་ནི། ཞི་གནས་ཚོགས་བསྟེན་མི་མཐུན་ཕྱོགས་ཀུན་དོར། །མཐུན་པའི་ཡུལ་གནས་འདོད་ཆུང་ཆོག་ཤེས་དང༌། །ཚུལ་ཁྲིམས་རྣམ་དག་གཡེང་དང་རྟོག་པ་སྤང༌། །དེ་ལ་ཞི་གནས་སྒྲུབ་པར་འདོད་པས་དེའི་རྒྱུའམ་ཚོགས་བརྟེན་པ་ནི་ཤིན་ཏུ་གཅེས་ཏེ། ཇོ་བོའི་ལམ་སྒྲོན་ལས། ཞི་གནས་ཡན་ལག་རྣམ་ཉམས་པས། །རབ་ཏུ་འབད་དེ་བསྒོམ་བྱས་ཀྱང༌། །ལོ་ནི་སྟོང་ཕྲག་དག་གིས་ཀྱང༌། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །དེ་ཕྱིར་ཏིང་འཛིན་ཚོགས་ལེའུ་ལས། །གསུངས་པའི་ཡན་ལག་ལ་ལེགས་གནས། །དམིགས་པ་གང་རུང་གཅིག་དག་ལ། །ཡིད་ནི་དགེ་བར་བཞག་པར་བྱ། །རྣལ་འབྱོར་ཞི་གནས་གྲུབ་འགྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །


LT08,P169A
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་རོ། །ཚོགས་གང་ཞེ་ན། སྒོམ་རིམ་བར་པ་ལས། མཐུན་པའི་ཡུལ་ན་གནས་པ་དང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་དང༌། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་དང༌། འདོད་པ་ལ་སོགས་པའི་གཡེང་བ་དང༌། རྣམ་པར་རྟོག་པ་ཡོངས་སུ་སྤངས་པའོ། །ཞེས་པ་ལྟར་ཏེ། དེའང༌། མདོ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང༌། །ས་བཟང་བ་དང་གྲོགས་བཟང་དང༌། །རྣལ་འབྱོར་བདེ་བའི་ཡོ་བྱད་ལྡན། །ཞེས་གསུངས་པ་ལྟར་ཟས་གོས་རྙེད་སླ་བས་ལེགས་པར་རྙེད་པ་དང༌། ཆོམ་རྐུན་སོགས་ཀྱི་འཚེ་བ་མེད་པས་གནས་བཟང་བ་དང༌། ནད་མི་བསྐྱེད་པས་ས་བཟང་བ་དང༌། ལྟ་སྤྱོད་མཐུན་པས་གྲོགས་བཟང་བ་དང༌། སྐྱེ་བོའི་འདུ་འཛི་དང་སྒྲའི་ཚེར་མ་མེད་པས་བདེ་བའི་ཡོ་བྱད་དང་ལྡན་པ་སོགས་མཐུན་པའི་ཡུལ་ན་གནས་པ་དང༌། ཟས་གོས་བཟང་པོ་ལ་འདོད་པ་ཆུང་བ་དང༌། དེ་དག་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང༌། ཉོ་ཚོང་སོགས་ཀྱི་བྱ་བ་མང་པོ་ཡོངས་སུ་སྤངས་པ་དང༌། སོ་ཐར་དང་བྱང་སྡོམ་གཉིས་ཀ་ལ་ཉེས་ལྟུང་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང༌། འདོད་པ་རྣམས་ཀྱིས་ཚེ་འདི་ཕྱིར་ཉེས་དམིགས་རྣམ་པ་མང་པོར་འགྱུར་བར་ཡིད་ལ་བྱས་ཏེ། དེ་དག་ལ་རྣམ་པར་རྟོག་པ་ཡོངས་སུ་སྤངས་པ་རྣམས་སོ། །གཞན་ཡང་ཞི་གནས་ཀྱི་ཚོགས་སམ་ཡན་ལག་དང་དེའི་མི་མཐུན་ཕྱོགས་ཇོ་བོས་ཏིང་ངེ་འཛིན་ཚོགས་ལེ་ལས་གསུངས་པ་རྣམས་ཀྱང་ལེགས་པར་བརྟེན་པར་བྱའོ། །གཉིས་པ་དེའི་རིམ་པར་དབྱེ་བ་ནི། དེ་དབྱེ་འདོད་སེམས་བསམ་གཟུགས་འགོག་པས་བསྡུས། །ཞི་གནས་དེ་ལ་རྟེན་ནམ་རིགས་ཀྱི་སྒོ་ནས་དབྱེ་ན་འདོད་པའི་སེམས་ཀྱིས་བསྡུས་པ་དང༌། བསམ་གཏན་གྱི་སས་བསྡུས་པ་དང༌། གཟུགས་


LT08,P169B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྙོམས་འཇུག་གིས་བསྡུས་པ་དང༌། འགོག་པའི་སྙོམས་འཇུག་གིས་བསྡུས་པ་དང་བཞིར་འགྱུར་ཏེ། སོ་སོའི་ཚུལ་ནི་གོང་འོག་ཏུ་བཤད་པ་རྣམས་ལས་རྟོགས་པར་འགྱུར་རོ། །གསུམ་པ་ཞི་གནས་དེ་ཉིད་ཇི་ལྟར་སྒོམ་པའི་ཚུལ་ལ་གསུམ། ལུས་ཀྱི་གནད་བཅའ་བ། སེམས་ཀྱི་བཞག་ཐབས་བསྟན་པ། དེ་ལས་སྐྱེས་པའི་ཉམས་ངོས་བཟུང་བའོ། །དང་པོ་ནི། སྒོམ་ཚུལ་བདེར་གནས་ལུས་ཀྱི་ཆོས་བརྒྱད་ལྡན། །ཞི་གནས་སྒོམ་པའི་ཐོག་མར་ལུས་གནད་ཀྱི་ཚུལ་གལ་ཆེ་བས། དེའང་བདེ་བའི་སྟན་ལ་གནས་ཏེ་ལུས་ཀྱི་ཀུན་སྤྱོད་ཆོས་བརྒྱད་ལྡན་དུ་བྱ་སྟེ། འདི་ལྟར་རྐང་པ་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ། མིག་ཕྱེད་ཟུམ་སྣ་རྩེར་གཏད། ལུས་དྲང་པོར་བསྲང༌། ཕྲག་པ་མཉམ། སྣ་ལྟ་བའི་ཚད་དུ་བཞག་སོ་མཆུ་ལ་བར་ཅུང་ཟད་བྱ་ཞིང༌། ལྕེ་རྐན་ལ་སྦྱར། དབུགས་རྩོལ་བ་བྲལ་བར་རང་ལུགས་སུ་བཏང་བར་བྱ་བ་སྒོམ་རིམ་ལས་གསུངས་སོ། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན་པ་ལ་གཉིས། དམིགས་པ་སྤྱིའི་རྣམ་བཞག་དང༌། བྱེ་བྲག་སྒོམ་རིམ་དངོས་སོ། །དང་པོ་ནི། དམིགས་པ་སྤྱིར་ནི་ཁྱབ་དང་སྤྱད་པ་སྦྱོང༌། །མཁས་དང་ཉོན་མོངས་སྦྱོང་བཞི་གང་ཟག་བསྟུན། །དེ་ལ་སྤྱིར་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པའི་དམིགས་པ་བཞི་གསུངས་པ་ལ་ཁྱབ་པའི་དམིགས་པ་ལ་ནི། མི་དཔྱོད་པར་འཇོག་པ་དང་དཔྱོད་པའི་དམིགས་པ་གཉིས་དང༌། ཇི་ལྟ་ཇི་སྙེད་ཀྱི་དངོས་པོའི་མཐའ་དང་དེའི་དོན་ལ་བསྒོམས་པས་གནས་གྱུར་ཐོབ་པ་ནི་དགོས་པ་གྲུབ་པ་སྟེ་བཞིའོ། །སྤྱད་པ་རྣམ་སྦྱོང་གི་དམིགས་པ་ལ་ནི། ཚེ་སྔ་མར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་རྣམ་རྟོག་ཤས་ཆེར་སྤྱད་པའི་གཉེན་པོར་རིམ་པ་བཞིན། མི་སྡུག་པ་དང་བྱམས་པ་དང་རྟེན་འབྲེལ་དང་ཁམས་ཀྱི་རབ་དབྱེ་དང་དབུགས་འབྱུང་རྔུབ་སྒོམ་པའི་


LT08,P170A
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལྔའོ། །མཁས་པའི་དམིགས་པ་ལ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་བཅུ་གཉིས་དང་གནས་དང་གནས་མིན་ལ་མཁས་པ་ལྔའོ། །ཉོན་མོངས་སྦྱོང་བའི་དམིགས་པ་ལ་ནི། ས་གོང་འོག་གི་ཞི་རགས་དང་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་སྟེ་གཉིས་སོ། །དེ་རྣམས་ཀྱི་ནང་ནས་གང་ཟག་གང་གིས་གང་ལ་དམིགས་པར་བྱ་བ་ཡང༌། འདོད་ཆགས་ཤས་ཆེ་བ་ནས་རྣམ་རྟོག་ཤས་ཆེ་བའི་བར་གྱི་གང་ཟག་ཡིན་ན་མི་སྡུག་པ་ནས་དབུགས་འབྱུང་རྔུབ་ཀྱི་བར་ལ་སོ་སོར་ངེས་པའི་དམིགས་རྟེན་བྱ་དགོས་ལ། ཆ་མཉམ་སྤྱད་པ་དང་ཉོན་མོངས་ཆུང་བའི་གང་ཟག་ཡིན་ན་ནི་གོང་གི་དམིགས་པ་དེ་དག་ལས་གང་རུང་ཞིག་ལ་སེམས་བཟུང་བས་ཆོག་པ་སྟེ་དབང་པོ་དང་བསྟུན་ནོ། །གཉིས་པ་བྱེ་བྲག་སྒོམ་རིམ་དངོས་བཤད་པ་ལ་གསུམ། རྟེན་ཅན་ལ་འཇོག་པ། རྟེན་མེད་ལ་འཇོག་པ། ངོ་བོ་ཉིད་ལ་འཇོག་པའོ། །དང་པོ་ནི། བྱེ་བྲག་བཞག་ཐབས་རྟེན་ཅན་མ་དག་དག །བྱེ་བྲག་བཞག་ཐབས་རྣམས་ཀྱི་ཐོག་མར་གལ་ཆེ་བ་རྟེན་ཅན་ལ་སློབ་པ་ལ། མ་དག་པ་ཤིང་བུ་རྡེའུ་སོགས་གཟུགས་ཅན་ཕྲ་མོ་སེམས་འཛིན་གྱི་རྟེན་དུ་བྱས་ཏེ་འཇོག་པ་དང༌། དག་པ་སངས་རྒྱས་ཀྱི་སྐུ་སོགས་སྐུ་གཟུགས་བྲིས་འབུར་ཡིག་འབྲུ་ཕྱག་མཚན་སོགས་ལ་སྒྲིམས་གློད་རན་པོ་བྲམ་ཟེ་སྐུད་པ་འཁེལ་བའི་ཚུལ་གྱིས་འཇོག་པའོ། །གཉིས་པ་རྟེན་མེད་ལ་འཇོག་པའི་ཚུལ་ནི། རྟེན་མེད་ཆ་ཤས་ནས་ནི་རྫོགས་པའི་བར། །ཕྱི་ནང་ལུས་དང་ལུས་ལ་བརྟེན་པར་འཇོག །རྟེན་ཅན་ལ་གནས་པའི་སྣ་ཟིན་ནས་རྟེན་མེད་སྐུ་གཟུགས་སོགས་ཡིད་ཀྱི་ཡུལ་དུ་བྱས་ཏེ། ཐོག་མར་ཞལ་ཕྱག་སོགས་ཆ་ཤས་རེ་རེ་ལ་སེམས་འཛིན་པ་ནི་ཆ་ཤས་ཀྱི་རྟེན་ཅན་ཅེས་བྱ། དེ་ལ་གོམས་ནས་སྐུ་ཡོངས་སུ་རྫོགས་པའི་རྣམ་ཆ་སྤྱི་ལ་སེམས་འཛིན་པ་ནི་རྫོགས་པའི་རྟེན་ཅན་ཅེས་བྱའོ། །སྔ་ཕྱི་དེ་དག་གི་དབྱེ་བསྡུ་སློབ་དཔོན་བྱང་ཆུབ་བཟང་


LT08,P170B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཏིང་ངེ་འཛིན་གྱི་ཚོགས་ལས། ཞི་གནས་ལ་ཁ་ཕྱིར་བལྟས་པ་ལ་དམིགས་པ་དང༌། ནང་དུ་བལྟས་པས་ཐོབ་པ་གཉིས་སུ་བསྡུས། ཕྱིར་བལྟས་ལ་ཁྱད་པར་ཅན་དང་ཕལ་པ་གཉིས། སྔ་མ་ལ་སྐུ་དང་ཡིག་འབྲུ་གཉིས། ནང་བལྟས་ལ་ལུས་ལ་དམིགས་པ་དང་ལུས་ལ་བརྟེན་པ་ལ་འཇོག་པ་གཉིས། ལུས་ལ་དམིགས་པ་ལ་གསུམ། ལུས་ཉིད་ལྷ་དང་ཕྱག་མཚན་ཀེང་རུས་སོགས་སུ་དམིགས་པ། ལུས་ལ་བརྟེན་པ་ལ་ལྔ། དབུགས། མཚན་མ་ཕྲ་མོ། ཐིག་ལེ། འོད་ཟེར། དགའ་བདེ་ལ་དམིགས་པ་རྣམས་སུ་བཤད་ཅིང༌། གཞན་དག་ལ་དམིགས་པའི་རྣམ་གྲངས་ཅི་རིགས་པ་འབྱུང་མོད་ཀྱང་རྟེན་ཅན་རྟེན་མེད་གཉིས་སུ་འདུའོ། །གསུམ་པ་ངོ་བོ་ཉིད་ལ་འཇོག་པ་ནི། རྟོག་པའི་རྦ་རླབས་ཀུན་གཞིའི་རྒྱ་མཚོ་ལ། །ཐིམ་གྱུར་ངོ་བོ་ཉིད་ཀྱི་སྙོམས་འཇུག་བརྩོན། །དེ་དག་གོམས་ནས་དམིགས་པའི་རྟེན་གང་ཡང་ཡིད་ལ་མི་བྱེད་པར་ཡུལ་དང་ཡུལ་ཅན་གྱི་འཇུག་པ་ཐམས་ཅད་ཉེ་བར་ཞི་བའི་ངང་དུ་འཇོག་པས་རྣམ་པར་རྟོག་པའི་འཕྲོ་འདུའི་རྦ་རླབས་མཐའ་དག་ཀུན་གཞིའི་རྒྱ་མཚོ་ལ་ཉེ་བར་ཐིམ་པར་གྱུར་པ་ན་ངོ་བོ་ཉིད་ཀྱི་སྙོམས་པར་འཇུག་པ་ཞི་གནས་ཀྱི་མཐར་ཐུག་ཡིན་པས་དེ་ལ་བརྩོན་པར་བྱའོ། །གསུམ་པ་དེ་ལས་སྐྱེས་པའི་ཉམས་ངོས་བཟུང་བ་ལ་གཉིས། མཚམས་སྦྱོར་གྱི་སྒོ་ནས་མདོར་བསྟན། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་དག་ལས་སྐྱེས་ཉམས་ངོས་བཟུང་ལ་གཉིས། །རྟེན་ཅན་རྟེན་མེད་ངོ་བོ་ཉིད་ཀྱི་ཞི་གནས་དེ་དག་ལས་སྐྱེས་པའི་ཉམས་ཀྱི་འཆར་སྒོ་ངོས་བཟུང་བའི་ཚུལ་ལ་གཉིས་སོ། །གཉིས་པ་ལ་གཉིས། གཞུང་གི་ལུགས་དང༌། གདམས་ངག་པའི་ལུགས་སོ། །དང་པོ་ལ་གཉིས། ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ། སྟོབས་དྲུག་གིས་ཡིད་བྱེད་བཞིའི་གནས་སྐབས་ཅན་གྱི་སེམས་གནས་དགུ་འགྲུབ་པའི་ཚུལ་ལོ། །


LT08,P171A
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། གཞུང་ལྟར་ལེ་ལོ་རིགས་གསུམ་གདམས་ངག་བརྗེད། །བྱིང་རྒོད་གཉིས་གཉིས་འདུ་མི་བྱེད་དང་བྱེད། །ཉེས་པ་ལྔ་ཡི་གཉེན་པོ་འདུ་བྱེད་བརྒྱད། །འདུན་རྩོལ་དད་པ་ཤིན་སྦྱངས་དང་པོ་འགོག །མི་བརྗེད་ཏིང་འཛིན་ཁྱད་པར་གསུམ་དང་ལྡན། །རྟོག་རྩོལ་མཉམ་ཉིད་འཇུག་ཚེ་བཏང་སྙོམས་བྱ། །གཞུང་ལུགས་ཆེན་པོ་རྣམས་ཀྱི་འཆད་ཚུལ་ལྟར་ན། ཉམས་སྐྱེ་བ་ལ་སྒྲིབ་པའི་གེགས་ཉེས་པ་ལྔ་པོ་ལ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པར་གསུངས་ཏེ། དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོག་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཞེས་གསུངས་པ་ལྟར་ཡིན་ཏེ། དེ་ལ་དེར་གནས་ནི་མི་མཐུན་ཕྱོགས་བསལ་བའི་དོན་དུ་བརྩོན་འགྲུས་རྩོམ་པ་དེར་གནས་པ་སྟེ་དེ་ལས་སེམས་ལས་རུང་གི་ཏིང་ངེ་འཛིན་སྐྱེའོ། །དེའང་མངོན་ཤེས་སོགས་ཀྱི་དོན་ཐམས་ཅད་འགྲུབ་པར་བྱེད་པའི་རྫུ་འཕྲུལ་གྱི་རྐང་པའམ་གནས་ཡིན་པས་དོན་རྣམས་འབྱོར་པར་བྱེད་པའོ། །དེ་འདྲ་བའི་ཏིང་ངེ་འཛིན་དེ་ནི་ཉེས་པ་ལྔ་སྤོང་བ་དང་འདུ་བྱེད་བརྒྱད་བསྟེན་པའི་རྒྱུ་ལས་སྐྱེའོ། །ཉེས་པ་ལྔ་ནི་སྦྱོར་བའི་ཚེ་ན་ལེ་ལོ་ཉེས་པ་ཡིན་ཏེ་ཏིང་ངེ་འཛིན་ལ་མི་སྦྱོར་བས་སོ། །དེ་ལ་རིགས་གསུམ་སྟེ་གཉིད་སོགས་སྙོམ་ལས་དང༌། བྱ་བ་ངན་པ་ལ་ཞེན་པ་དང༌། སྒྱིད་ལུག་པ་རྣམས་སོ། །ཏིང་ངེ་འཛིན་ལ་བརྩོན་པའི་ཚེ་གདམས་ངག་བརྗེད་པ་སྟེ་


LT08,P171B
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་བརྗེད་ན་སེམས་མཉམ་པར་འཇོག་མི་ནུས་པས་སོ། །མཉམ་པར་གཞག་པ་ལ་བྱིང་རྒོད་གེགས་ཡིན་ཏེ་དེ་གཉིས་ཀྱིས་སེམས་ལས་རུང་མེད་པར་བྱེད་པས་སོ། །དེ་དག་ལའང་གཉིས་གཉིས་ཏེ། བྱིང་བ་ལ་རགས་པ་དམིགས་ཤེས་ཀྱི་གྲིམས་ཆ་ཤོར་ནས་དམིགས་རྟེན་མི་གསལ་བའི་ཐམ་ཐམ་དང༌། ཕྲ་བ་གསལ་ཆ་ཡོད་ཀྱང་འཛིན་སྟངས་ཀྱི་ཤུགས་ཞན་པ་གཉིས། རྒོད་པ་རགས་པ་ཡུལ་ལ་ཧ་ཅང་ཆགས་པས་གཉེན་པོས་ཀྱང་མི་ནོན་པ་དང༌། ཕྲ་བ་གཡོ་མེད་དུ་མི་གནས་པར་ཅུང་ཟད་འཕྲོ་བ་གཉིས་ཡོད་དོ། །བྱིང་རྒོད་བྱུང་ཚེ་འདུ་མི་བྱེད་པ་སྟེ་དེས་དེ་གཉིས་ཞི་བར་མི་བྱེད་པས་སོ། །བྱིང་རྒོད་དང་བྲལ་ཚེ་འདུ་བྱེད་པ་སྟེ་དེས་བཏང་སྙོམས་ལ་མི་གནས་པས་སོ། །འདིར་བྱིང་རྒོད་གཉིས་གཅིག་ཏུ་བྱས་ན་ལྔ་ཡིན་ལ། སོ་སོར་ཕྱེ་ན་དྲུག་ཏུའང་སྒོམ་རིམ་ལས་གསུངས་སོ། །དེ་དག་གི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ནི། འདུན་པ་དང༌། རྩོལ་བ་དང༌། རྒྱུ་དད་པ་དང༌། འབྲས་བུ་དེས་དྲངས་པའི་ཤིན་ཏུ་སྦྱངས་པ་བཞིས་ཉེས་པ་དང་པོ་ལེ་ལོ་འགོག་པར་བྱེད་དོ། །བརྗེད་པའི་གཉེན་པོ་གདམས་ངག་མི་བརྗེད་པར་བྱེད་པའི་ཏིང་ངེ་འཛིན་ཏེ། དེའང་སེམས་ཤིན་ཏུ་གསལ་ཆའི་ངར་དང་ལྡན་པ་དང༌། དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་མི་རྟོག་པ་དང་ལྡན་པ་དང༌། དེ་ལས་ཚོར་བ་སིམ་པའི་རྣམ་པ་ཅན་གྱི་བདེ་བ་ཉམས་སུ་མྱོང་བ་དང་བཅས་པ་སྟེ་ཁྱད་པར་གསུམ་དང་ལྡན་པའོ། །བྱིང་རྒོད་བྱུང་མ་བྱུང་རྟོག་ཅིང་བྱུང་ན་དམིགས་པ་ལྟ་སྟངས་སྤྱོད་ལམ་སོགས་ཀྱིས་སེལ་བའི་ཐབས་ལ་འབད་པ་དང༌། བྱིང་རྒོད་ཀྱི་གཉེན་པོ་སོགས་འདུ་མི་བྱེད་པ་ལ་རྩོལ་སེམས་ཀྱིས་འདུ་བྱེད་པ་དང༌། བསམ་གཏན་ལ་སྐྱོན་མེད་པར་མཉམ་པ་ཉིད་དུ་འཇུག་པའི་ཚེ་རྩོལ་བས་འདུ་བྱེད་ན་འདུ་མི་བྱེད་པའི་བཏང་སྙོམས་ལ་བསླབ་པར་བྱའོ། །གཉིས་པ་ནི། ཐོས་བསམ་དྲན་ཤེས་བརྩོན་དང་


LT08,P172A
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་པའི་སྟོབས། །དྲུག་གིས་སྒྲིམས་དང་ཆད་དང་ཆད་པ་མེད། །ལྷུན་གྲུབ་འཇུག་པའི་ཡིད་བྱེད་གནས་སྐབས་ཅན། །དམིགས་པར་འཇོག་སོགས་སེམས་གནས་རིམ་དགུ་སྐྱེ། །སྐྱེད་ཐབས་ཀྱི་སྟོབས་དྲུག་བསྟེན་པ་ནི། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། འདྲིས་པའི་སྟོབས་ཏེ་དྲུག་གི་དང་པོས་སེམས་གནས་དང་པོ་འགྲུབ་ལ། གཉིས་པས་གཉིས་པ་འགྲུབ། གསུམ་པས་སེམས་གནས་གསུམ་པ་དང་བཞི་པ། བཞི་པས་ལྔ་པ་དང་དྲུག་པ། ལྔ་པས་བདུན་པ་དང་བརྒྱད་པ། དྲུག་པས་དགུ་པ་འགྲུབ་བོ། །དེ་དག་གི་གནས་སྐབས་ཀྱི་ཡིད་བྱེད་བཞི་ནི། སྒྲིམས་ཏེ་འཇུག་པ། ཆད་ཅིང་འཇུག་པ། ཆད་པ་མེད་པར་འཇུག་པ། ལྷུན་གྱིས་གྲུབ་པར་འཇུག་པ་སྟེ་སེམས་གནས་དང་པོ་དང་གཉིས་པའི་སྐབས་སུ་ཡིད་བྱེད་དང་པོས་འཇུག་ལ། གསུམ་པ་ནས་བདུན་པའི་བར་དུ་གཉིས་པས། བརྒྱད་པའི་སྐབས་གསུམ་པས། དགུ་པ་བཞི་པའི་ཚུལ་གྱིས་འཇུག་པས་ཡིད་བྱེད་བཞིའི་གནས་སྐབས་ཅན་ཅེས་བྱའོ། །དེ་དག་ལས་སྐྱེས་པའི་སེམས་གནས་རིམ་པ་དགུ་ནི། འཇོག་རྒྱུན་དུ་འཇོག་པ་སོགས་ཏེ། དེའང་སེམས་འཇོག་པ་ནི་ཕྱི་རོལ་གྱི་དམིགས་པ་ལས་སེམས་བསྡུས་ནས་ནང་དུ་དམིགས་པ་ལ་གཏོད་པའོ། །རྒྱུན་དུ་འཇོག་པ་ནི་དང་པོར་གཏད་པའི་སེམས་དེ་ཉིད་གཞན་དུ་མི་གཡེང་བར་དམིགས་པ་དེ་ལ་རྒྱུན་དུ་འཇོག་པའོ། །བསླན་ཏེ་འཇོག་པ་ནི་སེམས་ཕྱི་རོལ་ཏུ་ཡེངས་ན་ཤེས་པར་བྱས་ནས་སླར་ཡང་དམིགས་པ་དེ་ཉིད་ལ་འཇོག་པའོ། །ཉེ་བར་འཇོག་པ་ནི་སེམས་རང་བཞིན་གྱིས་རྒྱ་ཆེ་བ་ལས་ཡང་ཡང་བསྡུས་ཏེ་ཕྲ་བར་བྱས་ནས་འཇོག་པའོ། །འདུལ་བར་བྱེད་པ་ནི་ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་དེ་ལ་དགའ་བའོ། །ཞི་བར་བྱེད་པ་ནི་རྣམ་


LT08,P172B
[མ་དཔེ་གཟིགས་ན་འདིར་གནོན།]

གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པའོ། །རྣམ་པར་ཞི་བར་བྱེད་པ་ནི་ཆགས་སེམས་དང་ཡིད་མི་བདེ་སོགས་ཞི་བར་བྱེད་པའོ། །རྩེ་གཅིག་ཏུ་བྱེད་པ་ནི་འབད་མེད་དུ་འཇུག་པའི་ཕྱིར་དུ་འབད་པའོ། །མཉམ་པར་འཇོག་པ་ནི་སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་སྟེ་སེམས་གནས་རིམ་པ་དགུ་མཐར་ཕྱིན་པར་སྐྱེའོ། །དེ་ལ་སེམས་གནས་དགུ་ནི་མདོ་རྒྱན་ལས་གསུངས་ཤིང༌། སྟོབས་དྲུག་དང་ཡིད་བྱེད་བཞི་པོ་ཉན་ས་ལས་བཤད་པ་ཡིན་ནོ། །གཉིས་པ་གདམས་ངག་པའི་ལུགས་བཤད་པ་ནི། གདམས་ངག་ལུགས་སུ་གཡོ་ཐོབ་གོམས་དང་བརྟན། །མཐར་ཕྱིན་ཉམས་ལྔ་དཔེ་ཡིས་མཚོན་ཏེ་ཤེས། །གདམས་ངག་པ་རྣམས་ཀྱི་ལུགས་སུ་ཞི་གནས་སྐྱེ་ཚུལ་གྱི་ཉམས་ལྔར་བསྡུ་སྟེ། དང་པོ་སེམས་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ། གཉིས་པ་ཐོབ་པའི་ཉམས་གཅོང་རོང་ཆུ་བོ་ལྟ་བུ། གསུམ་པ་གོམས་པའི་ཉམས་ཆུ་བོ་དལ་འབབ་ལྟ་བུ། བཞི་པ་བརྟན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ། ལྔ་པ་བརྟན་པ་མཐར་ཕྱིན་པའི་ཉམས་རྐྱེན་ཅིས་ཀྱང་མི་གཡོ་བར་གསལ་དྭངས་སུ་གནས་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་སྟེ་དཔེ་སོ་སོར་སྨོས་པས་ཉམས་ཀྱི་དོན་མཚོན་ཏེ་ཤེས་པར་བྱ་བ་ཡིན་ནོ། །གསུམ་པ་བསྒོམས་པས་གྲུབ་པའི་ཚད་སོགས་བཤད་པ་ལ་གཉིས། ཞི་གནས་འགྲུབ་ཚུལ་ཡིད་བྱེད་ཀྱི་རྟགས་དང་བཅས་པ། དེ་གྲུབ་པའི་དགོས་པ་བཤད་པའོ། །དང་པོ་ནི། ཤིན་སྦྱངས་མཐར་ཕྱིན་ཞི་གནས་འགྲུབ་པའོ། །བདེ་གསལ་མཚན་མ་མི་རྟོག་མཁའ་དང་འདྲེས། །དེའང་ལུས་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་ན་ཡིད་བྱེད་བཞི་པ་དང་སེམས་གནས་དགུ་པ་གྲུབ་ཀྱང་ཞི་གནས་མཐར་ཕྱིན་པ་མ་ཡིན་ཏེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་


LT08,P173A
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དེ་ཇི་སྲིད་དུ་སེམས་ལ་དམིགས་པའི་སེམས་ནང་དུ་ཡིད་ལ་བགྱིད་པ་ན་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་པ་དེའི་བར་དུ་ཡིད་ལ་བགྱིད་པ་དེ་ལ་ཅི་ཞེས་བགྱི། བྱམས་པ་ཞི་གནས་ནི་མ་ཡིན་ཏེ་ཞི་གནས་ཀྱི་རྗེས་སུ་མཐུན་པའི་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བརྗོད་པར་བྱའོ། །ཞེས་དང༌། རྒྱན་ལས། དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཞེས་ཏེ་ཡིད་ལ་བྱེད་པ་ནི་སྐབས་འདིར་ཞི་གནས་སོ། །མདོར་ན་ཞི་གནས་ནི་ལུས་སེམས་ལས་རུང་གི་ཤིན་སྦྱངས་ལ་བཤད་པས། དེ་མ་ཐོབ་གོང་གི་ཏིང་ངེ་འཛིན་དེ་ནི་འདོད་པའི་སས་བསྡུས་ཤིང་འདོད་སེམས་རྩེ་གཅིག་པ་ཞེས་བྱ་ཡི་ཞི་གནས་དངོས་མ་ཡིན་ནོ། །དེ་ལ་ཤིན་སྦྱངས་ནི་མངོན་པ་ཀུན་བཏུས་ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །ཞེས་ཏེ། ལུས་སེམས་ཀྱི་གནས་ངན་ལེན་ནི་ལུས་སེམས་དགེ་བའི་བྱ་བ་ལ་ཇི་ལྟར་འདོད་པར་བཀོལ་དུ་མི་རུང་བ་ཡིན་ལ། དེའི་གཉེན་པོ་ལུས་སེམས་ཤིན་སྦྱངས་ནི་གནས་ངན་ལེན་གཉིས་དང་བྲལ་བས་ལུས་སེམས་དགེ་བའི་བྱ་བ་ལ་བཀོལ་བར་ཤིན་ཏུ་ལས་སུ་རུང་བའོ། །དེའང་སྤོང་བ་ལ་བར་དུ་གཅོད་བྱེད་ལུས་ཀྱི་གནས་ངན་ལེན་ཉོན་མོངས་སྤོང་བ་ལ་རྩོལ་བ་ན་ལུས་ལྕི་བ་སོགས་ཀྱི་ལས་སུ་མི་རུང་བ་དང་བྲལ་ནས་ཤིང་བལ་ལྟར་ལྡང་བ་ཡང་བ་ནི་ལུས་ལས་རུང་དང༌། དེ་བཞིན་དུ་སེམས་ཀྱི་གནས་ངན་ལེན་ཉོན་མོངས་སྤོང་བའི་ཕྱིར་དུ་རྩོལ་བ་ན་སེམས་དགེ་བའི་དམིགས་པ་ལ་དགའ་མགུར་འཇུག་ཏུ་མི་རུང་བ་དང་བྲལ་ནས་ཐོགས་མེད་དུ་འཇུག་པ་ནི་སེམས་


LT08,P173B
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རུང་ཡིན་ནོ། །དེ་གཉིས་ཀྱང་སེམས་ལས་རུང་གི་ཤིན་སྦྱངས་སྔོན་དུ་སྐྱེ་ཞིང་དེའི་མཐུས་ལུས་ཤིན་སྦྱངས་སྐྱེ་བའི་རྒྱུར་གྱུར་པའི་རླུང་ལུས་ལ་རྒྱུ་ཞིང་ཁྱབ་པས་ལུས་ཀྱི་གནས་ངན་ལེན་དང་བྲལ་ཏེ་ལུས་ཤིན་སྦྱངས་སྐྱེ་བར་ཉན་ས་ལས་བཤད་དོ། །ལུས་ཤིན་སྦྱངས་དེའང་ལུས་ཀྱི་ནང་གི་རེག་བྱ་ཁྱད་པར་ཅན་ཆེས་ཡིད་དུ་འོང་བ་ཞིག་ཡིན་གྱི་སེམས་བྱུང་ནི་མ་ཡིན་ནོ། །དེ་དག་སྐྱེ་ཚུལ་ཡང་དང་པོར་ཤིན་ཏུ་སྦྱངས་པ་ཕྲ་ཞིང་རྟོགས་དཀའ་བ་དང༌། དེ་ནས་རགས་ཤིང་རྟོགས་སླ་བ་དང༌། དེ་ནས་ལུས་སེམས་བདེ་དགས་དབང་དུ་བྱས་པ་ཆེན་པོ་སྐྱེ་ལ། དེ་སྐྱེས་པའི་ཚེ་དགའ་བས་སེམས་དཔངས་མཐོ་བར་གྱུར་པ་ལ་བཏང་སྙོམས་སུ་བྱས་ནས་བསྒོམས་པས་ནམ་ཞིག་གྲིབ་མ་ལྟ་བུའི་ཤིན་སྦྱངས་འབྱུང་བའི་སྟོབས་ཀྱིས་ཞི་གནས་འཐོབ་པ་ཉན་ས་ལས་བཤད་ཅིང༌། ཤིན་སྦྱངས་མཐར་ཕྱིན་ནས་ཞི་གནས་འགྲུབ་པའི་ཚད་ནི་ཕྱི་ནང་གི་གཡེང་བའི་བར་ཆད་མེད་ཅིང་དམིགས་པ་ལ་ངང་གིས་སེམས་བརྟན་ལ་བྱིང་རྒོད་དང་བྲལ་བས་དང་བར་གནས་པའོ། །དེ་ལྟར་ཡིད་བྱེད་ཐོབ་པ་དེས་གཟུགས་ཀྱི་སས་བསྡུས་པའི་སེམས་དང་ལུས་དང་སེམས་ཤིན་སྦྱངས་དང་རྩེ་གཅིག་པ་བཞི་པོ་ཆུང་ངུ་ཐོབ་པ་དང་ཞི་རགས་སམ་བདེན་པའི་རྣམ་པ་ཅན་གྱི་ལམ་གྱིས་ཉོན་མོངས་སྦྱོང་བ་ལ་ནུས་པ་དང་ལྡན་པ་དང༌། ནང་དུ་མཉམ་པར་གཞག་པ་ན་མྱུར་བ་མྱུར་བར་ལུས་སེམས་ཤིན་སྦྱངས་སྐྱེ་བ་དང༌། འདོད་པ་ལ་འདུན་པ་དང་གཉིད་ལ་སོགས་པའི་སྒྲིབ་པ་ལྔ་ཕལ་ཆེར་མི་འབྱུང་བ་དང༌། མཉམ་གཞག་ལས་ལངས་པའི་ཚེ་ཡང་ལུས་སེམས་ཤིན་སྦྱངས་རེས་འགའ་དང་ལྡན་པར་ཉན་ས་ལས་བཤད་པ་ནི་ཡིད་བྱེད་ལྡན་པའི་རྟགས་ཡིན་ཏེ། ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་དང༌། རྡུལ་ཕྲ་རབ་སོགས་ཀྱི་གསལ་སྣང་ཁྱད་པར་ཅན་དང༌། གཟུགས་སོགས་ཡུལ་ལྔ་དང་དུས་གསུམ་སྐྱེས་པ་བུད་མེད་དེ་མཚན་མ་བཅུ་པོ་གང་ཤར་ཡང་རྣམ་པར་མི་


LT08,P174A
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ནམ་མཁའ་དང་འདྲེས་པ་ལྟ་བུའི་ཉམས་ཀྱིས་མཉམ་གཞག་ཏུ་ལུས་སྣང་གང་ཡང་མི་འཆར་བར་སེམས་ནམ་མཁའ་དང་འདྲེས་ཤིང༌། རྗེས་ཐོབ་ཏུ་ལུས་གློ་བུར་དུ་འབྱུང་བ་ལྟ་བུའི་ཉམས་འཆར་བ་སོགས་བཤད་དོ། །གཉིས་པ་ནི། དེ་ནི་མདོ་རྒྱུད་བསམ་གཏན་ཀུན་གྱི་གཞི། །ཉོན་མོངས་སྡུག་བསྔལ་ཐམས་ཅད་གནོན་པར་བྱེད། །དེ་ལྟར་ཤིན་ཏུ་སྦྱངས་པ་ཐོབ་པའི་ཞི་གནས་མཐར་ཐུག་པ་དེ་ནི་མདོ་རྒྱུད་རྣམས་ལས་གསུངས་པའི་མཚན་བཅས་དང་མཚན་མེད་ཀྱི་བསམ་གཏན་ཀུན་སྐྱེ་བའམ་རྟེན་པའི་གཞི། ལོ་ཏོག་འདོད་པ་ལ་ཞིང་ས་གཤིམ་པོ་ལྟ་བུ་ཡིན་ཏེ། ཏིང་ངེ་འཛིན་དེ་ཙམ་གྱིས་ཀྱང་ཉོན་མོངས་པ་དང་སྡུག་བསྔལ་མངོན་གྱུར་པ་ཐམས་ཅད་མགོ་གནོན་ཅིང་ཞི་བར་བྱེད་ནུས་སོ། །དེར་མ་ཟད་བདག་མེད་པའི་དེ་ཁོ་ན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའང་མཉམ་པར་འཇོག་པ་འབའ་ཞིག་ལ་ལྟོས་དགོས་ཏེ། སྒོམ་རིམ་དང་པོ་ལས། མཉམ་པར་མ་གཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བར་ཤེས་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་ཤེས་སོ་ཞེས་བཀའ་སྩལ་ཏོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལྷག་མཐོང་ལ་སློབ་ཚུལ་བཤད་པ་ལ་ལྔ། ལྷག་མཐོང་གི་རྒྱུ་ཚོགས་བསྟེན་པ། རྣམ་པའི་ཁྱད་པར། ངོ་བོའི་རིམ་དབྱེ། དེ་ཉིད་སྒོམ་པའི་ཚུལ། གྲུབ་པའི་ཚད་བཤད་པའོ། །དང་པོ་ནི། ལྷག་མཐོང་རྒྱུ་ཚོགས་སྐྱེས་བུ་དམ་པར་བསྟེན། །མང་ཐོས་ཚུལ་བཞིན་སེམས་ལ་ལྟ་བ་བཙལ། །དེའང་སྒོམ་རིམ་བར་པ་ལས། ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང༌། ཚུལ་བཞིན་སེམས་པའོ། །ཞེས་གསུངས་པ་ལྟར་ཏེ། དེའང་གསུང་རབ་ཀྱི་དོན་དཔྱིས་ཕྱིན་པར་མཁྱེན་པའི་མཁས་པ་ལ་བསྟེན་ནས་


LT08,P174B
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལུགས་རྣམ་པར་དག་པ་མཉན་ཏེ་ཐོས་བསམ་གྱི་ཤེས་རབ་ཀྱིས་དེ་ཉིད་རྟོགས་པའི་ལྟ་བ་བསྐྱེད་པ་ནི་ལྷག་མཐོང་གི་རྒྱུ་ཚོགས་མེད་མི་རུང་ཡིན་ཏེ། རྣམ་པར་དག་པའི་ལྟ་བ་མེད་ན་ལྷག་མཐོང་གི་རྟོགས་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་འདྲ་བའི་ལྟ་བ་ཡང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ཞིག་གིས་བཙལ་དགོས་པས་དྲང་ངེས་ཀྱི་ཁྱད་པར་ཤེས་ནས་ངེས་པའི་དོན་གྱི་གསུང་རབ་ཟབ་མོའི་དོན་ཁོང་དུ་ཆུད་དགོས་ལ། འདིར་ཡང་ཚད་མར་གྱུར་པའི་ཤིང་རྟའི་སྲོལ་འབྱེད་རྣམ་པ་གཉིས་ཀྱི་རིང་ལུགས་ལ་བརྟེན་ནས་ཟབ་མོ་སྟོང་ཉིད་རྟོགས་པའི་ལྟ་བ་བཙལ་བར་བྱའོ། །གཉིས་པ་རྣམ་པའི་རབ་དབྱེ་ནི། རྣམ་པ་ཞི་རགས་ལྟ་བ་ཕྱི་རོལ་པ། །བདེན་པའི་རྣམ་ཅན་ཉན་རང་སྟོང་པར་ལྟ། །ཕར་ཕྱིན་སྔགས་སུ་བདེ་བའི་རྣམ་ལྡན་གསུངས། །ཐུན་མོང་ཉེར་བསྡོགས་འཇིག་རྟེན་པ་དང་མཚུངས། །འོན་ཀྱང་སྔགས་སོགས་དེ་དོན་གཉེར་བ་མིན། །དེའང་རྣམ་པའི་དབང་དུ་བྱས་ན་ས་གོང་འོག་ལ་ཞི་རགས་ཀྱི་རྣམ་པ་ཅན་དུ་ལྟ་བ་ཕྱི་རོལ་པ་དང༌། །ཐུན་མོང་བ་སྟེ་ཉོན་མོངས་མངོན་གྱུར་སྤོང་པའི་འཇིག་རྟེན་པའི་ལྷག་མཐོང་དང༌། བདེན་བཞི་ལ་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་དུ་ལྟ་བ་ཉན་རང་དང༌། སྟོང་པ་ཉིད་དུ་ལྟ་བ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ། སྔགས་ཀྱི་ཐེག་པ་རྣམས་སུ་དེ་ཉིད་བདེ་བའི་རྣམ་པ་དང་ལྡན་པར་གསུངས་ཤིང༌། ཕྱི་མ་གསུམ་པོ་ཉོན་མོངས་ཀྱི་ས་བོན་རྩད་ནས་སྤོང་བའི་འཇིག་རྟེན་ལས་འདས་པའི་ལྷག་མཐོང་ཡིན་ལ། ཐུན་མོང་ཞི་གནས་རྣམ་པའི་ཉེར་བསྡོགས་བདུན་གྱིས་བསམ་གཏན་གྱི་དངོས་གཞི་སྒྲུབ་པའི་ཚུལ་ནི་འཇིག་རྟེན་པའི་ལམ་གྱི་སྐབས་སུ་བཤད་པ་དང་མཚུངས་མོད། འོན་ཀྱང་སྔགས་ཀྱི་ལམ་ལ་ཞུགས་པ་དང༌། སོགས་ཁོངས་ནས་ཕར་ཕྱིན་གྱི་ལྟ་བ་ཁྱད་པར་ཅན་རྟོགས་པས་ཀྱང་དེ་དག་ཆེད་དུ་སྒྲུབ་པ་དོན་དུ་གཉེར་བ་མ་ཡིན་ནོ། །གསུམ་པ་ངོ་བོའི་རབ་ཏུ་དབྱེ་བ་ནི། དབྱེ་བ་རྣམ་


LT08,P175A
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་རབ་ཏུ་རྣམ་པར་འབྱེད། །རྟོག་དཔྱོད་ངོ་བོ་ཉིད་བཞིའི་སྒོ་ནི་གསུམ། །མཚན་མ་ཡོངས་ཚོལ་སོར་རྟོག་ལས་བྱུང་སྟེ། །དོན་དངོས་མཚན་ཕྱོགས་དུས་རིགས་ཚོལ་བ་དྲུག །རིགས་པར་ལྟོས་གྲུབ་བྱ་བྱེད་འཐད་པ་སྒྲུབ། ཆོས་ཉིད་བཞི་སྟེ་གཟུགས་ནས་རྣམ་མཁྱེན་པར། །རེ་རེ་ལ་ཡང་དྲུག་གིས་རྣམ་པར་འབྱེད། །དེ་ལ་འདིར་ས་ལམ་མཐོན་པོའི་ལྷག་མཐོང་རྣམས་གཙོ་བོར་མི་སྟོན་པར་སོ་སྐྱེའི་དུས་ཀྱི་བསྒོམ་པར་བྱ་བའི་ལྷག་མཐོང་གཙོ་བོར་སྟོན་པས། དེའི་དབྱེ་བ་བཤད་ན་གཙོ་ཆེ་བ་གསུམ་སྟེ། དགོངས་འགྲེལ་ལས་གསུངས་པའི་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་གཉིས། དེ་རེ་རེ་ལ་ཡོངས་སུ་རྟོག་པ་དང་དཔྱོད་པ་གཉིས་གཉིས་ཏེ་ངོ་བོ་ཉིད་བཞིའི་ལྷག་མཐོང་དུ་གྲགས་པ་ལས་རྣམ་པར་འབྱེད་པ་ནི་ཇི་སྙེད་པ་ལ་དམིགས་ཏེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོ་སོར་རྣམ་པར་འབྱེད་པའོ། །རབ་ཏུ་རྣམ་པར་འབྱེད་པ་ནི་ཇི་ལྟ་བ་ལ་དམིགས་པ་སྟེ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་རྟོགས་པའོ། །རྟོག་དཔྱོད་གཉིས་ནི་དོན་རགས་པ་དང་ཕྲ་བ་རྣམ་པར་འབྱེད་པའོ། །རྟོག་ཚུལ་ནི་དགོངས་འགྲེལ་ལས། རབ་ཏུ་རྟོག་པ་དང༌། ངེས་པར་རྟོག་པ་དང༌། རབ་ཏུ་འཇལ་བ་དང༌། ཉེ་བར་འཇལ་བའོ། །ཞེས་གསུངས་པ་ལྟར་ལ་དེ་དཔྱོད་པ་ལའང་འགྲེ་བས་རྒྱས་པར་ཕྱེ་ན་བཞི་བཞི་བཅུ་དྲུག་ཏུའང་འགྱུར་རོ། །དེ་དག་གི་རྣམ་གཞག་ཞིབ་པ་ནི་ཉན་ས་ལས་ཤེས་པར་བྱའོ། །དེ་དང་ཕྱོགས་མཐུན་པར། ཀུན་ལས་བཏུས་པ་ལས་ཀྱང༌། ལྷག་མཐོང་གང་ཞེ་ན་འདི་ལྟ་སྟེ། ཆོས་རྣམས་ལ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྣམ་པར་རྟོག་པ་དང༌། ཡོངས་སུ་དཔྱོད་པར་བྱེད་པ་སྟེ་གནས་ངན་ལེན་དང༌། མཚན་མའི་གཉེན་པོ་ཉིད་དང༌། ཕྱིན་ཅི་ལོག་ལས་འབྱིན་པ་དང༌། ཕྱིན་ཅི་ལོག་མ་ཡིན་པ་ལ་སེམས་འཇོག་པའི་ཕྱིར་རོ། །


LT08,P175B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །རྗེས་སུ་ཞུགས་པའི་སྒོ་གསུམ་གྱི་ལྷག་མཐོང་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས། ལྷག་མཐོང་ལ་རྣམ་པ་དུ་མཆིས། བྱམས་པ། རྣམ་པ་གསུམ་སྟེ། མཚན་མ་ལས་བྱུང་བ་དང༌། ཡོངས་སུ་ཚོལ་བ་ལས་བྱུང་བ་དང༌། སོ་སོར་རྟོག་པ་ལས་བྱུང་བའོ། །ཞེས་གསུངས་པ་ལྟར་རོ། །དེ་གསུམ་ཡང་བདག་མེད་པའི་དོན་སྒོམ་པ་ལ་མཚོན་ཏེ་ངོས་བཟུང་ན། དང་པོ་ནི། བདག་མེད་ངེས་ཟིན་པ་ལ་དམིགས་ནས་དེའི་མཚན་མ་ཡིད་ལ་བྱེད་ཀྱི་གཏན་ལ་འབེབས་པ་མང་དུ་མི་བྱེད་པའོ། །གཉིས་པ་ནི། སྔར་མ་ངེས་པ་ངེས་པར་བྱ་བའི་ཕྱིར་དུ་གཏན་ལ་འབེབས་པའོ། །གསུམ་པ་ནི། ངེས་ཟིན་གྱི་དོན་ལ་སྔར་བཞིན་དུ་དཔྱོད་པར་བྱེད་པའོ། །ཚོལ་བ་དྲུག་གི་ལྷག་མཐོང་ནི། དོན་དང་དངོས་པོ་དང་མཚན་ཉིད་དང་ཕྱོགས་དང་དུས་དང་རིགས་པ་སྟེ་མཚན་མ་དྲུག་ཡོངས་སུ་ཚོལ་བར་བྱེད་ཅིང་བཙལ་ནས་ཀྱང་སོ་སོར་རྟོག་པ་ལས་བྱུང་བའོ། །དེ་ལ་དོན་ཚོལ་བ་ནི་ཚིག་འདིའི་དོན་ནི་འདི་ཡིན་ནོ་ཞེས་ཚོལ་བའོ། །དངོས་པོ་ཚོལ་བ་ནི་འདི་ནི་ནང་གི་དང་འདི་ནི་ཕྱིའི་དངོས་པོའོ། །ཞེས་ཚོལ་བའོ། །མཚན་ཉིད་ཚོལ་བ་ནི་འདི་ནི་རང་གི་དང་འདི་ནི་སྤྱིའི་མཚན་ཉིད་དོ་ཞེས་ཐུན་མོང་དང་ཐུན་མོང་མིན་པ་ཚོལ་བ་རྣམ་གྲངས་གཉིས་སོ། །ཕྱོགས་ཚོལ་བ་ནི་ནག་ཕྱོགས་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་དང༌། དཀར་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི་སྒོ་ནས་ཚོལ་བའོ། །དུས་ཚོལ་བ་ནི་འདས་པའི་དུས་ན་འདི་ལྟར་བྱུང་ངོ༌། །མ་འོངས་པའི་དུས་ན་འདི་ལྟར་འབྱུང་ངོ༌། །ད་ལྟ་བའི་དུས་ན་འདི་ལྟར་ཡོང་ངོ་ཞེས་ཚོལ་བའོ། །རིགས་པ་ཚོལ་བ་ནི་རིགས་པ་བཞི་ལས་ལྟོས་པའི་རིགས་པ་ནི་འབྲས་བུ་རྣམས་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པའོ། །འདིར་ཡང་ཀུན་རྫོབ་དང་དོན་དམ་དང་དེ་དག་གི་གཞི་རྣམས་སོ་སོའི་སྒོ་ནས་ཚོལ་བའོ། །བྱ་བ་བྱེད་པའི་རིགས་པ་ནི་མེས་


LT08,P176A
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་པའི་བྱ་བ་བྱེད་པ་སོགས་ཆོས་རྣམས་རང་རང་གི་བྱ་བ་བྱེད་པའོ། །འདིར་ཡང་འདི་ནི་ཆོས་སོ། །འདི་ནི་བྱེད་པའོ། །ཆོས་འདིས་ནི་བྱ་བ་འདི་བྱེད་དོ། །ཞེས་ཚོལ་བའོ། །འཐད་པས་སྒྲུབ་པའི་རིགས་པ་ནི་ཚད་མ་དང་མི་འགལ་བར་དོན་སྒྲུབ་པའོ། །འདིར་ཡང་ཅི་འདི་ལ་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་པའི་ལུང་གི་ཚད་མ་གསུམ་པོ་ཡོད་དམ་མེད་སྙམ་དུ་ཚོལ་བའོ། །ཆོས་ཉིད་ཀྱི་རིགས་པ་ནི་མེ་ཚ་བ་དང་ཆུ་བརླན་པ་སོགས་ལ་དེ་དག་གི་ཆོས་ཉིད་དུ་འཇིག་རྟེན་ན་གྲགས་པའི་ཆོས་ཉིད་དང༌། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དང༌། གནས་པའི་ཆོས་ཉིད་ལ་མོས་པར་བྱེད་ཅིང་དེ་ལྟར་ཡིན་པའི་རྒྱུ་མཚན་གཞན་སེམས་པར་མི་བྱེད་དེ་དེ་ལྟར་ཚོལ་བའོ། །གཟུགས་ནས་རྣམ་མཁྱེན་བར་གྱི་ཀུན་བྱང་གི་ཆོས་རེ་རེར་ཡང་ཚོལ་བ་དྲུག་པོ་དེ་དག་གིས་རྣམ་པར་འབྱེད་ཅིང་རྟོགས་པར་བྱ་བ་ཡིན་ནོ། །དོན་དང་ཇི་ལྟ་ཇི་སྙེད་གསུམ་དུ་ཤེས། །སྦྱོར་དངོས་སོར་རྟོག་མི་གཡོ་བ་རུ་འདུ། །དེ་ལྟར་དྲུག་ཏུ་བཞག་པས་ནི་རྣལ་འབྱོར་པས་ཤེས་པར་བྱ་བ་ནི་གསུམ་དུ་ངེས་ཏེ། སྨྲས་པའི་དོན་དང་ཤེས་བྱ་ཇི་སྙེད་པ་དང་ཇི་ལྟ་བའོ། །དེ་ལ་དང་པོའི་དབང་དུ་བྱས་ནས་ཚོལ་བ་དང་པོའོ། །གཉིས་པའི་དབང་དུ་བྱས་ནས་དངོས་པོ་སྤྱི་དང་རང་གི་མཚན་ཉིད་ཚོལ་བ་གཉིས་སོ། །གསུམ་པའི་དབང་དུ་བྱས་ནས་ལྷག་མ་གསུམ་དང་སྤྱིའི་མཚན་ཉིད་ཚོལ་བ་བཞག་གོ །དང་པོར་བཤད་པའི་ལྷག་མཐོང་བཞིའི་སྒོ་ནི་གསུམ་ཡིན་ལ། ཚོལ་ལུགས་ནི་དྲུག་ཏུ་གསུངས་པས་སྒོ་གསུམ་ངང་ཚོལ་བ་དྲུག་ནི་སྔ་མ་བཞིར་འདུའོ། །ཡང་ན་སྦྱོར་བ་དང་དངོས་གཞིའི་དབྱེ་བས་ལྷག་མཐོང་གཉིས་ཏེ། སྦྱོར་བའི་སྐབས་སུ་སོ་སོར་རྟོག་པའི་ལྷག་མཐོང་དང༌། དངོས་གཞིའི་སྐབས་སུ་རྣམ་པར་མི་གཡོ་བའི་ལྷག་མཐོང་སྟེ་གཉིས་སུའང་འདུའོ། །


LT08,P176B
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་དེ་ཉིད་སྒོམ་པའི་ཚུལ་ནི། སྒོམ་ཚུལ་བདག་མེད་དོན་ལ་ཤེས་རབ་ཀྱིས། །དཔྱད་དེ་སྤྲོས་དང་བྲལ་ལ་མཉམ་པར་འཇོག །དཔྱད་གཞི་རྣམ་པར་མི་རྟོག་གཟུགས་བརྙན་ནི། །ཁྱད་གཞི་བཟུང་ནས་ཁྱད་ཆོས་སྒྲོ་འདོགས་གཅོད། །བདག་མེད་ཀྱི་ལྟ་བ་མ་རྙེད་ན་སྒོམ་ལུགས་གང་བྱས་ཀྱང་དེ་ཁོ་ན་ཉིད་ཀྱི་དོན་ལ་གོལ་བས་དེ་ཉིད་རྙེད་དགོས་ལ། ལྟ་བའི་གོ་བ་ཡོད་ཀྱང་དེའི་སྟེང་དུ་བཞག་ནས་མ་བསྒོམས་ན་དེ་ཁོ་ན་ཉིད་བསྒོམ་པར་མི་འགྱུར་བས། བདག་མེད་པའི་དོན་ལ་ཤེས་རབ་ཀྱིས་སོ་སོར་དཔྱད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་གོ །དེའང་དཔྱད་སྒོམ་མང་བས་གནས་ཆ་ཆུང་དུ་སོང་ན་འཇོག་སྒོམ་མང་དུ་བྱས་ལ་གནས་ཆ་སོར་གཞུག་ཅིང༌། འཇོག་སྒོམ་མང་བས་དཔྱོད་སྙིང་མི་འདོད་པ་ན་ཡང་དཔྱད་སྒོམ་བྱས་ནས་ཞི་ལྷག་གཉིས་ཆ་མཉམ་གྱིས་བསྒོམས་ན་སྟོབས་ཆེ་བར་བཤད་དོ། །འདིར་བསྒོམ་བྱའི་དོན་ལ་སོར་རྟོག་གི་ཤེས་རབ་ཀྱིས་དཔྱད་མཐར་སྤྲོས་པ་དང་བྲལ་བའི་དོན་ལ་མཉམ་པར་འཇོག་པ་ནི་གྲུབ་མཐའ་སྤྱིའི་ལུགས་ཡིན་ལ། མཉམ་གཞག་གི་དངོས་གཞི་སྐྱོང་ཚེ་འཛིན་སྟངས་ཡང་ཡང་གསལ་འདེབས་པར་བཞེད་པ་ནི་དགེ་ལྡན་པའི་ལུགས་ཡིན་ནོ། །ལྷག་མཐོང་སྒོམ་པ་དངོས་ནི། སྔོན་དུ་ཞི་གནས་བསྒོམ་པ་ན་ཏིང་ངེ་འཛིན་སྤྱོད་ཡུལ་གྱི་གཟུགས་ཕྱི་རོལ་དང་མཐུན་མི་མཐུན་མང་དུ་སྣང་བ་དེ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱ་ལ། ལྷག་མཐོང་སྒོམ་པ་ནའང་ཞི་གནས་ཀྱི་སྟོབས་ཀྱིས་ཤར་བའི་གཟུགས་བརྙན་དེ་དག་སོ་སོར་རྟོག་པའི་དཔྱད་གཞིར་བྱས་ནས་སྒོམ་པ་ཡིན་གྱི། སེམས་ཁ་ནང་དུ་བལྟས་པ་ཁོ་ན་ཡིན་པས་ཕྱི་རོལ་ལ་དངོས་སུ་དམིགས་ནས་དཔྱོད་པ་ནི་མ་ཡིན་ནོ། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་དཔྱོད་པ་ནའང་ཐོག་མར་སོ་སོར་རྟོག་པའི་ཤེས་རབ་


LT08,P177A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆོས་ཅན་སོ་སོ་ལ་དམིགས་དགོས་ཏེ་ཁྱད་གཞི་མ་བཟུང་བར་ཁྱད་ཆོས་ལ་སྒྲོ་འདོགས་མི་ཆོད་པའི་ཕྱིར་རོ། །དེས་ན་ཐོག་མར་སྒྲོ་འདོགས་གཅད་པར་བྱ་བའི་ཡུལ་གང་ཡིན་པ་གསལ་བཏབ་ནས་དེ་ཉིད་ལ་ཡང་དག་པར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ཏེ་སྣང་ལ་རང་བཞིན་མེད་པར་གཏན་ལ་ཕབ་བོ། །དེ་ནས་ཏིང་ངེ་འཛིན་གྱི་ཡུལ་དེ་ལ་མ་ཡེངས་པར་བཟུང་སྟེ་ཡོངས་སུ་བཟུང་བའི་ཡུལ་དེ་ཉིད་སྣང་ལ་རང་བཞིན་མེད་པར་རྟོགས་པར་བྱའོ། །དེས་ན་ཏིང་ངེ་འཛིན་དང་ཤེས་རབ་དམིགས་པ་གཅིག་ཏུ་དྲིལ་ནས་ཟུང་འཇུག་ཏུ་བྱ་སྟེ། མངོན་པ་ཀུན་བཏུས་ལས། ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་པའི་དོན་ཏོ། །གཟུང་བའི་རང་བཞིན་སྟོང་པ་མཁའ་ལྟར་རིག །འཛིན་ཤེས་འབྱུང་གནས་དབྱིབས་སོགས་བརྟག་བྱ་དང༌། །སོར་རྟོག་ཉིད་ཀྱང་གཙུབས་ཤིང་མེ་བཞིན་དུ། །མ་རྙེད་དབྱིངས་སུ་ཡལ་ལ་འཛིན་མེད་འཇོག །གལ་ཏེ་གཟུགས་སོགས་ཀྱི་སྟེང་དུ་མཉམ་པར་འཇོག་པ་ན་ཡང་སོར་རྟོག་གི་ཤེས་རབ་ཀྱིས་གཟུགས་སོགས་ཀྱི་རང་བཞིན་སྟོང་པར་རྟོགས་ནས་འཇོག་གི་གཟུགས་ཀྱི་མཚན་མ་སོགས་ཡིད་ལ་བྱེད་པས་ནི་མིན་ཏེ། ཐོག་མར་འདི་ལ་གོམས་པས་གཟུང་བ་ཙམ་གྱི་རང་བཞིན་ཀྱང་མི་དམིགས་པར་སྟོང་ཉིད་ནམ་མཁའི་དཀྱིལ་ལྟ་བུར་རིག་པ་ནི་གཟུང་བ་མི་དམིགས་པའི་རྣལ་འབྱོར་ཏེ་ཕྱི་སྣང་སྟོང་དབྱེར་མེད་དུ་བསྒོམ་པའོ། །ནང་གི་འཛིན་ཤེས་ཞེ་སྡང་ལྟ་བུ་ཞིག་རྒྱུད་ལ་སྐྱེས་པ་ན་དེ་གསལ་བཏབ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དང་པོར་གང་ནས་བྱུང་བའི་རྒྱུ་དང༌། བར་དུ་ཕྱི་ནང་གང་ལ་གནས་པ་དང༌། ངོ་བོ་དབྱིབས་དང་ཁ་དོག་སོགས་གང་དུ་འདུག་བརྟགས་པས་གང་དུའང་མ་རྙེད་པའི་དོན་ལ་མཉམ་པར་བཞག་པར་བྱའོ། །ཚུལ་འདི་ནི་རྩ་ཉོན་དྲུག་གང་སྐྱེས་ལ་སྦྱར་རོ། །དེར་མ་ཟད་ལུང་མ་བསྟན་གྱི་རྟོག་པ་སོགས་རྟོག་


LT08,P177B
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་སྐྱེས་རིག་པར་བྱས་ནས་ཚུལ་དེ་བཞིན་དུ་བསྒོམ་པར་བྱ་བ་ནི་འཛིན་པ་མི་དམིགས་པའི་རྣལ་འབྱོར་ཏེ་ནང་རིག་སྟོང་དབྱེར་མེད་དུ་བསྒོམ་པའོ། །མཐར་བརྟགས་བྱའི་ཡུལ་དང་སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་གཙུབས་ཤིང་ལས་བྱུང་བའི་མེ་བཞིན་དུ་ཅིའང་མ་རྙེད་པར་དབྱིངས་སུ་ཡལ་བའི་ངང་ལ་འཛིན་མེད་དུ་འཇོག་པར་བྱ་སྟེ། དེ་དག་སྙིང་པོར་དྲིལ་བ་ཇོ་བོ་རྗེའི་དབུ་མའི་མན་ངག་ལས། དེའང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག་མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང༌། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ་རིགས་པའི་མཚོན་གྱིས་དཔྱད་ཅིང་གཞིག་ནམ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ནི་དངོས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པས་མེ་འབྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ་གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པ། འོད་གསལ་བ། སྤྲོས་པ་ཐམས་ཅད་དང་བྲལ་བ། ཅིའི་ངོ་བོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་རྐྱེན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པར་ཅིར་ཡང་མི་རྟོག །ཅི་ལའང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའི་རྣམ་པར་རྟོག་པའི་དགྲའམ་ཆོམ་རྐུན་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་བཞག་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །ལྔ་པ་ལྷག་མཐོང་


LT08,P178A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཚད་ནི། ཤིན་ཏུ་སྦྱངས་ཐོབ་འགྲུབ་པའི་དུས་སུ་བཤད། །སོ་སོར་རྟོག་པའི་ཤེས་རབ་ཀྱིས་སོ་སོར་དཔྱད་ནས་བསྒོམས་པ་ན་ཤིན་ཏུ་སྦྱངས་པ་མ་ཐོབ་ཀྱི་བར་ནི་ལྷག་མཐོང་རྗེས་མཐུན་པ་དང་དེ་སྐྱེས་ནས་ནི་ལྷག་མཐོང་མཚན་ཉིད་པ་ཡིན་ལ། ཤིན་སྦྱངས་ཀྱི་ངོ་བོ་དང་སྐྱེ་ལུགས་ནི་ཞི་གནས་ཀྱི་སྐབས་སུ་བཤད་པ་ལྟར་རོ། །དེའང་དཔྱད་སྒོམ་བྱས་པ་དེའི་རང་སྟོབས་ཀྱིས་ཤིན་སྦྱངས་འདྲེན་ཐུབ་པ་ན་ལྷག་མཐོང་འགྲུབ་པའི་དུས་སུ་དགོངས་པ་ངེས་འགྲེལ་དང༌། ཤཱནྟི་པའི་ཤེར་ཕྱིན་མན་ངག་སོགས་ལས་གསུངས་སོ། །དེ་ནི་ཇི་སྙེད་པ་དང་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་གཉིས་ཀ་ལ་འདྲའོ། །གསུམ་པ་ཟུང་འབྲེལ་ལ་སློབ་ཚུལ་ལ་གསུམ། སློབ་ཚུལ་དངོས། གང་གི་ཚེ་ཟུང་དུ་འཇུག་པ། དེའི་འབྲས་བུའོ། །དང་པོ་ནི། དབུ་མ་པ་རྣམས་སྐྱེད་ཚུལ་ཐ་དད་ཀྱང༌། །བསྐྱེད་བྱ་ཞི་ལྷག་ཟུང་དུ་འབྲེལ་ལ་མཐུན། །དེ་དག་གསུམ་པོ་རིམ་བསྒོམ་ཡེངས་མེད་གཙོ། །དེ་ལ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་གཉིས་མེད་ཀྱི་ཡེ་ཤེས་སྒྲུབ་པ་ལ། དབུ་མ་པའི་སློབ་དཔོན་སོ་སོའི་བཞེད་པས་སྐྱེད་ཚུལ་ཐ་དད་པར་བཤད་ཀྱང་བསྐྱེད་བྱ་ཞི་ལྷག་ཟུང་དུ་འཇུག་པར་མཐུན་ནོ། །དེའང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མི་སྡུག་པ་དང་བྱམས་པ་ལ་སོགས་པ་ལ་དམིགས་པའི་ཞི་གནས་བསྐྱེད་ནས་དེའི་འོག་ཏུ་རིགས་པས་རྣམ་པར་དཔྱད་པའི་མཐུ་ལས་བྱུང་བའི་ལྷག་མཐོང་བསྐྱེད་པར་བཤད། སློབ་དཔོན་ཞི་བ་ལྷས་ཀྱང་དང་པོར་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཞི་གནས་བསྐྱེད་ནས་དེའི་འོག་ཏུ་སྟོང་པ་ཉིད་ལ་དམིགས་པའི་ལྷག་མཐོང་གི་ཤེས་རབ་བསྐྱེད་པར་བཤད། སློབ་དཔོན་ཀ་མ་ལ་ཤྲཱི་ལས་སྒོམ་རིམ་བར་པར་དང་པོར་ཐུབ་པའི་སྐུ་ལ་སོགས་པ་ལ་དམིགས་པའི་ཞི་གནས་བསྐྱེད་ནས་ཞི་གནས་ཀྱི་དམིགས་པ་དེ་ཉིད་ཀྱི་རང་བཞིན་རྣམ་པར་དཔྱད་པའི་སྒོ་


LT08,P178B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལྷག་མཐོང་སྒྲུབ་པར་མཛད། སློབ་དཔོན་ཟླ་བས་དེ་ཁོ་ན་ཉིད་དཔྱོད་པའི་ལྟ་བ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་སྒྲུབ་པར་མཛད་དོ། །དེ་ཐམས་ཅད་ཀྱང་རྣམ་པར་དག་ཅིང་མ་ནོར་བའི་ལམ་ཡིན་ལ། དེ་དག་ཀུན་གྱིས་ཞི་གནས་དང་ལྷག་མཐོང་དང༌། ཟུང་འབྲེལ་གསུམ་རྒྱུ་འབྲས་ཀྱི་འབྲེལ་བར་གྲུབ་པས་གོ་རིམ་ངེས་པ་ཅན་ཏུ་བསྒོམ་པར་བཞེད་པ་མཐུན་ཅིང་ཀུན་ལའང་སེམས་རྩེ་གཅིག་པའི་ཡེངས་མེད་ཉིད་གཙོ་བོ་ཡིན་ནོ། །གཉིས་པ་ནི། མཚན་བཅས་སྒོམ་ཚེ་ཞི་གནས་གཟུགས་བརྙན་ལ། །དམིགས་པའི་ཆོས་རབ་རྣམ་འབྱེད་ཟུང་དུ་འཇུག །རྣམ་པར་མི་རྟོག་ལྷག་མཐོང་ཐོབ་པ་ན། །ངོ་བོ་གཅིག་ཏུ་སོང་བས་ཟུང་དུ་འཇུག །འོ་ན་ཞི་གནས་དང་ལྷག་མཐོང་གཉིས་པོ་གང་གི་ཚེ་ཟུང་དུ་འཇུག་པ་ཡིན་ཞེ་ན། མཚན་མ་དང་བཅས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པའི་ཚེ་ཞི་གནས་གཟུགས་བརྙན་ལ་དམིགས་པའི་སེམས་རྟོག་མེད་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ལྷག་མཐོང་རྟོགས་པ་གཉིས་ཀ་རང་གི་ངང་གི་མཉམ་དུ་འཇུག་པ་ནི་དེ་ཉིད་ཀྱི་ཟུང་འཇུག་ཡིན་ལ། འདིར་ནི་རྣམ་པར་མི་རྟོག་པའི་ཞི་གནས་དང་རྣམ་པར་མི་རྟོག་པའི་ལྷག་མཐོང་གཉིས་ནམ་ཐོབ་པ་ན། དེ་གཉིས་ངོ་བོ་གཅིག་ཏུ་གནས་པས་ཟུང་དུ་འཇུག་པ་ཞེས་བྱ་བ་ཡིན་ཏེ། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་དམིགས་པ་ལ་བྱིང་བ་དང་རྒོད་པ་ལ་སོགས་པ་དང་བྲལ་ཞིང་མངོན་པར་འདུ་བྱེད་པ་མེད་པར་ཤེས་པ་ལ་འཇུག་པར་གྱུར་པ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་རྫོགས་པ་ཡིན་ནོ། །ཞེས་སོ། །གསུམ་པ་ནི། དེ་ནི་ཡང་དག་ཏིང་འཛིན་མཐར་ཕྱིན་ཏེ། །སྲིད་ཞིའི་འཆིང་གྲོལ་མི་གནས་མྱང་འདས་ཐོབ། །དེ་ལྟ་བུའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ནི་ཡང་དག་པའི་ཏིང་ངེ་འཛིན་ཡིན་ཏེ། མཻ་ཏྲི་པའི་དེ་ཁོ་ན་ཉིད་བཅུ་པའི་


LT08,P179A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་བ་ལས། ཡང་དག་ཇི་བཞིན་ཏིང་འཛིན་གྱིས། །ཞེས་བྱ་བ་གསུངས་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ནི་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཏིང་ངེ་འཛིན་ཏེ། དེ་ཉིད་སྒྲུབ་པར་བྱེད་པའི་དངོས་པོའོ། །ཞེས་གསུངས་པས་སོ། །དེ་ཉིད་མཐར་ཕྱིན་པ་ལས་སྲིད་ཞིའི་འཆིང་བ་ལས་གྲོལ་བའི་མི་གནས་པའི་མྱང་འདས་ཐོབ་པར་འགྱུར་ཏེ། དགོངས་འགྲེལ་ལས། སྐྱེ་བ་པོ་ཡིས་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་བ་ལས་གྲོལ་འགྱུར། །ཞེས་སོ། །མཉམ་པར་གཞག་པ་ལས་ལངས་པའི་ཚེ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ་གྱིས་སངས་རྒྱས་བྱང་སེམས་ལ་མཆོད་པ་དང་སེམས་ཅན་ལ་སྙིང་རྗེ་བ་དང་དགེ་བའི་རྩ་བ་རྒྱ་ཆེར་བསྔོ་བ་ལ་སོགས་པའི་ཐབས་ལ་བརྩོན་པར་བྱའོ། །གཉིས་པ་སྤྱིའི་རིགས་མདོར་བསྡུ་བ་ལ་གསུམ། རིགས་བསྡུ་བ། དཔྱད་འཇོག་གིས་གྲུབ་ཚུལ། བསམ་གཏན་གྱི་གནས་སྐབས་གསུམ་ཞར་བྱུང་དུ་བཤད་པའོ། །དང་པོ་ལ་གཉིས། ཞི་གནས་ཀྱི་རིགས་དང༌། ལྷག་མཐོང་གི་རིགས་བསྡུ་བའོ། །དང་པོ་ནི། མདོར་ན་མི་སྡུག་བྱམས་པ་དབུགས་རྔུབ་བགྲང༌། །སོར་སྤོང་རྩ་རླུང་བསྐྱེད་བཟླས་རང་བབ་ཏུ། །འཇོག་ཀུན་སེམས་འཛིན་གནས་སྐབས་ཉིད་དུ་ཟད། །མདོར་ན་ཐུན་མོང་གི་ཐེག་པར་མི་སྡུག་པའི་འདུ་ཤེས་དགུ་བསྒོམ་པ་དང༌། བྱམས་པ་དང་སྙིང་རྗེ་ལ་སེམས་སྦྱོར་བ་དང༌། དབུགས་དབྱུང་རྔུབ་གནས་གསུམ་བགྲང་བ་དང༌། རྡོ་རྗེ་ཐེག་པར་ཡུལ་སོ་སོར་གཅོད་ཅིང་སྤོང་བ་སྟེ་སོར་སྡུད་ཀྱི་མན་ངག་དང༌། རྩའི་སྟོང་ར། རླུང་གི་རྣལ་འབྱོར། ཐིག་ལེའི་ཞུ་བདེ། བསྐྱེད་པ་ལྷ་དང་བཟླས་པ་སྔགས་ཀྱི་ཐབས་མང་པོ། མ་བཅོས་གཉུག་མ་རྒྱ་ཡན་རང་བབ་ཏུ་འཇོག་པ་ཀུན་ཀྱང་གང་ཟག་དབང་པོའི་རིམ་པ་དང་མཐུན་པར་སེམས་འཛིན་གྱིས་སྣ་


LT08,P179B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ནས་ཞི་གནས་སྐྱེད་པའི་ཐབས་ཉིད་དུ་ཟད་དོ། །གཉིས་པ་ནི། མཚན་མཚོན་རང་སྤྱིའི་མཚན་ཉིད་རྣམ་པར་དཔྱོད། །རྟེན་འབྲེལ་རྟགས་ལྔ་ལུང་རིགས་བྱིན་རླབས་བརྡས། །རང་ངོ་སྤྲོད་སོགས་སོར་རྟོག་ཤེས་རབ་མཆོག །སྐྱེད་ཐབས་གང་ཟག་དབང་པོར་བསྟུན་པ་སྟེ། །མཚན་གཞི་མཚོན་བྱ་མཚོན་བྱེད་ལ་དཔྱོད་པ་ཚད་མ་ལྟ་བུ་དང༌། ཆོས་རང་དང་སྤྱིའི་མཚན་ཉིད་ལ་རྣམ་པར་དཔྱོད་པ་མངོན་པ་ལྟ་བུ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་འབྱུང་ལུགས་ལྡོག་ལ་རྟོགས་པ་དང༌། རྒྱུ་དང་འབྲས་བུ་དང་གཉིས་ཀ་དང་ངོ་བོ་ལ་དཔྱོད་པ་དང་རྟེན་འབྲེལ་ཏེ་རྟགས་ཆེན་ལྔས་སྤྲོས་པ་གཅོད་པ་དང༌། ལུང་དང་རིགས་པ་བྱིན་རླབས་བརྡ་ཐབས་དུ་མས་རང་ངོ་མངོན་སུམ་གཅེར་ཕོག་ཏུ་སྤྲོད་པ་སོགས་ཐམས་ཅད་ཀྱང་སོ་སོར་རྟོག་པའི་ཤེས་རབ་མཆོག་ཉིད་སྐྱེ་བར་བྱེད་པའི་ཐབས་ཀྱི་རིམ་པ་གང་ཟག་དབང་པོར་བསྟུན་པ་ཡིན་ཏེ། ཐབས་དེ་དག་གང་གིས་ཞི་ལྷག་གི་ཏིང་ངེ་འཛིན་སྐྱེས་ཀྱང་དེ་ཉིད་ཀྱིས་དོན་གྲུབ་པས་གང་ཟག་གཅིག་ལ་ཐབས་དེ་ཐམས་ཅད་འཚོགས་དགོས་པ་ནི་མ་ཡིན་ནོ། །གཉིས་པ་དཔྱད་འཇོག་གིས་ཞི་ལྷག་འགྲུབ་པའི་ཚུལ་ནི། དཔྱད་འཇོག་གཉིས་ཀས་ཞི་ལྷག་འགྲུབ་པར་མཐུན། །དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་སྤེལ་བས་ཞི་ལྷག་འགྲུབ་པ་གོང་དུ་སྨོས་པ་ལྟར་ལ། རེ་རེས་ཀྱང་གནད་དུ་སོང་ན་ཏིང་ངེ་འཛིན་གཉིས་ཀ་འགྲུབ་པས་མཐར་ཐུག་གི་གནད་ལ་དཔྱད་འཇོག་མཐུན་པ་ཡིན་ནོ། །གསུམ་པ་བསམ་གཏན་གསུམ་གྱི་གནས་སྐབས་ཞར་བྱུང་དུ་འཆད་པ་ནི། ཐོག་མར་བྱིས་པ་ཉེར་སྤྱོད་བསམ་གཏན་གྱིས། །དུ་སོགས་རྟགས་མཐོང་དོན་རབ་འབྱེད་པ་ཡིས། །གཉིས་ཆོས་རོ་མཉམ་བསམ་གཏན་མཆོག་ཏུ་འགྲུབ། །དེ་བཞིན་ཉིད་དམིགས་ཆོས་ཀུན་སྟོང་པ་ཉིད། །དེ་ཡང་རང་བཞིན་ཞི་བར་རྟོགས་པའོ། །བསམ་གཏན་སྐྱེ་བའི་གནས་སྐབས་དབང་གིས་བསྡུས་ན་གསུམ་


LT08,P180A
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུངས་ཏེ། ཐོག་མར་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་གྱིས། ཡིད་ཕྱི་རོལ་ཏུ་རྣམ་པར་གཡེང་བ་ཅུང་ཟད་ནང་དུ་སྡུད་པའི་རྟགས་དུ་བ་ལ་སོགས་པ་སྟོང་གཟུགས་ཀྱི་རྟགས་དང་པོར་མཐོང༌། དེ་ནས་དོན་རབ་འབྱེད་པའི་བསམ་གཏན་གྱིས་སྒྱུ་མ་ལྟ་བུའི་རྟེན་འབྱུང་དང་སྤྲོས་པ་ཉེ་བར་ཞི་བ་རོ་གཅིག་པར་རྟོགས་པས་གཉིས་ཆོས་ཀུན་རོ་མཉམ་པར་ནང་དུ་ཡང་དག་འཇོག་པར་ནུས་པས་བསམ་གཏན་གྱི་སེམས་ཕྱིན་ཅི་མ་ལོག་པ་མཆོག་ཏུ་འགྱུར་ཞིང༌། མཐར་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གྱིས་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཀུན་སྟོང་པ་ཉིད་དུ་ཤེས་ཤིང༌། སྟོང་པ་དེའང་རང་བཞིན་གྱིས་གདོད་མ་ནས་ཞི་བའི་ཚུལ་རྟོགས་པས་འབད་པ་མེད་པའི་རང་བཞིན་གྲུབ་པར་འགྱུར་རོ། །ཏིང་ངེ་འཛིན་ཀུན་གྱི་སྤྱི་གཞི་ཞི་ལྷག་གི་སྒོམ་རིམ་བསྟན་པའི་སྐབས་དང་པོའི་འགྲེལ་བའོ།། །།སྐབས་གཉིས་པ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྒོམ་རིམ་བྱེ་བྲག་ཏུ་བསྟན་པ་ལ་གཉིས། སྒོམ་པའི་སྔོན་འགྲོ་བཤད། སྒོམ་ཚུལ་དངོས་བསྟན་པའོ། །དང་པོ་ནི། སྒོམ་པའི་སྔོན་འགྲོ་ཁྲིམས་གནས་ཤེས་རབ་བསྐྱེད། །ལུས་སེམས་སྲིད་པ་གཉིས་ལྡན་ཆོས་བརྒྱད་འདོར། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཤིང༌། །ལོག་འཚོ་ལྔ་པོ་སྤངས་ནས། །ཞེས་པ་སྟེ། སྒོམ་པ་ཀུན་གྱི་གཞིའམ་རྩ་བར་གྱུར་པས་ཐོག་མར་སྔོན་དུ་འགྲོ་ཞིང་སྒོམ་པའི་སྐབས་སུའང་མེད་དུ་མི་རུང་བའི་ཡན་ལག་ལྔ་སྟེ། གཞི་རྟེན་ཁྲིམས་ལ་གནས་ཤིང་ཤེས་རབ་གསུམ་བསྐྱེད་པ། སྐྱེ་བའི་རྐྱེན་ལུས་སེམས་སྲིད་པ་གཉིས་དང་ལྡན་པ། འགལ་རྐྱེན་འཇིག་རྟེན་གྱི་ཆོས་བརྒྱད་སྤོང་བ། མཐུན་རྐྱེན་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ། འཚོ་བ་དག་པའི་རྐྱེན་ལོག་འཚོ་ལྔ་རབ་ཏུ་སྤངས་ནས་བསྒོམ་པ་ལ་འཇུག་པར་བྱའོ། །དེ་ལ་དང་པོ་ནི། སོ་སོ་ཐར་པ་རིས་བདུན་གྱི་ཚུལ་ཁྲིམས་ལ་གནས་ནས། སྒོ་


LT08,P1780B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཉེས་སྤྱོད་མཐའ་དག་ལས་ལྡོག་པར་བྱ་ཞིང༌། དེའི་འོག་ཏུ་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་གསུང་རབ་མཉན་པའི་སྒོ་ནས་ཐོས་པ་བྱ། ཐོས་པའི་དོན་རིགས་པས་རྣམ་པར་དཔྱད་དེ་ཚུལ་བཞིན་དུ་སེམས་པའི་བསམ་བྱུང་གི་ཤེས་རབ་དང་ལྡན་པའི་སྒོ་ནས་བསམ་པའི་དོན་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་སྒོམ་པ་ལ་སྦྱོར་བའི་ཚུལ་གྱིས་སོ། །ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དེ་དག་གང་ཞེ་ན། ཐོས་པའི་ཤེས་རབ་ནི་མིང་འབའ་ཞིག་གི་ཡུལ་ཅན་དང༌། བསམ་པའི་ཤེས་རབ་ནི་མིང་དོན་གཉིས་ཀའི་ཡུལ་ཅན་དང༌། སྒོམ་པའི་ཤེས་རབ་ནི་དོན་འབའ་ཞིག་གི་ཡུལ་ཅན་ཡིན་ནོ། །ཞེས་བྱེ་བྲག་སྨྲ་བ་དག་འདོད། །དེ་ལྟར་ན་ཤེས་རབ་གཅིག་གིས་མིང་དོན་གཉིས་ཀ་ལ་དམིགས་པ་མི་སྲིད་པས། མིང་ལ་དམིགས་པའི་ཆ་ཐོས་བྱུང་དང༌། དོན་ལ་དམིགས་པའི་ཆ་སྒོམ་བྱུང་དུ་འགྱུར་བས་མིང་དོན་གཉིས་ཀ་ལ་དམིགས་པའི་བསམ་བྱུང་མི་སྲིད་པར་འགྱུར་རོ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་གསུངས་སོ། །དེ་བས་ན་ཡིད་ཆེས་པའི་ལུང་མཉན་པ་ལས་བྱུང་བ་ཐོས་པ། ཐོས་པའི་དོན་རིགས་པས་གཏན་ལ་དབབ་པ་ལས་བྱུང་བ་བསམ་བྱུང༌། བསམས་པའི་དོན་རྩེ་གཅིག་ཏུ་བསྒོམས་པ་ལས་བྱུང་བ་སྒོམ་བྱུང་དུ་རིགས་ལ། དེ་དག་ཀྱང་གོ་རིམ་བཞིན་ཏུ་སྒྲ་ཙམ་ལ་བརྟེན་ནས་དོན་ལ་ངེས་པ་རྙེད་པ་དང༌། གཏན་ཚིག་ལ་བརྟེན་པ་དང༌། སྒྲ་རྟོག་ལ་མ་ལྟོས་པར་བསྒོམས་པའི་སྟོབས་ཀྱིས་དོན་ལ་ངེས་པ་རྙེད་པའི་ཤེས་རབ་ཡིན་ནོ། །གཉིས་པ་ནི། ཐོས་བསམ་སྒོམ་པའི་ཤེས་རབ་དེ་དག་རྟེན་གང་ལ་གནས་ནས་བསྐྱེད་པར་བྱ་ཞེ་ན། ལུས་ཁྱིམ་པ་དང་རབ་ཏུ་བྱུང་བ་སོགས་དང༌། སྨོན་འདྲིན་བྱེད་པའི་འདུ་འཛི་ལས་ཐག་སྲིང་ཞིང་སེམས་ཚུལ་མིན་ཡིད་བྱེད་སོགས་ཀྱི་རྣམ་གཡེང་ལ་ཐག་སྲིང་པ་དག་ལ་རྣལ་འབྱོར་དེ་དག་སྐྱེ་བར་འགྱུར་གྱི། ཆོས་གོས་དང་བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་མི་ཤེས་པ་དང༌། དེ་དག་བཟང་པོ་དང་


LT08,P181A
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་འདོད་པའི་འདོད་ཆེན་པ་དག་ལ་ཐོས་བསམ་སྒོམ་གསུམ་གྱི་ལམ་གྱི་རྣལ་འབྱོར་དེ་དག་སྐྱེ་བ་མེད་དོ། །གསུམ་པ་ནི། འཇིག་རྟེན་གྱི་ཆོས་བརྒྱད་ལ་གནས་པ་ལ་ནི། འཕགས་པའི་ལམ་སྐྱེ་བ་མེད་པས་འཕགས་ལམ་སྐྱེ་བ་དང་མཐུན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཆོས་བརྒྱད་སྤང་བར་བྱའོ། །དེའང་བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པ་འགོ་སྙོམས་མཛོད། །ཅེས་གསུངས་པ་ལྟར་རོ། །བཞི་པ་ནི། ཟས་ལ་ཆགས་པའི་གཉེན་པོར་ཉིན་ཞག་ཕྲུགས་གཅིག་གི་ཟས་ཙམ་ལས་ལྷག་པ་བདག་གིར་མི་བྱེད་པ་བསོད་སྙོམས་པ་དང༌། ཟས་བརྩམ་པའི་སྟན་དེ་ལས་མ་ལངས་བར་དུ་ཇི་ཙམ་འདོད་པ་ཟ་ཞིང༌། སྟན་ལས་ལངས་ནས་མི་ཟ་བ་སྟན་གཅིག་པ་དང༌། དང་པོར་ཇི་ཙམ་འདོད་པའི་ཟས་ལ་བྱིན་ལེན་བྱས་པ་དེ་ཉིད་ཟའི། ཕྱིས་བྱིན་ལེན་སྟོབ་པ་བྱུང་ཡང་མི་ཟ་བ་ནི་ཟས་ཕྱིས་མི་ལེན་པ་སྟེ་གསུམ་མོ། །གོས་ལ་ཆགས་པའི་གཉེན་པོར་བླ་གོས་མཐང་གོས་སྣམ་སྦྱར་ཏེ་ཆོས་གོས་གསུམ་མ་གཏོགས་པ་གོས་ལྷག་པོ་རུང་བ་བྱས་པའི་སྒོ་ནས་མི་འཆང་བ་ཆོས་གོས་གསུམ་པ་དང༌། ཆོས་གོས་ཐམས་ཅད་བལ་རྩུབ་མོ་འབའ་ཞིག་ལས་བྱས་པ་འཆང་བ་ཕྱིང་པ་བ་དང༌། དུས་ཚིགས་གཅིག་ཏུ་མ་སྤྱད་པའི་གོས་གསར་པ་མི་འཆང་བས་སྤྱད་པའི་གོས་རྙང་རྙིང་དང༌། གཞན་གྱིས་དོར་བའི་ངན་པ་དག་ལས་ཆོས་གོས་བྱས་ཏེ་འཆང་བས་ཕྱག་དར་ཁྲོད་པ་དང་གསུམ་མོ། །གནས་ལ་ཆགས་པའི་གཉེན་པོར་གྲོང་ལས་རྒྱངས་གྲགས་གཅིག་འཕགས་པར་སྤྱིལ་པོ་བྱས་ཏེ་གནས་ཀྱི་གྲོང་དང་གཙུག་ལག་ཁང་གཞན་དུ་མི་གནས་པས་དགོན་པ་བ་དང༌། དུར་ཁྲོད་དུ་གནས་ཤིང་དུར་ཁྲོད་ཀྱི་རོ་གོས་དང་རོ་ལ་བསྔོས་པའི་ཟས་ཙམ་གྱིས་འཚོ་བ་དུར་ཁྲོད་པ་དང༌། དགོན་པའི་ཤིང་


LT08,P181B
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་པའི་དྲུང་ན་གནས་པ་ཤིང་དྲུང་པ་དང༌། དགོན་པའི་བླ་གབ་མེད་པའི་སྤྱིལ་པོར་གནས་པ་བླ་གབ་མེད་པ་དང་བཞིའོ། །གནས་མལ་ལ་ཆགས་པའི་གཉེན་པོར་གནས་མལ་ཡང་ཡང་མི་འཆོས་པ་གཞི་ཇི་བཞིན་པ་དང༌། མཚན་ཐོག་ཐག་ཏུ་ཙོག་བུའི་སྤྱོད་ལམ་གྱིས་འདའ་བ་ཙོག་བུ་པ་གཉིས་སོ། །ལྔ་པ་ནི། མདོ་ལས། རྟག་ཏུ་ལྟ་བ་སྣ་ཚོགས་པའི། །ཁྱིམ་པའི་ལྟ་བ་སྦྱང་བར་དཀའ། །འཚོ་བ་གཞན་ལ་རགས་ལས་པའི། །དགེ་སྦྱོང་གི་ནི་འཚོ་བ་དཀའ། །ཞེས་པ་ལྟར། རབ་ཏུ་བྱུང་བ་རྣམས་ལ་ལོག་འཚོ་ལྔ་འབྱུང་ཉེ་བས་བསྒྲིམས་ནས་སྤང་བར་བྱ་དགོས་ཏེ། རྙེད་པ་དང་བཀུར་སྟིའི་ཕྱིར་དུ་ཚིག་འཇམ་སྔོན་དུ་སྨྲ་བ་ཁ་གསག་ཐོབ་པར་འདོད་པས་གཞན་གྱི་རྫས་ལ་བསྔགས་པ་གཞོག་སློང༌། རང་ལ་བབ་ཐོབ་ཀྱི་ཡོན་ཏན་བརྗོད་པ་ཐོབ་འཇལ། སྔར་ཐོབ་པ་ལ་བསྔགས་པ་དང་ཐོབ་པའི་ཕྱིར་དུ་ཅུང་ཟད་སྦྱིན་པ་རྙེད་པས་རྙེད་པ་འཚོལ་བ། རྙེད་བཀུར་གྱི་ཕྱིར་དུ་དབང་པོ་བསྡམས་ནས་དུལ་བར་འཆོས་པ་ཚུལ་འཆོས་ལྔ་དང༌། གཞན་ཡང་ཞིང་དང་ཚོང་གི་ལས་དང༌། དཀོན་མཆོག་གི་རྟེན་དང་ཆོས་འཚོང་བའི་སྦྱོར་བ་རྣམས་ལོག་པའི་འཚོ་བ་ཤིན་ཏུ་ལྕི་བ་ཡིན་པས་དེ་དག་དང་ལྡན་ན་ལམ་གྱི་མངོན་རྟོགས་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་མྱུར་ཏུ་ཉམས་པར་འགྱུར་བས་རིང་དུ་སྤངས་ཏེ་རྣམ་པར་དག་པའི་འཚོ་བས་འཚོ་བར་བྱའོ། །གཉིས་པ་སྒོམ་ཚུལ་དངོས་བསྟན་པ་ལ་གཉིས། ཐེག་དམན་ཉན་རང་གི་སྒོམ་རིམ། །ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་སྒོམ་རིམ་མོ། །དང་པོ་ལ་གཉིས། ཉན་ཐོས་དང༌། རང་རྒྱལ་གྱི་སྒོམ་རིམ་མོ། །དང་པོ་ལ་གཉིས། མདོར་བསྟན་གྱིས་མཚམས་སྦྱར། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྒོམ་པའི་ཚུལ། །ཉན་ཐོས་སྡེ་པ་སྡེ་ཚན་བདུན་ཡིན་ཏེ། །དམིགས་རྣམ་ངོ་བོ་འབྲས་བུ་སྐབས་ལྔས་བསྡུས། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོམ་པའི་ཚུལ་


LT08,P182A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རིམ་པར་འཆད་པའི་ཐོག་མར་ཉན་ཐོས་ཀྱི་སྡེ་པ་རྣམས། ལམ་སྔ་མ་བཞིར་སྡེ་ཚན་བདུན་གྱིས་སྒོམ་པར་བྱེད་དེ། མཛོད་ལས། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་པས་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་གཞག་པ་བཞི། འབྲིང་པོར་ཡང་དག་པར་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་དང་རྩེ་མོར་དབང་པོ་ལྔ། བཟོད་པ་དང་ཆོས་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་དོ། །དེ་དག་ཐམས་ཅད་ལ་དམིགས་པའི་ཡུལ་སྒོམ་ཚུལ་ལམ། རྣམ་པ། ངོ་བོ། དེའི་འབྲས་བུ། གནས་སྐབས་གང་དུ་བསྒོམ་པའི་ས་མཚམས་བཅས་ལྔ་ལྔས་བསྡུས་པར་ཤེས་པར་བྱའོ། །གཉིས་པ་ལ་བཞི། ལས་དང་པོ་པ། ངེས་འབྱེད་ཆ་བཞི། མཐོང་ལམ། སྒོམ་ལམ་ལ་སྒོམ་པའི་རིམ་པའོ། །དང་པོ་ནི། དང་པོའི་ལས་ཅན་འདོད་ཆགས་སྤྱི་བྱེའི་གཉེན། །ཀེང་རུས་འདུ་བྱེད་བརྒྱད་བསྒོམ་ལུས་རྗེས་བལྟ། །ཚོར་བ་སྡུག་བསྔལ་ཆུ་ཤིང་སྙིང་པོ་མེད། །དབུགས་ལ་སེམས་བཟུང་བདག་མེད་དམ་པའི་དོན། །འདུ་བྱེད་རྣམ་ཤེས་ཆོས་རྣམས་སྒྱུ་མ་ལྟར། །ཉན་ཐོས་ལས་དང་པོ་པས་དམིགས་པའི་ཡུལ་ནི་ལུས་ཚོར་སེམས་ཆོས་བཞི་ལ་དམིགས་ནས་བསྒོམ་སྟེ། དེའང་འདོད་ཆགས་སྤྱིའི་གཉེན་པོར་རང་གཞན་གྱི་ལུས་དང་སྣང་བ་ཐམས་ཅད་ཀེང་རུས་སུ་བསྒོམས་པས་ཆགས་པ་བཟློག་པ་ནི། མཛོད་ལས། ཀེང་རུས་ཆགས་བཅས་ཐམས་ཅད་ལའོ། །ཞེས་སོ། །བྱེ་བྲག་གི་གཉེན་པོར་རྣམ་པར་བམ་པ་དང༌། རྣམ་པར་དམར་བ་དང༌། རྣམ་པར་འབུས་གཞིག་པ་ལ་སོགས་པའི་འདུ་ཤེས་བརྒྱད་སྒོམ་པར་བྱེད་དོ། །


LT08,P182B
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་དང་བྲལ་བ་ན་རེས་འགའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པས་ཆུ་ཤིང་ལྟར་བསྒོམ་པ་ལ་སོགས་པ་བྱེད་དོ། །དེ་ནས་ཚོར་བ་བདེ་བ་སྡུག་བསྔལ་བར་མ་གསུམ་ལ་སྡུག་བསྔལ་དུ་ལྟ་བའི་འདུ་ཤེས་དང་ཆུ་ཤིང་ལྟར་སྙིང་པོ་མེད་པའི་འདུ་ཤེས་སྒོམ་པར་བྱེད། དེ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་ལ་སེམས་བཟུང་ནས་རྟོག་པ་ཞི་བ་དང༌། སེམས་ཀྱི་རྒྱུན་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེའང་བརྟགས་ན་སྐད་ཅིག་ཆ་མེད་པ་དོན་དམ་པའི་བདེན་པ་སྟེ། དེའི་ངང་ལ་བདག་མེད་པའི་དོན་བསྒོམ། དེ་ནས་འདུ་བྱེད་དང་རྣམ་པར་ཤེས་པས་བསྡུས་པའི་ཆོས་ལ་ཕྱི་དང་ནང་གི་བདག་ཉིད་ཐམས་ཅད་ཀྱི་རང་བཞིན་བདག་མེད་པ་ཉིད་དང༌། མི་རྟག་པ་དང༌། སྒྱུ་མ་ལྟ་བུ་ལ་སོགས་པ་སྒོམ་པར་བྱེད་དོ། །ཅིའི་ཕྱིར་འདི་དག་དམིགས་པར་བཞག་ཅེ་ན། ཤེས་པ་ཕྱིན་ཅི་ལོག་གི་བློ་ཅན་ལུས་ལ་བདག་གི་གནས་ཀྱི་དངོས་པོ་དང༌། ཚོར་བ་ལ་ནི་བདག་གི་ལོངས་སྤྱོད་ཀྱི་གཞི་དང༌། སེམས་ལ་བདག་གི་དངོས་པོ་དང༌། ཆོས་ལ་བདག་གི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞིར་རྟོག་པ་དེ་ལས་ལོག་པའི་ཕྱིར་རོ། །དེ་ལ་ལུས་ནི་གསུམ་སྟེ། ནང་དང་ཕྱི་དང་གཉིས་ཀའི་ལུས་སོ། །དང་པོ་ནི། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །གཉིས་པ་ནི། གཟུགས་སོགས་ཕྱིའི་སྐྱེ་མཆེད་གཟུགས་ཅན་རྣམས་སོ། །གསུམ་པ་ནི། རང་གི་དབང་པོའི་རྟེན་དང༌། གཞན་གྱི་དབང་པོ་གཟུགས་ཅན་རྣམས་ཏེ། རྒྱུ་དང་སྐྱེ་མཆེད་ཀྱིས་གཉིས་ཀར་འགྱུར་བའི་ཕྱིར་རོ། །ཚོར་བ་ལ་སོགས་པ་གསུམ་པོ་ལའང་དེ་བཞིན་དུ། གསུམ་སྟེ། རྟེན་དང་དམིགས་ཡུལ་གྱི་སྒོ་ནས་ཅི་རིགས་པར་ཤེས་པར་བྱའོ། །ཆོས་ནི་ཚོར་བ་མ་གཏོགས་པའི་སེམས་བྱུང་རྣམས་དང་ལྡན་མིན་འདུ་བྱེད་དང༌། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་འདུས་མ་བྱས་དང་བཅས་པའོ། །རང་


LT08,P183A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིའི་མཚན་ཉིད་རྣམ་པ་བཞི་རྣམས་ལ། །ཤེས་རབ་ཀྱིས་བརྟགས་དྲན་པ་ཉེ་བར་གཞག །བདེན་པ་བཞིར་འཇུག་ཚོགས་ལམ་ཆུང་ངུར་བསྒོམ། །ལྷག་མ་རྣམས་ལ་དེ་ཡིས་མཚོན་བྱས་ཏེ། །གཉིས་པ་རྣམ་པ་ནི། རང་གི་མཚན་ཉིད་ལུས་ལ་སོགས་པ་རང་རང་གི་ངོ་བོ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་སོགས་དང༌། སྤྱིའི་མཚན་ཉིད་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་ལ་སོགས་པ་རྣམས་སོ། །ཡང་ན་ལུས་མི་གཙང་བ་དང༌། ཚོར་བ་སྡུག་བསྔལ་བ་དང༌། སེམས་མི་རྟག་པ་དང༌། ཆོས་བདག་མེད་པའི་རྣམ་པ་བཞིར་དམིགས་པའོ། །གསུམ་པ་ངོ་བོ་ནི། ལུས་ལ་སོགས་པ་ལ་རང་སྤྱིའི་མཚན་ཉིད་སོ་སོར་རྟོག་པར་བྱེད་པའི་ཤེས་རབ་དང་དེའི་དམིགས་རྣམ་མི་བརྗེད་པའི་དྲན་པས་རྟོག་པར་བྱེད་དེ། དེ་ལྟར་ན་ཤེས་རབ་ཀྱི་རང་སྤྱིའི་མཚན་ཉིད་ལ་བལྟས་ནས་དྲན་པས་དམིགས་པ་དེ་ཉིད་ལ་ཡང་དང་ཡང་དུ་གཏོད་པར་བྱེད་པས་དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །བཞི་པ་འབྲས་བུའམ་དགོས་པ་ནི། བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཏེ། དང་པོས་ནི། སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། དེ་ལ་ལུས་འདུ་བྱེད་ཀྱི་སྡུག་བསྔལ་གནས་ངན་ལེན་གྱིས་རབ་ཏུ་ཕྱེ་བར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །གཉིས་པས་ནི། ཀུན་འབྱུང་གི་བདེན་པ་ལ་འཇུག་པར་འགྱུར་ཏེ། དེ་ལ་ཀུན་འབྱུང་གི་གཙོ་བོ་སྲེད་པ་བདེ་བ་ལ་སོགས་པ་གསུམ་གྱི་རྒྱུ་རྐྱེན་དུ་རྟོགས་ནས་དེ་སྤོང་བར་འདོད་པའི་ཕྱིར་རོ། །གསུམ་པས་ནི། འགོག་པའི་བདེན་པ་ལ་འཇུག་སྟེ། དེ་ལས་བདག་དང་བྲལ་བའི་རྣམ་ཤེས་སྐད་ཅིག་གིས་འཇིག་པར་བརྟགས་པས་མྱ་ངན་ལས་འདས་པ་ན་བདག་ཆད་ཀྱིས་དོགས་པའི་འཇིགས་པ་མེད་པས་འགོག་པ་མངོན་དུ་བྱ་བར་འདོད་པའི་ཕྱིར་རོ། །བཞི་པས་ནི། ལམ་གྱི་བདེན་པ་ལ་འཇུག་སྟེ། དེ་ལ་ཆགས་


LT08,P183B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཉོན་མོངས་པའི་ཆོས་རྣམས་སྤང་བྱ་དང༌། དད་སོགས་རྣམ་བྱང་གི་ཆོས་རྣམས་བསྟེན་བྱ་ཉིད་དུ་བརྟགས་ནས་ལམ་བསྒོམ་པར་འདོད་པའི་ཕྱིར་རོ། །དོན་དེ་ཉིད་དབུས་མཐར། གནས་ངན་ལེན་གྱི་སྲེད་རྒྱའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་པའི་ཕྱིར། །ཞེས་གསུངས་པ་ཡིན་ནོ། །ལྔ་པ་གནས་སྐབས་གང་དུ་བསྒོམ་ན། ཚོགས་ལམ་ཆུང་ངུར་ཐོས་པ་དང་བསམ་པ་མཐར་ཕྱིན་ནས་མི་སྡུག་པ་དང༌། དབུགས་དབྱུང་རྔུབ་རྗེས་སུ་དྲན་པ་བསྒོམས་པས་ཞི་གནས་ཀྱི་ལམ་གྱིས་སེམས་ལས་སུ་རུང་བར་བྱས་ནས། ལྷག་མཐོང་གི་ལམ་བསྐྱེད་པའི་ཕྱིར་དུ་བསྒོམ་མོ། །འཆད་འགྱུར་ལྷག་མ་རྣམས་ལའང་ས་བཅད་ལྔ་པོ་བཤད་མ་ཐག་པ་དེས་མཚོན་པར་བྱ་སྟེ་རྟོགས་པར་བྱའོ། །མི་དགེ་མི་བསྐྱེད་བསྡམ་དང་དགེ་བ་ལྡོག །འདུན་བརྩོན་སེམས་དང་དཔྱོད་པའི་ཏིང་འཛིན་གྱིས། །ཏིང་ངེ་འཛིན་དེ་གྲུབ་ནས་ཡང་དག་སྤོང་བ་བཞི་བསྒོམས་པའི་དམིགས་པའི་ཡུལ་སྤང་བྱ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་དང༌། བླང་བྱ་རྣམ་བྱང་གི་ཕྱོགས་སྐྱེས་པ་དང༌། མ་སྐྱེས་པ་བསྐྱེད་པ་རྣམས་སོ། །དམིགས་པའི་རྣམ་པ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང༌། སྐྱེས་པ་སྤངས་ཤིང་བསྡམ། དགེ་བ་དེ་ལས་ལྡོག་ཏེ་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་ནས་གོང་དུ་སྤེལ་བའི་ཕྱིར་དུ་འདུན་པ་བསྐྱེད། བརྩོན་འགྲུས་བརྩམ། སེམས་རབ་ཏུ་འཛིན། རབ་ཏུ་འཇོག་པར་བྱེད་པའོ། །དེ་དག་གི་ངོ་བོ་ནི། སྤང་བྱ་ཉམས་པ་དང༌། གཉེན་པོ་འཕེལ་བའི་བྱ་བ་བྱེད་པའི་བརྩོན་འགྲུས་ཀྱི་ངོ་བོ་ཡིན་ནོ། །དགོས་འབྲས་ནི། སྤང་བྱ་མ་ལུས་པ་ཉམས་ཤིང་གཉེན་པོ་མ་ལུས་པ་འཐོབ་པའོ། །ས་མཚམས་ནི། ཚོགས་ལམ་འབྲིང་དུ་བསྒོམ་སྟེ། དྲན་པ་ཉེར་གཞག་གི་དངོས་པོ་ཚུལ་བཞིན་བསྟེན་ཏེ་བསྒོམ་པ་ན། སྤང་གཉེན་གྱི་སྐྱོན་


LT08,P184A
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་མཐོང་ནས་དེ་དག་ལ་བླང་དོར་རྩོམ་པའི་བརྩོན་འགྲུས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་ཡང་དག་སྤོང་བ་ཞེས་བྱ་ཞེ་ན། འདིས་མི་མཐུན་ཕྱོགས་སྤོང་བའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་གྲུབ་ནས་རྫུ་འཕྲུལ་རྐང་པ་བཞི་བསྒོམ་པའི་དམིགས་ཡུལ་ཏིང་ངེ་འཛིན་གྱིས་གྲུབ་པའི་བྱ་བ་སྤྲུལ་པ་དང་བསྒྱུར་བ་ལ་སོགས་པའོ། །སྒོམ་ཚུལ་ནི། དབུས་མཐར། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བ་ཡིན། །ཞེས་པ་ལྟར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་བསྒོམ་སྟེ་གོང་དུ་བཤད་པ་ལྟར་རོ། །ངོ་བོ་ནི། སྤྱིའི་ངོ་བོ་ཏིང་ངེ་འཛིན་ཡིན་ལ། དེ་ལ་གྲོགས་ཀྱི་སྒོ་ནས་བཞི་སྟེ། འདུན་པའི་ཏིང་ངེ་འཛིན་གུས་སྦྱོར་གྱི་བརྩོན་འགྲུས་ལ་བརྟེན་ནས། སེམས་རྩེ་གཅིག་པ་ཉིད་ལ་རེག་པ་དང༌། དཔྱོད་པའི་ཏིང་ངེ་འཛིན་གཞན་གྱིས་བསྟན་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་རྒྱུ་ལས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །དགོས་འབྲས་ནི། །རྫུ་འཕྲུལ་ལ་སོགས་གང་དང་གང་མངོན་དུ་བྱ་བར་འདོད་པ་དང༌། དེ་ལ་ཡིད་གཏད་པས་མངོན་དུ་འགྱུར་བའོ། །ས་མཚམས་ནི། ཚོགས་ལམ་ཆེན་པོའི་གནས་སྐབས་ན་བསྒོམ་མོ། །ཅིའི་ཕྱིར་ཏིང་ངེ་འཛིན་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན། དེ་ནི་ཡོན་ཏན་ཐམས་ཅད་འབྱོར་པའི་རྟེན་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་པ་ངེས་འབྱེད་ཆ་བཞིའི་སྒོམ་རིམ་ནི། ངེས་འབྱེད་ལ་སྦྱོར་དེ་ཡི་ཆ་བཞི་པོར། །བདེན་བཞིའི་རྣམ་པ་བཅུ་དྲུག་པོ་རྣམས་ལ། །དད་བརྩོན་དྲན་ཏིང་ཤེས་རབ་ལྔ་གཉིས་སྤྱོད། །ཏིང་ངེ་འཛིན་དེ་ཉིད་ཀྱིས་སྦྱོར་ལམ་ངེས་འབྱེད་ལ་སྦྱོར་ཞིང་དེ་ལ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་སྟེ་ཆ་བཞི་པོར། བདེན་བཞིའི་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་པོ་རྣམས་ལ་དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་དབང་པོ་ལྔ་དང༌། དེ་གནས་འགྱུར་བའི་སྟོབས་ལྔ་སྟེ་ལྔ་ཕྲག་གཉིས་པོས་སྤྱོད་པར་བྱེད་དོ། །དེའང་དབང་པོ་ལྔའི་བསྒོམ་


LT08,P184B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་ཡུལ་བདེན་པ་བཞི་སྟེ། འཕགས་ལམ་གྱི་སྦྱོར་བས་བསྡུས་པས་བདེན་པའི་རྣམ་པ་ཅན་དུ་གྱུར་པའི་ཕྱིར་རོ། །སྒོམ་ཚུལ་ནི། དད་པས་བདེན་པ་རྣམས་ཤེས་བྱ་དང་སྤང་བྱ་སོགས་སུ་ཡིད་ཆེས་པའི་ཚུལ་གྱིས་དང༌། བརྩོན་འགྲུས་ཀྱིས་བདེན་པའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཕྱིར་སྤྲོ་བའི་ཚུལ་གྱིས་དང༌། དྲན་པས་བདེན་པའི་དེ་ཁོ་ན་ཉིད་རྟོགས་པའི་དམིགས་རྣམ་མ་བརྗེད་པའི་ཚུལ་གྱིས་དང༌། ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པའི་ཚུལ་གྱིས་དང༌། ཤེས་རབ་ཀྱིས་བདེན་པའི་རྣམ་པ་སོ་སོར་འབྱེད་པའི་ཚུལ་གྱིས་བསྒོམ་མོ། །ངོ་བོ་ནི། དད་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་ཀྱི་དབང་པོ་སྟེ་ལྔའོ། །འབྲས་བུ་ནི། མཐོང་ལམ་མྱུར་ཏུ་ཐོབ་པ་དང༌། སྒོམ་ལམ་བཞི་འགྲུབ་པའོ། །ས་མཚམས་ནི། དྲོད་རྩེ་མོ་གཉིས་སུ་བསྒོམ་པའོ། །ཅིའི་ཕྱིར་དབང་པོ་ཞེས་བྱ་ན་འཇིག་རྟེན་པའི་རྣམ་བྱང་སྟེ་ངེས་ལེགས་ཀྱི་རྟེན་ལ་དབང་བྱེད་པའི་ཕྱིར་རོ། །དེ་ནས་སྟོབས་ལྔའི་དམིགས་པའི་ཡུལ་དང་རྣམ་པ་སྒོམ་ཚུལ་སྔ་མ་དང་འདྲ། ངོ་བོ་ནི། དད་སོགས་ལྔ་པོ་དེ་དག་སྟོབས་འཕེལ་ཏེ། མ་དད་པ་སོགས་མི་མཐུན་ཕྱོགས་དང་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བ་ནི་སྟོབས་ལྔ་ཞེས་བྱའོ། །འབྲས་བུ་ནི། བཟོད་མཆོག་དང༌། མཐོང་ལམ་འགྲུབ་པའོ། །ས་མཚམས་ནི། བཟོད་པ་དང༌། ཆོས་མཆོག་དག་ཏུ་བསྒོམ་སྟེ། དབུས་མཐར། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་སོ། །སྒྲ་དོན་ནི་ངོ་བོའི་སྐབས་སུ་སོང་ངོ༌། །གསུམ་པ་མཐོང་ལམ་དུ་སྒོམ་པའི་རིམ་པ་ནི། མཐོང་ལམ་དྲན་དང་རྣམ་འབྱེད་བརྩོན་འགྲུས་དགའ། །ཤིན་སྦྱངས་ཏིང་འཛིན་བཏང་སྙོམས་ཡན་ལག་བདུན། །མཐོང་ལམ་དུ་བསྒོམ་བྱ་བྱང་ཆུབ་ཡན་ལག་བདུན་གྱི་དམིགས་པའི་ཡུལ་འཕགས་པའི་བདེན་པ་བཞིའི་དེ་ཁོ་ན་ཉིད་དོ། །སྒོམ་ཚུལ་ནི། དྲན་པ་


LT08,P185A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་སྡུག་བསྔལ་ལ་དམིགས་ནས་དེས་དབེན་པ་ཚོལ། ཀུན་འབྱུང་ལ་དམིགས་ནས་དེ་ལ་འདོད་ཆགས་དང་བྲལ་བ་ཚོལ། སྡུག་བསྔལ་འགོག་པ་ལ་དམིགས་ནས་དེ་མངོན་དུ་བྱེད་པ་ཚོལ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་ལ་དམིགས་ནས་དེ་བསྒོམ་པ་ཆོལ་བ་སྟེ། ལྷག་མ་དྲུག་གི་སྒོམ་ཚུལ་ཡང་དེ་དང་འདྲའོ། །ངོ་བོ་ནི། མཐོང་ལམ་གྱི་དམིགས་པ་མི་བརྗེད་པའི་དྲན་པ་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་རྣམ་པར་འབྱེད་པའི་ཤེས་རབ་དང༌། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང༌། ལུས་སེམས་ལ་ཕན་འདོགས་པའི་ཟག་མེད་ཀྱི་དགའ་བ་དང༌། ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་དང༌། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། བྱིང་རྒོད་ཀྱིས་མི་མཉམ་པ་མེད་པར་འཇུག་པའི་བཏང་སྙོམས་རྣམས་སོ། །ཡན་ལག་ཏུ་འགྱུར་ཚུལ་ནི། དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། དེའི་སྟོབས་ཀྱིས་ཡན་ལག་རྣམས་དམིགས་པ་ལས་མི་གཡེང་བར་བྱེད་པའི་ཕྱིར་རོ། །ཆོས་རབ་ཏུ་རྣམ་འབྱེད་ནི་རང་བཞིན་གྱི་ཡན་ལག་སྟེ། མཐོང་ལམ་རྣམ་པར་མི་རྟོག་པའི་རང་བཞིན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་འབྱུང་གི་ཡན་ལག་སྟེ་དེ་ལ་བརྟེན་ནས་སྡུག་བསྔལ་ལས་ངེས་པར་འབྱིན་པའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། ལྷག་མ་རྣམས་ཀྱི་འབྲས་བུའི་ཚུལ་དུ་སྐྱེས་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་བ་ལ་སོགས་པ་གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་སྟེ། གང་གིས་ཉོན་མོངས་མེད་པར་བྱེད་པ་ཤིན་སྦྱངས་དང༌། གང་ཉོན་མོངས་པ་མེད་པ་ཏིང་ངེ་འཛིན་དང༌། ཉོན་མོངས་པ་མེད་པའི་ངོ་བོ་གང་ཡིན་པ་བཏང་སྙོམས་ཡིན་པའི་ཕྱིར་རོ། །དེ་སྐད་དུའང༌། དབུས་མཐར། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་


LT08,P185B
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་མེད་ཡན་ལག །ཅེས་གསུངས་སོ། །དགོས་འབྲས་ནི། མཐོང་སྤོང་མ་ལུས་པ་སྤོང་བར་བྱེད་པའོ། །ས་མཚམས་ནི། མཐོང་ལམ་ཐོབ་པ་ན་དེ་ཉིད་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རང་བཞིན་དུ་ཡོད་པའོ། །བཞི་པ་སྒོམ་ལམ་དུ་སྒོམ་པའི་རིམ་པ་ནི། སྒོམ་ལམ་ཡང་དག་ལྟ་རྟོགས་ངག་ལས་མཐའ། །འཚོ་བ་རྩོལ་བ་དྲན་ཏིང་བརྒྱད་དུ་བཤད། །སྒོམ་པའི་ལམ་དུ་བསྒོམ་བྱ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་དམིགས་པའི་ཡུལ་དང༌། རྣམ་པ་སྔ་མ་དང་འདྲ། ངོ་བོ་ནི། མཐོང་ལམ་མཉམ་གཞག་ཏུ་རྟོགས་པའི་མཚན་ཉིད་རྗེས་ཐོབ་ཏུ་ཡོངས་སུ་གཅོད་པར་བྱེད་པ་ཡང་དག་པའི་ལྟ་བ་དང༌། རང་གིས་རྟོགས་པ་ལྟར་གཞན་ལ་སྟོན་པར་བྱེད་པའི་ངག་ཀུན་ནས་སློང་བ་ཡང་དག་པའི་རྟོགས་པ་དང༌། དེས་ཀུན་ནས་བསླངས་ཏེ་རང་གིས་ཇི་ལྟར་རྟོགས་པ་ལྟར་གཞན་ལ་སྟོན་པར་བྱེད་པ་ནི་ངག་གི་ལས་རྣམ་པར་དག་པའི་ངག་དང༌། སྲོག་གཅོད་སོགས་ལུས་ཀྱི་ལས་རྣམ་པར་དག་པ་ཡང་དག་པའི་ལས་ཀྱི་མཐའ་དང༌། ཁ་གསག་དང་ཚུལ་འཆོས་སོགས་ལུས་ངག་གི་ལས་རྣམ་པར་དག་པ་ཡང་དག་པའི་འཚོ་བ་དང༌། སྒོམ་སྤང་མ་ལུས་པ་སྤོང་བའི་ཕྱིར་དུ་དེའི་གཉེན་པོ་ལ་བརྩོན་པ་ཡང་དག་པའི་རྩོལ་བ་དང༌། ཞི་གནས་དང༌། རབ་ཏུ་འཛིན་པ་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་མ་བརྗེད་པའི་ཡང་དག་པའི་དྲན་པ་དང༌། མངོན་ཤེས་ལ་སོགས་ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པ་སེལ་བའི་ཆེད་དུ་བསྒོམ་པ་ཡང་དག་པའི་ཏིང་ངེ་འཛིན་རྣམས་ནི་འཕགས་པའི་ལམ་ཡན་ལག་རྣམས་སོ། །འདི་ཐམས་ཅད་མཐོང་ལམ་མཉམ་གཞག་ཏུ་ནུས་པའི་སྒོ་ནས་ཐོབ་པས། མཐོང་ལམ་ནས་ཡོད་པར་བཞག་ལ། སྒོམ་ལམ་ལ་མངོན་དུ་བྱེད་པས་ངོ་བོ་སྒོམ་ལམ་དུ་བཞག་གོ །བརྒྱད་པོ་འདི་དག་ཀྱང་ཡན་ལག་བཞིར་འགྱུར་ཏེ། འདི་ལྟར་ཡང་དག་པའི་ལྟ་བ་ནི། ཡོངས་སུ་གཅོད་པའི་


LT08,P186A
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཡིན་ཏེ། མཉམ་གཞག་ཏུ་རྟོགས་པ་ལྟར་འདིའོ་ཞེས་དཔྱོད་པར་བྱེད་པའོ། །རྟོགས་པ་ནི་གོ་བར་བྱེད་པའི་ཡན་ལག་སྟེ། རང་གིས་རྟོགས་པ་ལྟར་རྣམ་པར་འཇོག་པའི་ངག་ཀུན་ནས་སློང་བའི་ཕྱིར་རོ། །ངག་དང་ལས་ཀྱི་མཐའ་དང་འཚོ་བ་རྣམས་ནི་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། གོ་རིམ་བཞིན་དུ་ལྟ་བ་དང༌། ཚུལ་ཁྲིམས་དང༌། འཚོ་བ་རྣམ་ངག་ཏུ་ཡིད་ཆེས་པར་བྱེད་པས་སོ། །རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་གསུམ་ནི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡན་ལག་སྟེ། གོ་རིམ་བཞིན་དུ་སྒོམ་སྤང་གི་ཉོན་མོངས་པ་དང༌། བྱིང་རྒོད་ཉེ་བའི་ཉོན་མོངས་པ་དང༌། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་བསྒྲུབ་པའི་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པས་སོ། །དེ་སྐད་དུའང༌། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དེ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུང༌། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་སོ། །འབྲས་བུ་ནི་བསྒོམ་པས་སྤང་བར་བྱ་བ་མཐའ་དག་སྤོང་བའོ། །ས་མཚམས་ནི། སྒོམ་པའི་ལམ་ཐོབ་པའི་ཚེ་ནའོ། །འདིར་བྱེ་བྲག་ཏུ་སྨྲ་བས། བྱང་ཆུབ་ཡན་ལག་བདུན་ནི་སྒོམ་བྱུང་དང་ཉེ་བའི་ཕྱིར་སྒོམ་ལམ་དང༌། འཕགས་ལམ་ཡན་ལག་བརྒྱད་ནི་མཐོང་བའི་ལམ་སྟེ། མཐོང་ལམ་ནི་ཆོས་ཀྱི་འཁོར་ལོ་ཡིན་ལ། འཕགས་ལམ་ཡན་ལག་བརྒྱད་ཀྱང་མྱུར་བར་འགྲོ་བ་ལ་སོགས་པའི་སྒོ་ནས་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར་ཞེས་བཤད་དོ། །མི་སློབ་པའི་ལམ་དུ་ནི། སྡུག་བསྔལ་ཤེས། ཀུན་འབྱུང་སྤངས། འགོག་པ་མངོན་དུ་བྱས། ལམ་བསྒོམས་སོ་ཞེས་པའི་ཤེས་པ་ཟག་པ་མེད་པ་དང༌། སྡུག་བསྔལ་ཤེས།


LT08,P186B
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཤེས་པར་བྱར་མེད་དོ་ཞེས་པ་ནས། ལམ་བསྒོམས། ད་བསྒོམ་པར་བྱར་མེད་དོ་ཞེས་པའི་ཤེས་པ་ཟག་པ་མེད་པ་དག་གོ་རིམ་བཞིན་དུ་ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ལས་ཡུལ་དང་རྣམ་པ་ཅན་གྱི་དམིགས་པ་ལོགས་སུ་བསྒོམ་པར་བྱར་མེད་དོ། །གཉིས་པ་རང་སངས་རྒྱས་ཀྱི་སྒོམ་རིམ་ནི། རང་རྒྱལ་དེ་དག་རྣམས་དང་རྟེན་འབྲེལ་ཆོས། །རྣམ་པར་ཐར་པའི་སྒོ་གསུམ་ཡིད་ལ་བྱེད། །རང་རྒྱལ་རྣམས་ནི་བཤད་མ་ཐག་པའི་བྱང་ཕྱོགས་ཀྱི་ཆོས་དེ་དག་རྣམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱིས་ལམ་བགྲོད་ནས་རྣམ་པར་ཐར་པའི་སྒོ་གསུམ་ཡིད་ལ་བྱེད་ཅིང་གནས་སོ། །དེའང་སྤྱིར་ལམ་ལ་སློབ་པའི་ཚུལ་གསུམ་ཡོད་དེ། དང་པོ་ནི། རང་རྒྱལ་གྱི་རིགས་ལ་གནས་པ་ཁ་ཅིག །བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང༌། རང་བྱང་ཆུབ་ཏུ་རྒྱུད་སྨིན་པར་བྱས་ནས་ཕྱིས་རང་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་དོ། །གཉིས་པ་ནི། དུས་ངེས་པ་མེད་པར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་ཅིང་སྐྱེས་བུ་དམ་པ་ལ་བརྟེན་ནས། དམ་པའི་ཆོས་ཉན། ཚུལ་བཞིན་ཡིད་ལ་བྱེད་པ་རྣམས་ལ་བརྟེན་ནས་སློབ་དཔོན་གྱི་དྲུང་དུ་ངེས་འབྱེད་ཆ་མཐུན་བསྐྱེད་ཅིང༌། ཚེ་དེ་ལ་ཆོས་མངོན་པར་རྟོགས་པ་དང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་མི་ནུས་པས། ཕྱི་མ་ལ་དེ་དག་ཐོབ་པར་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་པའོ། །གསུམ་པ་ནི། གཞན་སྔ་མ་དང་འདྲ་བ་ལས། སློབ་དཔོན་གྱི་དྲུང་དུ་ཆོས་མངོན་པར་རྟོགས་ཤིང་འབྲས་བུ་དང་པོ་གཉིས་གང་ཡང་རུང་བ་མངོན་དུ་བྱེད་ལ་འབྲས་བུ་ཕྱི་མ་གཉིས་མངོན་དུ་བྱེད་མི་ནུས་པས། ཕྱི་མ་ལ་མངོན་དུ་བྱ་བའི་ཕྱིར་དངོས་པོ་དྲུག་ལ་མཁས་པར་བྱེད་པའོ། །དེའི་དང་པོ་ནི་བསེ་རུ་ལྟ་བུ་དང༌། འོག་མ་གཉིས་ནི་ཚོགས་ན་སྤྱོད་


LT08,P187A
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ཡིན་ལ། དེའང་སྐྱེ་བ་དེའི་འོག་ཏུ་སངས་རྒྱས་དང་ཉན་ཐོས་མེད་པའི་འཇིག་རྟེན་དུ་སྐྱེས་ནས། དུར་ཁྲོད་དུ་སོང་བས་རུས་པ་མཐོང་མ་ཐག་འཁོར་བ་ལས་ཡིད་འབྱུང་སྟེ། ཀྱེ་མ་རུས་པ་འདི་དག་ཅི་ལས་བྱུང་རྒ་ཤི་ལས་བྱུང༌། རྒ་ཤི་ཅི་ལས་བྱུང༌། སྐྱེ་བ་ལས་བྱུང༌། ཞེས་པ་ལ་སོགས་པའི་རྟེན་འབྲེལ་ལུགས་འབྱུང་བཅུ་གཉིས་ལ་བརྟགས་པ་དང༌། འདི་ལས་ཇི་ལྟར་ཐར་བར་བྱ་སྙམ་པ་ལས། ཡང་མ་རིག་པ་འགག་པས་འདུ་བྱེད་འགག་པ་ནས་རྒ་ཤིའི་བར་དུ་འགག་པར་འགྱུར་བའི་རྟེན་འབྲེལ་ལུགས་ལྡོག་བཅུ་གཉིས་ཀྱི་རྩ་བ་ཆོད་དེ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་ཤེས་ནས་རྟེན་འབྲེལ་བཅུ་གཉིས་དང་བདེན་པ་བཞི་ལ་རྣམ་པ་བཅུ་དྲུག་ཏུ་བསྒོམས་པས་སྟན་ཐོག་གཅིག་ཏུ་ལམ་ལྔ་མངོན་དུ་མཛད་དེ་རྟེན་འབྲེལ་དང་རྣམ་ཐར་སོགས་ལ་ཐུགས་གནས་པས་བཞུགས་སོ། །དེ་ལ་ཤེས་བྱ་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་མེད་པ་ནི་སྟོང་པ་ཉིད་དོ། །བདག་གིར་གཟུང་དུ་མེད་པ་ནི་མཚན་མ་མེད་པའོ། །མི་དམིགས་པ་ནི་སྨོན་པ་མེད་པའོ། །ལམ་རྣམ་པར་ཐར་པའི་སྒོ་གསུམ་གྱི་འགོག་པ་ནི་སྟོང་པ་ཉིད་དོ། །ལམ་ནི་མཚན་མ་མེད་པའོ། །སྡུག་བསྔལ་དང་ཀུན་འབྱུང་གཉིས་ནི་སྨོན་པ་མེད་པའོ། །འབྲས་བུ་རྣམ་ཐར་སྒོ་གསུམ་གྱི་ལྷག་མེད་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་ཡིན་ལ། ལྷག་བཅས་ནི་སྨོན་པ་མེད་པ་ཡིན་པར་བཤད་དོ། །གཉིས་པ་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་སྒོམ་རིམ་འཆད་པ་ལ་གསུམ། སྒོམ་པ་པོའི་གང་ཟག་སྒོམ་པའི་སྔོན་འགྲོ། བསྒོམ་བྱའི་རིམ་པ་དངོས་སོ། །དང་པོ་ནི། ཐེག་ཆེན་རིགས་སད་བྱང་ཆུབ་སེམས་གཉིས་ལྡན། །ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པའི་རྟེན་གྱི་གང་ཟག་ནི་ཐེག་པ་ཆེན་པོའི་རིགས་སད་ཅིང་ཀུན་རྫོབ་དང་དོན་དམ་གྱི་བྱང་ཆུབ་སེམས་གཉིས་ཀྱི་བསླབ་བྱ་དང་


LT08,P187B
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའོ། །དེ་ལ་རིགས་ཀྱི་རང་བཞིན་ནི། དཔལ་ཕྲེང་གི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང༌། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་གསུངས་བ་ལྟར་སེམས་ཅན་ཀུན་ལ་ཁྱབ་པར་གནས་པའོ། །དབྱེ་བ་ནི། རང་བཞིན་གནས་རིགས་དང༌། ཡང་དག་པར་སྒྲུབ་པའི་རིགས་གཉིས་སོ། །དེ་དག་གི་ངོ་བོ་མཉམ་མེད་དྭགས་པོའི་ཞལ་ནས། དང་པོ་རང་བཞིན་གྱི་གནས་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་བསྐྱེད་པའི་ནུས་པ། ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པའོ། །ཡང་དག་པར་སྒྲུབ་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་བསྐྱེད་པའི་ནུས་པ་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་དེའོ། །དེ་ལྟར་རྣམ་པ་གཉིས་ཀ་སངས་རྒྱས་ཀྱི་སྐལ་བ་ཅན་ཡིན་ནོ། །ཞེས་གསུངས། མིང་གི་རྣམ་གྲངས། རིགས་དང་ས་བོན་དང་རང་བཞིན་དང་ཁམས་ཞེས་བྱ་ཞིང༌། གནས་སྐབས་ལ་དགོངས་ནས་མདོ་སྡེ་རྒྱན་དུ་རྣམ་པ་ལྔར་གསུངས་ཏེ། དེའང་ཐེག་པ་ཆེན་པོའི་རིགས་ཡོད་པ་ནི་སངས་རྒྱས་ཀྱི་ཉེ་བའི་རྒྱུ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཀྱང་མཐར་སངས་རྒྱས་ཐོབ་པས་ན་རིང་བའི་རྒྱུ་ཡིན་ནོ། །རིགས་མ་ངེས་པ་ནི། ཁ་ཅིག་ཉེ་བའི་རྒྱུ། ཁ་ཅིག་རིང་བའི་རྒྱུ་ཡིན་ནོ། །རིགས་ཆད་པའི་རིགས་ཀྱང་ཡུན་རིང་བ་ལ་དགོངས་པ་ཙམ་ལས་གཏན་ནས་བྱང་ཆུབ་མི་ཐོབ་པ་ནི་མིན་པས་ཤིན་ཏུ་རིང་བའི་རྒྱུ་ཡིན་ནོ། །དེས་ན་སེམས་ཅན་ལ་རིགས་དེ་རྣམས་ཡོད་པའི་ཕྱིར་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་སོ། །འོན་ཀྱང་ཉན་རང་གཉིས་ཀྱི་རིགས་ནི་དམན་ལ་ཐེག་པ་ཆེན་པོའི་རིགས་ནི་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་མཆོག་ཡིན་ཏེ། སྔ་མ་ཉོན་སྒྲིབ་ཙམ་བྱང་བས་


LT08,P188A
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྣམ་པར་དག་པར་འགྱུར་ལ། ཕྱི་མ་སྒྲིབ་པ་གཉིས་ཆར་བྱང་བས་རྣམ་པར་དག་པར་འགྱུར་བའི་ཕྱིར་རོ། །རིགས་དེའང་སད་པ་དང་མ་སད་པ་གཉིས་ཡོད་ལ། དེ་གང་གིས་ཤེས་ན། ཆོས་བཅུ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་བཞིན་ནོ། །ཞེས་གསུངས་པ་ལྟར་མཚན་མའམ་རྟགས་ལས་རྟོགས་ཏེ། རིགས་སད་པའི་རྟགས་ནི། གཉེན་པོ་ལ་མ་ལྟོས་པར་ལུས་ངག་རང་བཞིན་གྱིས་འཇམ་པ་དང༌། སེམས་གཡོ་སྒྱུ་ཤས་ཆུང་བ་དང༌། སེམས་ཅན་ལ་བྱམས་ཤིང་དང་བ་དག་ཡིན་ནོ། །དེ་ལྟར་ཡང་ཆོས་བཅུ་པའི་མདོ་ལས། མི་རྩུབ་བརླང་བ་མ་ཡིན་ལ། །གཡོ་དང་སྒྱུ་ནི་རྣམ་སྤངས་ཤིང༌། །སེམས་ཅན་ཀུན་ལ་རབ་དང་བ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཞེས་གསུངས་སོ། །ཡང་ན་སྦྱོར་བ་ཅི་བྱེད་ཀྱི་སྔོན་རོལ་ནས། སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང༌། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང༌། དཀའ་བ་སྤྱོད་པ་ལ་ཇི་མི་སྙམ་དུ་བཟོད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པར་སྤྱོད་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །རིགས་ཡོད་ཀྱང་མ་སད་པའི་རྟགས་ནི་རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལའང་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་པ་སྟེ་སྐྱེ་བོ་ཐ་ཤལ་ཕལ་མོ་ཆེ་བཞིན་ནོ། །སད་པའི་རྐྱེན་ནི་འགལ་བའི་རྐྱེན་དང་བྲལ། མཐུན་པའི་རྐྱེན་གྱིས་ཟིན་ན་རིགས་སད་པར་འགྱུར་ལ། དེ་ལས་ལྡོག་ན་མི་སད་པར་


LT08,P188B
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོ། །དེ་ལ་འགལ་བའི་རྐྱེན་བཞི་སྟེ། མི་ཁོམས་པར་སྐྱེས་པ་དང༌། བག་མེད་པ་དང༌། ལོག་པར་ཞུགས་པ་དང༌། སྒྲིབ་པའི་ཉེས་པའོ། །མཐུན་པའི་རྐྱེན་གཉིས་ཏེ། ཕྱི་དམ་པའི་ཆོས་སྟོན་པ་གཞན་གྱི་རྐྱེན་དང༌། ནང་ཚུལ་བཞིན་ཡིད་ལ་བྱེད་པ་དགེ་བའི་ཆོས་ལ་འདུན་པ་ལ་སོགས་པའོ། །དེས་ན་རིགས་སད་པའི་གང་ཟག་དེས་ཐེག་པ་ཆེན་པོའི་ལམ་སྒོམ་པར་ནུས་ཤིང་རྒྱུད་ལ་འབྱོར་བར་འགྱུར་བས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །གཉིས་པ་སྒོམ་པའི་སྔོན་འགྲོ་བཤད་པ་ལ་གཉིས། ཚད་མེད་བཞི་ལ་བློ་སྤྱོད་པ། ཚོགས་ལམ་ཕལ་པ་རྒྱུད་ལ་བརྟེན་པའི་ཚུལ་བཤད་པའོ། །དང་པོ་ནི། ཐོག་མར་བྱམས་སོགས་ཚད་མེད་རྣམ་པ་བཞི། །དང་པོའི་ལས་ཅན་སེམས་ཅན་ལ་དམིགས་ཏེ། སྤྱོད་ཞུགས་ཆོས་དང་བཟོད་ཐོབ་དམིགས་པ་མེད། །ཕ་རོལ་ཏུ་ཕྱིན་པའི་ལམ་སྦྱོང་བར་འདོད་པས་ཐོག་མར་སྨོན་པ་སེམས་བསྐྱེད་ཀྱི་བསླབ་པ་བྱམས་སོགས་ཚད་མེད་པ་རྣམ་པ་བཞི་ལ་བསླབ་པར་བྱ་སྟེ། ཡུམ་བར་མ་ལས། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། དགའ་བ་ཆེན་པོ་དང༌། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་སོ། །དེའང་སྙིང་པོ་མཆོག་ལས། ཤཱ་རིའི་བུ། འདི་ལ་སེམས་ཡང་དག་པར་མ་བསྐྱེད་རྗེས་སུ་མ་བསྐྱེད་པའི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་བཞི་ནི་ཚངས་པའི་གནས་པ་བཞི་སྟེ། སྲིད་པ་མངོན་པར་འདུ་བྱེད་པ་དང་བཅས་པའོ། །སེམས་ཡང་དག་པར་བསྐྱེད། རྗེས་སུ་བསྐྱེད་པའི་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་བཞི་ནི་ཚད་མེད་པ་བཞི་སྟེ། མྱ་ངན་ལས་འདས་པའི་ལམ་དུ་འདུ་བྱེད་པའི་ཕྱིར་རོ། །ཞེས་གསུངས་པས། ལུགས་འདིའང་ཚད་མེད་ཙམ་གྱི་ཁྱད་པར་དང༌། ས་སྡེ་


LT08,P189A
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སེམས་ཅན་དང་ཆོས་ཉིད་ལ་བརྟེན་ནས་དམིགས་པ་དང་བཅས་པ་དང༌། དམིགས་པ་མེད་པའི་ཚད་མེད་པ་རྣམ་པ་བཞི་ཉིད་སྐྱེ་སྟེ། ཞེས་གསུངས་པ་ལྟར་དམིགས་བཅས་དང་དམིགས་མེད་ཀྱི་ཁྱད་པར་ཤེས་ནས་དམིགས་པའི་ཡུལ་དང་ཚད་མེད་པ་ཁོ་ནའི་ཡུལ་ལ་བསླབ་པར་བྱའོ། །འདི་དག་རྐྱེན་བཞིས་བསྐྱེད་པར་འགྱུར་ཏེ། རང་བཞིན་དུ་གནས་པའི་རིགས་སམ་ཁམས་ནི་རྒྱུའི་རྐྱེན་ནོ། །ཚད་མེད་པ་བཞིའི་བཀའ་ལུང་སྟོན་པའི་དགེ་བའི་བཤེས་གཉེན་ནི་བདག་པོའི་རྐྱེན་ནོ། །རང་རང་གི་ཡུལ་མངོན་དུ་གྱུར་པ་ནི་དམིགས་པའི་རྐྱེན་ནོ། །ཚད་མེད་པ་བཞི་བསྒོམས་པའི་ཕན་ཡོན་མ་བསྒོམས་པའི་ཉེས་དམིགས་གོམས་པ་སྔ་མ་ནི་དེ་མ་ཐག་པའི་རྐྱེན་ནོ། །དམིགས་པའི་ཡུལ་གྱི་ཁྱད་པར་གྱིས་སྐྱེ་ཚུལ་རྣམ་པ་གསུམ་དུ་བཤད་དེ། བདག་མེད་པ་མ་རྟོགས་པའི་དང་པོའི་ལས་ཅན་རྣམས་ཀྱིས་སེམས་ཅན་ལ་དམིགས་པ་དང༌། ཕྱེད་དང་གཉིས་རྟོགས་ནས་སྤྱོད་པ་ལ་ཞུགས་པ་རྣམས་ཀྱིས་ཆོས་ལ་དམིགས་པ་དང༌། གཉིས་ཀ་རྟོགས་ནས་བཟོད་པ་ཐོབ་པ་རྣམས་ཀྱིས་དམིགས་པ་མེད་པའི་ཚུལ་གྱིས་ཚད་མེད་པ་བཞི་སྐྱེ་བ་སྟེ། དེ་དག་ཀྱང༌། བྱང་ཆུབ་སེམས་དཔའི་ས་ལས། སེམས་ཅན་ལ་དམིགས་པ་ནི་མུ་སྟེགས་ཅན་རྣམས་དང་ཐུན་མོང་བ་ཡིན་ནོ། །ཆོས་ལ་དམིགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་ཡིན་ནོ། །དམིགས་པ་མེད་པ་ནི་དེ་ཐམས་ཅད་དང་ཐུན་མོང་མ་ཡིན་པའོ། །ཞེས་སོ། །གཉིས་པ་ནི། ཚུལ་ཁྲིམས་ལ་གནས་དབང་པོའི་སྒོ་བསྡམ་ཞིང༌། །ཟས་ཀྱི་ཚོད་རིག་སྟོད་སྨད་རྣལ་འབྱོར་བརྩོན། །ཤེས་བཞིན་གནས་པས་དགའ་དང་མི་འགྱོད་སྤྲོ། །འཕགས་ནོར་བདུན་དང་ཆོས་སྤྱོད་རྣམ་པ་བཅུ། །མོས་སོགས་ཐར་པའི་དགེ་རྒྱུ་སྔོན་འགྲོ་བས། །ཐེག་ཆེན་ཚོགས་ཀྱི་ལམ་ལ་


LT08,P189B
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཞུགས་པ་ནས་སྦྱོར་ལམ་མ་སྐྱེས་པའི་བར་གྱི་ལས་དང་པོ་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་འདོད་པས་ཀུན་ནས་བསླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང༌། དབང་པོའི་སྒོ་བསྡམ་པ་དང༌། ཟས་ཀྱི་ཚོད་ཤེས་པ་དང༌། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང༌། བླང་དོར་ཀྱི་བྱ་བར་ཤེས་བཞིན་དུ་གནས་བས་དགའ་བ་དང༌། དགེ་བ་ལ་མི་འགྱོད་ཅིང་ཤིན་ཏུ་སྤྲོ་བ་དང༌། གནས་ལ་དད་ཅིང་ཚུལ་ཁྲིམས་གཙང༌། །མང་དུ་ཐོས་ཤིང་གཏོང་ལ་གོམས། །གཞན་ལ་ལྟོས་ཏེ་ངོ་ཚ་ཤེས། །རང་ལ་ལྟོས་ནས་ཁྲེལ་འཛེམ་ཆེ། །ཤེས་རབ་ཕུན་ཚོགས་འཕགས་ནོར་བདུན། །ཅེས་པ་ལྟར་དང༌། དབུས་མཐའ་རྣམ་པར་འབྱེད་པ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་ཡི། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །ཡོན་ཏན་ཕུང་པོ་གཞལ་དུ་མེད། །ཅེས་གསུངས་པའི་ཆོས་བཅུའི་ཉམས་ལེན་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་གྱི་གསུང་རབ་ལས་འབྱུང་བ་ལྟ་བུ་དང༌། གཞན་ཡང་མོས་པ་ལ་སོགས་པ་ཐར་པའི་རྒྱུར་གྱུར་པའི་དགེ་བ་གཞན་དང་གཞན་དག་ཕྱོགས་དང་རིས་སུ་མ་ཆད་པས་ཚོགས་སྤེལ་བ་སྔོན་དུ་འགྲོ་བས་དངོས་གཞིའི་ལམ་གྱི་རིམ་པ་བསྒོམ་པ་ལ་འཇུག་པར་བྱའོ། །གསུམ་པ་བསྒོམ་བྱའི་རིམ་པ་དངོས་ལ་གསུམ། སྤྱིར་བློ་སྦྱོང་བའི་རིམ་པ། བྱེ་བྲག་མཉམ་རྗེས་ཀྱི་སྒོམ་ཚུལ། སྦྱོར་བཞི་མཚན་ཙམ་སྨོས་པས་མདོར་བསྡུ་བའོ། །དང་པོ་ནི། ཕྱག་རྒྱ་བཞི་དང་ཐར་པ་ཆ་མཐུན་ལྔ། །རྒྱལ་སོགས་རྗེས་དྲན་མི་གཙང་འདུ་ཤེས་དགུ། །སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད། །སྤྱོད་ཡུལ་ཡོངས་སུ་དག་པས་བློ་སྦྱོང་བྱ། །ཚོགས་ཀྱི་ལམ་རྣམས་སུ་སྤྱིར་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལ་སོགས་


LT08,P190A
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒོམ་པར་བྱ་སྟེ། དེ་ལ་ཕྱག་རྒྱ་བཞིའི་སྒོམ་ཚུལ་ནི་སེམས་བསྐྱེད་ནས། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པའི་རང་བཞིན་འཁོར་བ་སྡུག་བསྔལ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བར་བསྒོམ་པའི་རྗེས་ལ་བསྔོ་བ་བྱེད་པའོ། །དེ་བཞིན་དུ་མི་རྟག་པ་སོགས་ཐར་པ་ཆ་མཐུན་ལྔ་དང༌། རྒྱལ་སོགས་རྗེས་སུ་དྲན་པ་སྟེ། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ཚུལ་ཁྲིམས་དང༌། གཏོང་བ་དང༌། ལུས་དང༌། འཆི་བ་དང༌། སྐྱེ་བ་དང༌། དབུགས་ཕྱི་ནང་དུ་བསྡུ་བ་རྣམས་རྗེས་སུ་དྲན་པ་དང༌། རོ་རྣམ་པར་བམ་པ་དང༌། འབུས་གཞིག་པ་དང༌། དམར་བ་དང༌། སྔོ་བ་དང༌། གནག་པ་དང༌། ཟོས་པ་དང༌། འཐོར་བ་དང༌། འཚིག་པ་དང༌། རུལ་བ་སྟེ་ལུས་ལ་མི་གཙང་བའི་འདུ་ཤེས་དགུ་དང༌། བདག་གིས་ནམ་ཞིག་སེམས་ཅན་གྱི་སྡུག་བསྔལ་སེལ་ནུས་སྙམ་པ་དང༌། ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་བ་ཆེན་པོ་ལ་འཇོག་ནུས་སྙམ་པ་དང༌། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་འདིས་སེམས་ཅན་གྱི་དོན་བྱེད་ནུས་སྙམ་པ་དང༌། ནམ་ཞིག་དམྱལ་བར་ཡུན་རིང་དུ་གནས་ཀྱང་སེམས་ཅན་གྱི་དོན་བྱེད་ནུས་སྙམ་པ་དང༌། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་བ་ཆེན་པོས་སེམས་ཅན་གྱི་རེ་བ་རྫོགས་པར་བྱེད་ནུས་སྙམ་པ་དང༌། ནམ་ཞིག་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་སྡུག་བསྔལ་ངེས་པར་འབྱིན་ནུས་སྙམ་པ་དང༌། སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང་དོན་དམ་པའི་རོ་ལ་གཅིག་ཏུ་སྤྱོད་པ་དང༌། སྐྱེ་བོ་ཐམས་ཅད་ཚིམས་པར་མི་བྱེད་པའི་ཚིག་དང༌། གཞན་ལ་མི་ཕན་པའི་འཚོ་བ་དང་ལུས་དང་ཤེས་རབ་དང་ནོར་དང་དབང་ཕྱུག་དང་ལྡན་པ་དང༌། གཞན་ལ་གནོད་པ་བྱེད་པ་ལ་དགའ་བར་ཚེ་རབས་ཐམས་ཅད་དུ་མ་གྱུར་ཅིག་སྙམ་པ་དང༌། སེམས་ཅན་གྱི་སྡིག་


LT08,P190B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་བདག་ལ་སྨིན་ཅིང་བདག་གི་དགེ་བའི་འབྲས་བུ་དེ་དག་ལ་སྨིན་པར་གྱུར་ཅིག་སྙམ་དུ་སེམས་པ་སྟེ་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དང༌། སྤྱོད་ཡུལ་ཡོངས་སུ་དག་པ་ནི་མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། དབང་པོའི་འདུ་ཤེས་སྣ་ཚོགས་འཇུག་གྱུར་པ། །དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་པའི་དོན་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པ་བཞིན་ཤེས་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ཁང་པའི་ནང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ་ཞེས་པ་སྦྱར་ཏེ། ཉལ་བའི་ཚེ་སངས་རྒྱས་ཀྱི་སྐུ་ཐོབ་པར། རྨི་ལམ་རྨིས་ན་ཆོས་ཐམས་ཅད་རྨི་ལམ་ལྟར་རྟོགས་པར། གཉིད་སད་ཙ་ན་མ་རིག་པ་ལས་སད་པར། ལྡང་བ་ན་སངས་རྒྱས་ཀྱི་སྐུ་གཟུགས་ཐོབ་པར། གོས་གྱོན་ན་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐེ་རགས་བཅིང་ན་དགེ་བའི་རྩ་བ་ཟུང་དུ་འབྲེལ་བར། སྟན་ལ་འདུག་ན་རྡོ་རྗེའི་སྟན་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ་ཞེས་པ་ལ་སོགས་པ་བཞིན་ཉམས་སུ་བླང་སྟེ་བློ་སྦྱང་བར་བྱའོ། །གཉིས་པ་བྱེ་བྲག་མཉམ་རྗེས་ཀྱི་སྒོམ་ཚུལ་ལ་གཉིས། བྱེ་བྲག་གི་མཉམ་རྗེས་དང༌། སྤྱིའི་རྗེས་ཐོབ་བོ། །དང་པོ་ནི། བྱེ་བྲག་མཉམ་གཞག་དབུ་མའི་དོན་གཙོ་ཞིང༌། །དེ་ཡང་དཔྱད་པ་སྔོན་འགྲོས་རང་རྒྱུད་པ། །མེད་དགག་ནམ་མཁའ་ལྟ་བུའི་དོན་ལ་འཇོག །ཐལ་འགྱུར་གོམས་བྱའི་ཆོས་དབྱིངས་གོམ་བྱེད་བློ། །དབྱེར་མེད་ཆུ་ལ་ཆུ་བཞག་ལྟ་བུ་སྟེ། །གཞན་སྟོང་མི་རྟོག་འོད་གསལ་ཆེན་པོའི་དང༌། །ཀུན་ཀྱང་སྤྲོས་བྲལ་ཙམ་གྱི་གནད་ལ་མཐུན། །བྱེ་བྲག་ཐེག་པ་ཆེན་པོ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་སྒོམ་པ་ནི། མཉམ་གཞག་ཏུ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཟབ་མོ་དབུ་མའི་དོན་ཉིད་གཙོ་བོར་བསྒོམ་པ་ཡིན་ཅིང༌།


LT08,P191A
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་རང་རྒྱུད་པ་རྣམས་ནི་སེམས་བསྐྱེད་དང་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་བཏང་ནས། གོམ་བྱེད་ཀྱི་བློ་ཉིད་ཀྱང་གོམ་བྱ་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་དགག་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་དེའི་ངོ་བོར་རོ་གཅིག་པའི་ཚུལ་གྱིས་མཉམ་པར་འཇོག་པའོ། །འདིར་ནི་ཟུང་འཇུག་གི་ཐ་སྙད་མེད་ལ། དེའི་རྗེས་ཐོབ་ཏུ་རྣམ་ཤེས་ཀྱི་ངོར་སྣང་ཆ་མདོར་ཞིང་ཡེ་ཤེས་ཀྱི་ངོར་ཅིར་ཡང་མི་དམིགས་པའི་ངང་ནས་བསོད་ནམས་ཀྱི་ཚོགས་མངོན་པར་འདུ་བྱེད་དོ། །འདི་ལ་ནི་བདེན་གཉིས་ཟུང་དུ་འཇུག་པ་ཞེས་ཀྱང་བྱ། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་བསོད་ནམས་ཀྱི་ཚོགས་ཞེས་ཀྱང་བྱའོ། །ཐལ་འགྱུར་བས་སེམས་བསྐྱེད་དང་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་བཏང་ནས། གོམ་བྱེད་ཀྱི་བློ་དང་གོམ་བྱའི་ཆོས་དབྱིངས་སོ་སོ་ཐ་དད་པ་མ་ཡིན་པར་ཆུ་ལ་ཆུ་བཞག་པ་བཞིན་གཉིས་མེད་དུ་སོང་བའོ། །དེ་ལྟར་སོང་བ་དེའང་ཆོས་དབྱིངས་རྟོགས་པའི་ཤེས་རབ་ཀྱིས་ཐ་སྙད་བྱས་པ་ཡིན་གྱི། དངོས་སུ་ན་ཤེས་བྱ་དང་ཤེས་བྱེད་ཀྱི་རྣམ་གཞག་མེད་ཅིང་ཟུང་འཇུག་གི་ཐ་སྙད་ཀྱང་མེད་དོ། །རྗེས་ཐོབ་ཏུ་ཡིད་ལ་བྱེད་ཚུལ་རང་རྒྱུད་ཀྱི་སྐབས་བཞིན་ནོ། །གཞན་སྟོང་པ་རྣམས་ནི་སེམས་བསྐྱེད་དང་རང་བཞིན་མ་དམིགས་པའི་དཔྱད་པ་མདོར་བསྡུས་སྔོན་དུ་སོང་ནས་རྣམ་པར་མི་རྟོག་པར་ལྷུན་གྱིས་གྲུབ་པའི་འོད་གསལ་ཆེན་པོའི་ངང་དུ་གནས་པ་སྟེ། དེའང་གཟུང་འཛིན་གཉིས་གྱིས་སྟོངས་པའི་ཡེ་ཤེས་རང་རིག་རང་གསལ་དེ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་ཅིང༌། དེའང་ཡོད་མེད་ཡིན་མིན་སོགས་སྤྲོས་པའི་མཚན་མ་གང་དུའང་མི་འཛིན་ཞིང་ཡིད་ལ་མི་བྱེད་པའི་སྒོ་ནས་སོ། །དེའི་རྗེས་ཐོབ་ཏུ་ནི་སྣང་གྲགས་ཀྱི་ཆོས་ཇི་སྙེད་པ་ཡུལ་དུ་བྱས་ནས་སྤྲོས་པའི་མཚན་མ་གང་དུའང་མི་འཛིན་པ་དེ་ལ་ནི་སྣང་སྟོང་ཟུང་དུ་འཇུག་པ་ཞེས་བྱ་ལ། དེའི་ངང་ནས་


LT08,P191B
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ལ་འཇུག་པའོ། །མཉམ་གཞག་ལ་ནི་གསལ་སྟོང་ཟུང་འཇུག་ཅེས་བྱ་སྟེ་གསལ་རིག་གི་ངོ་བོ་ལས་མ་གཡོས་བཞིན་དུ་རྣམ་པར་རྟོག་པས་སྟོང་པའི་ཕྱིར་རོ། །དེ་གསུམ་ཀའང་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་པ་ཙམ་གྱི་གནད་ལ་ནི་མཐུན་པ་ཡིན་ནོ། །གཉིས་པ་ནི། རྗེས་ཐོབ་བྱང་ཕྱོགས་སོ་བདུན་རིམ་བཞིན་བསྒོམ། །དོན་འདི་ཟབ་རྒྱས་སོགས་ཀྱིས་ཁྱད་པར་འཕགས། །མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཏུ་ཚོགས་ལམ་ཆུང་ངུར་ལུས་ཚོར་སེམས་ཆོས་བཞི་ཀ་ཡང་དག་པར་རང་བཞིན་མེད་པར་ལྟ་ཞིང་སོ་སོར་མི་རྟོག་པའི་ངོ་བོ་ཉིད་དུ་སྒོམ་པ་ཟབ་པའི་ཕྱོགས་དང༌། ལུས་སྒྱུ་མ་ལྟ་བུ། ཚོར་བ་རྨི་ལམ་ལྟ་བུ། སེམས་འོད་གསལ་ནམ་མཁའ་ལྟ་བུ། ཆོས་གློ་བུར་བ་སྤྲིན་ལྟ་བུར་སྒོམ་པ་རྒྱ་ཆེ་བའི་ཕྱོགས་ཀྱི་དྲན་པ་ཉེར་གཞག་ལ་སོགས་པ་བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་པོ་རྣམ་གྲངས་ཉན་ཐོས་ཀྱི་སྐབས་སུ་སྨོས་པ་ལྟར་རིམ་བཞིན་བསྒོམ་པར་བྱ་བ་ཡིན་ལ། འོན་ཀྱང་ཐེག་ཆེན་གྱི་བྱང་ཆོས་ཀྱི་དོན་འདི་རྣམས་བཤད་མ་ཐག་པ་དེས་མཚོན་དམིགས་པ་ཟབ་ལ་དམིགས་ཚུལ་རྒྱ་ཆེ་བ་སོགས་ཀྱིས་ཁྱད་པར་དུ་འཕགས་པའོ། །གསུམ་པ་སྦྱོར་བཞི་མཚན་ཙམ་སྨོས་པས་མདོར་བསྡུ་བ་ནི། མདོར་ན་རྣམ་ཀུན་མངོན་རྫོགས་རྩེ་མོ་དང༌། །མཐར་གྱིས་པ་དང་སྐད་ཅིག་སྦྱོར་བ་བཞིས། །བླ་མེད་ཕ་རོལ་ཕྱིན་ཡུམ་བསྒྲུབ་པར་བྱ། །ཐེག་ཆེན་ལམ་རིམ་མཐའ་དག་མདོར་དྲིལ་ན། ཐོབ་བྱ་འབྲས་བུ་མཐར་ཐུག་པ་རྣམ་མཁྱེན། དེ་ཐོབ་བྱེད་ཀྱི་རྒྱུ་ལམ་ཤེས། དེའི་བླང་དོར་བྱ་བའི་ཡན་ལག་ཏུ་གཞིའི་མི་མཐུན་ཕྱོགས་དང༌། གཉེན་པོའི་རབ་དབྱེ་ཤེས་པའི་གཞི་ཤེས་རྣམས་ནི་སྒྲོ་འདོགས་བཅད་ཡུལ་མཁྱེན་པ་གསུམ་ཡིན་ལ། དེ་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་བསྡུས་ནས་


LT08,P192A
[མ་དཔེ་གཟིགས་ན་འདིར་གནོན།]

རེས་འཇོག་ཏུ་བསྒོམ་པ་རྣམ་རྫོགས་སྦྱོར་བ། བསྡུས་བསྒོམ་དེ་ལས་རྟོགས་པ་རབ་ཏུ་གྱུར་པ་རྩེ་མོའི་སྦྱོར་བ། དེ་ལས་བརྟན་པ་ཐོབ་པའི་ཆེད་དུ་དུས་གཅིག་ཏུ་གོ་རིམ་བཞིན་བསྒོམ་པ་མཐར་གྱིས་པའི་སྦྱོར་བ། བརྟན་པ་ཐོབ་ནས་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མཁྱེན་གསུམ་གྱི་རྣམ་པ་བསྒོམས་པས་དེ་མ་ཐག་འབྲས་བུ་མངོན་དུ་བྱེད་ངེས་པ་སྐད་ཅིག་མའི་སྦྱོར་བ་དང་བཞི་ནི་ཉམས་ལེན་སྦྱོར་བ་བཞི་སྟེ། དེ་ཉམས་སུ་བླངས་ནས་བླ་ན་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་སྐུ་ཡུམ་ཆེན་མོར་གྲགས་པ། སྐུ་གསུམ་མཛད་པ་དང་བཅས་པ་བདེ་བླག་ཏུ་བསྒྲུབ་པར་བྱའོ། །རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྒོམ་རིམ་བྱེ་བྲག་ཏུ་བསྟན་པ་སྐབས་གཉིས་པའི་འགྲེལ་བའོ།། །།སྐབས་གསུམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོམ་རིམ་རྒྱུད་གཙོ་བོར་བྱེད་པ་སྤྱིར་བསྟན་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུད་སྡེ་བཞི་ལས་དེང་སང་གཙོར་བྱེད་པ། །བླ་མེད་ལམ་ཀུན་རིམ་པ་གཉིས་སུ་འདུ། །གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞི་དང་དྲུག་སོགས་སུ་དབྱེ་བ་ཡོད་པ་ལས། དེང་སང་གངས་རིའི་ཁྲོད་ན་མཆོག་དམན་ཀུན་ནས་ཉམས་ལེན་གྱི་གཙོ་བོར་བྱེད་པ། རྣལ་འབྱོར་བླ་ན་མེད་པའི་ལམ་ཀུན་རིམ་པ་གཉིས་སུ་འདུ་བ་ཡིན་ཏེ། གསང་འདུས་རྒྱུད་ཕྱི་མ་ལས། རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང༌། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རིམ་གཉིས་སྤྱིའི་རྣམ་པར་གཞག་པ་དང༌། རིམ་གཉིས་སོ་སོའི་སྒོམ་དོན་ནོ། །དང་པོ་ལ་ལྔ། ངོ་བོ། ངེས་ཚིག་གྲངས་ངེས། གོ་རིམ། གྲོལ་བའི་རྒྱུ་མཚན་རྣམས་སོ། །དང་པོ་ནི། ཡིད་མྱུར་མཚན་རྟོག་ལས་སྐྱོབ་བསྐྱེད་རིམ་གྱི། །ངོ་བོ་ཁྱད་


LT08,P192B
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞི་ལྡན་ལྷ་ཡི་སྐུ། །རྫོགས་རིམ་ངོ་བོ་རླུང་སེམས་དབུ་མ་རུ། །ཞུགས་གནས་ཐིམ་པའི་ཡེ་ཤེས་རྒྱུ་འབྲས་བཅས། །ཐབས་ཁྱད་པར་ཅན་གྱིས་ཡིད་མཚན་རྟོག་ལས་མྱུར་ཏུ་སྐྱོབ་པར་བྱེད་པ་ནི་རིམ་གཉིས་ཀྱི་ངོ་བོ་ཡིན་ལ། བྱེ་བྲག་བསྐྱེད་རིམ་གྱི་ངོ་བོ་ནི། ངང་གི་དངོས་རྒྱུ་རྣམ་རྟོག་གི་རྩོལ་བ་ལས་བྱུང་བ། ངོ་བོ་སྣང་སྟོང་བདེ་བའི་ལྷ་སྐུ། ཁྱད་པར་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པར་བསྒོམ་པའོ། །བླ་མ་ས་སྐྱ་པ་ཆེན་པོས་ཁྱད་པར་བཞི་ལྡན་གྱི་ལྷ་སྐུར་གསུངས་ཏེ། ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་བསྐྱེད་ཆོག་དང་འབྲེལ་བ། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ། འབྲས་བུའི་ཁྱད་པར་རང་འབྲས་སྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེའི་རྣམ་པ་ཅན་ནོ། །རྫོགས་རིམ་གྱི་ངོ་བོ་ནི་དབུ་མར་རླུང་སེམས་ཞུགས་པ་དང་གནས་པ་དང་ཐིམ་པ་ལས་བྱུང་བའི་ཡེ་ཤེས་ཐུན་མོང་མ་ཡིན་པའི་རྒྱུ་འབྲས་དང་བཅས་པའོ། །གཉིས་པ་ངེས་ཚིག་ནི། སྒྲ་དོན་བརྟགས་བཅོས་ཡོངས་གྲུབ་རྣལ་མ་སྟེ། །བསྐྱེད་རིམ་གྱི་སྒྲ་དོན་ནི། ཨུཏྤཏྟི་ཞེས་པ་བཅོམ་མ་ལ་འཇུག་པས། རྣམ་རྟོག་གིས་བསྐྱེད་པ་དང༌། རྣམ་རྟོག་གིས་བཅོས་པའི་དོན་ཏེ། བརྟགས་པའི་རིམ་པ་དང་བཅོས་མའི་རྣལ་འབྱོར་ཞེས་ཀྱང་བཤད་དོ། །རྫོགས་པའི་སྐད་དོད། ནིཥྤནྣ་ནི་ཡོངས་སུ་གྲུབ་པའམ། རྣལ་མ་ལའང་འཇུག་པས། དངོས་གནས་ལ་ཡོངས་སུ་གྲུབ་པའམ། རྣལ་མའམ། རང་བཞིན་ལ་ཡོད་པའི་དོན་ཏེ། གསར་དུ་མ་བསྐྱེད་ཀྱང་སྔོན་ཉིད་ནས་རྫོགས་པར་གྲུབ་པའི་ཆོས་ཤིག་བསྒོམ་པའི་དོན་ནོ། །རིམ་པ་ནི་ལམ་གྱི་རིམ་པའོ། །བསྐྱེད་རིམ་ལ་བརྟགས་པའི་རིམ་པ་དང་བཅོས་མའི་རྣལ་འབྱོར། རྫོགས་རིམ་ལ་མ་བརྟགས་པའི་རིམ་པ་དང་རྣལ་མའི་རྣལ་འབྱོར་ཅེས་ཀྱང་ཟེར་རོ། །དེས་ན་ངོ་བོ་རྣམ་པར་རྟོག་པས་བཅོས་ཤིང་བརྟགས་


LT08,P193A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་འཁོར་དང་བཅས་པ་ནི་བསྐྱེད་རིམ་དང༌། རྣམ་རྟོག་གིས་གསར་དུ་མ་བཅོས་པར་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་ལམ་འཁོར་དང་བཅས་པ་ནི་རྫོགས་པའི་རིམ་པའོ། །བླ་མ་གོང་མ་འགའ་ཞིག་ཀླུ་སྒྲུབ་ཡབ་སྲས་སྦྱང་གཞི་ལས་མིང་འདོགས་ཏེ། བསྐྱེད་པ་སྐྱེ་བ་དང༌། རྫོགས་པ་འཆི་བ། རིམ་པ་དེ་གཉིས་སྦྱོང་བའི་ལམ་དུ་བཞེད། སེམས་འགྲེལ་བ་འབྲས་བུ་ལ་འདོགས་ཏེ། བསྐྱེད་པ་ཐུན་མོང་དང༌། རྫོགས་པ་མཆོག་གི་དངོས་གྲུབ། རིམ་པ་དེ་གཉིས་སྒྲུབ་བྱེད་ཀྱི་ཐབས་སུ་བཞེད་ཅེས་གསུངས་ཀྱང༌། ཕྱོགས་མཐུན་ཙམ་ལ་དགོངས་པ་ལས་སྒྲ་དོན་དང་མི་འབྲེལ་ཞིང༌། དེ་གཉིས་ཀྱི་དགོངས་པར་བཞག་དཀའོ་ཞེས་ཇོ་ནད་རྗེ་བཙུན་ཆེན་པོས་གསུངས་སོ། །གསུམ་པ་གྲངས་ངེས་ནི། གྲངས་ངེས་སྐྱེ་འཆི་དང་མཐུན་བགྲོད་བྱེད་ལམ། །སྤང་བྱ་སྡུག་བསྔལ་འབྲས་དང་ས་བོན་གཉིས། །ཐ་མལ་རྣམ་རྟོག་གྱ་ནོམ་ལྷར་ཞེན་དང༌། །ལམ་དུས་ལུས་དང་སེམས་ཀྱི་རྣལ་འབྱོར་ཏེ། །འབྲས་བུ་ཐུན་མོང་མཆོག་གི་ཕྱིར་ངེས་སོ། །རིམ་པ་གཅིག་ཏུ་མི་འདུ་ཞིང་གསུམ་ལ་སོགས་པ་མི་དགོས་པར་གཉིས་སུ་གྲངས་ངེས་པ་ཡིན་ཏེ། སྦྱང་གཞི་སེམས་ཅན་སྐྱེ་བའི་རིམ་པ་དང༌། འཆི་བའི་སྡུད་རིམ་གཉིས་དང་ཆོས་མཐུན་པའི་རྣལ་འབྱོར་གྱིས་བགྲོད་པར་བྱེད་པའི་ལམ་ཡིན་པ་དང༌། སྤང་བྱ་ཐ་མལ་སྣང་ཞེན་སྡུག་བསྔལ་གྱི་འབྲས་བུ་བཅས་འཕྲལ་དུ་མངོན་གྱུར་བ་འགོག་པ་དང༌། འཕྲལ་དུ་ས་བོན་ཀྱང་སྤོང་བ་གཉིས་དང༌། སྤང་བྱ་ལ་ཐ་མལ་དུ་ཞེན་པའི་རྣམ་རྟོག་དང་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཉིས་སྤོང་བར་བྱེད་པ་དང༌། གཞི་དུས་སྐྱེ་མཆེད་དྲུག་ལུས་དང་བདེ་བ་སེམས་སུ་སྣང་བ་ཡིན་པས་ལམ་དུས་སུ་བསྐྱེད་རིམ་ལུས་ཀྱི་རྣལ་འབྱོར་རྫོགས་རིམ་སེམས་ཀྱི་རྣལ་འབྱོར་གཉིས་དགོས་ཤིང༌། འབྲས་བུའི་རྫོགས་རིམ་གྲུབ་ནས་ཀྱང་རླུང་སེམས་ཙམ་གྱི་སྒྱུ་ལུས་


LT08,P193B
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོད་གསལ་སེམས་ཀྱི་རྣལ་འབྱོར་ཡིན་པ་དང༌། འབྲས་བུ་ལ་ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་སུ་ངེས་པ་སྟེ་དེ་སྒྲུབ་བྱེད་ཐབས་ཀྱི་ཕྱིར་རིམ་གཉིས་སུ་ངེས་ཏེ། གསང་འདུས་ཀྱི་རྒྱུད་ཕྱི་མ་ལས། །ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐུན་མོང་བ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་སོ། །བཞི་པ་གོ་རིམ་ནི། གོ་རིམ་ཤས་ཆེའི་དབང་གིས་བསྐྱེད་དང་རྫོགས། །མེ་ཏོག་དྲི་བཞིན་རྟེན་དང་བརྟེན་པ་སྟེ། །ཀོ་ཊ་པས་སྦྱངས་སཱ་ལུ་འདེབས་པ་བཞིན། །རྣམ་རྟོག་སྦྱངས་ནས་མི་རྟོག་པ་ལ་འཇུག །རྣལ་མ་སྐྱེས་ནས་བཅོས་མ་ཆེད་དུ་མིན། །སྣང་སྟོང་ཕྱོགས་རེར་མ་ཡིན་ཟུང་འཇུག་བསྒྲུབ། །རིམ་གཉིས་བསྒོམ་པའི་གོ་རིམ་ནི་དབང་པོའི་ཁྱད་པར་གྱིས་མཐའ་གཅིག་ཏུ་ངེས་པ་མེད་ཀྱང་ཤས་ཆེ་བའི་དབང་དུ་བྱས་ནས། ཐ་མལ་པའི་གང་ཟག་ཞིག་གིས་སྔགས་བླ་མེད་ཀྱི་གྲོལ་ལམ་ཉམས་སུ་ལེན་པའི་གོ་རིམ་ལ་དང་པོར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་སྒོམ་པ་ཡིན་ཏེ། རིམ་ལྔ་ལས། བསྐྱེད་པའི་རིམ་པར་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱི། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ། །དེའང་ཀླུ་སྒྲུབ་ཡབ་སྲས་སོགས་མང་པོས་དང་པོར་བསྐྱེད་རིམ་བརྟན་པར་བྱས་ནས་རྫོགས་རིམ་བསྒོམ་པར་བཤད་དེ། དེའི་དོན་ནི་སྔར་མ་སྦྱངས་པའི་དབང་པོ་བརྟུལ་པོ་དག་གིས་ཐེམ་སྐས་ལ་འཇོག་པ་ལྟར་རྣལ་འབྱོར་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་བསྐྱེད་དགོས་པ་ལ་དགོངས། གྲུབ་ཆེན་མཚོ་སྐྱེས་དང་མི་ཐུབ་ཟླ་བ་ལ་སོགས་པས་ཐུན་སྟོད་ལ་བསྐྱེད་རིམ་དང་ཐུན་སྨད་ལ་རྫོགས་རིམ་བསྒོམ་པར་བཤད་དེ། དེའི་དོན་ནི་ཅུང་ཟད་གོམས་པའམ་དབང་པོ་འབྲིང་པོས་གོམས་པ་འདོར་བ་ལྟར་རིམ་གཉིས་རེས་འཇོག་ཏུ་བསླབ་དགོས་པ་ལ་དགོངས། བོད་ཀྱི་བླ་མ་འགའ་ཞིག་ཐོག་མ་ཉིད་ནས་རིམ་གཉིས་ཅིག་


LT08,P194A
[མ་དཔེ་གཟིགས་ན་འདིར་གནོན།]

ཅར་དུ་བསྒོམ་པར་བཞེད་དེ། དེའི་དོན་རབ་ཏུ་གོམས་པའི་དབང་པོ་རྣོན་པོས་བྱ་འཕུར་བའི་ཚེ་གཤོག་པ་གཉིས་དུས་གཅིག་ཏུ་བརྐྱང་བ་ལྟར་རིམ་པ་གཉིས་ཟུང་འཇུག་ཏུ་བསྒོམ་ཆོག་པ་ལ་དགོངས་ཏེ། འོན་ཀྱང་གང་ཟག་རིམ་གྱིས་བ་གྲོལ་ལམ་ལ་སློབ་པ་ལ་ཐོག་མར་བསྐྱེད་རིམ་དང་དེ་ནས་རྫོགས་རིམ་ལ་བསླབ་དགོས་པར་བཞེད་པ་མཐུན་ནོ། །རྟེན་བརྟེན་པའི་ཆ་ནས་ཀྱང་བསྐྱེད་རིམ་སྔོན་དུ་འགྲོ་སྟེ། རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དོན་རྫོགས་རིམ་ཉིད་ཡིན་པས་བསྐྱེད་རིམ་གྱིས་ཅི་ཞིག་བྱ་ཞེས་ཞུས་པ་ལ། ཁྱོད་རྫོགས་རིམ་ལ་དད་པའི་ཤུགས་ཀྱིས་བསྐྱེད་རིམ་ལས་ཉམས་སོ་ཞེས་གསུངས་ནས་བསྐྱེད་རྫོགས་གཉིས་མེ་ཏོག་དང་མེ་ཏོག་གི་དྲི་བཞིན་དུ་རྟེན་དང་བརྟེན་པར་གསུངས་ཏེ། བརྟག་གཉིས་ལས། ལུས་ཀྱི་དངོས་མེད་གང་ལ་བདེ། །བདེ་བར་སྨྲ་བར་མི་ནུས་སོ། །ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་སོ། །དེའང་རྣམ་རྟོག་གི་རྒྱར་ཚུད་པའི་ཐ་མལ་གྱི་གང་ཟག་གིས་དང་པོ་ཉིད་ནས་རྣམ་པར་མི་རྟོག་པའི་རྫོགས་རིམ་ལ་སློབ་མི་ནུས་པས། དཔེར་ན་ཞིང་ས་སྦྱོང་བའི་དོན་དུ་ཀོ་ཊ་པ་བཏབ་ནས་སྦྱངས་ཟིན་པའི་ཞིང་ལ་སཱ་ལུའི་ས་བོན་འདེབས་པ་ལྟར་ཐོག་མར་སྤྲོས་བཅས་བསྐྱེད་པའི་རྣལ་འབྱོར་གྱིས་ཐ་མལ་གྱི་རྣམ་རྟོག་སྦྱང༌། རྣམ་རྟོག་གི་རང་བཞིན་ཤེས་ནས་སྤྲོས་མེད་རྣམ་པར་མི་རྟོག་པའི་རྫོགས་རིམ་བསྒོམ་པ་ལ་འཇུག་པ་རྡོ་རྗེ་སྙིང་འགྲེལ་ལས་གསུངས་སོ། །རྣལ་མའང་མ་བཅོས་པའི་རྫོགས་རིམ་གྱི་རྟོགས་པ་བརྟན་པོ་ཁྱད་པར་ཅན་མ་སྐྱེས་བར་དུ་དེ་སྐྱེ་བའི་ཕྱིར་ཀུན་བརྟགས་ཀྱི་བསྐྱེད་རིམ་བཅོས་མ་


LT08,P194B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་དགོས་ཀྱང༌། དེ་སྐྱེས་ནས་རྟོག་བཏགས་ཀྱི་བསྐྱེད་རིམ་ཙམ་པོ་པ་ལ་སོགས་པ་བཅོས་མའི་རྣལ་འབྱོར་དག་ཆེད་དུ་བསྒོམ་མི་དགོས་ཏེ། དཔེར་ན་ཆུ་བོའི་ཕ་རོལ་ཏུ་བགྲོད་བདེ་གཟིངས་ལ་བརྟེན་དགོས་ཀྱང་ཕ་རོལ་ཏུ་ཕྱིན་ནས་གཟིངས་ལ་བརྟེན་མི་དགོས་པ་ལྟར་རོ། །འོན་ཀྱང་བསྐྱེད་རིམ་དང་བྲལ་བའི་རྫོགས་རིམ་དང༌། རྫོགས་རིམ་དང་བྲལ་བའི་བསྐྱེད་རིམ་ཁོ་ནས་མཆོག་མི་ཐོབ་སྟེ་འབྲས་དུས་སུ་ཟུང་འཇུག་རྡོ་རྗེ་འཆང་འཐོབ་པར་བྱེད་པ་ལ་ལམ་དུས་སུ་སྣང་སྟོང་ཕྱོགས་རེར་མ་ཡིན་པར་བསྐྱེད་རྫོགས་ཟུང་འཇུག་ཏུ་སྒྲུབ་དགོས་ཏེ། བསྐྱེད་རིམ་ནི་ཟུང་འཇུག་སྒྲུབ་པའི་ཐབས་དང་རྫོགས་རིམ་ནི་དེའི་ཤེས་རབ་ཡིན་པས་དེ་གཉིས་ཟུང་འཇུག་ཏུ་བསྒོམ་དགོས་ཏེ། ལམ་སྒྲོན་ལས། ཤེས་རབ་བྲལ་བའི་ཐབས་དག་དང༌། །ཐབས་དང་བྲལ་བའི་ཤེས་རབ་ཀྱིས། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་བས་གཉིས་ཀ་སྤང་མི་བྱ། །ཞེས་སོ། །འོ་ན་རྫོགས་རིམ་ཁྱད་པར་ཅན་སྐྱེས་ནས་རྟོག་བརྟགས་ཀྱི་བསྐྱེད་རིམ་མི་དགོས་པ་དང་འགལ་ལམ་སྙམ་ན། དེའི་ཚེ་རྟོག་བརྟགས་ཁོ་ནའི་བསྐྱེད་རིམ་ཆེད་དུ་བསྒོམ་མི་དགོས་པ་ཡིན་གྱི། སྣང་ཕྱོགས་ལྷའི་འཁོར་ལོ་སྒྱུ་མ་ལྟ་བུའི་བསྐྱེད་རིམ་དུ་འཆད་པ་ནི་ངེས་པར་དགོས་སོ། །ལྔ་པ་དེས་གྲོལ་བའི་རྒྱུ་མཚན་ནི། རིགས་ཀྱི་དོན་དང་ཐབས་མཁས་ཁྱད་པར་དང༌། དག་གསུམ་རང་བཞིན་ཉིད་ཕྱིར་གྲོལ་བར་འཐད། །རིམ་གཉིས་སྒོམ་པས་གྲོལ་བའི་འཐད་པ་གསུམ་བླ་མ་སྔ་རབས་པ་རྣམས་གསུངས་ཏེ། དེ་ལ་དང་པོ་རིགས་ཀྱི་དོན་ནི། རྒྱུད་གསུམ་གཅིག་ལ་གཅིག་གིས་རྒྱས་བཏབ་པ་ཡིན་ཏེ། རྒྱུ་ལ་འབྲས་བུའི་རྒྱས་བཏབ་ཅིང༌། །འབྲས་བུ་ལ་ཡང་རྒྱུས་རྒྱས་བཏབ། །ཅེས་ཐམས་ཅད་གསང་བའི་རྒྱུད་དུ་གསུངས་ཏེ། གཞིའི་དུས་ན་རང་བཞིན་གྱི་རིགས་ཡོད་ལ། ལམ་གྱི་སེམས་རྒྱས་འགྱུར་གྱི་རིགས་ཏེ་འབྲས་བུ་གྲུབ་པ་ན་རིགས་ཀྱི་


LT08,P195A
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོར་འགྱུར་བ་ནི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཀ་ཚང་བས་འབྲས་བུ་མངོན་དུ་གྱུར་པའོ། །གཉིས་པ་ཐབས་མཁས་ཀྱི་ཁྱད་པར་ནི། འདི་ལྟར་ཐབས་ལ་མཁས་པས་ལོག་གནོན་གཉེན་པོར་ཆེ་བ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་དང༌། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །རྣམ་པར་ངེས་པས་སྦྱང་བར་བྱ། །ཞེས་དང༌། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་ཐ་མལ་གྱི་རྣམ་རྟོག་འགོག་པ་ལ་ལྷའི་རྣམ་རྟོག་གིས་ཤིན་ཏུ་འགྲུབ་པར་འགྱུར་ཏེ། །མི་གང་ལ་དགྲར་འཛིན་པའི་རྣམ་རྟོག་ལ་གཉེན་དུ་རྣམ་རྟོག་བྱས་ན་དེ་འཕྲལ་དུ་འགག་པ་ཙམ། གཞན་སྟོང་པར་སྒོམ་པ་སོགས་ལ་དཀའ་བ་ལྟ་བུའོ། །ཐ་མལ་གྱི་འདོད་ཆགས་ལ་བདེ་སྟོང་སྒོམ་པས་མྱུར་ཏུ་བཟློག་པ་ཙམ་སྟོང་ཉིད་རྐྱང་པ་སོགས་ལ་མི་འབྱུང་སྟེ། འདོད་ཆགས་ཆེད་དུ་བསྐྱེད་པ་སྟོང་པར་ཞེན་མེད་དུ་འབྱོངས་པས། ངང་གིས་འབྱུང་བའི་འདོད་ཆགས་ལ་ཞེན་མེད་འབྱོངས་པ་ཞོར་ལ་འབྱུང་བའི་ཕྱིར་རོ། །གསུམ་པ་དག་པ་གསུམ་གྱི་རང་བཞིན་ནི། །དང་པོའི་རྒྱས་བཤད་དེ། འདི་ལ། དེ་བཞིན་ཉིད་ཀྱི་དག་པ། ལྷ་སོ་སོའི་དག་པ། རང་རིག་པའི་དག་པ་གསུམ་ལས། དང་པོ་གཞིའི་དུས་སུ་ཆོས་ཐམས་ཅད་དེ་བཞིན་ཉིད་སྟོང་བས་དག་པས། བསྐྱེད་རྫོགས་སུ་སྟོང་པ་སྒོམ་པས་གྲོལ་བར་རིགས་ཏེ། དངོས་པོའི་གནས་ཚུལ་བསྒོམ་པའོ། །གཉིས་པ་བསྒོམ་གཞི་ཕུང་ཁམས་སོགས་ལྷའི་རིགས་ཡིན་པའི་ཕྱིར་སྒོམ་པས་མངོན་དུ་འགྱུར་བར་རིགས་པའོ། །གསུམ་པ་བླ་མ་གོང་མ་རྣམས་ལུས་ཞལ་ཕྱག་ཏུ་སྣང་བ་དེ་


LT08,P195B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སེམས་ཡིན་པས་རྫོགས་རིམ་གྱིས་མངོན་དུ་འགྱུར་རིགས་པར་བཞེད་དོ། །དེས་ན་རྒྱུ་མཚན་དེ་དག་ཉིད་ཀྱི་ཕྱིར་རྟོག་བཅས་དང་རྟོག་མེད་ཀྱི་སྒོམ་པས་གྲོལ་བར་འཐད་པའོ། །གཉིས་པ་རིམ་གཉིས་སོ་སོའི་སྒོམ་དོན་བཤད་པ་ལ་གཉིས། བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ་གསུམ། བསྐྱེད་རིམ་གྱི་ཡེ་ཤེས་ཇི་ལྟར་སྒྲུབ་པའི་ཚུལ། བསྐྱེད་བྱ་སྐྱེད་བྱེད་སྦྱང་གཞི་ལ་དཔྱད་པ། ཡེ་ཤེས་དེ་ལ་འཇུག་ཚུལ་གྱི་རིམ་པ་བཤད་པའོ། །དང་པོ་ནི། བསྐྱེད་རིམ་སྤང་བྱ་ཐ་མལ་སྣང་ཞེན་དང༌། །བདེན་འཛིན་རྣམ་པ་འགལ་བའི་གཉེན་པོ་ནི། །གསལ་སྣང་ང་རྒྱལ་སྒྱུ་མའི་འདུན་པའོ། །བསྐྱེད་རིམ་གྱི་ཡེ་ཤེས་སྒྲུབ་པའི་ཐོག་མར་སྤང་བྱ་ངོས་བཟུང་བ་ནི། རྡོ་རྗེ་གུར་ལས། ཐ་མལ་རྣམ་རྟོག་གཞོམ་དོན་དུ། །བསྒོམ་པ་ཡང་དག་རབ་བསྒྲགས་སོ། །ཞེས་གསུངས་པ་ལྟར། ཐ་མལ་དུ་སྣང་བ་དང་ཐ་མལ་དུ་ཞེན་པ་གཉིས་ཡིན་ལ། དེ་ལྷ་སྐུའི་སྣང་བ་དང་ལྷར་ཞེན་པའི་རྣལ་འབྱོར་སྒོམ་པས་སྣང་ཞེན་མངོན་གྱུར་བ་འཕྲལ་དུ་འགོག །དེའང་རང་བཞིན་མེད་པར་ཤེས་པས་ཐ་མལ་དང་ལྷའི་སྣང་བ་གཉིས་ཀར་བདེན་ཞེན་ཡང་འགགས་ཏེ། སྣང་ཞེན་བདེན་འཛིན་གསུམ་ལ་རང་རང་དང་རྣམ་པ་འགལ་བའི་གཉེན་པོ་ལ་འབད་པ་ཡིན་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ནི་རྒྱུ་ཉོན་མོངས་བཅོམ་པས་འབྲས་བུ་སྡུག་བསྔལ་འབྱུང་འགྱུར་འགོག་པ་ཙམ་ཡིན་ལ། འདིར་ནི་ཐོག་མར་སྡུག་བསྔལ་བདེན་པ་མ་དག་པའི་སྣང་བ་འདི་ཉིད་དག་པའི་དཀྱིལ་འཁོར་དུ་བསྒྱུར་ནས་སྡུག་བསྔལ་གྱི་སྣང་བ་འཕྲལ་དུ་འགོག་པ་ཡིན་ནོ། །དེས་ན་འདིར་ཐ་མལ་གྱི་རྣམ་པ་དང་འགལ་བའི་ལྷའི་རྣམ་པའི་གསལ་སྣང་དང༌། ཐ་མལ་མིའི་ང་རྒྱལ་ལྟ་བུ་དང་འགལ་བའི་ཧེ་རུ་ཀ་ལ་སོགས་པའི་ང་རྒྱལ་བྱེད་པ་དང༌། དེ་རྣམས་


LT08,P196A
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་འཛིན་དང་འགལ་བའི་སྒྱུ་མ་ལྟ་བུའི་འདུན་པ་སྟེ། དེ་དག་ལ་གསལ་སྣང་སྐྱེས་ན་འཕྲལ་དུ་དེ་རྣམས་འགག་ཅིང་གསལ་སྣང་ཡང་སྐྱེ་སླ་བ་ཡིན་ཏེ། ཆགས་ལྡན་གྱི་ཡིད་ཡུལ་དུ་བུད་མེད་ཀྱི་གསལ་སྣང་མཐོང་བ་བཞིན་ནོ། །རྣམ་འགྲེལ་ལས་ཀྱང༌། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་གོམས་ན་ཡང་དག་ཡིན་མིན་གཉིས་ཀའི་གསལ་སྣང་འབྱུང་བ་ཡིན་ནོ། །གཉིས་པ་ལ་གསུམ། བསྐྱེད་བྱའི་རྣམ་གྲངས་ལ་དཔྱད་པ། སྐྱེད་པ་པོའི་གང་ཟག་ལ་དཔྱད་པ། སྦྱང་གཞི་སྐྱེ་གནས་ཀྱི་རིམ་པ་ལ་དཔྱད་པའོ། །དང་པོ་ནི། རྣམ་གྲངས་སྦྱང་གཞིར་གྱུར་ལས་བསྐྱེད་སོགས་བརྒྱད། །བསྡུ་ན་གཞིར་གྱུར་གཞི་བསལ་གཉིས་སུ་འདུ། །སྐྱེད་ཚུལ་གྱི་རྣམ་གྲངས་རྒྱས་བསྡུས་མང་དུ་བཤད་ཀྱང༌། དབྱེ་ན་བརྒྱད། བསྡུ་ན་གཉིས་སུ་འདུ་བ་ཡིན་ཏེ། དང་པོ་བརྒྱད་དུ་དབྱེ་ན། སྦྱང་གཞིར་གྱུར་བ་ལས་བསྐྱེད་པ། སོགས་ཁོངས་ནས་ལྷག་པར་མོས་པ་ལས་བསྐྱེད་པ། ཆུ་ལ་ཉ་ལྡང་གིས་བསྐྱེད་པ། ས་བོན་མིང་ཙམ་གྱིས་བསྐྱེད་པ། སྙིང་པོ་སྔགས་ཙམ་གྱིས་བསྐྱེད་པ། ཆོ་ག་གསུམ་ཙམ་གྱིས་བསྐྱེད་པ། དེ་ལའང་གདན་བཅས་ལས་བསྐྱེད་པ། ཉི་ཟླ་ཟུང་བཅས་ལས་བསྐྱེད་པ་སྟེ་བརྒྱད་དོ། །དང་པོ་ནི། རྩ་ནང་གི་ཁམས་དང༌། དེ་དག་ཡོངས་སུ་གྱུར་པ་ལས་དཔའ་བོ་དང་དཔའ་མོ་བསྐྱེད་པ་ཡོད་པ་ལྟ་བུའོ། །གཉིས་པ་ལྷག་པར་མོས་པ་ལས་བསྐྱེད་པ་ནི། ཡིད་ལ་དྲན་པ་ཙམ་གྱིས་སྐད་ཅིག་ལ་རྫོགས་པར་གྲུབ་པར་སེམས་པ་སྟེ་རྒྱུ་མེད་འདོད་རྒྱལ་དུ་བྱུང་བར་བསྒོམ་པའོ། །འདི་ལ་སྐད་ཅིག་གིས་བསྐྱེད་པའང་ཟེར་རོ། །གསུམ་པ་ཆུ་ལ་


LT08,P196B
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་ལྡང་གིས་བསྐྱེད་པ་ནི། གཞལ་ཡས་ཁང་ངམ་གདན་གྱི་སྟེང་དུ་ཆུ་ལས་ཉ་འཕར་བའམ་ཆུ་བུར་རྡོལ་བ་བཞིན་དུ་བྱུང་བར་མོས་པའོ། །བཞི་པ་ས་བོན་མིང་ཙམ་གྱིས་བསྐྱེད་པ་ནི། ཨི་ལས་དོན་གྲུབ་ཅེས་སམ་ཏཱཾ་ལས་སྒྲོལ་མ་ཞེས་པ་ལྟ་བུའོ། །ལྔ་པ་སྙིང་པོ་སྔགས་ཙམ་གྱིས་བསྐྱེད་པ་ནི། ཨོཾ་ཨ་མོ་གྷ་སིདྡྷི་སྭཱ་ཧཱ། ཞེས་བརྗོད་པས་དོན་གྲུབ་ཀྱི་སྐུར་གྲུབ་པར་སེམས་པ་ལྟ་བུའོ། །དྲུག་པ་ཆོ་ག་གསུམ་ཙམ་གྱིས་བསྐྱེད་པ་ནི། ཨི་ལས་རལ་གྲི། དེ་ལས་དོན་གྲུབ་ཅེས་པ་ལྟ་བུའོ། །བདུན་པ་དེ་ལའང་གདན་བཅས་ལས་བསྐྱེད་བ་ནི། པད་ཟླའམ་པད་ཉི་ལ་ཆོ་ག་གསུམ་གྱིས་བསྐྱེད་པའོ། །བརྒྱད་པ་ཉི་ཟླ་ཟུང་བཅས་ལས་བསྐྱེད་པ་ནི། ཉི་ཟླ་ཁ་སྦྱོར་གྱི་དབུས་སུའམ་ཉི་ཟླའི་སྟེང་དུ་ས་བོན་ལས་བསྐྱེད་པའོ། །གཉིས་པ་དེ་བསྡུ་བ་ནི། ལྷ་བསྐྱེད་ཚུལ་བརྒྱད་པོ་དེ་དག་ཀྱང་བསྡུ་ན་གཞིར་གྱུར་པ་དང༌། གཞི་བསལ་བ་ཞེས་བྱ་བའི་སྐྱེད་ཚུལ་གཉིས་སུ་འདུ་སྟེ། དེའི་དང་པོ་ནི་བརྒྱད་ཀྱི་དང་པོ་དེ་ཉིད་དོ། །གཞི་བསལ་བ་ཞེས་པའང་སྦྱང་གཞི་སྟོང་ཉིད་ཀྱིས་བསལ་ནས་བསྐྱེད་པ་སྟེ་སྔར་གྱི་ལྷག་མ་བདུན་ཡིན་ལ། དེའང་བཞིར་འདུ་སྟེ། ཀྲོང་བསྐྱེད། ས་བོན་ཙམ་ལས་བསྐྱེད་པ། ཆོ་ག་གསུམ་བསྐྱེད། མངོན་བྱང་ལྔ་བསྐྱེད་དེ་རིམ་པ་བཞིན། བདུན་པོ་དེའི་གཉིས་དང༌། གཉིས་དང༌། གཉིས་དང༌། གཅིག་གིས་བསྟན་ཏོ། །གཉིས་པ་སྐྱེད་པ་པོའི་གང་ཟག་དཔྱད་པ་ལ་གཉིས། དབང་པོའི་རིམ་པའི་ཁྱད་པར་དང༌། ཡེ་ཤེས་བཞིར་ན་འཕོ་བའི་ཚུལ་ལོ། །དང་པོ་ནི། གང་ཟག་དབང་པོ་བརྟུལ་འབྲིང་རྣོན་པོ་གསུམ། །འོ་ན་ལྷ་བསྐྱེད་པའི་རྣམ་གྲངས་ཀྱི་རིམ་པ་འདི་རྣམས་ལ་རྣལ་འབྱོར་པའི་དབང་པོའི་རིམ་པ་ཡོད་དམ་མེད་ཅེ་ན། ཡོད་ཅེས་འདོད་དགོས་ཏེ། སྡོམ་འབྱུང་ལས། བསྐྱེད་པའི་རིམ་པའི་


LT08,P197A
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསྒོམ། །བརྟུལ་འབྲིང་དག་གིས་བསམ་པར་བྱ། །རྣོན་པོ་སྐད་ཅིག་རྣམ་པ་ཡིས། །སེམས་ཙམ་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་གསུངས་པས་སོ། །དེ་དག་གི་ཚིག་བཅད་དང་པོ་ནི་བསྐྱེད་རིམ་པའི་གང་ཟག་ལ་དབང་པོ་བརྟུལ་འབྲིང་རྣམ་གསུམ་ཡོད་པའི་དང་པོ་གཉིས་ཀྱིས་རིམ་གྱིས་བསྐྱེད་པ་དང༌། རྣོན་པོས་སྐད་ཅིག་གིས་ཀྲོང་སྐྱེད་བྱེད་པའི་དོན་ཏེ། རྐང་པ་ཐ་མ་གཉིས་ནི་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་རྫོགས་པའང་སྐད་ཅིག་གི་རྫོགས་པ་སྔ་མ་དང་འདྲ་ཞེས་པའོ། །ཡང་ན་རྣལ་འབྱོར་རྫོགས་ཕྲེང་དུ་གསུངས་པ་ལྟར་སྐད་ཅིག་གིས་བསྐྱེད་པ་ལ་ཟབ་མོ་བསྐྱེད་རིམ་མམ་མི་ཟབ་པའི་རྫོགས་རིམ་ཞེས་དབང་རྣོན་གྱི་ལྷའི་རྣལ་འབྱོར་གསུངས་པ་དང་སྦྱར་ཡང་རུང་ངོ༌། །གཉིས་པ་ནི། ལས་དང་པོ་དང་ཡེ་ཤེས་ཕེབ་པ་དང༌། །ཅུང་ཟད་དབང་དང་ཆེས་དབང་མཐར་ཐུག་སྟེ། །རྣལ་འབྱོར་བཞི་ཡི་རིམ་པ་གོང་འཕོར་འགྱུར། །དབང་པོ་དེ་དག་གང་ཡིན་ཀྱང་སྔར་སྨོས་པའི་བསྐྱེད་རིམ་གྱི་ཡེ་ཤེས་བསྒོམས་པས། ལས་དང་པོ་པ་དང༌། ཡེ་ཤེས་ཕེབ་པ་དང༌། ཡེ་ཤེས་ལ་ཅུང་ཟད་དབང་བ་དང༌། ཆེས་དབང་བ་སྟེ་རྣལ་འབྱོར་བཞིའི་རྟོགས་པ་གོང་ནས་གོང་དུ་ན་འཕོ་བར་འགྱུར་རོ། །དེ་ལ་དང་པོ་ནི། ཐོག་མར་བསྙེན་སྒྲུབ་ཡན་ལག་བཞིའི་རིམ་པས་བསྒོམ་པ་ནས་བརྩམས་སྟེ། རགས་པའི་ལྷ་རྣམས་ཅིག་ཅར་དུ་གསལ་མི་ཐེབས་ཤིང་རིམ་ཅན་གསལ་ཐེབས་པའི་བར་དུའོ། །གཉིས་པ་ནི། རགས་པའི་དཀྱིལ་འཁོར་ཅིག་ཅར་གསལ་ཐེབས་ནས་སྐྱེ་མཆེད་ཀྱི་ལྷ་ལ་སོགས་པ་རྣམས་ཅིག་ཅར་གསལ་མི་ཐེབས་པའི་བར་དུའོ། །གསུམ་པ་ནི། ཡེ་ཤེས་ལ་དབང་བ་ཞེས་ཀྱང་བྱ་སྟེ་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱང་ཅིག་ཅར་གསལ་ཐེབས་པ་ན་སྟེ། དེ་ཙམ་ཡན་ཆད་ནི་


LT08,P197B
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་རྐྱང་པས་འགྲུབ་པ་ཡོད་ལ། འདི་ཕན་ཆད་ནི་རྫོགས་རིམ་དང་མ་འབྲེལ་བ་ལ་མི་འབྱུང་སྟེ། ད་དུང་བསྐྱེད་རྫོགས་གཉིས་སྦྲགས་ཏེ་བསྒོམ་པས། ཕྲ་ཐིག་དབུས་སུ་དཀྱིལ་འཁོར་སྤྲོ་བསྡུ་ནུས་པ་དང༌། །ཐུན་དང་ཐུན་མཚམས་དབྱེ་བ་མེད་པར་འགྱུར་ཏེ། རྩོལ་བ་དང་བཅས་ན་ཉིན་མཚན་བྱེ་བྲག་མེད་པར་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་གནས་ལ། བསམ་གཏན་གྱི་ལས་ཚོགས་ཐོགས་པ་མེད་པར་མ་འགྲུབ་པ་ཚུན་ཆད་དུའོ། །བཞི་པ་ནི། ཡེ་ཤེས་ལ་ཡང་དག་པར་དབང་བ་ཞེས་ཀྱང་བྱ་སྟེ། སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་གྱི་གསལ་སྣང་རབ་འབྱམས་ཟད་མི་ཤེས་པ་འབྱུང་ཞིང༌། ཡིད་ལ་བསམ་པ་ཙམ་གྱིས་སེམས་ཅན་གྱི་དོན་མང་པོ་སྒྲུབ་ནུས་པ་ཡིན་ཏེ། བསྐྱེད་རིམ་ཉིད་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་མཐར་ཐུག་པ་དང༌། རྫོགས་རིམ་གྱི་ཡང་དྲོད་ཕན་ཆད་ཀྱི་རྟོགས་པ་རྫོགས་པར་སྐྱེས་པ་གཉིས་ཚང་དགོས་སོ། །གསུམ་པ་སྦྱང་གཞི་སྐྱེ་གནས་ཀྱི་རིམ་པ་ལ་དཔྱད་པ་ནི། ཞིང་དང་སེམས་ཅན་སྦྱོང་བའི་རིམ་པའི་ཕྱིར། །གཅིག་གིས་སྐྱེ་གནས་བཞི་ཆར་དག་པར་བྱེད། །བརྫུས་སྐྱེས་ཀྲོང་སྐྱེད་སྒོང་སྐྱེས་འཇིག་རྟེན་གཉིས། །མངལ་སྐྱེས་གཞན་པས་སྦྱོང་བ་འགྲེལ་ཆེན་ལུགས། །དེ་ལ་བསྐྱེད་པའི་རིམ་པ་ཞེས་པ་སྤྱིར་སྐྱེ་ཤི་བར་དོ་དང༌། ཁྱད་པར་སྐྱེ་བའི་སྲིད་པ་སྦྱོང་བ་ལ་འཆད་པ་ནི་མི་མཐུན་པ་མེད་ཅིང༌། སྐྱེ་སྲིད་ལའང་མངལ་སྐྱེས། སྒོང་སྐྱེས། བརྫུས་སྐྱེས། དྲོད་གཤེར་སྐྱེས་ཞེས་བྱ་བའི་རིགས་བཞི་ཡོད་པ་ལ། དེ་དག་སོ་སོའི་སྦྱོང་བྱེད་སོ་སོ་དགོས་པ་དང༌། གཅིག་སྦྱངས་པས་ལྷག་མ་དག་པར་འགྱུར་བའི་བཞེད་པ་གཉིས་སུ་མཆིས་ཤིང༌། དེའང་བསྐྱེད་རིམ་ཐམས་ཅད་སྣོད་བཅུད་སྦྱོང་བ་གཉིས་སུ་འདུས་པར་འདོད་དགོས་པས་དེའི་ཕྱིར་ཞིང་དང་སེམས་ཅན་སྦྱོང་བའི་རིམ་པ་འདི་གཉིས་ལ་བསླབ་ན་ཁྱབ་བྱེད་བཀག་པའི་ཚུལ་གྱིས་


LT08,P198A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་སྐྱེ་གནས་བཞི་ཆར་དག་པར་འགྱུར་རོ་ཞེས་བྱ་བར་ངེས་ཏེ། དེའང་བསྐྱེད་པའི་རིམ་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཞིང་དག་པའི་སྦྱོར་བ་ལ་བསླབ་པ་ཇི་ལྟ་བར་མ་དག་པའི་སྣོད་བཅུད་སྦྱོང་བྱེད་ཀྱི་རྣལ་འབྱོར་དུ་འགྱུར་བས་དེའི་ཕྱིར་ཁྱབ་བྱེད་བཀག་པར་འགྱུར་བ་ཡིན་ནོ། །ཞེས་རྗེ་ཕྲིན་ལས་པས་བཞེད་དོ། །རྫུས་སྐྱེས་སྐད་ཅིག་གིས་ཀྲོང་བསྐྱེད་དང༌། སྒོང་སྐྱེས་ཕྱིའི་འཇིག་རྟེན་ཁམས་ལན་གཉིས་བསྐྱེད་པས་དང༌། མངལ་སྐྱེས་དེ་ལས་གཞན་པ་རྒྱལ་མཆོག་གཉིས་ཀྱིས་ལྷ་གཙོ་འཁོར་བསྐྱེད་པས་སྦྱོང་བ་དུས་འཁོར་འགྲེལ་ཆེན་གྱི་ལུགས་ཏེ། སྒྲུབ་ལེ་ང་གཅིག་པའི་འགྲེལ་ཆེན་ལས། དེ་ལྟར་བསྐྱེད་པའི་རིམ་པ་གཉིས་ཏེ། གཅིག་ནི་མངལ་ནས་སྐྱེས་པ་དང༌། །གཉིས་པ་སྒོ་ང་ལས་སྐྱེས་པའོ། །གང་སྒོ་ང་ལས་སྐྱེས་པ་དེ་ནི་འཇིག་རྟེན་གྱི་ཁམས་བསྐྱེད་པ་སྟེ། ཚངས་པའི་སྒོ་ང་ཞེས་པའི་ཚིག་གི་ཕྱིར་རོ། །གང་མངལ་ནས་སྐྱེས་པ་དེ་ནི་མི་རྣམས་ཀྱང་བསྐྱེད་པའོ། །གང་ཟག་གཅིག་གི་ཡིན་པ་དེ་ནི་སེམས་ཅན་རྫུས་སྐྱེས་ལས་སྐྱེས་པའོ། །དེ་ནི་བསྐྱེད་པའི་རིམ་པ་གཅིག་སྟེ། སྐད་ཅིག་གི་རྣམ་པ་སེམས་ཅན་གྱི་བསམ་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་འབྱུང་ཞིང༌། རྒྱུད་རྣམས་དང་པཎ་གྲུབ་རྣམས་ཀྱིས་བཀྲལ་བའི་བཞེད་པ་ནི་དུ་མར་འབྱུང་ཡང་འདི་དག་སྙིང་པོར་གཟུང་བར་བྱའོ། །གསུམ་པ་ཡེ་ཤེས་དེ་ལ་འཇུག་ཚུལ་གྱི་རིམ་པ་བཤད་པ་ལ་གཉིས། མངོན་རྟོགས་ཀྱི་ཡན་ལག་དང༌། ཡན་ལག་དེ་ལྡན་གྱི་མངོན་རྟོགས་སོ། །དང་པོ་ལ་དྲུག་ཡན་ལག་གསུམ་གྱི་ཆིངས། ཡན་ལག་བཞིའི་ཆིངས། ཡན་ལག་དྲུག་གི་ཆིངས། ཡན་ལག་བརྒྱད་ཀྱི་ཆིངས། ཡན་ལག་བཅུ་གཉིས་ཀྱི་ཆིངས། དེ་ལས་གཞན་པའོ། །དང་པོ་གསུམ་གྱི་ཆིངས་ལ་གསུམ། ཏིང་ངེ་འཛིན། དབྱིངས་སྔགས་


LT08,P198B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གསུམ། རྣལ་འབྱོར་གསུམ་མོ། །དང་པོ་ནི། མངོན་རྟོགས་ཡན་ལག་ཏིང་འཛིན་གསུམ་གྱི་ཆིངས། །དང་སྦྱོར་ལས་དང་དཀྱིལ་འཁོར་རྒྱལ་པོ་མཆོག །རྡོར་ཕྲེང་ལུགས་ཏེ་ཡོ་ག་སྤྱི་ལ་ཁྱབ། །བསྐྱེད་རིམ་གྱི་མངོན་པར་རྟོགས་པའི་ཡན་ལག་ལ་རྒྱུད་དང་གྲུབ་ཆེན་སོ་སོའི་བཞེད་པས་མི་འདྲ་བ་མང་རུང༌། རྣལ་འབྱོར་ཆེན་པོའམ་ཐུན་མོང་གི་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ནི་བསྐྱེད་པའི་རིམ་པའི་ཡན་ལག་གི་གྲངས་ཀྱི་ཆིངས་ཏིང་ངེ་འཛིན་གསུམ་དུ་མཛད་དེ། དེ་ཉིད་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོའི་སྦྱོར་བ་མདོར་བསྡུས་པའོ། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་མཆོག་རྣལ་འབྱོར་ཆེ། །ཞེས་གསུངས་པ་ལྟར། དང་པོ་སྦྱོར་བའི་ཏིང་ངེ་འཛིན། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་གསུམ་མོ། །དེའང་རྒྱལ་མཆོག་གཉིས་ཀྱི་རྣལ་འབྱོར་རྣལ་འབྱོར་བཞི་ལ་བསྣན་པས་རྣལ་འབྱོར་དྲུག་ཏུ་འགྱུར་ནའང༌། དང་པོ་བཞི་དང་པོའི་སྦྱོར་བར་བསྡུས་པས་ཏིང་ངེ་འཛིན་ནམ་རྣལ་འབྱོར་གསུམ་ཞེས་བྱའོ། །འདི་གསུམ་ནི་སྒྲུབ་པའི་ཐབས་ཀྱི་དངོས་གཞིའི་ཆིངས་ཆེན་པོ་ཡིན་པས་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་ཆེན་པོའི་རྒྱུད་གཉིས་ཀ་ལས་འབྱུང་ཞིང༌། རྣལ་འབྱོར་ཆེན་པོའི་ཡང་ཕ་རྒྱུད་མ་རྒྱུད་གཉིས་ཀ་ལས་འབྱུང་ངོ༌། །དེ་ལ་དང་པོའི་སྦྱོར་བ་ནི་རང་དོན་དང་རྒྱལ་མཆོག་གཉིས་ནི་གཞན་དོན་གཙོ་ཆེ་བའི་སྒོམ་རིམ་མོ། །ཞེས་པ་ཙམ་གྱི་བཤད་པ་ལ་ནི་ཐམས་ཅད་འདྲ་བར་སྣང་སྟེ། དེའང་ཐོག་མར་བདག་ཉིད་ཀྱི་བྱང་ཆུབ་རྫོགས་པར་བྱས་ལ་དེ་ནས་གཞན་དོན་ལ་སྦྱོར་བའི་རིམ་པའོ། །ཞེས་དགོངས་པར་ཟད་དོ། །ཏིང་ངེ་འཛིན་གསུམ་པོ་ལ་ས་མཚམས་འབྱེད་ཚུལ་མི་འདྲ་བ་མང་བས་འདིར་མ་སྤྲོས་ལ། དེ་གསུམ་གྱི་དོན་ཀྱང༌། ལུས་ལ་མཚོན་ན་དཀྱིལ་འཁོར་བའི་ལྷ་


LT08,P199A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་པོ་གཙོ་བོ་ཡབ་ཡུམ་གྱི་ཏིང་ངེ་འཛིན་དེ་ལྷག་མ་གཉིས་ཀྱི་ཐོག་མར་བྱུང་བས་དང་པོ་དང༌། ཐབས་ཤེས་གཉིས་མེད་དུ་སྦྱོར་བས་སྦྱོར་བའོ། །འདི་ཡང་གཙོ་བོར་སྨོས་ཀྱི་རྟེན་བསྐྱེད་པ་ནས་ཡབ་ཡུམ་བསྐྱེད་པའི་བར་ཐམས་ཅད་བསྡུས་སོ། །དེ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ལས་སྤྲུལ་པའི་དཀྱིལ་འཁོར་པའི་ལྷ་རྫོགས་ནས་རང་གནས་སུ་བཀོད་པ་ནི་དཀྱིལ་འཁོར་ལ་དགོད་བྱའི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་དཀྱིལ་འཁོར་རྒྱལ་པོ་མཆོག་གོ །དེའི་འོག་ཏུ་ལྷ་རྣམས་ཀྱིས་ཞིང་སྦྱོང་བ་སོགས་ཀྱི་མཛད་པ་ནི་སངས་རྒྱས་ཀྱི་མཛད་པ་དང་མཐུན་པས་ལས་ཀྱི་རྒྱལ་པོ་མཆོག་གོ །འདི་ནི་གོང་སྨོས་ལྟར་རྡོར་ཕྲེང་གི་ལུགས་ཏེ་ཡོ་ག་ཕྱི་ནང་སྤྱི་ལ་ཁྱབ་པའི་ཆིངས་ཆེན་པོའོ། །གཉིས་པ་ནི། སྒྱུ་མ་ཆེན་མོར་དབྱིབས་སྔགས་ཆོས་གསུམ་གསུངས། །སྒྱུ་མ་ཆེན་མོའི་རྒྱུད་སོགས་སུ་དབྱིབས་སྔགས་ཆོས་གསུམ་དུ་གསུངས་པ་ལའང་ལམ་དང་འབྲས་བུ་གཉིས། ལམ་ལའང་བསྐྱེད་རྫོགས་གཉིས་སུ་ཡོད་པའི་སྔ་མའི་སྐབས་སུ་གཙོ་བོའི་སྐུ་རྫོགས་པ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་བར་དབྱིབས་ཀྱི་རྣལ་འབྱོར། ལས་རྒྱ་ལ་མཆོག་ནི་སྔགས་ཀྱི་རྣལ་འབྱོར། ཕྲ་ཐིག་ལ་སོགས་པ་ནི་ཆོས་ཀྱི་རྣལ་འབྱོར་རོ། །ཡང་ན། བསྐྱེད་པ་དབྱིབས། བཟླས་པ་སྔགས། འོད་གསལ་འཇུག་ལྡང་ཆོས་ཀྱི་རྣལ་འབྱོར་དུ་བཞེད་པའང་ཡིན་ནོ། །གསུམ་པ་ནི། གཞན་དུ་བྱིན་རླབས་ཡོངས་བརྟགས་གཟུགས་བརྙན་རྫོགས། །གཞན་ཁ་ཅིག་ཏུ་རྣལ་འབྱོར་གཞན་གསུམ་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་དཔལ་སྒྱུ་འཕྲུལ་དྲྭ་བའི་ལུང་སྒྲོན་གསལ་དུ་དྲངས་པ། རྣལ་འབྱོར་གསུམ་དུ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡོངས་བརྟགས་དང༌། །གཟུགས་ཉིད་ཡོངས་སུ་རྫོགས་པ་སྟེ། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་


LT08,P199B
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས། །སྔགས་ཀྱིས་བྱིན་བརླབས་ང་རྒྱལ་བསྐྱེད། །རྣལ་འབྱོར་བྱིན་རླབས་ཡིན་པར་གསུངས། །བྱང་ཆུབ་སེམས་ནི་དག་པ་དང༌། །གསང་སྔགས་ས་བོན་སྐྱེ་བ་ཆེ། །ཕྱག་རྒྱའི་ཚོགས་སུ་བརྟགས་པ་ཡི། །རིམ་གྱིས་གཟུགས་ནི་རྫོགས་བྱས་པ། །དེ་ནི་བརྟགས་པར་བརྗོད་པ་སྟེ། །རྣལ་འབྱོར་ཆོ་ག་ཡིན་པར་གསུངས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡུད་ཀྱིས་ཡེ་ཤེས་རྫོགས་པ་ནི། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་ཡོངས་སུ་བརྟགས་པའི་རྣལ་འབྱོར་དང༌། བྱིན་གྱིས་བརླབས་པའི་རྣལ་འབྱོར་དང༌། ཡོངས་སུ་རྫོགས་པའི་རྣལ་འབྱོར་ཏེ་གསུམ་མོ། །དང་པོ་ནི། སྟོང་པའི་ངང་ལས་ས་བོན་ཕྱག་མཚན་ལ་སོགས་པའི་རིམ་པས་ཞལ་ཕྱག་ཅན་གྱི་ལྷ་སྐུ་རྫོགས་པར་བསྐྱེད་པ་ནི་བསྐྱེད་རིམ་གྱི་ལྷའི་རྣལ་འབྱོར་དངོས་དང༌། ཡིག་འབྲུ་ཐིག་ལེ་འོད་ཟེར་སྤྲོ་བསྡུ་སོགས་ལ་དམིགས་པའི་མཚན་བཅས་ཀྱི་རྫོགས་རིམ་དུ་གྲགས་པ་རྣམས་ཀྱང་བདེ་བ་བསྐྱེད་པའི་ཆ་ནས་ལྷའི་རྣལ་འབྱོར་རོ། །གཉིས་པ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ནི། སྔགས་བདེ་སྟོང་གིས་བྱིན་གྱིས་བརླབས་པ་ལས་སྐད་ཅིག་གིས་བསྐྱེད་པ་ཞལ་ཕྱག་ཅན་གྱི་ལྷ་ལུས་དབེན་དང༌། རླུང་སྔགས་དབྱེར་མེད་དང༌། སེམས་དབེན་གྱི་བདེ་བ་སོགས་མ་བརྟགས་པར་སྐད་ཅིག་སྐད་ཅིག་ལ་གྲུབ་པ་ཞལ་ཕྱག་སྤངས་པའོ། །གསུམ་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི། ཞལ་ཕྱག་དང་ལྡན་པ་སྒྱུ་ལུས་ཟུང་འཇུག་དང༌། ཞལ་ཕྱག་སྤངས་པ་འོད་གསལ་བདེ་ཆེན་ཏེ་རིམ་པ་ལྔའནག་འདིར་བསྡུས་ཤིང་དེ་ཉིད་བསྐྱེད་རིམ་ཁོ་ན་ལ་སྦྱོར་ཚུལ་ནི་ཤེས་སླའོ། །གཉིས་པ་ཡན་ལག་བཞིའི་ཆིངས་བཤད་པ་ལ་བཞི། སྒྱུ་དྲྭའི་ལུགས། འདུས་པའི་ལུགས། གཤེད་སྐོར་ལུགས། ར་ལིའི་


LT08,P200A
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སོ། །དང་པོ་ནི། སྐད་ཅིག་མ་དང་རྣམ་ལྔ་རྣམ་ཉི་ཤུ། །སྒྱུ་འཕྲུལ་དྲྭ་བས་མངོན་བྱང་ཆུབ་པ་བཞི། །རྒྱུད་གསུམ་སྤྱིར་ཁྱབ་བྱེ་བྲག་རྣམ་ལྔས་ཆུབ། །ཐ་སྙད་སྦྱོར་མང་འདི་དག་སྒྱུ་དྲྭའི་ལུགས། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་མངོན་པར་བྱང་ཆུབ་པའི་ཡན་ལག་བཞིར་གསུངས་ཏེ། སྐད་ཅིག་མས་མངོན་པར་བྱང་ཆུབ་པ། རྣམ་པ་ལྔས་མངོན་པར་བྱང་ཆུབ་པ། རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ། སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་བཞི་ནི་རྒྱུད་གསུམ་སྤྱི་ལ་ཁྱབ་པའི་ཆིངས་ཆེན་པོ་སྟེ། གཞི་དུས། ལམ་དུས། འབྲས་དུས་གསུམ་ལ་བཞི་བཞིར་དབྱེ་བའི་བཅུ་གཉིས་སུ་ཡོད་པ་ལས། འདིར་ལམ་དུས་བསྐྱེད་རྫོགས་གཉིས་ལས་སྔ་མ་ལའང་མངོན་རྟོགས་རྒྱུན་གཅིག་པའི་དབང་དུ་བྱས་པ་དང༌། ཆོ་གའི་རིམ་པ་ཐ་དད་ཀྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ལྟར་ན། སྟོང་པ་ཉིད་དང༌། མངོན་བྱང་ལྷག་མ་རྣམས་ཀྱིས་སྐུ་རྫོགས་པ་དང༌། ཞུ་བ་གླུས་བསྐུལ་ནས་ཡེ་ཤེས་ལ་རོ་མཉམ་གྱི་བར་དང༌། ཕྲ་ཐིག་གི་རྣལ་འབྱོར་རྣམས་དང་སྦྱོར་ཞིང༌། དེ་ལས་གསུམ་གོ་སླ་ལ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་འབྲེལ་བ་ནི། གསུམ་པ་དེ་བྱིས་པ་བཙས་ནས་སྲོག་ལ་སོགས་པའི་རླུང་བཅུ་དང་དཀྱིལ་འཁོར་བཅུའི་རླུང་སྐྱེ་བའི་གྲངས་དང་སྦྱོར་བ་ཡིན་ནོ། །གཉིས་པ་ལྟར་ན། བཞི་པོ་དེ་དག་རེ་རེས་ཀྱང་མངོན་པར་རྟོགས་པའི་ཚུལ་རྫོགས་པའི་རྣམ་གཞག་མང་དུ་ཡོད་པས་དེའི་དབང་དུ་བྱས་ན་དང་པོ་སྐད་ཅིག་གིས་བྱང་ཆུབ་པ་ནི་སློབ་དཔོན་ཨ་བྷ་ཡས་དབང་པོ་རྣོན་པོའི་དབང་དུ་བྱས་ནས་ལྷ་ཐམས་ཅད་ཀྲོང་སྐྱེད་ཀྱི་རྣམ་པས་སམ་རྫོགས་པའི་རྣལ་འབྱོར་གྱིས་སྐྱེད་ཆོག་མཛད་པ་ལྟ་བུའོ། །རྣམ་པ་ལྔས་བྱང་ཆུབ་པ་ནི་ཀྱཻ་རྡོར་བརྟག་པ་དང་པོའི་ལེའུ་བརྒྱད་པར་རྣལ་འབྱོར་མའི་འཁོར་ལོའི་


LT08,P200B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་གསུངས་པ་ལྟ་བུའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི། བརྟག་པ་ཕྱི་མའི་ལེའུ་ལྔ་པར་ཞུ་བ་གླུས་བསྐུལ་གྱི་རིམ་པས་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་གསུངས་པ་ལྟ་བུ་སྟེ། འདི་ལ་ཉི་ཤུ་ཞེས་པའང་སེམས་འགྲེལ་ལྟར་ན་སྔར་བཤད་པ་ལྟ་བུ་དང༌། འགྲེལ་བ་གཞན་ལྟར་ན་བསྐྱེད་རྒྱུའི་ཆོས་བཅུ། བསྐྱེད་པའི་ཆོས་བཅུ་ཞེས་འཆད་དོ། །སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པ་ནི་རྣལ་འབྱོར་པའི་དགོངས་པ་རབ་ཏུ་གྱུར་པའི་མཐུས་གདུལ་བྱ་གཞན་སྣང་དུ་དཀྱིལ་འཁོར་སྤྲུལ་སྒྱུར་ནུས་པ་ལྟ་བུའོ། །དེ་ལྟར་བྱང་ཆུབ་པ་བཞིའི་ནང་ནས་རྣམ་ལྔས་བྱང་ཆུབ་པ་འདི་ནི་བྱེ་བྲག་ཏུ་ཤེས་དགོས་ཏེ། རྣལ་འབྱོར་རྒྱུད་ལན་དུ་འདིའི་ཐ་སྙད་སྦྱོར་བ་མང་དུ་འབྱུང་བས་སོ། །དེ་ཡང་འདི་ལྟར་མཐོང་སྟེ། འཇམ་དཔལ་གསང་ལྡན་རྩ་འགྲེལ་དང་བཅས་པའི་མངོན་བྱང་ལྔ་ལ་མེ་ལོང་ལྟ་བུ་སོགས་ཡེ་ཤེས་ལྔའི་མཚན་ཉིད་བཤད་ནས། དེ་དག་སོ་སོའི་དམིགས་རྣམ་ལྟར་རིམ་གྱིས་གསལ་བཏབ་སྟེ་མོས་པ་ཡིད་བྱེད་ཀྱིས་སྒོམ་པ་གསུངས་ལ། རྣལ་འབྱོར་རྒྱུད་དེ་ཉིད་འདུས་པར་སྔགས་ལྔ་དང་སྦྱར་ཏེ། སེམས་སོ་སོར་རྟོག་པ་དང༌། སེམས་བསྐྱེད་པ་དང༌། བརྟན་པའི་རྡོ་རྗེ་དང༌། རྡོ་རྗེ་བདག་ཉིད་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟ་བ་ཞེས་བྱ་བའི་བྱང་ཆུབ་པ་ལྔས་ཡེ་ཤེས་ལྔ་ཡིད་ལ་བྱེད་པར་གསུངས་པ་བཞིན་རྡོ་རྗེ་རྩེ་མོ་ལས་ཀྱང་འབྱུང་བ་དང༌། རྡོ་རྗེ་མཁའ་འགྲོ་དང་སཾ་ཊ་ལས་ཀྱང་སྔགས་ལྔ་པོ་སྔ་མ་ཇི་ལྟ་བ་ལ་སྔགས་དོན་སྒོམ་ཚུལ་ཅུང་ཟད་མི་འདྲ་བ་ཞིག་གསུངས་ཤིང༌། འདུས་པ་འཕགས་ལུགས་པ་རྣམས་ཀྱིས། དང་པོའི་མགོན་པོ་བསྐྱེད་པ་ལ། དེ་བཞིན་ཉིད། ཟླ་བ། ས་བོན། ཕྱག་མཚན། སྐུ་རྫོགས་པ་ལྔ་ལས་བྱང་ཆུབ་པ་ཞེས་བྱ་བའི་ཐ་སྙད་མཛད། བདེ་མཆོག་ལཱུ་ཡི་པར། ཟླ་བ་དཀར་དམར་ལ་དབྱངས་གསལ་ཤར་བའི་དཀར་ཆ་དང་དབྱངས་


LT08,P201A
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་ལྟ་བུ་དམར་ཆ་དང་གསལ་བྱེད་མཉམ་ཉིད། ཧཱུྃ་ཡིག་རྒྱུ་རྡོ་རྗེ་འཛིན་པ་སོར་རྟོག་དེ་སྤྲོ་བསྡུ་བྱ་གྲུབ། སྐད་ཅིག་གིས་རྟེན་བརྟེན་པ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཞེས་འཆད་དོ། །ཀྱཻ་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་སྔ་མ་རྣམས་ལས་རྣམ་གཞག་ཐ་དད་པ་གསུངས་སོ། །དུས་འཁོར་ལུགས་སུ་ཟླ་བ་དབྱངས་ལྡན་མེ་ལོང༌། ཉི་མ་གསལ་བྱེད་དང་ལྡན་པ་མཉམ་ཉིད། དྲི་ཟའི་སེམས་ཅན་ཧཱུྃ་ཡིག་སོར་རྟོག །དེ་སོགས་གཅིག་འདྲེས་སྲོག་རླུང་ཧི་ཡིག་དང་ལྡན་པ་བྱ་གྲུབ། དེ་ལས་སྐུ་རྫོགས་པ་རྣམ་ཤེས་ཧཾ་ཡིག་དང་ལྡན་པ་ཆོས་དབྱིངས་ཡེ་ཤེས་ཏེ་མི་བསྐྱོད་པའི་ངོ་བོར་རྫོགས་ལ། དེ་ཡང་ནང་དུ་ཆོས་དབྱིངས་ཡེ་ཤེས་ཉིད་ལ་ཆར་ཕྱེ་བས་ཡེ་ཤེས་ལྔར་འགྱུར་བའི་ཕྱིར་ཕྱི་རོལ་ཏུ་དཀྱིལ་འཁོར་ལ་མི་བསྐྱོད་པ་འོད་ཟེར་ལྔ་འགྱེད་པའོ། །ཞེས་པ་ཙམ་ཞིག་ནི་གཞུང་འདིར་ཕལ་མོ་ཆེས་བཞེད་པ་མཐུན་པར་གནས་ལ་དེ་ལྟར་ན་འདིའི་མངོན་བྱང་ལྔ་ཀྱཻ་རྡོར་དང་མཐུན་ཤས་ཆེའོ། །དེ་དོན་ཅུང་ཟད་བཤད་ན་སྦྱང་གཞི་ནི་ལྔ་སྟེ། ཁུ་བ་དང༌། རྡུལ་དང༌། དྲི་ཟ་དང༌། སྲོག་རླུང་དང༌། རྣམ་ཤེས་སོ། །དེའང༌། སྙིང་འགྲེལ་ལས། ས་བོན་རྡུལ་དང་སྔགས་དག་དང༌། །སྲོག་དང་རྣམ་པར་ཤེས་ཉིད་དེ། །ལྔ་ཡིས་ལུས་པོ་རྫོགས་འགྱུར་ཞིང༌། །གཟུགས་རྫོགས་པ་ནི་བརྗོད་པའོ། །ཞེས་གསུངས་པ་ལྟར་རོ། །སྦྱོང་བྱེད་ཀྱང་ལྔ་སྟེ། ཟླ་ཉི་ཧཱུྃ་ཧི་ཧཾ་གི་རྣམ་པ་ལྔའོ། །སྦྱང་འབྲས་ཀྱང་ལྔར་འགྱུར་ཏེ། ཡེ་ཤེས་ལྔའམ་རྒྱལ་བ་ལྔའོ། །དེའང་གསུམ་


LT08,P201B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདུ་སྟེ། ཁུ་ཟླ་སྐུ་རྡོ་རྗེ་རྣམ་སྣང་ངོ༌། །རྡུལ་ཉི་གསུང་རྡོ་རྗེ་རིན་འབྱུང་ངོ༌། །དྲི་ཟ་དང་ཧཱུྃ་ཡིག་ནི་ཐུགས་རྡོ་རྗེ་མི་བསྐྱོད་པའོ། །དེ་ལྟར་ན་འདི་དག་ནི་སྒྱུ་འཕྲུལ་དྲྭ་བའི་ལུགས་ལས་འཕྲོས་པའོ། །གཉིས་པ་འདུས་པའི་ལུགས་ནི། བསྙེན་དང་ཉེར་སྒྲུབ་སྒྲུབ་དང་སྒྲུབ་པ་ཆེ། །ཡན་ལག་བཞི་པོ་འདུས་པ་ལུགས་གཉིས་ཆིངས། །འདུས་པའི་རྒྱུད་ཕྱི་མ་ལས། རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །རྣལ་འབྱོར་པ་ཡིས་རྟག་པར་བསྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །གཉིས་པ་ཉེ་བར་སྒྲུབ་པ་ཡིན། །སྒྲུབ་པ་ཡང་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་རྣལ་འབྱོར་ཐམས་ཅད་ཡན་ལག་བཞི་པོ་འདིར་འདུས་པར་གསུངས་ཤིང༌། ཡང་དེ་ཉིད་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འགྱུར། །ཐ་མལ་པ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་གསུངས་པ་ལྟར་ཐུན་མོང་བ་བསྐྱེད་རིམ་པའི་བསྙེན་སྒྲུབ་བཞི་དང༌། མཆོག་ཡན་ལག་དྲུག་ལ་བསྙེན་སྒྲུབ་བཞིར་བཞག་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱ་བའི་གཙོ་བོ་ཡིན་པས་རྣལ་འབྱོར་པ་ཡིས་རྟག་པར་བསྔགས་ཞེས་གསུངས་ལ། འདིར་སྔ་མའི་དབང་དུ་བྱས་པའི་ཡན་ལག་བཞི་པོ་ལའང་འདུས་པ་ལུགས་གཉིས་སུ་སྦྱོར་ཚུལ་སོ་སོར་འབྱུང་སྟེ། འཕགས་ལུགས་པ་ནི་བསྙེན་པའི་ཡན་ལག་མངོན་བྱང་དང་པོ་ཡན་ཆད་དེ། ཡུལ་སྟོང་ཉིད་ལ་ཡུལ་ཅན་ཡེ་ཤེས་བསྙེན་པར་བྱེད་པའི་ཕྱིར། བྱང་ཆུབ་མཆོག་སྟོང་ཉིད་ལ་དམིགས་པའོ། །ཉེར་སྒྲུབ་ནི། དེ་ནས་ལུས་དཀྱིལ་རྫོགས་ཀྱི་བར་ཏེ། ཡེ་ཤེས་ཀྱི་ལོངས་སྤྱོད་སྐུ་ལ་ཁད་ཉེ་བའི་སྔགས་ཀྱི་ལོངས་སྐུ་སྒྲུབ་པ་ཡིན་ཞིང་ལྷའི་སྐྱེ་མཆེད་སྒྲུབ་པའི་ཕྱིར་རོ། །དེ་ནས་རྗེས་ཆགས་ཀྱི་བར་ནི་སྒྲུབ་པའི་ཡན་ལག་སྟེ། རང་གི་སྒོ་གསུམ་དང་སྔགས་ཀྱི་བདག་པོ་སངས་རྒྱས་རྣམས་


LT08,P202A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེ་གསུམ་གཅིག་ཏུ་སྒྲུབ་པའི་ཕྱིར་རོ། །སྒྲུབ་ཆེན་ནི་མཆོད་པ་ནས་ཉེར་བསྡུའི་བར་ཏེ། གཞན་དོན་རྒྱ་ཆེན་པོ་སྒྲུབ་པར་བྱེད་པ་དང་རང་སྔགས་སེམས་དཔའ་གསུམ་དང་རིགས་བདག་དབུ་བརྒྱན་པའི་བྱ་བ་བྱེད་པའི་ཕྱིར་རོ། །ལས་དང་པོ་པའི་དངོས་གྲུབ་སྒྲུབ་ཚུལ་དང་སྦྱོར་ན། དེ་ལྟ་བུའི་བསྙེན་སྒྲུབ་ཡན་ལག་བཞི་ཀར་བསྙེན་པའི་ཡན་ལག་དང༌། ལེའུ་བཅུ་པ་ལས་གསུངས་པ་ལྟར་སྤྱོད་པ་ལ་བརྟེན་ནས་སྙིང་པོ་བསྐུལ་བ་ནི་ཉེར་སྒྲུབ་ཀྱི་ཡན་ལག་དང༌། བསྐྱེད་རིམ་པའི་སྤྱོད་པ་དང་དྲག་ཤུལ་སྦྱོར་བ་ནི་སྒྲུབ་པའི་ཡན་ལག་དང༌། ཞི་སོགས་ཀྱི་ལས་དང་དངོས་གྲུབ་ཀྱི་སྦྱོར་བ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ །ཡེ་ཤེས་ཞབས་ལུགས་ལྟར་ན། བསྙེན་སྒྲུབ་ཡན་ལག་སྐོར་གསུམ་སྟེ་བཅུ་གཉིས་ལས། ཆུང་ངུ་སྐོར་བཞི་ནི། རྒྱུ་རྡོ་རྗེ་འཛིན་པར་བསྐྱེད། མངལ་དུ་དཀྱིལ་འཁོར་བསྐྱེད་ནས་སེམས་ཅན་ལ་སྙིང་རྗེའི་དབང་བསྐུར་བྱས་ཏེ། བར་སྲིད་ཞུགས་པའི་རྐྱེན་གྱིས་ཞུ་བ་ལྷ་མོ་བཞིས་གླུས་བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ནས་བྱང་ཆུབ་མཆོག་གི་ང་རྒྱལ་གྱིས་སྔགས་འདོན་པ་ཡན་ཆད་དངོས་གཞི་སྟེ་བསྙེན་པའོ། །སྐྱེ་མཆེད་བྱིན་གྱིས་བརླབས་པ་ནི་ཉེར་སྒྲུབ་བོ། །དེ་རྣམས་ཐམས་ཅད་ཀྱི་བདག་པོ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱིས་སྒོ་གསུམ་བྱིན་གྱིས་བརླབས་ཏེ་ཡེ་ཤེས་པ་བསྟིམས་པ་ནི་སྒྲུབ་པའོ། །རང་འདྲའི་རྡོ་རྗེ་སེམས་དཔའ་སྟེ་སེམས་དཔའ་སུམ་བརྩེགས་དང་དབང་བསྐུར་ཏེ་རིགས་བདག་གི་རྒྱས་འདེབས་པ་ནི་སྒྲུབ་པ་ཆེན་པོའོ། །བར་པ་སྐོར་བཞི་ནི། ཡུམ་ལ་དེ་བཞིན་དུ་ཡན་ལག་བཞི་རྫོགས་པར་བསྐྱེད་པའོ། །ཆེན་པོ་སྐོར་བཞི་ནི། དཀྱིལ་འཁོར་རྒྱལ་མཆོག་སྟེ་ཡུམ་གྱི་མཁའ་ནང་དུ་དཀྱིལ་འཁོར་བསྐྱེད། ཕྱིར་སྤྲོས་པ་ལ་ཡན་ལག་བཞི་རྫོགས་པར་བྱ་བ་སྟེ། །འཁོར་ལ་ལྟོས་པའོ། །དེས་


LT08,P202B
[མ་དཔེ་གཟིགས་ན་འདིར་གནོན།]

ན་དམ་ཚིག་པ་བསྐྱེད་པ་བསྙེན་པ། སྐྱེ་མཆེད་བྱིན་གྱིས་བརླབས་པ་ཉེར་སྒྲུབ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྒྲུབ་པ། དབང་བསྐུར་རྒྱས་བཏབ་སྒྲུབ་པ་ཆེན་པོའོ། །བསྐྱེད་རིམ་པའི་བསྙེན་སྒྲུབ་བཞི་ལ་བཞེད་ཚུལ་མི་འདྲ་བ་གཞན་ཡོད་ཀྱང་དུས་ཀྱི་འཁོར་ལོའི་ལུགས་ལ་འདི་ལྟར་ཤེས་དགོས་ཏེ། སྦྱང་གཞིའི་དབང་དུ་བྱས་པ་དང༌། སྦྱོང་བྱེད་ཀྱི་དབང་དུ་བྱས་པའོ། །དང་པོ་ནི། ཐོག་མར་བྱིས་པའི་ལུས་བསྐྱེད་པ་བསྙེན་པ། བཙས་ནས་ངག་སྒྲུབ་པ་ཉེར་སྒྲུབ། བྱིས་པ་སོ་ལྷུང་ནས་སླར་སྐྱེས་པ་ནི་སྒྲུབ་པ། ལོ་བཅུ་དྲུག་གི་མཚམས་སུ་བདེ་བ་མྱོང་བ་ནི་སྒྲུབ་ཆེན་ཅེས་བྱའོ། །གཉིས་པ་ནི། ཐོག་མར་རྣམ་ཐར་སྒོ་བཞི་བསྒོམ་པ་དང༌། དེ་ནས་དབྱངས་གསལ་གྱི་ས་བོན་བསྡུ་བ་དང༌། དེ་ནས་མངོན་བྱང་ལྔ་ལས་གཟུགས་རྫོགས་པ་ནི་བསྙེན་པའི་ཡན་ལག་གི་དངོས་གཞིའོ། །མངལ་སྐྱེས་རྣམས་མངལ་གྱི་གནས་སྐབས་སུ་རྨི་ལམ་གྱི་གནས་སྐབས་ལྟ་བུའི་རྣམ་པར་ཤེས་པ་ཅན་ལ་ས་ཆུ་མེ་རླུང་ནམ་མཁའི་རླུང་རྣམ་པ་ལྔས་སད་པའི་གནས་སྐབས་ལྟ་བུའི་ཕྱི་རོལ་ཏུ་བཅའ་བའི་བྱ་བ་ལ་བསྐུལ་བ་དང་འདྲ་བར་ཞུ་བ་གླུས་བསྐུལ་བ་དང༌། སྐྱེས་ནས་བྱིས་པ་དབང་པོ་སད་པ་བཞིན་སྲོག་གི་རླུང་རྒྱུ་བས་ངག་གི་བྱ་བ་རྫོགས་ཏེ་དེའི་ལས་བྱེད་པ་ལྟ་བུའི་ལས་རྒྱལ་མཆོག་དང་ཡེ་ཤེས་པ་གཞུག་པ་ནི་ཉེ་བར་སྒྲུབ་པའོ། །ཐིག་ལེའི་རྣལ་འབྱོར་ནི་སྒྲུབ་པའོ། །ཕྲ་མོའི་རྣལ་འབྱོར་ནི་སྒྲུབ་པ་ཆེན་པོ་ཡིན་ནོ། །གསུམ་པ་གཤེད་སྐོར་གྱི་ལུགས་ནི། དང་པོ་རྗེས་སུ་ཤིན་ཏུ་རྣལ་འབྱོར་ཆེ། །བཞི་པོ་གཤེད་སྐོར་ལས་གསུངས། །ཞེས་པ་སྟེ། གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས། དང་པོ་རྣལ་འབྱོར་བསྒོམ་པར་བྱ། །རྗེས་སུ་རྣལ་འབྱོར་གཉིས་པར་རོ། །ཤིན་ཏུ་རྣལ་འབྱོར་གསུམ་པར་ཏེ། །རྣལ་འབྱོར་ཆེན་པོ་བཞི་པར་རོ། །ཞེས་གསུངས་


LT08,P203A
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། དེའི་དོན་ཀྱང༌། རྡོ་རྗེ་སེམས་དཔའ་རྫོགས་པ་ནི། །རྣལ་འབྱོར་ཞེས་པ་མངོན་བརྗོད་བྱ། །དེ་ཡི་རྒྱུ་མཐུན་ལྷ་གང་ཞིག །རྗེས་སུ་རྣལ་འབྱོར་དུ་བརྗོད་དོ། །འཁོར་ལོ་ཐམས་ཅད་རྫོགས་པ་ནི། །ཤིན་ཏུ་རྣལ་འབྱོར་རྣམ་བསྒོམ་པའོ། །ལྷ་ཡི་སྤྱན་སོགས་བྱིན་རློབ་ཅིང༌། །སྐུ་དང་གསུང་དང་ཐུགས་ཉིད་དང༌། །ཡེ་ཤེས་འཁོར་ལོ་གཞུག་པ་དང༌། །བདུད་རྩི་མྱང་བ་ཉིད་དང་ནི། །མཆོད་པ་ཆེ་དང་བསྟོད་པ་ཡང༌། །རྣལ་འབྱོར་ཆེན་པོར་འདོད་པའོ། །ཞེས་རྣལ་འབྱོར་བཞི་པོ་འདི་ནི་གཤེད་སྐོར་ལས་གསུངས་ཤིང༌། མཉམ་སྦྱོར་ལས་ཀྱང་དེ་དང་མིང་དོན་ཕལ་ཆེར་མཐུན་པར་གསུངས་ལ། ཟླ་གསང་ཐིག་ལེ་ལས། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཉེ་བའི་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར་བཞིར་གསུངས་པའང་བསྙེན་སྒྲུབ་བཞི་དང་ཅི་རིགས་སུ་སྦྱོར་བ་ཡོད་མོད། གྲགས་ཆེ་བ་རྡོར་ཕྲེང་གི་ལུགས་ལྟར་ན། རྣལ་འབྱོར་ནི་སྤྱིར་འདུས་པ་རྒྱུད་ཕྱི་མ་ལས་གསུངས་པ་ལྟར་ཐབས་ཤེས་དབྱེར་མེད་དུ་སྦྱོར་བ་ཡིན་ལ། འདི་ནི་མངོན་བྱང་ལྔ་ལས་བསྒྲུབས་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་ཅན་དུ་རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་ནོ། །རྗེས་སུ་རྣལ་འབྱོར་ནི་རྗེས་སུའི་དོན་འདྲ་བ་ལ་ཤཱནྟི་པས་བཤད་པས་རྣལ་འབྱོར་ལྔ་ཀ་འདྲ་བ་ལ་བྱས་ཏེ་འབྲས་བུ་རྡོ་རྗེ་འཛིན་པའི་རྣལ་འབྱོར་རོ། །དེ་དག་ལས་ཀྱང་ལྷའི་རྣལ་འབྱོར་ཤིན་ཏུ་རྒྱས་པར་གྱུར་པ་ནི་ཤིན་ཏུ་རྣལ་འབྱོར་ཏེ་ཡབ་ཡུམ་སྙོམས་པར་ཞུགས་ནས་པདྨར་བསྐྱེད་པའི་ལྷའི་འཁོར་ལོ་སྤྲོས་ནས་རང་གནས་སུ་བཀོད་པའི་འཁོར་ལོ་རྫོགས་པའོ། །དེ་ནས་སྐུ་གསུང་ཐུགས་ལ་སོགས་པ་བྱིན་གྱིས་རློབ་ཅིང་ཡེ་ཤེས་པ་གཞུག་པ་དང་དབང་བསྐུར་རྒྱས་གདབ་དང་མཆོད་བསྟོད་བདུད་རྩི་མྱང་བ་དང་བཟླས་པ་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཞིང་


LT08,P203B
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་པ་བསྡུས་པའི་བར་ལ་རྣལ་འབྱོར་ཆེན་པོར་དཔལ་འཛིན་གྱིས་བཤད་ཅིང༌། མདོར་བྱས་ལས་ནི་དང་པོ་སྦྱོར་བ་ཉིད་ལ་རྣལ་འབྱོར་བཞིར་མཛད་དེ་རྒྱུད་རྡོར་ཕྲེང་གི་ལུགས་སོ། །འདི་ཡང་ལྷ་རེ་རེ་བ་ལ་མི་འཇུག་པས་ཕལ་ཆེར་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་དབང་དུ་མཛད་དོ། །བཞི་པ་ར་ལིའི་ལུགས་ནི། གོང་བུ་ཆུ། །གཟུགས་དང་གཟུགས་འདས་གནས་པ་བཞི་སོགས་མང༌། །ར་ལིའི་རྒྱུད་ཉི་མའི་འཁོར་ལོ་ལས། གོང་བུ་ཆུ་དང་གཟུགས་སུ་བཅས། །དེ་བཞིན་གཟུགས་ལས་འདས་པ་སྟེ། །གནས་པ་རྣམ་པ་བཞི་རུ་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་བསྐྱེད་པའི་རིམ་པ་ཐམས་ཅད་གནས་པ་བཞིས་བསྡུས་པར་བཞེད་དེ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་ནས་འཁོར་གྱི་ལྷ་མོ་དབྱུང་བའི་བར་གོང་བུར་གནས་པ། ཡབ་ཡུམ་སྙོམས་པར་ཞུགས་པས་ཁུ་བའི་རྣམ་པར་གྱུར་པ་ནི་ཆུར་གནས་པ། དེ་ལས་གླུས་བསྐུལ་ཏེ་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པ་ནས་དབང་བསྐུར་རྒྱས་གདབ་ཀྱི་བར་ནི་གཟུགས་སུ་གནས་པ། དེ་ནས་མར་མེའི་རྩེ་མོ་ལྟ་བུའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྡུ་བའི་བར་ནི་གཟུགས་ལས་འདས་པར་གནས་པ་སྟེ། གནས་པ་བཞིའི་ཆིངས་འདི་ནི་འབྲོག་མི་རྗེས་འབྲང་དང་བཅས་པ་བཞེད་ཅིང༌། དེ་ལ་སོགས་སྦྱོར་ཚུལ་དང་མཻ་ཏྲི་པས་ཕྱག་རྒྱ་བཞིས་བསྡུ་བ་སོགས་སྦྱོར་བའི་ཆིངས་ཀྱི་ཐ་སྙད་ཕྲ་མོ་ནི་མང་ངོ༌། །གསུམ་པ་ཡན་ལག་དྲུག་གི་ཆིངས་བཤད་པ་ནི། གུར་ལས་རིགས་ཁམས་དབྱེ་བས་ཡན་ལག་དྲུག་དེའང་རྡོ་རྗེ་གུར་ལས། སངས་རྒྱས་གནས་གཞི་རྫོགས་བྱས་ལ། །ཀུན་ཏུ་བཟང་པོ་བདེན་པའི་དངོས། །རྣམ་པ་ལྔ་པོ་བསྒོམ་བྱ་སྟེ། །རང་ལྷག་ལྷ་ཡི་སྒྲུབ་ཐབས་བྱ། །དེ་བཞིན་དཀྱིལ་འཁོར་རྣམ་བཀོད་ལ། །མཆོད་བསྟོད་བདུད་རྩི་མྱང་སོགས་པར། །རིམ་པ་ཡིས་ནི་བསྒོམ་


LT08,P204A
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །ཡན་ལག་དྲུག་གི་སྦྱོར་བ་འདོད། །ཅེས་སྤྱིར་བསྟན་ནས། རྒྱས་བཤད་ཀྱང་དེའི་འཕྲོས་སུ་འབྱུང་ཞིང༌། བརྟག་གཉིས་དང་མི་ཐུབ་ཟླ་བ་སོགས་ཀྱི་འགྲེལ་བ་རྣམས་ཀྱི་དོན་བཞིན་ལུགས་འདིར་བསྐྱེད་པའི་རིམ་པ་མཐའ་དག་ཀྱང་བསྡུ་ན་ཁམས་སམ་རིགས་ཀྱི་དབྱེ་བས་ཡན་ལག་དྲུག་ཏུ་རྣམ་པར་གཞག་སྟེ། ཇི་ལྟར་གྲོལ་བྱེད་རྫོགས་པའི་རིམ་པ་ལ་ཆོས་དྲུག་གམ་ཡན་ལག་དྲུག་ཡོད་པ་དང༌། འབྲས་བུ་མཐར་ཐུག་གི་སྐབས་སུ་རིགས་དྲུག་ཡོད་པ་བཞིན་ནོ། །དེ་ལྟར་ན་སྦྱོང་བྱེད་ཀྱི་སྐབས་འདིར་ཇི་ལྟར་དྲུག་ཏུ་བཞག་ཅེ་ན། དེ་ལ་རྟེན་གཞལ་ཡས་ཁང་འཇིག་རྟེན་གྱི་ཁམས་དང་བཅས་པ་དང་བརྟེན་པ་ལྷ་བསྐྱེད་པ་ནི་རྣམ་པར་སྣང་མཛད་ཀྱི་ཡན་ལག་སྟེ་སའོ། །དེའི་རྒྱུ་མཚན་ནི་གཟུགས་སམ་ལུས་ནི་ལྷ་རྣམས་ཀྱི་རྟེན་ཡིན་ལ། རྣམ་སྣང་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཕུང་གི་ངོ་བོ་ཡིན་པས་དེས་རྟེན་གཞལ་ཡས་ཁང་བསྐྱེད་པའོ། །བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་སྟེ་ཆུའོ། །དེའི་རྒྱུ་མཚན་ནི་འོད་དཔག་མེད་གསུང་རྡོ་རྗེ་ཡིན་ལ། བདུད་རྩི་མྱང་བས་གསུང་རྡོ་རྗེ་ཚིམས་པའི་ཕྱིར་རོ། །བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ་མེའོ། །དེའི་རྒྱུ་མཚན་ནི་བསྟོད་པ་ཞེས་པ་ཡོན་ཏན་བརྗོད་པ་ཡིན་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བྱས་ཚེ་རིན་འབྱུང་ཡོན་ཏན་ཡིན་པའི་ཕྱིར་རོ། །མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་སྟེ་རླུང་ངོ༌། །དེའི་རྒྱུ་མཚན་ནི་དོན་གྲུབ་ལས་ཀྱི་རིགས་ཡིན་པས་སངས་རྒྱས་མཆོད་པ་དང་སེམས་ཅན་གྱི་དོན་བྱ་བའི་ལས་རྣམས་ལ་དེ་དབང་བ་ཡིན་པའི་ཕྱིར་རོ། །དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་སྟེ་ནམ་མཁའོ། །དེའི་རྒྱུ་མཚན་ནི་འདིའི་དབང་ཆུ་དབང་ཡིན་ལ། དེ་མི་བསྐྱོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་


LT08,P204B
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཡེ་ཤེས་སོ། །དེའི་རྒྱུ་མཚན་ནི་རྗེས་ཆགས་མཛད་པ་སྐབས་འདིར་འཁོར་གྱི་ལྷ་རྣམས་གཙོ་བོ་ཡབ་ཡུམ་གྱི་བྱང་སེམས་ལས་སྤྲོ་བའི་ཆེད་ཡིན་ལ། དེའི་ཕྱིར་གཙོ་བོས་རྗེས་ཆགས་བྱ་དགོས་ཤིང་དེ་ཉིད་ཀྱང་རྡོར་སེམས་སུ་བཞེད་པའི་ཕྱིར་རོ། །བཞི་པ་ཡན་ལག་བརྒྱད་ཀྱི་ཆིངས་ནི། སྐབས་བརྒྱད་བྱང་ཆུབ་ཛཱ་ལནྡྷ་རས་སྦྱོར། །ཡང་གཞི་ཤེས་པ། ལམ་ཤེས་པ། རྣམ་མཁྱེན། རྣམ་ཀུན་མངོན་རྫོགས། རྩེ་མོ། མཐར་གྱིས་པ། སྐད་ཅིག་མ། ཆོས་སྐུ་སྟེ་སྐབས་བརྒྱད་ལ་བྱང་ཆུབ་པ་ཞེས་གྲུབ་པའི་དབང་ཕྱུག་ཛཱ་ལན་དྷ་རས་སྦྱོར་ཡང་ལྗོངས་འདིར་གྲགས་ཆུང་བས་ཞིབ་པར་མ་སྨོས་སོ། །ལྔ་པ་ཡན་ལག་བཅུ་གཉིས་ཀྱི་ཆིངས་ནི། དུས་ཀྱི་འཁོར་ལོར་ཡན་ལག་བཅུ་གཉིས་ཏེ། །དུས་ཀྱི་འཁོར་ལོར་དངོས་དོན་གཙོ་བོར། སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག་ཉེ་བར་སྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག་ཐིག་ལེ་རྫོགས་པ་སྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར། བདེ་བ་རྫོགས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་བཞིས་བསྡུས་པ་ཆོས་རྗེ་ཀུན་མཁྱེན་ཡབ་སྲས་རྣམས་བཞེད་མོད་ཀྱང༌། རྒྱལ་བ་རང་བྱུང་ཞབས་སོགས་ཙཱ་མིའི་རྗེས་འབྲང་གཙོར་གྱུར་པའི་སྔ་རབས་པ་ཕལ་མོ་ཆེས་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པར་བཞེད་དེ། དེའང་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ། མངོན་བྱང་ལྔས་གཙོ་བོ་ཡབ་ཡུམ་བསྐྱེད་པ། ཡུམ་གྱི་མཁར་རྟེན་བརྟེན་པའི་དཀྱིལ་འཁོར་བསྐྱེད་ནས་འབྱིན་པའི་དཀྱིལ་འཁོར་རྒྱལ་མཆོག །དེར་རིགས་དྲུག་གི་སེམས་ཅན་བཅུག་སྟེ་དབང་བསྐུར་བ། གཙོ་བོ་ཡབ་ཡུམ་ཞུ་བ་ལ་གླུས་བསྐུལ་བ། སླར་ཡང་ཆོ་ག་གསུམ་གྱིས་གཙོ་བོ་གཟུགས་སྐུར་བཞེངས་པ། དཀྱིལ་འཁོར་གྱི་ལྷ་བསྡུས་ཏེ་བསྐྱེད་ནས་འབྱིན་པ་ལས་རྒྱལ་མཆོག །ཡེ་ཤེས་པ་དགུག་གཞུག་བྱ་བ།


LT08,P205A
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བ། རིགས་བདག་གིས་རྒྱས་བཏབ་ཅིང་རྡོ་རྗེ་བཞིས་བྱིན་གྱིས་བརླབ་པ། ཐིག་ལེའི་རྣལ་འབྱོར་ཕྲ་མོའི་རྣལ་འབྱོར་རོ། །དེ་དག་ཀྱང་སྦྱང་བྱ་སྲིད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས། སྦྱངས་འབྲས་བདེན་དོན་རྣམ་པ་བཅུ་གཉིས་སོགས་དང་སྦྱོར་བར་མཛད་དོ། །དྲུག་པ་དེ་དག་ལས་གཞན་པ་ནི། མཚན་བཟང་དག་པའི་ཆིངས་སུའང་སྤྲོས་པ་ཡོད། །གཞན་ཡང་ཛཱ་ལན་དྷ་ར་པ་དང་སྒྲ་གཅན་གསང་བ་དག་གིས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དག་པའི་སྒྲུབ་ཐབས་ཀྱི་མདོ་སུམ་ཅུ་རྩ་གཉིས་སུ་སྤྲོས་པའང་ཡོད་དེ། མཆོད་པའི་འཁོར་ལོ་ཚངས་གནས་བཞི། །མཆོག་དང་ལྷན་སྐྱེས་འདོད་པའི་ལྷ། །སྲུང་འཁོར་རྣམ་ཐར་དུར་ཁྲོད་དང༌། ཁང་བརྩེགས་རྒྱུ་ཡི་དཀྱིལ་འཁོར་དང༌། ཁུ་བ་ལྷུང་དང་བཞེངས་དང་དགོད། །ཞེ་སྡང་བདག་ཉིད་འབྱིན་པ་དང༌། །ཡེ་ཤེས་འཁོར་ལོ་དབང་རྒྱས་གདབ། །བདུད་རྩི་མྱང་དང་འགྲོ་བའི་དོན། །ཡན་ལག་དྲུག་དང་འོད་གསལ་ལྡངས། །སྔགས་བཟླས་གཏོར་མ་ཕྲ་མོ་བསྒོམ། །དགོད་པ་གཉིས་པ་འཆང་དང་བཟའ། །སྤྱོད་ལམ་ཉལ་དང་སླར་ལྡང་ངོ༌། །ཞེས་སོ། །གཉིས་པ་ཡན་ལག་དེ་ལྡན་གྱི་མངོན་རྟོགས་བཤད་པ་ལ་བརྒྱད། གང་གིས་སྒྲུབ་པའི་གང་ཟག་གང་དུ་སྒྲུབ་པའི་གནས། ཇི་ཙམ་སྒྲུབ་པའི་དུས། སྒྲུབ་པའི་སྐབས་ཀྱི་མཐུན་རྐྱེན། ཇི་ལྟར་སྒྲུབ་པའི་ཐབས། སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ། དེ་ལྟར་སྦྱངས་པའི་འབྲས་བུ། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ལོ། །དང་པོ་ནི། ཡན་ལག་དེ་ལྡན་མངོན་རྟོགས་སྒོམ་པ་པོ། །དབང་ཐོབ་དམ་ལྡན། །ཅེས་པ་སྟེ། བཤད་མ་ཐག་པའི་ཡན་ལག་དེ་དག་དང་ལྡན་པའི་མངོན་རྟོགས་ཀྱི་རིམ་པ་བསྒོམ་པ་ལ། ཐོག་མར་སྒོམ་པ་པོའི་རྟེན་གྱི་གང་ཟག་ཁྱད་པར་གསུམ་དང་ལྡན་


LT08,P205B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱིས་རྒྱུད་སྦྱང་ཚུལ་དང་བཅས་པ་སྔར་བཤད་ཟིན་ལ། ཁྱད་པར་རྡོ་རྗེ་ཐེག་པ་ལ་ལྷག་པར་མོས་པ་དང་ལྡན་པས་སྨིན་བྱེད་ཀྱི་དབང་ཐོབ་ཅིང་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པ་ཞིག་དགོས་ཏེ། མཉམ་སྦྱོར་ལས། དཀྱིལ་འཁོར་དག་ཏུ་མ་ཞུགས་དང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་སོ། །གཉིས་པ་གང་དུ་སྒྲུབ་པའི་གནས་ནི། གནས་ནི་རྒྱུད་དང་བསྟུན། །ཅེས་པ་སྟེ། བསྐྱེད་རིམ་བསྒོམ་པའི་གནས། འདུས་པ་རྩ་རྒྱུད་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི། །མེ་ཏོག་འབྲས་བུ་སོགས་པས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ཐམས་ཅད་བསྡུས་པར་སྒྲུབ། །ཅེས་དང༌། ཀུན་བཟང་ལས། ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང༌། །ཤིང་མཆོག་མཛེས་པས་རྣམ་པར་བརྒྱན་པ་ཡི། །རི་བོའི་ཕྱོགས་གཅིག་ཏུ་ནི་བཅོམ་ལྡན་འདས། །འཇམ་པའི་དབྱངས་ཞེས་བྱ་བ་བསྒྲུབ་པར་བྱ། །ཞེས་དང༌། སྒྲུབ་ཐབས་ཕལ་ཆེ་བ་ལས་ཀྱང༌། དབེན་ཞིང་ཉམས་དགའ་བའི་གནས་སུ་ཞེས་འབྱུང་བ་ལྟར། སྤྱིར་དབེན་ཞིང་མཐུན་རྐྱེན་འཛོམ་པ་དང༌། བྱེ་བྲག་ཏུ། སྒྲུབ་ལེ་ལས། སྐྱེད་མོས་ཚལ་ལམ་རི་བོ་དང་ནི་རྒྱལ་བ་མཆོག་གི་གནས་དང་ལྷ་ཡི་གནས་ནི་སྟོང་པ་དང༌། །གྲུབ་པའི་གནས་དང་དུར་ཁྲོད་དང་ནི་མཚོ་དང་བཟང་པོའི་གནས་དང་དེ་བཞིན་ཉིད་དུ་སྦས་པའི་ས། །གང་དུ་སེམས་ནི་རབ་ཏུ་ཚིམས་པར་འགྱུར་བ་དེར་ནི་བསྒྲུབ་པར་བྱའོ་མི་ཡི་བདག་པོ་ཀྱེ། །ཞེས་དབང་དགུག་ལ་སྐྱིད་མོས་ཚལ་དང༌། རྨོངས་རེངས་ཕུར་གདབ་གསུམ་ལ་རི་བོ་དང༌། གྲུབ་པ་བརྒྱད་ལ་རྒྱལ་བ་མཆོག་གི་གནས་ཏེ་བྱིན་རླབས་དང་བཅས་པའི་མཆོད་རྟེན་ཆེན་པོ་དང༌། བསྐྲད་དབྱེ་ལ་ལྷའི་གནས་སྟོང་པ་དང༌། དང་གི་སྒྲས་


LT08,P206A
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་རྒྱ་མཚོའི་ངོགས་སོ། །ལས་རྒྱའི་དངོས་གྲུབ་སྒྲུབ་པ་ལ་གྲུབ་པ་ཐོབ་པའི་གནས་དང༌། བསད་པ་ལ་དུར་ཁྲོད་དང་ཞི་རྒྱས་རིམ་འདེབས་གསུམ་ལ་མཚོ་དང་བཟང་པོའི་གནས་ཏེ་ཕྱུག་ཅིང་རྒྱས་པའི་གྲོང་ངམ་གྲོང་ཁྱེར་དང༌། འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ་པ་ལ་སྦས་པའི་ས་ཕུག་གམ་བྲག་ཕུག་གོ །གཞན་ཡང་ཡུལ་གང་དུ་སེམས་ཚིམས་ཤིང་ཡིད་དང་མཐུན་པར་འགྱུར་བ་དེར་བསྒྲུབ་པར་བྱ་བར་གསུངས་པ་ལྟ་བུ་སྟེ་མདོར་ན་རྒྱུད་དང་བསྟུན་ནོ། །གསུམ་པ་ཇི་ཙམ་སྒྲུབ་པའི་དུས་ནི། དང་པོར་མཚན་མོ་བརྟན་ཐོབ་དུས་བརྟག་པར། །སྔགས་པ་ལས་དང་པོ་པས་ཕལ་ཆེར་མཚན་མོ་ལྷའི་རྣལ་འབྱོར་བསྒོམ་པས་གསལ་སྣང་འགྲུབ་པར་སླ་ཞིང༌། བརྟན་པ་ཐོབ་ནས་ཉིན་མཚན་རེས་འཇོག་མེད་པར་དུས་རྟག་པར་བསྒོམ། ཡུན་ཚད་ཀྱང༌། བསྐྱེད་རིམ་གཙོར་བྱེད་པ་དང༌། ཐུན་མོང་གི་དངོས་གྲུབ་འདོད་པ་དང༌། ལས་ཕྲ་མོ་ལ་དམིགས་ཀྱང་འགྲུབ་ཚུལ་ཁྱད་པར་ཅན་དུ་གྲུབ་པར་འདོད་པས་ཇི་སྲིད་ལྷའི་རྣལ་འབྱོར་གསལ་སྣང་ལ་བརྟན་པ་མ་ཐོབ་བར་དུ་བསྒོམ་སྟེ་དེའང་སྤྱི་ཙམ་དུ་ལོ་གཅིག་གིས་འགྲུབ་པར་བཤད་དོ། །འཁྲུལ་འཁོར་དང་སྦྱིན་སྲེག་སོགས་ལས་ཕལ་པ་ཙམ་སྒྲུབ་པར་བྱེད་པ་ལ་ནི། དམ་ཚིག་དང་ལྡན་ཞིང་བརྩོན་འགྲུས་དང་བཅས་པས་དམིགས་པ་ལ་ཡིད་ཤུགས་དྲག་པོ་ཡོད་ན་གསལ་སྣང་ལ་བརྟན་པ་མ་ཐོབ་ཀྱང་སྔགས་ཀྱི་བཟླས་པ་ཇི་སྐད་བཤད་པ་བཞིན་གྲངས་ཐེམ་ན་འགྲུབ་པར་འགྱུར་བས་དུས་དེ་སྲིད་དུ་བསྒོམ་པར་བྱའོ། །བཞི་པ་སྒྲུབ་པའི་སྐབས་ཀྱི་མཐུན་རྐྱེན་ནི། སྙིང་སྟོབས་གྲོགས་དང་ཡོ་བྱད་ཚོགས་ག་ཡིས། །སྲོག་གི་ཕྱིར་ཡང་བསྒྲུབ་བྱ་མ་འགྲུབ་ཀྱི་བར་དུ་རྐྱེན་ཅིས་ཀྱང་མི་ལྷོད་པའི་བརྩོན་འགྲུས་དྲག་པོའི་སྙིང་སྟོབས་དང་ལྡན་པ་དང༌། རྒྱུད་ནས་བཤད་པ་ལྟར་མཚན་ཉིད་དང་ལྡན་པའི་གྲོགས་ཕོ་མོ། །


LT08,P206B
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གི་ཡོ་བྱད་བྲིས་སྐུ་དང་རྔོན་དྲིལ་ཅང་ཏེའུ་ཀ་པཱ་ལ་སོགས་ཕྱག་མཚན་ཆགས་ཚད་ལྡན་པ། བཟའ་བཏུང་བགོ་བ་ལ་སོགས་པས་ཀྱང་མི་བྲེལ་བར་འཚོགས་པར་བྱའོ། །ལྔ་པ་ཇི་ལྟར་སྒྲུབ་པའི་ཐབས་བཤད་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བསྒོམ་བྱ་མཉམ་པར་གཞག་དང་མ་གཞག་གཉིས། །ཞེས་སོ། །གཉིས་པ་ལ་གཉིས། མཉམ་པར་གཞག་པའི་རྣལ་འབྱོར་དང༌། མ་གཞག་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། སྒྲུབ་ཐབས་ཀྱི་སྔོན་འགྲོ། བསྐྱེད་རིམ་གྱི་དངོས་གཞི། སྤྱིའི་ཆོས་ལམ་བྱེད་བཞི་ལས་འཕྲོས་པའོ། །དང་པོ་ནི། མཉམ་གཞག་སྔོན་འགྲོ་བགེགས་ཞི་འགལ་རྐྱེན་སྤོང༌། །མཐུན་རྐྱེན་སྒྲུབ་ཅིང༌། །ཞེས་པ་སྟེ། མཉམ་གཞག་བསྒོམ་པའི་སྔོན་འགྲོ་ལ་གསུམ། དང་པོ་བགེགས་ཞི་ཕྱིར་གཏོར་མ་སྦྱིན་པ་ནི། གནས་དེར་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ་གདན་དང་ཁ་ལྟ་ཕྱོགས་དང་འདུག་སྟངས་སོགས་ཀྱི་ཁྱད་པར་དང་ལྡན་པས་སྔོན་དུ་འབྱུང་པོ་ལ་གཏོར་མ་སྦྱིན་པར་བྱ་སྟེ། བརྟག་གཉིས་སུ། གལ་ཏེ་འདིར་གཏོར་མས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན་རྣལ་འབྱོར་པ་རྣམས་ལེགས་པར་འགྱུར་རོ། །ཞེས་དང༌། མཁའ་འགྲོ་རྒྱ་མཚོ་དང་ཁྱད་པར་གསལ་བྱེད་མཚོ་སྐྱེས་ཀྱི་གཞུང་རྣམས་སུ་ཡང་སྒྲུབ་ཐབས་ཀྱི་དང་པོར་གཏོར་མ་སྦྱིན་པར་བཤད་དོ། །དགོས་པ་ནི་བགེགས་དང་ལོག་འདྲེན་གྱི་བར་ཆད་ཞི་བའི་དོན་དུ་ཡིན་ཏེ། བརྟག་གཉིས་ལས། བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་སྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །ཅེས་སོ། །གཉིས་པ་འགལ་རྐྱེན་སྤོང་ཕྱིར་སྲུང་འཁོར་བསྒོམ་པ་ནི། ཐུན་མོང་བ་ལ་སྣ་ཚོགས་རྡོ་རྗེའི་ས་གཞི་དང་རྭ་གུར་ལ་སོགས་པ་བསྒོམ་པ་དང༌། ཁྱད་པར་བ་ནི་འཁོར་ལོ་སེར་པོ་རྩིབས་བཅུ་པའི་རྩིབས་ལ་ཁྲོ་


LT08,P207A
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བཅུ་བཀོད་ནས་བགེགས་རྣམས་རླག་པར་བྱེད་པ་སྟེ། དེ་དག་གི་ཚུལ་ནི་གུར་དང་གསང་འདུས་དག་ལས་གསུངས། ཨ་བྷ་ཡས་འཁོར་ལོའི་ལྟེ་བར་ཧཱུྃ་མཛད་རྩིབས་ལ་ཁྲོ་བཅུ་བཀོད་པ་ནི་སྒྲུབ་ཐབས་ཕལ་ཆེར་གྱི་སྲུང་འཁོར་དུ་བཤད་ཅིང༌། བགེགས་ཀྱི་གནོད་པ་ཆེ་ན་བགེགས་བཀུག་པ་དང་ཕུར་གདབ་སོགས་ཀྱང་བྱ་བར་བཤད་དོ། །བདེ་མཆོག་གི་སྐོར་ནས་ཐུན་མོང་བའི་སྲུང་འཁོར་གྱི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་དང་བཅུ་པ་ལ་ཁྲོ་བོ་བཀོད་དེ་ཕུར་གདབ་སོགས་བྱེད་པ་དང༌། ཞལ་བཞི་པའི་སྔགས་ཀྱིས་ཕྱོགས་མཚམས་བཅིངས་ཏེ་སླར་སྔགས་ལས་བྱུང་བའི་སྒོ་མཚམས་མས་ཕུར་གདབ་བྱེད་པ་སོགས་ཀྱི་སྲུང་འཁོར་དུ་མ་འབྱུང་ངོ༌། །གསུམ་པ་མཐུན་རྐྱེན་སྒྲུབ་ཕྱིར་ཚོགས་གཉིས་བསགས་པ་ལ། བསོད་ནམས་ཀྱི་ཚོགས་ནི་གུར་ལས། བླ་མ་རྡོ་རྗེ་ཅན་མཆོད་ཅིང༌། །བདུན་པོ་ཡོངས་སུ་དག་པར་བྱ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ། །ཞེས་པ་ལྟར་རོ། །ཡེ་ཤེས་ཀྱི་ཚོགས་ནི་གུར་བརྟག་སོགས་སུ་སྟོང་ཉིད་བསྒོམ་པར་བཤད་ལ། དེའང་སྭ་བྷཱ་བའི་སྔགས་དོན་ནི་གཟུང་འཛིན་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟེ་རང་བཞིན་མེད་པ་སྟོང་པ་ཉིད་དུ་བསྒོམ་པ་དང༌། ཤཱུ་ནྱ་ཏཱའི་སྔགས་དོན་ནི་དེ་ལྟ་བུའི་ཡུལ་སྟོང་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་སུ་མི་ཕྱེད་པའི་རང་བཞིན་གྱི་བདག་ཉིད་དུ་བསྒོམ་པ་ཡིན་ལ། དེའང་ཆོས་ཐམས་ཅད་གདོད་མ་ནས་རང་གི་ངོ་བོའམ་རང་བཞིན་ནམ་བདག་ཉིད་དུ་གྲུབ་པ་མེད་པས་སྒྲོ་བཏགས་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་སྐྱེ་མེད་སྟོང་པ་ཉིད་དུ་ཐག་ཆོད་པའི་ལྟ་བ་ལ་གོམས་པས་ནི་དེ་ཉིད་དྲན་པར་བྱེད་པ་དང༌། མ་གོམས་པས་ནི་གཞིག་ནས་སྟོང་ཉིད་དུ་ངེས་པར་བྱ་དགོས་པར་གྲུབ་ཆེན་གྱི་གཞུང་ལས་བཤད་དེ། འདི་ལ་འགའ་ཞིག་སྟོང་ཉིད་བཙན་ཐབས་སུ་སྒོམ་པ་དང་གཞི་གནས་


LT08,P207B
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་ཐ་སྙད་བྱེད་དོ། །གཞུང་ཁ་ཅིག་ཏུ་སྐབས་འདིར་སྣོད་བཅུད་འོད་གསལ་དུ་བསྡུས་ནས་སྟོང་ཉིད་བསྒོམ་པར་བཤད་དེ། དེ་ལ་ནི་སྣོད་བཅུད་ཀྱི་སྣང་བ་འོད་གསལ་དུ་བསྡུས་ཏེ་མི་དམིགས་པ་དང་སྔགས་དོན་གྱི་སྟོང་ཉིད་དྲན་པ་གཉི་ག་དགོས་སོ། ཁ་ཅིག་འདི་འདྲའི་སྐབས་སུ་དག་པ་ལྷའི་རྟེན་དང་བརྟེན་པ་ལ་སོགས་པའི་གསལ་སྣང་བསྐྱེད་པ་ལ་མ་དག་པའི་སྣོད་བཅུད་ཐམས་ཅད་ཅིའང་མེད་པའི་སྟོང་པར་བསྒོམ་པར་འདོད་པ་ནི་དོན་མིན་ནོ། །སྟོང་ཉིད་བསྒོམ་པའི་དགོས་པ་ནི་ཇོ་བོ་རྗེས། དེ་ལྟར་སྔགས་རྣམ་པ་གཉིས་ལན་གསུམ་དུ་བརྗོད་པ་ནི། སྟོང་པ་ཉིད་རྟོགས་ནུས་པ་དང་སྟོང་པ་ཉིད་ཀྱི་དྲན་པ་གསོ་བ་དང་གནས་པ་བརྟན་པ་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དང་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་རྟོག་པ་སྤོང་བ་དང་རྟེན་དང་བརྟེན་པ་ཐམས་ཅད་སྟོང་པའི་རྣམ་འཕྲུལ་དུ་རྟོགས་པའི་ཕྱིར་རོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་བསྐྱེད་རིམ་དངོས་གཞི་བཤད་པ་ལ་གསུམ། རྟེན་གཞལ་ཡས་ཁང་བསྐྱེད་པ། བརྟེན་པ་ལྷ་བསྐྱེད་པ། རྫོགས་བྱེད་ཀྱི་ཡན་ལག་བཤད་པའོ། །དང་པོ་ནི། དངོས་གཞི་རྟེན་གཞལ་ཡས། །ཞེས་པ་སྟེ། བསྐྱེད་རིམ་དངོས་གཞི་ལ་འཇུག་པའི་ཐོག་མར་རྟེན་གཞལ་ཡས་ཁང་སྒོམ་པ་འབྱུང་སྟེ། དེའང་བསྐྱེད་པའི་གཞིར་ཆོས་འབྱུང་དང་འབྱུང་བ་རིམ་བརྩེགས་ལ་སོགས་པ་བསྐྱེད་པ་གཞུང་ཕལ་ཆེར་དུ་བཤད་ཅིང༌། དེ་ལའང་འབྱུང་རིམ་ཞུ་བ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་ནས་དེའི་ལྟེ་བར་གཞལ་ཡས་ཁང་བསྐྱེད་པ་དང༌། ཆོས་འབྱུང་གི་ནང་དུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བར་འབྱུང་རིམ་སོགས་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པ་དང༌། ཆོས་འབྱུང་གི་ནང་དུ་འབྱུང་རིམ་མེད་པར་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་གཞལ་ལས་ཁང་བསྐྱེད་པ་དང༌། འབྱུང་རིམ་རི་རབ་


LT08,P208A
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་སྟེང་དུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་དང་ལྷ་གཉི་ག་དུས་གཅིག་ཏུ་བསྐྱེད་པའི་རྣམ་གཞག་མང་ལ། གཞལ་ཡས་ཁང་ཡང་བྷྲཱུཾ་ལས་བསྐྱེད་པ་དང་འཁོར་ལོ་ལས་བསྐྱེད་པ་དང་རྣམ་སྣང་ཞུ་བ་ལས་བསྐྱེད་པ་སོགས་སྣ་ཚོགས་བཤད་དོ། །གཞལ་ཡས་ཁང་ནི་བརྟག་གཉིས་ལས། །སྟོན་པས་དཀྱིལ་འཁོར་འདི་སྐད་གསུངས། །གྲུ་བཞི་ཡང་དག་འབར་བ་ཉིད། །སྒོ་བཞི་གཟི་བརྗིད་ཆེན་པོ་སྟེ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །ཕྲེང་བ་ལ་སོགས་རྔ་ཡབ་ལྡན། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །ཞེས་དང༌། མངོན་བརྗོད་ལས། ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲྭ་བ་དྲྭ་ཕྱེད་ཀྱིས་མཛེས་ཤིང༌། །བ་དན་ཕྲེང་བས་རྣམ་པར་བརྒྱན། །ཞེས་པ་སོགས་རྒྱུད་མཐའ་དག་ཏུ་གསུངས་སོ། །བདེ་དགྱེས་ལ་སོགས་པ་ལ་གཞལ་ཡས་ཁང་གི་ཕྱི་རོལ་ཏུ་དུར་ཁྲོད་བསྒོམ་པར་བཤད་ཅིང༌། དེའང་སྡོམ་འབྱུང་ལས་དུར་ཁྲོད་རྡོ་རྭའི་ནང་དང༌། རྡོ་རྗེ་མཁའ་འགྲོ་ལས་འོད་ཕྲེང་གི་ཕྱི་རོལ་ཏུ་བྱ་བར་བསྟན་ཅིང༌། དུར་ཁྲོད་ནི་སྡོམ་འབྱུང་ལས། གཏུམ་དྲག་དེ་བཞིན་ཚང་ཚིང་དང༌། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་བཟད་བཞད། །བྱིན་ཟ་རུ་ནི་བཀྲ་ཤིས་མཆོག །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་ཕྱོགས་ཀི་ལི་ཀི་ལིའི་སྒྲ། །ཞེས་དང༌། དུར་ཁྲོད་རེ་ལ་ཤིང་དང་ཕྱོགས་སྐྱོང་ལ་སོགས་པའི་ཁྱད་པར་རྣམས་རྒྱས་པར་གསུངས་སོ། །དེ་ནས་གཞལ་ཡས་ཁང་གི་ནང་དུ་དཀྱིལ་འཁོར་པ་རྣམས་ཀྱི་གདན་པདྨ་ལ་སོགས་པ་བསྒོམ་པ་ཡང་ངོ༌། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ནི། བརྟེན་པ་ལྷ་ཡི་འཁོར་ལོ་རྫོགས་པར་བསྒོམ། །སྐྱེད་ཚུལ་མངོན་བྱང་ལྔ་དང་རྡོ་རྗེ་བཞི། །ཆོ་ག་གསུམ་གྱིས་བསྐྱེད་


LT08,P208B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རིམ་པ་བཞིན། །ཟླ་ཉི་ས་བོན་འདྲེས་དང་རྫོགས་པའི་ཚུལ། །སྟོང་ཉིད་ས་བོན་གཟུགས་རྫོགས་ཡིག་འབྲུ་དགོད། །ས་བོན་ཕྱག་མཚན་སྐུ་ཡོངས་རྫོགས་པའོ། །རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ཟིན་པའི་མོད་ལ་བརྟེན་པ་ལྷའི་འཁོར་ལོ་རྫོགས་པར་བསྒོམ་པར་བྱ་སྟེ། སྐྱེད་ཚུལ་གཙོ་ཆེ་བ་གསུམ། མངོན་བྱང་ལྔ་བསྐྱེད། རྡོ་རྗེ་བཞི་བསྐྱེད། ཆོ་ག་གསུམ་བསྐྱེད་རྣམས་རིམ་པ་བཞིན་རྐང་པ་ཕྱི་མ་གསུམ་དང་སྦྱོར་དགོས་པ་ལས། དང་པོ་ནི། པདྨ་ལ་སོགས་པའི་གདན་གྱི་སྟེང་དུ་ཨཱ་ལི་ལས་ཟླ་བ་དང་ཀཱ་ལི་ལས་ཉི་མའི་དཀྱིལ་འཁོར་གྱི་བར་དུ་ལྷའི་ཕྱག་མཚན་ས་བོན་གྱི་མཚན་པ་བསམ་ལ། དེ་ལས་འོད་ཟེར་འཕྲོས། འདུས་ནས་ཐམས་ཅད་གཅིག་ཏུ་གྱུར་པ་ལས་ལྷའི་སྐུ་རྫོགས་པར་བསྐྱེད་པ་ནི་མངོན་བྱང་ལྔ་བསྐྱེད་ཅེས་བྱ་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ་དང༌། ཉི་མ་མཉམ་ཉིད་ཡེ་ཤེས་ལས་བྱང་ཆུབ་པ་དང༌། ས་བོན་དང་ཕྱག་མཚན་སོར་རྟོག་ཡེ་ཤེས་ལས་བྱང་ཆུབ་པ་དང༌། ཐམས་ཅད་འདྲེས་པ་བྱ་གྲུབ་ཡེ་ཤེས་ལས་བྱང་ཆུབ་པ་དང༌། སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པར་བརྟག་གཉིས་ལས་བཤད་དོ། །གཞུང་རྣམས་སུ་མངོན་བྱང་ལྔ་མིང་འདྲ་ལ་དོན་མི་འདྲ་བ་ཅི་རིགས་འབྱུང་ཡང༌། སྤྱིར་བཏང་ཟླ་བས་ཁམས་དཀར་པོ་དང༌། ཉི་མས་ཁམས་དམར་པོ་དང༌། ས་བོན་བར་དོའི་རྣམ་ཤེས་མཚོན་པ་དང༌། ཐམས་ཅད་འདྲེས་པས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་དང༌། སྐུ་རྫོགས་པས་ལུས་རྫོགས་ཏེ་མངལ་ནས་ཕྱིར་བཙའ་བ་དང་མཚུངས་པར་བཤད་དོ། །གཉིས་པ་རྡོ་རྗེ་རྣམ་པ་བཞི་བསྐྱེད་ལ། སྟོང་ཉིད་བསྒོམས་ནས་པད་ཉི་ལ་སོགས་པའི་གདན་གྱི་སྟེང་དུ་ཟླ་ཉི་ས་བོན་ལས་འོད་ཟེར་འཕྲོས་སླར་འདུས་པ་ལས་ལྷའི་སྐུ་རྫོགས་པར་བསྐྱེད་དེ་གནས་གསུམ་དུ་ཡི་གེ་གསུམ་དགོད་པ་ལ་སོགས་པ་སྟེ་འདུས་པའི་


LT08,P209A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཕྱི་མ་དང་བརྟག་གཉིས་ལས་ཀྱང་གསུངས་ཏེ། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུ་བ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་རྣམ་བཞི་འདི་དག་གིས། ཐ་མལ་སྒྲུབ་པ་བསྙེན་པ་བྱ། །ཞེས་སོ། །གསུམ་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ནི། པད་ཉི་ལ་སོགས་པའི་གདན་གྱི་སྟེང་དུ་ལྷའི་ས་བོན་ལས་བྱུང་བའི་ཕྱག་མཚན་ས་བོན་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་ལྷའི་སྐུ་རྫོགས་པར་བསྐྱེད་པ་སྟེ་བརྟག་པ་གཉིས་པ་སོགས་ལས་གསུངས་སོ། །དེ་དག་ནི་བསྐྱེད་ཆོག་སྤྱིར་རྣམ་པར་གཞག་པ་ཡིན་ལ། བྱེ་བྲག་ཏུ་ཞུ་བ་གླུས་བསྐུལ་ཡོད་མེད་གཉིས་དང༌། རྒྱུ་དང་འབྲས་བུའི་རྡོ་རྗེ་འཛིན་པ་གཉིས་སུ་བསྐྱེད་དགོས་མི་དགོས་གཉིས་སོགས་རྣམ་གཞག་མང་ལ། གླུས་བསྐུལ་ཡོད་མེད་ཀྱི་མཚོན་དོན་ནི། སངས་རྒྱས་རྣམས་གནས་སྐབས་ཀྱི་གདུལ་བྱར་རུང་བ་མེད་པའི་ཚེ་བདེ་བ་ཆེན་པོའི་སྐུ་ཁོ་ནར་གནས་ཤིང༌། གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན་གཟུགས་ཀྱི་སྐུར་བསྟན་ནས་འགྲོ་དོན་མཛད་པ་དང་རྣམ་པ་མཐུན་པར་ཞུ་བ་གླུས་བསྐུལ་ལས་བཞེངས་པ་དང༌། གཞན་དོན་དུ་སྐད་ཅིག་ཀྱང་སྐུའི་སྣང་བ་མི་སྡུད་པར་གནས་པ་དང་རྣམ་པ་མཐུན་པ་ཞུ་བ་གླུས་བསྐུལ་མེད་པ་ཡིན་པར་བཤད་དོ། །རྡོ་རྗེ་འཛིན་པ་གཉིས་བསྐྱེད་ཚུལ་ལའང༌། གཉིས་ཀ་མངོན་བྱང་ལྔ་ལས་བསྐྱེད་པ་དང་གང་རུང་ཆོ་ག་གསུམ་ལས་བསྐྱེད་པ་ཅི་རིགས་འབྱུང་ཞིང༌། སྐུ་མདོག་དང་ཞལ་ཕྱག་ཀྱང་རྒྱུ་འབྲས་གཉིས་འདྲ་བ་དང་མི་འདྲ་བ་དུ་མ་ཞིག་འབྱུང་བས་གཅིག་ཏུ་མ་ངེས་སོ། །འཁོར་བསྐྱེད་ཚུལ་ཡང་མངོན་བྱང་ལྔས་བསྐྱེད་དང་ཆོ་ག་གསུམ་བསྐྱེད་དང་སྙིང་པོའམ་ས་བོན་ཙམ་ལས་བསྐྱེད་པ་སྣ་ཚོགས་འབྱུང་ངོ༌། །སེམས་དཔའ་སུམ་བརྩེགས་ནི་ཕལ་ཆེར་ལ་འབྱུང་སྟེ་


LT08,P209B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དམ་ཚིག་སེམས་དཔའ་ནི་ཆོ་གས་བསྐྱེད་པ་དེ་ཉིད་ཡིན་པས་དམ་ཚིག་པ་དང་གནད་གཅིག་ལ། ཡེ་ཤེས་སེམས་དཔའ་ནི་དམ་ཚིག་པའི་ཐུགས་ཀར་པད་ཉི་ལ་སོགས་པའི་གདན་ལ་དམ་ཚིག་པ་དང་འདྲ་བའི་ལྷ་བསྒོམ་པ་དང༌། དམ་ཚིག་པ་དང་སྐུ་མདོག་ཞལ་ཕྱག་མི་འདྲ་བ་ཞིག་བསྒོམ་པ་དང༌། ས་བོན་ལས་བྱུང་བའི་ཕྱག་མཚན་བསྒོམ་པ་སོགས་སྣ་ཚོགས་འབྱུང་ངོ༌། །ཏིང་ངེ་འཛིན་སེམས་དཔའ་ནི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ས་བོན་ནམ་ཕྱག་མཚན་བསྒོམ་པ་སྟེ། ཡེ་ཤེས་སེམས་དཔའ་ཕྱག་མཚན་གྱི་རྣམ་པ་བསྒོམ་པ་ལ་ནི་ཏིང་ངེ་འཛིན་སེམས་དཔའ་ས་བོན་གྱི་རྣམ་པས་མཚན་པར་བྱ་བའོ། །འདི་ལའང་ལྷ་ཐམས་ཅད་སེམས་དཔའ་སུམ་བརྩེགས་སུ་བྱེད་པ་དང་གཙོ་བོ་ཁོ་ན་སེམས་དཔའ་སུམ་བརྩེགས་སུ་བྱེད་པ་ཅི་རིགས་ཡོད་དོ། །སྐྱེ་མཆེད་ལ་སོགས་པ་བྱིན་གྱིས་བརླབས་པའང་གཞུང་ཕལ་ཆེར་དུ་གསུངས་ཤིང༌། དེའི་ལྷ་ཡང་ས་བོན་ཙམ་ལས་བསྐྱེད་པ་མང་ལ། ཁ་ཅིག་ཏུ་ཆོ་ག་སུམ་བསྐྱེད། ཁ་ཅིག་ཏུ་ལྷ་མི་བསྒོམ་པར་ལྷའི་ས་བོན་ཙམ་དགོད་པར་ཡང་བཤད་དོ། །གསུམ་པ་རྫོགས་བྱེད་ཀྱི་ཡན་ལག་བཤད་པ་ནི། རྫོགས་བྱེད་ཡན་ལག་ཡེ་ཤེས་དཀྱིལ་འཁོར་གཞུག །དབང་བསྐུར་རྣམ་ལྔས་རྒྱས་གདབ་མཆོད་ཅིང་བསྟོད། །བསྐྱེད་པའི་ཏིང་ངེ་འཛིན་དེ་རྫོགས་བྱེད་ཀྱི་ཡན་ལག་རྡོ་རྗེ་གུར་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་སོགས་གསུངས་ཏེ། དེ་ལ་ཡེ་ཤེས་པ་གཞུག་པ་ནི། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་བསྒོམ་པ་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་པ་སྤྱན་དྲངས་ཏེ་མཆོད་པ་སོགས་བྱས་ལ་དམ་ཚིག་གི་འཁོར་ལོ་ལ་བཅུག་སྟེ་རོ་མཉམ་དུ་གྱུར་པའི་མོས་པ་བརྟན་པོ་བྱའོ། །འགའ་ཞིག་ཏུ་ཕེཾ་གྱི་སྒྲ་དང་སྙོམས་འཇུག་གི་དགའ་བའི་སྒོ་


LT08,P210A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་སྤྱན་འདྲེན་ལ། དེའང་གཞལ་ཡས་ཁང་མེད་པའི་ཡེ་ཤེས་ཀྱི་ལྷ་ཙམ་སྤྱན་འདྲེན་པ་དང༌། དམ་ཚིག་པ་དང་འདྲ་བའི་ངེས་པ་མེད་པར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྤྱན་འདྲེན་པ་ལ་སོགས་པའི་རྣམ་གཞག་མང་ངོ༌། །ཡེ་ཤེས་པ་བཅུག་པའི་དགོས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་བདག་ཉིད་གཅིག་པ་ཉིད་དུ་ལྷག་པར་མོས་པས་མཉམ་པ་ཉིད་དུ་ཡིད་ཆེས་པའི་དོན་དུ་མན་ངག་སྙེ་མར་བཤད་ལ། གཞན་ཡང་ཇོ་བོ་རྗེས་བདག་དང་ཡེ་ཤེས་པ་ཐ་དད་དུ་རྟོག་པ་འགོག་པ་དང་དབྱེར་མེད་ཀྱི་ང་རྒྱལ་བརྟན་པ་དང་བྱིན་གྱིས་བརླབས་པའི་དོན་དུ་ཡིན་པར་བཤད་དོ། །དེ་ནས་དབང་བསྐུར་བ་ནི། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དབང་ལྷ་སྤྱན་དྲངས་ལ་མཆོད་ཅིང་གསོལ་བ་བཏབ་པས་དེ་དག་གིས་དབང་བསྐུར་བར་བསྒོམ་པ་སྟེ། དབང་ལྷ་ནི་གཞུང་ཕལ་ཆེར་དུ་བསྒོམས་པའི་དཀྱིལ་འཁོར་བ་དང་འདྲ་བས་དབང་བསྐུར་བ་མང་ངོ༌། །དབང་ནི་གཞུང་ཕལ་ཆེར་དུ་ཆུ་དབང་ཙམ་ལས་མ་གསུངས་ལ། མཚོ་སྐྱེས་དང་ཇོ་བོ་རྗེས་དབང་བཞི་བསྐུར་བའང་བཤད། ཁ་ཅིག་བསྐྱེད་རིམ་ཁོ་ན་བསྒོམ་པ་ལ་ནི་འདིར་བུམ་དབང་ཙམ་གྱིས་རུང་ལ། རྫོགས་རིམ་དང་འབྲེལ་ན་ནི་བཞི་ག་དགོས་པར་བཞེད་ཀྱང་དེ་ནི་མ་ངེས་སོ། །དབང་བསྐུར་བའི་དགོས་པ་ནི། སྤང་བྱའི་དྲི་མ་འཁྲུད་ཅིང་བསྒྲུབ་བྱ་འགྲུབ་པའི་ནུས་པ་འཇོག་པའི་དོན་ཡིན་ཅིང༌། ཇོ་བོ་རྗེས། བགེགས་དང་སྒྲིབ་པ་དང་ཐེག་དམན་སེལ་བ་དང་བཟླས་སྒོམ་གྱི་སྣོད་དུ་རུང་བ་དང་ཞི་སོགས་ཀྱི་ལས་བསྒྲུབ་པ་ལ་མཐུ་དང་ལྡན་པ་དང་བྱང་ཆུབ་ཀྱི་སེམས་ཉམས་པ་སྐོང་བ་དང་མ་འོངས་པ་ན་སངས་རྒྱས་ཀྱིས་དབང་བསྐུར་བའི་དགོས་པ་སྟེ་བརྒྱད་དུ་བཤད་དོ། །རྒྱས་འདེབས་ལ་རྣམ་གཞག་མང་ཡང༌། རྗེ་བཙུན་གྲགས་པས། སྤྱིར་རྡོ་རྗེ་ཐེག་པའི་ལམ་དང་འབྲས་བུ་ཐམས་ཅད་ཕྱག་རྒྱས་མཚོན་ནུས་ལ།


LT08,P210B
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་བསྐྱེད་པའི་རིམ་པའི་སྟེང་དུ་མཚོན་པས་ལམ་ཐམས་ཅད་མཚོན་པར་ནུས་པ་ཡིན་ནོ། །དེ་ལ་ལྔ་སྟེ། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་ཕྱག་རྒྱ། ལུས་ལ་སེམས་ཀྱི་ཕྱག་རྒྱ། སེམས་ལ་ལུས་ཀྱི་ཕྱག་རྒྱ། རྒྱུ་ལ་འབྲས་བུའི་ཕྱག་རྒྱ། འབྲས་བུ་ལ་རྒྱུའི་ཕྱག་རྒྱའོ། །ཞེས་གསུངས་པ་ཉིད་གསང་དོན་རླབས་སུ་ཆེ་བ་སྟེ། དེ་ལྔའི་དོན་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ལ་རང་བཞིན་གྱིས་དག་པར་ཤེས་པ་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་དམ་རང་བཞིན་ཅན་ལ་རང་བཞིན་ཅན་ཞེས་པའི་རྒྱ་སྟེ། དེ་མཚོན་པ་ནི་ཀྱཻ་རྡོར་ཡབ་ཡུམ་ལ་མི་བསྐྱོད་པས་རྒྱས་བཏབ་པ་ལྟ་བུའོ། །ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རང་གི་སེམས་ལས་གུད་ན་མེད་པར་རྟོགས་པར་བྱ་བ་ནི་ལུས་ལ་སེམས་ཀྱི་རྒྱ་སྟེ། དེ་མཚོན་པ་ནི་པུཀྐ་སཱི་དང་གཽ་རཱི་གཟུགས་ཕུང་དག་པ་རྣམ་སྣང་གི་ངོ་བོ་ལ་སེམས་ཀྱི་ངོ་བོ་མི་བསྐྱོད་པས་རྒྱས་བཏབ་པ་ལྟ་བུའོ། །སེམས་ཉིད་སྲུང་འཁོར་གཞལ་ཡས་ཁང་དང་ཕྱི་རོལ་བེམས་པོའི་རྣམ་འཕྲུལ་ཐམས་ཅད་དུ་སྣང་བ་སེམས་ལུས་སུ་སྒྲུབ་པ་ནི་སེམས་ལ་ལུས་ཀྱི་རྒྱ་སྟེ། དེ་མཚོན་པ་ནི་ཤ་བ་རཱི་དང་ཙཽ་རཱི་རྣམ་ཤེས་དག་པ་མི་བསྐྱོད་པའི་ངོ་བོ་ལ་གཟུགས་ཀྱི་ངོ་བོ་རྣམ་སྣང་གིས་རྒྱས་བཏབ་པ་ལྟ་བུའོ། །མ་དག་པའི་ཕུང་ཁམས་སྐྱེ་མཆེད་རྣམས་དག་པ་དེ་བཞིན་གཤེགས་པ་རིགས་ལྔ་བྱང་སེམས་སོགས་སུ་བྱིན་གྱིས་རློབ་པ་རྒྱ་ལ་འབྲས་བུའི་ས་བོན་གནས་པ་འབྲེལ་བ་ཅན་དུ་བསྒོམ་པ་ནི་རྒྱུ་ལ་འབྲས་བུའི་རྒྱ་སྟེ། དེ་མཚོན་པ་ནི་འདུ་ཤེས་དག་པ་ཙཎྜ་ལཱི་དང་བཻ་ཏ་ལཱི་རྒྱུ་འདོད་ཆགས་འོད་དཔག་མེད་ཀྱི་ངོ་བོ་ལ། འདོད་ཆགས་ཀྱི་འབྲས་བུ་སེར་སྣ་དག་པ་རིན་འབྱུང་གིས་རྒྱས་བཏབ་པ་ལྟ་བུའོ། །དག་པ་རིགས་ལྔ་ཡེ་ཤེས་ལྔ་ཡང་རྒྱུ་ཕུང་པོ་དང་ཉོན་མོངས་པ་གནས་གྱུར་པ་ལས་འབྱུང་བར་སྟོན་པ་ནི་འབྲས་བུ་ལ་རྒྱུའི་རྒྱ་སྟེ། དེ་མཚོན་པ་ནི་འདུ་བྱེད་དག་པ་ཌོ་མཱི་ནཱི་དང་


LT08,P211A
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྨ་རཱི་འབྲས་བུ་ཕྲག་དོག་དོན་གྲུབ་ཀྱི་ངོ་བོ་ལ། ཕྲག་དོག་གི་རྒྱུ་འདོད་ཆགས་དག་པ་འོད་དཔག་མེད་ཀྱིས་རྒྱས་བཏབ་པ་ལྟ་བུའོ། །གཞན་ཡང་རིགས་དང་རིགས་ཅན་ཕན་ཚུན་དུ་རྒྱས་འདེབས་པ་དང༌། བསྐྱེད་བྱ་དང་སྐྱེད་བྱེད་ཕན་ཚུན་དུ་དང༌། རྒྱུ་དང་འབྲས་བུ་ཕན་ཚུན་དུ་རྒྱས་འདེབས་པའི་རྣམ་གཞག་ཀྱང་རྡོ་རྗེ་སྙིང་འགྲེལ་ལས་གསུངས་ཤིང༌། རྒྱས་འདེབས་ཀྱི་དགོས་པ་ནི་ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་རིགས་མི་འཆོལ་བར་བསྒོམ་དགོས་པའི་ཆེད་དུ་ཡིན་ཏེ། བརྟག་གཉིས་ལས། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། །འདིས་ནི་རིགས་ནི་མཚོན་པར་བྱ། །རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པའང་མེད། །ཅེས་སོ། །དེ་ནས་བདུད་རྩི་མྱང་བ་དང་མཆོད་བསྟོད་ནི་གཞུང་སོ་སོར་ཚུལ་དུ་མ་ཞིག་འབྱུང་སྟེ། ཐམས་ཅད་ཀྱང་མཆོད་བྱ་དང་མཆོད་བྱེད་དང་མཆོད་པ་རྣམས་སྐྱེ་མེད་སྟོང་པ་ཉིད་དུ་ཤེས་པས་བྱ་བ་ཡིན་ལ། དགོས་པ་ནི་འདོད་ཡོན་གྱི་དངོས་པོ་ལ་སོགས་པའི་སྤྱོད་ཡུལ་ཐམས་ཅད་ཟག་མེད་བདེ་སྟོང་གི་རྣམ་རོལ་ཏུ་ཤེས་པའི་ཆེད་དུ་ཡིན་པར་བཤད་དོ། །གསུམ་པ་སྤྱིའི་ཆིངས་ལམ་བྱེད་བཞི་ལས་འཕྲོས་པ་ལ་ལྔ། ལམ་བྱེད་དངོས། གསལ་སྣང་སྒྲུབ་ཚུལ། བདེ་སྟོང་གི་རྒྱས་འདེབས། དག་པ་དྲན་པ། བསྡུ་ལྡངས་སོ། །དང་པོ་ནི། རྣམ་མོས་འབྲས་བུ་བྱིན་རླབས་ལམ་བྱེད་བཞི། །ཞེས་པ་སྟེ། བསྐྱེད་རྫོགས་ཀྱི་རིམ་པ་ཐམས་ཅད་ལ་བོད་སྔ་རབས་པ་རྣམས་ལམ་བྱེད་བཞིའི་ཐ་སྙད་མཛད་དེ། དེ་ལ་ཐོག་མར་རྣམ་པ་ལམ་བྱེད་ནི། འབྲས་བུ་དང་རྣམ་པ་མཐུན་པར་བསྒོམས་པས་གསལ་སྣང་སྐྱེས་ནས་མ་དག་པའི་སྣང་བ་འགོག་པ་སྟེ། ཀེང་རུས་བསྒོམས་པས་གསལ་སྣང་སྐྱེས་པའི་ཚེ་འཁྲིག་པའི་འདོད་ཆགས་འགོག་པ་བཞིན་ནོ། །མོས་


LT08,P211B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལམ་བྱེད་ནི་གོང་དུ་སྨོས་པ་དེ་མངོན་དུ་འགྱུར་བ་སྟེ་མནར་མེད་ཀྱི་མེ་ཕུང་ཤཱ་རིའི་བུས་ཆུར་མོས་པས་ཆུར་སོང་བ་བཞིན་ནོ། །འབྲས་བུ་ལམ་བྱེད་ནི་འབྲས་བུ་ཐོབ་བྱ་དེ་ཉིད་བསྒོམས་པས་དེ་འགྲུབ་པར་འགྱུར་བ་སྟེ་ཞི་རགས་ཀྱི་རྣམ་པར་བསྒོམས་པས་བསམ་གཏན་གྱི་སེམས་འགྲུབ་པ་བཞིན་ནོ། །བྱིན་རླབས་ལམ་བྱེད་ནི་སངས་རྒྱས་སོགས་ཀྱི་བྱིན་རླབས་ཀྱིས་ཐ་མལ་པའི་ལུས་སེམས་ཡེ་ཤེས་སུ་བསྒྱུར་བ་སྟེ། བའི་ལྕི་བ་གསེར་དུ་བྱིན་རླབས་མཛད་པས་གསེར་དུ་བསྒྱུར་བ་བཞིན་ནོ། །དང་པོ་ལྷ་སྐུ་དང་བདེ་སྟོང་ཐམས་ཅད་ཡིན་ལ། བར་པ་གཉིས་ཀྱང་བསྐྱེད་རིམ་གྱི་ལྷ་སྐུ་ཐམས་ཅད་ལ་ཡོད། ཕྱི་མ་ནི་ཡེ་ཤེས་ཀྱི་ལྷ་ཚོགས་རང་ལ་བསྟིམས་པ་དང༌། རང་དང་རྩ་ཁམས་ལྷར་བསྐྱེད་པས་དེའི་བྱིན་རླབས་འབྱུང་བ་དང༌། སྔགས་བཟླ་བ་དང་མཆོད་གཏོར་འབུལ་བ་ལ་སོགས་པའང་ཡིན་མོད་ཀྱི་གཙོ་བོར་ནི། བླ་མའི་བྱིན་རླབས་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་འབྱུང་གང་ཡིན། །ཅེས་པ་ལྟར། མོས་གུས་དང་བླ་མའི་བྱིན་རླབས་ཀྱིས་ཕྱག་རྒྱ་ཆེན་པོ་མངོན་སུམ་ལམ་དུ་བྱེད་པ་ཡིན་ནོ། །གཉིས་པ་ནི། ཚང་བས་གྲོལ་ཕྱིར་དམིགས་པ་མཐའ་དག་ལ། །ཕྲ་རགས་གསལ་སྣང་འདོན་ཅིང་ང་རྒྱལ་བརྟན། །དེ་ལྟར་ལམ་བྱེད་བཞིའི་གནད་ཚང་བས་རྟོག་སྒོམ་གྱིས་ཀྱང་གྲོལ་ནུས་པའི་གནད་ཡོད་པའི་ཕྱིར། རགས་པ་བསྐྱེད་རིམ་གྱི་ལྷ་སྐུ་ཡན་ལག་བདུན་ལྡན་རྣམ་པ་མཐུན་པ་ཙམ་དང༌། ཕྲ་བ་རྫོགས་རིམ་གྱི་རྟོགས་པར་ན་འཕོས་པའི་ལྷའི་གསལ་སྣང་སྟེ་གཉིས་ཀ་ལ་ལས་དང་པོ་པས་གསལ་སྣང་ཡང་ཡང་འདོན་ཅིང༌། དེ་དང་དེའོ་སྙམ་པའི་ང་རྒྱལ་ཤིན་ཏུ་བརྟན་པར་བསྒོམ་པ་ནི་རྣམ་རྟོག་ལམ་བྱེད་ཅེས་པའི་གདམས་ངག་གི་གནད་དོ། །གསུམ་པ་ནི། རྣམ་པ་ལྷ་ལ་ངོ་བོ་སྤྲོས་པ་བྲལ། །མི་ནུས་སྟོང་པ་ཉིད་ཀྱི་ངེས་ཤེས་དང༌། །ཕྲ་ཐིག་སྟེང་


LT08,P212A
[མ་དཔེ་གཟིགས་ན་འདིར་གནོན།]

འོག་སྣ་རྩེའི་སྲོག་རྩོལ་གྱི། །བདེ་བས་རྒྱས་འདེབས། །དེ་ལྟར་བསྐྱེད་རིམ་ལ་སློབ་པའི་སྐབས་ཐམས་ཅད་དུ་སྣང་ཕྱོགས་ཀྱི་དཀྱིལ་འཁོར་ཡིད་ཡུལ་དུ་ཤར་བ་ཐམས་ཅད་ཀུན་རྫོབ་ཏུ་སྣང་ཙམ་ལས་ངོ་བོ་ཉིད་དུ་མ་གྲུབ་པ་དོན་དམ་སྟོང་པ་ཉིད་དུ་ཤེས་པར་བྱས་ནས་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་སློབ་དགོས་ཏེ། མཐར་ཐུག་ལྷ་སྣང་དང་ང་རྒྱལ་ཞུ་བདེས་བྱིན་གྱིས་བརླབས་པའི་རྣམ་པ་མ་འགག་པ་ལ་ངོ་བོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་སུ་འཆར་བར་དགོས་ཤིང༌། དེ་ལྟར་མི་ནུས་པའི་སྐབས་སུ་སྟོང་པ་ཉིད་དུ་གོ་བའི་ངེས་ཤེས་བརྟན་པས་གསལ་སྣང་ལ་སྟོང་ཉིད་ཀྱི་རྒྱས་འདེབས། མ་རྒྱུད་ལ་ཕྲ་མོ་རླུང་གི་རྣལ་འབྱོར་དང༌། ཐིག་ལེ་དབབ་ཟློག་གི་རྣལ་འབྱོར། ཕ་རྒྱུད་ལ་སྟེང་འོག་གི་སྣ་རྩེའི་རྣལ་འབྱོར་བསྒོམ་པའི་སྲོག་རྩོལ་གྱི་སྦྱོར་བས་ཞུ་བདེ་དྲངས་ཏེ་གསལ་སྣང་ལ་བདེ་བས་རྒྱས་འདེབས། མདོར་ན་ལྷའི་འཁོར་ལོའི་གསལ་སྣང་ལ་བདེ་སྟོང་གི་རྒྱས་གདབ་བས། ལྷ་སྐུར་སྣང་བ་དེའང་བདེ་སྟོང་གི་ངོ་བོར་ལམ་གྱིས་ཤར་བ་ན། དེ་ཉིད་ལ་ནན་ཏན་དུ་བསྒོམས་པས་རླུང་རྣམས་དྷཱུ་ཏིར་ཐིམ་ནས་རྫོགས་རིམ་གྱི་རྟོགས་པར་ན་འཕོ་བས་བདེ་བ་སྐྱེ་ཞིང་དེ་དང་ལྷ་སྐུ་གཉིས་ཆེད་གཏད་དུ་བསྲེ་ནས་རྒྱས་བཏབ་མི་དགོས་པར་ལྷན་ཅིག་ཏུ་འཆར་ཞིང༌། རྣམ་རྟོག་གིས་བར་མི་ཆོད་པ་ན་དྲན་པ་གཅིག་པ་ལ་གནས་པ་ཞེས་བྱ། དེ་ཉིད་བསྒོམས་པས་རེག་མཐོང་གི་མཚན་མ་རྙེད་པའི་ཚེ་རྟོགས་པའི་རྣལ་འབྱོར་ལ་གནས་པའོ། །འདིར་ཕྲ་ཐིག་ལ་ངོས་འཛིན་མང་ཞིང་དེ་དག་ཇི་ལྟར་སྒོམ་པའི་ཚུལ་སོགས་མང་གིས་དོགས་པས་མ་སྤྲོས་ཏེ་འདི་རིགས་གཞན་ལའང་ཤེས་པར་བྱའོ། །བཞི་པ་ནི། བསྒོམ་པས་སྐྱོ་བ་ན། །ལྷ་དང་དོན་དམ་རང་རིགས་དག་པ་དྲན། །ལྷ་བསྒོམས་པས་སྐྱོན་དག་པ་དྲན་པ་གྲུབ་ཆེན་གྱི་གཞུང་མཐའ་དག་ཏུ་གསུངས་ཏེ།


LT08,P212B
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབར་བར། བསམ་གཏན་མི་ནུས་རྣལ་འབྱོར་གང༌། །དེས་ནི་དག་པ་རྗེས་སུ་དྲན། །ཞེས་པ་ལྟར་རོ། །དག་པ་དྲན་ཚུལ་ལ་རྣམ་གཞག་དུ་མ་ཡོད་པ་ལས། ཀུན་རྫོབ་ལྷའི་དག་པ་ལ་ལྷའི་མངོན་རྟོགས་རྣམས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དུ་དག་པ་ནི། བརྟག་གཉིས་སུ། སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །རྡོ་རྗེ་གསུམ་གྱི་དག་པའི་སྤྱན། །བྱམས་པའི་ཐུགས་ལ་ཡན་ལག་གནག །ཅེས་སོགས་གསུངས་པ་ལྟ་བུ། ལུས་ཀྱི་ཕུང་ཁམས་ལ་སོགས་པ་ལྷར་དག་པ་ནི། གསང་འདུས་ལས། ཕུང་པོ་ལྔ་ཡི་རང་བཞིན་དུ། །སངས་རྒྱས་ལྔར་ནི་རབ་བསྟན་བྱ། །སྤྱན་ལ་སོགས་པའི་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན་ནོ། །ཞེས་སོགས་གསུངས་པ་ལྟ་བུ། ལུས་ཀྱི་རྩ་ཁམས་ལ་སོགས་པ་ལྷར་དག་པ་ནི། ལཽ་ཨི་པས། དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ཁམས་ལ་བརྟགས་པའོ། །ཞེས་པ་ལྟ་བུ། རྒྱན་ཆ་སྔགས་སུ་དག་པ་ནི། དེ་ཉིད་ཀྱིས། དཔའ་བོ་རྩ་བའི་སྔགས་སོགས་གང༌། །ཚངས་པའི་སྐུད་པ་སོགས་སུ་བརྟགས། །ཞེས་སོགས་གསུངས་པ་ལྟ་བུ། དོན་དམ་དེ་ཁོ་ན་ཉིད་དག་པ་ལ། དེ་བཞིན་ཉིད་ཀྱི་དག་པ་ནི། འཁོར་འདས་ཀྱི་དངོས་པོ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་མེད་སྟོང་པ་ཉིད་དུ་ཤེས་པར་བྱ་བ་སྟེ། བརྟག་གཉིས་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་སོ། །རང་རིག་པའི་དག་པ་ནི། རྫོགས་རིམ་དང་འབྲེལ་ན་ཐམས་ཅད་བདེ་སྟོང་ལྷན་ཅིག་སྐྱེས་པའི་རྣམ་རོལ་ཏུ་ཤེས་པར་བྱ་བ་སྟེ། བརྟག་གཉིས་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པའི་བདེ་བ་མཆོག །ཅེས་སོ། །དག་པ་དྲན་པའི་དགོས་པ་ནི།


LT08,P213A
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དག་ལམ་དང་འབྲས་བུའི་ཆོས་ཐ་དད་དུ་འཛིན་པ་ཟློག་པའི་དོན་དུ་བཞེད་དོ། །ལྔ་པ་ནི། ཐུན་བཞིར་བསླབ་ལ་ཐུན་མཚམས་བསྡུ་ཞིང་ལྡངས། །བསྐྱེད་རིམ་ལ་གཞོལ་བའི་རྣལ་འབྱོར་པས་ཐུན་བཞིར་བསླབ་པར་བཤད་པའི་ཐུན་བཞི་ནི། ཛཱ་ལནྡྷ་ར་པས། ཐུན་བཞིར་བྱིན་གྱིས་བརླབས་པ་ཞེས་བྱ་བའི་རིམ་པ་ནི། ཐོ་རངས་དང་ཉི་མའི་གུང་དང་ཕྱི་དྲོ་དང་མཚན་མོ་སྟེ་སྒོམ་པའི་རིམ་པའོ། །ཞེས་སོ། །ཐུན་མཚམས་སུ་བསྡུ་བ་ནི། སྣོད་བཅུད་རྟེན་དང་བརྟེན་པར་བཅས་པ་རང་ལ་བསྡུ། རང་ཡང་རིམ་གྱིས་འོད་གསལ་དུ་བསྡུས་ནས་སླར་འོད་གསལ་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་སྟེ། དྲིལ་བུ་པས། ས་བོན་འོད་ཀྱིས་ཤེས་རབ་བདག་པོ་དང༌། །འཁོར་ལོ་ས་དང་ཁང་པ་བརྩེགས་པ་རྣམས། །སྣང་བར་བྱས་ཏེ་འོད་གྱུར་རིམ་བཞིན་བསྡུ། །ཞེས་པ་ལྟར་རོ། །གཉིས་པ་མཉམ་པར་མ་གཞག་པའི་རྣལ་འབྱོར་ནི། མཉམ་པར་མ་གཞག་བཟླས་པ་གཏོར་མ་ཟས། །ཆགས་སྤྱོད་ཉལ་ལྡངས་ཁྲུས་ཀྱི་རྣལ་འབྱོར་རོ། །བསྐྱེད་རིམ་གྱི་རྗེས་ཐོབ་བམ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་བརྒྱད་ཡོད་པའི་དང་པོ་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ། བཟླ་ཡུལ་ཕྲེང་བ། བཟླས་པའི་དམིགས་པ། བཟླ་བྱ་སྔགས། བཟླས་པའི་གྲངས་ཚད་ཀྱི་རྣམ་གཞག །གཉིས་པ་གཏོར་མ་བཏང་བ་ལ། ལྷ་དང་འབྱུང་པོ་ཐ་དད་མི་དད་གཉིས། ཕྱི་མ་ལ་དཀྱིལ་འཁོར་དང་འབྲེལ་མ་འབྲེལ་བའི་ལུགས་གཉིས། གསུམ་པ་བཟའ་བཏུང་ཟས་ཀྱི་རྣལ་འབྱོར། བཞི་པ་རྗེས་ཆགས་ལས་རྒྱའི་རྣལ་འབྱོར། ལྔ་པ་ཐུན་མཚམས་སྤྱོད་ལམ་གྱི་རྣལ་འབྱོར། དྲུག་པ་ཉལ་བ་གཉིད་ཀྱི་རྣལ་འབྱོར། བདུན་པ་ཐོ་རངས་ལྡང་བའི་རྣལ་འབྱོར། བརྒྱད་པ་དག་བྱེད་ཁྲུས་ཀྱི་རྣལ་འབྱོར་རྣམས་ཏེ། དེ་དག་ལའང་


LT08,P213B
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་ལག་ལེན་གྱི་དབྱེ་བ་མང་དུ་ཡོད་པ་རྣམས་ནི་འདིར་སྤྲོ་བར་མ་བྱས་སོ། །དྲུག་པ་སྦྱང་གཞི་དང་སྦྱོང་བྱེད་སྦྱོར་ཚུལ་བཤད་པ་ལ། ཐོག་མར་སྦྱང་གཞིའི་དོན་ཞིབ་ཏུ་མ་ཤེས་ན། སྦྱོང་བྱེད་སྦྱོར་ཚུལ་ཇི་བཞིན་མི་རྟོགས་པས་སྤྱི་དོན་གྱི་ཚུལ་གྱིས་འཆད་པ་ལ་གསུམ། ཐོག་མར་འཆི་བའི་ཚུལ། དེ་ལས་བར་དོ་འཆར་ཚུལ། དེ་ནས་སྐྱེ་བ་འགྲུབ་ཚུལ་གསུམ་གྱི་དང་པོ་ནི། འདིར་སྐྱེ་འཆི་བར་དོ་གསུམ་བསྐྱེད་རིམ་གྱི་སྤྱད་གཞིར་གསུངས་པ་ལས་ཁམས་དྲུག་ལྡན་གྱི་མི་གཙོ་བོར་བྱས་ཏེ་བཤད་ན། དེ་ཉིད་ཀྱི་ཕུང་པོ་ལྔ་ཁམས་བཞི་དབང་པོ་དྲུག་ཡུལ་ལྔ་ཡེ་ཤེས་ལྔ་སྟེ་རགས་པ་ཉི་ཤུ་རྩ་ལྔ་ལ་སོགས་པ་ཐིམ་པ་ལ་འཆི་བ་ཞེས་བྱ་ཞིང༌། དེ་དག་ཐིམ་པའི་རྟགས་མང་དུ་ཡོད་ཀྱང་འདིར་འཆི་རིམ་བསྡུ་ན། རགས་པ་འབྱུང་བཞིའི་ཐིམ་ཚུལ་ནི། ལུས་སའི་ཁམས་ཆུ་ལ་ཐིམ་པས་ཕྱི་རྟགས་ལུས་འགུལ་བསྐྱོད་མི་ནུས་ཤིང་ཟུང་མི་ཐུབ་པ། ནང་རྟགས་ཤེས་པ་དུ་བ་ལྟ་བུ་འབྱུང༌། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་ལུས་ཀྱི་རྡུལ་དང་ཁ་ཆུ་ལ་སོགས་པ་སྐམ། ནང་རྟགས་ཤེས་པ་སྨིག་རྒྱུ་ལྟ་བུ་འབྱུང༌། ཞེ་སྡང་ལས་གྱུར་པའི་ཀུན་རྟོག་སོ་གསུམ་འགག་མེ་རླུང་ལ་ཐིམ་པས་ཕྱི་རྟགས་ལུས་ཀྱི་དྲོད་མཐའ་ནས་སྡུད། ནང་རྟགས་ཤེས་པ་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང༌། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་རྟགས་དབུགས་ཕྱིར་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ཤེས། ནང་རྟགས་ཤེས་པ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་འབྱུང༌། གཏི་མུག་ལས་གྱུར་པའི་ཀུན་རྟོག་བདུན་འགག་གོ །དེ་ནས་ཕྲ་བ་སྣང་བ་གསུམ་ཐིམ་ཚུལ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང༌། སྣང་བ་མཆེད་པ་ལ་


LT08,P214A
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཉི་འོད་ཤར་བ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང༌། མཆེད་པ་ཉེར་ཐོབ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞིང༌། དེར་དྲན་པ་ཉམས་ནས་ནག་ཐམ་གྱིས་དྲན་མེད་དུ་འགྲོ། དྲན་མེད་དེ་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པའི་སྨག་སྟེ་ནམ་མཁའ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་དུས་ཀྱི་ནམ་མཁའ་གཡའ་དག་ལྟ་བུ་འཆར་ཏེ་འོད་གསལ་ཡིན་ནོ། །གཉིས་པ་ནི། འོད་གསལ་དེ་ལས་སླར་ཉེར་ཐོབ། དེ་ལས་མཆེད་པ་དང་མཆེད་པ་ལས་སྣང་བ་རྣམས་རིམ་པས་སྐད་ཅིག་ལ་འཆར་ཞིང༌། སྣང་བ་ལས་ཀུན་རྟོག་བརྒྱད་ཅུ་ཤར་ནས་རྣམ་ཤེས་རླུང་གི་ཞོན་པ་ཅན་གྱི་བར་དོའི་ལུས་གྲུབ་པ་ཡིན་ལ། དེའང་དང་པོར་སྔོན་གྱི་བག་ཆགས་ཀྱི་སྣང་བ་ཡུད་དེ་བ་འཆར། དེ་ནས་དེ་ཇེ་མི་གསལ་དུ་སོང་སྟེ་ཕྱི་མའི་ལུས་སྣང་འཆར་བར་དུས་འཁོར་འགྲེལ་ཆེན་དུ་བཤད་ཅིང༌། དེའང་གང་དུ་སྐྱེ་བར་འགྱུར་བའི་ལུས་དབྱིབས་ཅན་དབང་པོ་ཀུན་ཚང་བ། སྐྱེ་གནས་མ་གཏོགས་པ་ལ་ཐོགས་པ་མེད་པ་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དྲི་ལ་ཟོས་ནས་ལུས་བརྟས་པར་བྱེད་པ། རང་དང་རིས་མཐུན་པའི་བར་དོ་དང་ལྷ་མིག་དག་པས་མཐོང་བ། སྐྱེ་གནས་དང་དྲི་འཚོལ་བའི་ཕྱིར་མངོན་པར་རྒྱུ་བ་ཞིག་ཏུ་བཤད་ལ། ལས་བཟང་ངན་གྱི་ཁྱད་པར་ལ་བརྟེན་ནས་འཁྲུལ་སྣང་མ་ངེས་པ་སྣ་ཚོགས་འཆར་ཞིང་ཤིན་ཏུ་མི་བརྟན་པ་འབྱུང་ངོ༌། །དེའི་ཚེ་ཚད་རིང་མཐའ་ཞག་བདུན་ཡིན་ཞིང་དེ་ཚུན་ཆད་དུ་ངེས་པ་མེད་ལ། དེ་ལ་སྐྱེ་སྲིད་དུ་སྐྱེ་བར་མ་ནུས་ན་ཅུང་ཟད་བརྒྱལ་བ་ལྟ་བུའི་འཆི་ཆུང་རེ་ལས་སླར་བར་དོར་སྐྱེས་ནས་ཞག་བདུན་གྱི་ཚུལ་གྱིས་སྐྱེ་སྲིད་འཛིན་ཞིང༌། དེར་ཡང་སྐྱེ་བའི་རྐྱེན་གྱི་ཚོགས་པ་


LT08,P214B
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྙེད་ན་རང་བཞིན་ལས་ཞག་ཞེ་དགུ་ཚུན་ལ་ངེས་པར་སྐྱེ་བ་ལེན་པའོ། །དེའང་གཟུགས་མེད་ཁམས་སུ་སྐྱེ་བ་ལ་བར་སྲིད་མི་འོང་བར་གང་དུ་ཤི་བ་དེར་གཟུགས་མེད་ཀྱི་ཕུང་པོ་འགྲུབ་ཅིང༌། འདོད་ཁམས་དང་གཟུགས་ཁམས་སུ་སྐྱེ་བ་ལ་བར་སྲིད་ངེས་པར་འབྱུང་བར་བཤད་དོ། །གསུམ་པ་ནི། དེ་ནས་སྐྱེ་སྲིད་ལ་འཇུག་པའི་ཚེ་སྐྱེ་གནས་བཞི་ལས། རྫུས་ཏེ་སྐྱེ་ན་གནས་ལ་སྲེད་པ་སྐྱེས་ནས་ཅི་རིགས་པའི་ཆགས་སྡང་གིས་ཅུང་ཟད་བརྒྱལ་བ་ལྟ་བུའི་འཆི་ཆུང་རེ་ལས་ཀྲོང་སྟེ་སྐྱེ། དྲོད་གཤེར་ལས་སྐྱེས་ན་དྲི་དང་རོ་ལ་སྲེད་པའི་ཆགས་སྡང་གིས་ཅུང་ཟད་བརྒྱལ་བ་ལས་སྐྱེས། མངལ་དང་སྒོ་ང་ལས་སྐྱེ་ན་ཕ་མ་འདོད་པ་སྤྱོད་པ་མཐོང་ནས་ཆགས་སྡང་གིས་ཅུང་ཟད་བརྒྱལ་བ་ལས་སྐྱེ་བ་འཛིན་པ་ཡིན་ལ། དེའང་བར་དོའི་གནས་སྐབས་ཀྱི་རང་བཞིན་གཡོ་བའི་རླུང་རྣམས་ཐིམ་ནས་སྣང་མཆེད་ཐོབ་གསུམ་དང་འོད་གསལ་ཕྲ་མོ་རེ་འཆར་ཏེ། འོད་གསལ་དེ་ལས་སླར་ཉེར་ཐོབ་ཤར་བ་ན་སྐྱེ་སྲིད་འཛིན་ལ། ཉེར་ཐོབ་ལས་མཆེད་པ་དང་མཆེད་པ་ལས་སྣང་བ་དང་སྣང་བ་ལས་ཀུན་རྟོག་རྣམས་སྐྱེ་ཞིང༌། སྣང་བའི་གཞོན་པའི་རླུང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཁྱད་པར་ཅན་དུ་གྱུར་པའི་རླུང་ཁམས་སྐྱེ་ལ། རླུང་ཁམས་ལས་དེ་འདྲ་བའི་མེ་ཁམས་དང༌། མེ་ཁམས་ལས་དེ་འདྲ་བའི་ཆུ་ཁམས་དང༌། ཆུ་ཁམས་ལས་དེ་འདྲ་བའི་ས་ཁམས་རྣམས་སྐྱེ་ཞིང༌། འབྱུང་བ་དེ་དག་ལས་ཕུང་པོ་ལ་སོགས་པ་འཕེལ་བར་བཤད་དོ། །ཁྱད་པར་མི་མངལ་དུ་སྐྱེ་བ་ལེན་ཚུལ་བཤད་པ་ནི། བར་དོས་ཕ་མ་ཉལ་པོ་བྱེད་པ་མཐོང་ནས་ཕའི་ཁའམ་སྤྱི་བོ་ནས་ཞུགས་གསང་གནས་ནས་འཐོན་ཏེ་མའི་གསང་བར་ཞུགས་ཤིང་ཁུ་ཁྲག་གི་དབུས་སུ་ཉིང་མཚམས་སྦྱར་ནས། དེ་ཉིད་མངལ་དུ་འཕེལ་བ་ཡིན་ལ། ཁུ་ཁྲག་དེའང་འབྱུང་བ་བཞི་དང་ལྡན་པས། སས་བརྟན་པར་བྱེད་ཆུས་སྡུད་མེས་སྨིན་རླུང་


LT08,P215A
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྒྱས་པར་བྱེད་ཅིང༌། རིམ་པས་མའི་རླུང་ཁྲག་ལ་སོགས་པའི་དྭངས་མས་བསྐྱེད་དེ། དེའང་ཞག་བདུན་ཕྲག་དང་པོ་ལ་ནུར་ནུར་པོ་དང༌། གཉིས་པ་ལ་མེར་མེར་པོ་དང༌། གསུམ་པ་ལ་ལྟར་ལྟར་པོ་དང༌། བཞི་པ་ལ་གོར་གོར་པོའི་རྣམ་པར་གནས་ཤིང༌། དེ་ནས་མཁྲང་བར་གྱུར་ཏེ་ཉའི་རྣམ་པ་ལྟ་བུ་ལས་ཟླ་བ་ལྔ་ན་ཡན་ལག་རྣམ་པར་སྐྱེ། ཟླ་བ་བདུན་ན་སྐྲ་དང་སེན་མོ་ལ་སོགས་པ་སྐྱེ། ཟླ་བ་བརྒྱད་ན་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་རྣམས་སྐྱེས་ནས། ཟླ་བ་དགུ་པ་ལ་ལུས་རྫོགས་ཏེ་ཟླ་བའི་ངོ་བཅུ་ན་མངལ་ཕྱིར་བཙའ་བར་སྡོམ་འབྱུང་ལས་བཤད་དོ། །དེ་སྦྱོང་བྱེད་བསྐྱེད་རིམ་དང་སྦྱོར་བའི་ཚུལ་ལ། སྤྱིར་སྦྱང་གཞི་སྐྱེ་གནས་སོགས་དང་ཆོས་མཐུན་པ་ཁྱད་པར་མང་དུ་ཡོད་ཀྱང་འདིར་རེ་ཞིག་ངེས་པ་སྐྱེ་སླ་བའི་ཕྱིར་ཐུན་མོང་དུ་སྦྱར་ནས་བཤད་ན། སྦྱང་གཞི་མངལ་ནས་སྐྱེ་བའི་ལས་བསགས་པ་ཞིག་ཤི་ནས་བར་དོར་གྲུབ་པ་མིའི་འཇིག་རྟེན་ན་མའི་མངལ་དུ་ཞུགས་ཤིང་ལུས་རྫོགས་ནས་ཕྱིར་བཙས་ཏེ་སྐྱེ་སྲིད་དེའི་བྱ་བ་སྣ་ཚོགས་སྒྲུབ་པ་དང༌། སྦྱོང་བྱེད་ཚོགས་བསགས་ཏེ་སྟོང་ཉིད་བསྒོམས་ནས་གཞལ་ཡས་ཁང་གི་ནང་དུ་རྒྱུ་རྡོ་རྗེ་འཛིན་པ་ལ་ནཱ་དའམ་ཡི་གེ་ཞུགས་ཏེ་ཞུ་བ་གླུས་བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་སོགས་ཆོས་མཐུན་ལ། དེའང་རེ་རེ་ནས་སྦྱོར་ཏེ་ཞིབ་མོར་བཤད་པ་ལ་གསུམ། འཆི་སྲིད། བར་སྲིད། སྐྱེ་སྲིད་དོ། །དང་པོ་ནི། དེའི་སྦྱང་གཞི་སྐྱེ་འཆི་བར་སྲིད་གསུམ། །རགས་པ་ཤེར་ལྔ་ཕྲ་བ་གསུམ་ཐིམ་པའི། །རྟགས་ཅན་འཆི་སྲིད་ཡེ་ཤེས་ཚོགས་ཀྱིས་སྦྱོང༌། །སྦྱོང་བྱེད་བསྐྱེད་རིམ་བསྒོམ་པ་དེ་དག་གི་སྦྱང་གཞི་སྐྱེ་འཆི་བར་སྲིད་གསུམ་དུ་འདུ་བ་ལས། གོ་སླ་བའི་ཕྱིར་མངོན་རྟོགས་དང་སྦྱོར་ན། སྐྱེ་བ་སྔ་མ་སྲིད་པར་སྐྱེ་བའི་ལས་བསགས་པ་ནི་ཚོགས་ཞིང་ལ་བསོད་


LT08,P215B
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱི་ཚོགས་བསགས་པ་དང་མཐུན་ཅིང༌། སྐྱེ་བ་དེ་མཐར་རགས་པ་ཉེར་ལྔ་དང་ཕྲ་བ་གསུམ་ཐིམ་པའི་རྟགས་ཅན་འཆི་བའི་སྲིད་པ་ནི་ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་བསྒོམས་པས་སྦྱོང་བར་བྱེད་དོ། །གཉིས་པ་ནི། འོད་གསལ་སྣང་གསུམ་རང་བཞིན་བརྒྱད་ཅུར་ལྡངས། །རྣམ་ཤེས་རླུང་ཞོན་པར་སྲིད་སྒོ་གསུམ་པོ། །འབྲུ་གསུམ་སྲེད་ལེན་ཧོཿཡིག་ནཱ་ད་དང༌། །སེམས་སྣང་ཙམ་སོགས་དེ་ཚུལ་ཐ་དད་སྦྱོང༌། །འཆི་བ་འོད་གསལ་ལས་སླར་སྣང་གསུམ་དང་རང་བཞིན་བརྒྱད་ཅུར་ལུགས་འབྱུང་དུ་ལྡངས་ནས། རྣམ་ཤེས་རླུང་གི་ཞོན་པ་ཅན་གྱི་བར་དོའི་སྲིད་པ་གྲུབ་པ་དེ་ཉིད་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ནི་འབྱུང་རིམ་གཞལ་ཡས་ཁང་གདན་དང་བཅས་པས་སྦྱོང༌། །ཕ་མའི་སྣང་བར་ཤར་བ་ནི་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱིས་སྦྱོང༌། དེ་ཉིད་འདོད་པ་སྤྱོད་པ་མཐོང་ནས་མངལ་དུ་ཉིང་མཚམས་སྦྱོར་བའི་ཚེ་སྒོ་གསུམ་པོ་འབྲུ་གསུམ་དང༌། སྲེད་ལེན་ནི་ཧོཿཡིག་གཉིས་ཀྱིས་བརྟེན་པ་དང༌། ནཱ་དའམ་ཡིག་འབྲུ་ཞུགས་པ་ཁོ་ན་ཙམ་དང༌། ཁ་ཅིག་ཏུ་རགས་པའི་ལུས་མེད་ཅིང་ཕྲ་བའི་ཡིད་ལུས་ཙམ་ལ་བརྟེན་པ་མཚོན་ཕྱིར་སེམས་སྣང་ཙམ་ལས་བར་དོའི་གཟུགས་མཚོན་བྱེད་དངོས་སུ་མི་འཇོག་པ་དང༌། སོགས་ཁོངས་ནས་ས་བོན་བསྐྱེད་པའི་དུས་མ་གཏོགས་བར་དོའི་སེམས་སྣང་དུ་ལྡང་བའང་མེད་པ་ནི་སྲིན་བུ་པང་པ་འཕོ་བའི་གནས་སྐབས་བཞིན་དུ་བར་དོ་ཤིན་ཏུ་ཡུན་ཐུང་བ་དུས་མཐའི་སྐད་ཅིག་མ་ཙམ་ལས་མི་གནས་པ་རྣམས་དང་མཐུན་པའི་སྦྱོང་བྱེད་ཡིན་ལ། རྒྱུ་རྡོར་འཛིན་ཡབ་ཡུམ་ཞུ་བ་ནི་ཕ་མ་བདེ་བས་བརྒྱལ་བ་དང་མཐུན་པའི་སྦྱོང་བྱེད་ཡིན་ནོ། །གསུམ་པ་ལ་གཉིས། མངོན་རྟོགས་དངོས་དང༌། རྫོགས་བྱེད་གྱི་དག་པའོ། །དང་པོ་ནི། དེ་ཉིད་སྣ་ཚོགས་འཇུག་ལས་སྐྱེ་བ་བཞིན། །ཞུ་བ་གླུས་བསྐུལ་མཁའ་སྤྲོ་མངལ་ལས་སྐྱེས་


LT08,P216A
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཉི་ཕྱག་མཚན་འདྲེས་པ་སྒོང་སྐྱེས་ཏེ། །ཟླ་བ་ས་བོན་ཙམ་བསྐྱེད་དྲོད་གཤེར་སྐྱེས། །སྐད་ཅིག་ཀྲོང་བསྐྱེད་པ་རྫུས་ཏེ་སྐྱེས་དང་མཐུན། །བར་སྲིད་དེ་ཉིད་སྐྱེ་བའི་གནས་དང་བག་ཆགས་སྣ་ཚོགས་ཀྱིས་འཇུག་པས་སྐྱེ་བའི་སྲིད་པ་གྲུབ་པ་བཞིན་དུ། བསྐྱེད་རིམ་ཐམས་ཅད་སྦྱོང་བྱེད་ཙམ་གྱི་ངོས་ནས་སྐྱེ་གནས་བཞི་ལ་ཉེ་རིང་མེད་ཀྱང་རྣམ་པ་འདྲ་བའི་དབང་དུ་བྱས་ནས་གྲུབ་པའི་སློབ་དཔོན་རྣམས་ཀྱིས་སོ་སོར་བཤད་པ་ལྟར་ན། ཞུ་བ་གླུས་བསྐུལ་ལས་བཞེངས་ཤིང་མཁའ་ནང་ནས་དཀྱིལ་འཁོར་སྤྲོ་བ་མངལ་སྐྱེས་དང་རྣམ་པ་མཐུན་པ། ཟླ་ཉི་ས་བོན་ཕྱག་མཚན་བཅས་འདྲེས་པ་རྡོ་རྗེ་བཞི་བསྐྱེད་སྒོང་སྐྱེས་དང་རྣམ་པ་མཐུན་པ། ཟླ་བ་ས་བོན་ཙམ་ལས་བསྐྱེད་པ་དང་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དྲོད་གཤེར་སྐྱེས་དང་རྣམ་པ་མཐུན་པ། སྐད་ཅིག་དྲན་རྫོགས་ཀྱི་ཀྲོང་བསྐྱེད་རྫུས་ཏེ་སྐྱེ་བ་དང་རྣམ་པ་མཐུན་པའི་སྦྱོང་བྱེད་དུ་བཤད་དོ། །གོང་མ་རྣམས་མངོན་རྟོགས་གཅིག་ཉིད་ལའང༌། མིག་སོགས་བྱིན་རླབས་ཀྱི་ལྷ་རྫུས་སྐྱེས་དང༌། མངོན་བྱང་ལྔ་བསྐྱེད་དྲོད་གཤེར་སྐྱེས་དང༌། མཁའ་སྤྲོ་བྱེད་པ་མངལ་སྐྱེས་དང༌། ཐིག་ལེ་གོང་བུ་ལས་བཞེངས་པ་སྒོང་སྐྱེས་དང་མཐུན་པར་བཞེད་ཅིང་དེའི་བཤད་ཁུངས་ནི་མ་འཚལ་ལོ། །མངོན་བྱང་ལྔ་བསྐྱེད་མངལ་གྱི་གནས་སྐབས་སོགས། །དམ་ཡེ་རང་ལུས་རྩ་སོགས་དྭངས་མའི་ཆོས། །ཏིང་འཛིན་སེམས་དཔའ་ཕྲ་བ་གཉུག་མའི་ལུས། །སྐྱེ་མཆེད་གནས་གསུམ་བྱིན་རླབས་དབང་པོ་དང༌། །སྒོ་གསུམ་ནུས་བརྟས་ཡུལ་ལ་ལོངས་སུ་སྤྱོད། །དེ་ལས་བྱེ་བྲག་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་པའི་མངོན་བྱང་ལྔ་བསྐྱེད་ལྟ་བུའི་སྐབས། ཧཱུྃ་ཡིག་སོགས་ས་བོན་བསྒོམ་པ་ནི། མངལ་གྱི་གནས་སྐབས་ལྔ་སྦྱོང་ཞིང༌། རྡོ་རྗེ་རྩེ་ལྔ་པ་བསྐྱེད་པའི་ལུགས་ལ་འོག་གི་རྩེ་ལྔ་ནི་ཡན་ལག་


LT08,P216B
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་འགྲུབ་པ་དང༌། སྟེང་གི་རྩེ་ལྔ་ནི་རྐང་ལག་རེ་རེ་བཞིན་སོར་མོ་ལྔ་ལྔ་དང༌། མགོ་བོ་ལ་མིག་རྣ་སྣ་ལྕེ་ལུས་ཀྱི་ཆ་ཤས་དང་བཅས་པ་སྦྱང༌། གཞན་ཡང་ས་བོན་ལས་ཕྱག་མཚན་སོགས་ཀྱི་རིམ་པས་ལྷའི་སྐུར་བསྐྱེད་པ་ནི་ཉའི་རྣམ་པ་ཡན་ལག་སྐྱེ་བ་སོགས་ཀྱི་རིམ་པས་ལུས་རྫོགས་པ། དམ་ཚིག་སེམས་དཔའ་ནི་སྐྱེས་བུའི་འབྱུང་བ་དང་འབྱུང་འགྱུར་གྱི་ལུས་རགས་པ་གནས་སྐབས་པའི་ལུས། ཡེ་ཤེས་སེམས་དཔའ་ནི་ལུས་དེའི་རྩ་རླུང་བྱང་ཆུབ་སེམས་ཀྱི་དྭངས་མ། ཏིང་ངེ་འཛིན་སེམས་དཔའ་ནི་རླུང་སེམས་ཙམ་གྱི་ལུས་ཕྲ་བ་གཉུག་མའི་ལུས་དང་ཆོས་མཐུན་ཅིང་དེ་དག་གི་བག་ཆགས་སྦྱོང༌། སྐྱེ་མཆེད་རྣམས་དང་གནས་གསུམ་བྱིན་གྱིས་བརླབས་པ་ནི་དབང་པོ་རྣམས་དང་སྒོ་གསུམ་རིམ་གྱིས་ནུས་པ་རྒྱས་ཤིང་ལྷག་པར་བརྟས་པས་ཡུལ་ལ་ལོངས་སྤྱོད་ནུས་སུ་གྱུར་པ། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྤྲོ་བ་ནི་སྐྱེས་བུས་བུ་དང་བུ་མོ་སྐྱེད་པ་རྣམས་སྦྱོང་བར་བྱེད་དོ། །གཉིས་པ་ནི། ཡེ་ཤེས་བསྟིམས་པ་བྱེ་བྲག་ཕྱེད་པ་སྟེ། །དབང་བསྐུར་རྒྱས་གདབ་རང་རིགས་ཆོས་ལ་འདུག །མཆོད་བསྟོད་འདོད་ཡོན་ལྔ་ལ་རོལ་པ་དང༌། །བཟླས་པ་ལོངས་གཏམ་གཞན་རྣམས་དེ་དང་དེ། །བསྡུ་ལྡངས་འཆི་དང་ཡང་སྲིད་ལེན་པར་མཚོན། །རྫོགས་བྱེད་ཀྱི་ཆོ་ག་ལ་སྦྱང་གཞི་དང་ཆོས་མཐུན་སྦྱོར་ཚུལ་གསལ་པོ་གཞུང་རྣམས་སུ་ཆེར་མི་འབྱུང་ཡང༌། བླ་མ་གོང་མ་རྣམས་ཀྱི་བཞེད་པས་ཡེ་ཤེས་པ་བསྟིམས་པ་ན་ཡུལ་ལ་བྱེ་བྲག་ཕྱེད་པའམ་ཀུན་གཞི་ལས་འཇུག་ཤེས་རྣམས་སད་དེ་ཕྱི་རོལ་གྱི་དངོས་པོ་རྣམས་བཀུག་ནས་ཀུན་གཞི་ལ་ལྡོག་པ། དབང་བསྐུར་བ་བྱིས་པའི་དྲི་མ་འཁྲུད་ཅིང་མངའ་ཐང་ལེན་པ། རྒྱས་གདབ་ནི་རང་རིགས་ཀྱི་ཆོས་ལ་འདུག་པ། མཆོད་པ་ནི་དབང་པོ་རྣམས་ཡུལ་ལ་ཞེན་ཅིང་སྲེད་པ་འཕེལ་བས་རོ་མྱོང་བ། བསྟོད་པ་ནི་


LT08,P217A
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཡོན་ཏན་དང་ལྡན་པ་ན་སྐྱེ་བོ་གཞན་གྱིས་བསྔགས་པ་ཐོབ་པ་སྟེ། མདོར་ན་དེ་དག་འདོད་ཡོན་ལྔ་ལ་རོལ་ཅིང་ལོངས་སྤྱོད་པ། བཟླས་པ་ནི་ཐ་མལ་གྱི་དབུགས་དང་འཁྲུལ་པའི་ལོངས་གཏམ། ཁ་ཟས་སྤྱོད་ལམ་རྗེས་ཆགས་ལ་སོགས་པ་ནི་དེ་དང་དེ་དག །བསྡུ་ཞིང་ལྡང་བ་ནི་ཐ་མལ་པའི་ཚེ་རྫོགས་ཏེ་འཆི་རིམ་གྱི་མཐར་འོད་གསལ་ལ་ཞུགས་པ་དང༌། སླར་དེ་ལས་རླུང་སེམས་ཙམ་གྱིས་བར་དོའི་ཡིད་ལུས་སུ་ལྡངས་ཏེ་ཡང་སྲིད་ལེན་པར་མཚོན་པས་དེ་དག་སོ་སོ་དང་ཆོས་མཐུན་པའི་རིམ་པས་སྦྱོང་བར་བྱེད་དོ། །བདུན་པ་དེ་ལྟར་སྦྱངས་པའི་འབྲས་བུ་ལ་སྦྱང་བ་ནི། སྦྱངས་འབྲས་གཞལ་ཡས་ལ་སོགས་འཚང་རྒྱའི་གནས། །ཆོ་གས་བསྐྱེད་པ་ཇི་ལྟར་འཚང་རྒྱའི་ཚུལ། །མཆོད་བསྟོད་བཟླས་སོགས་ཕྲིན་ལས་མཛད་དང་མཐུན། །དེ་ལྟར་མངོན་རྟོགས་བསྒོམས་ནས་སྦྱང་བྱ་སྦྱངས་པའི་འབྲས་བུའང༌། གཞལ་ཡས་ཁང་ལ་སོགས་པ་ནི་གང་དུ་འཚང་རྒྱ་བའི་གནས། མངོན་བྱང་ལྔ་སོགས་བསྐྱེད་པའི་ཆོ་གས་བསྐྱེད་པ་ཇི་ལྟར་འཚང་རྒྱ་བའི་ཚུལ། མཆོད་བསྟོད་བཟླས་པ་དཀྱིལ་འཁོར་ཉེར་བསྡུ་ཐུན་མཚམས་ཀྱི་བྱ་བ་སོགས་སངས་རྒྱས་ནས་ཕྲིན་ལས་མཛད་པ་དང་ཆོས་མཐུན་པས་འབྲས་བུ་ལམ་དུ་བྱེད་པའོ། །གཞན་ཡང་སྐུ་གསུམ་ལས་ཀྱང་སྤྲུལ་པའི་སྐུའི། །ཁྱད་པར་རྒྱས་པ་ཇི་བཞིན་ཚང་བའི་ཕྱིར། །ཡར་བལྟས་རྣམ་བྱང་མར་བལྟས་འཁོར་བ་ཡི། །འདྲ་འབག་མཐུན་ཅེས་མཆོག་གཟིགས་རྣམས་ཀྱིས་གསུངས། །གཞན་ཡང་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཀའི་ངོ་བོ་དང་རྣམ་པ་མཚུངས་པར་སྦྱོར་དུ་ཡོད་ཅིང༌། དེ་ལས་ཀྱང་བསྐྱེད་རིམ་ཉིད་རྟོག་པས་བརྟགས་པའི་རྣལ་འབྱོར་ཡིན་པའི་གནད་ཀྱིས་གཟུགས་སྐུ་རགས་པ་སྤྲུལ་པའི་སྐུའི་ཁྱད་པར་གྱི་ཆོས་རྒྱས་པ་རྣམས་ཇི་བཞིན་ཚང་


LT08,P217B
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡོད་དེ་གོང་དུ་སྨོས་པའི་གནས་དང་ཚུལ་དང་མཛད་པ་གསུམ་དང༌། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་རྣམས་ལས་དབང་བསྐུར་བ་བརྙེས་ནས་འགྲོ་བའི་དོན་སྤྱོད་པ་དང༌། དག་པའི་འཁོར་ལ་ཆོས་སྟོན་པ་དང༌། མ་དག་པའི་གདུལ་བྱ་རྣམས་ལ་མྱ་ངན་ལས་འདའ་བར་སྣང་བ་དང༌། སྤྲུལ་པ་ལ་སོགས་པས་འགྲོ་བའི་དོན་རྒྱུན་མི་ཆད་པར་སྤྱོད་པ་རྣམས་དང་སྦྱོར་བར་བྱ་བ་ཡིན་ནོ། །དེའི་ཕྱིར་ཡར་བལྟས་རྣམ་བྱང་གི་འདྲ་འབག་དང་མཐུན་པ། མར་བལྟས་འཁོར་བའི་འདྲ་འབག་དང་མཐུན་པ་ཞེས་མཆོག་གཟིགས་རྣམས་ཀྱིས་ལེགས་པར་གསུངས་པ་སྟེ། མངོན་རྟོགས་ཀྱི་རིམ་པའི་གཙོ་བོ་རྣམས་ཀྱང་གཞིའི་གནས་ཚུལ་དང་མཐུན་པས་དེ་སྦྱོང་བའི་ནུས་པ་ཡོད་པ་དང༌། འབྲས་བུའི་གནས་ཚུལ་དང་མཐུན་པས་དེ་མཐོང་བའི་ནུས་པ་ཡོད་པའོ། །འདིར་ཇོ་ནང་རྗེ་བཙུན་ཆེན་པོས། གཞན་དག་སྦྱང་གཞི་ཞེས་ཟེར་བ་དེ། །རང་ལུགས་ལ་སྦྱང་བྱ་ཞེས་ཐ་སྙད་བྱ་སྟེ། སྦྱོང་བར་བྱེད་པའི་གཞི་ནི་གདོད་ནས་གྲུབ་པའི་ཆོས་ཉིད་ཁོ་ན་ལས་གཞན་མ་དམིགས་པའི་ཕྱིར་རོ། །ཞེས་གསུངས་ཏེ་ལྟ་བའི་གནད་ཐ་དད་ལ་འདི་ཉིད་ཤེས་པར་བྱ་བ་གལ་པོ་ཆེ་ཡིན་ནོ། །བརྒྱད་པ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་ཚུལ་ནི། དེས་ནི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ནས། ཕྱི་མའི་རྟོགས་པ་སྐྱེ་བའི་སྨིན་བྱེད་འགྱུར། །བསྐྱེད་པའི་ཏིང་ངེ་འཛིན་རྒྱུད་དང་མཐུན་པར་བསྒོམས་པ་དེས་ནི་ཞེན་པས་ཞུགས་ན་འབྲེལ་བས་མི་བསླུ་བའི་ཚུལ་གྱིས་ལུས་སེམས་ལ་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ཏེ། རྫོགས་རིམ་གྱི་རྟོགས་པ་སྐྱེ་བའི་སྨིན་བྱེད་དུ་འགྱུར་རོ། །དེའང་རྒྱུད་སྡེ་སོ་སོའི་བསྐྱེད་ཚུལ་དང་རྫོགས་ཚུལ་ཐ་དད་པ་དེ་དག་སོ་སོའི་སྨིན་བྱེད་དུ་འགྱུར་བས་ཞིབ་པར་སྤྲོར་མི་ལངས་ཀྱང༌། འདུས་པ་འཕགས་ལུགས་ཙམ་ལ་མཚོན་ན། འཆི་སྲིད་


LT08,P218A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བྱེད་ལྷག་མོས་འོད་གསལ་དུ་བསྡུ་བ་ནི་འོད་གསལ་གྱི་རིམ་པ་གཙོ་བོར་སྨིན་པར་བྱེད་པའི་ཐབས་ཡིན་པས། སེམས་དབེན་གྱི་འོད་གསལ་ཡང་ཤིན་ཏུ་རྣམ་པ་མཐུན་པའི་སྒོ་ནས་སྨིན་པར་བྱེད་ཅིང༌། སྤྱིར་རྫོགས་རིམ་གྱི་འོད་གསལ་ཐམས་ཅད་ཀྱི་ཡང་སྨིན་བྱེད་དུ་འགྱུར་རོ། །བར་དོ་ལོངས་སྐུ་ལམ་ཁྱེར་གྱི་མངོན་བྱང་ལྔ་ནི། སེམས་དབེན་གྱི་རིམ་པ་མཐར་ཐུག་གི་དཔེའི་འོད་གསལ་ལས་སྣང་གསུམ་འབྱུང་བ་ནས་རིམ་པ་བཞི་པའི་མཐར་ཐུག་དོན་གྱི་འོད་གསལ་ལས་སྣང་གསུམ་ལུགས་ལྡོག་ཏུ་འབྱུང་བའི་བར་གྱི་འོད་གསལ་ལས་ལྡངས་ཚུལ་ནི་ཉི་ཟླ་པདྨ་གསུམ་གྱིས་མཚོན། སྟེང་གི་ཡི་གེ་གསུམ་བསྐྱེད་ཅིང་འདྲེས་པ་ནི་སྣང་གསུམ་འོད་གསལ་གྱི་རླུང་དང་འདྲེས་པ་ལས་རིམ་པ་གསུམ་པའི་སྒྱུ་ལུས་དང་ཟུང་འཇུག་གི་སྐུ་འགྲུབ་པ་དང་གྲུབ་ནས་ཡང་ཡང་སྣང་བ་དེ་འཆར་བ་མཚོན། ས་བོན་དང་ཕྱག་མཚན་ལས་བྱང་ཆུབ་པ་ཡང་ཟུང་འཇུག་དེ་ཉིད་ཀྱི་གསུང་བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ་དང༌། ཐུགས་བདེ་སྟོང་ཤེས་བྱ་ཀུན་རིག་ཅིང་སྒྲིབ་པ་ཀུན་འཇོམས་པ་དེ་མཚོན། འོད་ཟེར་སྤྲོ་བསྡུ་རྣམས་ནི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མཚོན་ཅིང༌། དེ་ལྟ་བུའི་སྐུ་གསུང་ཐུགས་མཉམ་ཉིད་དངོས་སམ་རྗེས་མཐུན་ཐོབ་པ་ནི་སྐུ་ཡོངས་རྫོགས་ལ་བྱང་ཆུབ་པས་མཚོན་ནོ། །འདི་ནི་མཚོན་བྱེད་ཙམ་སྟེ་ཕྲ་ཐིག་གི་བདེ་སྟོང་ལས་ལུས་དབེན་གྱི་ལྷ་སྐུར་ལྡང་བ་དང༌། ངག་དབེན་གྱི་རིམ་པ་དང༌། སེམས་དབེན་གྱི་རིམ་པ་དང༌། སྒྱུ་ལུས་ཀྱི་རིམ་པ་ལ་གནས་པ་རྣམས་ཀྱི་བདེ་སྟོང་དང་ལྷ་སྐུ་ཐམས་ཅད་ལའང་འབྱོར་བར་འགྱུར་རོ། །སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་སྐབས། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པར་སྦྱོར་བའི་བདེ་བ་ལ་བདག་ཉིད་ཞུགས་པས་སྤྲུལ་སྐུ་རྡོར་སེམས་སུ་གྱུར་པ་


LT08,P218B
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྫོགས་རིམ་གྱི་མཉམ་གཞག་བདེ་སྟོང་ལས་ལངས་པ་ན་སྣང་བ་ཐམས་ཅད་ལ་བདེ་སྟོང་རྗེས་སུ་ཞུགས་པ་མཚོན་ཅིང༌། ཁ་ཅིག་དབེན་གསུམ་གྱི་སྐབས་ཀྱི་སྒྱུ་ལུས་རྗེས་མཐུན་པ་དང༌། རིམ་པ་གསུམ་པའི་རླུང་སེམས་ཀྱི་ལྷ་སྐུ་དེ་རགས་པའི་ལུས་ལ་འཇུག་པ་མཚོན་པའང་བཞེད་དོ། །འོན་ཀྱང་སྣང་བ་ཐམས་ཅད་ལ་བདེ་བ་རྗེས་སུ་ཞུགས་པ་དེ་ནི་རྫོགས་རིམ་གྱི་སྐབས་སུ་སྤྲུལ་སྐུ་ལམ་ཁྱེར་གྱི་གཙོ་བོ་ཡིན་ལ། གཞན་དག་ནི་རྣམ་གྲངས་སོ། །ལུས་དཀྱིལ་བསྒོམ་པས་ནི། ཕུང་ཁམས་སྙིགས་མ་རྣམས་འོད་གསལ་དུ་ཐིམ་པ་དང་དྭངས་མ་རྣམས་ལྷ་སྐུར་སྤྲོ་བའི་སྨིན་བྱེད་དོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི། ལུས་དབེན་ནས་བརྩམས་ཟུང་འཇུག་གི་བར་དུ་སྣང་བ་གསུམ་གྱི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པའི་གཞི་འདིང་བ་དང༌། སེམས་དཔའ་སུམ་བརྩེགས་བསྒོམ་པས་ཀྱང་རྩ་ཁམས་རླུང་སེམས་ཀྱི་དྭངས་མ་ལྷ་སྐུར་འཆར་བའི་སྨིན་བྱེད་དང༌། རྒྱས་བཏབ་དབང་བསྐུར་ནི། བྱང་ཆུབ་ཀྱི་སེམས་སྤྱི་བོར་བརྟན་པས་ཕུང་ཁམས་ཐམས་ཅད་བདེ་ཆེན་དུ་གྱུར་པའི་སྨིན་བྱེད་དོ། །རིག་མ་འདུ་བྱ་བ་དང་རྗེས་ཆགས་ནི། ལས་ཀྱི་ཕྱག་རྒྱ་དང་འབྲེལ་བའི་རྫོགས་རིམ་ཀུན་གྱི་གཞི་འདིང་བར་བྱེད། དཀྱིལ་འཁོར་རྒྱལ་མཆོག་སྤྲུལ་པ་ནི། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གྱི་རྐྱེན་མཐར་ཐུག་པ་ལས། དག་པ་དང་མ་དག་པའི་སྒྱུ་ལུས་ཀྱི་དཀྱིལ་འཁོར་འབྱུང་བ་དང་མཐུན། ཕྲ་ཐིག་གིས་ནི་ལུས་དབེན་གྱི་རྒྱུ་བྱེད་ཅིང་ལུས་དབེན་ཉིད་དང་རྣམ་པ་མཐུན། བཟླས་པས་ནི་ངག་དབེན་སྨིན་པར་བྱེད། གཙོ་བོ་འོད་གསལ་དུ་གཞུག་པས་སེམས་དབེན་དང༌། བསྐུལ་ཞིང་ལྡང་བ་མཆོད་བསྟོད་བཅས་པས་ནི། མཉམ་གཞག་དང་རྗེས་ཐོབ་ཀྱི་སྒྱུ་ལུས་སྨིན་པར་བྱེད་དོ། །དེས་མཚོན་


LT08,P219A
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བདེ་དགྱེས་དུས་འཁོར་སོགས་ལ་སོ་སོའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བའི་གནད་གསང་ཤེས་པར་བྱའོ། །གཉིས་པ་རྫོགས་པའི་རིམ་པ་སྒོམ་ཚུལ་བཤད་པ་ལ་བཞི། སྤྱིའི་དོན་བཤད་པ། རྩ་བ་ངོས་བཟུང་བ། ཡན་ལག་གི་དབྱེ་བ་བསྟན་པ། གཅེས་གནད་སྙིང་པོར་དྲིལ་བའོ། །དང་པོ་ནི། རྫོགས་རིམ་ལ་ཡང་གཞི་ལམ་འབྲས་གསུམ་པོ། །ལྷན་སྐྱེས་མི་རྟོག་རྣམ་པ་ཐམས་ཅད་པ། །གཞི་ལ་རང་བཞིན་ཞུ་བདེ་ལྷན་སྐྱེས་གཉིས། །དེ་ཉིད་བསྒོམས་པས་འབྲས་དུས་མངོན་དུ་བྱེད། །འདི་ལྟར་རྫོགས་པའི་རིམ་པ་ལའང་གཞི་ལམ་འབྲས་གསུམ་དུ་བཞག་དགོས་ཤིང༌། དེ་དག་རེ་རེ་ལའང༌། དྲི་མེད་འོད་ལས། རྫོགས་པའི་རིམ་པ་ནི་ལྷན་ཅིག་སྐྱེས་པ། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ་སྟེ་ཞལ་དང་ཕྱག་དང་ཁ་དོག་དང་དབྱིབས་ཀྱི་རྟོག་པ་དང་བྲལ་བའོ། །ཞེས་གསུངས་པའི་དགོངས་པས། ལྷན་ཅིག་སྐྱེས་པ། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ་ཞེས་བྱ་བའི་མཚན་ཉིད་གསུམ་ཚང་དགོས་ལ། དེའི་ཟུར་དང་པོས་སྣང་རིག་ཤིན་ཏུ་ནུབ་པ་བརྒྱལ་བ་ལྟ་བུ་དང་འགོག་པའི་ཏིང་ངེ་འཛིན་སོགས་གཅོད། གཉིས་པས་བསྐྱེད་རིམ་སོགས་རྣམ་པར་རྟོག་པ་དང་བཅས་པའི་ཕྱོགས་གཅོད། གསུམ་པས་ཡེ་ཤེས་ཕྱོགས་ཙམ་མཚོན་པ་སྣང་བ་མེད་ཅིང་རིག་པ་ཙམ་གྱི་ཏིང་ངེ་འཛིན་གཅོད་དོ། །དེའང་རེ་ཞིག་གཞིའི་དབང་དུ་བྱས་པ་ལ་ལྷན་ཅིག་སྐྱེས་པ་ནི། ཞུ་བདེ་དང༌། རང་བཞིན་གཉིས་ཡོད་པ་ལས། ཞུ་བདེ་ལྷན་སྐྱེས་ནི་གཉིས་སྦྱོར་གྱི་དགའ་བ་བཞི་པ་སྟེ། ཕྱག་ཆེན་ཐིག་ལེ་ལས། དེ་ནས་དེར་ནི་ལྷན་ཅིག་སྐྱེས། །རྡོ་རྗེ་ལྟ་བུའི་བདེ་བ་བྱེད། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། །རྫོགས་པའི་རིམ་པའི་ཕྱོགས་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །རང་བཞིན་ལྷན་སྐྱེས་ནི། ཀྱེ་རྡོར་


LT08,P219B
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རང་བཞིན་ལྷན་ཅིག་སྐྱེས་ཞེས་བྱ། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་གསུངས་པའི་དོན་ཏེ། ཐོག་མཐའ་མེད་པའི་རྡོ་རྗེ་སེམས་དཔའོ། །དེའང་བརྟན་གཡོའི་དངོས་པོ་ཀུན་དང་སྔ་ཕྱི་ཁྱད་པར་མེད་པར་གྲུབ་པས་ལྷན་ཅིག་སྐྱེས་པ་ཞེས་བྱ་ཞིང་འདི་ཉིད་རྣམ་པར་མི་རྟོག་པའི་མཚན་ཉིད་ཅན་ཡིན་པ་བཅས་ལྷན་ཅིག་སྐྱེས་གྲུབ་ལས་གསུངས་ཤིང༌། རྣམ་པ་ཐམས་ཅད་པ་ཞེས་པ་ནི། ལུས་དང་ཆོས་ཀྱི་དངོས་པོ་ཐམས་ཅད་ལ་ཁྱབ་པར་གནས་པའི་དོན་ཏེ། ཀྱཻ་རྡོར་ལས། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་གསུངས་སོ། །དེའང་ལུས་ཀྱི་ཆོས་ལ་གནས་ཀྱང་དེ་ལས་གསར་དུ་མ་སྐྱེས་པ། རྟེན་དང་བརྟེན་པར་འབྲེལ་བས་ཁམས་དྲུག་ལྡན་པའི་ལུས་ལ་བརྟེན་ནས་མངོན་དུ་བྱེད་ནུས་པ་སྟེ། གཞིའི་རྫོགས་རིམ་འདིའང་ཟུང་འཇུག་དང་རྡོ་རྗེའི་རྣལ་འབྱོར་དང་སྟོང་ཉིད་སྙིང་རྗེ་དབྱེར་མེད་སོགས་རྣམ་གྲངས་དུ་མས་ཤེས་དགོས་ལ། དེ་ཉིད་ལམ་གྱི་རྫོགས་རིམ་དུ་བསྒོམས་པས་འབྲས་བུའི་དུས་སུའང་དེ་ཁོ་ན་མངོན་དུ་བྱེད་པ་སྟེ། མདོར་ན་ལྷན་སྐྱེས་བདེ་ཆེན། རྣམ་པར་རྟོག་མེད། རང་བྱུང་གི་ཡེ་ཤེས་ལ་སོགས་པ་གཞི་ཇི་ལྟ་བར་ལམ། ལམ་ཇི་ལྟ་བར་འབྲས་བུ་སྐྱེ་བའི་རིམ་པའི་འབྲེལ་དུ་གྲུབ་པ་ཡིན་ནོ། །གཉིས་པ་རྩ་བ་ངོས་བཟུང་བ་ལ་གཉིས། བསྡུས་ཏེ་བསྟན་པ་དང༌། སོ་སོར་བཤད་པའོ། །དང་པོ་ནི། རྩ་བ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག །དེ་ལ་ཐེག་པ་ཆེན་པོ་སྤྱིའི་དབང་དུ་བྱས་ནས་ཀྱང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལམ་གྱི་རྩ་བ་ཡིན་པ་ནི་ཐམས་ཅད་ལ་ཡོངས་སུ་གྲགས་པར་ཟད་ལ། བྱེ་བྲག་ཏུའང་རྡོ་རྗེའི་ཐེག་པ་བླ་ན་མེད་པའི་སྨིན་གྲོལ་གྱི་ལམ་དང༌། དེའི་ཡང་རྫོགས་པའི་རིམ་པའི་སྐབས་འདིར་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཤིག་ཤེས་


LT08,P220A
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དང་བསྒོམ་བྱ་དང་འབྲས་བུའི་མཐར་ཐུག་པར་ཤེས་དགོས་ཏེ། དེ་དག་ལས་གཞི་ལ་ཤེས་པར་བྱ་བ་ནི། འདུས་པའི་རྒྱུད་ཕྱི་མ་ལས། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་ཟད་པའི་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བརྗོད། །ཞེས་གསུངས་པ་བཞིན་ལུང་དུ་མ་ལས་འབྱུང་བ་ལྟར་རོ། །ལམ་ལ་ཡོད་པ་ནི། དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་བརྙན་གཟུང་བ་རྒྱུ། །སྙིང་རྗེ་འགྱུར་མེད་འཛིན་པ་འབྲས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་མི་འཕོའོ། །ཞེས་སོགས་མང་དུ་གསུངས་པ་ལྟར་རོ། །འབྲས་བུའི་དུས་ཀྱང༌། དྲི་མེད་འོད་ལས། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་དང༌། སྙིང་རྗེ་དང་ནི་སྟོང་པ་ཉིད། །དུས་ནི་ཀུན་རྫོབ་གཟུགས་ཅན་ལ། །སྟོང་ཉིད་འཁོར་ལོ་ཞེས་བརྗོད་དོ། །དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །ཅེས་གསུངས་པ་ལྟ་བུ་ཤིན་ཏུ་མང་ངོ༌། །དེས་ན་དོན་འདི་དག་སྤྱིར་ཡང་མདོ་སྔགས་ཀྱི་བསྟན་པ་མཐའ་དག་གི་སྙིང་པོ་དང༌། བྱེ་བྲག་ཏུའང་གསང་སྔགས་བླ་ན་མེད་པའི་རྫོགས་རིམ་གྱི་སྙིང་པོ་ཡིན་ཞིང༌། དེའི་ཕྱིར་དུས་ཀྱི་འཁོར་ལོ་སོགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་ཀྱི་ཉིང་དགོས་ཀྱི་མཐར་ཐུག་ཨེ་ཝཾ་གྱི་དོན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་དང༌། རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོ་ཞེས་བྱ་བ་ཡང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་མཚན་ཉིད་ཅན་ཡིན་པས་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་བསྟན་བྱའི་སྙིང་པོར་གསལ་བར་གསུངས་ཤིང༌། དེ་ཉིད་ལམ་གྱི་རྩ་བ་རེ་འོང་བའི་ཚུལ་ཡང་ཐེག་ཆེན་སྤྱིའི་ལུགས་ལ་འདི་དག་གིས་སྲིད་ཞིའི་མཐའ་སྤོང་བར་བཞེད་པ་ལྟར། རྫོགས་པའི་རིམ་པ་འདིར་ཡང་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་དང་སྙིང་རྗེས་སྲིད་པ་དང་ཞི་བའི་མཐའ་གཉིས་སྤོང་བར་བཞག་


LT08,P220B
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཤིང༌། འདི་དག་གིས་མཐའ་གཉིས་འགོག་ཚུལ་ཡང་སྟོང་པས་མཚན་འཛིན་གྱི་སྤྲོས་པ་གཅོད་པ་དང༌། སྙིང་རྗེས་སེམས་ཅན་གྱི་དོན་མི་འདོར་བ་ཡིན་ལ། འདིར་སྙིང་རྗེ་ལ་འདོད་ཆགས་ཀྱི་མིང་གིས་བརྗོད་པ་ནི་ཐུན་མོང་མ་ཡིན་པར་བདེ་བ་ཆེན་པོའི་འདོད་ཆགས་སྐབས་འདིའི་ཐབས་སྙིང་རྗེ་ཆེན་པོ་ལ་བཟུང་དགོས་པ་དང༌། དེ་ཉིད་ཀྱིས་ཞི་བའི་མཐའ་སྤོང་བར་བཞེད་པའི་དགོངས་པ་ཅན་ཡིན་ཅིང༌། དེ་ཉིད་སེམས་ཅན་ལ་ཆགས་པའི་རྣམ་པ་ཅན་ཡིན་པས་ཐབས་སྙིང་རྗེ་ཆེན་པོར་འཇོག་པ་ཤེས་དགོས་ཏེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོ། །དེ་ལྟ་བས་ན་སྟོང་ཉིད་སྙིང་རྗེ་དབྱེར་མེད་དེ་ཉིད་ཐབས་ཤེས་ཟུང་འཇུག་གི་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་ཞིང༌། དེ་ཉིད་གཞི་ལམ་འབྲས་གསུམ་དུ་ཡོད་པ་ལས། ལམ་དུས་སུ་ཆགས་སོགས་ཉོན་མོངས་རྣམས་ཀྱི་བག་ཆགས་སྦྱོང་བ་ལ་དོན་དམ་བདེན་པ་ལས་ཀྱང་བདེ་བ་ཆེན་པོའི་ཡེ་ཤེས་མཐུ་བསམ་གྱིས་མི་ཁྱབ་པར་གསུངས་ཤིང༌། དེའང་དང་པོར་སྟོང་ཉིད་ཀྱིས་སྦྱོང་ཞིང་སྟོང་ཉིད་ལས་བདེ་ཆེན་སྐྱེ། དེ་ལས་བག་ཆགས་མ་ལུས་པ་དག་པར་བྱེད་ནུས་པས་དེའི་ཕྱིར་བདེ་སྟོང་གཉིས་ལས་ཀྱང་དག་བྱེད་ཀྱི་རྩ་བ་སྟོང་ཉིད་དང་གཙོ་བོ་བདེ་ཆེན་ནོ་ཞེས་ཤེས་པར་བྱའོ། །གཉིས་པ་སོ་སོར་བཤད་པ་ལ་གཉིས། སྟོང་ཉིད་བཤད་པ། སྙིང་རྗེ་བཤད་པའོ། །དང་པོ་ནི། དེའང་རྣམ་ཀུན་མཆོག་ལྡན་སྟོང་ཉིད་དང༌། །ཞེས་པ་སྟེ། དེའང་སྟོང་ཉིད་སྙིང་རྗེ་ངོས་ཟིན་དགོས་པས་མདོ་ཙམ་སྨོས་ན། མཚན་ཉིད་ཐེག་པ་ལས་སྟོང་ཉིད་ཀྱི་རྣམ་གྲངས་མང་དུ་གསུངས་པ་ལས་ཁྱད་པར་འཕགས་པའི་སྔགས་ལུགས་ཀྱི་སྟོང་པ་ཉིད་ལའང་རྒྱུད་སྡེ་དང་པོ་གསུམ་ལས་ཨཱ་ལི་བཅུ་དྲུག་དང་སྟོང་ཉིད་སེམས་དཔའ་བཅུ་དྲུག་སྦྱར་ནས་གསུངས་པ་དང༌། རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནང་གི་སྟོང་ཉིད་དང་ཕྱི་རོལ་གྱི་སྟོང་ཉིད་སོགས་


LT08,P221A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཀྱི་དབྱེ་བ་བཅུ་དྲུག་གསུངས་པ་དང༌། སམྦུ་ཊའི་རྒྱུད་ལས་བཟའ་བ་པོ་དང་བཟའ་བྱ་སྟོང་པ་ཉིད་སོགས་བཅུ་བཞིའམ་བཅུ་དྲུག་གསུངས་པ་དང༌། མངོན་བརྗོད་ཕྱི་མའི་རྒྱུད་ལས་གཟུགས་ལ་ལྟ་བའི་སྟོང་པ་ཉིད་སོགས་སྟོང་ཉིད་བརྒྱད་དུ་གསུངས་པ་སོགས་མང་ཡང༌། ཐུན་མོང་མ་ཡིན་པ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ནི་རྒྱུད་སྡེ་ཐམས་ཅད་ཀྱི་དགོངས་པའི་སྐྱེལ་སོ་ཡིན་ལ། སྤྱིར་རྫོགས་རིམ་ཐུན་མོང་མ་ཡིན་པའི་སྟོང་ཉིད་ལ་སྣང་ཚུལ་གྱི་སྒོ་ནས་དབྱེ་ན། སྣང་མཆེད་ཐོབ་པ་འོད་གསལ་རྣམས་ཀྱི་དབང་དུ་མཛད་ནས། རྒྱུད་རྡོ་རྗེ་ཕྲེང་བ་ལས། སྟོང་པ་ཤིན་ཏུ་སྟོང་པ་དང༌། །གསུམ་པ་སྟོང་པ་ཆེན་པོ་དང༌། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ །ཞེས་སྟོང་ཉིད་བཞི་གསུངས་པ་ལྟ་བུ་དང༌། དང་པོའི་སངས་རྒྱས་ལས། དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །ཞེས་ཉིན་མཚན་གྱི་རྟགས་སྟོང་པ་ཉིད་ཀྱི་གཟུགས་བཅུར་གསུངས་པ་ལྟ་བུ་དང༌། གནས་སྐབས་གྱི་སྒོ་ནས་དབྱེ་ན། ནག་པོའི་ཕྱོགས་ཀྱི་ཆ་བཅུ་དྲུག་གི་དབྱིངས་གནས་སྐབས་བཅུ་དྲུག་ལ་སྟོང་པ་ཉིད་བཅུ་དྲུག་ཅེས་རྣམ་པར་ཕྱེ་ནས། བསྡུ་ན་དབྱེ་བ་གསུམ་མམ་རྣམ་པ་ཐམས་ཅད་པ་སྟོང་པ་ཉིད་དང་བཞིར་དབྱེ་བ་ཁམས་ལེའི་མདོར་བསྡུས་གཉིས་པ་ལས་གསུངས་པ་ལྟ་བུ་དང༌། དོན་ལྡོག་གི་སྒོ་ནས་དབྱེ་བ་ཕུང་པོ་ལྔ་དང་ཁམས་ལྔ་སོགས་སྒྲིབ་བྲལ་གྱི་ཆ་ལ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་ཞེས་བྱ་བ་དང༌། དབང་པོ་དྲུག་དང་ཡུལ་དྲུག་སོགས་སྒྲིབ་བྲལ་གྱི་ཆ་ལ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཅེས་ལྡོག་པས་ཕྱེ་ནས་ལྔ་དང་དྲུག་ཏུ་མཛད་པ་ལྟ་བུ་རྣམས་སུ་ཡོད་ཀྱང༌། བསྡུ་ན། གཏན་ལ་དབབ་པར་བྱ་བའི་སྟོང་


LT08,P221B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། ལམ་དུ་བསྒོམ་པར་བྱ་བའི་སྟོང་ཉིད། འབྲས་བུ་མཐར་ཐུག་གི་སྟོང་ཉིད་གསུམ་དུ་འདུ་ཞིང་དང་པོ་ནི། སྐབས་འདིར་སྤྱི་ལྡོག་ནས་ཤེས་པར་བྱ་བའི་ཡུལ་ཙམ་དུ་གཏན་ལ་དབབ་དགོས་ཀྱི་བསྒོམ་པར་བྱ་བའི་ཡུལ་དུ་མི་དགོས་པ་ལ་དེ་སྐད་ཅེས་བྱ་ཞིང༌། དེའང་མཚན་ཉིད་ཀྱི་ཐེག་པར་སྨོས་པའི་སྟོང་ཉིད་ཀྱི་རྣམ་གྲངས་ལྟ་བུའོ། །གཉིས་པ་ལ་བདག་མེད་གཉིས་ལྟ་བུ་དཔྱད་པའི་སྟོང་ཉིད་ཀྱང་སྐབས་འདིར་གཙོ་བོར་བཟུང་བྱར་མིན་ལ། རྣམ་པ་ཐམས་ཅད་པའི་སྟོང་ཉིད་ལྟ་བུ་མ་བརྟགས་པའི་སྟོང་ཉིད་ཅེས་བྱ་བ་ཉིད་སྐབས་འདིའི་དངོས་དོན་ཡིན་ཅིང༌། དེ་ལའང་སྣང་སྟོང་མ་ཕྱེ་བ་དང་ཕྱེ་བ་གཉིས། དང་པོ་ལ་རྣམ་པར་ངེས་པ་དང་མ་ངེས་པ་གཉིས་སུ་བསྡུས་པའི་དང་པོ་ནི། སྟོང་ཉིད་བཞི་དང་དུ་སོགས་བཅུ་ལྟ་བུ་ལ་བྱ་སྟེ། དེ་དག་ནི་རྣམ་པ་འདི་ལྟ་བུར་འཆར་རོ་ཞེས་ངེས་པ་བཟུང་དུ་ཡོད་པའི་ཕྱིར་རོ། །རྣམ་པ་མ་ངེས་པ་ནི་རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་ལྟ་བུ་ལ་བྱ་སྟེ། དེ་དག་ནི། སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་བྱ་བ་ཁམས་གསུམ་པ་དང་དུས་གསུམ་པའི་རྣམ་པ་ཅན་ཡིན་པས་འཆར་ཚུལ་གྱི་ངེས་པ་མེད་པ་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་འབྲས་བུ་མཐར་ཐུག་གི་སྟོང་ཉིད་ནི། སྟོང་ཆེན་འགྱུར་མེད་ལྔ་དང་འགྱུར་མེད་དྲུག་ལྟ་བུ་སྟེ། དེའང་བྱེ་བྲག་ཏུ་ཕྱེ་ན་ཨེ་ཡིག་གིས་མཚོན་པ་ཉིད་བཟུང་ཞིང༌། མ་ཕྱེ་ན་ཟུང་འཇུག་གི་ཨེ་ཝཾ་ལའང་སྟོང་ཉིད་ཀྱི་སྒྲར་བཤད་པས། འགྱུར་མེད་ལྔ་དང་དྲུག་པ་ཐམས་ཅད་ལ་སྟོང་ཉིད་ཀྱི་མིང་གིས་བསྟན་པ་ཉིད་བཟུང་ངོ༌། །དེས་ན་འདིར་བསྒོམ་བྱའི་སྟོང་ཉིད་གཙོ་བོར་གྱུར་པ་ནི། འདུས་པ་ལས། སྣང་གསུམ་རྒྱུ་དང་འོད་གསལ་འབྲས་བུར་གསུངས་པའི་ཕྱི་མ་དང༌། དུས་འཁོར་ལས་རྟགས་བཅུ་རྒྱུ་དང་བཅུ་གཅིག་པ་སྣ་ཚོགས་གཟུགས་བརྙན་དུ་གསུངས་པའི་ཕྱི་མ་ཉིད་ལ་


LT08,P222A
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དགོས་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེད་པའི་ནུས་པ་ཐུན་མོང་མ་ཡིན་པ་ཡོད་པའི་སྟོང་ཉིད་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །སྙིང་པོའི་སྟོང་ཉིད་དེའི་ངོ་བོ་ཡང་པྲ་ཕབ་པ་ལྟར་མ་བརྟགས་པའི་སྣང་བ་ཁམས་གསུམ་པའི་རྣམ་པ་ཐམས་ཅད་པ་ཅན། རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་རང་གི་ངོ་བོ་རང་བཞིན་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ། མངོན་སུམ་གྱི་རིག་པ་མཆོག་ཏུ་འོད་གསལ་བའི་ཡེ་ཤེས་ཀྱི་སྒྱུ་མ་བདེ་བ་ཆེན་པོའི་འབྱུང་གནས་སུ་གྱུར་པ་ཞིག་ཡིན་ལ། མཚན་ཉིད་ནི་བདེ་བ་ཆེན་པོའི་གནས་ཞེས་འབྱུང་སྟེ། གང་ལ་དམིགས་ཏེ་གོམས་པ་ལས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་ནུས་པས་དེ་ཉིད་ཀྱི་འབྱུང་གནས་སུ་གྱུར་པའོ། །སྟོང་ཉིད་འདི་དང་བདེ་བ་ཆེན་པོའི་རྒྱུ་འབྲས་ཀྱི་འབྲེལ་ཡང༌། སྟོང་ཉིད་གཟུགས་བརྙན་གཟུང་བ་རྒྱུ། །ཞེས་སོགས་མང་དུ་བཤད་པ་ལྟ་བུ་དང༌། གླེང་གཞིའི་སྐབས་སུ་སྟོང་ཉིད་འདི་ལ་ཨེ་ཡིག །བྷ་ག །ཆོས་འབྱུང་སོགས་དང༌། བདེ་བ་འདི་ལ་ཝཾ་ཡིག །རྡོ་རྗེ་འཆང༌། ཆོས་ཞེས་སོགས་ཀྱི་སྒྲས་བསྙན་པ་རྣམས་ཀྱང་འདི་དག་རྟེན་བརྟེན་པ་ཟུང་འཇུག་གི་སྒོ་ནས་ཐུན་མོང་མ་ཡིན་པའི་འབྲེལ་བར་ཤེས་དགོས་པ་ཟབ་མོའི་གནས་མཆོག་ཏུ་གཅེས་པ་ཡིན་ནོ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འདི་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་བདག་ཉིད་ཀྱང་ཡིན་ཅིང༌། དེ་གོམས་པ་ལའང་རྡོ་རྗེའི་རྣལ་འབྱོར་ཞེས་གྲགས་ཏེ། དེ་ལྟར་ན་སྟོང་པ་འདི་ཟུང་འཇུག་གི་སྟོང་པ་ཡིན་པའི་སྒོ་ནས་དབུ་མའི་ལམ་མཆོག་ཏུ་ཤེས་པར་བྱ་ཞིང༌། རྣམ་གྲངས་ཀྱི་དོན་དམ་བདེན་པར་བཞག་ཚུལ་ཤེས་པའི་སྒོ་ནས་ངེས་དོན་མཐར་ཐུག་ཏུ་ལྟ་བ་དང༌། སྟོབས་སོགས་ཀྱི་འབྱུང་གནས་དང་བདེ་ཆེན་གྱི་གནས་སུ་བསྟན་པའི་སྒོ་ནས་ཆོས་འབྱུང་བ་


LT08,P222B
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཡུམ་ཞེས་སོགས་ཐུན་མོང་མིན་པའི་ཤེས་རབ་ཀྱི་ཕྱོགས་མཐའ་དག་ཏུ་ཤེས་པར་བྱ་སྟེ། དེ་ལ་དགོངས་ནས། རྒྱལ་བ་མཆོག་གི་སྐྱེད་མ། ཞེས་སོགས་གསུངས་ཤིང༌། དེ་ཉིད་ཀྱི་ཕྱིར་དབང་བཞི་པའི་ལམ་དུའང་ཤེས་དགོས་པས། དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས། ཞེས་སོགས་གསུངས་པ་ཡིན་ནོ། །གཞན་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྐུ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཤར་བའམ་མ་ཤར་བའང་སྲིད་ན། གང་ལྟར་ཡང་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དེ། གཟུང་འཛིན་གྱི་སྣང་བ་ཐམས་ཅད་འགགས་ཙམ་ན་གཞན་གྱི་སྣང་བ་ཅིའང་མེད་པའི་སྟོང་ཉིད་དུ་འགྲོའམ་སྙམ་ན་དེ་ལྟར་མི་འགྱུར་ཏེ། སྤྲོས་བྲལ་དེ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་འཁོར་འདས་ཁམས་གསུམ་པའི་རྣམ་པ་ཅན་ཐམས་ཅད་དུ་འཆར་བ་ཡིན་ལ། དེ་ལྟར་ཤར་བ་དེ་ཡང་ཀུན་རྫོབ་ཀྱི་སྣང་བའམ། ལས་སྣང་ངམ། འཁྲུལ་སྣང་མ་ཡིན་ཏེ། ཡེ་ཤེས་ཀྱི་སྣང་བའམ། ཆོས་ཉིད་ཀྱི་སྣང་བའམ། གདོད་མའི་སྣང་བའོ། །དེ་ལྟར་ན་འདི་གཟུགས་སྒྲ་སོགས་དང་རྣམ་པ་མཐུན་པར་ཤར་བ་ན་རྡུལ་ཕྲ་རབ་ཀྱི་ཆོས་སུ་དོགས་པ་འབྱུང་བ་ལ་དགོངས་ནས་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་ཞེས་ཡང་ཡང་སྨོས་ཀྱི། ཁ་ཅིག་འདིར་སྟོང་ཉིད་དུ་བཤད་པ་དོན་དམ་སྟོང་ཉིད་དངོས་མ་ཡིན་ཡང་རྡུལ་ཆོས་ཀྱིས་སྟོང་པའི་སྟོང་ཉིད་ལ་དགོངས་སོ་ཞེས་ཟེར་བ་ནི། ཟབ་མོའི་དོན་ལ་ཕྱོགས་བསླད་པའི་གཏམ་མོ། །རྣམ་པ་ཐམས་ཅད་པའི་སྟོང་ཉིད་འདི་ལ་དམིགས་བཅས་ཀྱི་སྟོང་ཉིད་ཅེས་གསུངས་པའི་དམིགས་བཅས་ནི་སྤྲོས་པ་དང་བཅས་པ་དང༌། མཚན་མ་དང་བཅས་པ་དང༌། རྟོག་པ་དང་བཅས་པ་དང༌། རྩོལ་བཅས་རྣམས་མ་ཡིན་གྱི། དམིགས་པ་ནི་དངོས་སུ་མཐོང་ཞིང་མྱོང་བའི་དོན་ཡིན་པས་ཡེ་ཤེས་མ་འཁྲུལ་པ་ལ་མངོན་


LT08,P223A
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་སྣང་བའོ། །འདི་ཉིད་ཆོས་དབྱིངས་སྟོང་པ་ཉིད་དངོས་ཡིན་པའི་ཕྱིར། སྤྱི་ལ་གྲགས་པའི་དོན་དམ་བདེན་པ་ཡིན་ནོ། །གཉིས་པ་སྙིང་རྗེ་བཤད་པ་ནི། མི་འགྱུར་བདེ་བ་ཐུན་མོང་མིན་པའོ། །ཞེས་པ་སྟེ། སྤྱིར་ཐུན་མོང་ཐེག་པ་ལས་བཤད་པའི་སྙིང་རྗེ་ཙམ་དང༌། སྙིང་རྗེ་ཆེན་པོ་དང༌། དེ་ལ་ཐུགས་རྗེའི་སྒྲས་བསྟན་པ་རྣམས་ལ་ཁྱད་པར་ཆེ་ཞིང༌། དེ་ལས་སྔགས་ཀྱི་སྐབས་འདིར་གང་ཟག་གི་དབྱེ་བས། ལས་དང་པོ་པའི་སྙིང་རྗེ། སར་གནས་བྱང་སེམས་ཀྱི་སྙིང་རྗེ། སངས་རྒྱས་ཀྱི་སྙིང་རྗེ་ཞེས་གསུམ་གྱི་དབྱེ་བ་སྦྱོར་བ་བདུན་པ་ལས་གསུངས་ཤིང༌། དེ་དག་སྤྱིར་བསྟན་ན་འབའ་ཞིག་པའི་སྙིང་རྗེ་ཞེས་བྱ་སྟེ། ཐུན་མོང་བའི་སྟོང་ཉིད་ལ་འབའ་ཞིག་པའི་སྟོང་ཉིད་ཅེས་བཤད་པ་དང་མཚུངས་སོ། །དེའི་དོན་ནི་ཟུང་འཇུག་གི་སྙིང་རྗེ་དང་མི་འདྲ་བར་ཐུན་མོང་བའི་སྙིང་རྗེ་འདི་ཙམ་གྱི་རྒྱུན་བསྐལ་པར་གོམས་པར་བྱས་ཀྱང་འཁོར་བ་ལས་བརྒལ་བར་མི་ནུས་པས་རྟག་པའི་ཕྱོགས་སུ་ལྷུང་བའི་ཕྱིར་རྟག་པ་འབའ་ཞིག་པ་ཞེས་བྱ་སྟེ། ས་ར་ཧའི་ཞབས་ཀྱིས། འོན་ཏེ་སྙིང་རྗེ་འབའ་ཞིག་གོམས་ན་ཡང༌། །འཁོར་བ་འདིར་གནས་མྱ་ངན་འདས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་སྔགས་ཀྱི་མྱུར་ལམ་ལ་བརྟེན་པའི་རྫོགས་རིམ་གྱི་སྐབས་འདི་ལྟ་བུ་ནི་ཐབས་ཀྱི་རྩ་བར་གྱུར་པའི་སྙིང་རྗེ་ཞེས་པ་འབའ་ཞིག་པའི་སྙིང་རྗེ་ལ་མི་བྱ་ཡི། ཟུང་འཇུག་གི་སྙིང་རྗེ་ཞེས་བྱ་བ་གཙོ་བོར་བཟུང་ནས་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ལམ་ལ་རྣལ་འབྱོར་དུ་བྱ་དགོས་སོ། །ཟུང་འཇུག་གི་སྙིང་རྗེ་དེའི་མཚན་གཞི་དངོས་ནི། མི་འགྱུར་བའི་བདེ་བ་ཆེན་པོ་ཐུན་མོང་མ་ཡིན་པ་སྟེ། དེའང་ཆོས་ཀྱི་དབྱིངས་རང་བཞིན་འགྱུར་བ་མེད་པ་དང༌། རྟེན་ཐིག་ལེ་འཛག་མེད་གཉིས་ངོ་བོ་


LT08,P223B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདྲེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་དབྱིངས་རང་གིས་རིག་པའི་རྣམ་པ་ཅན་དེ་ཡིན་ལ། བདེ་བ་ཆེན་པོ་འདིས་རང་གཞན་གྱི་སྡུག་བསྔལ་འཇོམས་པའི་ཕྱིར་ནི་སྙིང་རྗེ་ཆེན་པོ་སྟེ། སྡུག་བསྔལ་ཅན་ཡོངས་སུ་སྐྱོབ་པ་ནི་སྙིང་རྗེ་ཆེན་པོའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྙིང་རྗེའི་སྒྲ་བཤད་འཇུག་པ་ཁོ་ན་ཙམ་གྱི་སྒོ་ནས་མ་ཡིན་ཏེ། མ་ལུས་པའི་འགྲོ་བ་རྣམས་ལ་རབ་ཏུ་བརྩེ་བ་ཆེན་པོའི་རྣམ་པའམ་འཛིན་སྟངས་ཅན་དུ་འཆར་བ་ཡིན་ཅིང༌། དེའང་གཟུང་འཛིན་གཉིས་སྣང་འགགས་ཤིང༌། སྤྲོས་བྲལ་གྱི་རྒྱ་ལས་མ་འདས་པས་དམིགས་པ་མེད་པའི་ཕྱིར་ན་དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱའོ། །དེར་མ་ཟད་ལས་རྒྱའི་བདེ་བ་ཡང་སྙིང་རྗེའི་རྣམ་པ་འཆར་བ་ཞིག་ཡོད་དེ། ཇི་སྐད་དུ། མཐའ་དག་བྱང་ཆུབ་རྒྱུ་རུ་ཤེས་རབ་ཐབས་ཀྱིས་མཆོད་པར་བྱ་སྟེ་རྒྱལ་པོ་བློན་པོ་སྙིང་རྗེ་དང༌། །བཅས་པའི་ཐུགས་ལྡན། ཅེས་འབྱུང་བ་ལྟར་ཏེ། ལས་རྒྱའི་བདེ་བ་སེམས་ཅན་ལ་དམིགས་པ་དང༌། ཡེ་རྒྱའི་བདེ་བ་ཆོས་ལ་དམིགས་པ་དང༌། ཕྱག་ཆེན་གྱི་བདེ་བ་དམིགས་པ་མེད་པ་སྟེ་སྙིང་རྗེ་གསུམ་མོ། །བདེ་བ་ཆེན་པོ་ལ་ཀུན་རྫོབ་ཏུ་བཞག་པ་ནི། བདེ་ཆེན་དེ་ཀུན་རྫོབ་དངོས་མ་ཡིན་ཡང་ཀུན་རྫོབ་ཞུ་བདེའི་ཐབས་ལ་བརྟེན་ནས་དེ་ཉིད་རྟོགས་དགོས་པའི་ཕྱིར། ཀུན་རྫོབ་དང་འབྲེལ་བའི་ཚུལ་གྱིས་ཀུན་རྫོབ་ཏུ་བཞག་གོ །འདིར་དུས་ཀྱི་འཁོར་ལོར་ཐུན་མོང་མ་ཡིན་པའི་རྣམ་གཞག་ལ། མི་འགྱུར་བའི་བདེ་བ་ཆེན་པོ་ལ་དོན་དམ་བདེན་པའི་ཐ་སྙད་བཏགས་ཏེ། གཟུང་འཛིན་ལ་སོགས་པའི་སྤྲོས་པ་ནུབ་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་ཀུན་རྫོབ་བདེན་པའི་ཐ་སྙད་སྦྱོར་ཏེ། ཀུན་རྫོབ་དང་རྣམ་པ་ཕྱོགས་མཚུངས་པའི་སྒོ་ནས་ཀུན་རྫོབ་ཀྱི་ཆོས་དེ་དང་དེའི་ཆོས་ཉིད་དུ་བཞུགས་པའི་


LT08,P224A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དོན་ལ་མི་འགྱུར་བའི་བདེ་བ་དང༌། རྣམ་ཀུན་མཆོག་ལྡན་གཉིས་ངོ་བོ་གཅིག་པའི་ཕྱིར། མི་འགྱུར་བའི་བདེ་བ་ཉིད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ཀྱང་མི་འགྱུར་བ་དང༌། བདེ་བའི་ལྡོག་ཆ་ནས་དོན་དམ་ཁོ་ནའི་རང་ཚུགས་སུ་གནས་ལ། བདེ་ཆེན་དེ་ཉིད་རྣམ་པ་ཐམས་ཅད་པར་ཤར་བའི་ལྡོག་ཆ་ནས་ཀུན་རྫོབ་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་ཆོས་ཉིད་དུ་སོང་བའི་ཕྱིར། རྣམ་པ་ཐམས་ཅད་པའི་ལྡོག་ཆ་ཀུན་རྫོབ་བདེན་པར་བཞག་གོ །དེས་ན་དེ་ལྟར་རྟོགས་པར་འགྱུར་བ་ནི་འདིའི་དགོས་པའོ། འདི་ལ་རྒྱུ་འབྲས་ཟུང་དུ་འཇུག་པ་ཞེས་ཀྱང་བྱ་སྟེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དངོས་མེད་ཀྱང་རྒྱུ་རྣམས་ཀྱི་རང་བཞིན་ཆོས་དབྱིངས་ནི་སྟོང་གཟུགས་དང༌། འབྲས་བུ་རྣམས་ཀྱི་ཆོས་དབྱིངས་ནི་མི་འགྱུར་བའི་བདེ་བ་སྟེ། རང་གི་ངོ་བོས་ཀྱང་སྟོང་པ་ལས་བདེ་བར་འཆར་བའི་ཕྱིར་རྒྱུ་འབྲས་དང་རྣམ་པ་མཚུངས་པ་ཡིན་ལ། རང་བཞིན་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང་རྣལ་འབྱོར་ཅན་གྱི་རྟོགས་ཚུལ་ལ། རྣལ་འབྱོར་ཡན་ལག་དང་པོ་ལྔས་རྣམ་པ་ཐམས་ཅད་པའི་མཚན་ཉིད་རྟོགས་ཀྱང་མི་འགྱུར་བའི་བདེ་བའི་ཆ་ནས་མ་རྟོགས་པ། ཏིང་ངེ་འཛིན་ཕན་ཆད་དུ་དེ་ཡང་རྟོགས་པའི་ཕྱིར་སྟོང་ཉིད་ཙམ་རྟོགས་པའི་ལམ་ལས་བདེ་བ་ཆེན་པོ་རྟོགས་པའི་ལམ་འབྱུང་བའི་ཕྱིར། རྟོགས་བྱེད་ལམ་གྱི་ཡེ་ཤེས་རྒྱུ་འབྲས་སུ་སོང་བས། རྟོགས་བྱ་ཆོས་དབྱིངས་ལའང་རྒྱུ་འབྲས་ཀྱི་ཐ་སྙད་མཛད་པའོ། །དེས་ན་ལམ་དུས་ཀྱི་ཟུང་འཇུག་དངོས་ནི་ཏིང་ངེ་འཛིན་གྱི་ཡན་ལག་ནས་འབྱུང་བ་ཡིན་ལ། དེའང་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པའི་ཟུང་འཇུག་ནི་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ཟུང་འཇུག་ཏུ་ཤེས་དགོས་ཏེ། འདི་ལྟར་ཤེས་རབ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་གཟུང་བར་བྱ་བའི་སེམས་ཏེ་ཤེས་བྱ་དང༌། ཐབས་མཆོག་ཏུ་


LT08,P224B
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་བདེ་བ་ཆེན་པོ་ནི་འཛིན་པར་བྱེད་པའི་སེམས་ཏེ་ཤེས་པ་ཞེས་བྱའོ། །ཤེས་བྱ་དེ་ལྟ་བུའི་སྣང་བ་མཐོང་བ་སྔོན་དུ་སོང་བ་ལས་ཤེས་པ་འདི་ལྟ་བུ་ཕྱིས་སྐྱེས་པའི་ཕྱིར་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུ་ཞེས་ཀྱང་བྱ་ལ། ཡན་ལག་འདིར་རྒྱུ་འབྲས་འདི་དག་དབྱེར་མེད་དུ་འདྲེས་པའི་ཚུལ་གྱིས་ཕན་ཚུན་རྒྱས་བཏབ་པའི་ཕྱིར་ཟུང་འཇུག་ཅེས་ཀྱང་བྱའོ། །མདོར་ན་གཞིའི་དུས་ཀྱི་ཆོས་ཉིད་ཟུང་འཇུག་གི་ངོ་བོར་གནས་པས་འབྲས་བུའི་ཡེ་ཤེས་ཀྱང་ཟུང་དུ་འཇུག་པའི་བདག་ཉིད་ཅན་ཡིན་ལ། རྒྱུ་མཚན་དེའི་ཕྱིར་དེ་སྒྲུབ་པར་བྱེད་པའི་ཐབས་སམ་ལམ་ཡང་ཟུང་འཇུག་གི་མཚན་ཉིད་ཅན་ཞིག་དགོས་ཏེ། མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་འབྱུང་བ་དངོས་པོ་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཟུང་འཇུག་དེའང་བཤད་མ་ཐག་པ་ལྟར་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་དང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཟུང་དུ་འཇུག་པའི་བདག་ཉིད་དེ། དེ་སྙིང་རྗེ་ཆེན་པོ་དང་སྟོང་པ་ཉིད་ཟུང་དུ་འཇུག་པའང་ཡིན་ལ། སྒྱུ་ལུས་དང་འོད་གསལ་ཟུང་དུ་འཇུག་པའང་འདི་ཁོ་ནའོ། །དེ་ལྟར་ཡང་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་གསུངས་ཏེ། སྙིང་རྗེ་ཆེན་པོ་དང༌། འོད་གསལ་དང༌། མི་འགྱུར་བའི་བདེ་བ་རྣམས་དོན་གཅིག་ཏུ་འགྱུར་ཞིང༌། དེ་ཉིད་ཐབས་དང༌། སྤྱི་ལ་གྲགས་པ་ལྟར་གྱི་ཀུན་རྫོབ་བདེན་པར་ཡང་བསྟན་ལ། སྟོང་པ་ཉིད་དང༌། སྒྱུ་ལུས་དང༌། རྣམ་ཀུན་མཆོག་ལྡན་གྱི་སྐུ་རྣམས་དོན་གཅིག་ཏུ་འགྱུར་ཞིང༌། དེ་ཉིད་ཤེས་རབ་དང༌། སྤྱི་ལ་གྲགས་པ་ལྟར་གྱི་དོན་དམ་བདེན་པར་ཡང་འཇོག་གོ །གསུམ་པ་ཡན་ལག་གི་དབྱེ་བ་


LT08,P225A
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལ་གསུམ། བླ་མེད་ཕ་རྒྱུད་ཀྱི་རྫོགས་རིམ། བླ་མེད་མ་རྒྱུད་ཀྱི་རྫོགས་རིམ། ལུགས་སྲོལ་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་ལ་གསུམ། འདུས་པ། གཤེད་དམར། དགྲ་ནག་གི་རྫོགས་རིམ་མོ། །དང་པོ་ལའང་གཉིས། འཕགས་ལུགས་དང༌། ཡེ་ཤེས་ཞབས་ཀྱི་ལུགས་སོ། །དང་པོ་ནི། ཡན་ལག་དབྱེ་བ་འདུས་པའི་རྩ་རྒྱུད་ལས། །ལུས་ངག་སེམས་དབེན་སྒྱུ་ལུས་འོད་གསལ་དང༌། །ཟུང་འཇུག་རིམ་པ་དྲུག་གསུངས་ཐོག་མ་ནི། །བསྐྱེད་རིམ་རྡོར་བཟླས་ཅི་རིགས་འདུ་བའི་ཕྱིར། །ཡོངས་གྲགས་རྡོ་རྗེའི་བཟླས་དང་སེམས་ལ་དམིགས། །བདག་བྱིན་རླབས་དང་མངོན་པར་བྱང་ཆུབ་པ། །ཟུང་འཇུག་རིམ་ལྔར་བསྡུ་བ་འཕགས་པའི་ལུགས། །བླ་མེད་རྒྱུད་སྡེ་རྣམས་ལས་དངོས་སུ་གསུངས་པ་དང་གྲུབ་པའི་སློབ་དཔོན་སོ་སོས་བཀྲལ་བའི་རྫོགས་རིམ་གྱི་ཡན་ལག་ཤིན་ཏུ་མང་ཡང་གཙོ་ཆེ་ཞིང་ཡོངས་སུ་གྲགས་པ་རྣམས་ཀྱི་དབྱེ་བའི་ངོ་བོ་ཙམ་འཆད་ན། ཕ་རྒྱུད་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་དྲུག་པ་ལས། སྔགས་ལ་ངེས་རྟོག་ལུས་ཀྱིས་ནི། །ངག་གིས་ཡིད་ལ་བསྐུལ་གྱུར་པས། །བསྒྲུབ་བྱ་རབ་མཆོག་དངོས་གྲུབ་དང༌། །ཡིད་ནི་དགའ་ཞིང་མགུ་བའོ། །ཞེས་གསུངས་པའི་སྔགས་ལ་ངེས་རྟོག་གིས་ངག་དབེན། ལུས་ཀྱིས་ཞེས་པ་རྡོར་བཟླས་སྒྲུབ་བྱེད་ཀྱི་སྤྲུལ་པའི་ལུས་ཞེས་གསུངས་ཏེ་ལུས་དབེན། དེས་སྒྲུབ་པའི་ངག་དབེན་གྱིས་ཡིད་ལ་སྟེ་སྙིང་ག་ན་གནས་པའི་རྡོར་སེམས་བསྐུལ་བ་ཞེས་པ་ཡུལ་དུ་བྱས་པས་རྣལ་འབྱོར་པའི་རྒྱུད་ལ་རབ་མཆོག་ལ་སོགས་པ་བཞི་པ་སྒྲུབ་པར་བྱའོ། །དེ་ལ་རབ་མཆོག་ནི་རྡོར་བཟླས་ལས་རབ་ཏུ་གྱུར་པའི་སེམས་དབེན་ནོ། །དངོས་གྲུབ་ནི་བདག་བྱིན་བརླབས་སོ། །ཡིད་དགའ་བ་ནི་སྒྱུ་མའི་ལུས་དེ་དག་པར་བྱེད་པའི་དོན་


LT08,P225B
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བདེན་པ་འོད་གསལ་ལོ། །མགུ་བ་ནི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུའོ། །ཞེས་སྒྲོན་གསལ་ལས་བཤད་དེ་རིམ་པ་དྲུག་ཏུ་གསུངས་ལ་སྤྱོད་བསྡུས་སུའང་དེ་ལྟར་བཤད་དོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་རྡོ་རྗེའི་བཟླས་པ་ལ་རིམ་པ་དང་པོར་བྱས་པའི་རྫོགས་རིམ་ལ་རིམ་པ་ལྔར་མཛད་དེ། བཤད་རྒྱུད་རྡོར་ཕྲེང་གི་ལེའུ་ཐ་མ་ལས། རྡོ་རྗེའི་བཟླས་པའི་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །བདག་ལ་བྱིན་རླབས་རིམ་པས་ཀྱང༌། །དངོས་གྲུབ་བརྒྱད་ནི་ཐོབ་པར་འགྱུར། །སྣང་བ་ལ་སོགས་དབྱེ་བ་ཤེས། །མངོན་པར་བྱང་ཆུབ་རིམ་པར་ཐོབ། །ཟུང་འཇུག་རིམ་པ་ལ་གནས་པ། །དངོས་གྲུབ་ཐམས་ཅད་བསྡུས་པ་འདི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་གསུངས་པའི་རྗེས་སུ་འབྲངས་པའོ། །དེའང་ཐོག་མར་ལུས་དབེན་ནི་བསྐྱེད་རིམ་དང་རྡོར་བཟླས་ཅི་རིགས་སུ་འདུ་བའི་ཕྱིར་རྫོགས་རིམ་ལ་རིམ་པ་ལྔར་གསུངས་པ་ཉིད་ཡོངས་སུ་གྲགས་ཏེ། དེའང་རྡོ་རྗེའི་བཟླས་པའམ་ངག་དབེན་གྱི་རིམ་པ། སེམས་ལ་དམིགས་པའམ་སེམས་ཀྱི་རིམ་པ་དང༌། བདག་བྱིན་རླབས་སམ་ཀུན་རྫོབ་བདེན་པ་སྒྱུ་ལུས་ཀྱི་རིམ་པ་དང༌། མངོན་པར་བྱང་ཆུབ་པའམ་དོན་དམ་བདེན་པ་འོད་གསལ་གྱི་རིམ་པ་དང༌། གཉིས་མེད་ཡེ་ཤེས་སམ་བདེན་གཉིས་ཟུང་འཇུག་གི་རིམ་པ་ལྔར་གསུངས་ཏེ། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་དམིགས་པ་རྟོགས་ནས་ནི། །རྡོ་རྗེའི་བཟླས་པ་རྣམས་ལ་སློག །རྡོ་རྗེའི་བཟླས་གནས་རྣལ་འབྱོར་པ། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཡང་དག་མཐས་ནི་རྣམ་པར་སྦྱང༌། །ཡང་དག་མཐའ་


LT08,P226A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་པོ། །ཞེས་རིམ་ལྔ་ལས་གསུངས་ཏེ། སྤྱོད་བསྡུས་སྒྲོན་མེར་དེ་ཉིད་ལྔ་གསུངས་པ་དང་གཅིག་གོ །ཡང་རྡོ་རྗེའི་བཟླས་པའི་རིམ་པ་ཡང་སེམས་ལ་དམིགས་པའི་སྔོན་འགྲོ་ཙམ་ཡིན་ཞིང༌། རྒྱུའི་རྫོགས་རིམ་དངོས་ནི་སེམས་དམིགས་ཡིན་ལ། རྡོར་བཟླས་དེའི་ཡན་ལག་ཏུ་འདུས་པར་དགོངས་ནས། རྫོགས་རིམ་རིམ་པ་བཞི་དང༌། བསྐྱེད་རིམ་ཐོག་མར་བསྣན་ནས། བསྐྱེད་རྫོགས་གཉིས་ཀ་བསྡམས་པའི་རིམ་ལྔ་ནི། ཟླ་བ་གྲགས་པའི་སྒྲོན་གསལ་ལས། འདི་སྐད་དུ། གསང་སྔགས་སྐུ་ནི་རབ་སྒྲུབ་བྱེད། །བསྐྱེད་པའི་རིམ་པ་དང་པོ་ཡིན། །སེམས་ལ་དམིགས་པ་ཙམ་ཞིག་ནི། །རིམ་པ་གཉིས་པ་ཡིན་པར་བརྗོད། །ཀུན་རྫོབ་བདེན་པ་བསྟན་པ་ནི། །ཡིད་འོང་རིམ་པ་གསུམ་པའོ། །ཀུན་རྫོབ་བདེན་པ་དག་པ་ནི། །རིམ་པ་བཞི་པ་ཞེས་བརྗོད་དོ། །བདེན་གཉིས་སྦྱོར་བ་གང་ཡིན་པ། །ཟུང་འཇུག་ཞེས་བྱ་ལྔ་པ་ཡིན། །ཞེས་གསུངས་སོ། །ཡང་སེམས་དམིགས་ཀྱི་སྒྲུབ་པའི་གཙོ་བོ་རྡོ་རྗེའི་བཟླས་པ་ཡིན་པས། རྡོ་རྗེའི་བཟླས་པ་ཉིད་ལམ་གྱི་རྐངས་སུ་བགྲངས། སེམས་དམིགས་ནི་དེའི་ནང་དུ་བསྡུས་ནས། རྫོགས་རིམ་རིམ་པ་བཞི་དང༌། བསྐྱེད་རིམ་སྟེ་རིམ་པ་ལྔར་བྱས་པ་ནི། དུས་ཀྱི་འཁོར་ལོ་ཕྱི་མའི་རྒྱུད་ནས་གསུངས་ཤིང༌། འཇིགས་མེད་འབྱུང་གནས་དང་ཐུབ་པ་དཔལ་ལ་སོགས་པས་བཤད་པ་བཞིན་ཡིན་ནོ། །དེ་ཐམས་ཅད་ལུས་རྣམ་པར་དབེན་པའི་རིམ་པ་མི་བཞེད་པ་མ་ཡིན་ཀྱང༌། རྡོར་བཟླས་ཀྱི་རིམ་པའི་སྔོན་དུ་འགྲོ་བ་དང༌། བསྐྱེད་རིམ་ཕྲ་མོའི་འབྲས་བུར་དགོངས་ཤིང༌། གང་ཟག་འགའ་ཞིག་གིས་ཞོར་ལ་འགྲུབ་པ་དང༌། ཁ་ཅིག་གིས་དེ་ལོགས་སུ་


LT08,P226B
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒོམས་ཀྱང་རྡོར་བཟླས་ལ་སོགས་པ་འགྲུབ་ཏུ་རུང་བས་མེད་མི་རུང་རང་ཡང་མིན་པར་དགོངས་ནས་རིམ་པ་ལོགས་སུ་མ་བཤད་པའོ། །དེ་དག་གི་དོན་རྟོགས་པར་བྱེད་པ་ལ་རིམ་འཇུག་གི་དབང་དུ་བྱས་ནས་ཐོག་མར་བསྐྱེད་རིམ། དེ་ནས་རྫོགས་རིམ་རིམ་པ་དྲུག་གི་རྣམ་གཞག་ཤེས་ན་རིམ་ལྔ་ཞར་ལས་འོང་ཞིང༌། འདི་ཉིད་འཕགས་པ་ཡབ་སྲས་ཀྱིས་བཀྲལ་བའི་རྫོགས་རིམ་ཁྱད་པར་འཕགས་པ་ཡིན་པས་མི་ཤེས་སུ་མི་རུང་བའི་ཕྱིར། ངོ་བོ་དང་དབྱེ་བ་ཙམ་སྨོས་ན། བསྐྱེད་རིམ་གྱི་ངོ་བོ་ནི། རང་རྒྱུ་རྣམ་པར་རྟོག་པས་དངོས་སུ་བཏགས་ཤིང༌། ངོ་བོ་རྟོག་བཅས་དང་རྟོག་མེད་གང་རུང་གི་ལྷའི་རྣལ་འབྱོར་ཞིག་ལ། རྣམ་པ་འཁོར་བའི་སྐྱེ་ཤི་བར་དོ་གསུམ་དང་དབྱིངས་མཐུན་པས་སྦྱོང་ཞིང༌། སྐུ་གསུམ་དང་རྣམ་པ་མཐུན་པས་ལམ་དུ་བྱེད་པ། དགོས་པ་རྫོགས་རིམ་གྱི་སྨིན་བྱེད་ཀྱི་གཞིར་གྱུར་ཅིང༌། གྲོགས་བཅོས་མའི་བདེ་བ་དང་སྟོང་པས་བརྒྱན་པའི་ཏིང་ངེ་འཛིན་ནོ། །དབྱེ་ན། བསྐྱེད་རིམ་གྱིས་སྒྲུབ་པའི་ཏིང་ངེ་འཛིན་དང༌། བསྐྱེད་རིམ་དངོས་ཀྱི་ཏིང་ངེ་འཛིན་དང༌། རྫོགས་རིམ་དང་འབྲེལ་བའི་བསྐྱེད་རིམ་སྟེ་གསུམ་ནི་སྒོམ་པ་པོའི་གང་ཟག་གི་སྒོ་ནས་དབྱེ་བ་ཡིན་ལ། བསྒོམ་བྱ་ལྷའི་དབང་དུ་བྱས་ན་དཀྱིལ་འཁོར་ཡོངས་རྫོགས་དང༌། ཆ་ཤས་བསྒོམ་པ་གཉིས། ཏིང་ངེ་འཛིན་གྱི་ཡན་ལག་གི་དབྱེ་བ་ནི། བསྙེན་སྒྲུབ་ཡན་ལག་བཞི་དང༌། རྣལ་འབྱོར་བཞི་དང༌། ཏིང་ངེ་འཛིན་གསུམ་དང༌། ཡན་ལག་དྲུག་ལ་སོགས་པའོ། །དངོས་གྲུབ་སྒྲུབ་པའི་གནས་སྐབས་ཀྱི་སྒོ་ནས་དབྱེ་ན། བསྙེན་པ་དང༌། ཉེ་བའི་བསྙེན་པ་དང༌། སྒྲུབ་པ་དང༌། སྒྲུབ་པ་ཆེན་པོའོ། །སྒོམ་པ་མཆོག་དམན་གྱི་སྒོ་ནས་དབྱེ་ན། རྟོག་པའི་རྣལ་འབྱོར་དང༌། དྲན་པ་གཅིག་པའོ། །འདི་ནི་གོང་དུ་རྒྱས་པར་སྨོས་ཀྱང་འདིར་ཡང་ལུགས་འདིའི་ལམ་གྱི་རྐང་ཚང་པར་ཤེས་


LT08,P227A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད་དུ་ཞར་ལས་འོངས་པའོ། །ལུས་དབེན་གྱི་ངོ་བོ་ནི། རྣམ་རྟོག་གིས་བསྐྱེད་པ་མེད་པར་བདེ་སྟོང་གི་ངང་ལས་ཡིད་ཁོ་ནར་ཤར་བའི་ལྷ་སྐུའོ། །དབྱེ་ན། མཉམ་གཞག་དང་རྗེས་ཐོབ་ཀྱི་ལུས་དབེན་གཉིས་སམ། རྒྱས་བཏབ་རིམ་པ་གཅིག་པ་རིགས་བརྒྱ་དང༌། རིམ་པ་གཉིས་པ་རིགས་ལྔ་དང༌། རིམ་པ་གསུམ་པ་རིགས་གསུམ་དང༌། རྒྱས་བཏབ་རིམ་པ་གཅིག་པ་གསང་ཆེན་རིགས་གཅིག་སྟེ་བཞིའོ། །ངག་དབེན་གྱི་ངོ་བོ་ནི། རླུང་གི་མཚན་ཉིད་དང་སྔགས་ཀྱི་ངེས་དོན་ཤེས་པའི་སྒོ་ནས། སྲོག་རླུང་གཙོ་བོར་གྱུར་པའི་རླུང་ཆེན་པོ་རྣམས་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་དང་ཐིམ་པ་བརྟན་པར་བྱེད་པའི་ལས་ཅན་ནོ། །དབྱེ་ན་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་དང༌། སྙིང་གའི་སྣ་རྩེར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དང༌། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པའོ། །དང་པོ་ལ་ཐབས་མགོན་པོ་བཞིའི་རྡོར་བཟླས། ཤེས་རབ་ལྷ་མོ་བཞིའི་རྡོར་བཟླས། གསང་བ་ཡན་ལག་གི་རླུང་གི་རྡོར་བཟླས་ལ་སོགས་པ་ཡོད་དེ། རྡོར་བཟླས་དབྱེ་བ་མང་པོ་ཡོད་པའི་ནང་ནས་འདི་ནི་རྩ་ལམ་སྦྱོང་བའི་རྡོར་བཟླས་ཡིན་ལ། འདིས་ཀྱང་ཤིན་ཏུ་ཡུན་རིང་ལེན་ནས་རླུང་དབུ་མར་འཆིང་ནུས་མོད་ཀྱི། རྩ་ལམ་སྦྱོང་བ་ཉིད་ཀྱི་ཕྱིར་རགས་པའི་རྩ་མདུད་གྲོལ་བ་ལ་བསྔགས་པར་གྲགས་སོ། །གཉིས་པ་ནི། དང་པོ་རླུང་དབུ་མར་བསྡུ་བ་དང༌། མཐར་དབུ་མའི་ཐིག་ལེར་འཆིང་བ་ལ་བསྔགས་པའོ། །གསུམ་པ་ནི། དེ་གཉིས་ཀར་གྱི་བོགས་དབྱུང་བའོ། །སེམས་དབེན་གྱི་ངོ་བོ་ནི། རྩ་འཁོར་རྣམས་སུ་རྣམ་རྟོག་གི་རླུང་རྣམས་བསྒོམ་སྟོབས་ཀྱིས་དར་ཅིག་རེ་ཐིམ་པ་ལས་ཐིག་ལེ་བརྟན་པར་གྱུར་པའི་བདེ་སྟོང་གི་ཡེ་ཤེས་སོ། །དབྱེ་ན་སེམས་དབེན་གྱི་སྒྲུབ་པ་དང༌། སེམས་དབེན་དངོས་སོ། །དངོས་ལ་སྣང་བའི་ས།


LT08,P227B
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་པའི་ས། ཐོབ་པའི་ས། མཐར་ཐུག་དཔེའི་འོད་གསལ་ཏེ་བཞིའོ། །སྒྱུ་ལུས་ཀྱི་རིམ་པའི་ངོ་བོ་ནི། རྒྱུ་འོད་གསལ་གྱི་རླུང་སེམས་ཙམ་ལ། རྐྱེན་རླུང་མི་ཤིགས་པ་ལ་ཐིམ་པའི་ཞུ་བདེས་བསྐྱེད་པ། རྣམ་པ་ལྷའི་འཁོར་ལོར་རམ་སྒྱུ་མ་ལྟ་བུར་ཤར་ཞིང༌། ཉམས་ཞུ་བདེའི་རང་བཞིན་མཚོན་པ། བྱེད་ལས་རྣལ་འབྱོར་པའི་ལུས་ཀྱི་བྱ་བ་བྱེད་ནུས་ཀྱི་ཏིང་ངེ་འཛིན་ནོ། །དབྱེ་ན་མཉམ་གཞག་སྒྱུ་མ། རྗེས་ཐོབ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་སྟེ་བཞིའམ། ཐོབ་མ་ཐག་པ་དང༌། གོང་དུ་འཕེལ་བཞིན་པ་དང༌། མཐར་ཐུག་པ་དང་གསུམ་ཡོད་དོ། །འོད་གསལ་གྱི་རིམ་པའི་ངོ་བོ་ནི། བྱེད་ལས་ཉོན་མོངས་རླུང་དང་བཅས་པའི་ས་བོན་འཇོམས་པར་བྱེད་པ། ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་སྒྲུབ་པར་བྱེད་པའི་ལམ་མོ། །དབྱེ་ན། དོན་གྱི་འོད་གསལ་གྱི་སྒྲུབ་པ་དང༌། དོན་གྱི་འོད་གསལ་དངོས་གཉིས་སམ། ཕྱི་ནང་གི་མངོན་བྱང་གཉིས་དང༌། རིལ་གཞིག་གི་བསམ་གཏན་གཉིས་སོ། །ཟུང་འཇུག་གི་ངོ་བོ་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བདེ་ཆེན་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་གཉིས་ངོ་བོ་དབྱེར་མེད་དུ་གྲུབ་པའི་ཡེ་ཤེས་སོ། །དབྱེ་ན། སློབ་པ་དང་མི་སློབ་པའི་ཟུང་འཇུག་གཉིས་དང༌། སློབ་པ་ལའང་འཕགས་པའི་ས་བཅུའམ་བཅུ་གཉིས་སུ་དབྱེ་ལ། མི་སློབ་པ་ནི་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དོ། །དེ་དག་གི་སྒོམ་རིམ་དམིགས་པའི་གནད་ནི། བུ་སྟོན་རིན་པོ་ཆེ་དང༌། རྗེ་བཙུན་སྒྲོལ་བའི་མགོན་པོའི་གསུང་རབ་མར་འགོས་ཀྱི་ལུགས་གཉིས་འདུས་དང༌། ལུགས་གཉིས་ཀྱི་གནད་དང་དམིགས་རིམ་མ་འདྲེས་པར་སོ་སོར་བཀོད་པ་རྣམས་ལས་ཤེས་དགོས་ཏེ་འདིར་ནི་མ་སྤྲོས་སོ། །གཉིས་པ་ནི། ཐིག་ལེ་བཞི་བསྒོམ་ཐིག་རླུང་ལས་རུང་ནས། །ཟབ་པ་དེ་ཁོ་ཉིད་ལ་ཞུགས་


LT08,P228A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས། །གསལ་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་དང༌། །གཉིས་མེད་སྦྱོར་བ་ཡེ་ཤེས་ཞབས་ཀྱི་ལུགས། །འདུས་པ་ཞབས་ལུགས་ཀྱི་རྫོགས་རིམ་ནི། འཇམ་དཔལ་ཞལ་ལུང་ཞེས་འཕགས་པ་ཉིད་ཀྱིས་སློབ་དཔོན་སངས་རྒྱས་ཡེ་ཤེས་ལ་དངོས་སུ་གསུངས་པ་དང༌། གྲོལ་བའི་ཐིག་ལེ་ཞེས་རྗེ་བཙུན་གྱིས་གསུང་གི་གནང་བ་ལ་བརྟེན་སློབ་དཔོན་ཉིད་ཀྱིས་མཛད་པ་སྟེ། དེ་དག་གི་སྒོམ་དོན་སྤྱིར་གྲགས་པའི་དབང་དུ་བྱས་ན། སྙིང་གར་མི་ཤིགས་པའི་ཐིག་ལེ་དང༌། ནོར་བུར་གསང་བའི་ཐིག་ལེ་སྟེ་དགའ་བ་དང་མཆོག་དགའི་དབང་དུ་བྱས་པ་གཉིས་ཀྱི་ཐོག་མར་ཐིག་ལེའི་རྣལ་འབྱོར་ཀྱང༌། སྟེང་གི་སྣ་རྩེར་སྤྲུལ་པའི་ཐིག་ལེ་ཁྱད་དགའི་དབང་དུ་བྱས་པས་རླུང་གི་རྣལ་འབྱོར་སྦྱངས་ནས་ཐིག་རླུང་ལས་སུ་རུང་བའི་དབང་གིས་སླར་མི་ཤིགས་པའི་ཐིག་ལེ་ཁྱད་པར་ཅན་ལྷན་ཅིག་སྐྱེས་དགའི་དབང་དུ་བྱས་པ་ལ་བརྟེན་ནས་འོད་གསལ་དུ་ལུགས་འབྱུང་གིས་སྡུད་པ་དང་ལུགས་ལྡོག་གིས་ལྡང་བ་ཡང་ཡང་གོམས་པས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ལ་སྦྱོར་ཏེ། དེའང་སྤྱིར་འཇམ་དཔལ་ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །ཞེས་རྫོགས་པའི་རིམ་པའི་མཐར་ཐུག་པ་ནི་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཤིས་ལུགས་སམ་གནས་ཚུལ་རང་བཞིན་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པའི་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཡིན་པར་གསུངས་ཤིང༌། དེ་ལྟར་ན་ཐིག་ལེ་བཞིའི་རྣལ་འབྱོར་བསྒོམས་པས་ལུས་ཀྱི་ཐིག་རླུང་ལས་སུ་རུང་བ་ལ་བརྟེན་ནས་ཟབ་པ་དེ་ཁོ་ན་ཉིད་ལ་ཞུགས་པའི་སེམས་ཉིད། གསལ་བ་སྒྱུ་མ་ལྟ་


LT08,P228B
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་དང་གཉིས་སུ་མེད་པར་སྦྱོར། དེ་གཉིས་ཀྱང་རེས་འཇོག་མིན་པར་དུས་གཅིག་ལ་འཚོགས་ནས་འབྲས་བུའི་མཐར་ཐུག་ལ་རེག་པ་སྟེ། གྲོལ་ཐིག་ལས། རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་གཞའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱང་བ། །ཡང་དག་གསལ་བ་ཞེས་བྱའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །ཞེས་གསུངས་ལ། དེའང་ཟབ་མོ་ནི་རྟོག་པས་བསམ་པ་དང་ཚིག་གིས་བརྗོད་དུ་མེད་ཅིང་སྤྲོས་པ་དང་མཚན་མའི་དྲི་མས་དབེན་ལ་མཐའ་གང་གིས་ཀྱང་མ་རེག་པའི་སེམས་ཉིད་ནམ་མཁའ་ལྟ་བུ་ལ་བྱ་ཞིང༌། གསལ་བ་ནི་ཀུན་ནས་དྭངས་ཤིང་དྲི་མས་དག་པའི་རང་འོད་འགག་མེད་སྣ་ཚོགས་སུ་འཆར་བའི་རྣམ་པ་སྒྱུ་མ་དང་གཞའ་ཚོན་ལྟ་བུ་ལ་བྱའོ། །དེ་ལྟ་བུའི་ཟབ་མོ་དང་གསལ་བ་གཉིས་དབྱེར་མེད་ཟུང་དུ་འཇུག་པའི་ལམ་གྱིས་གྲོལ་བར་འགྱུར་གྱི། དེ་གཉིས་ལས་གང་ཡང་རུང་བ་རེ་རེས་ནི་གྲོལ་བར་མི་ནུས་པས་རྫོགས་རིམ་ཐམས་ཅད་ཀྱི་གནད་མཐར་གཏུགས་པ་ན་བདེན་གཉིས་སམ་ཟབ་གསལ་བདེ་སྟོང་ཟུང་དུ་འཇུག་ཅེས་པའི་དོན་ཟུང་དུ་འཇུག་ཚུལ་དང་དབྱེར་མེད་ཚུལ་རིམ་ལྔ་ནས་བཤད་པ་དང་འདྲ་བ་ཞིག་གིས་སངས་རྒྱས་ཀྱི་རྒྱུ་བྱེད་པ་འདི་ཤིང་རྟ་ཆེན་པོའི་རྫོགས་རིམ་ཐམས་ཅད་ལ་གོ་དགོས་ཤིང༌། དེའི་གནད་ཀྱིས་བསྐྱེད་རིམ་གྱི་སྐབས་སུའང་སྭ་བྷཱ་བ་སོགས་ཀྱིས་སྟོང་ཉིད་དུ་ཞུགས་པའི་ངང་ནས་ལྷའི་སྐུར་ལྡང་བའི་རིམ་པ་བཤད་པ་ཡིན་ལ། རྫོགས་རིམ་གཞན་རྣམས་ཀྱིས་ཀྱང་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་སྐུ་དེ་སྒྲུབ་དགོས་པས་སྒྲུབ་པའི་ཐབས་སུ་


LT08,P229A
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འགྱུར་ཚུལ་བསམ་ནས་རྫོགས་རིམ་གྱི་གནད་རྣམས་ཟིན་པར་བྱའོ། །ཡེ་ཤེས་ཞབས་ལུགས་ཀྱི་མན་ངག་སློབ་བཤད་ཁྱད་པར་བ་ལྟར་ན། ཞལ་ལུང་གི་བསྟན་དོན་ཟབ་གསལ་གཉིས་སུ་མེད་པའི་ཁྲིད། མཆོག་གྱུར་དབང་གི་ཡེ་ཤེས་ཀྱི་ཁྲིད། བླ་མེད་གྲོལ་བའི་ཐིག་ལེའི་ཁྲིད་ཀྱི་བསྟན་དོན་ཏེ་གསུམ་དུ་ངེས་པ་ལས། དང་པོ་ལ། ཟབ་མོ་སྤྲོས་བྲལ་གྱི་ཁྲིད། གསལ་བ་དཀྱིལ་འཁོར་གྱི་ཁྲིད། མཐར་ཐུག་ཟུང་འཇུག་གི་ཁྲིད། ཕྱི་མ་ལ་བསྐྱེད་རིམ་དང་རྫོགས་རིམ་ཐིག་ལེ་བཞིའམ་རིམ་པ་གསུམ་གྱི་ཁྲིད་ཚུལ་ཤིན་ཏུ་ཟབ་མོ་རྣམས་ཡོད་དོ། །སྤྱིར་སློབ་དཔོན་ཆེན་པོ་འདི་ཉིད་ཀྱི་བཞེད་པས། སྐལ་དམན་ཚེ་འདིར་བསྐྱེད་རིམ་འབའ་ཞིག་བསྒོམས་ཏེ་རྫོགས་རིམ་སྐྱེ་བ་གཞན་དུ་སྨོན་ལམ་གྱིས་མཚམས་སྦྱོར་བ་དང༌། འབྲིང་པོ་ཚེ་འདིར་རྫོགས་རིམ་གཙོ་བོར་བསྒོམས་པས་བསྐྱེད་རིམ་ཞོར་ལ་འགྲུབ་སྟེ་བར་དོའམ་སྐྱེ་བ་གཞན་ལ་བྱང་ཆུབ་པའི་ལམ་དང༌། སྐལ་ལྡན་བསྐྱེད་རྫོགས་ཟུང་འཇུག་ཏུ་རྒྱས་འདེབས་པའི་ལམ་ཚེ་འདི་ཉིད་ལ་བྱང་ཆུབ་མངོན་དུ་བྱེད་པ་རྫོགས་པའི་རིམ་པ་གསུམ་དུ་ཡོད་པ་ལས་ཁྲིད་ཚུལ་འདི་དག་ནི་ཕྱི་མ་ཡིན་ཅིང༌། གྲོལ་བའི་ཐིག་ལེའི་ཁྲིད་རིམ་ཉིད་ཞབས་ལུགས་ཀྱི་མི་བསྐྱོད་པ་སོགས་རིགས་ལྔ་སོ་སོའི་དཀྱིལ་འཁོར་དང༌། ཇོ་ལུགས་གསང་འདུས་སྤྱན་རས་གཟིགས་སོགས་ལའང་སྦྱར་བར་བྱ་བ་ཡིན་པས་དེ་དག་ལ་ཁྲིད་རིམ་གཞན་དུ་ཚོལ་མི་དགོས་ལ། འདི་ཉིད་རྩ་རྒྱུད་ཕྱི་མ་ནས་གསུངས་པའི་གསང་འདུས་ཀྱི་སྦྱོར་དྲུག་ཡིན་ཅེས་རྗེ་བཙུན་གྲོལ་མཆོག་ཞབས་གསུང་ངོ༌། །གཉིས་པ་གཤིན་རྗེ་གཤེད་དམར་པོའི་རྫོགས་རིམ་ལ་གཉིས། སྤྱི་དང༌། ཁྱད་པར་རོ། །དང་པོ་ནི། དབྱིབས་སྔགས་བྱིན་རླབས་ཡེ་ཤེས་རྣལ་འབྱོར་བཞི། །གྲུབ་པའི་སློབ་དཔོན་དཔལ་འཛིན་གྱི་བཞེད་པས་རྟོགས་པའི་ལྟ་བ་ལ་བསྐྱེད་


LT08,P229B
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱི་སྐབས་སུ་དཔྱད་པ་སྔོན་སོང་ཡང་བཤད་ལ། རྫོགས་རིམ་གྱི་ལྟ་བ་ནི་ནག་པོ་ལེའུ་ཐ་མའི་འགྲེལ་བར་དཔའ་བོ་ས་ར་ཧའི་དོ་ཧའི་ལུང་དྲངས་ཤིང་དེ་དང་མཐུན་པར་བཤད་པ་ལྟར་ཡིན་པས་རྒྱས་པར་དོ་ཧ་མཛོད་དུ་རྟོགས་པར་བྱ་དགོས་ལ། སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱི་བཞེད་པའང་དེ་ལྟར་ཡིན་ནོ། །རིམ་པ་གཉིས་པ་སྟོང་ཉིད་སྒོམ་ཐབས་མི་འདྲ་བའི་ཚུལ་དངོས་གཞི་ལ། དབྱིབས་ཀྱི་རྣལ་འབྱོར་ནི་རྣལ་འབྱོར་དང་པོ། སྔགས་ཀྱི་རྣལ་འབྱོར་ནི་རྗེས་སུ་རྣལ་འབྱོར། བྱིན་རླབས་ཀྱི་རྣལ་འབྱོར་ནི་ཤིན་ཏུ་རྣལ་འབྱོར། ཡེ་ཤེས་ཀྱི་རྣལ་འབྱོར་ནི་རྣལ་འབྱོར་ཆེན་པོ་སྟེ་བཞི་ཡོད་པ་ལས། དང་པོ་ལ་གསུམ་སྟེ། བདག་བྱིན་གྱིས་རླབས་པའི་རིམ་པ་དང༌། སྣང་བ་བྱིན་གྱིས་རླབས་པའི་རིམ་པ་དང༌། ཟུང་འཇུག་བྱིན་གྱིས་རླབས་པའི་རིམ་པ། གཉིས་པ་ལ་དངོས་གཞིའི་རླུང་གི་སྦྱོར་དངོས་རྗེས་ཀྱི་ས་བསྡུས་པ། ཡན་ལག་གོང་འཕོ་དང་བླ་མར་འཕོ་བ། གསུམ་པ་ལ་རང་ལུས་ཐབས་ལྡན་དང་གཞན་ལུས་ཤེས་རབ་བསྙེན་སྒྲུབ་ལས་གསུམ། བཞི་པ་ལ་སྦྱོར་བས་ཁམས་ཕྲ་རགས་དབུ་མར་བསྟིམས། དངོས་གཞི་སྐུ་དང་འོད་གསལ་ཟུང་འཇུག་ཏུ་སྒྲུབ། འཕྲོས་དོན་ཕྱིར་ཟློག་དྲུག་པའི་གཞུང་ལྟར་རྐྱེན་ངན་ལམ་དུ་ཁྱེར་བའོ། །འདི་ནི་སྤྱིར་བསྐྱེད་རིམ་གང་ལའང་སྦྱོར་དུ་རུང་མོད། །གཙོ་བོར་གྲུབ་ཐོབ་དཔལ་འཛིན་གྱི་བཞེད་གཞུང་དམར་ནག་འཇིགས་གསུམ་དང་ཤིན་ཏུ་འབྲེལ་ཆེ་ལ། ཡང་སྒོས་སུ་གཤེད་དམར་བཅུ་གསུམ་མ་ཉིད་ལ་སྦྱོར་རོ། །གཉིས་པ་ནི། ཡང་ན་སྔོན་འགྲོ་སྤྲོས་བཅས་དངོས་གྲུབ་བླང༌། །དངོས་གཞི་སྤྲོས་མེད་ཡེ་ཤེས་མངོན་དུ་བྱེད། །བླ་མ་སྙིང་རྗེ་རྩ་བ་སྲོག་རྩོལ་རྫས། །འཇིགས་བྱེད་རྣལ་འབྱོར་དྲུག་དང་གེགས་སེལ་ཆོས། །རྗེས་ཀྱིས་བསྡུས་པ་གཤེད་དམར་སྤྲོས་མེད་ལུགས། །ཡང་མཐུ་སྟོབས་ཀྱི་དབང་ཕྱུག་བི་རཱུ་པའི་


LT08,P230A
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་གདམས་པ་གཤིན་རྗེ་གཤེད་ཀྱི་རྫོགས་རིམ་ཁྱད་པར་འཕགས་པ་ནི། རྡོ་རྗེའི་ཚིག་རྐང་ལས། ཤིན་ཏུ་སྤྲོས་མེད་བླ་མའི་གསུང༌། །བློ་ཡི་ཡུལ་དུ་གོ་ན་ཡང༌། །སྤྲོས་བཅས་རྩུབ་མོས་བསྐྱོད་པའི་ཚེ། །བློ་ལ་སྤྲོས་མེད་ཀྱིས་མ་རེག །བློ་ནི་ཕལ་པར་བརྟན་པར་གནས། །དེ་ཚེ་སྤྲོས་པ་སྤྲོས་མེད་དུ། །རོ་གཅིག་མཉམ་པ་ཉིད་དུ་ཐིམ། །ཞེས་གསུངས་པ་ལྟར་ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་ལ། སྔོན་འགྲོ་བླ་མའི་རྣལ་འབྱོར་ལ་མཆོད་པ་གསུམ་གྱིས་སྤྲོས་པ་བཅད་ཅིང་ཡེ་ཤེས་གསུམ་གྱི་དངོས་གྲུབ་བླང༌། དངོས་གཞི་སྒོ་གསུམ་གྱི་གནད་དང་ལྡན་པས་སྤྲོས་མེད་ཀྱི་ཡེ་ཤེས་མངོན་དུ་བྱེད། རྗེས་ལ་སེམས་བསྐྱེད་པའི་ཐབས་དྲུག་ནི། དང་པོ་བྱིན་རླབས་བླ་མའི་རྣལ་འབྱོར། གཉིས་པ་མཉམ་མེད་སྙིང་རྗེའི་རྣལ་འབྱོར། གསུམ་པ་རྩ་བ་རྒྱུའི་རྣལ་འབྱོར། བཞི་པ་སྲོག་རྩོལ་རླུང་གི་རྣལ་འབྱོར། ལྔ་པ་རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར། དྲུག་པ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ཏེ་དྲུག་དང༌། གེགས་སམ་བར་ཆད་བསལ་བའི་ཆོས་ལ། བར་ཆད་ཀྱི་རྒྱུ། རྐྱེན། སེལ་ཐབས། སེལ་བའི་ཚད། བསལ་བའི་མན་ངག་རྣམ་པ་དྲུག་སྟེ་མདོར་ན་རྗེས་ཀྱི་ཆོ་ག་གཉིས་ཀྱིས་བསྡུས་པ་ནི་གཤེད་དམར་རྫོགས་རིམ་སྤྲོས་མེད་ལུགས་ཞེས་ཡོངས་སུ་གྲགས་པ་སྟེ། ལྗོངས་འདིར་མན་ངག་གི་ཡི་གེ་ཐོག་མར་འགོད་པ་པོ་གློ་བོ་ལོ་ཙཱ་བའི་གཏོང་ཐུན་འགྲེལ་བ་སོགས་ལས་གོ་དོན་དམིགས་པའི་གནད་ལག་ལེན་རྣམས་རྟོགས་པར་བྱ་དགོས་སོ། །གསུམ་པ་དགྲ་ནག་གི་རྫོགས་རིམ་ནི། ཡན་ལག་དྲུག་ལྡན་དང་པོའི་རྣལ་འབྱོར་ཏེ། །དམིགས་པ་དཔྱད་ལས་རྗེས་སུ་རྣལ་འབྱོར་བསྒྲུབ། །རིག་པའི་བརྟུལ་ཞུགས་རྫོགས་པའི་རྣལ་འབྱོར་དང༌། །འོད་གསལ་ཡེ་རྒྱས་སྤྱོད་ཞུགས་རྣལ་འབྱོར་ཆེ། །དགྲ་ནག་ལས་གསུངས་ཕ་རྒྱུད་གཙོ་རྣམས་སོ། །


LT08,P230B
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་ཀྱི་རྒྱུད་ལ་གཞོལ་བ་རྫོགས་པའི་རིམ་པའི་སྐལ་པ་ཅན་དག་མཆོག་གི་བསྙེན་པ་ཉམས་སུ་ལེན་པར་འདོད་པ་ན་རྣལ་འབྱོར་གྱི་རིམ་པ་བཞི་ལ་འཇུག་སྟེ། སོར་བསམ། སྲོག་འཛིན། དྲན་ཏིང་སྟེ་ཡན་ལག་དྲུག་དང་ལྡན་པས་རིམ་པ་དང་པོ་ཁྱད་པར་ཅན་མཐར་ཕྱིན་པ་དང་པོའི་རྣལ་འབྱོར། འདིའི་ཡན་ལག་དྲུག་པ་རྡོ་རྗེའི་རྣལ་འབྱོར་དང་མཚན་འདྲའང་དོན་ཐ་དད་ཡིན་ནོ། །སྔགས་དང་སེམས་ལ་དམིགས་པ་དང་ལུས་ངག་སེམས་དང་སྒོ་གསུམ་ཆར་གྱི་རྡོ་རྗེའི་སྐྱེ་མཆེད་ལ་དཔྱད་ནས་རྗེས་སུ་རྣལ་འབྱོར་བསྒྲུབས་པས་རིམ་པ་གཉིས་པ་ལ་བརྟན་པ་ཐོབ། དེ་ནས་སྒྲུབ་པའི་དཀྱིལ་འཁོར་བཞེངས་ཏེ་རིག་མ་དང་བཅས་སྤྲོས་བཅས་ཀྱི་བརྟུལ་ཞུགས་ལ་གནས་པ་རྫོགས་པའི་རྣལ་འབྱོར། དེ་ལ་བརྟན་པ་ཐོབ་ནས་ཕྱི་དཀྱིལ་ལ་སོགས་པ་སྤངས་ཏེ་མཉམ་རྗེས་བདེ་སྟོང་འོད་གསལ་གྱི་འཇུག་ལྡང་ཁོ་ན་ལ་བསླབ་ཅིང་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱས་མཚམས་སྦྱར་ཏེ་མགོན་པོ་ཀུན་ཏུ་སྤྱོད་པ་རྣལ་འབྱོར་ཆེན་པོའོ། །འདི་ནི་དགྲ་ནག་གི་རྒྱུད་ལས་གསུངས་པའི་དོན་སློབ་དཔོན་དེ་བཱ་ཀ་ར་ཙནྡྲའི་གཞུང་གིས་གསལ་བར་མཛད་པ་ཞང་པོ་ལོ་ཙཱ་བ་ཤེས་རབ་བླ་མས་བསྒྱུར་ཅིང་ཐུགས་ཉམས་སུ་བཞེས་པའི་ཟབ་དོན་འདུས་པ་ཡེ་ཤེས་ཞབས་ལུགས་སོགས་དང་ལམ་གྱི་འགྲོས་མཐུན་པའོ། །དེ་དག་ནི་བླ་མེད་ཕ་རྒྱུད་ཀྱི་རྫོགས་རིམ་ཕྱོགས་འདིར་ཡོངས་སུ་གྲགས་ཤིང་ཁྲིད་ཚུལ་རྐང་ཚུགས་གཙོ་བོར་གྱུར་པ་རྣམས་ཡིན་ལ། ཕྲ་མོ་ནི་ཤིན་ཏུ་མང་སྟེ་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོ་ལ་མཚོན་ན། སློབ་དཔོན་ཤཱནྟི་པའི་ལུགས་ཀྱི་བདུད་རྩི་བསྡུ་བ་སྣ་རྩེའི་རྣལ་འབྱོར་དང་བཅས་པ། ར་ལུགས་ཀྱི་ཤིན་ཏུ་སྤྲོས་མེད་ཟབ་མོའི་དབྱིངས་ལྷན་ཅིག་སྐྱེས་པའི་མན་ངག །རྫོགས་རིམ་སེམས་དཔའ་སུམ་བརྩེགས། མ་ཧེའི་ཞལ་དང་མཚན་མ་གྱེན་སྒྲེང་གི་རྣལ་འབྱོར་ལ་སོགས་


LT08,P231A
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྐྱོ་ལུགས་རྭ་རྩེ་སེམས་འཛིན། མཚན་མོར་རྒྱུ་བའི་མན་ངག་སོགས། ཞང་ལུགས་གཏུམ་མོ་འཁོར་ལོ་བཞི་པ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྫོགས་རིམ་ཤིན་ཏུ་རྒྱ་ཆེན་པོ་རྒྱུད་དང་གྲུབ་པའི་མན་ངག་ལས་ཤུགས་ཀྱིས་རྟོགས་པས་མཚོན་མཐའ་ཡས་པ་སྣང་ངོ༌། །གཉིས་པ་བླ་མེད་མ་རྒྱུད་ཀྱི་རྫོགས་རིམ་འཆད་པ་ལ་བདུན། དུས་འཁོར། དགྱེས་རྡོར། བདེ་མཆོག །གདན་བཞི། མཱ་ཡཱ། སངས་རྒྱས་ཐོད་པ། སྒྲོལ་མ་འབྱུང་བ་རྣམས་སོ། །དང་པོ་ནི། རྒྱུད་ཀྱི་རྒྱལ་པོར་སོར་བསམ་སྲོག་འཛིན་དང༌། །དྲན་ཏིང་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག །རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་སུ་བསྡུས་རྒྱུད་རྣམས་སུ་སྦས་ཤིང༌། རྩ་རྒྱུད་རྒྱས་པ་རྣམས་ཀྱིས་བསྟན་དོན་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་མ་སྦས་གསལ་བར་གསུངས་པ་སྟེ། དེའང་དུས་འཁོར་རྩ་རྒྱུད་དང༌། གསང་འདུས་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང༌། སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཤིང༌། བདེ་མཆོག་རྩ་རྒྱུད་ལས། སྔགས་བཟླས་པ་དང་བསམ་གཏན་དང༌། །བདེ་བས་ཀྱང་ནི་འགྲུབ་པར་འགྱུར། །ཅེས་དང༌། དགྱེས་རྡོར་ལས་ཀྱང༌། ཡན་ལག་དྲུག་སྒོམ་རྣལ་འབྱོར་པས། །ཞེས་སོགས་མང་དུ་གསུངས་ཏེ། མདོར་ན་ཡན་ལག་དྲུག་ནི། སོར་སྡུད་ཀྱི་ཡན་ལག་བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་གྱི་ཡན་ལག་སྟེ་དྲུག་པོ་དེ་ཡིན་ལ། དེ་དག་རྡོ་རྗེ་བཞིའི་རྣལ་འབྱོར་གྱི་དབང་དུ་བྱས་ན། སོར་བསམ་སྐུ་རྡོ་རྗེའི་རྣལ་འབྱོར། སྲོག་འཛིན་གསུང་རྡོ་རྗེའི་རྣལ་འབྱོར། རྗེས་དྲན་ཐུགས་རྡོ་རྗེའི་རྣལ་འབྱོར། ཏིང་ངེ་འཛིན་ཡེ་


LT08,P231B
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྡོ་རྗེའི་རྣལ་འབྱོར་རོ། །བསྙེན་སྒྲུབ་ཡན་ལག་བཞི་ལྟར་ན། སོར་བསམ་བསྙེན་པ། སྲོག་འཛིན་ཉེར་སྒྲུབ། རྗེས་དྲན་སྒྲུབ་པ། ཏིང་ངེ་འཛིན་སྒྲུབ་ཆེན་ནོ། །དགེ་བ་གསུམ་ལྟར་ན། སོར་བསམ་ཐོག་མར་དགེ་བ། སྲོག་འཛིན་བར་དུ་དགེ་བ། དྲན་ཏིང་ཐ་མར་དགེ་བའོ། །རྒྱུ་འབྲས་གཉིས་ལྟར་ན་སོར་སྡུད་སྲོག་རྩོལ་རྗེས་དྲན་གསུམ་རྒྱུའི་ཡན་ལག །བསམ་གཏན་འཛིན་པ་ཏིང་ངེ་འཛིན་གསུམ་འབྲས་བུའི་ཡན་ལག་གོ །ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་གཅིག་སྟེ། ཡན་ལག་དྲུག་ཀར་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སྒོམ་པ་ལམ་གྱི་མཐིལ་ཡིན་ཅིང༌། དེ་ཉིད་ཤེས་རབ་མའི་མཆོག་ཡིན་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་ཡེ་ཤེས་ཀྱི་ལམ་ཡིན་ལ། ཡན་ལག་དང་པོ་ལྔའི་སྐབས་སུ་འགྱུར་མེད་བདེ་བའི་སྐད་ཅིག་མ་དངོས་མ་གྲུབ་ཀྱང་གང་སྟོང་གཟུགས་མཐོང་བ་ཚུན་ཆོད་ནས་འགྱུར་མེད་བདེ་བའི་སྐད་ཅིག་གི་ཆ་ཤས་ནི་ཡོད་དོ། །ཡན་ལག་དེ་དག་སྔ་མ་སྔ་མ་མཐར་ཕྱིན་ནས་ཕྱི་མ་ཕྱི་མ་སྐྱེ་བས་ཐོག་མར་སྐྱེ་བའི་དུས་སྐབས་རིམ་ཅན་དུ་གནས་པའོ། དེ་ལ་དང་པོ་སོར་སྡུད་ཅེས་པའི་དོན་ནི། བྲ་ཏྱཱ་ཧ་རའི་སྒྲ་ལས། ཐ་མལ་པའི་དབང་པོ་ལྔ་དང་ཡུལ་ལྔའི་འབྲེལ་བ་གཅོད་ཅིང་ཡུལ་ལ་རྣམ་ཤེས་ཡན་བསྡུད་པ་དང༌། ཡེ་ཤེས་ཀྱི་རང་བཞིན་གྱི་དབང་པོ་ལྔ་འོད་གསལ་གྱི་རང་བཞིན་གྱི་ཡུལ་ལྔ་ལ་ལོངས་སྤྱོད་ཅིང་ཟ་བ་དང་ལེན་པའི་དོན་ཡིན་ཏེ། མདོར་ན་ཐ་མལ་གྱི་སྣང་བ་ལ་སེམས་བསྡུས་ནས་ཡེ་ཤེས་ཀྱི་སྣང་བ་ལ་འཇུག་པའི་དོན་ནོ། །དེའི་ངོ་བོ་ནི་རྣམ་པར་མི་རྟོག་པ་མི་གཡོ་གསུམ་ལྡན་གྱིས་རླུང་དབུ་མར་སྡུད་པའི་ནུས་པ་ཅན་ཞིག་སྟེ། ཉིན་མཚན་གྱི་རྣལ་འབྱོར་གཉིས་ནི། སྣོད་ཀྱི་འཇིག་རྟེན་ལ་ཆགས་འཇིག་གཉིས། བཅུད་ཀྱི་སེམས་ཅན་ལ་སྐྱེ་འཆི་གཉིས། ལོ་ལ་བགྲོད་པ་


LT08,P232A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ཟླ་བ་ལ་ཕྱོགས་གཉིས། ཞག་ལ་ཉིན་མཚན་གཉིས། ཁམས་འཕོ་བ་ལ་གཡས་གཡོན་གཉིས། དུས་སྦྱོར་དང་རླུང་གི་འཕོ་བ་ལའང་མཉམ་པ་དང་མི་མཉམ་པ་གཉིས་སོགས་ཐབས་ཤེས་ཀྱིས་དབྱེ་བའི་དག་པས་ཉིན་མཚན་གྱི་རྣལ་འབྱོར་གཉིས་ངེས་པར་དགོས་པ་ཡིན་ལ། ཡུལ་ནི་དབང་པོའི་མངོན་སུམ་གྱིས་མཐོང་བའི་དུ་སོགས་མཚན་རྟགས་བཞི། འབར་བ་སོགས་ཉིན་མོའི་རྣལ་འབྱོར་གྱི་རྟགས་དྲུག་སྟེ་ངེས་པའི་རྟགས་བཅུ་གཙོ་བོའོ། །ཡན་ལག་དྲུག་པ་ཐམས་ཅད་ཀྱིས་དྲི་མ་སྦྱང་བར་བྱ་བའི་གཞི་ནི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཁོ་ན་ཡིན་པས་དབྱེ་བ་མེད་ལ། དག་བྱ་ལ་དབྱེ་ན་སྤྱིར་ཕུང་ཁམས་སུམ་ཅུ་སོ་དྲུག་ཡོད་པ་ལས། སོ་སོར་སྡུད་པའི་ངོ་སྐལ་གྱི་དག་བྱ་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་ཡེ་ཤེས་ཀྱི་ཁམས་པ་དྲུག་ཚན་གཅིག་པོ་དེ་ཡིན་ལ། དེའི་གནས་སྐབས་ཀྱི་འབྲས་བུ་བདེན་ཚིག་དང་སྔགས་འབྲས་གྲུབ་ལ། མཐར་ཐུག་གི་འབྲས་བུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཡེ་ཤེས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་རབ་འབྱམས་འབྱུང་བའོ། །གཉིས་པ་བསམ་གཏན་གྱི་མཚན་དོན། དྷྱཱ་ན་ཞེས་པ་དམིགས་པ་ལ་སེམས་གཡོ་བ་མེད་པའི་དོན་ཏེ། དེའང༌། སྒོ་གཏན་ལེགས་པོར་བཙུད་ན་སྒོ་གླེགས་ཁྱར་ཁྱོར་དུ་མི་གཡོ་བར་སྒོ་འབྱེད་གཅོད་ལ་རང་དབང་ཐོབ་པ་ལྟར། དམིགས་པ་ལ་དབང་བར་བྱེད་པའི་དོན་ནོ། །ངོ་བོ་ནི། འོད་གསལ་རྟགས་སྣང་ལ་རྩེ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་རྟོག་དཔྱོད་དགའ་བདེ་སྟེ་ཡན་ལག་ལྔ་ལྡན་གྱི་ཡུལ་སྣ་ཚོགས་གཟུགས་བརྙན་ཕྲ་བ་སོགས་ཆོས་ལྔ་དང་ལྡན་པའོ། །དག་བྱ་རྣམ་ཤེས་ཀྱི་ཕུང་པོ་ལ་སོགས་ཕུང་ཁམས་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་གནས་སྐབས་ཀྱི་འབྲས་བུ་སྤྱན་སོགས་མངོན་ཤེས་ལྔ། མཐར་ཐུག་གི་འབྲས་བུ་རྒྱལ་བ་མི་བསྐྱོད་པ་སོགས་


LT08,P232B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་བའོ། །གསུམ་པ་སྲོག་རྩོལ་ནི། པྲ་ཎཱ་ཡ་མ་ཞེས་པའི་སྒྲ་ལས། སྲོག་རྩོལ་ལམ་སྲོག་འགོག་པ་ཞེས་བྱའོ། །དེ་ལ་སྲོག་ནི་རླུང་གི་མིང་ཡིན་ལ། དེ་འགོག་པའམ་རྩོལ་བ་ནི་འཇུག་པར་བྱེད་པའི་དོན་ནོ། །སྲོག་རྩོལ་གར་ལ་བྱ་བའི་ཡུལ་ནི། སྤྱིར་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་མཐའ་དག་ཡིན་ལ། དེའི་གཙོ་བོ་ལྟེ་བ་མན་ཆད་ན་རོ་རྐྱང་དབུ་མ་གསུམ། ལྟེ་བའི་འོག་ཏུ་བཤང་གཅི་ཁུ་བའི་རྩ་གསུམ་སྟེ་དྲུག་རླུང་སྲོག་དང་ཐུར་སེལ་གཉིས་རྣམས་སོ། །སྒོམ་པའི་དགོས་པ་ནི་འགྱུར་མེད་བདེ་བའི་རྒྱུ་ཚོགས་ཀྱི་ཕྱོགས་གཅིག་སྟོང་གཟུགས་ཕྱག་ཆེན་ཡིན་པས་སོར་བསམ་གྱི་དུས་ནས་ཀྱང་བསྒྲུབས་པ་ཡིན་ལ། ཕྱོགས་གཅིག་ཤོས་རླུང་ལས་རྣམ་པར་རྒྱལ་བ་ཐོབ་ཅིང༌། ཨ་བ་དྷཱུ་ཏིར་བཅིངས་པས་རྡོ་རྗེའི་ལུས་རྣམ་པར་དག་པར་གྱུར་ནས་འཆི་བ་མེད་པ་དང༌། ཐིག་ལེ་ལ་དབང་འབྱོར་པར་བྱེད་པའོ། །ངོ་བོ་ནི་རོ་རྐྱང་གི་རླུང་དབུ་མར་དགག་ཅིང་འོག་ཏུ་བཤང་གཅིའི་རྩར་རྒྱུ་བའི་རླུང་ཡང་དུང་ཅན་མར་དགག་པ་ཡིན་ལ། དེ་བཞིན་དུ་དབུ་མར་རྒྱུ་བའི་སྲོག་དང༌། དུང་ཅན་མར་རྒྱུ་བའི་ཐུར་སེལ་ཡང་གཅིག་ཏུ་སྡུད་པར་བྱེད་པའི་ཏིང་ངེ་འཛིན་ནོ། །དག་བྱ་འདུ་བྱེད་སོགས་ཕུང་ཁམས་རླུང་ཁམས་པ་དྲུག་ཚན་གཅིག །གནས་སྐབས་ཀྱི་འབྲས་བུ་རོ་རྐྱང་དུ་རྒྱུ་བའི་རླུང་ཡོན་པོ་འགག་པའི་ཕན་ཡོན་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུང་སྟོན་ཅིང་བྱིན་གྱིས་རློབ། ཡེ་ཤེས་ཀྱི་སྣང་བར་གྱུར་པའི་གཟུགས་སོགས་ཡུལ་དྲུག་གི་འདོད་ཡོན་ལ་སྤྱོད། དབང་པོ་དྲུག་གི་མངོན་ཤེས་སྐྱེ། མི་དང་མི་མ་ཡིན་པ་དབང་དུ་འདུ་བ་ཡིན་ལ། མཐར་ཐུག་གི་འབྲས་བུ་ནི། དོན་ཡོད་གྲུབ་པ་སོགས་ལྷ་རླུང་ཁམས་པ་དྲུག་ཚན་གཅིག་ཐོབ་པར་འགྱུར་བ་ཡིན་ནོ། །བཞི་པ་འཛིན་པ་ནི། དྷཱ་ར་ཎ་ཞེས་པ་འཛིན་


LT08,P233A
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། གཟུང་བྱ་གཉིས་ཀ་ལ་འཇུག་པས་སྣ་ཚོགས་སུ་བསྒྱུར་བ་ཡོད་ཀྱང་འདིར་ནི་རླུང་འགྲོ་འོང་དང་བྲལ་བར་འཛིན་པའི་དོན་ནོ། །འཛིན་པ་གང་ལ་བྱ་བའི་ཡུལ་ནི། བདེ་བའི་རླུང་སྟེ་མི་ཤིགས་པའི་ཐིག་ལེ་དང་འདྲེས་པའི་རླུང་ངོ༌། །གཉིས་པ་བསྒོམས་པའི་དགོས་པ་ནི། བྱང་ཆུབ་ཀྱི་སེམས་གཡོ་མེད་དུ་འཆིང་བ་དང༌། མི་འགྱུར་བའི་བདེ་བ་དངོས་སུ་འདྲེན་པའི་སྟོང་གཟུགས་ཁྱད་པར་ཅན་འབྱུང་བའི་རྩ་བ་གཏུམ་མོའི་འབར་སྣང་བསྒྲུབ་པའི་ཕྱིར་རོ། །ངོ་བོ་ནི། སྤྱིར་འཁོར་ལོ་ལྔའམ་དྲུག་གི་གནས་སུ་དབུ་མའི་ཐིག་ལེ་ལ་སྟེང་འོག་གཡས་གཡོན་གྱི་རླུང་རྣམས་ཐིམ་པ་དང༌། ཁྱད་པར་མཐར་ཕྱིན་པ་ན། དཔྲལ་བའི་ཐིག་ལེ་ལ་སྲོག་རབ་ཏུ་ཞུགས་པས་ཐིག་ལེ་འཛག་མེད་དཔྲལ་བར་བརྟན་པ་ལ་སེམས་ཟིན་པའི་ཏིང་ངེ་འཛིན་ནོ། །དག་བྱ་ཚོར་བའི་ཕུང་པོ་སོགས་ཕུང་ཁམས་མེ་ཁམས་པ་དྲུག་ཚན་གཅིག །གནས་སྐབས་ཀྱི་འབྲས་བུ་རྒས་པ་དང་ནད་ལ་སོགས་པ་ཕུང་པོའི་སྡུག་བསྔལ་སེལ། ཉོན་མོངས་ལམ་དུ་བྱེད་ནུས་པ་སོགས་བདུད་བཞི་ཅུང་ཟད་ཆོམས་ཤིང་ལུས་ངག་སེམས་ཀྱི་སྟོབས་ཁྱད་པར་ཅན་འགྲུབ། མཐར་ཐུག་རིན་ཆེན་འབྱུང་ལྡན་སོགས་ལྷ་མེ་ཁམས་པ་དྲུག་ཚན་གཅིག་མངོན་དུ་འགྱུར་བ་ཡིན་ནོ། །ལྔ་པ་རྗེས་དྲན་ནི། ཨ་ནུ་སྨྲྀ་ཏི་ཞེས་པའི་སྒྲ་རྗེས་སུ་དྲན་པའི་དོན་ཏེ། སྔར་བསྒོམས་པ་སླར་ཡང་དྲན་ཞིང་ཤིན་ཏུ་དྲན་པ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་ཡང་ཡང་སྒོམ་ཞིང་དྲག་ཏུ་རྩོལ་བའི་དོན་ནོ། །གང་ལ་བྱ་བའི་ཡུལ་ནི། སྤྱིར་རྩ་རླུང་ཐིག་ལེ་ཐམས་ཅད་དང༌། གཙོ་བོ་གཏུམ་མོའི་འབར་སྣང་གི་སྟོང་གཟུགས་དང༌། རྟེན་འཁོར་ལོ་བཞིའམ་དྲུག་གི་ཐིག་ལེ། བརྟེན་པ་ཞུ་བདེ་དང་བཅས་པའོ། །དགོས་པ་ནི། མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་པའི་ཕྱིར་ཏེ། ཞུ་བདེ་འཛག་མེད་ལ་བསླབ་


LT08,P233B
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ངོ་བོ་ནི། གྲོགས་ཕྱག་རྒྱ་གཞན་ཡོད་ཀྱང་རུང༌། མེད་ཀྱང་རུང༌། གཏུམ་མོའི་འབར་སྣང་གིས་ལྷ་ཡབ་ཡུམ་མཉམ་སྦྱོར་གཙོ་བོར་གྱུར་པའི་སྟོང་གཟུགས་ཕྲ་རགས་སྲིད་པ་གསུམ་གྱི་རྣམ་པ་ཅན་ལ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་མཉམ་པར་གཞག་པས། ཞུ་བདེ་འཛག་མེད་ཡང་ཡང་སྐྱེད་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །དག་བྱ་འདུ་ཤེས་སོགས་ཕུང་ཁམས་ཆུ་ཁམས་པ་དྲུག་ཚན་གཅིག་གནས་སྐབས་ཀྱི་འབྲས་བུ་ལུས་གནས་མ་གྱུར་ཀྱང་སེམས་ལྷར་དངོས་སུ་གྱུར་པས་མངོན་ཤེས་རྫུ་འཕྲུལ་མཐའ་ཡས་པ་ཐོབ། མཐར་ཐུག་རྒྱལ་བ་འོད་དཔག་མེད་སོགས་ལྷ་ཆུ་ཁམས་པ་དྲུག་ཚན་གཅིག་མངོན་དུ་གྱུར་པའོ། །དྲུག་པ་ཏིང་ངེ་འཛིན་ནི། ས་མཱ་དྷི་ཞེས་པའི་སྒྲ་མཉམ་པར་ཀུན་དུ་འཛིན་པའི་དོན་ཡིན་པས། གཟུང་འཛིན་དང་བྲལ་ཞིང་ཡུལ་ཡུལ་ཅན་དབྱེར་མེད་ལ་སེམས་གནས་པའི་དོན་ནོ། །དེའི་ཡུལ་ནི་སྟོང་གཟུགས་དང་བདེ་ཆེན་གཉིས་ཡིན་ལ་བསྒོམ་པའི་དགོས་པ་ནི། མི་འགྱུར་བའི་བདེ་བ་གོང་ནས་གོང་དུ་འཕེལ་བའི་དོན་དང༌། རྣམ་པར་སྨིན་པའི་ལུས་དབྱིངས་སུ་དག་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །ངོ་བོ་ནི། ཡེ་ཤེས་གཅིག་ཉིད་ལ་ལྡོག་ཆའི་དབྱེ་བས་ཤེས་རབ་མི་འགྱུར་བའི་བདེ་བ་དང༌། རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱི་སྐུ་གཉིས་སོ་སོར་མཐོང་བའི་གཉིས་སྣང་གི་ཆ་མེད་པར་ཟུང་འཇུག་ཏུ་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ནོ། །དག་བྱ་གཟུགས་ཕུང་ལ་སོགས་པ་ཕུང་ཁམས་ས་ཁམས་པ་དྲུག་ཚན་གཅིག་གནས་སྐབས་ཀྱི་འབྲས་བུ་ཏིང་ངེ་འཛིན་དང་པོ་སྐྱེས་པ་ནས། རྒྱུན་མ་ཆད་པར་བསྒོམས་ན། ལོ་གསུམ་དང་ཕྱོགས་གསུམ་གྱིས་གནས་ལུགས་ཡང་དག་པ་བདེན་པའི་ས་མངོན་དུ་བྱེད་ཅིང་རྣམ་པར་སྨིན་པའི་ལུས་དབྱིངས་སུ་ཐིམ་ནས། གཉིས་སུ་མེད་


LT08,P234A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་འགྲུབ་བོ། །དེ་ནི་དབང་བཅུ་ལ་སོགས་པ་ཡོན་ཏན་དུ་མས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ལ། མཐར་ཐུག་གི་འབྲས་བུ་ནི། རྒྱལ་བ་རྣམ་པར་སྣང་མཛད་ལ་སོགས་པ་ལྷས་ཁམས་པ་དྲུག་ཚན་གཅིག་གི་དཀྱིལ་འཁོར་མངོན་དུ་འགྱུར་རོ། །འདི་ནི་རྒྱུད་སྡེ་མ་ལུས་པའི་དགོངས་པའི་སྐྱེལ་སོ། རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་ཉིད་ཀྱི་ཕྱིར་ཅུང་ཟད་སྨོས་པ་ཡིན་གྱི། རྫོགས་རིམ་གཞན་རྣམས་ལའང་སྦྱང་བྱ་སྦྱོང་བྱེད་དགོས་པ་འབྲས་བུ་སོགས་གོ་དོན་ཟབ་ཅིང་རྒྱ་ཆེ་བ་སོ་སོ་ནས་ཡོད་ཀྱང་མང་བའི་འཇིགས་པས་མ་སྤྲོས་སོ། །གཉིས་པ་དགྱེས་རྡོར་རྫོགས་རིམ་བཤད་པ་ལ་གཉིས། ལམ་རྐང་ཚུགས་པ་བརྒྱད་དང༌། ཕྲན་ཚེགས་སོ། །དང་པོ་ནི། དགྱེས་རྡོར་གདམས་ངག་ལམ་འབྲས་མན་ངག་ལུགས། །མ་རྒྱུད་སྙིང་པོ་དགྱེས་པ་རྡོ་རྗེའི་རྫོགས་རིམ་གྲུབ་ཐོབ་སོ་སོས་བཀྲལ་བའི་ལམ་སྲོལ་མང་དུ་བྱུང་བ་ལས་ལྗོངས་འདིར་སྔ་ཕྱིར་བྱོན་པའི་གདམས་ངག་རང་རྐང་ཚུགས་པ་བརྒྱད་ཡོད་པའི་དང་པོ་རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པའི་གདམས་ངག་ལམ་འབྲས་བུ་དང་བཅས་པ་མན་ངག་ལུགས་ཀྱི་རྫོགས་རིམ་སྟེ་ཅུང་ཟད་འོག་ཏུ་འཆད་དོ། །གཉིས་པ་ནི། ཌོམྦིས་གཏུམ་མོའི་རྣལ་འབྱོར་རྩལ་དུ་བཏོན། །གྲུབ་ཆེན་ཌོམྦི་པས་བདུད་རྩི་འོད་ཀྱི་སྒྲུབ་ཐབས་སུ་དཔྱིད་ཀྱི་ཐིག་ལེའི་རྫོགས་རིམ་གཏུམ་མོའི་རྣལ་འབྱོར་རྩལ་དུ་བཏོན་ཅིང་དེའི་སློབ་མ་མི་ཐུབ་ཟླ་བ་སོགས་ཀྱིས་ཀྱང་དེ་ཉིད་གཙོ་བོར་འཆད་དོ། །གསུམ་པ་ནི། མཚོ་སྐྱེས་རང་བྱིན་རླབས་དང་འཇུག་ལྡངས་གསུམ། །སློབ་དཔོན་མཚོ་སྐྱེས་ཞབས་ཀྱིས་བསྐྱེད་པའི་རིམ་པ་ལ་དང་པོ་ནག་པོ་སོགས་ཁ་དོག་དྲུག་གི་རྣལ་འབྱོར་གྱི་གསལ་སྣང་ཐོབ་པས་རང་བྱིན་གྱིས་བརླབས་པ་དང༌། ཁ་དོག་བཤིགས་ནས་སྣང་བ་བཞིའི་འོད་


LT08,P234B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ་ལུགས་ལྡོག་ཏུ་འཇུག་ཅིང༌། སླར་དེ་ལས་ལུགས་འབྱུང་དུ་ལྡང་བ་ལ་སློབ་པ་གསུམ་གཙོ་བོར་བསྟན་ཏོ། །བཞི་པ་ནི། དམ་ཚིག་རྡོ་རྗེས་ཕྲ་ཐིག་རྣལ་འབྱོར་བཤད། །ནག་པོ་དམ་ཚིག་རྡོ་རྗེས་ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་རྩལ་དུ་བཏོན་ནས་འཆད་ཅིང༌། དེ་གསུམ་ཀའང་ཐོག་མར་བསྐྱེད་རིམ་བརྟན་ཅིང་རླུང་དང་ཐིག་ལེ་ལས་སུ་རུང་བ་ན་རྗེས་གཞིག་གི་རིམ་པས་འོད་གསལ་འཇུག་ལྡངས་ལ་བསླབ་ནས་ཟུང་འཇུག་གི་སྐུ་སྒྲུབ་པའི་དོན་མཐུན་པ་ཡིན་ནོ། །ལྔ་པ་ནི། ནཱ་རོའི་བཞེད་དགོངས་མར་ལུགས་བསྲེ་འཕོ་གཉིས། །བསྲེ་བ་བསྐྱེད་རིམ་རྣམ་ཐིག་ཟུང་འཇུག་བསླབ། །རྫོགས་རིམ་གཏུམ་མོ་སྒྱུ་ལུས་འོད་གསལ་སྒོམ། །འཕོ་བ་དངོས་དང་ཡན་ལག་གྲོང་དུ་འཇུག །པཎ་ཆེན་ནཱ་རོ་ཏཱ་པའི་བཞེད་དགོངས་ཐུགས་སྲས་རྒྱལ་ཚབ་ཆེན་པོ་མར་པ་ལོ་ཙཱའི་བཀའ་སྲོལ་ལ་བསྲེ་བ་དང་འཕོ་བའི་གདམས་ངག་གཉིས། བསྲེ་བ་ལ་བསྐྱེད་རིམ་གྱི་ཁྲིད་དང་རྫོགས་རིམ་གྱི་ཁྲིད་གཉིས། བསྐྱེད་རིམ་ལའང་རྣམ་པ་ལ་བསླབ་པ། ཐིག་ལེ་ལ་བསླབ་པ། ཟུང་འཇུག་ལ་བསླབ་པ་གསུམ། རྫོགས་རིམ་ལ་གཏུམ་མོ་སྒྱུ་ལུས་འོད་གསལ་གསུམ། གཏུམ་མོ་ལ་རང་ལུས་ཐབས་ལྡན་དང་གཞན་ལུས་ཤེས་རབ་གཉིས། སྒྱུ་ལུས་ལ་ཉམས་མྱོང་མ་སྐྱེས་པ་སྐྱེད་པ་རྨི་ལམ་སྒྱུ་མ། སྐྱེས་པ་བརྟན་རྒྱས་སུ་བྱེད་པ་སད་པར་གྱི་སྒྱུ་མ་གཉིས། ཕྱི་མ་ལ་སྣང་བ་སྒྱུ་མ་དང་བར་དོ་སྒྱུ་མ་གཉིས། འོད་གསལ་ལ་རང་བཞིན་འོད་གསལ། སྒོམ་པའི་འོད་གསལ། གཉིད་ཀྱི་འོད་གསལ། འཆི་བ་འོད་གསལ་གྱི་གདམས་ངག་བཞི་རྣམས་ནི་བསྲེ་བའི་གདམས་ངག་སྒོམ་པའི་ཚུལ་ཡིན་ལ། འཕོ་བ་ལ་གོང་དུ་འཕོ་བ་དང་ཡན་ལག་གྲོང་དུ་འཇུག་པའི་གདམས་ངག་གཉིས། དང་པོ་ལ་སྦྱངས་ཏེ་འཕོ་བ་དང་བཙན་ཐབས་སུ་འཕོ་བ། གཉིས་པ་


LT08,P235A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱོང་བ་དང་ལས་ལ་སྦྱར་བ་རྣམས་སུ་ཡོད་དོ། །དྲུག་པ་ནི། མཻ་ཏྲིའི་ཞལ་ལུང་ལམ་ཟབ་དགུ་ཕྲུགས་ཞེས། །གཏུམ་མོ་ཕྱག་རྒྱ་ཕྱག་རྒྱ་ཆེན་པོར་འདུ། །གྲུབ་པའི་དབང་ཕྱུག་དཔལ་ཤ་བ་རི་པས་རྗེས་སུ་བཟུང་བ་མངའ་བདག་མཻ་ཏྲི་པའི་ཞལ་ལུང་རྗེ་ལྷོ་བྲག་པ་ལས་བརྒྱུད་པ་རྫོགས་རིམ་ལམ་དགུ་སྐོར་རམ་ལམ་ཟབ་དགུ་ཕྲུགས་ཞེས་གྲགས་པ་ནི་གཏུམ་མོ་དང་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་མོའི་མན་ངག་གསུམ་ལ་འདུ་ཞིང༌། དང་པོ་ལ་སྔོན་འགྲོ་རླུང་དང་དངོས་གཞི་གཏུམ་མོ་སྦྱང་བ་གཉིས། གཉིས་པ་ལ་ལས་ཀྱི་ཕྱག་རྒྱ། ཡིད་ཀྱི་ཕྱག་རྒྱ། རང་ལུས་བདེ་བར་སྒོམ་པ་གསུམ། གསུམ་པ་ལ་ཀུན་གཞི་འཐོར་བ་སྡུད་པ། ཀུན་གཞི་སྣང་བ་ལམ་ཁྱེར། ཀུན་གཞི་བསམ་མི་ཁྱབ་ཀྱི་གདམས་ངག་གཉིས་སུ་ཡོད་དོ། །བདུན་པ་ནི། བྱཱ་ད་ལི་པས་དྷཱུ་ཏིར་སྲོག་གཞུག་དང༌། །ཞུགས་ནས་མི་འགྱུར་བདེ་བ་སྒྲུབ་པར་བཞེད། །བི་རཱུ་པའི་སློབ་མ་གྲུབ་ཆེན་བྱཱ་ད་ལི་པའི་ལུགས་ཀྱིས་དགྱེས་རྡོར་རྒྱུད་ཀྱི་ངེས་པའི་དོན་གྱི་སྙིང་པོ་ཉམས་སུ་བླང་བ་ནི་དྷཱུ་ཏིར་སྲོག་གཞུག་པ་དང༌། ཞུགས་ནས་མི་འགྱུར་བའི་བདེ་བ་སྒྲུབ་ཅིང་བརྟན་པ་གཉིས་སུ་འདུ་བར་བཞེད་ཅིང༌། སྔ་མ་ལ་སྲོག་དབུ་མར་སྒྲུབ་པའི་སྒོ་དབུ་མའི་ལམ་དུ་སེམས་གནས་པ་སྒྲུབ་པ་དང༌། ཞི་བའི་ལམ་གྱིས་ལམ་གཉིས་དྷཱུ་ཏིར་གཞུག་པ་གནད་དྲུག་དང་ལྡན་པ་དག་གིས་ཉམས་སུ་བླངས་པས་གཡས་གཡོན་གྱི་རླུང་ཐམས་ཅད་དབུ་མར་ཞུགས་པ་ན། མི་རྟོག་པའི་ཏིང་ངེ་འཛིན་ཤིན་ཏུ་སྦྱངས་པའི་བདེ་བ་དང་བཅས་པ་འབྱུང༌། རང་བཞིན་གྱི་གཏུམ་མོ་འབར་བས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ཞུ་བ་ལས་དགའ་བ་བཞི་ཐོབ། དུག་གསུམ་གྱི་རྣམ་རྟོག་དང༌། རྣམ་པར་ཤེས་པ་དང༌། ཡིད་ཀྱི་རྣམ་ཤེས་རྣམས་དཔེའི་འོད་གསལ་གྱི་ངང་དུ་འཇུག་དེ་ནས་བདེ་སྟོང་གི་ཡེ་ཤེས་ལྷའི་


LT08,P235B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཅན་འགྲུབ། དེའི་ལྡང་འཇུག་གོམས་པས་ཕྱག་རྒྱ་ཆེན་པོ་འགྲུབ་བོ། །བརྒྱད་པ་ནི། དམ་ཚིག་ཕྱག་རྒྱ་ཕྲ་ཐིག་སྦྱོར་བས་སྒྲུབ། །ལས་རྒྱ་དངོས་དང་ཆོས་རྒྱ་སྣང་བ་ཀུན། །ཕྱག་ཆེན་ཡན་ལག་དྲུག་སྟེ་འཕྲོས་དོན་དུ། །ལྟ་བ་ངོ་སྤྲད་གྲུབ་ཆེན་ཞི་སྦས་ལུགས། །དགྱེས་པ་རྡོ་རྗེའི་རྫོགས་རིམ་དེ་ཉིད་བཞི་ལྡན་ཕྱག་རྒྱ་བཞིའི་སྙིང་པོ་ནི། དམ་ཚིག་ཕྱག་རྒྱ་རླུང་ལ་བརྟེན་ནས་ཕྲ་མོ་དང༌། འཁོར་ལོ་བཞི་དང་གཉིས་ལ་བརྟེན་པའི་འབར་འཛག་གི་ཐིག་ལེའི་རྣལ་འབྱོར་གྱི་སྦྱོར་བས་སྒྲུབ། རང་ལུས་ཐབས་ལྡན་གྱིས་བདེ་སྟོང་མཚོན་ནུས་ཤིང་རླུང་ལས་རྣམ་པར་རྒྱལ་བ་ཐོབ་པ་ན་ལས་ཀྱི་ཕྱག་རྒྱ་དངོས་དང་ཡིད་ཀྱི་ཕྱག་རྒྱ་ལའང་བསླབ། དེ་ནས་བདེ་བ་ཚད་དུ་ཕྱིན་པ་ན་ཆོས་རྒྱ་ནི་སྣང་བ་ཐམས་ཅད་ལ་བདེ་བས་རྒྱས་བཏབ་པས་ཆོས་ཐམས་ཅད་ཕྱག་རྒྱར་གྱུར་ཏེ་ཕྱག་རྒྱ་གསུམ་གྱི་ཉམས་མྱོང་མཐར་ཕྱིན་པའམ་ཅུང་ཟད་གོམས་ནས་ཕྱག་རྒྱ་ཆེན་པོ་སོར་བསམ་ལ་སོགས་པ་ཡན་ལག་དྲུག་ལྡན་གྱི་རྣལ་འབྱོར་བསྒོམ་ཞིང༌། འཕྲོས་དོན་དུ་ཕྱི་དོན་སེམས་ཀྱི་སྣང་བ། སྣང་ཙམ་དེའང་ཆུ་ཟླ་ལྟར་རང་བཞིན་མ་གྲུབ་ལ། སེམས་པ་པོའི་རང་བཞིན་དེའང་མི་དམིགས་པའི་ཚུལ་གྱིས་མཉམ་པར་གཞག་པ་དང༌། རིག་པ་དང་རང་བཞིན་བདེ་བ་ཟུང་དུ་འཇུག་པ་དང༌། འཁོར་བ་གདོད་ནས་མ་གྲུབ་ཅིང་ཆོས་ཉིད་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་སྟེ་ལྟ་བའི་ངོ་སྤྲད་ལ་སྒོམ་དོན་གྱི་ངེས་པ་ཚོལ་བ་ནི། རྩོད་དུས་ཀྱི་གྲུབ་ཆེན་ཞི་བ་སྦས་པས་རྒྱུད་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པར་འབྱོར་ཞིང་ངེས་དོན་མཐར་ཐུག་དང་ཡང་འབྲེལ་བར་བཀྲལ་བའི་ལུགས་སོ། །གཉིས་པ་ཕྲན་ཚེགས་ནི། སྒྲོན་མ་གཅིག་པ་ལ་སོགས་ཕྲན་ཚེགས་མང༌། །འཆད་པར་འགྱུར་བའི་ལམ་སྐོར་རྣམས་དང༌། སློབ་དཔོན་ཤཱནྟི་པའི་བཀའ་སྲོལ་རྫོགས་རིམ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར། དཔལ་


LT08,P236A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་མགོན་པོའི་མན་ངག་སྒྲོན་མ་གཅིག་པ་ལ་སོགས་པ་དགྱེས་རྡོར་རྫོགས་རིམ་ཕྲན་ཚེགས་ཀྱི་སྐོར་ནི་མང་ངོ༌། །གསུམ་པ་བདེ་མཆོག་གི་རྫོགས་རིམ་འཆད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། བདེ་མཆོག་ཤིང་རྟའི་སྲོལ་ཆེན་གསུམ་ཡིན་ཏེ། །ཞེས་སོ། །གཉིས་པ་ལ་གསུམ། ལཱུ་ཧི་པ། དྲིལ་བུ་པ། ནག་པོ་བའི་ལུགས་སོ། །དང་པོ་ནི། ལཱུ་ཧིའི་བཀའ་སྲོལ་རྒྱུ་ལ་གནད་བསྣུན་དང༌། །འབྲས་བུ་ཡོན་ཏན་དབང་འབྱོར་རྫོགས་རིམ་གཉིས། །དང་པོར་ཕོ་ཉ་རྣལ་འབྱོར་ལམ་བརྟེན་གཉིས། །ཕྱི་མར་ཕམ་ཐིང་རྗེས་འབྲང་རྡོར་སེམས་དང༌། །ཡི་གེ་ཐིག་ལེ་བསྡུ་བའི་ཐ་སྙད་སྦྱོར། །ངལ་གསོ་རྣལ་འབྱོར་ཆེ་དང་རགས་པ་རླུང༌། །ཕྲ་བ་རྡོ་རྗེའི་བཟླས་པའི་མན་ངག་སྟེ། །འབྲས་བུ་སྐུ་དང་འོད་གསལ་ཟུང་འཇུག་གོ །མ་རྒྱུད་ཡང་སྙིང་འཁོར་ལོ་བདེ་མཆོག་གི་ཤིང་རྟའི་སྲོལ་འབྱེད་དང་པོ་གྲུབ་པའི་དབང་ཕྱུག་ཆེན་པོ་ལཱུ་ཡི་པཱ་དའི་ཞལ་སྔ་ནས་བརྒྱུད་པའི་བཀའ་སྲོལ། དཔལ་སྡོམ་པ་ཉུང་ངུའི་རྒྱུད་ཀྱི་རྫོགས་པའི་རིམ་པ་ནི། རྒྱུ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་དང༌། འབྲས་བུ་ཡོན་ཏན་ལ་དབང་འབྱོར་བའི་རྫོགས་རིམ་གཉིས། དང་པོ་ལ་ཕོ་ཉའི་ལམ་ལ་བརྟེན་པ་དང༌། རྣལ་འབྱོར་ལམ་ལ་བརྟེན་པ་གཉིས། ཕྱི་མ་ལ་བལ་པོ་ཕམ་ཐིང་པ་འཇིགས་མེད་གྲགས་པའི་རྗེས་འབྲང་མལ་གྱོ་ལོ་ཙཱ་བ་སོགས་ཀྱིས་རྡོ་རྗེ་སེམས་དཔའ་བསྡུ་བ། ཡི་གེ་བསྡུ་བ། ཐིག་ལེ་བསྡུ་བ་སྟེ་བསྡུ་བ་གསུམ་གྱི་ཐ་སྙད་སྦྱོར་བར་མཛད་ཅིང༌། དེ་དག་མཚོན་དོན་གཞན་གྱི་སྒོ་ནས་བཤད་ན། ངལ་གསོ་རྣལ་འབྱོར་ཆེན་པོའི་མན་ངག་དང༌། རགས་པ་རླུང་གི་བཟླས་པའི་མན་ངག་དང༌། ཕྲ་བ་རྡོ་རྗེའི་བཟླས་པའི་མན་ངག་གསུམ་སྟེ། དང་པོས་རླུང་འདུ་ཞིང་རྩ་ལམ་སྦྱོང༌། །གཉིས་པས་རྩ་མདུད་ལྷོད་པོར་བྱེད་


LT08,P236B
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རླུང་འབྱོངས། གསུམ་པའི་སྔོན་འགྲོས་རླུང་དང་ཐིག་ལེ་འཆིང༌། དངས་གཞི་རླུང་སེམས་དབུ་མར་འགགས་ཤིང་ཐིམ་པར་བྱེད་དོ། །དེའང་རྣལ་འབྱོར་ལམ་ལ་བརྟེན་ན་གསུམ་པའི་སྐབས་སུ་ཕོ་ཉའི་ལམ་གྱིས་བོགས་འདོན་ཅིང༌། ཕོ་ཉའི་ལམ་ལ་བརྟེན་ན་རྣལ་འབྱོར་གྱི་ལམ་གྱིས་བོགས་འདོན། གཉིས་པོ་ཆ་མཉམ་དུ་སྒོམ་ན་རྩལ་འགྲན་པའི་ཚུལ་གྱིས་འཇུག་པ་གཅིག་ཏུ་དྲིལ་བར་འགྱུར་རོ། །དེ་དག་ཀྱང་རྣལ་འབྱོར་དབང་ཕྱུག་མཐའ་དག་གི་གཙུག་གི་ནོར་བུ་ལཱུ་ཧི་ཞབས་ཀྱིས་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་ཚིག་བསྡུས་པ་སྡོམ་པའི་དགོངས་འགྲེལ་མཐའ་དག་གི་ཐོག་མ་དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་གཞུང་ལས་བསྟན་པ་སྟེ། དེ་ལྟར་ཡང་རྣལ་འབྱོར་ལམ་གྱི་དབང་དུ་བྱས་ནས། གཞུང་ལས། ཨཱ་ལི་ཀཱ་ལི་མདུན་བསམས་ནས། རྣལ་འབྱོར་ཆེན་པོས་ངལ་གསོ་བྱ། །ཞེས་པས་མན་ངག་དང་པོ་དང༌། ཟླ་བའི་དཀྱིལ་འཁོར་རྫོགས་པ་ན། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཞེས་པ་ལྟེ་བ་ནི་རྩ་འཁོར་ལོ་བཞིའམ་ལྔའི་ལྟེ་བ་ཡིན་ཅིང༌། དེ་དག་ཏུ་ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་འགྲོ་འོང་ལ་སློབ་པར་བསྟན་པས། མན་ངག་ཕྱི་མ་གཉིས་ནི་དབུ་མར་རླུང་དང་ཐིག་ལེ་འགྲོ་འོང་གི་དོན་ཡིན་པས་ཚིག་དེས་བསྟན་པར་འགྱུར་རོ། །ཡི་གེ་མཆོག་ཏུ་གྱུར་པའི་གནས། །དེ་ཡི་དབུས་སུ་བསམ་པར་བྱ། །ཞེས་པ་ནི་ཞུ་བདེ་འགྱུར་མེད་གྲུབ་པ་སྟེ། དེ་རྣམས་ཀྱི་འབྲས་བུ་ཡས་བབ་ཀྱི་དགའ་བའི་ས་བཞིའོ། ཕོ་ཉའི་ལམ་ལ་སྦྱར་ན། ཨཱ་ལི་ཀཱ་ལི་སོགས་ནི་རླུང་སྦྱོང་བ་ཡིན་ལ། ཟླ་བའི་དཀྱིལ་འཁོར་སོགས་ནི་དངོས་གཞི་དབབ་ཟློག་གི་མན་ངག་སྟེ་ཡི་གེ་མཆོག་ཏུ་གྱུར་པ་ཞེས་སོགས་ནི་སྔ་མ་དང་འདྲའོ། །གཉིས་པ་འབྲས་བུ་ཡོན་ཏན་ལ་རང་དབང་འབྱོར་པའི་རྫོགས་རིམ་ནི། གོང་དུ་བཤད་པའི་མན་ངག་དེ་དག་གི་བྱེད་ལས་


LT08,P237A
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ་ན། གཞུང་ལས། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡི། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། གནས་སྐབས་ཀྱི་རྡོ་རྗེའི་སྐུ་པྲ་ཕབ་བརྒྱད་དང་མཚུངས་པ་ཐོབ་པར་འགྱུར་བ་དང༌། དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་སེམས་ཉིད་ཡིན། །སེམས་ཉིད་བསམ་པར་བྱ་བའོ། །ཞེས་ཕོ་ཉ་མོ་རྣམས་ཀྱི་འདུ་བ་ཐོབ་ཅིང་སྤྱི་དང་ཁྱད་པར་གྱི་རིག་པའི་བརྟུལ་ཞུགས་སྤྲོས་བཅས་སྤྲོས་མེད་གང་ལ་བརྟེན་ཀྱང་རུང་སྟེ། ལྷ་སྐུ་མཁའ་མཉམ་དེའང་འོད་གསལ་སྟོང་ཉིད་དུ་ཡང་ཡང་སྦྱོང་བ་དང༌། དེའི་འབྲས་བུ་ཉེ་རྒྱུ་མངོན་བྱང་ལ་བརྟེན་ནས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པ་དང༌། ཡང་ཇི་སྐད་དུ། བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ནས་གཟུངས་ནི་ཐོབ་པར་འགྱུར། ཁ་ཊའྭཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ལྡན་དཔའ་བོ་སྟེ། །རྣལ་འབྱོར་མ་ནི་མཚན་མོར་བརྗོད། །མྱ་ངན་འདས་བྱུང་དཔའ་བོ་ནི། །དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པའོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པ་ནི་ཟུང་འཇུག་གི་རིམ་པ་སྟེ། དེ་ལྟར་སྐུ་དང༌། འོད་གསལ་དང༌། ཟུང་འཇུག་གསུམ་པོ་དེ་ནི་བདེ་སྟོང་རྣམ་པར་མི་རྟོག་པའི་རང་རྩལ་ལས་འབྱུང་བའི་ཕྱིར། རྟོག་སྒོམ་གྱི་དམིགས་པ་ལ་ལྟོས་མི་དགོས་ལ། འོན་ཀྱང་ལས་དང་པོ་པ་དག་གིས་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་སྒོམ་པར་སྤྲོ་ན། ངལ་གསོ་རྣལ་འབྱོར་ཆེན་པོའི་མན་ངག་ཉིད་ལ། དེ་གསུམ་མོས་པ་བྱས་ཏེ་སྒོམ་པ་ཉིད་ཡིན་ནོ། གཞུང་ཚིག་འདི་དག་གིས་རྫོགས་རིམ་བསྟན་པར་ལྭ་བ་པ་དང་


LT08,P237B
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་པ་སོགས་ཀྱིས་བཀྲལ་ཞིང༌། དཔལ་ལྡན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་ཀྱི་མན་ངག་ལས་འདི་སྐད་ཅེས། དེ་ནས་རྫོགས་པའི་རིམ་པ་ལ་འཇུག་པར་འདོད་པས། ཟླ་བ་ཕོ་ཉའི་ལམ་པ་དང༌། །ཉི་མ་ལུས་ཀྱི་དཀྱིལ་འཁོར་ཏེ། །ཐིག་ལེ་བཞི་ནི་ཡེ་ཤེས་ཡིན། །ཡོངས་སུ་དག་པ་འོད་གསལ་བ། །དཔེར་ན་ནམ་མཁའི་མཚན་ཉིད་དོ། །རང་བཞིན་མེད་པ་ཟུང་འཇུག་སྟེ། །དཔེ་ནི་རྣམ་པ་གསུམ་བྱས་བསྟན། །བསྐྱེད་དང་རྫོགས་པའི་རིམ་པ་ནི། །རྣལ་འབྱོར་པ་ཡིས་ལམ་ཁྱེར་རོ། །ཞེས་གསུངས་ཏེ། སློབ་དཔོན་ཆེན་པོ་ལཱུ་ཡི་པའི་སྒྲུབ་ཐབས་ཀྱི་ལུགས་འདིའི་རྫོགས་རིམ་གྱི་དོན་བསྡུ་ལེགས་བཤད་བླ་ན་མེད་པ་ཡིན་ནོ། །གཉིས་པ་ནི། དྲིལ་བུ་ལུགས་སུ་བདག་བྱིན་རླབས་པ་དང༌། །སྣ་ཚོགས་རྡོ་རྗེ་ནོར་བུ་འགེངས་པ་སྟེ། །ཛཱ་ལནྡྷ་ར་བསམ་མི་ཁྱབ་རིམ་ལྔ། །གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པས་འཁོར་ལོ་སྡོམ་པའི་རྩ་རྒྱུད་དུ་སྦས་པའི་དེས་དོན་བཤད་རྒྱུད་ངེས་བརྗོད་བླ་མའི་རྗེས་སུ་འབྲངས་ཏེ་བྱིན་རླབས་དང་བཅས་པའི་རིམ་པ་ལྔ་པའི་གཞུང་མཛད། ལུགས་སྲོལ་དེ་ལ་བརྟེན་ནས་འཕགས་བོད་གཉིས་སུ་གྲུབ་པ་བརྙེས་པ་མཐའ་ཡས་པ་བྱུང་ཞིང་ད་ལྟའི་བར་དུའང་གྲུབ་པའི་མངོན་རྟོགས་ཟམ་མ་ཆད་པ་རྨད་དུ་བྱུང་བའི་རྫོགས་རིམ་རིམ་པ་ལྔའི་དང་པོ་ནི། གཞུང་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །མྱུར་ཏུ་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་པའི་བསྟན་དོན་བདག་བྱིན་བརླབ་པའི་རིམ་པ་ལ། ས་བོན་དང་བཅས་པ་དང༌། ས་བོན་མེད་པའི་བདག་བྱིན་བརླབ་པ་གཉིས། དེ་བཞིན་གཞུང་ཚིག་གིས་རིམ་པར་བསྟན་པ། གཉིས་པ་སྣ་ཚོགས་རྡོ་རྗེའི་རིམ་པ་ལ། ས་བོན་དང་བཅས་པ། རྣམ་པ་སྣ་ཚོགས་པ། ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་


LT08,P238A
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་སྟེ་གསུམ། གསུམ་པ་ནོར་བུ་འགེངས་པའི་རིམ་པ་ལ། ལས་ཀྱི་ཕྱག་རྒྱ། ལག་པའི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་ལ་བསླབ་པ་སྟེ་བཞི། བཞི་པ་ཛཱ་ལནྡྷ་རའི་རིམ་པ་ལ་འབར་འཛག་གཅིག་པུ། ལྔ་པ་བསམ་མི་ཁྱབ་ཀྱི་རིམ་པ་ལ། སེམས་སྟོང་པ་ཉིད་ལ་འཇུག་པ། སྟོང་པ་ཉིད་སེམས་སུ་འཇུག་པ་གཉིས་སུ་ཡོད་དོ། །དེ་ལ་སྤྱིར་རིམ་པ་ལྔ་པ་ནི། བདེ་བ་སྔོན་དུ་སོང་བའི་སྟོང་པ་སྒོམ་པ་དང༌། ཛཱ་ལནྡྷ་རའི་རིམ་པ་ནི་རླུང་འགོག་པའི་སྒོ་ནས་སྟོང་པ་སྔོན་དུ་སོང་བའི་བདེ་བ་སྒོམ་པ་ཡིན་ཞིང༌། གང་ལྟར་ཡང་ཟུང་འཇུག་བསམ་མི་ཁྱབ་པའི་རིམ་པ་ལས་མཐར་ཕྱིན་པ་ཡིན་ནོ། །དེའང་ཞིབ་ཏུ་ན་བདག་བྱིན་བརླབ་སོགས་རིམ་པ་སྔ་མ་བཞི་ནི་རླུང་ཐིག་གཏུམ་མོའི་རྣལ་འབྱོར་གྱིས་རྩ་རླུང་ཐིག་ལེ་རྣམས་སྦྱངས་ནས་འོད་གསལ་དུ་འཇུག་པའི་ཐབས་ཏེ། དེ་ལ་རྗེས་གཞིག་གིས་སྣོད་བཅུད་འོད་གསལ་དུ་ཡང་ཡང་བསྡུས་པའི་སྒོ་ནས་འཆི་རིམ་བཞིན་འོད་གསལ་དུ་འཇུག་པ་ལ་གཡས་གཡོན་སྲོག་རླུང་དང་མར་བཅིངས་ནས་གཏུམ་མོ་འབར་བས་བྱང་སེམས་ཞུ་བའི་དགའ་བཞི་སྐྱེད་དགོས་ལ། དེ་ནི་གཏུམ་མོ་འབར་བས་འབར་བ་འཛིན་ཞེས་པར་ཡང་བརྗོད་པའི་ཛཱ་ལནྡྷ་རའི་རིམ་པས་བྱེད་ཅིང༌། དེ་ལ་སྔོན་དུ་ཕྱག་རྒྱ་ལ་བརྟེན་པའི་དགའ་བཞི་བསྐྱེད་པ་ནི་ནོར་བུ་འགེངས་པའི་རིམ་པ་ཡིན་མོད། དེར་ཕྱག་རྒྱ་བཞི་གསུངས་པའི་དམ་རྒྱ་ནི་བསྒོམས་པའི་ཡེ་རྒྱ་ལ་བརྟེན་ནས་དགའ་བ་བསྐྱེད་པས་སྔོན་འགྲོ་དང༌། ལས་རྒྱ་ནི་དངོས་རིག་ལ་བརྟེན་ནས་བདེ་བ་བསྐྱེད་པས་དངོས་གཞི་དང༌། ཆོས་རྒྱ་ནི་སྔོན་ཇི་ལྟར་མྱོང་བ་དྲན་པར་བྱས་ནས་བདེ་བ་སྐྱོང་བས་རྗེས་དང༌། ཕྱག་ཆེན་ནི་དེ་དག་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པའོ། །འདིར་གོང་དུ་སྨོས་པ་ལྟར་དམ་རྒྱ་ལས་རྒྱ་གོ་ལྡོག་པ་ནི་རྗེ་བཙུན་ཆེན་པོའི་གསུངས་ལས་སོ། །དེའི་སྔོན་


LT08,P238B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བའི་སྣ་ཚོགས་རྡོ་རྗེའི་རིམ་པ་གཉིས་ནི་ཐིག་ལེའི་རྣལ་འབྱོར་དང༌། དེའི་སྔོན་དུ་འགྲོ་བའི་ས་བོན་མེད་པའི་བདག་བྱིན་རླབ་པ་ནི་རླུང་གི་རྣལ་འབྱོར་ཡིན་ཏེ་འདི་གཉིས་ཀྱིས་རླུང་ཐིག་ལས་སུ་རུང་བ་ན་ཕྱག་རྒྱ་དང་སྦྱོར་བར་ནུས་པའི་ཕྱིར་རོ། །ས་བོན་དང་བཅས་པའི་རང་བྱིན་རླབས་ནི་སྙིང་ག་སོགས་ཀྱི་ཐིག་ལེ་ལ་སེམས་བཙན་ཐབས་སུ་བཟུང་བའི་ཐབས་སོ། །དེ་ལྟར་ན་བསྐྱེད་རིམ་སྔོན་དུ་འགྲོ་བས་ཡུལ་ལྔ་ལ་གཡོ་བའི་སེམས་སྙིང་གའི་ཐིག་ལེ་ལ་བཟུང་སྟེ་བརྟན་པ་ན་སྣ་རྩེར་འགྲོ་འོང་ལ་དམིགས་པའི་རླུང་གི་རྣལ་འབྱོར་དང་འཁོར་ལོ་བཞིའི་ལྟེ་བར་ཐིག་ལེའི་རྣལ་འབྱོར་བརྟན་པར་བྱས། དེ་ནས་ཕྱི་ནང་གི་ཕྱག་རྒྱ་གཉིས་ལ་བརྟེན་ཏེ་བྱང་སེམས་ཞུ་བའི་དགའ་བཞི་ལ་སྦྱངས་མཐར་སྣོད་བཅུད་འོད་གསལ་དུ་སྡུད་ལྡང་མང་དུ་བྱས་པས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་སྟེ་འཚང་རྒྱ་བ་ཡིན་ནོ། །མདོར་ན་རིམ་པ་དང་པོས་རྟེན་བརྟེན་པའི་བདེ་ཆེན་གྱི་ཐིག་ལེ་འཁོར་ལོ་བཞིའི་དྷཱུ་ཏིའི་དབུས་སུ་བརྟན་པར་འཆར་བཅུག་སྟེ། རིམ་པ་གཉིས་པས་སྲོག་རྩོལ་རོ་རྐྱང་གི་རྒྱུ་བ་ཕལ་པ་བཀག་ནས་ཐིག་ལེ་དེ་ཉིད་ཀྱི་འགྲོ་འོང་ལ་གནད་དུ་བསྣུན་པ་དང༌། རིམ་པ་གསུམ་པས་ཐིག་ལེ་དེ་ཉིད་བཞུ་ཞིང་འཕེལ་བའི་སླད་དུ་ཕྱག་རྒྱ་བཞི་ལ་སྦྱོར་བ་དང༌། རིམ་པ་བཞི་པས་ཐིག་ལེ་དེ་ཉིད་འཕོ་མེད་དུ་བཅིངས་ནས་མས་བརྟན་ལྷན་སྐྱེས་ཀྱི་དགའ་བཞི་མངོན་དུ་བྱེད་པ་དང༌། རིམ་པ་ལྔ་པས་གང་མངོན་དུ་བྱེད་པའི་རྟེན་བརྟེན་པ་འོད་གསལ་དུ་སྡུད་ལྡང་མང་དུ་བྱས་མཐར་རྣམ་པར་དག་པའི་རླུང་སེམས་དབྱེར་མེད་ཀྱི་སྒྱུ་མའི་སྐུ་སྒྲུབ་པར་བྱེད་པ་ཡིན་ཅེས་རྗེ་མི་བསྐྱོད་ཞབས་ཀྱིས་གསུངས་ལ། བོད་སྔ་རབས་པ་ཁ་ཅིག་རིམ་པ་དང་པོས་བདེ་ཆེན་གྱི་སྐུ་ཁྱད་པར་ཅན་སྒྲུབ་པའི་ས་བོན་ཙམ་དང༌། གཉིས་པས་ས་བོན་ལས་ཕྱག་མཚན་ཙམ་དང༌། གསུམ་པས་ཕྱག་མཚན་ལས་སྐུ་ཡོངས་


LT08,P239A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་དང༌། བཞི་པས་ལྷན་སྐྱེས་ཀྱི་དགའ་བ་ལས་བཞེངས་པའི་རྫོགས་རིམ་ཡེ་ཤེས་ཀྱི་སྐུ་དངོས་སུ་སྒྲུབ་པ་དང༌། ལྔ་པས་སྐུ་དེ་ཉིད་འོད་གསལ་བསམ་མི་ཁྱབ་པར་བསྡུས་ནས་སླར་མི་སློབ་པའི་གཟུགས་ཀྱི་སྐུར་ལྡང་བའི་ཐབས་སུ་བཤད་དོ། །གསུམ་པ་ནི། སྤྱོད་འཆང་ཞབས་ཀྱིས་ཐུན་མོང་བསྐྱེད་རིམ་དང༌། །ལྟ་བའི་གནད་བསླབ་ཐུན་མིན་རྣལ་འབྱོར་དང༌། །ཕོ་ཉའི་ལམ་གཉིས་རྣལ་འབྱོར་རིམ་པ་བཞི། །རྩ་བ་རྒྱུད་དང་ཆ་མཉམ་གཏུམ་མོ་སྔགས། །ཐིག་ལེ་ཡེ་ཤེས་འབྲས་བུ་གསང་རིམ་གྱི། །རྣམ་པ་ལམ་བྱེད་ཡན་ལག་བཅུ་གཉིས་གསུངས། །སངས་རྒྱས་ཀྱིས་ལུང་བསྟན་པའི་གྲུབ་པའི་སློབ་དཔོན་ཆེན་པོ་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པ་སྤྱོད་འཆང་དབང་པོའི་ཞབས་ཀྱིས་མཛད་པའི་རྫོགས་རིམ་རིམ་པ་བཞི་པ་ལ། ཐོག་མར་ཐུན་མོང་གི་རྣལ་འབྱོར་གཉིས་ལ་བསླབ་སྟེ། དེའང་སྔགས་ཀྱི་རང་ལམ་ལ་འཇུག་པ་ཐུན་མོང་གི་རྣལ་འབྱོར་བསྐྱེད་རིམ་མན་ངག་གི་གནད་ལ་བསླབ་པ་ལའང༌། བསྐྱེད་པའི་རིམ་པའི་ཡན་ལག་རྣལ་འབྱོར་དགུ་དང་བཅས་པས་མོས་པས་སྒོམ་པའི་རྣལ་འབྱོར་དང༌། མན་ངག་གི་གནད་བཅུ་གཉིས་དང་ལྡན་པས་མངོན་གྱུར་སྒོམ་པའི་རྣལ་འབྱོར་ལ་བསླབ། དེ་ནས་གོལ་ས་བཅད་ཅིང་ཐར་པའི་འཇུག་ངོགས་སུ་དཀྲི་བ་ལྟ་བ་མན་ངག་གི་གནད་བཅུ་གཉིས་ཀྱིས་ངེས་པ་རྙེད་ནས་ཐུན་མོང་མ་ཡིན་པ་རྫོགས་རིམ་ལ་རྣལ་འབྱོར་གྱི་ལམ་ལ་བརྟེན་པ་དང༌། ཕོ་ཉའི་ལམ་ལ་བརྟེན་པ་གཉིས། རྣལ་འབྱོར་གྱི་ལམ་ལ་རིམ་པ་བཞི་སྟེ། རྒྱུད་ཀྱི་རིམ་པ་ཁོ་ནའི་མན་ངག་རྩ་བའི་རྣལ་འབྱོར་དམིགས་པ་ཀུན་གྱི་གཞིར་གྱུར་པ་རྩ་བ་རྒྱུད་ཀྱི་རིམ་པ། རྩ་རླུང་ཐིག་ལེ་ཆ་མཉམ་པའི་མན་ངག་གཏུམ་མོའི་རྣལ་འབྱོར་ཉམས་ལེན་སྔགས་ཀྱི་རིམ་པ། དགའ་བཞི་ལུགས་འབྱུང་དུ་དབབ་པའི་ཐིག་ལེའི་རྣལ་འབྱོར་སྐྱེ་བ་ཡེ་


LT08,P239B
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་རིམ་པ། ལུགས་ལྡོག་དང་འབར་འཛག་མཐར་ཕྱིན་པས་འོད་གསལ་འཇུག་ལྡངས་ལ་སློབ་པ་འབྲས་བུ་གསང་བའི་རིམ་པ་རྣམས་ལམ་དུ་བྱེད་པ་སྟེ། དེ་དག་ཀྱང་གཏུམ་མོ་ཁོ་ན་ལ་བརྟེན་ནས་རིམ་པ་བཞིའི་ལམ་ཐམས་ཅད་རྫོགས་པའི་ཕྱིར། གཏུམ་མོ་ལམ་རྫོགས་ཞེས་དང༌། གཏུམ་མོ་ལམ་ལོངས་ཞེས་ཀྱང་འགའ་ཞིག་ཏུ་གྲགས་ཤིང༌། དེ་ལ་གཏུམ་མོ་ཞེས་སྒྲ་ཡངས་པར་བྱས་ན་རྫོགས་རིམ་སྤྱིའི་མིང་ཡིན་ཀྱང༌། སྒྲ་དོགས་པར་བྱས་ཏེ་སྤྱི་མིང་བྱེ་བྲག་ལ་བཏགས་པ་ནི། ནང་གི་མེ་དམིགས་ལ་བརྗོད་ཅིང་དེའི་གཙོ་བོ་ཡང་འཁོར་ལོ་བཞི་པ་འདི་ཡིན་ཏེ། སྡོམ་པ་འབྱུང་བ་དང༌། རྡོ་རྗེ་མཁའ་འགྲོ་དང༌། ཁ་སྦྱོར་ཐིག་ལེ་རྣམས་ལས་ཆེས་གསལ་ཞིང་རྒྱས་པར་གསུངས་པ་ཉིད་དོ། །དེ་དག་ལ་དམིགས་པའི་ཡན་ལག་མན་ངག་གི་གནང་རླུང་མི་རྟོག་པ། ཐིག་ལེ། གཏུམ་མོ་བཞི་ལ་གསུམ་གསུམ་བཅུ་གཉིས་སུ་གསུངས་ཤིང༌། ཕོ་ཉའི་ལམ་ལ་བརྟེན་པ་ནི་གཏུམ་མོའི་ཚབ་ཏུ་ཕོ་ཉའི་ལམ་སྦྱར་བ་མ་གཏོགས་རྩ་བའི་མན་ངག་ཐམས་ཅད་རྣལ་འབྱོར་གྱི་ལམ་དང་འདྲ་ཞིང་དངོས་གཞི་ལ་གནད་ཀྱི་མན་ངག་བཅུ་གཉིས་སོ། །རྗེས་རོ་སྙོམས་པ་གཉིས། ཡི་གེ་བཞི། གོ་ཆ་དྲུག་གིས་གེགས་བསལ། སྤྱོད་པ་གསུམ་གྱིས་བོགས་དབྱུང་བས་འབྲས་བུ་ལ་རེག་པར་འགྱུར་རོ། །དེ་ལ་སྤྱིར་གྲུབ་པའི་སློབ་དཔོན་ཆེན་པོ་འདི་ཉིད་ཀྱིས་བླ་མེད་སྤྱིའི་རྫོགས་རིམ་གསང་བའི་དེ་ཁོ་ན་ཉིད་གསལ་བ་མཛད་དེ། ཕ་རྒྱུད་འདུས་པ་དང་མ་རྒྱུད་བདེ་མཆོག་གཉིས་རྗོད་བྱེད་གླེང་གཞི་ཐ་དད་ཀྱང་བརྗོད་བྱ་རིམ་པ་བཞི་སྟོན་པར་མཚུངས་པས་སོ། །མ་རྒྱུད་སྤྱིའི་རྫོགས་རིམ་རིམ་པ་བཞི་པ་མཛད་དེ། ཀྱཻ་རྡོར་དང་བདེ་མཆོག་གཉིས་རྗོད་བྱེད་གླེང་གཞི་ཐ་དད་ཀྱང་བརྗོད་བྱ་རིམ་པ་བཞི་སྟོན་པར་མཚུངས་པས་སོ། །བདེ་མཆོག་གི་ཐུན་མོང་མིན་པའི་


LT08,P240A
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་མཛད་དེ། ས།།།་བརྟག་པ་དྲུག་པ་ལས། སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །དཔྱང་ཞིང་ཁ་ནི་འོག་ཏུ་ལྟ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུྃ་གི་ས་བོན་ནི། ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་མ་ནི་ཐིག་ལེར་བརྗོད། །ཅེས་སྙིང་གའི་ཧཱུྃ་གི་ནང་གི་བྱང་ཆུབ་ཀྱི་སེམས་དཔྱིད་དང་ལྟེ་བའི་ཨཾ་ཐིག་ལེ་གཉིས་སྙོམས་པར་འཇུག་པའི་རྫོགས་རིམ་སྒོམ་ཚུལ་གསུངས་པ་དེ་སྟོན་པའོ། །རིམ་པ་བཞི་ལའང་འབྲོག་མི་ནས་བརྒྱུད་པ་ལམ་སྐོར་དགུའི་ཁོངས་སུ་གཏོགས་པ་དང༌། ནཱ་རོ་ཏཱ་པ་ནས་བརྒྱུད་པ་གསང་མཐའ་པའི་ལུགས་གཉིས་ཡོད་པ་ལས། ཕྱི་མ་འདི་ཉིད་ཆེས་ཁྱད་པར་དུ་འཕགས་ཤིང་གྲགས་ཀྱང་ཆེ་བ་ཞིག་སྟེ། རྗེ་བཙུན་ས་སྐྱ་པ་ནས་བརྒྱུད་པ་དང༌། པུ་རང་ལོ་ཆུང་གི་དངོས་སློབ་དམར་ཆོས་རྒྱལ་ནས་བརྒྱུད་པ་གཉིས་ཀའང་ནཱ་རོ་པའི་ལུགས་གཙང་མ་ཡིན་ནོ། །ཡང་རྗེ་བཙུན་གྲགས་པ་སོགས་འགའ་ཞིག་གི་བཞེད་པ་ལ། ནག་པོ་པས་རྫོགས་རིམ་གྱི་སྡོམ་དྲུག་མཛད་དེ། དཔྱིད་ཀྱི་ཐིག་ལེ་རྩ་བའི་སྡོམ། གསང་བའི་དེ་ཉིད་ཚིག་གི་སྡོམ། ཨོ་ལ་པ་ཏི་མངོན་པར་རྟོགས་པའི་སྡོམ། སྙིང་པོ་བསྡུ་བ་དོན་གྱི་སྡོམ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ཕྱག་རྒྱ་བརྟེན་པའི་སྡོམ། གསང་བའི་རིམ་པ་སའི་སྡོམ་མོ། །དེ་རྣམས་ཀྱིའང་སྙིང་པོ་ལྟ་བུ་ཨོ་ལ་པ་ཏི་ཡིན་ལ། དེའི་མན་ངག་དྲིལ་བ་ནི་གཏུམ་མོ་ལམ་ཡོངས་སུ་རྫོགས་པ་འདི་ཉིད་ཡིན་ཞིང༌། དེའང་སློབ་དཔོན་འདིའི་ལྟ་བ་ནི། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་


LT08,P240B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མཐའ་བཞི་ལས་རྣམ་པར་གྲོལ་བའི་དེ་བཞིན་ཉིད་ཅེས་བྱ་བ་ཡིན་ལ། དེ་རྟོགས་པར་བྱེད་པའི་ཐབས་སམ་ལམ་རིམ་པ་བཞིའམ་ལྔ་རུ་མཆིས་པར་གསུངས་སོ། །བཞི་པ་རྡོ་རྗེ་གདན་བཞིའི་རྫོགས་རིམ་ནི། ཐུན་མིན་བསྐྱེད་རིམ་བདེ་སྟོང་རྒྱས་འདེབས་ཤིང༌། །རྫོགས་རིམ་སྔོན་འགྲོ་སྒོ་དགག་རྡོར་བཟླས་བྱ། །དངོས་གཞིར་ཁྱབ་བྱེད་བསམ་མི་ཁྱབ་པ་དང༌། །ལས་རྒྱའི་རྣལ་འབྱོར་གཉིས་ཏེ་ཁྱབ་བྱ་ལ། །རྩ་བ་བ་ལང་རྨིག་པ་བ་ནུ་ལྟར། །ཆུ་ཤིང་སྙེ་མ་མཆོད་རྟེན་བུམ་པ་བཞི། །ཡན་ལག་དང་བཅས་གདན་བཞིའི་རྫོགས་རིམ་མོ། །གསང་བའི་སྣ་རྩེ་དང་སྤྱི་བོའམ་སྨིན་མཚམས་ཀྱི་སྣ་རྩེ་ལ་བརྟེན་པ་བའི་ནུ་མའི་མན་ངག་དང་ལྡན་པ་ཐུན་མོང་མ་ཡིན་པའི་བསྐྱེད་རིམ་རླུང་སྦྱོར་དང་བཅས་པས་ལྷ་སྐུ་ལ་བདེ་བས་རྒྱས་འདེབས་ཤིང༌། བདེ་བ་ལ་སྟོང་པས་རྒྱས་གདབ་ནས་གསལ་སྣང་ལ་བོགས་དབྱུང༌། རྫོགས་རིམ་ཀུན་གྱི་སྔོན་འགྲོ་སྒོ་དགུ་དགག་པ་དང་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང༌། དངོས་གཞི་ལ་ཁྱབ་བྱེད་རྫོགས་རིམ་གྱི་གནད་དང༌། ཁྱབ་བྱ་རྫོགས་རིམ་གྱི་གནད་གཉིས་ཡོད་པའི་སྔ་མ་ལའང་བསམ་མི་ཁྱབ་ཀྱི་གདམས་ངག་གམ། དེ་ཁོ་ན་ཉིད་ལྟག་པར་མོས་པའི་རྣལ་འབྱོར་ཅེས་བྱ་བ་མཚོན་བྱེད་ཐིག་ལེ་ལ་བརྟེན་ནས་མཚོན་བྱ་སྤྲོས་པ་དང་བྲལ་བའི་བདེ་སྟོང་མཚོན་པ་དང༌། གསང་བའི་སྦྱིན་སྲེག་གི་དོན་ཕྱོགས་གཅིག་པ་ཆགས་ཅན་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གཉིས་སུ་ཡོད་དོ། །ཁྱབ་བྱ་ལ་ལམ་གྱི་རྩ་བ་དང་ཡན་ལག་གཉིས། རྩ་བ་ལ་བ་ལང་རྨིག་པ། བ་ནུ་ལྟ་བུ། ཆུ་ཤིང་སྙེ་མ། མཆོད་རྟེན་བུམ་པའི་གདམས་ངག་བཞི། དང་པོ་ལ་ཡི་གེ་བཅུ་གསུམ་པ། ཡི་གེ་གཉིས་པ། ཡི་གེ་གཅིག་པ། ཐིག་ལེ་ཙམ་ལ་དམིགས་པ་སྟེ་བཞི། གསུམ་པ་ལ་ཡི་གེ་བཅུ་གསུམ་པ། ཡི་གེ་དགུ་པ། སྒོང་


LT08,P241A
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཁྱིམ་གྱི་མན་ངག་སྟེ་གསུམ། བཞི་པ་ལ་རླུང་བཅིང་བ་དང༌། རླུང་ཐིམ་པར་བྱེད་པ་གཉིས་སུ་ཡོད་དོ། །ཡན་ལག་ལའང༌། བ་ལང་རྨིག་པའི་ཡན་ལག་མན་ངག་ཐོར་བུ། བ་ནུའི་ཡན་ལག་མེའི་ལས། ཆུ་ཤིང་སྙེ་མའི་ཡན་ལག་གོང་དུ་འཕོ་བ་རྗེས་འབྲང་དང་བཅས་པ། མཆོད་རྟེན་བུམ་པའི་ཡན་ལག་སྒྱུ་མ་སུམ་བརྒྱུད་རྣམས་ནི་རྡོ་རྗེའི་གདན་བཞིའི་རྒྱུད་ནས་གསུངས་པའི་རྫོགས་རིམ་སྟེ། འདི་ལའང་ལམ་བློ་ཆོད་དང༌། ལམ་ཁྲིགས་ཆགས་གཉིས་ལས། དང་པོ་ནི། བསྐྱེད་རིམ་སྔོན་དུ་སོང་ནས། ཁྱབ་བྱ་བཞི་པོ་གང་རུང་གཅིག་ཁོ་ན་ཁྱབ་བྱེད་གཉིས་ཀྱིས་བོགས་བཏོན་ཅིང་བསྐྱངས་པས་དྲོད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་ལ། དེ་ནས་སྤྱོད་པ་དང་ཉེ་རྒྱུས་མཚམས་སྦྱར་བས་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། འདི་ནི་ཁྱབ་བྱ་བཞི་ཅར་གང་ཟག་གཅིག་གིས་ཁྲིགས་ཆགས་སུ་སྒོམ་མི་དགོས་པའི་ལུགས་སོ། །གཉིས་པ་ནི། ཁྱབ་བྱའི་མན་ངག་བཞི་ཀར་གང་ཟག་གཅིག་གི་ཆ་རྐྱེན་དུ་བསྡེབས་པ་སྟེ། བ་ལང་རྨིག་པས་རླུང་དབུ་མར་འགག་པར་བྱེད། བའི་ནུ་མས་རགས་པའི་གཏུམ་མོ་འབར་ཞིང་བྱང་ཆུབ་ཀྱི་སེམས་འབབ་པའི་བདེ་དྲོད་འབར་འཛག་བསྐྱེད། ཆུ་ཤིང་སྙེ་མས་དང་པོར་རྩ་མདུད་ལྷོད་པ་དང་བར་དུ་འབྱེད་པ་དང་མཐར་གྲོལ་བར་བྱེད། མཆོད་རྟེན་བུམ་པས་འབྱུང་བ་ཕྲ་རགས་ཀྱི་རིམ་པ་རྣམས་དབུ་མའི་ནང་གི་བདེ་བའི་ཐིག་ལེ་ལ་ཐིམ་པར་བྱེད་པ་ཡིན་ཏེ། དེ་འདྲ་བའི་བདེ་སྟོང་གི་ཡེ་ཤེས་ལ་ནི་འོད་གསལ་ཞེས་བྱའོ། །ཀླུ་དབང་འཁྱིལ་པའི་མན་ངག་ནི་དེ་བཞི་པོའི་ནང་དུ་འདུ་བ་ཡིན་ལ། འདི་དག་གི་སྒྲ་དོན་ནི་རྩ་དང་ལུས་ཀྱི་གནས་དང་དམིགས་པའི་རྣམ་པ་ལ་བརྟེན་ནས་གདགས་པར་མཛད་པའོ། །དེ་དག་རྒྱུད་ལས་ཇི་ལྟར་འབྱུང་བའང༌། བདག་གི་གདན་གསུམ་པའི་ཞབས་ཀྱི་ཕྱོགས་དང༌། བཞི་


LT08,P241B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོད་ཀྱི་ཆ་ནས་གནས་ལུགས་གཏན་ལ་འབེབས་པ་གསུངས། གནས་སྐབས་གཞན་མང་པོ་ནས་རླུང་གི་རྫོགས་རིམ་ཀྱང་ཅི་རིགས་པར་བཤད། སྦྱོར་གདན་བཞི་པ་ནས་གཞན་ལུས་ཕྱག་རྒྱའི་སྐོར་རྣམས་གསུངས། གསང་ལྡན་རབ་བྱེད་གཉིས་པ་ནས་བསམ་གྱིས་མི་ཁྱབ་པའི་རིམ་པ་བརྟན་ཅིང་བསྐྱེད་རིམ་ཕྲ་ཐིག་ཀྱང་སྟེ་ནོར་བུའི་ཐིག་ལེ་དང༌། སྨིན་མཚམས་དང་སྙིང་ག་སྟེ་ཐིག་ལེའི་མན་ངག་དང༌། སྤྱི་འགྲོ་སྒོ་དགག་པ་དང༌། རྫོགས་རིམ་བ་ནུ་དངོས་དང༌། བ་ལང་རྨིག་པ་ཡི་གེ་བཅུ་གསུམ་པ་དང༌། ཡི་གེ་གཉིས་པ་དང༌། ཡི་གེ་གཅིག་པ་དང༌། གཞན་སེམས་ཤེས་པར་བྱེད་པ་དང༌། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་རྣམས་གསུངས་སོ། །རབ་བྱེད་གསུམ་པ་ནས་སྒོང་སྐྱེས་ཀྱི་མན་ངག་དང༌། ཆུ་ཤིང་མེ་ཏོག་ཡི་གེ་བཅུ་གསུམ་པ་དང༌། གོང་དུ་འཕོ་བ་དང༌། གྲོང་དུ་འཇུག་པ་དང་དེའི་ཡན་ལག་རྣམས་སོ། །རབ་བྱེད་བཞི་པ་ལས་ཆུ་ཤིང་སྙེ་མ་ཡི་གེ་དགུ་པ་དང༌། མཆོད་རྟེན་བུམ་པའི་ཡན་ལག་རླུང་བཅིང་བ་དང༌། མཆོད་རྟེན་གྱི་མན་ངག་དང༌། མཆོད་རྟེན་བུམ་པ་དངོས་ཡི་གེ་དགུ་པ་དང༌། སྒྱུ་མ་གསུམ་གྱི་རྣལ་འབྱོར་རྣམས་གསུངས་སོ། །དེ་དག་ནི་རྩ་རྒྱུད་ལ་བརྟེན་ཚུལ་ཡིན་ལ། བཤད་རྒྱུད་སྦྱོར་བའི་རབ་བྱེད་ནས། གསང་བའི་སྦྱིན་སྲེག་དང་ཆུ་ཤིང་མེ་ཏོག་སོགས་རྩ་རྒྱུད་དང་འདྲ་མིན་ཙམ་རྣམ་གྲངས་དུ་མ་གསུངས་ཤིང༌། གཞན་ཡང་ཕྱག་རྒྱའི་མཚན་ཉིད་སོགས་མང་དུ་གསུངས་སོ། །བཤད་རྒྱུད་མནྟྲ་ཨད་ཤ་ནས་ཨོཾ་ཡིག་གི་མན་ངག་དང༌། གཏུམ་མོ་མདའ་འཕེན་དང༌། ཆུ་ཤིང་མེ་ཏོག་གི་རྣམ་གྲངས་གཞན་དང་བརྟུལ་ཞུགས་ཀྱི་སྤྱོད་པ་སོགས་གསུངས་སོ། །རྒྱ་གཞུང་ཕྱོགས་འདིའི་རྫོགས་རིམ་དུ་འགྱུར་བ་མགོན་པོ་ཀླུ་སྒྲུབ་ཀྱི་མཆན་ཁུང་སྦྱོར་བ། ཨཱརྻ་དེ་བའི་ཤིང་གཅིག་དཀའ་འགྲེལ་དང་གནས་བརྒྱད་ནང་དོན་ལ་སྦྱར་བའི་བཤད་པ་ཙམ་ལས་བོད་དུ་ཆེར་མ་བྱོན་ཅིང༌།


LT08,P242A
[མ་དཔེ་གཟིགས་ན་འདིར་གནོན།]

ཛེ་ཏཱ་རིའི་དེ་ཉིད་བཞི་པ་སོགས་སུ་རྫོགས་རིམ་འདིའི་རྣམ་གཞག་ཐོར་བུ་ཅི་རིགས་ཡོད་ལ། བོད་ཀྱི་ཡིག་ཆ་ནི་རྔོག་པ་ཡབ་སྲས་ཀྱི་ཡིག་ཆུང་མ་བུ་རྣམས་རྩ་བའི་ཁུངས་ཡིན་ནོ། །ལྔ་པ་མ་ཧཱ་མཱ་ཡཱའི་རྫོགས་རིམ་ནི། མཱ་ཡཱར་དམན་པ་དབྱིབས་དང་ཟབ་པ་སྔགས། །མཐར་ཐུག་ཆོས་ཀྱི་རྣལ་འབྱོར་སྣང་བ་དང༌། །རྨི་ལམ་སྒྱུ་མ་སུམ་བརྒྱུད་འཕྲོས་དོན་ནོ། །མ་ཧཱ་མཱ་ཡཱ་སྟེ་སྒྱུ་མ་ཆེན་མོའི་རྒྱུད་ལས་བསྟན་པའི་རྫོགས་རིམ་རྗེ་བཙུན་མར་རྔོག་རྣམས་ཀྱི་བཀའ་སྲོལ་ལས་བྱོན་པ་ནི། དམན་པ་དབྱིབས་ཀྱི་རྣལ་འབྱོར། ཟབ་པ་སྔགས་ཀྱི་རྣལ་འབྱོར། འཕྲོས་དོན་སྒྱུ་མ་སུམ་བརྒྱུད་ཀྱི་གདམས་ངག་དང་བཞི་ལས། དང་པོ་ནི། རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་རྒྱས་བསྡུས་བསྒོམ་པ་ཡིན་ལ། རྫོགས་རིམ་དངོས་ནི་ཕྱི་མ་རྣམས་སོ། །གཉིས་པ་ལ་སྟེང་སྒོ་སྔགས་ཀྱི་རྣལ་འབྱོར་དང༌། འོག་སྒོ་སྔགས་ཀྱི་རྣལ་འབྱོར་གཉིས། དང་པོ་ལ། འཁོར་ལོ་སྔགས་ཀྱི་རྣལ་འབྱོར་དང༌། ཐིག་ལེ་སྔགས་ཀྱི་རྣལ་འབྱོར་དང༌། ཕྲ་མོ་སྔགས་ཀྱི་རྣལ་འབྱོར་དང་གསུམ་ལས། དང་པོ་ལའང་འཁོར་ལོ་གཅིག་ལ་བརྟེན་པ་དང༌། གཉིས་ལ་བརྟེན་པ་དང༌། བཞི་ལ་བརྟེན་པ་སྟེ་གསུམ། ཐིག་ལེ་སྔགས་ཀྱི་རྣལ་འབྱོར་ལ། སྟེང་གི་སྣ་རྩེ། འོག་གི་སྣ་རྩེ། ལུས་ཀྱི་དབུས་སུ་བསྒོམ་པ་གསུམ། ཕྲ་མོ་སྔགས་ཀྱི་རྣལ་འབྱོར་ལ། རླུང་རྒྱ་ཡན་ལ་བསླབ་པ། བརྩི་བགྲང་ལ་བསླབ་པ། བུམ་ཅན་ལ་བསླབ་པ་གསུམ། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། གཉིས་ཀ་ལ་རང་བཞིན་ལམ་ཁྱེར་དང༌། སྣང་བ་ལམ་ཁྱེར་གཉིས་གཉིས་ཡོད་ཅིང༌། སྣང་བ། རྨི་ལམ། བར་དོ་སྟེ་སྒྱུ་མ་སུམ་བརྒྱུད་འཕྲོས་དོན་གྱི་ཚུལ་དུ་སྟོན་པ་ནི་དཀྱུས་ཀྱི་ཁྲིད་ཚུལ་ཡིན་ལ། གཞན་རྫོགས་རིམ་ཐོར་བུ་བ། གདམས་ངག་བཀའ་དྲུག་


LT08,P242B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བསམ་གཏན་གྱི་ལས་ཚོགས་དྲུག་པོ་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་མན་ངག་རེ་རེ་ཡོད་ཅིང༌། གཞན་གྱི་གྲོང་སོགས་བྱ་བ་དང༌། ཞེས་པ་ལས་འཕྲོས་ནས། བསྲེ་འཕོ་ནས་འབྱུང་བ་ལྟར་འཕོ་བ་གྲོང་འཇུག་གཉིས་ཀྱང་སྟོན་ནོ། །ད་ལྟ་སྒྱུ་མ་སུམ་བརྒྱུད་ཀྱི་ཉམས་ལེན་བྱེད་པ་འདི་ལས་དང་པོ་པའི་སྒྱུ་ལུས་དང་འོད་གསལ་ཡིན་ལ། འདི་ལ་བརྟེན་ནས་རྣལ་འབྱོར་པའི་དེ་དག་རྒྱུད་ལ་སྐྱེ་བ་ཡིན་ནོ། །འདི་དག་རྒྱུད་ཀྱི་ཇི་ལྟར་བསྟན་ཚོད་ནི། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་སོགས་རྐང་པ་དྲུག་གིས་འཁོར་ལོ་སྔགས་ཀྱི་རྣལ་འབྱོར་དང༌། བཟང་པོའི་ཡི་གེའི་ཕྲེང་བ་རྣམས། །ཞེས་སོགས་ཀྱིས་ཐིག་ལེ་སྔགས་ཀྱི་རྣལ་འབྱོར་སྟེང་འོག་དང༌། གོང་བུར་སད་པའི་འོད་དེ་ཡི། །ཞེས་པས་ཐིག་ལེ་ལུས་ཀྱི་དབུས་སུ་སྒོམ་པ་དང༌། དང་པོའི་ཡི་གེའི་སྦྱོར་བ་ཡི། །སོགས་ཀྱིས་རྡོར་བཟླས་དང་འབྲེལ་བ་རྣམས་དང༌། སྲོག་དང་རྩོལ་བ་བསྡམས་ནས་སུ། །ཞེས་པས་བུམ་པ་ཅན་རིམ་གྱིས་དགག་པ་དང༌། མིག་གཉིས་དང་ནི། །སོགས་ཀྱིས་བཙན་ཐབས་སུ་དགག་པ་དང༌། གང་གང་དབང་པོའི་ལམ་ལས་ནི། །ཞེས་སོགས་ཀྱིས་ཆོས་ཀྱི་རྣལ་འབྱོར་དང༌། རྣལ་འབྱོར་གཉིད་དང་ཡང་དག་ལྡན། །ཞེས་པ་དང༌། ཇི་ལྟར་སྐུ་previous hit གསུམ་མཆོག་སྟེར་བའི། །སོགས་ཀྱིས་སྒྱུ་མ་སུམ་བརྒྱུད ་ཀྱི་གདམས་ངག་དང༌། དབྱིབས་ཀྱི་རྣལ་འབྱོར་ནི་ལེའུ་གསུམ་ཅར་དུ་རྒྱས་པར་གསུངས་པ་དང༌། འོག་སྒོ་སྔགས་ཀྱི་རྣལ་འབྱོར་ཡང་སྔ་ཕྱིར་འཐོར་ཐབས་སུ་མང་དུ་བསྟན་པ་ཡིན་ནོ། །སྒྲུབ་པ་པོ་མཐའ་དག་གིས། མཐར་ཐུག་ཆོས་ཀྱི་རྣལ་འབྱོར་ཐོག་མཐའ་བར་གསུམ་གྱི་གནས་སྐབས་ཐམས་ཅད་དང༌། འོག་སྒོ་སྔགས་ཀྱི་རྣལ་འབྱོར་དུས་སྐབས་ཅི་རིགས་པར་སྒྲུབ་དགོས་པ་ཁོ་ན་ཡིན་ལ། སྟེང་


LT08,P243A
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་སྔགས་ཀྱི་རྣལ་འབྱོར་གྲངས་མང་པོ་དེ་དག་ལས་གང་ཡང་རུང་བ་གཅིག་ནི་ངེས་པར་བསྒོམ་དགོས་ཀྱང༌། ཐམས་ཅད་གང་ཟག་གཅིག་གིས་ངེས་པར་བསྒོམ་དགོས་པ་ནི་མ་ངེས་ཏེ། ཤིན་ཏུ་བརྩོན་པས་རིང་དུ་གོམས་པ་ལས་ནི་རེ་རེས་ཀྱང་དྲོད་ཆུང་ངུའི་རྟོགས་པ་སྐྱེད་པར་ནུས་ཏེ། དེ་ནས་འོག་སྒོའི་རྣལ་འབྱོར་ལ་བརྟེན་ཏེ། དྲོད་ཆེན་པོ་དང༌། རྩེ་མོའི་བར་དུ་བགྲོད་པར་ནུས་པ་ཡིན་ནོ། །དེས་ན་རྣལ་འབྱོར་འདི་རྣམས་ལ་ལམ་ཁྲིགས་ཆགས་ཀྱི་དབང་དུ་བྱས་པ་དང༌། ལམ་བློ་ཆོད་ཀྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ལྟར་ན་ཐམས་ཅད་གང་ཟག་གཅིག་གི་ཆ་རྐྱེན་དུ་བསྡེབ་དགོས་པ་ཡིན་ལ། གཉིས་པ་ལྟར་ན་འཁོར་ལོ་སྔགས་ཀྱི་རྣལ་འབྱོར་ལྟ་བུ་རེ་རེས་ཀྱང་དོན་ཁྱད་པར་ཅན་འགྲུབ་པ་ཡིན་ནོ། །དྲུག་པ་སངས་རྒྱས་ཐོད་པའི་རྫོགས་རིམ་ནི། དམིགས་བཅས་ཕྲ་མོ་རླུང་གི་རྣལ་འབྱོར་དང༌། །རང་ལུས་ཐབས་ལྡན་ཐིག་ལེ་བོགས་འདོན་རིགས། །དམིགས་མེད་སོར་བསམ་ཡན་ལག་ལྷག་མ་རྣམས། །འབྲས་བུའི་ཚུལ་འབྱུང་སངས་རྒྱས་ཐོད་པའི་ལུགས། །གྲུབ་པའི་སྤྱི་མེས་དཔལ་ས་ར་ཧ་པའི་ཞལ་སྔ་ནས་བརྒྱུད་པའི་རྫོགས་རིམ་འདི་ལ་དམིགས་བཅས་དང་དམིགས་མེད་གཉིས། དང་པོ་ལ་བཞི། རྡུལ་མཐའ་ཅན་སོགས་རླུང་སྦྱོར་བཞི་ལ་བརྟེན་པ་ཕྲ་མོའི་རྣལ་འབྱོར། གཏུམ་མོ་རྡོར་བཟླས་དང་བཅས་པ་རང་ལུས་ཐབས་ལྡན་གྱི་ཐིག་ལེའི་རྣལ་འབྱོར། དབུ་མའི་སྒོར་རླུང་སྡུད་པ་དང་དབུ་མའི་སྒོ་དབྱེ་བ་དང་བཙན་ཐབས་ཀྱི་སྦྱོར་བས་བདེ་དྲོད་བོགས་འདོན་གྱི་རིགས་དང༌། དེ་ལ་གོམས་ནས་གཞན་ལུས་ཤེས་རབ་མ་ལ་བརྟེན་པའི་དམིགས་བཅས་ཐིག་ལེའི་རྣལ་འབྱོར་ལ་བསླབ་པའོ། །གཉིས་པ་དམིགས་མེད་རྣམ་པར་མི་རྟོག་པའི་རྫོགས་རིམ་ལ་ཡན་ལག་དྲུག་


LT08,P243B
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དམིགས་བཅས་སྔོན་དུ་སོང་ནས་ཐོག་མར་སོ་སོར་སྡུད་པ་དང་བསམ་གཏན་གྱི་རྣལ་འབྱོར་ཡུན་རིང་དུ་བསྒོམས་པས་ཡན་ལག་ལྷག་མ་བཞི་པོ་རྣམས་འབྲས་བུའི་ཚུལ་དུ་འབྱུང་བ་སྟེ། དེའང་གཡས་གཡོན་རོ་རྐྱང་གི་རླུང་འགགས་ཏེ་དབུ་མར་ཞུགས་པ་ནི་སྲོག་རྩོལ་དང༌། དབུ་མའི་ནང་གི་རླུང་རྣམས་འཁོར་ལོ་སོ་སོའི་ལྟེ་བའི་ཐིག་ལེ་ལ་ཐིམ་པ་ནི་འཛིན་པ་དང༌། སྟོང་གཟུགས་ཀྱི་ཕྱག་རྒྱས་ཞུ་བདེ་འདྲེན་པ་ནི་རྗེས་དྲན་དང༌། མི་འགྱུར་བའི་བདེ་བའི་ཡེ་ཤེས་སྐད་ཅིག་མ་དང་པོ་སྐྱེས་པ་ནས་ཏིང་ངེ་འཛིན་ནོ། །དེའང་གོང་གི་ཕྲ་ཐིག་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་པས་བདེ་དྲོད་ཀྱི་ཉམས་མྱོང་ཅི་རིགས་པ་སྐྱེས་ན་དམིགས་མེད་ཀྱི་རྫོགས་རིམ་སྒོམ་པ་ལ་བོགས་ཆེ་ཞིང་དམིགས་མེད་བསྒོམས་པས་དམིགས་བཅས་ཀྱི་རྒྱུན་དེའང་རྫོགས་རིམ་རྣམ་པར་མི་རྟོག་པར་འགྱུར་ལ། ཕྲ་ཐིག་གི་རྣལ་འབྱོར་དེ་ཁོ་ན་ཡུན་བསྲིངས་ཏེ་བསྒོམ་ན་ཡང་ཐོག་མར་རང་ཤུགས་ཀྱིས་སེམས་ལྷན་གྱིས་གནས་པ་དང༌། བདེ་བའི་ཉམས་མྱོང་ཅི་རིགས་པ་སྐྱེ་ཞིང་དེ་ནས་མི་རིང་བར་བདེ་སྟོང་གི་ཏིང་ངེ་འཛིན་མཆོག་རང་ཤུགས་ལ་སྐྱེ་བར་འགྱུར་བར་གསུངས་སོ། །སངས་རྒྱས་ཐོད་པའི་རྒྱུད་འགྲེལ་གྱི་རྫོགས་རིམ་མར་རྔོག་གི་ཁྲིད་རྒྱུན་དེང་སང་མི་བཞུགས་ལ། གྲུབ་ཆེན་ཞི་བ་སྦས་པའི་བཀའ་སྲོལ་ཇོ་ནང་རྗེ་བཙུན་ཆེན་པོ་ལ་བཀའ་བབ་པའི་རིང་ལུགས་གསར་པ་ལྟར་བཤད་པའོ། །བདུན་པ་སྒྲོལ་མ་རྣལ་འབྱོར་མའི་རྫོགས་རིམ་ནི། སྒྲོལ་མ་འབྱུང་བར་རྣལ་འབྱོར་བཞི་གསུངས་ཏེ། །རྣལ་འབྱོར་དང་པོ་བསྐྱེད་རིམ་འཁོར་བཅས་ཡིན། །རྗེས་སུ་རྣལ་འབྱོར་སྔོན་འགྲོ་དངོས་གཞི་གཉིས། །རྣལ་འབྱོར་ཆེ་ལ་མི་ཤིགས་གསུམ་དང་ལྡན། །རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་སྒྲོལ་མ་འདུས་པ་དོན་དམ་པ་ཕྲིན་ལས་ཐམས་ཅད་འབྱུང་


LT08,P244A
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་རྣལ་འབྱོར་བཞིའི་རིམ་པ་གསུངས་པའི་རྣལ་འབྱོར་དང་པོ་ནི་བསྐྱེད་པའི་རིམ་པ་འཁོར་དང་བཅས་པ་ཡིན་ལ། རྫོགས་རིམ་གྱི་སྒེར་ཆོས་རྒྱུད་ཀྱི་དངོས་བསྟན་སྡིག་པ་སྲེག་པ་དང༌། བར་ཆད་ཟློག་པ་དང༌། བྱིན་རླབས་འཇུག་པའི་རྣལ་འབྱོར་ཅེས་བྱ་བའི་བསྐྱེད་རིམ་སྔོན་དུ་སོང་ནས་རྫོགས་རིམ་དངོས་ལ་རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་གསུམ། རྗེས་སུ་རྣལ་འབྱོར་ལ་སྔོན་འགྲོ་ཞི་གནས་ཀྱི་ཏིང་ངེ་འཛིན་བསྒྲུབ། དངོས་གཞི་རང་བཞིན་དག་པའི་དེ་ཁོ་ན་ཉིད་ལ་མཉམ་པར་གཞག །ཨ་ཡིག་ལ་སོགས་པ་གཟུངས་ཀྱི་སྒོ་དགུ་དང༌། མི་མཐུན་ཕྱོགས་བསལ་བ་བདུད་གཞོམ་པའི་རྣལ་འབྱོར་གྱིས་བོགས་འདོན། ཤིན་ཏུ་རྣལ་འབྱོར་ལ་སྔོན་འགྲོ་དགང་དབྱུང་ལ་སོགས་པ་རླུང་སྦྱོར་ལྔ་ཡིས་ལམ་སྦྱང༌། དངོས་གཞི་ཡི་གེ་ལྔའི་ལས་ཀྱིས་དགའ་བཞིའི་ཡེ་ཤེས་བརྟན་པར་བྱེད། རྣལ་འབྱོར་ཆེན་པོ་ལ་ལུས་མི་ཤིགས་པའི་རྣལ་འབྱོར། ངག་མི་ཤིགས་པའི་རྣལ་འབྱོར། སེམས་མི་ཤིགས་པའི་རྣལ་འབྱོར་གསུམ་གྱིས་སྒོ་གསུམ་རྡོ་རྗེར་སྒྲུབ་པ་སྟེ། དེའང་རྣལ་འབྱོར་དང་པོ་བསྐྱེད་རིམ་ཅུང་ཟད་བརྟན་ཅིང༌། རྗེས་སུ་རྣལ་འབྱོར་གྱིས་ལྟ་བ་ལ་ཉམས་མྱོང་ཅུང་ཟད་ཐོན་ནས། ཤིན་ཏུ་རྣལ་འབྱོར་རླུང་གི་རྣལ་འབྱོར་གྱིས་རྩ་ལམ་སྦྱངས་པ་ཞིག་གིས། དངོས་གཞི་ཕོ་ཉའི་ལམ་ལ་འཇུག་པ་ཡིན་ཏེ། རྒྱུད་ལས། འདི་ལ་དགང་བ་དང༌། གཞིལ་བ་དང༌། རེངས་པ་དང་བུམ་པ་ཅན་གྱི་སྦྱོར་བས་དག་པར་བྱས་ནས་མི་མོ་རྣམས་ཀྱི་སྦྱོར་བ་ལ་འཇུག་སྟེ། ལུས་འདི་ཉིད་ཀྱིས་དངོས་གྲུབ་ཐོབ་པ་ཞེས་བྱའོ། །ཞེས་གསུངས་ཏེ། སྐུ་ལ་བྱེད་བྱེད་པ་དྲུག་ཅུ་རྩ་བཞིའི་རྣམ་གཞག་དང༌། སྔོན་གོམས་པའི་རླུང་གི་རྣལ་འབྱོར་རྣམས་ལ་བརྟེན་ཏེ། དབབ་པ་དང༌། བཟུང་བ་དང༌། ཟློག་པ་


LT08,P244B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁྱབ་པ་དང༌། ཡེ་ཤེས་སུ་སྐྱེལ་བ་རྣམས་རིམ་ཅན་དུ་བསྒོམས་པས། གཙོ་བོར་ལས་ཀྱི་ཕྱག་རྒྱ་དང༌། ཡན་ལག་ཏུ་ཡེ་ཤེས་ཀྱི་ཕྱག་རྒྱས་ཀྱང་རུང་སྟེ། གཞན་ལུས་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་བསྒོམ། དེ་ནས་རྣལ་འབྱོར་ཆེན་པོ་མི་ཤིགས་སུམ་ལྡན་ལ་ཅུང་ཟད་གོམས་པ་ན། ཤེས་རབ་ཀྱི་ནཱ་ར་ནཱ་སི་ཀ་ཞེས་བྱ་བའི་རྩའི་བྱེད་པས། དང་པོར་བདེ་སྐྱོང་གི་འཁོར་ལོ་དང༌། དེ་ནས་སྤྲུལ་པ་དང༌། བདེ་ཆེན་གྱི་འཁོར་ལོ་རབ་ཏུ་གྲོལ་ནས། སྙིང་གའི་མ་རིག་པའི་སྒོ་ང་རྣམ་པར་འབྱེད་པར་བྱེད་པ་ཡིན་ཏེ། དེས་འོད་གསལ་མཆོག་ལ་རིག་པར་འགྱུར་རོ། །གསུམ་པ་ལུགས་སྲོལ་རྣམས་ཀྱི་དོན་བསྡུ་བ་ནི། མ་རྒྱུད་གཙོ་བོ་རྣམས་ཏེ་ཕྲན་ཚེགས་མང༌། །རྒྱུད་གཙོར་བྱས་པ་འཕགས་ཡུལ་མཁས་གྲུབ་ལུགས། །ཇི་སྐད་བཤད་པ་དེ་དག་ནི་འཕགས་བོད་གཉིས་སུ་ཡོངས་སུ་གྲགས་ཤིང་ཁྱད་པར་གངས་ཅན་ལྗོངས་སུ་ད་ལྟའི་བར་དུ་ཉམས་ཁྲིད་ལག་ལེན་བར་མ་ཆད་པ་བཞུགས་པའི་རྣལ་འབྱོར་མ་རྒྱུད་ཀྱི་རྫོགས་པའི་རིམ་པ་གཙོ་བོར་གྱུར་པ་རྣམས་ཏེ། གཞན་རྒྱུད་ཀྱི་ཚིག་ཟིན་དངོས་སུ་གསལ་བ་དང༌། གྲུབ་ཐོབ་རྣམས་ཀྱི་མན་ངག་གི་ངེས་པ་རྫོགས་པའི་རིམ་པ་ཕྲན་ཚེགས་ཇི་སྙེད་པ་ནི་རྡོ་རྗེ་འཆང་ཁོ་ནའི་མཁྱེན་པའི་ཡུལ་ཏེ་ཤིན་ཏུ་མང་བས་ཤེས་བརྗོད་ཀྱི་ཡུལ་ལས་འདས་ཤིང༌། སྤྱིར་རྫོགས་པའི་རིམ་པ་ལ་རྒྱུད་གཙོ་བོར་བྱས་པ་དང༌། མན་ངག་གཙོ་བོར་བྱས་པ་གཉིས་སུ་གྲགས་པ་ལས་སྔ་མ་ནི་བཤད་མ་ཐག་པ་རྒྱུད་ཀྱི་དངོས་བསྟན་གྱི་དོན་རྣམས་ཏེ་འཕགས་ཡུལ་མཁས་གྲུབ་རྣམས་ཀྱིས་ལུགས་འདི་ལ་ཐུགས་གཙིགས་སུ་མཛད་ཅིང་གྲུབ་པ་བརྙེས་པའི་ལམ་སྲོལ་རྨད་དུ་བྱུང་བའོ། །བཞི་པ་གཅེས་གནད་སྙིང་པོར་བསྡུ་བ་ལ་གསུམ། གནད་དུ་བསྡུ་བའི་རྒྱུ་མཚན། གནད་གང་དུ་འདུ་བ།


LT08,P245A
[མ་དཔེ་གཟིགས་ན་འདིར་གནོན།]

གནད་གསུམ་གྱི་མཚན་ཉིད་ཞིབ་ཏུ་སྨོས་པའོ། །དང་པོ་ནི། ཀུན་ཀྱང་བསྒྲུབ་བྱ་མི་སློབ་ཟུང་འཇུག་གི །དངོས་རྒྱུ་སློབ་པའི་ཟུང་འཇུག་སྒྱུ་མའི་སྐུ། །འཇུག་ལྡངས་ཚུལ་གྱིས་བསྒྲུབ་དགོས་གནད་ལ་མཐུན། །དེ་ལ་ཀུན་རྫོབ་རང་བྱིན་རླབས་པ་དང༌། །དོན་དམ་འོད་གསལ་གཉིས་དགོས་དེ་དག་ཀྱང༌། །རྩ་རླུང་ཐིག་ལེ་ལས་རུང་བྱེད་ལ་མཐུན། །རྒྱུད་སྡེ་སོ་སོ་ནས་རྫོགས་རིམ་གྱི་རྣམ་གཞག་མང་དུ་གསུངས་པ་དེ་ཀུན་ཀྱང་བསྒྲུབ་བྱ་མི་སློབ་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་སྒྲུབ་པའི་དངོས་ཀྱི་རྒྱུ་སློབ་པའི་ཟུང་འཇུག་སྒྲུབ་དགོས་པ་དང༌། དེའང་སྒྱུ་མ་ལྟ་བུའི་ལྷ་སྐུ་འོད་གསལ་དུ་འཇུག་ཅིང་ཟུང་འཇུག་ཏུ་ལྡང་བའི་ཚུལ་གྱིས་བསྒྲུབ་དགོས་པའི་གནད་ལ་མཐུན། འཇུག་ལྡང་དེ་ལ་ཀུན་རྫོབ་རང་བྱིན་རླབས་ཀྱི་རྫོགས་རིམ་དང་དོན་དམ་འོད་གསལ་གྱི་རྫོགས་རིམ་གཉིས་དགོས་པ་དང༌། རྫོགས་རིམ་དེ་གཉིས་ཀྱང་རྩ་རླུང་ཐིག་ལེ་ལས་རུང་དུ་བྱས་ནས་བསྒྲུབ་དགོས་པ་མཐུན་ཀྱང་དེ་དག་སྒྲུབ་ལུགས་ཀྱི་ཚུལ་ཅུང་ཟད་མི་འདྲ་བ་སྟེ། ཕ་རྒྱུད་པས་དང་པོར་དབེན་པ་གསུམ་ལ་བརྟེན་ནས་སྒྱུ་ལུས་དང་འོད་གསལ་གྱི་རིམ་པས་ཟུང་འཇུག་སྒྲུབ་ཅིང༌། མ་རྒྱུད་པས་དང་པོར་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་བརྟེན་ནས་བདེ་སྟོང་ལྷན་སྐྱེས་ཀྱི་རིམ་པས་ཟུང་འཇུག་བསྒྲུབ་ལ། ནང་ཚན་ཕྱེ་ན་ཚུལ་དེ་དག་ཀྱང་སྒྲུབ་ལུགས་དུ་མ་ཞིག་ཡོད་པས་གཅིག་ཏུ་མ་ངེས་པ་ཡིན་ནོ། །གཉིས་པ་ནི། དེ་ཕྱིར་དབུ་མར་གནད་བསྣུན་རང་ལུས་དང༌། །དགའ་བཞིའི་ཡེ་ཤེས་དྲང་བརྟན་གཞན་གྱི་ལུས། །སྟོང་གཟུགས་ཕྱག་ཆེན་གསུམ་ལ་རྫོགས་རིམ་ཀུན། །འདུས་ཀྱང་དེང་སང་གང་ཟག་ལ་ལྟོས་ནས། །ཀུན་རྫོབ་དོན་དམ་དབྱེར་མེད་གསུམ་དུ་བཤད། །རྒྱུ་མཚན་དེའི་ཕྱིར་ན་ཞུགས་གནས་ཐིམ་གསུམ་


LT08,P245B
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བྱེད་པས་དབུ་མར་གནད་དུ་བསྣུན་པ་རང་ལུས་ཐབས་ལྡན་དང༌། དགའ་བཞིའི་ཡེ་ཤེས་དྲང་ཞིང་བརྟན་པར་བྱེད་པ་གཞན་ལུས་ཤེས་རབ་དང༌། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ཏེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མི་འགྱུར་བའི་བདེ་བ་སྒྲུབ་པ་གསུམ་ལ་བླ་མེད་ཀྱི་རྫོགས་རིམ་ཡོངས་སུ་རྫོགས་པ་ཀུན་འདུས་པས་དེ་གསུམ་ལས་མང་མི་དགོས་ཤིང༌། གསུམ་པོ་གང་རུང་རེ་རེས་ལམ་རྫོགས་པར་མཐར་དབྱུང་མི་ནུས་པས་གསུམ་པོ་ཡ་མ་བྲལ་བར་དགོས་ཀྱང༌། དེང་སང་གང་ཟག་གཉེན་པོ་ཞན་ཅིང་བརྩོན་འགྲུས་དམན་པའི་ཕྱིར་དེ་དག་ཇི་བཞིན་ཉམས་འོག་ཏུ་ཆུད་པར་མི་ནུས་པས། གཞན་ལུས་སོགས་རེ་ཞིག་བཏང་སྙོམས་སུ་བྱས་ཏེ་གནས་སྐབས་ལ་ལྟོས་པའི་དབང་དུ་བྱས་ནས་བོད་ཀྱི་བླ་མ་མཆོག་གཟིགས་རྣམས་ཀྱིས་རྫོགས་རིམ་གྱི་འདུས་སོ་ཀུན་རྫོབ་དོན་དམ་དབྱེར་མེད་གསུམ་དུ་བཤད་ཅིང་འདི་དག་མཐར་ཐུག་པའི་སྐྱེལ་སོ་ནི་སྔ་མའི་སྟེང་དུ་འབབས་པ་ཡིན་ནོ། །གསུམ་པ་ལ་གསུམ། ཀུན་རྫོབ་རང་བྱིན་རླབས་ཀྱི་རྫོགས་རིམ། དོན་དམ་འོད་གསལ་ཕྱག་ཆེན་གྱི་རྫོགས་རིམ། དབྱེར་མེད་ཟུང་དུ་འཇུག་པའི་རྫོགས་རིམ་མོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཀུན་རྫོབ་རང་བྱིན་རླབས་ལ་གཉིས་ཡིན་ཏེ། །ཀུན་རྫོབ་ཀྱི་རྣམ་པ་ལ་གནད་དུ་བསྣུན་པ་རང་བྱིན་རླབས་ཀྱི་རྫོགས་རིམ་ལ་གཏུམ་མོ་སྒྱུ་ལུས་རྣམ་པ་གཉིས་སུ་བཤད་པ་ཡིན་ཏེ། ཞེས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། གཏུམ་མོ་དང༌། སྒྱུ་ལུས་སོ། །དང་པོ་ལ་གཉིས། གཏུམ་མོའི་རྣལ་འབྱོར། དེ་ཉིད་ཚུལ་བཞིར་རྣམ་པར་དབྱེ་བའོ། །དང་པོ་ནི། རྩ་རླུང་ཐིག་ལེ་ཐུན་མོང་དབེན་གསུམ་དང༌། །སྟོང་ར་བུམ་ཅན་སོགས་ཀྱིས་ལས་རུང་བསྒྲུབ། །ཐུན་མིན་བདེ་དྲོད་མི་རྟོག་གཏུམ་མོ་སྦར། །དགའ་བཞི་སྟོང་བཞི་ཟུང་དུ་འཇུག་པ་ལས། །


LT08,P246A
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་ཡེ་ཤེས་དཔེ་དོན་ལྷན་སྐྱེས་འཆར། །སྤྱིར་རྫོགས་རིམ་མཐའ་དག་གི་ཐོག་མར་རྩ་རླུང་ཐིག་ལེ་ལས་རུང་དུ་སྒྲུབ་དགོས་པས། དེ་སྒྲུབ་ཚུལ་ཕ་རྒྱུད་པས་འོག་སྒོར་ཕྲ་མོ་བསྒོམས་ནས་རླུང་དྷཱུ་ཏིར་འཛུད་ཅིང་ཐིམ་པས་ཞུ་བདེ་ལྷན་སྐྱེས་བསྐྱེད་པ་ལུས་དབེན་དང༌། སྣ་རྩེ་གསུམ་དུ་ཐིག་ལེ་གསུམ་གྱི་སྲོག་རྩོལ་བསྒོམས་ནས་རླུང་ཐིམ་པས་སྟོང་པ་བཞི་བསྐྱེད་པ་ངག་དབེན་དང༌། ཕྱི་ནང་གི་མཐའ་ལ་བརྟེན་ནས་སྙིང་གར་རླུང་ཐིམ་པས་ཁྱད་པར་གྱི་སྟོང་པ་བཞི་བསྐྱེད་པ་སེམས་དབེན་གསུམ་སྒོམ་པར་བྱེད། མ་རྒྱུད་ལུགས་ཀྱིས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་རྟོགས་པ་སྐྱེད་པར་བྱེད་པ་ལ་བཀོད་པ་བྱང་ཆུབ་ཀྱི་སེམས་བརྟན་དགོས་ལ། བྱང་སེམས་བརྟན་པར་བྱེད་པ་ལ་གཡོ་བ་རླུང་དབང་དུ་འདུས་དགོས་ཤིང༌། དེ་ལའང་གནས་པ་རྩ་སྦྱང་དགོས་པས་རྩ་རླུང་ཐིག་ལེ་གསུམ་རིམ་བཞིན་བསྒོམ་པར་བཞེད་དེ། དེའང་ཐོག་མར་ལུས་དང་རྩའི་སྟོང་ར་ལེགས་པར་འབྱོངས་རླུང་བུམ་པ་ཅན་སྦྱོར་བ་བཞི་ལྡན་ཚད་དུ་ཁེགས་པ་ན་ཐིག་ལེའི་རྣལ་འབྱོར་སོགས་ཀྱིས་ལས་རུང་དུ་བསྒྲུབ། མ་རྒྱུད་ཐུན་མོང་མ་ཡིན་པའི་ལུགས་ཀྱིས་ཐིག་ལེ་འཛག་པ་བདེ་བའི་གཏུམ་མོ། ཨ་ཤད་འབར་བ་དྲོད་ཀྱི་གཏུམ་མོ། ཟུང་དུ་འཇུག་པ་མི་རྟོག་པའི་གཏུམ་མོ་སྦར་བས་རླུང་གནད་དུ་ཚུད་པའི་དགའ་བ་བཞི་དང་སྟོང་པ་བཞི་ཟུང་འཇུག་ཏུ་འཆར་བ་ནི་གཏུམ་མོའི་རྟོགས་པ་ཡིན་ལ། དགའ་བ་བཞི་ནི་བརྟག་གཉིས་སུ། །དགའ་བའི་བདེ་བ་ཅུང་ཟད་དེ། །མཆོག་ཏུ་དགའ་བའི་དེ་ལས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་པ་ལྟར་རོ། །དེ་ཉིད་སྐྱེ་ཚུལ་ཡས་བབ་ཀྱི་དགའ་བཞི་ནི་བྱང་སེམས་ཁུ་བ་སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞིར་བབས་པ་ལས་སྐྱེ་སྟེ། རྡོར་ཕྲེང་ལས། བདེ་ཆེན་འཁོར་


LT08,P246B
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་སྤྱི་བོ་ལས། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང༌། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་སོ། །མས་བརྟན་གྱི་དགའ་བཞི་ནི་བྱང་སེམས་བརྟན་པ་ན་བྱང་སེམས་ནོར་བུ་ནས་ལྟེ་བ་སོགས་གནས་བཞིར་བཟློག་པ་ལས་སྐྱེ་སྟེ། རྡོར་ཕྲེང་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང༌། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང༌། །ལྷན་ཅིག་སྐྱེས་པ་བདེ་བ་ཆེ། །ལུགས་ཟློག་རིམ་པ་ཞེས་ནི་གསུངས། །ཞེས་སོ། །དེ་ལྟར་དགའ་བ་བཞིའི་ནང་ནས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་དང་འོད་གསལ་གཉིས་སུ་མེད་པའི་ཡེ་ཤེས་ནི་གཏུམ་མོའི་རྟོགས་པ་དངོས་གཞི་ཡིན་ལ། དེ་ལའང་ཡུལ་ཡུལ་ཅན་གྱི་གཉིས་སྣང་ཕྲ་མོ་དང་བཅས་པ་དཔེའི་ལྷན་སྐྱེས་དང༌། ཡུལ་ཡུལ་ཅན་གཉིས་སུ་མེད་པ་དོན་གྱི་ལྷན་སྐྱེས་གཉིས་སུ་ཡོད་དོ། །སྤྱིར་མ་རྒྱུད་པའི་ལུགས་ལ་རང་བྱིན་རླབས་དང་འོད་གསལ་ཕྱག་ཆེན་དང་དབྱེར་མེད་ཟུང་འཇུག་ཐམས་ཅད་གཏུམ་མོའི་རྣལ་འབྱོར་གྱི་ཁོངས་ནས་བཏོན་པས་གཏུམ་མོ་རང་བྱིན་རླབས་ཀྱི་རྫོགས་རིམ་ཁོ་ནར་མ་ངེས་ཀྱང་རེ་ཞིག་གྲགས་ཆེ་བའི་དབང་དུ་བྱས་པའོ། །གཉིས་པ་ནི། སྲེག་འཇོམས་དྲག་གཏུམ་ལས་བྱེད་ཚིག་གི་དོན། །ལྷན་སྐྱེས་བདེ་སྟོང་ཡེ་ཤེས་མདོ་སྔགས་སྤྱི། །ལས་དང་རྣལ་འབྱོར་ལྷན་སྐྱེས་སྦས་དོན་ཏེ། །མཐར་ཐུག་ཡེ་ཤེས་མེ་ལྕེ་འོད་གསལ་ལོ། །ཕུང་ཁམས་མ་དག་པ་རྣམས་སྲེག་པ་དང་ཉོན་མོངས་པ་རྩད་ནས་འཇོམས་པ་སོགས་དྲག་ཅིང་གཏུམ་པའི་ལས་བྱེད་པ་ནི་ཚིག་དོན་གྱི་གཏུམ་མོ་ཡིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད། །ཅེས་དང༌། མཚོ་སྐྱེས་ཀྱི་ཀྱཻ་རྡོར་དཀའ་འགྲེལ་ལས་


LT08,P247A
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་ནི་སྲིད་པའི་ཉོན་མོངས་རྩད་ནས་མེད་པར་བྱེད་པ་ཉིད་དོ། །ཞེས་དང༌། ནཱ་རོ་པའི་དཀའ་འགྲེལ་ལས། གཏུམ་པའི་ལས་ནི་བྱེད་པའི་ཕྱིར། །གཏུམ་མོ་རུ་ནི་བརྗོད་པ་ཡིན། །ཅེས་གསུངས་པ་ལྟར་རོ། །ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ལྷན་སྐྱེས་སྤྲོས་པ་དང་བྲལ་བ། བདེ་བ་དང་སྟོང་པ་དང་དེ་ཉིད་དབྱེར་མེད་ཟུང་དུ་འཇུག་པའི་དོན་རྣམས་ནི་རིམ་བཞིན་མདོ་སྔགས་སྤྱི་དོན་གྱི་གཏུམ་མོ་དང༌། ལས་དང་རྣལ་འབྱོར་ལྷན་སྐྱེས་རྣམས་ནི་སྦས་དོན་གྱི་གཏུམ་མོ་སྟེ། དེ་ལ་ལས་ཀྱི་གཏུམ་མོ་ནི་གསང་གནས་སུ་གནས་པ་ཕོ་མོ་སྙོམས་འཇུག་གི་ཚེ་དྲོད་དུ་འབར་བ་དང༌། རྣལ་འབྱོར་གྱི་གཏུམ་མོ་ནི་གང་ལ་གནད་དུ་བསྣུན་པས་དགའ་བཞི་དང་སྟོང་བཞིའི་ཡེ་ཤེས་འདྲེན་ནུས་པ་ལྟེ་བའི་ཨ་ཤད་དང༌། ལྷན་སྐྱེས་ཀྱི་གཏུམ་མོ་ནི་རྩ་རླུང་ཐིག་ལེའི་རྣལ་འབྱོར་གོམས་སྟོབས་ཀྱིས་མངོན་དུ་བྱས་པའི་རྣམ་པ་ཐམས་ཅད་པའི་སྟོང་ཉིད་དང་མི་འགྱུར་བའི་བདེ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །མཐར་ཐུག་གི་གཏུམ་མོ་ནི། ཚིག་དོན་གྱིས་སྤྲོས་པ་བཅད། སྤྱི་དོན་ཉམས་སུ་བླངས་ཏེ་སྦས་དོན་གྱིས་མཚམས་སྦྱར་བས་དྲི་མ་མེད་པའི་ཡེ་ཤེས་ཀྱི་མེ་ལྕེ་འོད་རབ་ཏུ་གསལ་བ་འཐོབ་པར་འགྱུར་བ་དེའོ། །གཉིས་པ་སྒྱུ་ལུས་བཤད་པ་ལ་གཉིས། ཚུལ་བཞིར་རྣམ་པར་དབྱེ་བ། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ལ་བཞི། ཚིག་དོན། སྤྱི་དོན། སྦས་དོན། མཐར་ཐུག་གི་སྒྱུ་ལུས་སོ། །དང་པོ་ནི། སྒྱུ་མའི་དཔེས་མཚོན་ཆོས་ཀུན་དེ་ཡི་ལུས། །སྤྱིར་སྒྱུ་ལུས་ཀྱི་མན་ངག་ནི་མདོ་སྔགས་མཐའ་དག་གི་མཆོག་ཏུ་གཅེས་པའི་ཟབ་དོན་ཡིན་པས་འདི་ཉིད་མ་རྙེད་ན་ཐམས་ཅད་ངལ་བ་དོན་མེད་དུ་བཤད་དེ། གསང་འདུས་རིམ་ལྔ་ལས། བདག་ལ་བྱིན་གྱིས་རློབ་པའི་རིམ། །གང་


LT08,P247B
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྙེད་པར་མ་གྱུར་པའི། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡིས་ངལ་བ་དོན་མེད་འགྱུར། །ཞེས་སོ། །དེ་ལྟར་ཡིན་པའང་འཚང་རྒྱ་བ་ལ་ཆོས་ཐམས་ཅད་སྒྱུ་མ་ལྟར་རྟོགས་དགོས་པའི་རྒྱུ་མཚན་གྱིས་ཏེ། འཕགས་པ་ལྷ་ཡི་རང་བྱིན་རླབས་ལས། ཐམས་ཅད་སྒྱུ་མའི་རྣམ་འཕྲུལ་གྱིས། །དེ་ཡིས་སངས་རྒྱས་འགྲུབ་པར་འགྱུར། །ཞེས་སོ། །དེའང་སྒྱུ་མའི་དཔེ་བཅུ་གཉིས་སོགས་ཀྱིས་མཆོན་ཏེ་འཁོར་འདས་ཀྱི་ཆོས་ཀུན་སྒྱུ་མའི་ལུས་སམ་དེའི་རང་གཟུགས་སུ་སྣང་བ་ནི་ཚིག་དོན་གྱི་སྒྱུ་ལུས་ཏེ་ཐོས་པས་གཏན་ལ་དབབ་པར་བྱའོ། །དེ་ལ་སྒྱུ་མའི་དཔེའི་རྣམ་གྲངས་མདོ་རྒྱུད་རྣམས་ལས་མང་དུ་གསུངས་ཀྱང་བཅུ་གཉིས་ཉིད་གྲགས་ཆེ་བས་དེ་ནི། བདག་བྱིན་རླབས་ལས། སྒྱུ་མ་སྨིག་རྒྱུ་དྲི་ཟ་ཡི། །གྲོང་ཁྱེར་དང་ནི་བརྒྱ་བྱིན་གཞུ། །མེ་ལོང་ནང་གི་གཟུགས་བརྙན་དང༌། །ཆུ་ཟླ་དང་ནི་བྲག་ཅ་དང༌། །རྨི་ལམ་མིག་ཡོར་སྤྲིན་དང་གློག །ཆུ་ཡི་ཆུ་བུར་ཞེས་བྱ་བ། །སྒྱུ་མའི་དཔེ་ནི་བཅུ་དང་གཉིས། །ཞེས་པ་ལྟར་རོ། །དེ་རྣམས་ཀྱི་དོན་ཡང་པཎྜི་ཏ་ཐུབ་པ་དཔལ་བཟང་གི་རིམ་ལྔའི་མདོར་བཤད་ལས། སྒྱུ་མའི་དོན་ནི་བྱས་པས་སོ། །སྨིག་རྒྱུའི་དོན་ནི་རྫུན་པ་ཉིད་ཀྱིས་སོ། །དྲི་ཟའི་གྲོང་ཁྱེར་ནི་ཡུལ་ངེས་པ་མེད་པ་སོ་སོར་སྣང་བ་ཉིད་ཀྱིས་སོ། །བརྒྱ་བྱིན་གྱི་གཞུ་ནི་ཁ་དོག་དུ་མ་ཉིད་ཀྱིས་སོ། །མེ་ལོང་གི་གཟུགས་བརྙན་ནི་གསལ་བ་ཉིད་ཀྱིས་སོ། །ཆུའི་ཟླ་བ་ནི་ཁྱབ་པ་ཉིད་ཀྱིས་སོ། །སྒྲ་བརྙན་ནི་ཡུལ་སོ་སོར་སྨྲ་བ་ཉིད་ཀྱིས་སོ། །རྨི་ལམ་ནི་ཤེས་པ་ཙམ་ཉིད་ཀྱིས་སོ། །གྲིབ་མ་ནི་ཤ་དང་བྲལ་བ་ཉིད་ཀྱིས་སོ། །སྤྲིན་ནི་སྒྲིབ་པས་ཀུན་ཏུ་གཡོགས་པའི་རྒྱུ་ཉིད་ཀྱིས་སོ། །གློག་ནི་སྐད་ཅིག་ཙམ་ལ་གནས་པ་ཉིད་ཀྱིས་སོ། །ཆུའི་ཆུ་བུར་ནི་སྐྱེ་བ་དང་རྣམ་པར་ཐེམ་པ་ཉིད་ལས་སོ། །ཞེས་པ་ལྟར་ངེས་པར་བྱའོ། །གཉིས་པ་ནི། སྤྱི་དོན་སྒྱུ་


LT08,P248A
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟ་བུའི་ཏིང་འཛིན་བསྒོམ། །སྣང་ཡང་བདེན་མེད་དཔེ་ཡིས་གཏན་ལ་དབབ། །དག་པའི་སྒྱུ་ལུས། །ཞེས་པ་སྟེ། བསྒྲུབ་བྱའི་སྒྱུ་ལུས་དངོས་སྦས་དོན་ཡིན་ཀྱང་དེའི་སྔོན་དུ་སྤྱི་དོན་གྱི་སྒྱུ་ལུས་ཞེས་བྱ་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམ་དགོས་ཏེ། དེའང་ཕར་ཕྱིན་དང་ཐུན་མོང་བའི་མ་དག་པའི་སྒྱུ་ལུས་ནི། ཁམས་གསུམ་སྣོད་བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་དངོས་པོ་འཁོར་འདས་ཀྱི་སྣང་བ་འདི་ཐམས་ཅད་སྣང་བཞིན་དུ་བདེན་པར་མ་གྲུབ་པ་སྒྱུ་མ་དང་རྨི་ལམ་སོགས་ཀྱི་དཔེས་གཏན་ལ་འབེབས་ཤིང་བསྒོམ་པར་བྱ་བ་ཡིན་ཏེ། དེའང་ཕྱི་ནང་གི་དངོས་པོ་འདི་ཐམས་ཅད་རྒྱུ་རྐྱེན་གྱིས་འདུས་བྱས་པ། སྐད་ཅིག་གིས་མི་རྟག་པ། ངོ་བོ་བདེན་པར་མ་གྲུབ་པ། རྟེན་འབྲེལ་གྱི་སྣང་བ་ཙམ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུའོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྒྱུ་མའི་དཔེ་དང་སྦྱར་ནས་ཉམས་སུ་ལེན་ཚུལ་ནི། བརྒྱད་སྟོང་པའི་རབ་འབྱོར་གྱི་ལེའུ་ལས། བཅོམ་ལྡན་འདས་སྒྱུ་མ་དེ་གཞན་ལ་གཟུགས་དེ་གཞན་མ་ལགས་ཏེ། གཟུགས་ཉིད་སྒྱུ་མ་ལགས་སོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་དག་གཞན་ཡང་སྒྱུ་མ་ལགས་པ་ནས་རྣམ་པར་ཤེས་པ་ཉིད་ཀྱང་སྒྱུ་མ་ལགས་སོ། །ཞེས་དང༌། བརྒྱ་བྱིན་གྱི་ལེའུ་ལས། སྒྱུ་མ་དང་སེམས་ཅན་དེ་དག་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཞེས་གསུངས་པ་ལྟར་རོ། །བྱེ་བྲག་ཏུ་རང་གཞན་གྱི་ལུས་གཟུགས་བརྙན་ལྟ་བུ་དང༌། ངག་བྲག་ཅ་ལྟ་བུ་དང༌། ཡིད་སྨིག་རྒྱུ་ལྟར་བསྒོམ་པ་སྟེ། སྡོམ་འབྱུང་ལས། འགྲོ་བ་ཆུ་ཡི་ཟླ་བ་དེ་བཞིན་མཐོང་འགྱུར་ཞིང༌། །ཐོས་པ་དེ་དང་བྲག་ཅ་གཅིག་ཏུ་ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་རྒྱུ་ལྟ་བུར་བལྟ་བྱ་ཞིང༌། །ཞེས་སོ། །དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་བཞིན་དུ་ཉེ་བར་སྣང་བ་སྒྱུ་མའི་རང་གཟུགས་ཅན་ཡིན་


LT08,P248B
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་སྤྱི་དོན་གྱི་སྒྱུ་ལུས་ཡིན་ཏེ། བརྟག་གཉིས་ལས། དངོས་པོ་ཀུན་གྱི་རང་བཞིན་འདི། །སྒྱུ་མའི་གཟུགས་ཀྱིས་ཡང་དག་གནས། །ཞེས་སོ། །དེ་ནས་རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པ་དག་པའི་སྒྱུ་ལུས་ཞེས་བྱ་བ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའི་ཡེ་ཤེས་ཀྱི་སྐུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་པ་ནི་ཁྱད་པར་གྱི་སྒྱུ་ལུས་ཡིན་ཏེ། རིམ་ལྔ་ལས། རྡོ་རྗེ་སེམས་དཔའ་ལེགས་བྲིས་ལ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་ལྟར་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང༌། །སྐུ་ནི་བལྟ་བས་མི་ངོམ་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་རླབ་ཅེས་དེ་བཞེད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ངེས་པར་མཚོན་པ་སྟེ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ཅེས་སོགས་གསུངས་སོ། །དེ་ཉིད་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་ཚུལ་ནི། བདེན་པར་མ་གྲུབ་ཀྱང་ཡན་ལག་དང་ཉིང་ལག་སོགས་ཚང་བ་སྒྱུ་མའི་སྐྱེས་བུ་ལྟ་བུ། གཅིག་གིས་གར་ཡང་ཁྱབ་པ་ཆུ་ཟླ་ལྟ་བུ། གདོས་བཅས་སུ་མ་གྲུབ་པ་མིག་ཡོར་ལྟ་བུ། སྐད་ཅིག་གིས་གཡོ་བ་སྨིག་རྒྱུ་ལྟ་བུ། སེམས་ཙམ་ལས་གྲུབ་པ་རྨི་ལམ་ལྟ་བུ། རྒྱུ་རྐྱེན་ལས་སྐྱེས་པ་བྲག་ཅ་ལྟ་བུ། སྣང་ཡང་ངེས་པ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། གཅིག་དུ་མར་སྣང་བ་སྤྲིན་ནམ་མིག་འཕྲུལ་ལྟ་བུ། གསལ་ཞིང་ཐོགས་པ་མེད་པ་འཇའ་ཚོན་ལྟ་བུ། མི་རྟག་ཅིང་མྱུར་བ་གློག་ལྟ་བུ། སྐད་ཅིག་གིས་ལྡང་བ་ཆུ་བུར་ལྟ་བུ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་རྣམས་ཡིན་ནོ། །གསུམ་པ་ནི། ཁྱད་པར་ལས་སྐྱེས་པ། །སྟོང་བཞིའི་འོད་གསལ་རླུང་སེམས་ལྷ་སྐུར་ལྡངས། །སྦས་དོན་མཐིལ་ཡིན་འཇའ་གཟུགས་ཆུ་ཟླས་མཚོན། །སྤྱི་དོན་ཐུན་མོང་བ་བསྒོམས་པས་ཉམས་སུ་


LT08,P249A
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ཞིང་ཐུན་མིན་ཁྱད་པར་བའི་མངོན་རྟོགས་རྒྱུད་ལ་སྐྱེས་པས་སྦས་དོན་ལ་སྦྱོར་ཏེ། དེའང་རླུང་དབུ་མར་ཐིམ་པས་སྟོང་པ་གསུམ་མམ་བཞི་དྲངས་ཏེ། དེའི་ཉེར་ཐོབ་བམ་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་སྐད་ཅིག་གིས་ལྷའི་སྐུར་ལྡང་བ་ནི་སྦས་དོན་གྱི་སྒྱུ་ལུས་ཞེས་བྱ་བ་སྒྱུ་ལུས་ཀྱི་མཐིལ་པོ་ཡིན་ཏེ། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང༌། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་དང༌། རིམ་ལྔ་འདུས་པ་ལས། རླུང་སེམས་ཙམ་ལས་བྱུང་བ་ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། །ཞེས་སོ། །འདི་ལ་བླ་མ་དག །རླུང་སྙིང་གར་ཐིམ་པས་ཁྱད་པར་གྱི་སྟོང་པ་ལས་རླུང་སེམས་ཙམ་གྱི་ལྷར་ལྡང་བ་སྒྱུ་ལུས་དངོས་དང༌། རང་གར་རླུང་ཐིམ་པ་ཙམ་གྱིས་སྟོང་པ་ལས་རླུང་སེམས་ཙམ་གྱིས་ལྷར་ལྡང་བ་སྒྱུ་ལུས་རྗེས་མཐུན་པར་བཞེད་དོ། །འདི་ཉིད་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ཚུལ་ནི་སྔར་དང་འདྲ་ལ། །ཀླུ་སྒྲུབ་ཀྱིས། མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་ཤེས་པར་བྱ། ཁ་དོག་རྣམས་ནི་འཇའ་ཚོན་ལྟར། ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་སྐད་ཅིག་གིས་གཟུགས་རྫོགས་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་དང༌། ཁ་དོག་གསལ་ཞིང་མ་འདྲེས་པ་འཇའ་ཚོན་ལྟ་བུ་དང༌། གཅིག་གིས་གར་ཡང་ཁྱབ་པ་ཆུ་ཟླ་ལྟ་བུ་སྟེ་དཔེ་གསུམ་གྱིས་མཚོན་པར་བཤད་དོ། །བཞི་པ་ནི། སློབ་པའི་ཟུང་འཇུག་སྒྱུ་མས་མཚམས་སྦྱར་ཏེ། །མཐར་ཐུག་རྣམ་དག་སྒྱུ་མའི་ལྷ་སྐུ་འགྲུབ། །སྦས་དོན་གྱི་སྒྱུ་ལུས་གོམས་པ་མཐར་ཕྱིན་པ་ན། རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དག་པས་སློབ་པའི་ཟུང་འཇུག་འཇའ་ལུས་སྒྱུ་མའི་སྐུ་ཅན་རྒྱུའི་ཚུལ་གྱིས་མཚམས་སྦྱར་ཏེ། འོད་གསལ་


LT08,P249B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ལས་ཉོན་རྩ་བ་ནས་སྦྱངས་ཏེ་མཐར་ཐུག་རྣམ་དག་སྒྱུ་མའི་ལྷ་སྐུ་ལོངས་སྤྱོད་རྫོགས་པའི་རྣམ་པ་ཅན་མི་སློབ་པའི་ཟུང་འཇུག་འབྲས་བུའི་ཚུལ་དུ་འགྲུབ་པར་འགྱུར་བ་ནི་མཐར་ཐུག་གི་སྒྱུ་ལུས་སོ། །སྦས་དོན་སྒྱུ་ལུས་ཀྱི་སྐབས་འདིར་མཁས་པ་རྣམས་བཤད་སྒྲོས་མི་མཐུན་པ་མང་ཞིང་སྔགས་བླ་མེད་ཀྱི་སྲོག་རྩ་ཐུན་མོང་མ་ཡིན་པར་སྣང་བས། རྗེ་མི་བསྐྱོད་ཡབ་སྲས་ཀྱི་བཞེད་པ་ལྟར་བཤད་ན། སྤྱིར་མཆོག་གི་རྩ་དབུ་མར་ལྷན་སྐྱེས་ཀྱི་བདེ་བའི་རྟེན་རླུང་ཐིག་ཤིན་ཏུ་ཕྲ་བ་ཟག་མེད་ཀྱི་ལུས་ཀྱི་རྒྱུ་རིགས་སུ་གདོད་མ་ནས་གནས་པ་དེ་ཉིད་སྒྱུ་མའི་སྐུར་སྒྲུབ་པ་ཡིན་ལ། དེ་སྒྲུབ་པ་ལ་རླུང་དྷཱུ་ཏིར་ཐིམ་པ་ལས་བྱུང་བའི་དགའ་བཞི་སྔོན་དུ་ངེས་པར་སོང་བ་དང༌། བྱེ་བྲག་ཏུ་དེ་ལྟ་བུའི་རླུང་སེམས་སྙིང་གར་བསྡུ་རིམ་གྱིས་སྟོང་པ་གསུམ་བསྐྱངས་པའི་མཐར་རླུང་སེམས་སྒྱུ་མའི་སྐུར་སྒྲུབ་པ་ཞིག་དགོས་ལ། ཇི་ལྟར་སྒྲུབ་ན་དབེན་གསུམ་སྔོན་དུ་སོང་བའི་ཕྱི་ཕྱག་རྒྱའི་རྐྱེན་དང་ནང་སེམས་དབེན་གྱི་ཡེ་ཤེས་རྫོགས་པར་བསྐྱེད་པའི་ལུགས་མཐུན་དུ་འཇུག་ཅིང༌། སླར་ལུགས་ལྡོག་ཏུ་འཇུག་པའི་རླུང་སེམས་ཀྱི་དྭངས་མ་ལས་དངོས་སུ་རྡོ་རྗེ་སེམས་དཔའི་སྐུ་མཚན་དཔེས་བརྒྱན་པ་སྒྲུབ་པ་ཡིན་ནོ། །འདི་ལ་མིང་གི་རྣམ་གྲངས་བདག་བྱིན་རློབ་དང་ཀུན་རྫོབ་བདེན་པ་སོགས་མང་དུ་ཡོད་དེ། རིམ་ལྔ་ལས། བདག་བྱིན་བརླབ་ཅེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ངེས་པར་མཚོན་པ་སྟེ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བདག་ཉིད་ཆེ། །ཞེས་པ་ལྟར་རོ། །འདི་ལ་དྲི་ཟའི་སེམས་ཅན་ཞེས་པ་ནི། བར་དོའི་ལུས་དང་རླུང་སེམས་དབྱེར་མེད་


LT08,P250A
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཚུངས་པའི་སྒོ་ནས་བརྗོད་དོ། །མདོར་ན་འཁོར་བའི་གནས་སྐབས་སུ་རྣམ་སྨིན་གྱི་རགས་ལུས་ཡང་དང་ཡང་དུ་འདོར་ཡང༌། སྒྱུ་ལུས་ཀྱི་སྒྲུབ་གཞི་རླུང་སེམས་དབྱེར་མེད་ཀྱི་དྭངས་མའི་ལུས་དེ་ནི་ཚེ་འཁོར་བ་ཐོག་མེད་ནས་སངས་མ་རྒྱས་ཀྱི་བར་དུ་རྒྱུན་མི་འཆད་པས་གཉུག་མའི་ལུས་ཞེས་ཀྱང་བྱ་སྟེ། དེ་ཉིད་འཆི་སྲིད་ཀྱི་སྐབས་སུ་སྟོང་བཞིའི་མཐར་བར་དོའི་ཡིད་ལུས་འགྲུབ་པ་དང༌། གཉིད་ཀྱི་སྟོང་བཞིའི་མཐར་རྨི་ལམ་བག་ཆགས་ཀྱི་ལུས་འཆར་བ་དང༌། གཟུགས་མེད་ཀྱི་སར་ཡང་ཏིང་ངེ་འཛིན་གྱིས་མྱོས་ནས་ལུས་སྣང་མི་གསལ་རུང་ཕྲ་ལུས་བག་ལ་ཉལ་གྱི་ཚུལ་དུ་གནས་སོ། །འདི་ཉིད་བསྐྱེད་རིམ་པས་གཟུགས་སྐུར་ལམ་དུ་ཁྱེར་བ་ན། འདུས་པར་ལྷག་མོས་འོད་གསལ་དུ་བསྡུས་མཐར་དང་མགོན་དུ་བསྐྱེད་པ་དང༌། བདེ་དགྱེས་སོགས་སུ་རྒྱུ་རྡོར་འཛིན་སྙོམས་པར་འཇུག་དུས་ཞུགས་པའི་ཧཱུྃ་སོགས་དང༌། བདེ་མཆོག་ལཱུ་ཡི་པར་བར་སྲིད་སྦྱོང་བྱེད་ཀྱི་ནཱ་ད་རྣམས་སོ། །རྫོགས་རིམ་པས་གཟུགས་སྐུར་ལམ་དུ་ཁྱེར་ཚུལ་ནི། ཕ་རྒྱུད་པ་རྣམས་རྡོར་བཟླས་ལ་བརྟེན་ནས་སེམས་དམིགས་འགྲུབ་ཅིང་དེས་ཡེ་ཤེས་ཀྱི་འཇུག་ལྡོག་ངེས་པ་བཞིན་ཡང་ཡང་གོམས་པར་བྱས་པས། ཐམས་ཅད་སྟོང་པ་འོད་གསལ་ལས་རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྒྱུ་ལུས་འགྲུབ་པ་དང༌། མ་རྒྱུད་པ་རྣམས་གཏུམ་མོ་ལ་བརྟེན་ནས་ཡེ་རླུང་མཆོག་གི་དབུ་མར་བསྡུས་པའི་འབར་འཛག་གི་དགའ་བཞི་ཁྱད་པར་ཅན་ལས་སེམས་དབེན་བསྐྱེད་པའི་མཐར་སྒྱུ་ལུས་ཙམ་པོ་འགྲུབ་ཅིང༌། དེ་དོན་གྱི་འོད་གསལ་གྱིས་དྲི་བྲལ་དུ་བྱས་པའི་མཐར་སྒྱུ་ལུས་ཁྱད་པར་ཅན་འགྲུབ་པ་སྟེ། རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་


LT08,P250B
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཡི་ལུས་སུ་འབྱུང༌། །དེ་ལ་སྒྱུ་མའི་ལུས་ཞེས་བརྗོད། །ཅེས་དང༌། རིམ་ལྔ་བསྡུས་གསལ་ལས། རླུང་སེམས་ཙམ་ལས་བྱུང་བ་ཡི། །སྒྱུ་མའི་ལུས་ནི་སྣང་བར་བཅས། །ཅེས་པ་ལྟར་རོ། །སྒྱུ་ལུས་དེའང་འོད་གསལ་ལས་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་ལྡང་བ་རིམ་ལྟ་ལས་གསུངས་ཤིང༌། སྒྱུ་ལུས་ཁྱད་པར་ཅན་དེ་ཉིད་ལ་ཟུང་འཇུག་གི་སྐུའམ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་ཀྱང་བརྗོད་པར་གསུངས་སོ། །གཉིས་པ་དེ་ལས་འཕྲོས་པའི་དོན་ནི། །ཆོས་དྲུག་ལྷག་མའང་དེའི་ཡན་ལག་གོ །རྨི་ལམ་དང་འོད་གསལ་སོགས་ཆོས་དྲུག་ལྷག་མའང་དེ་དག་གི་ཡན་ལག་ཡིན་པར་ཏེ་ལོ་ནཱ་རོ་སོགས་བཞེད་ཅིང༌། དེ་དག་གི་དོན་ཅུང་ཟད་འོག་ཏུ་འཆད་བར་འགྱུར་བས་འདིར་མ་སྤྲོས་སོ། །གཉིས་པ་དོན་དམ་འོད་གསལ་ཕྱག་ཆེན་གྱི་རྫོགས་རིམ་ལ་གཉིས། མཚམས་སྦྱར་གྱིས་མདོར་བསྟན། དོན་རྒྱས་པར་བཤད་པའོ། །དང་པོ་ནི། དོན་དམ་འོད་གསལ་ཕྱག་ཆེན་རྫོགས་རིམ་ནི། །དོན་དམ་གྱི་རང་བཞིན་ལ་གནད་དུ་བསྣུན་པ་འོད་གསལ་ཕྱག་རྒྱ་ཆེན་པོའི་རྫོགས་པའི་རིམ་པ་ནི། ཞེས་སོ། །གཉིས་པ་ལ་གཉིས། གོ་དོན་སྤྱིར་བསྟན། སྒོམ་དོན་བྱེ་བྲག་ཏུ་སྨོས་པའོ། །དང་པོ་ནི། གནས་ལུགས་གཉིད་དང་འཆི་དུས་འཆར་རྣམས་གཞི། །ལམ་དུས་གནས་ལུགས་སྟོང་ཉིད་ལྟ་བ་སྤྱི། །དེ་ཡི་རང་འོད་འགག་མེད་གསལ་བ་ཚིག །དབུ་མར་རླུང་ཐིམ་ལྷན་སྐྱེས་སྦས་དོན་ཏེ། །གཉིས་སྣང་དཔེ་དང་གཉིས་མེད་དོན་དམ་ཉིད། །མི་རྟོག་ཡེ་ཤེས་མངོན་གྱུར་མཐར་ཐུག་འབྲས། །རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དོ། །ཞེས་གསུངས་པ་ལྟ་བུ་གཟོད་མ་ནས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཁམས་གནས་ལུགས་ཀྱི་འོད་གསལ་


LT08,P251A
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཞན་ཡང་གཉིད་ཀྱི་འོད་གསལ་དང་འཆི་བ་འོད་གསལ་རྣམས་ལམ་བསྒོམས་མ་བསྒོམས་ཐམས་ཅད་ལ་ངོ་ཤེས་རུང་མ་ཤེས་རུང་ངེས་པར་འཆར་བས་གཞིའི་འོད་གསལ་ཡིན་ཞིང༌། དེ་ལམ་གྱི་དུས་སུ་ལུང་རིགས་ཀྱི་དཔྱད་པ་དང་ཉམས་མྱོང་གི་སྟོབས་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྐྱེ་མེད་སྟོང་པ་ཉིད་དུ་རྟོགས་པའི་ལྟ་བ་ཕར་ཕྱིན་དང་ཐུན་མོང་བའི་སྤྱི་དོན་གྱི་འོད་གསལ། རིལ་འཛིན་རྗེས་གཞིག་གང་རུང་གིས་ཆོས་ཐམས་ཅད་འོད་གསལ་དུ་འཇུག་པ་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་སྤྱི་དོན་གྱི་འོད་གསལ། སྟོང་པ་དེའི་རང་འོད་འགག་མེད་དུ་གསལ་བ་ཚིག་དོན་གྱི་འོད་གསལ་ནི་གཞི་དུས་སུ་བཤད་པ་དང་དོན་གཅིག་པ་ཡིན་ལ། དེ་དག་གོམས་ཤིང་འདྲིས་པ་ལས་རླུང་དབུ་མར་ཐིམ་པ་སྟོང་པ་བཞི་པའི་འོད་གསལ་ལམ་དགའ་བ་བཞི་པའི་ལྷན་སྐྱེས་མྱོང་ཐོག་ཏུ་རང་ངོ་ཤེས་པ་སྦས་དོན་གྱི་འོད་གསལ་མངོན་དུ་འགྱུར་བ་སྟེ། དེ་ལའང་ཡུལ་ཡུལ་ཅན་གྱི་གཉིས་སྣང་དང་བཅས་པའི་སྟོང་པ་བཞི་པའམ་ལྷན་སྐྱེས་ནི་དཔེའི་འོད་གསལ་དང༌། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་སྟོང་པ་བཞི་པའམ་ལྷན་སྐྱེས་ནི་དོན་གྱི་འོད་གསལ་ཡིན་ལ། དེ་དག་གིས་མཚམས་སྦྱར་ཏེ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་སློབ་པའི་གནས་སྐབས་དང༌། ཆོས་ཐམས་ཅད་ཡེ་ཤེས་སུ་རྫོགས་ཏེ་འོད་གསལ་མ་བུ་འདྲེས་པས་ཆོས་སྐུ་ཀློང་འབྱམས་སུ་གྱུར་པ་མི་སློབ་པའི་གནས་སྐབས་ཏེ་མཐར་ཐུག་འབྲས་བུའི་འོད་གསལ་དུ་བཤད་དོ། །གཉིས་པ་ལ་གཉིས། སྒོམ་ཚུལ་དངོས་དང༌། ཞར་བྱུང་རྣམ་ཐར་བརྒྱད་ཀྱི་ཏིང་འཛིན་བཤད་པའོ། །དང་པོ་ནི། སྒོམ་ཚུལ་རིལ་འཛིན་རྗེས་གཞིག་སོགས་མང་ཡང༌། །སྦས་དོན་ཇི་བཞིན་འདྲེན་ལ་དབུ་མར་རླུང༌། །ཞུགས་གནས་


LT08,P251B
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པའི་ཉམས་མྱོང་ཐོན་པ་དགོས། །འོད་གསལ་སྒོམ་པའི་ཚུལ་ནི། སྤྱིར་བསྒྲུབ་བྱའི་འོད་གསལ་ནི་སྦས་དོན་གྱི་འོད་གསལ་ཡིན་ཡང་སྤྱི་དོན་གྱི་འོད་གསལ་སྔོན་དུ་ངེས་པར་བྱ་དགོས་ཏེ། མངོན་བརྗོད་ལས། རང་བཞིན་བདག་མེད་ཆོས་རྣམས་ནི། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །ཞེས་སོ། །སྒོམ་ཚུལ་དངོས་ལ་བསམ་གཏན་གཉིས་གང་རུང་གིས་སྣོད་བཅུད་བསྡུས་ནས་འོད་གསལ་དུ་འཇུག་ཚུལ་ཉིད་གྲུབ་ཆེན་རྣམས་ཀྱི་གཞུང་མཐའ་དག་ལས་འབྱུང་སྟེ། དེའང་རིམ་ལྔ་ལས། མན་ངག་ཐོབ་པའི་སློབ་མ་ཡིས། །དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ། །རིལ་པོར་འཛིན་པའི་རིམ་པ་དང༌། །རྗེས་སུ་གཞིག་པའི་རིམ་པའོ། །ཞེས་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་སུ་བཤད་ཅིང༌། དེ་དག་ཀྱང་དེ་ཉིད་ལས། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་གྱི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱས་ཏེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞིག་པའི་རིམ་པ་ཡིན། །དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་དུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐའ། །ཡང་དང་ཡང་དུ་འཇུག་པར་བྱེད། །ཅེས་སོ། །དེ་ལྟ་བུའི་བསམ་གཏན་གཉིས་ཡང་དག་བསྒོམ་པ་ནི་སྙིང་གར་རླུང་དང་བྱང་སེམས་འདུ་བའི་གནད་ཤིན་ཏུ་ཟབ་པས། རིམ་བཞིན་ས་ཆུ་མེ་རླུང་རྣམ་པར་ཤེས་པ་རྣམས་ཐིམ་པས་རྟགས་ལྔ་འཆར་ཏེ། གསང་འདུས་རྒྱུད་ཕྱི་མར། སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་ཡིན། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་


LT08,P252A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་པ་ལྟར་རོ། །དེ་ནས་རིམ་གྱིས་སྟོང་པ་བཞི་འཆར་ཏེ། དེའང་ནམ་མཁའ་སྤྲིན་མེད་པ་ལ་ཟླ་འོད་ཤར་བ་ལྟ་བུའི་སྟོང་པ་ཉིད་ཀྱི་སྣང་བ་དང༌། ཉི་འོད་ཤར་བ་ལྟ་བུའི་སྟོང་པའི་མཆེད་པ་དང༌། མཚན་གྱི་སྨག་གིས་ཁྱབ་པ་ལྟ་བུའི་སྟོང་པ་ཆེན་པོའི་ཉེར་ཐོབ་དང༌། ནམ་མཁའ་སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་ལྟ་བུའི་ཐམས་ཅད་སྟོང་བའམ་འོད་གསལ་རྣམས་འཆར་བ་རིམ་ལྔ་ལས་བཤད་དོ། །འདི་ལ་བླ་མ་གོང་མ་རྣམས་ཕྱི་ནང་གི་ཐབས་ལ་བརྟེན་ནས་རླུང་སྙིང་གར་ཐིམ་པས་ཁྱད་པར་གྱི་སྟོང་པ་བཞི་པོ་དོན་གྱི་འོད་གསལ་དུ་བསྐྱེད་ནུས་པ་འོད་གསལ་དངོས་དང༌། རང་གར་རླུང་ཐིམ་པ་ཙམ་གྱིས་སྟོང་པ་བཞི་པ་དཔེའི་འོད་གསལ་ནི་འོད་གསལ་རྗེས་མཐུན་པར་བཞེད་དོ། །བསམ་གཏན་གཉིས་པོ་དེ་དག་དང་གཞན་ཡང་མ་རྒྱུད་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་དགའ་བ་བཞི་དང་སྟོང་བཞི་དྲངས་ཏེ་སྣོད་བཅུད་འོད་གསལ་དུ་སྡུད་པར་བཤད་པ་སོགས་ཐབས་ཀྱི་བྱེ་བྲག་མང་ཡང༌། གང་ལྟར་སྦས་དོན་གྱི་འོད་གསལ་མཚན་ཉིད་པ་ཇི་བཞིན་དུ་འདྲེན་པ་ལ་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་ཉམས་མྱོང་ཐོན་པ་ཞིག་ངེས་པར་དགོས་ཏེ། འཕགས་པ་ཡབ་སྲས་ཀྱིས་ཀྱང་འོད་གསལ་སྒོམ་པ་ལ་སྒྱུ་ལུས་དངོས་གྲུབ་དགོས་པར་བཞེད་དོ། །གཉིས་པ་ནི། འོད་གསལ་འཇུག་ཚུལ་རིམ་ལས་རྣམ་ཐར་བརྒྱད། །མིང་འདོགས་མཚུངས་ཀྱང་འདི་དོན་ཐུན་མོང་མིན། །རིལ་འཛིན་དང་རྗེས་གཞིག་གིས་བསམ་གཏན་གྱི་སྣང་བ་ཐོབ་ཅིང་ཕྱི་ནང་གི་ཁམས་ནམ་མཁའ་ལྟ་བུ་དང༌། ཤེས་པའི་སྣང་བར་ཤར་ཙམ་དང༌། གདོད་ནས་མེད་པ་དང༌། དྲན་པ་དང་བཅས་པ་དང༌། དྲན་པའང་མེད་པ་སྟེ་སྟོང་པ་ཉིད་འོད་གསལ་ལ་འཇུག་པའི་ཚུལ། །


LT08,P252B
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བྱང་ཆུབ་པའི་རིམ་པ་འདི་རྣམས་ལས་ཕྱེ་བའི་རྣམ་ཐར་བརྒྱད་ཀྱི་མིང་འདོགས་མཚན་ཉིད་ཐེག་པ་དང་མཚུངས་ཀྱང༌། འདིར་ནི་འོད་གསལ་དུ་འཇུག་ཚུལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལས་ཕྱེ་བས་དོན་ཐུན་མོངས་མ་ཡིན་པ་སྟེ། དེ་དག་ཀྱང༌། བདག་ཉིད་ཀྱི་རླུང་སེམས་སྣང་བ་འགག་པ་མེད་བཞིན་དུ་སྣང་བ་ཐམས་ཅད་གསལ་སྣང་རབ་འབྱམས་སུ་མཆེད་པ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། རང་ཉིད་ཀྱི་ཕུང་པོ་ལྔ་འོད་གསལ་དུ་བསྡུས་ཏེ་ཕྱི་རོལ་གྱི་ཡུལ་སྣང་བ་ཙམ་ལ་ལྷའི་སྐུ་དང་སྒྱུ་མ་ལྟ་བུར་དམིགས་པ་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། རྗེས་གཞིག་བྱ་བར་བརྩམས་པ་ན་རང་དང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཅི་ཡང་མ་དམིགས་པར་མཐོང་ནས་རྣམ་པར་གཞིག་པར་རྩོམ་པ་དང་ལྷ་སྐུ་དང་བདེ་བར་སྣང་བ་ཡང་མི་དགག་ལ་དེ་དག་རང་བཞིན་མེད་པར་ཤེས་པ་ནི་ཁྱད་པར་སྡུག་པའི་རྣམ་ཐར། ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་རྗེས་གཞིག་གིས་བསྡུས་པས་སྟོང་སང་ངེར་སྣང་བ་སྣང་བའི་ཡེ་ཤེས་ནི་ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར། དེ་ཉིད་ཤིན་ཏུ་གསལ་བར་སྣང་བ་ནི་མཆེད་པ་སྟེ་རྣམ་ཤེས་མཐའ་ཡས་ཀྱི་རྣམ་ཐར། དེའང་རང་བཞིན་མེད་པར་སྣང་བ་ནི་ཉེར་ཐོབ་སྟེ་ཅིའང་མེད་པའི་རྣམ་ཐར། དེར་འཛིན་པའང་མེད་ལ་དྲན་པའི་རྩོལ་བ་ཅུང་ཟད་དང་བཅས་པ་ནི་ཐམས་ཅད་སྟོང་པ་ལ་མཚམས་སྦྱོར་བའི་ཉེར་ཐོབ་སྟེ་འདུ་ཤེས་མེད་མིན་གྱི་རྣམ་ཐར། རྩོལ་བ་ཡང་མེད་པའི་བདེ་སྟོང་གི་ཡེ་ཤེས་གཉིས་སྣང་ཐམས་ཅད་འགགས་པར་གནས་པ་ནི་འགོག་པའི་རྣམ་པར་ཐར་པའོ། །གསུམ་པ་དབྱེར་མེད་ཟུང་དུ་འཇུག་པའི་རྫོགས་རིམ་བཤད་པ་ལ་གཉིས། ཟུང་འཇུག་གི་རྣམ་དབྱེ་དང༌། ཟུང་འཇུག་སྒོམ་ཚུལ་ལོ། །དང་པོ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཟུང་འཇུག་སྤྱི། །རྟོག་པས་


LT08,P253A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མི་ཕྱེད་ཚིག་གི་དོན། ཁྱད་པར་སྟོང་ཉིད་བདེ་ཆེན་རོ་མཉམ་སྟེ། །སྒྱུ་མའི་སྐུ་དང་སེམས་ཉིད་འོད་གསལ་བ། །དབྱེར་མེད་སྦས་དོན་སྟོང་གསུམ་ལུགས་འབྱུང་ལྡོག །འགྲོ་འོང་སློབ་དང་མི་སློབ་དེ་ལས་ལྡོག །སྟོང་པ་ཉིད་དང་རྟེན་འབྱུང་དབྱེར་མེད་དུ་རྟོགས་པའམ། ཤེས་རབ་སྟོང་པ་ཉིད་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པ་ནི་ཕར་ཕྱིན་པའི་སྤྱི་དོན་དང༌། ཐབས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་ཤེས་རབ་འོད་གསལ་གྱི་སྟོང་པ་ཉིད་དབྱེར་མེད་པ་ནི་རྡོ་རྗེ་ཐེག་པ་ཐུན་མིན་གྱི་ཟུང་འཇུག་སྤྱི་དོན་ཡིན་ལ། བློས་བརྟག་གི་རྟོག་པས་ཀུན་རྫོབ་དང་དོན་དམ་གཉིས་སུ་མི་ཕྱེད་པའི་བདེན་གཉིས་ཟུང་འཇུག་ནི་ཚིག་དོན་ཏེ། དེ་ཉིད་ཐོས་ཤིང་སྤྱི་དོན་ཉམས་སུ་མྱོང་བ་ལ་བརྟེན་ནས། ཁྱད་པར་གྱི་རིམ་པ་མ་རྒྱུད་ལྟར་ན་ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་ཡུལ་ཅན་མི་འགྱུར་བའི་བདེ་བ་ཆེན་པོ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་རོ་གཅིག་ཏུ་གྱུར་པ་ལ་ཟུང་འཇུག་ཅེས་བྱ་སྟེ། སམྦུ་ཊར། ཆུ་དང་འོ་མ་འདྲེས་པ་བཞིན། །གཉིས་མེད་རྣམ་པའི་སྦྱོར་བ་ཡིས། །གཉིས་པོ་འདུས་པ་གང་ཡིན་པ། །ཤེས་རབ་ཐབས་ཤེས་བྱ་བར་གྲགས། །ཞེས་སོ། །ཕ་རྒྱུད་ལྟར་ན། རིམ་ལྔ་ལས། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་བ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་པ་ལྟར་རོ། །ཀུན་རྫོབ་བདེན་པ་ནི་ལུས་རང་བྱིན་རླབས་ཀྱིས་སྒྱུ་མའི་སྐུར་སྣང་བ་དང༌། དོན་དམ་བདེན་པ་ནི་སེམས་འོད་གསལ་བས་དེ་ཁོ་ན་ཉིད་ལ་ཞུགས་པ་ཡིན་ལ། ཟུང་དུ་འཇུག་པ་ནི་དེ་གཉིས་གཅིག་ཡོད་པའི་ཚེ་ཅིག་ཤོས་མེད་པ་ལྟ་བུའི་རེས་འཇོག་བ་མིན་པར་གཅིག་ཏུ་ཚོགས་པའམ་དབྱེར་མེད་པ་སྟེ་དེ་དག་ནི་སྦས་དོན་གྱི་ཟུང་འཇུག་ཡིན་ལ། དེ་ནས་སྟོང་པ་གསུམ་གྱི་ལུགས་འབྱུང་ལྡོག་


LT08,P253B
[མ་དཔེ་གཟིགས་ན་འདིར་གནོན།]

གི་འགྲོ་འོང་བཅས་ཏེ་ལམ་ལ་སློབ་དགོས་པ་ས་དང་པོ་ནས་བཅུ་གཉིས་པའི་བར་སློབ་པའི་ཟུང་འཇུག་དང༌། མི་སློབ་པའི་ཟུང་འཇུག་དེ་ལས་ལྡོག་པ་སྟེ་སྟོང་པ་གསུམ་གྱི་ལུགས་འབྱུང་ལྡོག་དང་བྲལ་ནས་ལམ་ལ་སློབ་ཏུ་མེད་པ་དག་པ་གཉིས་ལྡན་གྱི་ཡུལ་དང་ཡུལ་ཅན་གྱི་བརྟེན་པ་ཆོས་ཀྱི་སྐུ་དང༌། རླུང་སེམས་ཙམ་ལས་གྲུབ་པའི་རྟེན་གཟུགས་སྐུ་ལོངས་སྤྱོད་རྫོགས་པ་དག་ཀྱང༌། ངོ་བོ་གཅིག་ལ་ལྡོག་པས་ཐ་དད་དུ་དབྱེ་བ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ནི་མཐར་ཐུག་གི་ཟུང་འཇུག་གོ །གཉིས་པ་ནི། སྒོམ་ཚུལ་འོད་གསལ་ངང་ནས་སྒྱུ་མའི་སྐུ། །ཆུ་ལས་ཉ་བཞིན་དངོས་དང་རྗེས་མཐུན་ལྡངས། །ཟུང་འཇུག་སྒོམ་པའི་ཚུལ་ནི། སྣོད་བཅུད་རྣམས་རིམ་གྱིས་བསྡུས་ཏེ་སྟོང་པ་བཞིས་དྲངས་པའི་འོད་གསལ་གྱི་ངང་ནས་སྒྱུ་མའི་སྐུར་ལྡང་བ་སྟེ། དེའང་འོད་གསལ་གྱི་ངང་ནས་རླུང་སེམས་ཙམ་ལས་བདག་བྱིན་རླབས་ཀྱི་རིམ་པ་འབྱུང་བ་ནི། དཔེར་ན་ཆུ་ལས་ཉ་ལྡང་བ་ལྟ་བུ་ཡིན་ཏེ། རིམ་ལྔ་ལས། རང་བཞིན་བཅས་འོད་དེ་དང་དེ། །རྣམ་ཤེས་རླུང་དང་ལྡན་པ་ཡི། །བདག་བྱིན་རླབས་པའི་རིམ་གྱིས་ཀྱང༌། །སེམས་ཅན་དོན་དུའང་ལན་འགའ་འགྱུར། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་ཏུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་པ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་བཤད། །ཅེས་སོ། །འདི་ནི་སྟོང་པ་རྣམས་རིམ་གྱིས་ཐིམ་ནས་འོད་གསལ་གཅིག་ཏུ་སོང་བའི་ཡེ་ཤེས་དང༌། དེའི་བཞོན་པའི་རླུང་ཁམས་ཕྲ་བ་དང་ལྷན་ཅིག་པ་ལས་བྱུང་བ། གྲིབ་མ་དང་འདྲ་བར་བཅད་དུ་མེད་པ། གང་གིས་ཀྱང་གཞིག་ཏུ་མེད་པའི་རྡོ་རྗེའི་སྐུ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཉིད་དུ་སྤྱོད་བསྡུས་ལས་བཤད་དོ། །འོ་ན་རླུང་ཐིམ་པའི་སྟོང་པ་ལས་རླུང་སེམས་ཙམ་གྱི་སྒྱུ་ལུས་སུ་ལྡང་འཇུག་བྱེད་པ་དང་འདི་གཉིས་ཀྱི་ཁྱད་པར་ཅི་ལྟ་


LT08,P254A
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྙམ་ན་ཁྱད་པར་ཤིན་ཏུ་ཆེ་སྟེ། རླུང་ཐིམ་པའི་སྟོང་པ་ལས་རླུང་སེམས་ཙམ་གྱི་ལུས་སུ་ལྡང་བ་ནི་སྒྱུ་ལུས་རྐྱང་པ་ཡིན་ཞིང༌། སྒྱུ་ལུས་ཀྱི་སྣོད་བཅུད་བསྡུས་པའི་འོད་གསལ་དུ་མཉམ་པར་འཇོག་པའང་འོད་གསལ་རྐྱང་པ་ཡིན་པས་དེ་གཉིས་ཀ་རེས་འཇོག་པ་ཡིན་ལ། འདིར་འོད་གསལ་ངང་ནས་སྒྱུ་མའི་སྐུར་ལངས་པ་ནི་སེམས་འོད་གསལ་གྱི་ངོ་བོར་གནས་པ་དང༌། ལུས་སྒྱུ་མའི་སྐུར་སྣང་བ་གཉིས་དུས་གཅིག་ཏུ་ཚོགས་དགོས་པས་སོ། །འདི་ལ་ཡང་བླ་མ་དག་དོན་གྱི་འོད་གསལ་གྱི་ངང་ནས་སྒྱུ་མའི་སྐུར་ལངས་པ་ཟུང་འཇུག་དངོས་དང༌། དཔེའི་འོད་གསལ་གྱི་ངང་ནས་སྒྱུ་མའི་སྐུར་ལངས་པ་ཟུང་འཇུག་རྗེས་མཐུན་པར་བཞེད་པ་ཡིན་ནོ། །གསང་སྔགས་རྡོ་རྗེ་ཐེག་པའི་སྒོམ་རིམ་རྒྱུད་གཙོ་བོར་བྱེད་པ་སྤྱིར་བསྟན་པ་སྐབས་གསུམ་པའི་འགྲེལ་བའོ།། །།


no previousསྐབས་བཞི་པ་གསང་སྔགས་རྡོ་རྗེ་ཐེག་པ་རྣམ་པར་གཞག་པ།no next