Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
སྒྲོལ་བསྟོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་བསྟོད།next

སྒྲོལ་བསྟོད།


LT28_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱརྱཱ་ཏཱ་རཱ་ཙྪིནྡ་ཙ་ཀྲཱ་ཡ། །ཐུགས་བསྐྱེད་སྨོན་ལམ་རྣམ་ཐར་ཟླ་བྲལ་བ། །དུས་གསུམ་ཕྱོགས་བཅུར་མ་བྱུང་མི་འབྱུང་བས། །རྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བ་ལྟར། །འདྲེན་པ་སྲས་བཅས་དབུས་ན་རབ་འཕགས་པ། །སྒྲོལ་མ་མྱུར་མ་དཔའ་མོ་ཤེར་ཕྱིན་སོགས། །ངོ་མཚར་བསམ་ཡས་མཚན་གྱི་སྙན་པས་ཁྱབ། །གང་ཞིག་སྐྱེད་པའི་ཡུམ་མཆོག་ཉིད་གཟིགས་ནས། །ཕྱོགས་བཅུའི་འདྲེན་མཆོག་རྣམས་ཀྱིས་བསྟི་སྟང་འབུལ། །དཔའ་ཆེན་རྒྱལ་བའི་སྲས་དང་མཁའ་འགྲོའི་དབང་། །རིག་འཛིན་གྲུབ་པའི་ཚོགས་ཀྱིས་མདུན་ནས་བསྔགས། །ལྷ་ཀླུ་མི་དབང་འཇིག་རྟེན་སྐྱོང་རྣམས་དང་། །མ་རུངས་བདུད་སྲིན་འབྱུང་པོས་ཞབས་ལ་བཏུད། །འཇིགས་པའི་འཕྲང་ལས་སྒྲོལ་འདོད་ས་གསུམ་གྱི། །ལུས་ཅན་ཇི་སྙེད་གསོལ་འདེབས་དབྱངས་སུ་ལེན། །ཆོས་དབྱིངས་རྟག་པ་དམ་པའི་མཁའ་ཀློང་དུ། །བསོད་ནམས་བརྒྱ་པའི་མཚན་དཔའི་གཟི་བརྗིད་འབར། །འོད་ཀྱི་དཀྱིལ་འཁོར་ནམ་མཁའི་ཕར་མཐར་འགྲོ། །ཚངས་པའི་གསུང་དབྱངས་འཁོར་འདས་ཀུན་ལ་ཁྱབ། །དགོངས་པ་ཆོས་ཀྱི་དབྱིངས་དང་སྙམས་པར་ཞུགས། །ཚད་མེད་ཐུགས་རྗེ་མཁའ་མཉམ་འགྲོ་ལ་དགོངས། །དུས་གསུམ་རྒྱལ་བ་སྲས་བཅས་ཁྱོད་ལས་འཁྲུངས། །སྲས་བཅས་རྒྱལ་བས་ཁྱོད་ཉིད་གཅིག་པུར་སྐྱེད། །


LT28_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་ཡི་གེས་བདུད་དཔུང་བྲིལ་གྱིས་གནོན། །རིག་པའི་གཟི་ཡི་འཆི་བདག་སྨག་རུམ་བསྙིལ། །དྲན་པ་ཙམ་གྱིས་འཇིགས་པ་ཀུན་ལས་སྐྱོབས། །གསོལ་བ་བཏབ་པས་དངོས་གྲུབ་ཐོགས་མེད་སྩོལ། །སྙིང་རྗེའི་དབང་གྱུར་འཕགས་རྣམས་ཆོས་ཉིད་ཀྱང་། །ཐུགས་རྗེ་མྱུར་མ་ཁྱོད་ཀྱི་མཚུངས་ཟླ་བྲལ། །སྡུག་བསྔལ་རྒྱ་མཚོར་བྱིང་བའི་ལུས་ཅན་རྣམས། །ཕྲིན་ལས་གྲུ་བོས་རྟག་ཏུ་སྒྲོལ་མཛད་མ། །སྐད་ཅིག་རེར་ཡང་ཡིད་སྲུབས་བྱེ་བ་ཕྲག །བདེ་བླག་བཏུལ་མཛད་འཇིགས་བྲལ་དཔའ་མོ་ཆེ། །འཇིགས་སོགས་མི་བདེ་གང་དུ་མཆིས་པ་དེར། །ཐུགས་རྗེའི་རྩལ་ཤུགས་གློག་ལྟར་མྱུར་བ་མོ། །ཆུ་ཤེལ་མདངས་འཚེར་རབ་ཞི་ཟླ་བའི་གདོང་། །མི་བཟད་ཚ་གདུང་སེལ་བའི་གཉེན་དུ་ཤར། །ནོར་སྦྱིན་ཛམྦུ་ཆུ་བོའི་གསེར་གྱི་མདོག །འཛད་མེད་འདོད་རྒུ་རིན་ཆེན་གྲུ་ཆར་འབེབས། །པད་རག་ལྷུན་པོའི་དཔལ་འཛིན་ཕུག་གནས་མས། །སྲིད་གསུམ་སྙིང་ལ་དབང་གི་ལྕགས་ཀྱུས་འདེབས། །དྲག་ཤུལ་ཆེན་མོ་བསྐལ་མེའི་གཟི་བརྗིད་ཀྱིས། །བདུད་བགེགས་འཆི་བདག་རྡུལ་ཚོགས་ཐལ་བར་སྲེག །ཡིད་བཞིན་འཁོར་ལོ་སྟོན་ཟླའི་དཔལ་འཛིན་མས། །ཚེ་དབང་ཡེ་ཤེས་བདུད་རྩིའི་ཟིལ་དངར་སྦྱིན། །མཚན་དང་སྐུ་ཡི་བཀོད་པ་བསམ་མི་ཁྱབ། །དེ་སྙེད་གང་འདུལ་ཕྲིན་ལས་རྣམ་པར་རོལ། །དྲི་མེད་ཡེ་ཤེས་ཆོས་ཀུན་


LT28_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་ཞུགས། །སྙིང་རྗེའི་འོད་ཟེར་འཁོར་བའི་ཕ་མཐར་ཁྱབ། །བྱམས་པའི་འཛུམ་ཞལ་སྒྲུབ་པ་པོ་ལ་སྟོན། །བརྩེ་ཆེན་ཕྱག་གིས་འགྲོ་ཀུན་དབུགས་འབྱིན་མཛད། །འཇིགས་པས་ཉེན་ཀུན་དེ་མ་ཐག་ཏུ་བསྐྱབས། །ཁྱོད་འདྲེའི་འདྲེན་མཆོག་ཕྱོགས་བཅུ་དུས་གསུམ་དུ། །ཨུ་དུམྦ་རའི་མེ་ཏོག་བཞིན་ཏུ་དཀོན། །ལྟ་བ་ལོག་དང་ནག་ཕྱོགས་བདུད་རིགས་སོགས། །སུས་ཀྱང་མདུལ་བ་རྣམས་གདུལ་བར་མཛད། །བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷ། །སྲས་བཅས་རྒྱལ་ཀུན་འདུས་ཞལ་ཡེ་ཤེས་སྐུ། །ཤེས་རབ་ཕ་རོལ་ཕྱིན་ཡུམ་རྗེ་བཙུན་མ། །འདི་ཕྱི་ཀུན་ཏུ་བློ་གཏད་གཅིག་ཆོག་གིས། །རྟག་ཏུ་གུས་པས་སྙིང་ནས་གསོལ་འདེབས་ཤིང་། །སྐྱབས་སུ་བསྙེན་ཏེ་རྣལ་འབྱོར་བརྩོན་པ་པོ། །བདག་དང་བདག་ལ་བློ་གཏད་བཅས་རྣམས་ལ། །མཁྱེན་བརྩེ་ཡེ་ཤེས་སྤྱན་གྱིས་གཟིགས་སུ་གསོལ། །དམིགས་མེད་ཐུགས་རྗེས་དབྱེར་མེད་དགོངས་མཛོད་ལ། །མཐུ་སྟོབས་ནུས་པའི་རྩལ་རྫོགས་ཆེན་པོ་ཡིས། །འཆི་བདག་བདུད་ཀྱི་གཡུལ་ངོ་མྱུར་དུ་ཟློག །འཆི་མེད་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་སྩོལ། །མི་ཤིགས་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །གཞོལ་མེད་རང་བྱུང་སྔགས་ཀྱི་སྒྲ་རུ་སྨིན། །བདེ་སྟོང་འོད་གསལ་དབྱིངས་དང་དབྱེར་མེད་མཛོད། །འཇིགས་ལས་སྒྲོལ་བའི་


LT28_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

།ཐུགས་དམ་དེང་བསྐུལ་ན། །ངན་སོང་འཁོར་བའི་རྒྱ་མཚོ་གཏིང་ཟབ་དང་། །འཇིགས་ཆེན་མཐར་ཐུག་དུས་ཀྱི་ཆད་པ་ལས། །མྱུར་མ་དཔའ་མོས་སྒྲོལ་ཞིང་བསྐྱབ་ཏུ་གསོལ། །སྲོག་གི་ཀ་བ་རྡོ་རྗེའི་ཆོས་སུ་བརྟེན། །སྐྱེ་འཆི་མེད་པའི་ཚེ་ལ་དབང་མཆོག་ཐོབ། །འབད་མེད་གཞན་ཕན་ལྷུན་གྱིས་གྲུབ་པ་ཡིས། །བསམ་དོན་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །དེང་ནས་བཟུང་ཏེ་རྨི་ལམ་རྩམ་དུ་ཡང་། །ཁྱོད་ཞབས་སྙིང་གི་པདྨོར་མི་འབྲལ་བར། །འཆི་མེད་ཡེ་ཤེས་གྲུབ་པའི་ཟིལ་དངལ་ཀྱིས། །བྱང་ཆུབ་བར་དུ་ལུས་སེམས་འཚོ་བར་མཛོད། །འགྲོ་མགོན་སྟོབས་བཅུ་མངའ་བ་དེ་སྲས་བཅས། །ཁྱད་པར་གངས་ཅན་མགོན་པོ་པད་དཀར་འཆང་། །སྙིགས་འགྲོའི་སྐྱབས་གཅིག་གུ་རུ་ཡབ་ཡུམ་སོགས། །དབྱིངས་ཡེ་ཕྲིན་ལས་གཅིག་གྱུར་རྗེ་བཙུན་མས། །སྙིགས་མའི་རྣམ་འགྱུར་ཤིན་ཏུ་མི་བཟད་པས། །གཅེས་པའི་ཉམ་ཐག་འགྲོ་རྣམས་ཐུགས་རྗེས་སྐྱོབས། །སྐལ་དམན་གདུལ་བྱ་ཡལ་བར་མ་འདོར་བར། །སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་རྟག་ཏུ་གཟིགས། །དུས་རིང་ཐོག་མ་མེད་ནས་འཁོར་བར་འཁྱམས། །ད་རུང་མཐའ་མེད་སྡུག་བསྔལ་རྒྱ་མཚོར་བྱིངས། །བདག་དང་བདག་འདྲ་ལས་ངན་དབང་གྱུར་རྣམས། །ཡུམ་མཆོག་ཁྱོད་ལས་ངེས་གཞན་མེད་པས། །ཕྱོགས་དུས་འདྲེན་པ་ཀུན་ལས་ཁྱད་འཕགས་པའི། །


LT28_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

། ཐུགས་བསྐྱེད་རྩལ་སྤྲུགས་ཐུགས་རྗེའི་ཕྱག་རྐྱོངས་ལ། །མི་ལྡོག་ཐར་པའི་སྐལ་པར་དྲངས་ནས་ཀྱང་། །གཏན་བདེའི་རྒྱལ་སྲིད་མྱུར་དུ་ཐོབ་པར་མཛོད། །དགེ་ལེགས་འཕེལ། །


previousསྒྲོལ་བསྟོད།next