Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
ཀརྨ་པར་བསྔགས་པ་ཀུན་བཟང་འཁོར་ལོའི་རེའུ་མིག་ཚངས་སྲས་དགྱེས་པའི་རོལ་མོ།
   
   
   
   
   
   
   
   
   
   
   


 
previousཀརྨ་པར་བསྔགས་པ་ཀུན་བཟང་འཁོར་ལོའི་རེའུ་མིག་ཚངས་སྲས་དགྱེས་པའི་རོལ་མོ།next

ཀརྨ་པར་བསྔགས་པ་ཀུན་བཟང་འཁོར་ལོའི་རེའུ་མིག་ཚངས་སྲས་དགྱེས་པའི་རོལ་མོ།


LT28_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དབང་ཕྱུག་དཔལ་ལྡན་ཀརྨ་པའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པ། །ཀུན་བཟང་འཁོར་ལོའི་རེའུ་མིག་ཚངས་སྲས་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །།


LT28_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཉིས་མཐར་ཕྱིན་ཟུང་འཇུག་གཟིགས་པ་ཡིས། །ཆོས་ཀུན་དབྱིངས་སུ་མངོན་པར་བྱང་ཆུབ་པ། །།


LT28_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་འགྲོ་བའི་བླ་མ་ཐམས་ཅད་མཁྱེན། །ཐེག་པ་མཆོག་གི་རྡོ་རྗེ་རྒྱལ་གྱུར་ཅིག །།


LT28_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཆོས་ཉིད་འདུ་མི་མཛད་པར་རིགས་ཀུན་འཁོར་ལོའི་ཡོན་ཏན་བཀོད་པ་ལྷུན་གྲུབ་པ། །ཐེག་པ་མཆོག་གི་ཤིང་རྟ་ལ་བརྟེན་ཆོས་འདུལ་མུ་ཁྱུད་གྲུབ་པའི་རྡོ་རྗེའི་འོད་སྟོང་འབར། །སྒྲིབ་གསུམ་ཕྱོགས་དང་ཆ་ལས་རྣམ་གྲོལ་སྙིང་པོར་རབ་རྒྱལ་ངེས་དོན་བསྟན་པའི་ཉི་མ་ཆེ། །རྟག་ཁྱབ་ཕྲིན་ལས་ཀུན་ཏུ་དགའ་བ་པདྨ་རྒྱས་པའི་སྡེ་བཞིའི་དཔལ་འབར་དེ་ལ་འདུད། །འཁོར་དང་མྱ་ངན་འདས་པའི་གོ་ས་ན། །ཐམས་ཅད་མཁྱེན་ཅེས་གྲགས་པ་དོན་ལྡན་པའི། །བསྟན་པ་འདི་ལ་དཔལ་ལྡན་ཀརྨ་པ། །མཚན་གྱི་ཡི་གེ་རི་བོའི་ཁོངས་སུ་གསལ། །སྣང་བཅས་ཆགས་སྤངས་མཁའ་ལྟར་ཐམས་ཅད་པ། །མཉམ་པར་གནས་ཀྱང་ལྷག་བསམ་གཞན་དབང་ཅན། །ཟབ་གསང་རྣམ་ཐར་ཡན་ལག་མཐའ་ཡས་པས། །རྟག་ཆད་འཕྲང་བསྒྲལ་རྒྱལ་སྲས་པད་དཀར་འཆང་། །སྲིད་པའི་འདམ་དུ་སྙིང་རྗེའི་རླན་ཆགས་པ། །བརྩེ་བས་ཁ་དྲངས་པདྨ་རྒྱས་པའི་ཞལ། །ཆགས་ཐོགས་མེད་པ་ཐབས་མཁས་ཆུ་ལོན་གྱིས། །འཁོར་བའི་ཆུ་རྒྱུན་བཟློག་ལ་བརྩོན་པ་བཞིན། །ཡང་དག་ཉིད་དུ་དྲི་མས་འཕགས་པའི་ས་དང་ལམ་རྣམས་སུན་ཕྱུང་སྟེ། །སྤངས་པ་ཕུན་ཚོགས་ནོར།།།རབ་ཟད་ཉི་མཁར་མཉམ་པའི་ཡེ་ཤེས་ཀྱི། །གཞི་བརྟེན་མངོན་གྱུར་རྒྱུན་གྱིས་རྟག་གང་གཉིས་མེད་གཟིགས་པ་སྤྲོས་ཞི་ཡང་། །སྣང་བར་དངོས་བརྟགས་ཞིང་སྐུའི་སྤྲིན་ཆེན་རྒྱ་མཚོར་སྙོམས་པར་རོལ་ཞིང་ལྡང་བ་དང་། །ཤེས་བྱ་ཚད་མེད་རྣམ་པར་བརྟག་པའི་བློ་ཡིས་དབྱེ་བའི་ཁྱད་པར་ལས། །ཡོངས་སུ་སྦྱོང་བའི་རྒྱལ་ཐབས་དབང་


LT28_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་གཟུངས་དང་ཏིང་འཛིན་མཁའ་ཡི་རྡུལ། །འདུན་དང་ལས་སོགས་འདོད་དགུར་བསྒྱུར་བའི་སྤྱོད་ཡུལ་ཤིན་ཏུ་རྣམ་དག་པ། །རྒྱུ་མཐའ་ཡས་པས་མི་མཉམ་བྲལ་འབྲས་ཞིང་རྡུལ་ཕྲ་རབ་འདུ་མཛད་ནས། །བྱམས་པས་ཡོངས་བགོས་ནུས་རྟོགས་སྐྱེ་བ་དཔག་དཀའི་ཁྱད་པར་སླར་བཟུང་སྟེ། །ཚངས་དང་དབང་ཕྱུག་རབ་མཐའ་བྲལ་སོགས་དབང་བསྒྱུར་དགེ་རྩ་སྨིན་པའི་ཕྱིར། །ཆགས་དང་འཇིགས་ལྟ་མུན་པའི་འཁོར་སར་རྣམ་འཕྲུལ་འཇིགས་པ་ལྔ་སྤངས་པ། །ཉི་འོད་བརྒྱ་ཕྲག་བདེན་པས་གྲོལ་བ་ལམ་ཤེས་པདྨའི་ནགས་ཚལ་མཛེས། །གཞན་ཕན་བྱ་དཀའ་ངལ་བ་ཁྱད་གསད་ནས། །མཐའ་བྲལ་ཁམས་བརྒྱ་སད་དང་དག་པ་ལ། །རྟག་ཁྱབ་སྣང་བ་གཞར་ཡང་མ་འགགས་པས། །པདྨ་རབ་བཞད་རྟ་ལྗང་ཅན་ལ་འཕྱ། །བ་སྤུའི་ཁུང་བུ་རེ་རེར་སྐད་ཅིག་གིས། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་འབར་བ། །སྨོན་ལམ་ལུས་ཅན་ཞིང་གི་འདུ་འཕྲོ་དང་། །སྣ་ཚོགས་གཟུགས་བརྒྱས་ལས་ཀྱི་ཐོག་མཐའ་འདུམ། །མིང་ཚིག་གཟིངས་ཀྱིས་རིག་པའི་རྫིང་རིང་གི། མཐིལ་ཕྱིན་མི་འཇིགས་ཞི་བའི་དབྱིག་སྦྱིན་ཞིང་། །སྒྲོ་འདོགས་སྤྲོས་བཟོད་བློ་གྲོས་འོད་རྣོན་པོས། །དངོས་བཅོམ་ཆོས་ནོར་འདོད་སོགས་མཆོག་ཚོགས་འཇོ། །རྒྱུད་གསུམ་གཞུང་ལུགས་ཕུལ་བྱུང་ཆུ་ཀླུང་འབུམ། །ཐུགས་ཆུད་བརྟུལ་ཞུགས་གྲུབ་ཀུན་ཟུར་ཕུད་དུ། །མཛེས་བྱེད་མཁྱེན་བརྩེ་མེ་ཤེལ་ཕྲེང་དེ་སྙེད། །ངེས་སྟེར་ཐེག་ཆེན་འགྲེལ་བྱེད་བདེན་ཞེན་བསྲེགས། །དེ་ཕྱིར་དེ་


LT28_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་མཚན་ཙམ་འཛིན་པ་རིན་ཐང་མེད་པའི་རིན་ཆེན་གྱིས། །བསྐལ་མང་རྣམ་དཀར་གཏིང་མེད་སྡིག་ཟད་དཔལ་དང་བདུད་རྩིར་སྒྲུབ་ཉིད་ན། །ལྷག་བསམ་སྔོན་འགྲོ་སྙན་ཚིག་དོག་པས་ཡོན་ཏན་རྒྱ་མཚོར་མཛེས་པ་ལས། །བྱང་ཆུབ་སྙིང་པོར་རྒྱལ་བ་ཉིད་ཕྱིར་ཅུང་ཟད་བསྔགས་པས་བསྙེན་བཀུར་བྱ། །


LT28_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]


LT28_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་སྨྲས་པ། །བཟང་བཟང་མཁས་དང་གྲུབ་པ་པདྨོའི་ཚལ་ན་ལྷང་ལྷང་གྲགས་སྙན་སྲིད་ཞིར་རབ་འབར་བ། །མཛེས་མཛེས་ཨུ་དུམ་ཝཱ་ར་རིགས་བརྒྱའི་གཙུག་ན་ལམ་ལམ་བཅིངས་གང་དཔལ་ལྡན་ཀརྨ་པ། །ཡང་ཡང་དྲན་པས་སྙིང་གི་མུན་སེལ་དེ་ཕྱིར་མཁས་མཁས་ཚངས་པའི་ངག་དང་བློས་དྲངས་པས། །ཟབ་ཟབ་རྣམ་ཐར་སྒོ་བརྒྱ་ནམ་མཁའི་ཕ་མཐའ་སྙན་སྙན་དགུ་ཚིག་དཀྱུས་སུ་བཅིངས། །རྒྱལ་མཛད་ཕན་མཚུངས་ཉི་དང་འོད་ལྡན་མཁྱེན། །མཐའ་ཡས་དཔག་དཀའ་བརྟག་བྲལ་ཚིག་དོན་ཟབ། །ཟབ་དོན་ཚིག་བྲལ་བརྟག་དཀའ་དཔག་ཡས་མཐའ། །མཁྱེན་ལྡན་ཉི་དང་འོད་མཚུངས་ཕན་མཛད་རྒྱལ། །ཟག་པར་བཅས་པ་ཐ་དད་ཁམས་དབང་ལྕགས། །ཟབ་གསང་ཐབས་མཁས་བཱ་ར་དེས་སྦྱངས་པས། །བསམ་ཡས་བྲལ་འབྲས་མཁའ་ཁྱབ་ཀ་ན་ཀཿ གཙང་བདག་རྟག་པ་དམ་པར་སྣང་བར་བྱས། །དགའ་བ་བརྒྱ་པ་ཁམས་ཀྱི་ཟག་པ་སྤངས། །སྣ་ཚོགས་གཟུགས་ཀྱིས་སྟོབས་ལྡན་བསླུ་མི་བྱེད། །ས་དཱ་ཤི་བའང་སྡང་དང་སྲེད་ལས་གྲོལ། །གཞན་བསྙེམས་བཟོད་ཀྱང་བཅུད་མི་ལྡན་ལ་བརྩེ། །རྟག་ཏུ་ཞི་བའི་རལ་ཀླུང་ཉིད་དུ་འཁྱིལ་ཡང་ལྷག་བསམ་སོར་མོས་ལེགས་དྲངས་ཤིང་། །སྔོན་མེད་དག་བྱེད་ཚད་མས་འཇིག་རྟེན་ལམ་གསུམ་མུན་སྲེད་སྡང་བའི་ཉེས་བཀྲུ་བ། །མཚན་ཙམ་འཛིན་པས་འཁོར་བའི་འཁྲུལ་འཁོར་རབ་ཟློག་སྲས་བཅས་རྒྱལ་བའི་ཕྲིན་ལས་པ། །ལས་ཀྱིས་བསྟར་བ་འགྲོ་སེམས་ས་གཞིར་


LT28_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་རྣམ་འཕྲུལ་གཟུགས་བརྒྱ་འཕོས་གང་དེར། །མི་འཕྲོག་སྒོ་གསུམ་ཤིན་ཏུ་གུས་པ་དང་། །ཆོས་ཀུན་རྒྱལ་བའི་གཤིས་སུ་ཁྱབ་དག་པས། །སྤྲོས་པའི་འདུ་འགོད་རྣམ་པར་གནས་པ་མེད། །རོ་མཉམ་ཆེན་པོར་བསྟོད་དབྱངས་བཅས་ཏེ་འདུད། །བདག་མེད་ལྷག་བསམ་མཁའ་དང་མཉམ་པར་གཟུང་། །ལུང་རྟོགས་དམ་ཆོས་སྲོག་གི་ཕྱིར་ཡང་འཛིན། །འགྲོ་ཕན་གཡོ་སྒྱུ་བྲལ་བར་སྒྲུབ་པ་ཡི། །བླ་མེད་མཆོད་པའི་སྤྲིན་གྱི་བླ་བྲེ་བྲེས། །འཇིགས་དང་གུས་ལྡན་ངོ་ཚར་བཅས་ནས་ནི། །མུན་པར་དུབ་ལས་ཉེས་བྱས་ཇི་སྙེད་པ། །ཚངས་པའི་ཕྱིར་དུ་གཡར་ལམ་རབ་མཐོལ་ནས། །ཤེས་བཞིན་རྣལ་དུ་འབྱོར་བའི་དམ་བཅའ་ལེན། །ཡི་རང་བདུད་རྩིའི་འོད་ཀྱི་ཐིགས་པས་འདིར། །ཟུང་འཇུག་བདེ་གཤེགས་སྙིང་པོ་དགེ་བའི་མཐུ། །འཇིག་རྟེན་འཇིག་རྟེན་འདས་པའི་ལེགས་སྤྱད་དང་། །ཡན་ལག་ཀུནྡའི་ཚལ་བརྒྱ་བརླན་པར་བགྱི། །གང་ཞིག་ཟབ་ཞིའི་ཡེ་ཤེས་ལ་རོལ་བས། །སྲིད་ཞིའི་མཐའ་བཅད་སྒྲིབ་པའི་གཉེན་པོ་རུ། །རྣམ་དཀར་འཁོར་ལོ་རྟག་ཏུ་བསྐོར་ལགས་གྲངས། །རྫོང་བྱེད་ཁམས་དང་འཚམས་པར་རྣ་བར་ཕོབ། །སྣ་ཚོགས་འཛིན་པའི་བློ་འདི་འགྲོ་འོང་མེད། །སྣང་ཡང་དེ་བཞིན་དུས་གསུམ་རྒྱུན་གྱིས་རྟག །དེ་ཕྱིར་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་རུ། །བརྟན་པར་གྱུར་ཅིག་གཉིས་མེད་གཟིགས་པའི་རྒྱལ། །ཡོངས་བསྔོ་དྲི་མེད་ས་བོན་ཕྲ་རབ་ཀྱང་། །བྱང་ཆུབ་སཱ་ལ་ཆེན་པོའི་ཤིང་རྒྱས་པ། །བཟང་པོ་སྤྱོད་ལ་


LT28_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དད་པའི་བློས་བཟུང་བས། །ལྟ་སྤྱོད་འབྲས་བཅས་ཡོངས་སུ་དག་པར་གསོལ། །གང་འདིར་མཁས་པའི་ཉིས་བསྐོར་རྒྱལ་རྟགས་བཞིས། །བདེན་དོན་རྟེན་འབྲེལ་འཕོ་མེད་ཐུགས་ཆུད་པས། །ཕྱོགས་དང་ཆ་ལས་མི་འཇིགས་སྤོབས་པ་ཡིས། །ཚངས་དབྱངས་ཡན་ལག་བཅུ་གཉིས་བསྙད་པར་ངེས། །གླིང་བཞིའི་དབུས་ན་རེ་ཁཱ་རི་དབང་བཞིན། །ཁོར་ཡུག་མུ་ཁྱུད་གཅིག་ཏུ་གང་གཞོལ་བ། །ས་ལ་མཁྱེན་ནུས་བརྩེ་བ་མཚུངས་མེད་པས། །སྣང་སེམས་ཨེ་ཝཾ་ཕྱག་རྒྱས་བསྡོམས་པར་མཚོན། །འདི་ལས་ནོངས་པ་བྱིས་བློའི་སྐྱོན་ཏེ་མཁས་པའི་གཡར་ལམ་བཟོད་བྱས་དང་། ལྷག་བསམ་དག་པས་བརྗོད་པ་རབ་གཙང་དེ་བྱུང་རྣམ་དཀར་དགེ་བའི་ཆུས། །རྨོངས་སྲེད་སྡང་བའི་དྲི་མ་ཀུན་བཀྲུས་རྫོགས་པའི་སངས་རྒྱས་ཀརྨ་པའི། །གསང་གསུམ་མི་ཟད་རྣམ་ཐར་རྒྱ་མཚོ་མཁའ་མཉམ་འགྲོ་ལ་རྫོགས་གྱུར་ཅིག །དེ་ལྟར་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་དཔལ་ལྡན་ཀརྨ་པའི་ཞབས་ཀྱི་པདྨོར་ཐུན་མོང་གི་རྣམ་ཐར་རྒྱ་མཚོ་ནས་བླངས་པའི་བསྔགས་བརྗོད་ཆུ་ཐིགས་འདི་ནི། རྗེ་ཉིད་ཀྱི་རིགས་ཀྱི་དཔོན་དང་ཆོས་ཀྱི་སྲས་སུ་གྱུར་པ་སྐུ་བཅར་མཁན་ཆེན་བླ་མ་ཀརྨ་བསྟན་པ་རབ་རྒྱས་ནས་བཀྲ་ཤིས་པའི་སྐྱེས་དང་བཅས་བཀའ་ཡིས་བསྐུལ་མ་གནང་བ་བཞིན། །རང་གཞན་ཚོགས་རྫོགས་པའི་ཆེད་དུ་སྙོམ་ལས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། །པཎྜི་ཏ་ཟེ་ཆེན་པའི་ལུང་གིས་བརྡ་སྤྲོད་ཀུན་བཤད་ཀྱི་


LT28_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་མིང་དུ། །བློ་གཏེར་རབ་དགའ་ཚངས་བྱུང་སྙེམས་པའི་ལང་ཚོའི་ཟླ་སྣང་ཞེས་ཀྱང་བགྱི་བས། །དཔལ་ཀརྨའི་གདན་ས་ཆེན་པོར་ཆོ་འཕྲུལ་ཟླ་བའི་དུས་ཆེན་རྒྱལ་ཕུར་གྱི་འགྲུབ་སྦྱོར་དང་ལྡན་པར་བྲིས་ནས་གསོལ་བ་བཏབ་པའོ། །སརྦ་ཐཱ་ཀ་ལྱཱ་ནཾ་བྷ་བནྟུ།། །།


previousཀརྨ་པར་བསྔགས་པ་ཀུན་བཟང་འཁོར་ལོའི་རེའུ་མིག་ཚངས་སྲས་དགྱེས་པའི་རོལ་མོ།next