Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
སྒྲོལ་མ་རྣལ་འབྱོར་མའི་མཆོད་ཆོག་མདོར་བསྡུས་བདེ་ཆེན་རོལ་མོ།
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་རྣལ་འབྱོར་མའི་མཆོད་ཆོག་མདོར་བསྡུས་བདེ་ཆེན་རོལ་མོ།next

སྒྲོལ་མ་རྣལ་འབྱོར་མའི་མཆོད་ཆོག་མདོར་བསྡུས་བདེ་ཆེན་རོལ་མོ།


LT33_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་རྣལ་འབྱོར་མའི་མཆོད་ཆོག་མདོར་བསྡུས་བདེ་ཆེན་རོལ་མོ་ཞེས་བྱ་བ་བཞུགས་སོ།། །།


LT33_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱརྻྻཱ་ཏཱ་རཱ་ཡཻ། སྒྲོལ་བའི་མགོན་པོ་ཞེས་བྱའི་སློབ་དཔོན་ནི། །རྡོ་རྗེ་འཆང་དངོས་རྡོ་རྗེ་སྒྲོལ་མའི་མཁར། །སྙོམས་ཞུགས་དཀྱིལ་འཁོར་མཐའ་ཡས་སྤྲོ་དེ་དང་། །དཔལ་ལྡན་བླ་མ་དབྱེར་མེད་ལ་བཏུད་ནས། །སྒྲོལ་མ་འདུས་པའི་འཁོར་ལོ་ལ། །དུས་བཟང་མཆོད་པའི་རིམ་པ་ནི། །ཧ་ཅང་རྒྱས་མིན་བརྩམས་འདི་ཡང་། །རྗེ་བཙུན་གསུང་རབ་ལས་རྙེད་དོ། །དེའང་རྣལ་འབྱོར་མ་རྒྱུད་རྣམས་ལས་དུས་བཟང་མཆོད་པའི་ཆོ་ག་བཤད་པའི་རིགས་པས། འདིར་ཡང་རྒྱུད་ཕྱི་མ་ལས། ཤ་ཆེན་མྱོས་བྱེད་པ་ལང་ཤ །ཁྲག་བཅས་ཧེ་རུ་ཀ་མཆོད་ན། །ཧེ་རུ་ཀ་དགྱེས་དངོས་གྲུབ་མཆོག །དུར་ཁྲོད་ཆེན་པོར་སྩོལ་བར་མཛད། །ཅེས་པའི་ཤུགས་ལས་གོ་བ་ཡིན་ཏེ། ཡར་མར་གྱི་ཚེས་བཅུ་ལ་སོགས་དཔའ་བོ་དང་རྣལ་འབྱོར་མ་འདུ་བའི་དུས་ཀྱི་ཁྱད་པར་རྣམས་སུ། མཎྜལ། མཆོད་


LT33_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོ་བྱད། ནང་མཆོད། གཏོར་མ་སོགས་འདུ་བྱས་ལ། རང་ཉིད་སྐད་ཅིག་གིས་དམ་ཚིག་སྒྲོལ་མའི་སྐུར་གྱུར། ནང་མཆོད། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་བ་ས་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཨོཾ་ཨཱཿཧཱུྃ་ལས་མི་མགོའི་སྐྱེད་པོ་གསུམ། དེ་རྣམས་ཀྱི་སྟེང་དུ་ཨ་ལས་ཀ་པཱ་ལའི་ནང་དུ། དབུས་སུ་ཧཱུྃ་ལས་ཤ་ཆེན་དང་རྐང་མར། ཤར་དུ་ཨོཾ་ལས་བ་ལང་གི་ཤ་དང་དྲི་ཆེན། བྱང་དུ་ཧཱ་ལས་གླང་པོ་ཆེའི་ཤ་དང་དྲི་ཆུ། ནུབ་ཏུ་ཧིྭཱ་རྟའི་ཤ་དང་ཁུ་བ། ལྷོར་ཨཾ་ལས་ཁྱིའི་ཤ་དང་རཀྟ། དེ་རྣམས་ཀྱི་སྟེང་གི་དབུས་སུ་ཨོཾ་ཡིག །དེའི་སྟེང་དུ་ཨཱཿལས་ཟླ་ཕྱེད། ཧཱུྃ་ལས་རྡོ་རྗེ། ཨོཾ་ཞེས་


LT33_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་རྫས་རྣམས་ནུ་སྟེ་བདུད་རྩི་དཀར་པོར་གྱུར། དྲི་མ་ཐམས་ཅད་ཕྱིར་ལུད། ཨཱཿཞེས་བརྗོད་པས་བདུད་རྩི་དམར་པོར་གྱུར། ཁ་དོག་དང་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བྱས། ཧཱུྃ་ཞེས་བརྗོད་པས་བདུད་རྩི་ཁ་དོག་སྣ་ཚོགས་པ་ནམ་མཁའ་དང་མཉམ་པར་སྤེལ་ཞིང་སྤྲོས། ཨོཾ་ཡིག་ཟླ་ཕྱེད་རྡོ་རྗེ་དང་བཅས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཐམས་ཅད་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ་བདུད་རྩི་ལ་ཐིམ། ཟླ་ཕྱེད་རྡོ་རྗེ་ཨོཾ་ཡིག་དང་བཅས་པ་ཡང་ཞུ་ཞིང་ཐིམ་པས་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཧ་ཧོཿཧྲཱིཿསྭཱ་ཧཱ། གསུམ། མཎྜལ་བསངས་སྦྱང་། གཡོན་པའི་མཐེབ་སྲིན་གྱིས་ནང་མཆོད་བླངས་ཏེ། ཨོཾ་ཨཱཿཧཱུྃ། བརྗོད་བཞིན་དུ་ཆོས་འབྱུང་གཡོན་བསྐོར་དུ་བྲི་ཞིང་། དབུས་སུ་ཐིག་ལེ་གཅིག་བྱའོ། །སྤྲོ་ན་དེའི་སྟེང་དུ་རྡུལ་ཚོན་བླུགས་ཏེ། ཆོས་འབྱུང་དམར་པོ། ཁ་རིས་དཀར་པོ། ཟླ་གམ་གསུམ་ལྗང་གུ། དབུས་སུ་ཐིག་ལེ་དཀར་པོ་འགོད་ལ་དམ་ཚིག་གི་བྲིས་སྐུ་ལ་སོགས་པའི་མདུན་ཏུ་སྟེགས་གཙང་མར་བཞག་ལ། མཆོད་པའི་བྱེ་བྲག་རྣམས་དང་། ཤ་ཁྲག་ཁུར་བ་སྒོག་བཙོང་མྱོས་བྱེད་ལ་སོགས་པ་དང་ལྡན་པའི་གཏོར་མ་དང་ཚོགས་ཀྱི་ཡོ་བྱད་ཀྱིས་མཐའ་བསྐོར། སྔོན་འགྲོ་གཏོར་མ་བསངས་སྦྱང་། བྱིན་རླབས་ནས་ཕྲིན་བཅོལ་བར་མཁའ་འགྲོ་སྤྱི་གཏོར་ལྟར་བྱ། གནས་ཡོ་བྱིན་རླབས་ནི། བསངས་


LT33_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་མཆོད་པའི་ཁང་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་ཐོད་པའི་སྣོད་སྣ་ཚོགས་པ་དག་ཏུ། ཧཱུྃ་ལས་སྐྱེས་པའི་ཞབས་བསིལ། ཞལ་བསིལ། འཐོར་འཐུང་། མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ། ཕྱི་ནང་གསང་བ། དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐའ་ཀླས་པ་འཁོར་བ་ཇི་སྲིད་དུ་འབྱུང་བར་གྱུར། ཨོཾ་བཛྲ་ཨཱཉྩ་མ་ནཾ་སྭཱ་ཧཱ། པཱ་དྱཾ༴ པྲོཀྵ་ཾ༴ ཨརྒྷཾ༴ ཨོཾ་བཛྲ་པུཥྤེ་ཨ༔ཧཱུྃ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་བི་དྱ། རཱུ་པ་བཛྲ། ཤབྡ། གནྡྷ། རཱ་ས། སྤརྴ། དྷརྨ་དྷཱ་ཏུ་བཛྲ༴ བཛྲ་གྷཎྚེ་ར་ི་སོགས་གསུམ་བརྗོད། དེ་ནས་སྐྱབས་སེམས་ལན་གསུམ་གསུམ། སྤྲོ་ན་རྡོར་སེམས་བསྒོམ་བཟླས་བྱ་སྟེ་བསྡུ་ན་མི་དགོས། སྒྲུབ་ཐབས་ཡེ་ཤེས་འབར་བའི་དབུའི་ཡོ་བྱད་སྤྱི་ལ་དམིགས་ནས། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་སོགས་ནས། ཁྱེད་ལ་བདེ་ལེགས་མཛོད་ཀྱི་བར་བླ་མ་དང་སངས་རྒྱས་ཀྱི་མཎྜལ་ཚད་བ་བྱ། འདི་ནི་ཤིན་ཏུ་གལ་ཆེ་ཡང་མདོར་བསྡུས་ཙམ་གྱི་སྐབས་མ་ལྕོགས་ན་སྐྱབས་སེམས་མཚམས་བདག་བསྐྱེད་ལ་འཇུག་གོ། །དེ་ནས་ཁོ་བོས་སྦྱར་བའི་དམ་ཚིག་ངེས་པའི་ཐིག་ལེ་ལྟར་ཚོགས་བསགས་ནས་བརྩམ། བཟླས་པ་བསྡུ་ལྡང་གི་བར་དུ་བྱ། མདུན་


LT33_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་བསངས་སྦྱང་། སྟོང་པའི་ངང་ལས་སྲུང་བའི་འཁོར་ལོའི་ནང་དངོས་གྲུབ་འབྱུང་བའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་བྷྲཱུྃ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབ་བཞིས་བརྒྱན་ཅིང་ལས་སྣམ་རིམ་པ་ལྔ་པ། མཚན་ཉིད་ཐམས་ཅད་རྫོགས་པའི་ས་གཞིར་ཨུཏྤལ་ལ་སོགས་པ་བཀྲམ་པ། ནང་ལེའུ་ཚེ་དགུར་གྱུར་པའི་དབུས་དང་སྒོ་བཞིར་སྣ་ཚོགས་པདྨའི་གདན་རྣམས་ཀྱི་སྟེང་དུ་དབུས་སུ་ཟླ་བ། སྒོ་བཞིར་ཉི་མའི་གདན་རྣམས་གསལ་བར་གྱུར། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། ཨོཾ་ཏཱ་རེ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཨོཾ་ཏཱ་རེ་པུཥྚི༚་ཀུ་རུ་ཨོཾ། ཨོཾ་ཏཱ་རེ་བ་ཤ་མ་ན་ཧོཿ ཨོཾ་ཏཱ་རེ་ནི་བཱ་ར་་ཕཊ། ཨོཾ་ཏ་ཐཱ་ག་ཏ་ཏཱ་རེ་ཡཾ་ཧཱུྃ། ཨོཾ་རཏྣ་ཏཱ་རེ་མཾ་ཧཱུྃ། ཨོཾ་པདྨ་ཏཱ་རེ་པཾ་ཧཱུྃ། ཨོཾ་བཛྲ་ཏཱ་རེ་ཧཱུྃ་ཧཱུྃ། ཨོཾ་ཨངྒུ་ཤ་ཏཱ་རེ་ཛཿཧཱུྃ། ཨོཾ་པཱ་ཤ་ཏཱ་རེ་ཧཱུྃ་ཧཱུྃ། ཨོཾ་ཤྲྀངྑ་ལ་ཏཱ་རེ་བཱཾ་ཧཱུྃ། ཨོཾ་གྷཱཎྚ་ཏཱ་རེ་ཧོཿཧཱུྃ། ཨོཾ་མོ་ཧ་ནི་ཏཱ་རེ་མཾ་ཧཱུྃ། ཨོཾ་པྲ་ཤ་མ་ཏཱ་རེ་སྭཱ་ཧཱ་ཧཱུྃ། ཨོཾ་སྟྭཾ་བྷ་ནི་ཏཱ་རེ་ལཾ་ཧཱུྃ། ཨོཾ་ཛམྦྷ་ནི་ཏཱ་རེ་ཁཾ་ཧཱུྃ། ཨོཾ་ཨཱ་ཀརྵ་ནི་ཏཱ་རེ་ཧྲཱིཿཧཱུྃ། ཨོཾ་ཀཱི་ལ་ཀཱ་ཏཱ་རེ་ཛཿཧཱུྃ། ཨོཾ་ཨུཙྪ་ྚ་ཀ་ཏཱ་རེ་ཕཊ་ཧཱུྃ། ཨོཾ་དྭེེ་ཥ་ཏཱ་རེ་ཕཊ་ཧཱུྃ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨོཾ་ཀ་ནི་


LT33_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནི་ཧཱུྃ་ཕཊ། ཨོཾ་ཧ་ཡ་གྲཱི་ཝ་ཧཾ་ཧཱུྃ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། དབུས་ཀྱི་གདན་གྱི་སྟེང་དུ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་ནས། འབར་བའི་ཕྲེང་བས་འཁྲུགས་པའོ། །ཤར་དུ་ཞི་བའི་སྒྲོལ་མ་དཀར་མོ་ཞི་བའི་ཉམས་ཅན་རྨོངས་བྱེད་མ་དང་དུག་ཞི་བར་བྱེད་མ་སྤྲོ་བ། བྱང་དུ་རྒྱས་པའི་སྒྲོལ་མ་སེར་མོ་དགྱེས་པའི་ཉམས་ཅན་རེངས་བྱེད་མ་དང་གནོན་པར་བྱེད་མ་སྤྲོ་བ། ནུབ་ཏུ་དབང་གི་སྒྲོལ་མ་དམར་མོ་ཆགས་པའི་ཉམས་ཅན་འགུགས་པར་བྱེད་མ་དང་ཕུར་བུས་འདེབས་པར་བྱེད་མ་སྤྲོ་བ། ལྷོར་དྲག་པོའི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན་སྐྲོད་བྱེད་མ་དང་དབྱེ་བྱེད་མ་སྤྲོ་བ། ཤར་ལྷོར་དེ་བཞིན་གཤེགས་པའི་སྒྲོལ་མ་དཀར་མོ། །ལྷོ་ནུབ་ཏུ་རིན་ཆེན་སྒྲོལ་མ་སེར་མོ། །ནུབ་བྱང་དུ་ཆོས་ཀྱི་སྒྲོལ་མ་དམར་མོ། །བྱང་ཤར་དུ་རྡོ་རྗེའི་སྒྲོལ་མ་སྔོན་མོ། །ཤར་སྒོར་ལྕགས་ཀྱུ་སྒྲོལ་མ་དཀར་མོ། །ལྷོ་སྒོར་ཞགས་པ་སྒྲོལ་མ་སེར་མོ། །ནུབ་སྒོར་ལྕགས་སྒྲོག་སྒྲོལ་མ་དམར་མོ། །བྱང་སྒོར་དྲིལ་བུ་སྒྲོལ་མ་ལྗང་གུ། ནང་གི་གྲ་བཞིའི་ཤར་ལྷོར་གཤིན་རྗེ་གཤེད། ལྷོ་ནུབ་ཏུ་མི་གཡོ་བ། ནུབ་བྱང་དུ་རྟ་མགྲིན། བྱང་ཤར་དུ་བདུད་རྩི་འཁྱིལ་པ་སྟེ་ལྷ་ཉི་ཤུ་རྩ་ལྔ་པོ་རྒྱན་ཆ་ལུགས་ཕྱག་མཚན་ཤིན་ཏུ་རྫོགས་པ། སྤྲུལ་


LT33_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་སྤྲུལ་ཕོ་ཉའི་ཚོགས་དང་བཅས་པ་གསལ་བར་གྱུར། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་སྒྲུབ་ཐབས་ལྟར་ལ། གཙོ་མོའི་ཐུགས་ཀར་དཔལ་དོན་ཡོད་གྲུབ་པ་སོགས་དང་། སརྦ་ཏ་ཐཱ་སོགས་ཀྱི་མལ་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷ་ལ་དབང་བསྐུར་དུ་གསོལ། ཞེས་བཅུག །དབང་ལྷ་རྣམས་རིགས་ཀྱི་བདག་པོའི་རྣམ་པར་གྱུར་ཏེ། གཙོ་མོ་ལ་དོན་ཡོད་གྲུབ་པ། འཁོར་རྣམས་ལ་གཙོ་མོ་ཉིད་ཀྱིས་དབུ་བརྒྱན། ཨོཾ་སརྦ་སོགས། ཨཱཏྨ་ཀོ྅ཧཾ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་བཅས་པ་དམ་ཚིག་སྒྲོལ་མའི་དཀྱིལ་འཁོར་གྱི་རྣམ་པར་ཕཻཾ། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསངས་གཏོར་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་ན་མཿཞེས་མཆོད་ཡོན་འབུལ། སྔགས་དེའི་གཤམ་དུ། ཨོཾ་ཏིཥྛ་ཨཱ་པ་ན་ཧཱུྃ། ཞེས་པས་བཞུགས་སུ་གསོལ། བསངས་སྦྱང་། སྟོང་པའི་ངང་ལས། ཨོཾ་ལས་བྱུང་བའི་སོགས་གོང་ལྟར་མཆོད་པ་བྱིན་བརླབ། །ཁྱབ་རྟག་བདེ་ཆེན་ཡེ་ཤེས་རོལ་པ་ལས། །ཡན་ལག་བརྒྱད་ལྡན་རྡོ་རྗེ་ཨརྒྷཾའི་རྒྱུན། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་རབ་སྤེལ་བས། །ཡེ་ཤེས་ལྷ་མོའི་དཀྱིལ་འཁོར་མཉེས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་བྷ་


LT33_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ག་བ་ཏཱི་ས་མ་ཡ་ཏཱ་ར་ཡོ་གི་ནཱི་མཎྜལ་ས་པ་རི་བཱ་ར་བྲ་བ་ར་སཏྐ་རཱ་རྠཾ་ཨཱཉྩ་མ་ནཾ་པྲ་ཏཱིཙྪ་ནཱ་མཿ དེ་བཞིན་ཏུ་སྦྱར་ཏེ། རྐང་པ་གཉིས་པ། ཞབས་ཀྱི་པདྨའི་དྲི་བཅིལ་རྡོ་རྗེའི་ཆུ། །པ་དྱཱཾ། ཞལ་གྱི་རྙོག་སེལ་རྡོ་རྗེ་སྤོས་ཀྱི་ཆུ། ཨཱཉྩ་མ་ནཾ། ཀུན་ཏུ་འཕོ་བའི་གདུང་སེལ་འཐོར་འཐུང་མཆོག །པྲོཀྵ་ཾ། ཨོཾ། ཡང་དག་དགའ་བའི་མེ་ཏོག་གི། །རྡོ་རྗེ་ཉི་མ་པདྨར་ཕྱུང་། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་བདག་ཉིད་མཆོག །ས་པ་རི་བཱ་ར་བཛྲ་པུཥྤེ་རྣམ་རྟོག་ཚོགས་ཀྱི་ཡུལ་མིན་ཅིང་། །ལྟེ་བར་གཏུམ་མོའི་མེ་ཡིས་ནི། །ངེས་པར་བསྲེགས་པ་དེ་ཡི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བཛྲ་དྷཱུ་པེ། ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བཛྲ་ཨཱ་ལོ་ཀེ། །བདེ་བ་ཆེན་པོའི་ནམ་མཁར་གནས། །བྱང་ཆུབ་སེམས་ནི་སད་པ་དང་། །དེ་ཉིད་ཀྱིས་ཀྱང་བྱུག་པ་ནི། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བཛྲ་གནྡྷེ་ འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བརྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་མཆོད་པས་མཆོད་པར་བྱ། །བཛྲ་ནི་བི་དྱེ་


LT33_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྐྱེས་རྡོ་རྗེ་ཡང་དག་སྦྱོར། །ཞུགས་པ་ལ་སོགས་རིམ་ལས་བྱུང་། །རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བཛྲ་ཤབྡ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རྩ་བའི་བླ་མ་དང་རིགས་བདག་དབྱེར་མེད་པ་ལ་འབུལ་ཏེ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྲུང་མ་དང་བཅས་པ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་མཆོད་པ་འབུལ་ལོ། །ཨོཾ་ཨཱཿཧཱུྃ། །ཡེ་ཤེས་མཁའ་འགྲོ་གྲུབ་ཆེན་ཏཻ་ལོ་པ། །པ་ཆེན་ནཱ་རོ་ཏཱ་པ་ཌོ་མྦིུ་པ། ཀུ་ས་ལི་པ་ཨ་སི་ཏ་གྷ་ན། །ཡེ་ཤེས་བཤེས་གཉེན་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཞི་བ་སྦས་པ་སངས་རྒྱས་སྦས་པའི་མགོན། །སྒྲོལ་བའི་མགོན་པོ་རྒྱལ་ཚབ་སྣར་ཐང་བ། །བློ་གྲོས་རྣམ་རྒྱལ་ངག་དབང་ཕྲིན་ལས་དང་། །ཀུན་ཏུ་བཟང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཚེ་དབང་ནོར་བུ་ཀུན་མཁྱེན་ཆོས་ཀྱི་འབྱུང་། །ཆོས་གྲུབ་རྒྱ་མཚོ་ཐུགས་ཀྱི་རྡོ་རྗེའི་སྡེ། །པདྨ་ཉིན་བྱེད་འོད་གསལ་འགྱུར་མེད་སོགས། །རྩ་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཡི་གེ་བཅུ་པའི་མཐར་འབྲུ་གསུམ། དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མ་བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་རྣལ་འབྱོར་མའི་ཞལ་དུ་


LT33_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། །དེ་བཞིན་ཏུ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་སྔགས་ཀྱི་མཐར། འབྲུ་གསུམ་སྦྱར་བས་འབུལ། དཔལ་ལེགས་ལྡན་ནག་པོ་ཆེན་པོ་ལྷ་མོ་ཙཎྜི་ཀ་ལྕམ་དྲལ་བྲན་གཡོག་ཆོས་སྐྱོང་སྲུང་མ་རྒྱ་མཚོའི་ཚོགས་དང་བཅས་པའི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བས་རྒྱུད་ཚིམས་ནས། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །དེ་ནས་རིག་མ་བཅུ་དྲུག་གི་མཆོད་པ་ནི། བདེ་མཆོག་ནག་པོ་ལུགས་ཀྱི་དཀྱིལ་ཆོག་ལྟར་རམ། ལྷ་ལྔ་ལས་འབྱུང་བ། རྡོ་རྗེ་ལྷ་མོ་པི་ཝཾ་རྡུང་། །སོགས་གང་རུང་སྦྱར་ཏེ་འབྲེལ་ཆགས་སོ། །དེ་ནས་ན་བཟའ་བསངས་སྦྱང་། ཧཱུྃ་ལས་བྱུང་བའི་ལྷ་རྫས་ཀྱི་ཡོ་བྱད་ན་བཟའི་ཚོགས་དཔག་ཏུ་མེད་པར་གྱུར། དབང་པོའི་གཞུ་འདྲ་རྟ་མཆོག་རིགས་ལ་སྟེ། །རྟག་པའི་རིགས་ལ་ཀཉྩ་ལི་ཀཱ་སྦྱར། །སྟག་ལྤགས་གཡང་གཞི་ལ་སོགས་རྡོ་རྗེའི་རིགས། །ཡིད་འོང་རེག་འཇམ་འཇིག་རྟེན་དབང་ཕྱུག་ལ། །རྡོ་རྗེ་ཉི་མར་བྱེ་བའི་རིན་ཐང་ཅན། །དར་དཀར་ཚི་གུའི་ན་བཟའ་བདེ་ཆེན་རིགས། །རྡོ་རྗེ་རེག་བདེའི་བདེ་


LT33_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བ་གོས་ཟུང་རྣམས། །བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །བཛྲ་བསྟྲ་དེ་ནས་རྒྱས་པར་སྤྲོ་ན། བདེ་བར་གཤེགས་པ་སོགས་ཀྱི་རྒྱལ་སྲིད་དང་། ཁ་དོག་དབྱིབས་ལེགས་ལྟ་བུས་འདོད་ཡོན་ལྔ་མཆོད་སོགས་ཀྱང་འབུལ་ལོ། །དེ་ནས། མཚན་ངེས་པ་དང་། ཕྱག་འཚལ་ཉེར་གཅིག་གིས་བསྟོད་ལ། རྒྱས་པར་སྤྲོ་ན་ཟུར་དུ་འབྱུང་བའི་བསྟོད་ཆེན་ལ་སོགས་པ་འདོན་པར་བྱའོ། །དེ་ནས་གཏོར་མ་འབུལ་བ་ནི། བསངས་སྦྱང་། བྱིན་རླབས་ནང་མཆོད་ལྟར་བྱ། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། སྟྭཾ་བྷ་ནི་ཏཱ་རེ་ཨི་དཾ་བ་ལི༚་གྷྲྀཧྞ་གྷྲྀཧྞ་སརྦ་དུཥྚཱ་ན་ས་མ་ཡ་མུ་དྲ། པྲ་བྷཉྫ་ཀ །མ་མ་ཤཱནྟི༚་རཀྵ་ཙ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ལན་བདུན་དང་། ན་མཿས་མནྟ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱཾ། ཧེ་ཧེ་བྷ་ག་བ་ཏེ་མ་ཧཱ་སཏྭ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ་མཱ་བི་ལམྦ་མཱ་བི་ལམྦ་ཨི་དཾ་བ་ལི༚་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ། ཞེས་ལན་བདུན་གྱིས་དཀྱིལ་འཁོར་སྤྱི་ལ་འབུལ། དུར་ཁྲོད་གནས་པ་རྣམས་ལ། ཨོཾ་ཕེ༚་བཛྲ་ཨཱ་རལླི་ཧོཿསོགས་ལན་གཅིག །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སོགས་ལན་གསུམ་གྱིས་བསྔོ། ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུྃ། ཨོཾ་སྒྱུ་འཕྲུལ་ཆེན་མོ་དཔལ་ལྡན་མ། །དབྱངས་ཅན་མ་དང་དཀའ་ཟློག་ཁྱོད། །ཟླ་བ་ཉི་མ་ཆུ་ལྷ་དང་། །གུ་ལང་འཕྲོག་བྱེད་རྣམས་ཀྱིས་བཏུད། །ཁྱོད་ནི་སྲིད་གསུམ་བྱེད་པ་མོ། །སེམས་ཅན་


LT33_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བདེ་སྦྱིན་མ། །བསྐྱེད་དང་འཇིགས་དང་སྲུང་བ་མོ། །ལྷ་མོ་སྒྲོལ་མ་འཁོར་བཅས་བསྟོད། །ལྷ་ཡི་ཚོགས་རྣམས་ཅེས་པ་ནས། །འདོད་པ་ཀུན་འགྲུབ་ཤོག་གི་བར་བྱ། ཤར་སྒོར་གནས་པར་མོས་ལ། ཀོལླ་ཨི་ལླ་ཨི་རེ་ྵི་ཨ་བོ་ལ། མུམྨུ་ི་རེ་ཀཀྐོ་ལ། །གྷ་་ཀྲི་བི་ཊཱ་ཧོ་བཛྫ་ཨི། །ཀ་རུ་ེ་ཀི་ཨ་ཨི་་རོ་ལཱ། །ཏ་ཧི༚་བ་ལ་ཁཱཛྫ་ཨི། །གཱ་ཌྷེ༚་མ་ཨ་ཱ་བིཛྫ་ཨ་ཨི། ཧ་ལེ་ཀ་ལིཉྫ་ར་པ་ི་ཨ་ཨི། དུནྡུ་ར་བཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རི་སི་ཧླ། ཀ་པྤུ་ར་ལཱ་ཨི་ཨ་ཨི། མཱ་མ་ཨིནྡྷ་་སཱ་ལིཉྫ། ཏ་ཧི༚་བྷ་རུ་ཁ་ཨི་ཨ་ཨི། ཕྲེངྑྑ་་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ན་མུ་ི་ཨ་ཨི། ནི་རཾ་ཤུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧི་ཛ་སཱ་རཱ་ཝ་པ་ི་ཨ་ཨི། མ་ལ་ཨ་ཛེ་ཀུནྡུ་རུ་བཱྚ་ཨི། ཌཎྜི་མ་ཏ་ཧིཎྞ་བཛྫ་ཨ་ཨི། ཞེས་རྡོ་རྗེའི་གླུ་བླངས། ཨོཾ་བཛྲ་ཨུངྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ལན་བཞིས་སྒོ་ཕྱེ། རྡོ་རྗེ་སེམས་ཁྱོད་རོལ་ཞིང་རོལ་པར་མཛད། །ཐམས་ཅད་མཐུ་ཡི་ཐམས་ཅད་སྩོལ་བར་མཛད། །ཇི་སྙེད་མཆོད་པ་དེ་སྙེད་བདག་འབུལ་ན། །འཁོར་བར་གནས་པ་སྐད་ཅིག་གིས་གྲོལ་མཛོད། །ས་མ་ཡ་ཧོ་ཧོ་ཅེས་གསོལ་བ་བཏབ། ཨོཾ་ཧཱུྃ་ཕཊ། ཨོཾ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། ཛཿཧཱུྃ་


LT33_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་ཧོཿརབ་ཏུ་གྲུབ་པར་མཛོད། །མགོན་པོ་སྙིམ་པའི་མེ་ཏོག་བཞེས་ཅིག་ཧོ། །ཞེས་མེ་ཏོག་ཕུལ། ས་མ་ཡ་པྲ་བེ་ཤ་ཡ་ཧོ། །ཞེས་དཀྱིལ་འཁོར་དུ་འཇུག །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཅེས་སོགས་རིགས་ལྔའི་སྡོམ་པ་བཟུང་། ཐུགས་རྒྱུད་བསྐུལ་བའི་དོན་དུ་བཟླས་པ་ཅུང་ཟད་བྱ། གསང་མཆོད་ཡིད་ཀྱིས་འབུལ། སྐབས་འདི་ཙམ་དུ་འདི་ཉིད་ཀྱི་སྒེར་གྱི་ཆོས་སྐྱོང་རྣམས་ལ་གཏོར་འབུལ་གྲུབ་ན་ལེགས། དེ་ནས་ཚོགས་རྫས་རྣམས་ནང་མཆོད་ལྟར་བྱིན་གྱིས་བརླབ། ན་མོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། དེས་འགྲེས་ཏེ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ག་། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ག་་ཙཀྲ༴དམ་


LT33_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེའི་སྤུན་གྲོགས་རྣམས་ཀྱི་ཞལ་དུ་ག་་ཙཀྲ༴ཨོཾ་མི་འབྲལ་སྙིང་གི་གཞལ་མེད་ཁང་། །མོས་གུས་གཞོམ་མེད་ཕོ་བྲང་ན། །དྲིན་ཆེན་རྩ་བའི་བླ་མ་མཆོག །བཀའ་དྲིན་མཉམ་མེད་དམ་པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། ། ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀི་ནི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ སྟུག་པོའི་ཞིང་ཁམས་འཇིག་པ་མེད། །དཔའ་བོ་དཔའ་མོ་འབུམ་སྡེའི་དབུས། །རྟ་ཡི་རྒྱལ་པོ་བཅོམ་ལྡན་འདས། །ཕྲག་དོག་རྡོ་རྗེ་དོན་ཡོད་གྲུབ། །རྣམ་འཕྲུལ༴ སོགས། མི་གཡོ་འོག་མིན་ཉམས་དགའི་ཞིང་། །དག་པ་བདེ་སྟོང་མཁའ་སྤྱོད་ནས། །རྡོ་རྗེ་བཙུན་མོ་རྒྱལ་ཀུན་ཡུམ། །དམ་ཚིག་སྒྲོལ་མ་རྣལ་འབྱོར་མ། །རྣམ་འཕྲུལ༴ སོགས། བདེ་ཆེན་དམ་ཚིག་འཁོར་ལོ་ནས། །ལས་བཞིའི་སྒྲོལ་མ་ཕྱག་བརྙན་བརྒྱད། །རིགས་བཞི་སྒོ་སྐྱོང་སྒྲོལ་མ་བཞི། །ཕོ་ཉ་ཁྲོ་རྒྱལ་བཞི་རྣམས་ཀྱང་། །རྣམ་འཕྲུལ༴ སོགས། བདུད་ཚོགས་ཀུན་འདུལ་ཕོ་བྲང་དང་། །ཉི་


LT33_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་བཞིའི་གནས་མཆོག་ཏུ། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡང་། །རྣམ་འཕྲུལ༴ སོགས། བདུད་ཚོགས་ཀུན་འདུལ་ཕྲིན་ལས་ཞིང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི། །ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱང་། །རྣམ་འཕྲུལ༴ སོགས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བ་ཆེན་པོ་ཁྲི་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་ལ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དེ་བ་ཌཱ་ཀི་ནཱི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་


LT33_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁཾ། །བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁཾ། །ཞལ་ཟས་རོ་བརྒྱ་སོགས་དང་། གཙོ་མོ་ལ་སྙིང་པོའི་མཐར། །ཨ་ཀཱ་རོ་བཏགས་པ་ལན་གསུམ་མམ་བདུན་གྱིས་འབུལ། ལྷ་གཞན་རྣམས་ལ་སོ་སོའི་མཚན་སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་ལ་འབུལ། ཤཱ་ས་ནའི་སྔགས་ཀྱིས་ཆོས་སྐྱོང་སྤྱི་ལ་འབུལ། ཨོཾ་ཨུཥྞི་ཥ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ། ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བཀའ་སྡོད་གནོད་སྦྱིན་མོ་ལ་འབུལ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿགསུམ། ཕྲཻཾ་བཛྲ་ཨ་རལླི་སོགས་དང་། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་གསུམ་གྱིས་མཁའ་འགྲོ་སྤྱི་ལ་འབུལ། ཨོཾ་མཆོད་དོ། །དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པ་བཞེས། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང་། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོར་མཉེས་གྱུར་ཅིག །ཅེས་འབུལ། ལྷག་ཕུད་ཟུར་དུ་བཞག་པ་དམར་གཏོར་ལ་སྒྲོན། ཚོགས་ལ་ལོངས་སྤྱད། ཚོགས་ལྷག་བསྡུས་ལ་ལྷག་མ་གཉིས་ཀ་


LT33_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཆོད་ཀྱིས་བྲན། ལམ་སྒྲོན་བཙུགས། བསངས་སྦྱང་། སྟོང་པའི་ངང་ལས། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་གྱིས་བརླབ། ཨོཾ་ཀུ་རུ་ཀུ་རུ་བྷྱཿཝརྟ་ལི་ཝརྟ་ལི། མ་ཧཱ་ཝརྟ་ལི་ཚེ། །དུར་ཁྲོད་གནས་མོ་དངོས་གྲུབ་ཞལ། །ཁྲག་ལ་དགའ་མ་ཡི་དྭགས་གདོང་། །གཏུམ་མོ་གཙིགས་བྱེད་ཁྲོ་མོ་སྟེ། །རྣལ་འབྱོར་ནམ་མཁའི་དམ་ཚིག་སྲུངས། །ཀི་ལི་ཀི་ལི་སྒྲ་སྒྲོགས་མ། །ཕ་མེས་ནགས་ནང་གསོལ་ཞིག་བཞེས། །ཚོགས་དང་ཕོ་ཉར་བཅས་པ་ཡི། །གཏུམ་མོ་མཆེ་གཙིགས་དུད་སོལ་མ། །རང་གི་གནས་སུ་མཛོད་ཅིག་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། །བཟུང་ཞིག་བཟུང་ཞིག་གདུག་ཅན་ཀུན། །ཟོ་ཞིག་ཟོ་ཞིག་ཧོ་ཕྲཻཾ། བདག་ཅག་རྣམས་ཀྱི་སརྦ་བིགྷྣཱན་ཤཱནྟི༚་ཀུ་རུ་ཀུ་རུ་ཕཊ་སྭཱ་ཧཱ། ཞེས་ལྷག་ཕུད་འབུལ། ཨ་ཀཱ་རོ་ལན་གསུམ་དང་། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཚོལ་བའི་ཚོགས། དམ་ཚིག་གི་ཆོ་ག་བལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཨོཾ་ཨུཙྪིཥྚ་བ་ལི༚་ཏ་བྷཀྵ་སེ་སྭཱ་ཧཱ།


LT33_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སུམྦྷས་བསངས། གཏོར་ཆོག་སྐབས་ལྟར་རྡོ་རྗེའི་གླུ་བླང་། །ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡང་། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཞེས་པའི་དོན་བསམ། །བདེ་བ་ཕུན་ཚོགས་ཡང་དག་ལྡན། །ནད་མེད་དགེ་བའི་སེམས་དང་ནི། །འདོད་དང་ཐར་སོགས་ཡང་དག་ཐོབ། །ཕུན་སུམ་ཚོགས་པ་འགྲུབ་གྱུར་ཅིག །ཅེས་བརྗོད། དེ་ནས་རྗེས་ཆོག་མཆོད་པ་ཁ་གསོས། བྱིན་གྱིས་བརླབ། ཨརྒྷཾ་ནས། ཤབྡའི་བར་སྔགས་སྤེལ་སྦྱར་བས་མཆོད། ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ་སོགས། ཨོཾ་ཨ་མྲྀ་ཏ། ཨ་མྲྀ་ཏ། སྭཱ་ད་ན་ཧཱུྃ། ནང་མཆོད་ཕུལ། མཚན་ངེས་པས་བསྟོད། བཅོམ་ལྡན་འདས་མ་སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གྲུབ་པ་ཆེན་པོ་བརྒྱད་དང་། ཞི་བ་དང་། རྒྱས་པ་དང་། དབང་དུ་བྱ་བ་ལ་སོགས་པ་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབས་པས། སེམས་ཅན་གྱི་དོན་རྒྱ་ཆེར་འགྲུབ་པར་མཛད་དུ་གསོལ། །སྔོན་གྱི་ལས་ལས་གྱུར་པ་དང་། འཕྲལ་གྱི་རྐྱེན་ལས་གྱུར་པའི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་རྩ་བ་ནས་


LT33_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་མཛད་དུ་གསོལ། འཇིག་རྟེན་ཏུ་བདེ་ལེགས་རྒྱ་ཆེན་པོ་རྒྱུན་མི་འཆད་པ་འབྱུང་བར་མཛད་དུ་གསོལ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་སོགས་བཟླ། གཙོ་བོ་ནུས་པ་སོགས་དང་། སྔགས་དམན་པ་དང་སོགས། བྲིས་སྐུ་སོགས་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་བྱ། ཨོཾ་ཨཱཿཧཱུྃ་གིས་དམ་ཚིག་པ་རང་ལ་བསྡུ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། སོགས་ཀྱིས། གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། ཨོཾ་ཛ་ཡ་ཛ་ཡ་སུ་ཛ་ཡ། བི་ཤྭ་རཱུ་པ་དྷ་རི་གཙྪ་གཙྪ་སྭ་བྷཱ་བཾ་ཀྲྀ་ཏནྟེ་ན་སརྦ་བུདྡྷཱ་ཤྩ་བི་སརྫ་ན། མ་མ་ཀཱརྱཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པ་བརྗོད་དོ། །འགྱུར་མེད་བདེ་བའི་སྒྲུབ་བྱེད་མཐར་ཐུག་པ། །ཡེ་ཤེས་སྩོལ་མཛད་རྣལ་འབྱོར་དབང་ཕྱུག་མའི། །འཁོར་ལོའི་མཆོད་པ་གྲུབ་པའི་ཞལ་ལུང་ལས། །ཕྱུང་འདི་མཁའ་ལ་སྤྱོད་རྣམས་འཛེགས་པའི་སྐས། །བྱིས་བློས་ནོངས་གྱུར་བླ་མ་རྗེ་བཙུན་མར། །མཐོལ་བཤགས་བཟོད་བཞེས་འདི་ཕྱིར་དབུགས་དབྱུང་སྟེ། །བདེ་ཆེན་དམ་ཚིག་སྒྲོལ་མའི་འཁོར་ལོ་མཆོག །བདག་གཞན་འགྲོ་བ་ཀུན་གྱིས་འགྲུབ་པར་ཤོག །ཅེས་པའང་མཁན་ཆེན་རྡོ་རྗེ་འཛིན་པ་ཟླ་བ་བཟང་པོའི་དབོན་བླ་མ་བསླབ་གསུམ་མངའ་བདག་ཀརྨ་ས་བཅུའི་གསུང་ནན་ངོར། ཞི་བ་སྦས་པའི་མན་ངག་དགྱེས་རྡོར་རྒྱུད་རྐྱང་གུགས་ཀྱི་མཆོད་ཆོག་ཉིད་ཁུངས་སུ་བྱས་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་དབེན་ཀུན་བདེ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousསྒྲོལ་མ་རྣལ་འབྱོར་མའི་མཆོད་ཆོག་མདོར་བསྡུས་བདེ་ཆེན་རོལ་མོ།next