Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་པ་གཏད་པའི་ཆོ་ག་ཡེ་ཤེས་སྒོ་འབྱེད།
   
   
   
   
   
   
   
   
   
   


 
previousདམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་པ་གཏད་པའི་ཆོ་ག་ཡེ་ཤེས་སྒོ་འབྱེད།next

དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་པ་གཏད་པའི་ཆོ་ག་ཡེ་ཤེས་སྒོ་འབྱེད།


LT33_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་པ་གཏད་པའི་ཆོ་ག་ཡེ་ཤེས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།། །།


LT33_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཕྲིན་ལས་དམ་ཚིག་གིས། །འགྲོ་ཀུན་སྒྲོལ་མཛད་དེར་བཏུད་ནས། །ལས་དང་པོ་ལ་གཅེས་པ་ཡི། །རིག་པ་གཏད་པའི་ཆོ་ག་བཀོད། །མ་རྒྱུད་རྟའི་རྒྱལ་པོའི་རིགས་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་མ་ཞུགས་པའི་ལས་དང་པོ་པ་ལ་སྔགས་ཀྱི་རིག་པ་གཏད་པའི་ཆོ་གས་སྣོད་རུང་དུ་བསྒྲུབ་པ་ལ། སློབ་དཔོན་གྱི་མདུན་ནམ་གང་བདེར་སྟེགས་བུ་ཁེབས་ལྡན་གྱི་སྟེང་དུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ་མེ་ཏོག་གི་ཕྲེང་བ་དངོས་སམ་རི་མོར་བྲིས་པ་རྣམས་བཀོད། ཕྱི་མཆོད་ཕྲེང་ཚར་དུ་བཤམ། རུས་པའི་ཕྲེང་བ་དང་འཐོར་ནས་སོགས་ཉེར་མཁོ་རྣམས་ཀྱང་ཚོགས་པར་བྱ། བགེགས་སྦྱོང་བའི་གཏོར་མ་སྣོད་གཅིག་ཏུ་འབྲས་ཟན་དང་ཤིང་ཏོག་བསྲེས་པ་ལྔ་ཚོམ་ལ་དཔལ་འབར་ལྔ་བཙུགས་པའང་བཞག་གོ། །དེ་ནས་སློབ་དཔོན་གྱིས་སྐྱབས་སེམས་ནས་བརྩམས། ལྷ་བསྐྱེད། བཟླས་པ་ཅི་འགྲུབ། བསྡུ་ལྡང་གི་བར་བདག་བསྐྱེད་རྒྱས་བསྡུས་གང་རུང་ཞིག་བྱས་ལ། བུམ་པའི་ཆུ་ལ་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རྩ་སྔགས་ཅི་ནུས་བཟླ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། ཨོཾ་ཏཱ་རེ་སྭཱ་ཧཱ། ཨོཾ་ཨཱཿཏཱྃ་ཧཱུྃ། ཞེས་སྐུ་གསུང་ཐུགས་སྔགས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ། པྲ་དུཥྚཾ། མ་མ་ཀྲྀ་ཏེ། ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ།


LT33_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ། སརྦ་དུཥྚཾ། སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། ཞེས་ལས་སྔགས་དང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཧཱུྃ་ཕཊ། ཨོཾ་ཏཱ་རེ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཨོཾ་ཏཱ་རེ་པུཥྚི༚་ཀུ་རུ་ཨོཾ། ཨོཾ་ཏཱ་རེ་ཝ་ཤཾ་མ་ལན་ཡ་ཧོཿ ཨོཾ་ཏཱ་རེ་ནི་ཝཱ་ར་ཡ་ཕཊ། ཨོཾ་ཏ་ཐཱ་ག་ཏ་ཏཱ་རེ་ལཾཱ་ཧཱུྃ། ཨོཾ་རཏྣ་ཏཱ་རེ་མཱཾ་ཧཱུྃ། ཨོཾ་པདྨ་ཏཱ་རེ་བཱཾ་ཧཱུྃ། ཨོཾ་བཛྲ་ཏཱ་རེ་ཧཱུྃ་ཧཱུྃ། ཨོཾ་ཨངྒུ་ཤ་ཏཱ་རེ་ཛཿཧཱུྃ། ཨོཾ་པཱ་ཤ་ཏཱ་རེ་ཧཱུྃ་ཧཱུྃ། ཨོཾ་ཤྲཱི༚་ཁ་ལ་ཏཱ་རེ་བཾ་ཧཱུྃ། ཨོཾ་གྷཎྜེ་ཏཱ་རེ་ཧོཿཧཱུྃ། ཨོཾ་མོ་ཧ་ནི་ཏཱ་རེ་མཾ་ཧཱུྃ། ཨོཾ་པྲ་ཤ་མ་ནི་ཏཱ་རེ་སྭཱ་ཧཱ་ཧཱུྃ། ཨོཾ་སྟམྦྷ་ནི་ཏཱ་རེ་ལཾ་ཧཱུྃ། ཨོཾ་ཛམྦྷ་ནི༚་ཏཱ་རཾ་ཁཾ་ཧཱུྃ། ཨོཾ་ཨཱ་ཀརྵ་ི་ཏཱ་རེ་ཧྲཱིཿཧཱུྃ། ཨོཾ་ཀཱི་ལ་ཀ་ཏཱ་རེ་ཛཿཧཱུྃ། ཨོཾ་ཨུཙྪ་ཊ་ཀ་ཏཱ་རེ་ཕཊ་ཧཱུྃ། ཨོཾ་དྭེ་ཥ་ཀ་ཏཱ་རེ་ཕཊ་ཧཱུྃ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཨོཾ་ཀ་ནི་དྷུ་ནི་ཧཱུྃ་ཕཊ། ཨོཾ་ཧྱ་གྲཱི་བ་ཧཱུྃ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཅེས་མཚན་སྔགས་ཀྱི་ཕྲེང་བ་རྣམས་ཀྱང་ལན་ཉེར་གཅིག་གམ་བདུན་སོགས་གང་རུང་བཟླས་པས་བྱིན་རླབ་བོ། །དེ་ནས་སློབ་མ་རྣམས་ལས་སྔགས་ཨ་མྲྀ་ཏ་བཟླས་པའི་ཆུས་ཁྲུས་བྱ། ནང་དུ་མེ་ཏོག་བཅས་འཁོད་པ་ལ། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་ཐོག་མ་དང་ཐ་མ་མ་མཆིས་པའི་བསྐལ་པ་རྣམས་སུ་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་འགྲོ་བ་མ་སྒྲོལ་བ་ཐམས་ཅད་ཡང་དག་པར་


LT33_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ཞིང་། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་ལས་བདེ་བླག་ཏུ་སྐྱོབ་པར་མཛད་པའི་ཐུགས་རྗེའི་མཐུ་སྟོབས་ཤིན་ཏུ་མྱུར་བས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་མངའ་དབང་མཛད་པ་རྗེ་བཙུན་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་ལ་སྒྲུབ་ཐབས་ཀྱི་རིམ་པ་མཐའ་ཡས་པ་ཞིག་བཞུགས་པ་ལས། ཆེས་ཟབ་ཅིང་དཀོན་ལ་ཁྱད་པར་དུ་འཕགས་པ་རྣལ་འབྱོར་མ་རྒྱུད་རྟའི་རྒྱལ་པོའི་རིགས་སྒྲོལ་མ་མངོན་པར་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལ་བརྟེན་པའི་སྨིན་གྲོལ་གྱི་གདམས་པ་རིང་བརྒྱུད་བྷཾ་ག་ལའི་གྲུབ་ཐོབ་ཧ་ཡ་པཱ་ལ་སོགས་ལས་བྱུང་ཞིང་འཕགས་པ་ཀླུ་སྒྲུབ་དང་ཉི་མ་སྦས་པ་སོགས་ཀྱིས་རྒྱ་ཆེར་སྤེལ་བ་དང་། ཉེ་བརྒྱུད་གྲུབ་ཆེན་ཏེ་ལོ་པ་ལ་སྒྲོལ་མ་ཉིད་ཀྱིས་དངོས་སུ་བྱིན་གྱིས་བརླབས་ཤིང་རྒྱུད་གཏད་པ་ནས་རིམ་པར་རྩོད་དུས་ཀྱི་གྲུབ་པའི་དབང་ཕྱུག་ཞི་བ་སྦས་པ་ལ་བཀའ་བབས་ཤིང་། དེ་ཉིད་ཀྱི་སློབ་མའི་ཐུ་བོ་སངས་རྒྱས་སྦས་པའི་མགོན་པོ་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་གསན་ཏེ་རྩ་བའི་བླ་མ་དམ་པའི་བར་བྱིན་རླབས་ཀྱི་ཆུ་རྒྱུན་ཟམ་མཆད་པར་བྱོན་པ་འདི་ལ་སྨིན་གྲོལ་གྱི་གདམས་པའི་བཀའ་སྲོལ་ཟབ་མོ་རྒྱ་ཆེར་བཞུགས་པ་ལས། འདིར་དབང་པོ་


LT33_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པ་རྣམས་རྗེས་སུ་འཛིན་པ་སྔགས་ཀྱི་རིག་པ་གཏད་པའི་ཆོ་ག་བསྒྲུབ་པ་ལ་བདག་ཉིད་ཀྱིས་བྱ་བར་འོས་པ་རྣམས་གྲུབ་པ་ཡིན་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རིག་གཏད་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གུས་པ་ཆེན་པོས་ཐལ་མོ་སྦྱར་ལ་དོན་གཉེར་གྱི་བསམ་པ་ཁྱད་པར་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཨོཾ་བླ་མ་དམ་པའི་ཞབས་ཀྱི་པདྨོ་ཡང་དག་པའི་ཡེ་ཤེས་གསལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། །བདག་ལ་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིགས་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ། བགེགས་གཏོར་དཔལ་འབར་སྦར་བ་ཐོགས་ལ། ཁྱེད་རང་གི་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་གསང་བའི་འཁོར་ལོའི་དབུས་སུ་སངས་རྒྱས་སྤྱན་མ། མཱ་མ་ཀི། གོས་དཀར་མོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། སྒྲོལ་མ་སྟེ་ཡུམ་ལྔ་གསལ་བའི་སྐུ་ལས་འོད་ཟེར་བྱུང་། ཁམས་ལྔ་ལ་བརྟེན་པའི་ནད་གདོན་རྣམ་པར་རྟོག་པ་ཐམས་ཅད་ཁྱི་དང་སྤྲེའུའི་ཚུལ་གྱིས་ཕྱིར་བྱུང་སྟེ་སྒྲོན་མ་ལྔ་ལ་ཐིམ་པར་སྒོམས་ཤིག རྒྱས་པ་སྒྲགས་ཚན་གོ་རིམ་བཞིན་སློབ་མའི་ལྟེ་བ་སོགས་གནས་ལྔར་བསྐོར་ཞིང་དྲིལ་བུ་བསིལ་ལ། ཨོཾ་རུ་རུ་སྥུ་


LT33_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཛྭ་ལ་ཏིཥྛ་སིདྡྷིལོ་ཙ་ནེ། སརྦ་ཨརྠ་ས་དྷ་ཡ་སྭཱ་ཧཱ། ཞེས་ལྟེ་བ། ཨོཾ་བཛྲ་མཱ་མ་ཀཱི་གི་རི་གི་རི་ཧཱུྃ་སྭཱ་ཧཱ། སྙིང་ག །ཨོཾ་ཀ་ཊེ་བི་ཀ་ཊེ་བི་ཀ་ཊེ། ནི་ཀ་ཊ། ཀ་ཊཾ་ཀ་ཊེ་སྭཱ་ཧཱ། མགྲིན་པ། ཨོཾ་བཛྲ་དྷཱ་ཏྭཱཱིིསརྦ་དུཥྚཾ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་བི་དྷྭ་ན་ས་ཡ་བི་དྷྭ་ན་ས་ཡ་ཧཱུྃ་ཕཊ་སྭཱ་ཧཱ། སྤྱི་བོ། ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གསང་གནས་སུ་བསྐོར་ལ་ཕྱིར་དོར། གུ་གུལ་བདུག །ཡུངས་ཀར་གཏོར་ལ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲི་ཱཾ། ན་མོ་མ་ཧཱ་བཛྲ་ཀྲོ་དྷ་ཡ། མ་ཧཱ་དཾཥྚོ་ཏ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜཱ་ལཱི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བི།།།ན། བི་ནཱ་ཡ་ཀ །མ་ཧཱ་ག་་པ་ཏི་ཛི་ཝི་ཏཱནྟ་ཀ་ར་ཡ་ཧཱུྃ་ཕཊ། ཅེས་བགེགས་བསྐྲད། དེ་ལྟར་བར་དུ་གཅོད་པའི་བགེགས་བསྐྲད་པ་དེ་དག་སླར་མི་འཇུག་པའི་ཆེད་དུ་རྡོ་རྗེའི་གོ་བཀོན་པའི་མོས་པ་མཛོད། ཡི་གེ་བཅུ་པའི་མཐར། རཀྵ་རཀྵ། ཞེས་པས་སྤྱི་མགྲིན་སྙིང་དཔུང་པ་གཉིས། སྤྱི་གཉིས་ཏེ་གནས་བདུན་ཏུ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཞག་གོ། །རྒྱུད་རྣམ་པར་དག་པ་བྱ་བའི་སླད་དུ་བླ་མ་བཅོམ་ལྡན་འདས་དམ་ཚིག་སྒྲོལ་མ་དངོས་སུ་གསལ་བ་ལ་ཕྱོགས་བཅུའི་རྒྱལ་


LT33_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྲས་དང་བཅས་པས་བསྐོར་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་མཆི་ཞིང་། སྒོ་གསུམ་གྱི་སྡིག་པའི་ལས་རྣམས་གནོང་འགྱོད་དྲག་པོས་བཤགས་པ་དང་། འཕགས་སྐྱེའི་དགེ་བ་མཐའ་དག་ལ་རྗེས་སུ་ཡི་རང་བ་དང་། འགྲོ་བའི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སླད་དུ་བྱང་ཆུབ་ཀྱི་སེམས་བཟུང་ཞིང་དེའི་བསླབ་པ་ལ་སློབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ལན་གསུམ། དེ་ནས་ཁྱེད་རང་དམ་ཚིག་སྒྲོལ་མ་རྩ་བའི་ལྷ་འདི་ལྟར་དུ་གསལ་ཐོབ་ཅིག །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་རྣམས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་ཀྱི་ངང་ལས། ཁྱེད་རང་གང་དུ་གནས་པའི་གོ་སར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སེམས་ཉིད་ཏཱྃ་ཡིག་ལྗང་སྔོན་ལས་ཨུཏྤལ་སྔོན་པོ་ཏཱྃ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་སྒྲོལ་མའི་རྣམ་པར་སྤྱན་དྲངས། ས་བོན་ཕྱག་མཚན་དང་བཅས་པ་ལ་ཐིམ།


LT33_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྗེ་བཙུན་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་སྐུ་མདོག་སྔོ་ཞིང་ཡིད་ཙམ་ལྗང་ལ་འོད་ཟེར་འཕྲོ་བ། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོལ་བབ་པ། ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་པས་མཆོག་སྦྱིན་དང་གཡོན་པས་རབ་ཏུ་རྒྱས་པའི་ཨུཏྤ་ལའི་སྡོང་བུ་ཐུགས་ཀར་འཛིན་པ། དབུ་སྐྲ་ནག་པོ་ཕྱེད་བཅིངས་ཤིང་ཕྱེད་གྲོལ་བ། དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་གཡོན་བསྐུམ་ཞིང་གཡས་བརྐྱང་བ་སྐྱིལ་ཀྲུང་ཕྱེད་པའི་རོལ་སྟབས་ཀྱིས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། གནས་རྣམས་སུ་ཟླ་བའི་གདན་ལ་མིག་ཏུ་ཨོཾ་ཏཱ་རེ་སྭཱ་ཧཱ་དཀར་པོ། རྣ་བར་ཨོཾ་ཏུཏྟཱ་རེ་སྭཱ་ཧཱ་སྔོན་པོ། ལྕེ་ལ་ཨོཾ་ཏུ་སྭཱ་ཧཱ་དམར་པོ། སྙིང་གར་ཨོཾ་རེ་སྭཱ་ཧཱ་སྔོན་པོ། སྤྱི་བོར་ཨོཾ་ཏཱ་རེ་ི་སྭཱ་ཧཱ་ལྗང་གུ། མིག་ཏུ་ཀྵི༚་དཀར་པོ་སའི་སྙིང་པོའི་ངོ་བོ། རྣ་བར་ཛྲི༚་ནག་པོ་ཕྱག་ན་རྡོ་རྗེའི་ངོ་བོ། སྣར་ཁཾ་སེར་པོ་ནམ་མཁའི་སྙིང་པོའི་ངོ་བོ། ལྕེར་གཾ་དམར་པོ་འཇིག་རྟེན་དབང་ཕྱུག་གི་ངོ་བོ། དཔྲལ་བར་སྐཾ་ལྗང་གུ་སྒྲིབ་པ་རྣམ་སེལ་གྱི་ངོ་བོ། ལྟེ་བར་ས་སྔོན་པོ་ཀུན་ཏུ་བཟང་པོའི་ངོ་བོར་གསལ་བར་གྱུར། ཐུགས་ཀའི་ཧཱུྃ་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་


LT33_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། སངས་རྒྱས་ཐམས་ཅད་བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མའི་རྣམ་པར་བཛྲ་ས་མཱ་ཛཿཨོཾ་བཛྲ་ཨངྐུ་ཤ་ཛཿཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿདམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་དུ་བཞུགས་པའི་རྒྱལ་བ་སྲས་དང་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ནམ་མཁར་བཞུགས་པར་གྱུར། པུཥྤེ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་རྡོ་རྗེ་བདུད་རྩིའི་ཆུས་གང་བས་དབང་བསྐུར་བར་གྱུར། བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་སྤྱི་བོར་བཞག་བུམ་ཆུ་འཐོར་བླུད་བྱ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་དབང་རྟགས་སུ་རིན་པོ་ཆེའི་ཅོད་པན་སྤྱི་བོར་བཅིངས་པས་རིགས་ཀྱི་བདག་པོས་རྒྱས་བཏབ་པར་མོས་ཤིག །མེ་ཏོག་ཕྲེང་བ་མགོར་བཞག་ལ། དབང་


LT33_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། བཟླས་པའི་ལུང་གི་སླད་དུ་མོས་པ་འདི་བཞིན་དུ་མཛོད། སློབ་དཔོན་དམ་ཚིག་སྒྲོལ་མར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། ཁྱེད་རང་སྒྲོལ་མར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཟླ་སྟེང་ཏཱྃ་ཡིག་གི་མཐར་འཁོད་པའི་མོས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། མི་རུས་ཀྱི་ཕྲེང་བ་མགྲིན་པར་བཞག་ལ་ཡི་གེ་བཅུ་པའི་རྗེས་ཟློས་ལན་གསུམ་བྱར་གཞུག །རྗེས་བྱིན་གྱི་བརླབ་པའི་སླད་དུ་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་ཏུ་འདིའི་རྗེས་ཟློས། །བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ། །སློབ་དཔོན་གྱིས་མེ་ཏོག་སྤྱི་བོར་བཞག་ལ། །བཅོམ་ལྡན་འདི་ལ་སྦྱིན་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་འདི་ཉིད་ཀྱི་རྒྱུད་ལ། བཅོམ་ལྡན་འདས་མ་དམ་ཚིག་སྒྲོལ་མ་རྣལ་འབྱོར་མ་འཁོར་དང་བཅས་པའི་གསུང་རིག་སྔགས་ཀྱི་ནུས་མཐུ་མ་ལུས་པ་ཐོགས་མེད་དུ་འཇུག་པར་གྱུར་ཅིག །ཅེས་དང་རྟེན་སྙིང་


LT33_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེང་ཕྱིན་ཆད་བླ་མ་ནམ་དུའང་སྤང་བར་མ་བྱེད་ཅིག །ཅེས་བསྒོ། དེ་དག་གིས་ལས་དང་པོ་པ་དང་དབང་པོ་དམན་པ་རྣམས་རྗེས་སུ་འཛིན་པར་བྱེད་པ་རིག་པ་གཏད་པའི་དབང་གི་ཆོ་ག་གྲུབ་པ་ཡིན་པས་ཇི་སྐད་བཤད་པའི་དམ་ཚིག་ལས་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་། གཏོང་རག་མཎྜལ་དགེ་བསྔོ་རྣམས་སྤྱི་ལྟར་བྱ། སློབ་དཔོན་གྱིས་སྒྲུབ་ཐབས་རྒྱས་པ་བསྒོམས་ན་གཏོར་ཆོག་ཕྱིན་ཆད་དཀྱུས་བཞིན་དང་། བསྡུས་པའི་སྐབས། ཡིག་བརྒྱ་ལན་གསུམ་བཟླས་ལ། དགེ་བསྔོ་ཤིས་བརྗོད་ཙམ་བྱའོ། །རྩ་བའི་དབང་ལས་རིག་གཏང་ཁོལ་ཕྱུང་དུ་བསྐུར་བའི་ཚུལ་འདི་རྗེ་བཙུན་ཐམས་ཅད་མཁྱེན་པས་དཀྱིལ་ཆོག་གཞན་ལ་ཕན་པར་དངོས་སུ་གསུངས་ཤིང་། དེར་རིགས་ལྔའི་སྡོམ་བཟུང་། སེམས་བསྐྱེད་དང་དམ་བཞག་བཞི། ཡེ་ཤེས་དབབ་པ། ནང་དབང་བཅས་དོར་བའི་འཇུག་ཆོ་ག་རྫོགས་པར་གསུངས་པ་ནི་མདུན་བསྐྱེད་དཀྱིལ་འཁོར་དང་འབྲེལ་བའི་ཆོ་ག་རྒྱས་པའི་ཕྱོགས་ཡིན་ལ། བསྡུ་ན་འདི་ཙམ་གྱིས་དགོས་དོན་འགྲུབ་བོ། །ཆོས་འདིས་འོག་གཏེར་བཞིན་དུ། །གྱུར་ལ་འདི་ཙམ་ཉིད་ཀྱིས་ཀྱང་། ཁ་བྱང་བཞིན་གྱུར་མཐའ་ཡས་པའི། །སྐལ་ལྡན་ཀུན་སྤྱོད་རྒྱུར་གྱུར་ཅིག །ཅེས་པའང་བཅོམ་ལྡན་འདས་མས་དངོས་སུ་རྗེས་སུ་བཟུང་བའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཁྱབ་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་ལུང་ཨུ་དུམྦཱ་རའི་ཕྲེང་བ་ཐོད་དུ་བཅིངས་ཏེ། ཀུ་སཱ་ལི་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་འཕགས་མ་དགྱེས་པའི་བསྟི་གནས་སུ་སྦྱར་བའོ། །


previousདམ་ཚིག་སྒྲོལ་མ་རྣལ་འབྱོར་མའི་རིག་པ་གཏད་པའི་ཆོ་ག་ཡེ་ཤེས་སྒོ་འབྱེད།next