Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྒོམ་བཟླས་རྡོ་རྗེའི་ཡ་ལད།
   
   
   
   
   
   
   
   
   


 
previousསྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྒོམ་བཟླས་རྡོ་རྗེའི་ཡ་ལད།next

སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྒོམ་བཟླས་རྡོ་རྗེའི་ཡ་ལད།


LT33_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྒོམ་བཟླས་རྡོ་རྗེའི་ཡ་ལད་ཅེས་བྱ་བ་བཞུགས་སོ།། །།


LT33_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །བརྩེ་ལྡན་འཇིགས་པ་ཀུན་སྐྱོབ་མ། །མྱུར་མཛད་དཔའ་མོ་ལ་བཏུད་ནས། །གང་ཞིག་དྲན་ན་འཇིགས་སེལ་བ། །རྒྱུད་དང་གྲུབ་པའི་གསུང་བཞིན་འཆད། །གང་སྒྲུབ་པ་པོ་ཡི་གེ་བཅུ་པའི་བཟླས་པ་ཐེམ་ཞིང་ཏིང་ངེ་འཛིན་ལ་གསལ་སྣང་ཅི་རིགས་སྐྱེས་པས་འཇིགས་བརྒྱད་སྐྱོབ་པའི་ལས་བྱེ་བྲག་པ་ལག་ཏུ་ལེན་པར་འདོད་ན། སྐྱབས་སེམས་སྔོན་དུ་བཏང་། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་རང་སེམས་ཏཱྃ་ལྗང་གུ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་ཨུཏྤལ་སྔོན་པོ་ཏཱྃ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་ཞལ་བཞི་ཕྱག་བརྒྱད་མ། པཱ་ལ་ཤའི་ཁ་དོག་ལྟར་ལྗང་གུ། ཕྱག་དང་པོ་གཉིས་ཨུཏྤ་ལའི་ཕྱག་རྒྱ་ཐུགས་ཀར་འཆིང་པ། ལྷག་མ་གཡས་གསུམ་ཕྲེང་བ་དཀར་པོ་མངའ་ཆེན་འཁོར་ལོ། །གཡོན་གསུམ་རྒྱལ་མཚན་གཞུ་བདུད་རྩིས་གང་བའི་བུམ་པ་བསྣམས་པ། འཛུམ་པའི་མདངས་ལྡན་འོད་ཟེར་འཕྲོ་བའི་སྐུ་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །གནས་གསུམ་འབྲུ་གསུམ་དང་ཐུགས་ཀའི་ཏཱྃ་ཡིག་ལས་འོད་འཕྲོས། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཨརྒྷཾ་སོགས་ཀྱིས་མཆོད།


LT33_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ས་བོན་གྱི་འོད་ཀྱིས་དབང་གིས་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿམཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། །ཞེས་གསོལ་བ་བཏབ་པས་བདུད་རྩིའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་སྤྱི་བོར་འཁྱིལ་པ་ལས་དོན་ཡོད་གྲུབ་པས་དབུ་བརྒྱན། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ཤབྡའི་བར། ལྷ་དང་ལྷ་མིན་སོགས་ཤློ་ཀ་གཅིག་གིས་བསྟོད། ཐུགས་ཀར་པད་ཟླ་ལ་འཁོར་ལོ་ལྗང་གུ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ། དེའི་མཐར་མདུན་ནས་གཡས་བསྐོར་གྱིས། ཨོཾ་མཱཾ་སརྦ་བྷ་ཡེ་བྷྱོ་རཀྵ་ཧཱ། རྩིབས་བརྒྱད་ལ་འབྲུ་བརྒྱད། དེ་ཙམ་མམ། རྒྱས་པར་སྤྲོ་ན། དེའི་ཕྱི་རོལ་དུ་མུ་ཁྱུད་བདུན་དང་ལྡན་པའི་དང་པོ་ལ་ཡེ་དྷར། གཉིས་པར་རྡོ་རྗེའི་ཕྲེང་བ་དང་། གཞན་སྲུང་ན་མཱཾ་གྱི་མལ་དུ་གང་བསྲུང་བའི་མིང་གཞུག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཧཱ་བསྲུང་བྱ་ལ་རཀྵ་རཀྵ་ཧཱུྃ། གསུམ་པར་དབྱངས་གསལ། བཞི་པར་འཁྱིལ་པའི་གཟུངས། ལྔ་པར་རལ་གྲི་ཏཱྃ་གྱིས་མཚན་པ། དྲུག་པ་ལ་ཧཱུྃ་ཡིག །བདུན་པར་མེ་དཔུང་གི་ཕྲེང་བས་བསྐོར་བ། ཐམས་ཅད་ཀྱང་ཁ་དོག་ལྗང་གུ། འོད་ཟེར་འཕྲོས། སྟེང་སྔགས་སོ། །རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་བྱིན་རླབས་


LT33_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འཇིགས་པ་བརྒྱ་དང་བཅུ་དྲུག་ལ་སོགས་པ་བསལ་ནས་སྒྲོལ་མའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་འཁོར་ལོ་ལ་ཐིམ་པས་ནུས་སྟོབས་མཆོག་ཏུ་འབར་བར་གྱུར། ཞེས་མོས་ལ་རྩ་སྔགས་ཡི་གེ་བཅུ་པ་གྲངས་སམ་རྟགས་མཐོང་དུ་བཟླ་ཞིང་། ཐུན་མཐར་ཤམ་ཅན་ཡང་བརྒྱ་རྩ་ཙམ་རེ་བཟླས་ལ་མཆོད་བསྟོད་བྱ། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྣོད་བཅུད་ཐམས་ཅད་རང་ཉིད་ལ་འདུས། རང་ཐུགས་ཀའི་འཁོར་ལོ། །དེ་ཏཱྃ་ཡིག །དེའང་མས་རིམ་གྱིས་ཡལ་ཏེ་སྤྲོས་པ་ཀུན་དང་བྲལ་བའི་སྟོང་པ་ཉིད་དོ། །སླར་སྐད་ཅིག་གིས་འཕགས་མ་སྒྲོལ་མའི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་བྱ། འདི་ཉིད་རྒྱུད་ནས་དངོས་སུ་བསྟན་ཅིང་འཇིགས་བརྒྱད་སྐྱོབ་བའི་བསྒོམ་བཟླས་རྣམས་ཀྱང་འདིའི་ཡན་ལག་ཡིན་པས་བསྙེན་པ་ཟུར་དུ་ཐོན་ན་ལེགས་ཤིང་། གལ་ཏེ་མི་འགྲུབ་པའམ་མི་སྤྲོ་བར་སྒྲོལ་དཀར་ལྟ་བུའི་རྣལ་འབྱོར་ལ་བརྟེན་ནས་ལས་ཚོགས་འདི་རྣམས་སྦྱར་བར་འདོད་ན། སྒྲོལ་དཀར་ཉིད་ཕྱག་བརྒྱད་སྒྲོལ་མར་གནས་འགྱུར་བའམ། སྒྲོལ་དཀར་རྣལ་འབྱོར་ཁོ་ནས་ཀྱང་རུང་སྟེ། སྔོན་ལ་ཡི་གེ་བཅུ་པའི་བཟླས་བསྒོམ་ཅུང་ཟད་རེ་བྱས་ནས་འཇིགས་སྐྱོབ་སྒྲོལ་མ་གང་ཡིན་པ་དེ་ཐུགས་ཀ་ནས་།།། བཟླས་པ་ཅི་འགྲུབ་བྱས་མཐར་མཚན་བརྒྱ་གང་འགྲུབ་འདོན། སླར་ལྷ་མོ་རང་གི་ཐུགས་ཀར་བསྡུས་


LT33_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་བསྐྱེད་བསྡུ་ལྡང་བྱའོ། །དེ་ལ་དང་པོ་སེང་གེ་སྟག་གཟིགས་དྲེད་སྤྱང་སོགས་གཅན་གཟན་གྱི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་ལྷ་མོ་སེང་གེའི་གདོང་། །ནག་མོ་འཁོར་ལོ་མེ་དཔུང་འཛིན་པ་ནི། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །གདུག་པའི་གཅན་གཟན་ལུས་རེངས་སེམས་རྨོངས་ཤིང་། །ཁ་བཅིངས་ཡུལ་ཁམས་གཞན་དུ་བསྐྲད་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ། སརྦ་བྷ་ཡ་ཤ་མ་ནི་སརྦ་དུརྒ་ཏི་ཏཱ་ར་ནི་ཏུ་རེ་སྭཱ་ཧཱ། ཞེས་བཟླའོ། །གཉིས་པ་གླང་ཆེན་མ་ཧེ་གཡག་རྒོད་སོགས་ཕྱུགས་ཀྱི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་ལྷ་མོ་གླང་ཆེན་གདོང་། །དུད་ཀ་བསུས་པ་འཕྱང་ཞིང་མཆེ་བ་གཙིགས། །གཡས་གཡོན་རལ་གྲི་ཤར་དུ་ལ་བསྣམས་པ། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །འཚེ་སེམས་ལྡན་རྣམས་སེམས་དངངས་ལུས་འདར་ཞིང་། །དྲག་ཤུལ་སྦྱོར་བས་བསྐྲད་ཅིང་བྱེར་བར་གྱུར། །ཨོཾ་དཱི་ར་ད། བ་ད་ནི་ཨེ་ཀ་དཾཥྚི་མ་ཧཱ་ན་སེ་ལ་མྦོ་དྷ་རི་ཀརྡྷ་ཀརྡྷ་ཏྲ་ས་ཡ་ཏྲ་ས་ཡ་ཤོ་ཥ་ཡ་ཤོ་ཥ་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གསུམ་པ་དགོན་གནས་གྲོང་ཁྱེར་ནགས་ཚལ་སོགས་ལ་མེའི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་དྲག་མོ་མེ་ཡི་མདོག །ཞལ་རས་བདུན་མངའ་ལྗགས་བདུན་གློག་


LT33_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྐྱོད། །ཕྱག་གཉིས་ནོར་བུ་ཆུ་ཡིད་ལ་བསྣམས་པ། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །ཆུ་རྒྱུན་ཆེན་པོས་མེ་ཡིས་འཇིགས་འཇོམས་གྱུར། །ཨོཾ་ཤི་ཁཱི་བ་ད་ནེ་མ་ཧཱ་ཨུལྐཱ་མུ་ཁཱི། ཛཱ་ལ་མཱ་ལི་ནཱི་སཔྟ་ཛི་ཧྭཱཱིིསཔྟ་མུ་ཁཱི་བི། ཤྭ་ན་རི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞི་པ་དུག་ཐམས་ཅད་དང་། སྦྲུལ་སྡིག་སོགས་ཁུང་བུར་གནས་པའི་སྲོག་ཆགས་རྣམས་ཀྱི་འཇིགས་པ་སྐྱོབ་པ་ནི། རང་གི་ཐུགས་ལས་ལྷ་མོ་ཆུ་ཤེལ་མདོག །སྦྲུལ་མགོའི་གདེངས་ཀ་བདུན་ལྡན་སྦྲུལ་རྒྱན་ཅན། །ཕྱག་བཞིས་བུམ་པ་སྦྲུལ་ཞགས་ནོར་བུ་དང་། །སྨན་གྱི་དབང་པོའི་སྣོད་འཛིན་ཡིད་ཙམ་ཁྲོ། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །བདུད་རྩིའི་རྒྱུན་གྱིས་བརྟན་གཡོའི་དུག་རིགས་རྣམས། །བ་མོར་ཉི་ཟེར་ཕོག་བཞིན་བཅོམ་པར་གྱུར། །ཨོཾ་ཕ་ནཱི་མ་ཧཱ་ཕ་ནཱི་ཀྲྀཥྞ་ནེ་ཏྲེ་ཨེ་ཀ་ད་ན་ཛི་ཧྭཱཱིིརེ་། ཙ་ལཱ་ཡ་ཙ་ལཱ་ཡ་མ་ཧཱ་བི་ཥ་བྷ་ཀྵི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ལྔ་པ་ཆོམ་རྐུན་དགྲ་ཇག་སོགས་མིའི་འགྲོ་བའི་གནོད་པ་སྲུང་བ་ནི། རང་གི་ཐུགས་ལས་ཁྲོ་མོ་མིག་སྨན་མདོག །དབུ་སྐྲ་གྱེན་བརྫེས་ཕྱག་དྲུག་རལ་གྲི་མདུང་། །དགྲ་སྟྭ་མདའ་གཞུ་ཕུབ་ཆུང་འཛིན་པ་ནི། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །གནོད་བྱེད་ཐམས་ཅད་རྨོངས་བསྐྲད་དབྱེ་རེངས་སོགས། །ཚར་བཅད་བསྲུང་


LT33_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་མི་འཇིགས་གོ་ལྡན་གྱུར། །ཨོཾ་ཁཌྒ་ཧ་སྟི་བྷྲྀ་ཀུ་ཊི་མུ་ཁཱི་ཨུ།།།ཀེ་ཤ་མ་ཧཱ་ན་དི་ཀྲྀཥྞ་ཨཉྫ་ན་བྷ་རྞ་ཚིནྡ་ཚིནྡ་བྷིནྡ་བྷིནྡ་ཨུཏྟ་ར་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དྲུག་པ་བཙོན་ར་ལྕགས་སྒྲོག་ཞགས་པ་ཆད་པ་སོགས་རྒྱལ་པོའི་འཇིགས་པ་སྲུང་བ་ནི། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོ་ནི། །པདྨ་རཱ་གའི་མདངས་ལྡན་ཞི་མ་ཁྲོ། །གཡས་བཞིས་ལྕགས་ཀྱུ་གཡོན་བཞིས་ཞགས་པ་བསྣམས། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །སེམས་བསྒྱུར་ཡིད་གཡོས་ཁྲོས་པའི་ངར་ཞི་ནས། །བརྩེ་ཞིང་ཆགས་ཏེ་བཅིངས་པ་རང་གྲོལ་གྱུར། །ཨོཾ་རཀྟ་ཝ་རྞེ་པཱ་ཤཱངྐུ་ཤ་ཧ་སྟི་མ་ཧཱ་ར་བི། མ་ཧཱ་བ་ལ་ས་རས་ར་པི་ས་ར། གྲྀཧྞ་གྲྀཧྞ་ཨཱ་ཀརྡྷ་ཨཱ་ཀརྷ་མ་ཧཱ་དུརྒ་ན་མུ་ཙཱ་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བདུན་པ་ཆུ་ཆེན་གྲུ་ཟམ་ཤྭ་རྦུད་སོགས་ཆུའི་འཇིགས་པ་སྲུང་བ་ནི། རང་གི་ཐུགས་ལས་ལྷ་མོ་གསེར་གྱི་མདོག །གཡས་གཡོན་རི་རབ་ས་ཡི་དཀྱིལ་འཁོར་བསྣམས། །ནོར་བུ་མེ་འབར་ཕུང་པོ་ལ་གནས་པ། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །མར་ལ་ལྕགས་བསྲེག་ཕོག་བཞིན་ཆུ་རྒྱུན་སྐེམས། །ཆུ་འདྲེ་ཚར་བཅད་མ་ཀཱིའི་རང་བཞིན་གྱུར། །ཨོཾ་ཛ་ལེ་ཛ་ལེ་མ་ཧཱ་ཛ་ལེ་ཏཱ་ར་ཡ་ཏཱ་ར་ཡ་ཨུ་ཏ་རཱ་ཡ་ཨུ་ཏ་རཱ་ཡ། ཤྲྀངྑ་ལ་ཧ་སྟཱི་མ་ཧཱ་ཛ་ཝེ་ཨེ་ཀ་བཱི་རི་མ་ཧཱ་ཀཱ་རུ་ེ་ཏཱ་རེ་


LT33_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བརྒྱད་པ་ཤ་ཟ་སྲིན་པོ་གནོད་སྦྱིན་གཟའ་ཀླུ་སོགས་གདོན་གྱི་འཇིགས་པ་སྐྱོབ་པ་ནི། རང་གི་ཐུགས་ལས་ལྷ་མོ་ཟླ་བའི་མདོག །ཕྱག་བཅུ་དང་པོས་སྐྱབས་སྦྱིན་ཆོས་འབྱུང་འཛིན། །ལྷག་མ་བརྒྱད་ཀྱིས་གདོན་ཆེན་བཅོ་བརྒྱད་བསྡིགས། །བཅུ་ཕྲག་ཞབས་ཀྱིས་གདོན་ཆེན་རྣམ་པར་གནོན། །དཔག་མེད་སྤྲོས་པའི་མཐུ་དང་འོད་ཟེར་གྱིས། །གདོན་བགེགས་བསྲེགས་མནན་བསྡིགས་ཤིང་གཟིར་ནས་ཀྱང་། །དབང་མེད་རྒྱ་མཚོའི་ཕ་མཐར་བསྐྲད་པར་གྱུར། །ཨོཾ་མ་ཧཱ་ག་མྦྷཱི་རྻཻ་ཧཱ་ཀཱ་རུ་ི་ཀེ་བྷ་ག་ཝཾ་བཱ་ལེ་བ་ར་ད་ཨ་བྷ་ཡ་ཧ་སྟི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ཅེས་སྔགས་མང་དུ་བཟླ། །འདི་དག་གི་རྗེས་ཀྱི་བྱ་བ་ནི་གོང་དུ་སྨོས་པ་ལྟར་རོ། །དེའང་བསྙེན་སྒྲུབ་གྲངས་རྟགས་སྔོན་དུ་ཐེམས་པའི་རྣལ་འབྱོར་པས། རང་གཞན་གང་ཡང་རུང་བར་འཇིགས་པ་དེ་དག་བྱུང་མ་ཐག་བསྒོམ་བཟླས་བྱ་བའི་ཚུལ་ནི་བཤད་མ་ཐག་པ་ལྟར་ལ། མ་བྱུང་བའི་སྔ་རོལ་ནས་སྲུང་འདོད་པས། སྒྲོལ་དཀར་ཆོག་གཞུང་ལས་ཚོགས་སྐབས་སུ་བཤད་པའི་སྲུང་འཁོར་ཆེ་བ་སྤེལ་ཚིག་ཁ་བསྒྱུར་སོ་སོ་བཅས་བྲི་གཞི་དཀར་པོར་ཙནྡན་དཀར་པོའི་ཁུ་བ་བསྲེས་པའི་རྫས་ཀྱིས་བྲིས་པ་དང་ལྷན་ཅིག །ལྟེ་བའི་ཐད་དུ་འཇིགས་སྐྱོབ་སོ་སོའི་སྔགས་བྱང་ལང་ཤོག་བུ་གྲུ་བཞིར་བྲིས་ཏེ་གཞུག་ལ་རབ་གནས་སྐབས། འཇིགས་སྐྱོབ་སོ་སོའི་ལྷ་རང་ཐུགས་ནས་སྤྲོས་བསྐྱེད་བསྟིམས་མཆོད་ཞུ་བ་སོགས་བྱས་


LT33_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྲུང་བྱ་ལ་གདགས་པའམ། སོ་སོའི་སྐུ་དང་སྔགས་བྱང་རབ་གནས་ལྡན་པའམ། མ་འགྲུབ་ན་སྲུང་སྐུད་དཀར་པོ་ལ་མདུད་པ་བོར་ཏེ་འཇིགས་སྐྱོབ་ཀྱི་ལྷར་བསྒོམ་ནས་སྔགས་གདབ་ཅིང་བཏགས་པས་ཀྱང་བསྲུང་བའི་མཆོག་ཏུ་འགྱུར་རོ། །ཚུལ་བཞིན་བསྒྲུབས་ན་སྨོས་ཅི་དགོས། །དྲན་པ་ཙམ་གྱིས་འཇིགས་སྐྱོབ་མའི། །བསྒོམ་བཟླས་རྒྱུད་བཞིན་བྲིས་པའི་དགེས། །ལུས་ཅན་གཏན་གྱི་འཇིགས་སེལ་ཤོག །ཅེས་པའང་སྐྱེ་རྒུ་རྣམས་ལ་མི་འཇིགས་པ་སྦྱིན་པའི་གོ་ཆ་གཟོད་ནས་བཞེས་པ་རྗེ་ཀུན་མཁྱེན་བླ་མའི་བཀའ་ལུང་རྗེས་སུ་སྒྲུབ་སླད། སྒྲོལ་མ་འབྱུང་བའི་རྒྱུད་གསང་བདག་སྒྲོལ་བའི་མགོན་པོའི་ཕྱག་མཚན་ཅན་གྱི་དགོངས་པ་མ་འཁྲུལ་པ་ཁྱེར་བདེར་བ་སྡེབས་པ་སྟེ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དུའོ།། །།དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousསྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་བསྒོམ་བཟླས་རྡོ་རྗེའི་ཡ་ལད།next