Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
ལྷ་མོ་འོད་ཟེར་ཅན་གྱི་སྒོམ་བཟླས།
   
   
   
   
   
   
   
   


 
previousལྷ་མོ་འོད་ཟེར་ཅན་གྱི་སྒོམ་བཟླས།next

ལྷ་མོ་འོད་ཟེར་ཅན་གྱི་སྒོམ་བཟླས།


LT33_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་འོད་ཟེར་ཅན་གྱི་སྒོམ་བཟླས་བཞུགས་སོ། །སྐྱབས་སེམས། སངས་རྒྱས་ཆོས་ཚོགས་ལན་གསུམ་སོང་ནས། ཨཱཿ །གསེར་མདོག་ཕག་གི་རྭ་བ་སུམ་རིམ་ནང་། །ཉི་ཟླའི་གའུ་རིམ་པ་གསུམ་གྱི་དབུས། །རང་ཉིད་མཱྃ་ལས་འོད་ཟེར་ཅན་མ་སེར། །ཞི་འཛུམ་ཁབ་སྐུད་འཛིན་ཅིང་ཕྱེད་སྐྱིལ་བཞུགས། །སྟོད་གཡོགས་ཨང་རག་སྔོན་པོ་ཤམ་ཐབས་དཀར། །སྣ་ཚོགས་རྒྱན་ལྡན་རྣམ་སྣང་དབུ་བརྒྱན་ཅན། །ཐུགས་ཀར་ཟླ་སྟེང་སྔགས་ཕྲེང་གཡོན་དུ་འཁོར། །འོད་ཀྱིས་རང་འདྲ་དཔག་མེད་སྤྱན་དྲངས་ཐིམ། །དེ་ལྟར་མངོན་རྟོགས་དྲན་རྫོགས་སུ་གསལ་གདབ་ནས། བསྙེན་པ་ནི། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་ཅི་ནུས་བཟླ། སྲུང་བ་ནི། བསྲུང་བྱ་ཐམས་ཅད་གུར་གྱི་ནང་དུ་ཚུད། །ཉི་ཟླའི་འོད་ཀྱིས་གནོད་བྱེད་མིག་སྒྲིབ་ཅིང་། །རང་ཉིད་ལྷ་མོའི་ཐུགས་རྗེས་སྐྱོབ་པར་གྱུར། །ཨོཾ་མཱ་རཱི་ཙྱཻ་འོད་ཟེར་ཅན་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། ཞེས་བཟླ། ལས་སྦྱོར་ནི། རང་གི་ཐུགས་ཀའི་འོད་ཟེར་ལས་སྤྲུལ་པའི། །ལྷ་མོ་ཕག་ཞོན་གྲངས་མེད་འཇིག་རྟེན་གང་། །གནོད་བྱེད་དགྲ་བགེགས་ཁ་མིག་ཚེམས་པ་གྱུར། །ཨོཾ་མཱ་རཱི་ཙྱཻ་བ་ད་ཏ་ལི། བ་དཱ་ལི། བ་རཱ་ལི། བ་རཱ་ཧཱ་མུ་ཁི། སརྦ་དུཥྚ་པྲ་དུཥྚཾ་ཤ་ཏྲཱུྃ་བི་།།།ཙོ་ར་ཙཀྵུརྨུ་ཁཾ་བྷནྡྷ་བྷནྡྷ་སྭཱ་ཧཱ། ཞེས་བཟླ། མཇུག་


LT33_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་། །བར་དུ་གཅོད་པ་ཀུན་ལས་སྐྱོབ་མཛད་ཅིང་། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། འཇིགས་པ་སོགས་དོ་གལ་ཆེ་ན་དམིགས་བདེ་མི་བསྡུ་བར་བཞག །དཀྱུས་ཙམ་ལ། ལྷ་སྣང་འོད་གསལ་སྟོང་པའི་ངང་དུ་ཐིམ། །དགེ་བ་འདི་ཡིས་མྱུར་དུ་བདག །འོད་ཟེར་ཅན་མ་འགྲུབ་གྱུར་སོགས་བསྔོ་སྨོན་བྱའོ། །ཞེས་པའང་ཆགས་མེད་རིན་པོ་ཆེས་མཛད་པ་ལས་འཚོགས་འདོན་གྱི་ཆེད་དུ་གུ་ས་བཀོལ་བ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།ཤུ་བྷཾ།། །།


previousལྷ་མོ་འོད་ཟེར་ཅན་གྱི་སྒོམ་བཟླས།next